| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱཱ་ནཱ་མ་སཾ་གཱི་ཏི་ཊཱི་ཀཱ་ནཱ་མ་མནྟྲ་ནྡྷ་བ་ལོ་ཀི་ནི་ནཱ་མ། བོད་སྐད་དུ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ ་ཅེས་བྱ་བ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ།། དུས་གསུམ་སྐྱོབ་པའི་ཡེ་ཤེས་ཟླ།། འཕགས་པ་འཇམ་དཔལ་ཕྱག་འཚལ་ཏེ།། ཟབ་ཅིང་རྒྱ་ཆེ་རེ་ཆོས་ལྡན་པ།། དེ་བཞིན་ཡང་དག་མཚན་བརྗོད་འདིའོ།། རྣལ་འབྱོར ་སྤྱོད་དང་བྱ་བའི་རྒྱུད།། དེ་བཞིན་ཕ་རོལ་ཕྱིན་པའི་ཚུལ།། མདོ་སྡེ་ཆོས་མངོན་སྡེ་སྣོད་དང་།། རྣམ་འགྲེལ་གཞན་ཡང་བལྟས་པ་དང་།། དེ་ལྟར་འདས་དང་སྐྱེ་རབས་ཏེ།། བསྟོད་བྱེད་གཞུང་དང་དེ་བཞིན་དུ།། སེམས་ཙམ་སྨྲ་བ ་ཐམས་ཅད་དང་།། དེ་བཞིན་དབུ་མའི་གང་ཡིན་དང་།། འཇིག་རྟེན་གཙུག་ལག་དེ་བཞིན་ཏེ།། བླ་མ་བརྒྱུད་པའི་རིམ་འོངས་པའི།། མན་ངག་ཀྱང་ནི་ལེགས་དྲན་ཏེ།། གསོལ་བ་འདེབས་པས་བདག་གིས་ཏེ།། སེམས་ཅན ་བློ་ཞེན་རྣམས་ལ་ནི།། སྙིང་རྗེས་བརླན་པའི་སེམས་ཀྱིས་སུ།། ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བ།། དེ་ཡི་རྣམ་པར་བཤད་པར་བྱ།། དེ་ནས་ད་ནི་མཚན་ཡང་དག་པར་བརྗོད་པ་འདིའི་ལུས་རྣམ་པར་བཞག་པ་མངོན་པར་བརྗོད་པར་བྱའོ།། ་འདི་ལྟ་སྟེ་ཞུས་པ་དང་། སླར་གསུངས་པ་དང་། རིགས་དྲུག་ལ་གཟིགས་པ་དང་། སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་དང་། བྱང་ཆུབ་ཀྱི་སེམས་རྡོ་རྗེ་དཔལ་རྡོ་རྗེ་སེམས་དཔའི་སྒོ་ནས ་དང་། རང་བཞིན་གྱིས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཆེན་པོའི་སྒོ་ནས་དང་། མེ་ལྕོང་ལྟ་བུའི་ཡེ་ཤེས་མི་བསྟོད་པའི་སྒོ་ནས་དང་སོ་སོར་ཀུན་ཏུ་རྟོག ་པའི་ཡེ་ཤེས་སྣང་བ་མཐའ་ཡུས་ཀྱི་སྒོ་ནས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་གྱི་སྒོ་ནས་དང་བྱ་བ་ནན་ཏན་གྱི་ཡེ་ཤེས་དོན་ཡོད་གྲུབ་པའི་སྒོ་ནས་དང་། དེ་བཞིན་གཤེགས་པ་ལྔའི་སྒོ་ནས་ཡེ ་ཤེས་ལྔ་ལ་བསྟོད་པ་དང་། ཡོན་ཏན་དང་། སྔགས་དགོད་པ་དང་། ཉེ་བར་བསྡུ་བ་རྣམས་ཏེ། ལུས་ཀྱི་དོན་བཅུ་བཞིའོ།། །། དེ་ལ་དང་པོ་ནི་དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་དང་པ་ནས ་བྱཱརྣམས་ཏེ། ལུས་བཏུད་ནས་ནི་སྤྱན་སྔར་འདུག་ཅེས་པའི་བར་གྱི་ཚིགས་བཅུ་དྲུག་ནི་ཞུས་པའོ།། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་ཅེས་པ་དང་པོ་ནས་བརྩམས་ཏེ། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ་ཞེས་པའི་བར ་གྱི་ཚིགས་བཅད་དྲུག་གིས་ནི་སླ་རོ་གསུངས་པའོ།། དེ་ནས་བཅོམ་ལྡན་ཤྩཀྱ་ཐུབ།། གསང་སྔགས་རོགས་ཆེན་ཐམས་ཅད་དང་ཞེས་པ་དང་པོ་ནས་བརྩམས་ཏེ། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས་ཞེས་པའི ་བར་གྱི་ཚིགས་བཅད་གཉིས་ཀྱིས་ནི་རིགས་དྲུག་ལ་གཟིགས་པའོ།། ཚིག་གི་བདག་པོ་ཚིགསུ་བཅད་ཅེས་པ་དང་པོ་ནས་བརྩམས་ཏེ། ཨ་ར་པ་ཙ་ན་ཡ་ཏེ་ན་མཿཞེས་པའི་བར་གྱི་ཚོགས་བཅད་གསུམ་གྱིས་སྒྱུ ་འཕྲུལ་དྷཱུ་བའི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་གསུང་སོ།། འདི་ལྟར་ཞེས་པ་དང་པོ་ནས་བརྩམས་ཏེ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པའི་བར་གྱི་ཚིགས་བཅད་བཅུ་བཞིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན ་པོའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་མངོན་པར་བརྗོད་པའོ།། སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་པ་དང་པོ་ནས་བརྩམས་ཏེ། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་བྱ་བའི་བར་གྱི་ཚིག་རྐང་གཅིག་མ་ཚང་བའི་ཚིགས ་བཅད་ཉི་ཤུ་རྩི་ལྔས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ།། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཅེས་དང་པོ་ནས་བརྩམས་ཏེ། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པའི་བར་གྱི ་ཚིག་རྐང་གཅིག་དང་ཚིགས་བཅད་བཅུས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ།། ཡང་དག་བདག་མེད་དེ་བཞིན་ཉིད་ཅེས་པོ་དང་པོ་ནས་བརྩམས་ཏེ། ཡེ་ཤེས་མེ་ལྕེ་འདི་འབར་གསལ་ཞེས་པའི་བུར་གྱི་ཚིགས ་བཅད་བཞི་བཅུ་རྩ་གཉིས་ཀྱིས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ།། འདོད་པའི་དོན་གྲུབ་དམ་པ་སྟེ་ཞེས་པ་དང་པོ་ནས་བརྩམས་ཏེ། ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་པའི་བར་གྱི་ཚིགས་བཅད ་ཉི་ཤུ་རྩ་བཞིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ།། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ་ཞེས་པ་དང་པོ་ནས་བརྩམས་ཏེ། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི་བར་གྱི་ཚིགས་བཅད་བཅོ ་ལྔས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའོ།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད་ཅེས་པ་དང་པོ་ནས་བརྩམས་ཏེ། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད་ཅེས་པའི་བར་གྱི་ཚིགས་བཅད ་ལྔས་དེ་བཞིན་གཤེགས་པ་ལྔའི་སྒོ་ནས་ཡེ་ཤེས་ལྔ་ལ་བསྟོད་པའོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་འདི་ནི་ཞེས་པ་དང་པོ་ནས་བརྩམས་ཏེ། ཆོས་ཀྱི་རྒྱལ་པོ་ཐོབ་པོ་ཞེས་པའི་བར་གྱིས་ནི་ཡོན་ཏན་གྱི་སྒོ་ནས་བསྟོད་པ ་ཨོཾ་སརྦ་དྷརྨཱ་ཞེས་པ་དང་པོ་ནས་བརྩམས་ཏེ། དྷརྨཱ་དྷཱ་ཏུ་ཛྙཱ་ནཱཾ་གརྦྷ་ཨཿཞེས་བྱ་བའི་བར་གྱི་ཚིགས་བཅད་གསུམ་དང་ཚིག་རྐང་གཉིས་དང་། ཡཱི་གྷེ་བཞིས་ནི་སྔགས་ཀྱི་སྒོ་ནས་བསྟོད་པའོ།། དེ་ནས་དཔལ ་ལྡན་རྡོ་རྗེ་འཆིང་ཞེས་པ་དང་པོ་ནས་བརྩམས་ཏེ། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད་ཅེས་པའི་བར་གྱི་ཚིགས་བཅད་ལྔས་ནི་ཉེ་བར་བསྡུས་པའི་སྒོ་ནས་བསྟོད་པའོ།། དེ་ལྟར་དེ་དག་གཅིག་ཏུ་བསྡུས་ནས ་ཚིགས་བཅད་བརྒྱ་དྲུག་ཅུ་རྩ་གཉིས་རྣམས་དང་། ཡོན་ཏན་བརྒྱ་ལྔ་བཅུའི་གཞུང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན ་ཡང་དག་པར་བརྗོད་པའི་དོན་བསྡུས་པའོ།། འདིར་ཚིག་གི་དོནནི་ལ་ཐེ་ཚོམ་གྱིས་ཐམས་ཅད་ལ་འབྲེལ་པ་དང་། བརྗོད་བྱ་དང་དགོས་པ་དང་། དགོས་པའི་ཡང་དགོས་པའི་དབང་གིས་རྟོག་པ་སྔོན་དུ་གཏོང་བ ་རྣམས་འཇུག་པས་ན་མཚན་ཡང་དག་པར་བརྗོད་པ་འབྲེལ་པ་ལ་སོགས་པ་ཡང་བརྗོད་པར་བྱའོ།། དེ་ལྟར་ཡང་འདིའི་འབྲེལ་པ་དང་། བརྗོད་བྱ་ཅི་སྟེ་མ་བསྟན་ན་དེའི་ཚེ་སྨྱོན་པའི་ཚིག་བཞིན་དུ་མ་འབྲེལ་བ ་དང་། དོན་མེད་པ་ཡང་དོགས་པའི་རྟོག་པ་སྔོན་དུ་གཏོང་བ་རྣམས་ཉན་པར་མི་འགྱུར་ཏེ། དེའི་ཕྱིར་ན་འདིའི་འབྲེལ་པ་དང་། བརྗོད་བྱ་གདོན་མི་ཟ་བར་བརྗོད་དགོས་སོ།། དད་པ་དང་ལྡན་པ་རྣམས་ནི་བཅོམ ་ལྡན་འདས་ཀྱིས་བཀའ་ཚད་མར་བྱས་ཏེ་འཇུག་པ་ཉིད་ཡིན་པས་དེ་ལ་བརྗོད་བྱ་ལ་སོགས་པ་སྨོས་ཅི་དགོས་ཏེ། ཅིའི་ཕྱིར་སྨོས་མི་དགོས་ཞེ་ན། དེ་རྣམས་ནི་དད་པ་ཙམ་གྱིས་རབ་ཏུ་འཇུག་པའི་ཕྱིརོ།། དེ་ལ ་འདིར་བརྗོད་བྱ་ནི་གཉིསུ་མེད་པའི་ཡེ་ཤེསོ།། ཡོན་ཏན་ལས་ཀྱང་དེ་སྐད་གསུངས་ཏེ། ཇི་སྐད་གསུངས་པ། ཆོས་གཉིསུ་མེད་པ་གཟུང་བའི་དོན་དུ་མཚན་གཟུང་བསྟན་ཏོ་ཞེསོ།། རྗོད་བྱེད་ནི་མཚན་ཡང་དག་པར ་བརྗོད་པའོ།། ཀླག་པ་ནི་བརྗོད་པ་སྟེ། ཡང་དག་པར་བརྗོད་པའི་མཚན་རྣམས་ནི་ཡང་དག་པར་བརྗོད་པ་སྟེ། མཚན་ཡང་དག་པར་བརྗོད་པའོ།། མཚན་ནི་རྣལ་འབྱོར་དང་། བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་། ་གསུང་རབ་མདོ་སྡེ་མཐའ་དག་དང་། ཆོས་མངོན་པ་དང་། འདུལ་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། གཡོ་བ་དང་མི་གཡོ་བ་ཐམས་ཅད་སྟེ། དེ་རྣམས་ཀྱི་མཚན་ཡང་དག་པར་བརྗོད ་པ་ནི་གཙོ་བོ་མ་ཡིན་པས་གནས་པ་སྟེ་དོན་དམ་པར་མ་ཡིན་ནོ།། ཀུན་རྫོབ་ནི། ཀུན་ནས་སྲིད་རྩེས་ཡོངས་བཅད་པ།། འདི་དག་ཐམས་ཅད་མིང་ཙམ་མོ་ཞེས་པའི་རིགས་པསོ།། འདི་དག ་ནི་རྗོད་བྱེད་དང་བརྗོད་བྱའི་མཚན་ཉིད་དམ། ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱི་འབྲེལ་པའོ།། དགོས་པ་ཡང་གསང་སྔགས་ཀྱི་སྒོ་ནས་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པ་དང་། ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་གཉིས་ཀྱིས་ཆོས་ཐམས་ཅད་སོ་སོར་རྟོགས་པ་ལྷུར་ལེན་པ་རྟོག་པ་མེད་པའི་ཤེས་རབ་ཀྱིས་འབྱེད་པ་དང་། དད་པས་མངོན་དུ་བྱེད་པས་གཉིསུ་མེད་པའི་ཆོས་ཡེ་ཤེས་ཐོབ་པར ་བྱེད་པའོ།། དེ་ནས་ཡང་སྒོམ་པ་མཆོག་ཏུ་མཐར་ཕྱིན་པ་དེ་བཞིན་གཤེགས་པའི་གོ་འཕང་བརྙེས་པ་དགོས་པའི་དགོས་པ་ཞེས་སྦྱར་བར་བྱའོ།། ད་ནི་ཚིག་གི་དོན་ཡང་བཤད་པར་བྱ་སྟེ། དེ་ནས་ཞེས་བྱ་བ ་ནི་རྡོ་རྗེ་འཛིན་པའི་དབང་དུ་བྱས་ནས་གསུངས་པ་སྟེ། དེ་ནི་གསོལ་བྱ་འདེབས་པ་ཉིད་ཀྱི་སྐབསུ་བབ་པའི་ཕྱིར་རོ།། འཕགས་པ་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ནང་ནས་ཏིང་འཛིན་དྲ ་བའི་ལེའུ་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་གསུངས་པ། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་གང་ཡིན་པ་དེ་བཅོམ་ལྡན་འདས་རྡོ་རྗེ་འཆང ་གིས་གསོལ་བ་འདེབས་པ་ཡིན་ནོ།། དབང་པོ་རྒྱལ་པོའི་སེམས་ཅན་རྗེསུ་གཟུང་བའི་དོན་དུའོ།། ཡང་ན་དེ་ནས་ཞེས་གསུངས་པའི། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ།། དེ་ནས་རྡོ་རྗེ་འཆང་ཁྲུ ་གཉེར་རིམ་པར་ལྡན་ལ་སོགས་པ་དང་ལྷན་ཅིག་ཏུ། མགོན་པོ་སྟངས་རྒྱས་བཅོམ་ལྡན་འདས།། དེ་བཞིན་གཤེགས་ལ་ཕྱག་འཚལ་ཏེ།། ཐལ་མོ་སྦྱོར་བ་བྱས་ནས་ཀྱང་།། སྤྱན་སྔར་འདུག་སྟེ་འདི་སྐད ་གསོལ་ཞེས་འབྲེལ་ཏོ།། རྡོ་རྗེ་འཛིན་པའི་ཕྱིར་ན་རྡོ་རྗེ་འཆང་བའོ།། ཚིག་འདིས་ནི་ཕྱོགས་བཤད་པའོ།། དཔལ་ནི་ལྷ་མོའོ།། དེ་གང་ལ་ཡོད་པ་དེ་ནི་དཔལ་ལྗོན་ནོ།། འདིས་ནི་རྒྱ་ཆེ་བ་གསུངས་པའོ།། འདིས་ཅ ་ཞིག་སྟོན་པར་འགྱུར་ཞེ་ན། ཐབས་དང་ཤེས་རབ་ཀྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཞེས་བསྟན་པ་ཡིན་ནོ།། འདི་ཉིད་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ་སྟེ། ནམ་མཁའ་ཀུན་གྱི་སྐབས ་ན་དཔལ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་ཞེསོ།། སྡུག་བསྔལ་གྱིས་འདུལ་བ་ནི་གདུལ་དཀའ་བ་སྟེ། དབང་ཕྱུག་ལ་སོགས་པའོ།། དེ་དག་རྣམས་ཀྱིས་འདུལ་བ་ནི་སྟོན་པ་སྟེ། རྡོ་རྗེ་འཛིན་ཉིད ་ཀྱིས་འདུལ་བའི་ཕྱིརརོ།། དབང་ཕྱུག་ལ་སོགས་པ་དེ་དག་རྣམས་ཀྱི་ནང་ན་དམ་པ་ཉིད་པས་རྡོ་རྗེ་འཛིན་པ་ནི་མཆོག་གོ། འཇིག་རྟེན་གསུམ་ནི་ས་འོག་གི་འཇིག་རྟེན་དང་། ས་བླའི་འཇིག་རྟེན་དང་། ས ་སྟེང་གི་འཇིག་རྟེན་ནོ།། དེ་རྣམས་ལས་རྒྱལ་བའི་ངང་ཚུལ་འདི་ལ་མངའ་བས་ན་འཇིག་རྟེན་གསུམ་ལས་རྒྱལ་ལོ།། ཡང་ན་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས ་ཅད་གྲུབ་པར་བྱེད་པ་གསུམ་ནི་འཇིག་རྟེན་གསུམ་མོ།། དེ་རྣམས་ལས་རྒྱལ་བའི་ངང་ཚུལ་འདི་ལ་མངའ་བས་ན་འཇིག་རྟེན་གསུམ་ལས་རྒྱལ་ལོ།། དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ནི་དཔའ ་བོ་སྟེ། གཞན་གྱི་ཟིལ་གྱིས་མནན་པར་བྱ་བ་མ་ཡིན་པའི་ཕྱིརརོ།། རྡོ་རྗེ་དབང་ཕྱུག་ཅེས་པ་ནི། རྡོ་རྗེ་ནི་རྩེ་ལྟ་བའི་རྡོ་རྗེའོ།། དེའི་དབང་ཕྱུག་ནི་གཙོ་བོ་སྟེ། རྡོ་རྗེ་དབང་ཕྱུག་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའོ།། ་དཔལ་དེ་ཉིད་འདུས་པ་ལས་གསང་བ་ལྔ་བརྗོད་དེ། ཇི་ལྟ་ཇི་ལྟར་འདུལ་འགྱུར་བ།། སེམས་ཅན་རྣམས་ཀྱི་རང་བཞིན་ལས།། དེ་ལྟ་དེ་ལྟར་སེམས་ཅན་དོན།། འདོད་ཆགས་ལ་སོགས་གཙང་བས་བྱ།། སེམས ་ཅན་ཀུན་ལ་ཕན་དོན་དུ།། སངས་རྒྱས་བསྟན་པའི་རྒྱུ་ཡི་ཕྱིར།། སེམས་ཅན་ཐམས་ཅད་བསད་ན་ཡང་།། དེ་ནི་སྡིག་གིས་མི་དགོས་སོ།། སེམས་ཅན་ཀུན་ལ་ཕན་དོན་དུ།། སངས་རྒྱས་སྐུ་དང་སྦྱོར་བ་ལས།། ། ་གཞན་གྱི་ནོར་རྣམས་འཕྲོག་ན་ཡང་།། དེ་ནི་སྡིག་གི་མི་གོས་སོ།། འདོད་ཆགས་ལྟ་བུའི་བདེ་བ་མེད།། དེ་ནི་རྒྱལ་བ་རྣམས་ལ་འབུལ།། སེམས་ཅན་དོན་དུ་གཞན་བུད་མེད།། བསྟེན་པས་བསོད་ནམས་ཐོབ་པར་འགྱུར།། ་སེམས་ཅན་ཀུན་ལ་ཕན་དོན་དུ།། སངས་རྒྱས་བསྟན་པ་རྒྱུ་ཡིན་ཕྱིར།། ལས་རྣམས་ཐམས་ཅད་བྱས་པ་ཡིས།། བསོད་ནམས་རྣམ་པ་མང་པོ་བརྙེས་ཞེསོ།། གསང་བ་ལྔ་པོ་དེ་དག་རྣམས་ཀྱི་རྒྱལ་པོ་ཡིན་པས་གསང ་བའི་རྒྱལ་པོའོ།། ཡང་ན་གསང་བ་པ་ལས་རྒྱལ་བའི་ཕྱིར་གསང་བའི་རྒྱལ་པོའོ།། ཐལ་མོ་སྦྱར་བ་བྱས་ནས་ནི།། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ་ཅེས་པ་འོག་ནས་འབྱུང་བའི་འབྲེལ་ཚིག་ཀུན་ལ་སྦྱར་བར་བྱའོ།། ་པདྨ་དཀར་པོ་ཞེས་པ་ནི་དཀར་པོའི་པདྨའོ།། རྒྱས་པ་ནི་ཁ་བྱེ་བའོ།། སྤྱན་ནི་མིག་གོ།། འདིའི་ཚིག་སྦྱོར་བ་ནི་པདྨ་དཀོར་པོ་ཡང་དེ་ཡིན་ལ་རྒྱས་པ་ཡང་དེ་ཡིན་པས་པདྨ་དཀར་པོ་རྒྱས་པའོ།། དེ་འདྲ་བའི་སྤྱན་དང་ལྡན ་པ་གང་ཡིན་པ་དེ་ལ་ནི་དེ་སྐད་ཅེས་གསུངསོ།། པདྨ་རབ་ཏུ་རྒྱས་པའི་ཞལ་ཞེས་པ་ནི། པདྨ་ནི་པདྨོ་ཉིད་དོ།། ལེགས་པར་ཁ་བྱེ་བ་ནི་རབ་ཏུ་རྒྱསོ།། ཞལ་ནི་བཞིན་ནོ།། པདྨ་རབ་ཏུ་རྒྱས་པ་དང་འདྲ་བའི་ཞལ་དང་ལྡན་པ ་གང་ཡིན་པ་དེ་ལ་དེ་སྐད་ཅེས་གསུངས་སོ།། རྡོ་རྗེའི་དབུས་ནས་ལག་པས་གཟུང་ནས་ཡང་དང་ཡང་དུ་རྡོ་རྗེ་གྱེན་དུ་བསྒྱུར་ནས་གཟུང་བ་ནི། རང་གི་ལག་གི་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོར་བྱེད་པའོ།། འདི་སྐད ་གསོལ་ཏོ་ཞེས་པ་དང་འབྲེལ་ཏོ།། དཔལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། དཔལ་རྡོ་རྗེ་འཆང་གི་རྗེ་སུ་སྤྱོད་པ་ཁྲོ་གཉེར་རམ་པ་ལྡན་པ་ལ་སོགས་པ་ཁྲོ་བོའི་ཚོགས་ལྔ་བརྒྱ་བརྗོད་དོ།། དེ་རྣམས་དང་ལྷན་ཅིག ་ཏུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་ཕྱག་འཚལ་ནས་འདི་སྐད་གསོལ་ཞེས་པ་དང་འབྲེལ་ཏོ།། ཁྲོ་བོའི་ཚོགས་དེ་རྣམས་ཀྱང་དོན་མཐའ་ཡས་པས་དེའི་ཕྱིར་གསུངས་པ། ་ལག་ན་རྡོ་རྗེ་མཐའ་ཡས་པ་ཞེས་པའོ།། རྡོ་རྗེ་འཛིན་པ་བཞིན་དུ་དེ་རྣམས་ཀྱང་གདུལ་དཀའ་བ་འདུལ་བས་དེའི་ཕྱིར་གསུངས་པ། གདུལ་དཀའ་འདུལ་བ་པོ་ཞེས་གསུངསོ།། དེ་ཉིད་ཀྱི་ཕྱིར་དཔའ་བོ ་སྟེ། དེ་དྲི་རྣམས་ཀྱི་ཟིལ་གྱིས་མུནན་པར་མཱི་ནུས་པའི་ཕྱི་རོ།། དེའི་ཕྱིར་གསུངས་པ་དཔའ་བོ་ཞེསོ།། ཉམས་ཅི་ཞིག་ཙ་ནཱ། དཔའ་བྱོའི་ཚུལ་ལོ།། གཟུགས་ཅི་འདྲ་ཞེ་ན། གཟུགས་སུ་རུང་བའི་གཟུགསོ།། ་དེ་ཉིད་ཀྱི་ཕྱིར་གསུངས་པ། འཇིག་སུ་རུང་བའི་དཔའ་བྱང་ཅན་ཞེས་སོ།། རྡོ་རྗེ་རྩེ་མོ་རབ་འཕྲོ་བ་ཞེས་པ་ནི་རབ་ཏུ་འཕྲོ་བའི་རྡོ་རྗེའི་རྩེ་མོ་སྟེ། ཐོག་མའི་ཆ་དང་གང་ལྡན་པ་དེ་ནི་རྡོ་རྗེ་རྩེ་མོ་རབ་འཕྲོ་བ་ཞེས་སོ།། ་གསོར་བྱེད་པ་ཞེས་བྱ་བ་ནི་གྱེན་དུ་སྦྱར་བའོ།། གང་གིས་ཞེ་ན། རང་གི་ལག་གིས་སོ།། དེ་རྣམས་ཀྱི་བདག་ཉིད་གང་ཞེ་ན། སྙིང་རྗེ་ཆེ་དང་ཤེས་རབ་དང་། ཐབས་ཀྱིས་འགྲོ་བ་རྣམས་ཀྱི་དོན་བྱེད་པའི་བདག ་ཉིད་དང་ལྡན་པ་ཡིན་པ་དེ་རྣམས་ནི། སྙིང་རྗེ་དང་ཤེས་རབ་དང་ཐབས་ཀྱིས་འགྲོ་དོན་བྱེད་པ་སྟེ།། དེ་ལ་སྙིང་རྗེ་དང་ལྡན་པས་སྙིང་རྗེའོ།། བདེ་བ་འགོག་པར་བྱེད་པས་སྦྲང་རྗེ་སྟེ། སྙིང་རྗེ་ཅན་གྱི་སྡུག་བསྔལ ་སྡིག་བསྔལ་བྱས་བདག་གིས་བདེ་བ་འགོག་པ་ནི་སྙིང་རྗེའོ།། བདག་གི་བདེ་བ་མི་འཕེལ་བས་ན་སྙིང་རྗེ་ཡང་དེ་ཡིན་ཆེན་པོ་ཡང་དེ་ཡིན་པས་སྙིང་རྗེ་ཆེན་པོ་སྟེ། མི་དམིགས་པའི་བདག་ཉིད ་ཀྱི་ཕྱི་ར་རོ།། ཆོས་ཐམས་ཅད་རབ་ཏུ་འབྱེད་པ་ནི་ཤེས་རབ་བོ།། ཐབས་ནི་འཇིག་རྟེན་ལསུ་འདས་པ་མ་ལུས་པའི་ཏིང་འཛིན་སྟོན་པའི་སྒོ་ནས་སྐལ་པ་ཇི་ལྟ་བུ་དང་ལྡན་པའི་སེམས་ཅནྡ་རྣམས་ཀྱི ་དོན་བྱེད་པའོ།། འགྲོ་བས་འགྲོ་བ་སྟེ། ཁམས་གསུམ་པ་རྣམས་སོ།། དེ་རྣམས་ཀྱི་དོན་ནི་དགོས་པའོ།། དེའི་ཕྱིར་གསུངས་པ། སྙིང་རྗེ་ཆེ་དང་ཤེས་རབ་དང་།། ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག ་ཅེས་སོ།། དེ་ཉིད་ཀྱི་ཕྱིར་ན་ཁྲོ་བོ་དེ་རྣམས་དམ་པ་ཡིན་པས་མཆོག་སྟེ། དེའི་ཕྱིར་གསུངས་པ། མཆོག་ཅེས་སོ།། རང་བཞིན་གང་ཞེ་ན། དགའ་མགུ་རངས་པའི་བསམ་པའི་རང་བཞིན་ནོ།། དེ་ལ་དགའ ་བ་ནི་སེམས་ཀྱི་བསམ་པའི་སྒོ་ནུས་སོ།། མགུ་བ་ནི་ལུས་ཀྱི་སྒོ་ནས་སོ།། བསྒོམ་པ་ནི་མནྱོ་བསམ་མོ།། དེའི་དོན་ནི་འདི་ལྟ་སྟེ། དགའ་བ་དང་མགུ་བའི་བྱསམ་པ་དང་ལྡན་པ་གང་ཡིན་པ་དེ་རྣམས་ནི་དགའ ་མགུའི་བསམ་པ་ཅན་ཞེས་བྱའོ།། དེ་ཉིད་ཀྱི་ཕྱིར་ན་རངས་པ་ནི་སྤྲོ་བ་སྟེ། སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ།། དེ་ཉིད་གསུངས་པ། རེངས་པ་ཞེསོ།། ལུས་ཀྱི་གཟུགས་ནི་ཁྲོ་བོའི་གཟུགསོ།། ཁྲོ་བོའི ་ལུས་ཀྱི་གཟུགས་ཅི་འདྲ་ཞེ་ན། འཇིགས་བྱེད་ཆེན་པོ་དང་། དྲག་ཏུ་བཞད་པ་དང་། ད་བུ་དང་ཕྱག་དང་ཞབས་དུ་མ་དང་། སྤྱན་མི་སྡུག་ཅིང་སྐྲ་ཁམ་པ་གྱེན་དུ་འགྲེང་པ་དང་། རྫི ་མ་སེར་བ་དང་། ཁྲོ་གཉེར་དང་ཐོད་པའི་ཕྲེང་བས་བརྒྱན་པར་བྱེད་པ་དང་། སྦྲུལ་གྱི་རྒྱན་དང་། སྟག་ལྤགས་ཀྱིས་སླད་གཡོགས་ལ་སོགས་པ་དེ་རྣམས་གང་ལ་ཡོད་པ་དེ་ནི་ཁྲོ་བོའི་ལུས་ཀྱིས་གཟུགས ་ལྡན་པ་སྟེ། དེའི་ཕྱིར་གསུངས་པ་ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ་ཞེསོ།། སངས་རྒྱས་རྣམས་ཀྱི་བྱ་བ་ནི་སངས་རྒྱས་ཀྱི་འཕྲིན་ལས་སོ།། བྱེད་པ་ནི་མཛད་པ་སྟེ། གསུངས་པ་སངས་རྒྱས་འཕྲིན་ལས ་བྱེད་པ་ཞེས་སོ།། དེ་ཉིད་ཀྱི་ཕྱིར་ན་མགོན་པོ་སྟེ། སྟོན་པ་སངས་རྒྱས་ཀྱི་འཕྲིན་ལས་བྱེད་པས་ན་དེ་བས་ན་མགོན་ཞེསོ།། གང་རྣམས་ཀྱི་ལུས་བཏུད་པ་ནི། ལུས་བཏུད་པ་དེ་རྣམས་དང་ལྷན་ཅིག་ཏུ་བཅོམ ་ལྡན་འདས་རྡོ་རྗེ་འཛིན་པས་འདི་ལྟར་འོག་ནས་འབྱུང་བའི་གསོལ་ཞེས་པ་དང་འབྲེལ་ལོ།། ཅི་བྱས་ནས་ཤེ་ན། ཕྱག་བྱས་ནས། གང་ལ་ཞེ་ན། མགོན་པོ་ལའོ།། མགོན་མེད་པའི་འཇིག་རྟེན་པ་རྣམས་ལ་རྗེསུ་སྟོན ་པའི་ཕྱིར་ན་གཙོ་བོ་ནི་མགོན་པོའོ།། མགོན་པོ་ཡང་ཅི་འདྲ་བའི་མགོན་པོ་ཡིན་ཞེ་ན། གསུངས་པ། དེ་བཞིན་གཤེགས་པ་ཞེསོ།། དེ་ལ་དེ་བཞིན་ནི་དེ་བཞིན་ཉིད་དོ།། དེ་མཁྱེན་པས་དེ་བཞིན་གཤེགས་པའོ།། ་ཡང་ན་དེ་བཞིན་གཤེགས་པ་རྣམས་ཇི་ལྟར་བྱོན་ཅིང་གཤེགས་པ་དེ་བཞིན་དུ་གཤེགས་པས་ན་དེ་བཞིན་གཤེགས་པའོ།། ཇི་ལྟ་བུ་ཞེ་ན། བཅོམ་ལྡན་འདས་ཞེས་པ་ནི་སྐལ་པ་ཕུན་སུམ་ཚོགས་པས་ན་བཅོམ ་ལྡན་འདས་སམ། བདུད་བཞི་འཇོམས་བསོ།། དེ་སྐད་དུ་ཡང་གསུངས་པ། ཉོན་མོངས་ལས་དང་དེ་བཞིན་སྐྱེ།། དེ་བཞིན་ཉོན་མོངས་ཤེས་བྱའི་སྒྲིབ།། མི་མཐུན་ཕྱོགས་ཆོས་གང་ཡིན་པ།། འཇོམས་པས་དེ་འདིར ་བཅོམ་ལྡན་འདོད།། དེ་ལྟར་ངེས་ཚིག་གི་རིམ་པས་ཉོན་མོངས་པ་ལ་སོགས་པ་འཇོམས་པས་ན་བཅོམ་ལྡན་འདས་སོ།། ཡང་ན་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་ཏེ། དེ་སྐད་ཡང་གསུངས་པ། ་དབང་ཕྱུག་དང་ནི་གཟུགས་བཟང་དང་།། གྲགས་དང་དཔལ་དང་རབ་མཆོག་དང་།། དེ་ནས་ཡེ་ཤེས་བརྩོན་འགྲུས་དང་།། དྲུག་པོ་རྣམས་ལ་ལྡན་པར་བཤད།། གཞན་ཡང་མགོན་པོ་ཇི་ལྟ་བུ་ཞེ་ན།། རྫོགས ་པའི་སངས་རྒྱས་ཞེས་པ་ནི་ཡང་དག་པར་རྫོགས་པར་སངས་རྒྱས་པ་སྟེ། ཉན་ཐོས་དང་རང་སངས་རྒྱས་མ་ཡིན་པའི་ཕྱིར་རོ།། ཕྱག་འཚལ་ནས་ཞེས་པ་ནི་གོང་མ་དང་འབྲེལ་ཏོ།། ཐུལ་མོ་སྦྱར་བ་བྱས ་ནས་ནི།། སྤྱན་སྔར་འདུག་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བདག་ལ་ཕན་པ་ལ་སོགས་པའི་དོན་དུ་འདི་སྐད་གསོལ་ཏོ།། བདག་ལ་སྨན་པ་ཞེས་པ་ནི་བདག་ལ་ཕྱི་མ་ལ་ཕན་པ་ནི་བདག་ལ་ཕན་པ་སྟེ། ་མ་འོངས་པའི་དུས་ན་བདག་ལ་སྨན་པ་ཉིད་ཀྱི་ཕྱི་རོ།། བདག་དོན་ནི་བདག་ལ་དགོས་པའི་ཕྱི་རོ།། བདག་ལ་ནི་བདག་གི་སྟེ། ཀྱེ་ཁྱབ་བདག་བདག་ལ་ཐུགས་བནྡེའི་ཕྱིར་ཏེ། ཕན་གདགས ་པའི་ཕྱིར་རིམ་པ་ཇི་ལྟ་བ་འདིས་བདག་གིས་ཐོབ་པར་མཛད་ཅིག་པའོ།། གང་གིས་ཐོབ་པར་བྱ་ཞེ་ན། གསུངས་པ། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི།། བྱང་ཆུབ་ཅི་ནས་བདག་ཐོབ་པ་ནི་སྒྱུ་འཕྲུལ་དྲ་བའི་མངོན་པར ་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་རིམ་པ་དེ་ཅི་ནས་ཀྱང་བདག་གིས་ཐོབ་པར་འགྱུར་བ་དེ་ལྟར་ཀྱེ་བཅོམ་ལྡན་འདས་བཤད་དུ་གསོལ་ཞེས་ཕྱིས་འབྱུང་བའི་བྱེད་པའི་ཚིག་དང་འབྲེལ་ཏོ།། སེམས་ཅན་དེ ་རྣམས་ཇི་ལྟ་བུ་ཞེ་ན། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་ཞེས་པ་ནི་ཉོན་མོངས་པ་དྲུག། དེ་སྐད་མངོན་པའི་ཆོས་ལས་གསུངས་ཏེ། ང་རྒྱལ་ལྟ་བ་ཐེ་ཚོམ་དང་། འདོད་ཆགས་ཞེ་སྡང་གཏི་མུག་གོ་ཞེས ་གསུངསོ།། ཉོན་མོངས་པ་དེ་རྣམས་ཀྱིས་སེམས་རྣམ་པར་དཀྲུགས་པའི་སེམས་ཅན་གང་ཡིན་པ་དེ་རྣམས་ནི་ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་སྟེ། དེའི་ཕྱིར་ན་དེ་རྣམས་བླ་ན་མེད་པའི་འབྲས་བུ ་ཐོབ་པའི་དོན་དུ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ་ཞེས་པ་དང་འབྲེལ་ཏོ།། གཞན་ཡང་ཁྱད་པར་ཅི་འདྲ་བའི་སེམས་ཅན་ཞེ་ན། མི་ཤེས་འདམ་དུ་བྱིང་བ་ཡི།། སེམས་ཅན་ཀུན་ལ་སྨན་པ་དང་ཞེས་པ་སྟེ། དེ་ལ ་མི་ཤེས་པ་ནི་མ་རིག་པ་སྟེ། དེ་ཉིད་ཐོགས་པའི་གནས་ཉིད་ཀྱི་ཕྱིར་རམ། ཐར་དཀའ་བས་ན་འདམ་དང་འདྲ་བས་འང་མོ།། དེར་བྱིང་བའི་སེམས་ཅན་གང་ཡིན་པ་རྣམས་ལ་ཕན་པའི་ཕྱིར་བཤད་དུ་གསོལ་ཞེས་པའི་ཚིག ་དང་འབྲེལ་ཏོ།། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར་ཞེས་པ་ནི་བླ་ན་མེད་པའི་འབྲས་བུ་ནི་སངས་རྒྱས་ཉིད།། དེ་ཐོབ་པ་ནི་རབ་ཏུ་རྙེད་པའོ།། དེའི་དོན་ནི་དེ་ཐོབ་པར་བྱའི་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ ་ཞེས་བྱ་བ་ལ་སོགས་པ་དང་། རྫོགས་པའི་སངས་རྒྱས་ཞེས་པ་ནི་རྟག་པའི་སྒོ་ནས་སོ།། འགྲོ་བའི་བླ་མ་ཞེས་པ་ནི་འགྲོ་བ་རྣམས་ཀྱི་བླ་མ་པས་འགྲོ་བའི་བླ་མ་སྟེ། རིན་ཆེན་འབྱུང་ལྡན་གྱི་སྒོ་ནསོ།། སྟོན་པ་ཞེས་པ ་ནི་འགྲོ་བ་ལ་རྗེསུ་སྟོན་པ་སྟེ། མི་བསྐྱོད་པའི་སྒོ་ནསོ།། དམ་ཚིག་གི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། ཆེན་པོ་ཡང་དེ་ཡིན་ལ་དམ་ཚིག་ཀྱང་དེ་ཡིན་པས་དམ་ཚིག་ཆེན་པོའོ།། དེའི་དེ་ཉིད་ནི་དམ་ཚིག ་ཆེན་པོ་དེ་ཉིད་དོ།། དེ་ཤེས་པས་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན་ཞེས་པ་སྟེ། སྣང་བ་མཐའ་ཡས་ཀྱི་སྒོ་ནས་སོ།། དབང་པོ་ཞེས་པ་ནི་རྟུལ་པོ་དང་འབྲིང་པོ་དང་རྣོན་པོ་རྣམས་ཏེ། དེ་རྣམས་ཀྱི་བསམ་པ་ནི་མནོ ་བསམ་མོ།། དེ་ཤེས་པས་ན། དབང་པོ་བསམ་པ་མཁྱེན་ཞེས་པ་སྟེ། དོན་ཡོད་གྲུབ་པའི་སྒོ་ནསོ།། དེ་ལྟར་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ལས་བཅོམ་ལྡན་འདས་ནི་དམ་པ་ཡིན་པས་མཆོག་སྟེ། བཤད་དུ ་གསོལ་ཞེས་པ་དང་འབྲེལོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ཞེས་བྱ་བ་ལ་སོགས་པས་ནི། ཀྱེ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་འབྲེལ་པའི་མཚན་ཡང ་དག་པར་བརྗོད་པ་གང་ཡིན་པ་དེ་དག་གིས་གཟུང་ཞེས་ཕྱི་ནས་འབྱུང་བའི་ཚིག་དང་འབྲེལ་ཏོ།། ཁྱད་པར་ཅི་འདྲ་བ་ཞིག་ཡེ་ཤེས་སྐུ་ཞེ་ན། ཡེ་ཤེས་ཀྱི་སྐུ་ཡིན་པས་ཡེ་ཤེས་སྐུ་སྟེ། ཡེ་ཤེས་སྐུ་དེའོ།། དེ་ནི་མེ་ལོང ་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནསོ།། གཙུག་ཏོར་ཆེན་པོ་ཞེས་པ་ནི་ཆེན་པོའི་གཙུག་ནི་གཙུག་ཏོརཱ་ཆེན་པོ་སྟེ། གཙུག་ཏོར་ཆེན་པོ་དེའོ།། ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནསོ།། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་དབང་བསྐུར་བའི་བདག་ཉིད་ཀྱི་ཕྱིར་གཙུག་ཏོར་ཆེན་པོའོ།། ཚིག་གི་བདག་ཅེས་པ་ནི་ཚིག་གི་སྒྲའོ།། བདག་པོ་ནི་མངའ་བདག་སྟེ། ཚིག་གི་བདག་པོ་དེའོ།། ཚིག་གི་བདག་པོ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས ་ཀྱི་སྒོ་ནས་སོ།། ཡེ་ཤེས་སྐུ་ཞེས་པ་ནི་ཡེ་ཤེས་ཉིད་སྐུ་ཡིན་པས་ན་ཡེ་ཤེས་སྐུའོ།། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་སོ།། རང་བྱུང་ཞེས་པ་ནི་རང་བྱུང་བ་རང་བྱུང་སྟེ། བསྒོམས་པའི་སྟོབས་ལས་བྱུང་ཞེས་པའི ་ཐ་ཚིག་གོ།། དེ་སྐད་དུ་ཡང་དཔལ་མཆོག་དང་པོའི་རྒྱུད་ལས་གསུངས་པ། ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི།། བདག་ཉིད་མངོན་པར་བྱང་ཆུབ་པོ་ཅེསོ།། དེའི་ཕྱིར་ན་དེ་ཉིད་རང་འབྱུང་ཞེས་པ་སྟེ། ཤིན་ཏུ་རྣམ་པར ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནསོ།། དེས་ཅི་གསུངས་པ་འབྱུང་བར་འགྱུར་ཞེ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡེ་ཤེས་ལྔ་དང་ལྡན་པ་བསྟན་ཏོ།། འཇམ་དཔལ་ཡེ་ཤེས་སེམས་དཔའ ་ཡི་ཞེས་པ་ནི། འཛོམ་པ་ནི་མཉེན་པ་དང་། དཔལ་དང་ལྡན་པ་གང་ཡིན་པ་དེ་ནི་འཇམ་དཔལ་ལོ།། ཡེ་ཤེས་སེམས་དཔའ་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་ཕྱི་རོ།། ་འཇམ་དཔལ་ཡང་དེ་ཡིན་ལ་ཡེ་ཤེས་སེམས་དཔའ་ཡང་དེ་ཉིད་ཡིན་པས་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། དེ་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་ནི་མ་ཡིན་ནོ།། དེ་ལྟ་ན་དེ་སུ ་ཞིག་ཡིན་ཞེ་ན། གཉིསུ་མེད་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། དེ་ཉིད་ཀྱི་ཕྱིར་ན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་ཀྱིས་གསུངས་པ། ཤེས་རབ་པ ་རོལ་ཕྱིན་གཉིས་མེད།། ཡེ་ཤེས་དེ་ནི་དེ་བཞིན་གཤེགས་ཞེསོ།། ཡེ་ཤེས་ལྔའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་དང་འབྲེལ་པའི་མཚན་ཡང་དག་པར་བརྗོད་པ་དེ་བདག་གིས་བཟུང་ཞེས་པ ་དང་འབྲེལོ།། ཁྱད་པར་ཅི་འདྲ་བ་ཞིག་ཅེ་ན། གསུངས་པ། མཚན་ནི་ཡང་དག་བརྗོད་པའི་མཆོག་ཅེས་བྱ་བ་ལ་སོགས་པ་སྟེ། དེའི་དོན་ནི་བཤད་ཟིན་ཏོ།། དོན་ཟབ་ཅེས་པ་ནི་ཟབ་མོ་ཡང་དེ་ཡིན་ལ ་དོན་ཡང་དེ་ཉིད་ཡིན་པས་ན་དོན་ཟབ་སྟེ། སྟོང་པ་ཉིད་ཀྱི་དོན་ཏོ།། དེ་ལ་དོན་དང་ཟབ་པ་ཡོད་པ་དེའི་ཕྱིར་བདག་གིས་གཟུང་ཞེས་པའོ།། དོན་ནི་རྒྱ་ཆེ་ཞིང་ཞེས་པ་ནི་རབ་ཏུ་རྒྱས་པའི་དོན་ཏོ།། དེ་གང ་ལ་ཡོད་པ་དེ་ནི་དོན་ནི་རྒྱ་ཆེ་ཞིང་ཞེས།། དོན་ཆེན་ཞེས་པ་ནི་ཆེ་བའི་དོན་གང་ཡིན་པ་དེ་ནི་དོན་ཆེན་པོ་ཉིད་དེ། སེམས་ཅན་གྱི་ཁམས་མ་ལུས་པའི་བསམ་པ་ཐམས་ཅད་ཡོངསུ་རྫོགས་པའི་ཕྱི་རོ།། མཚུངས་མེད་ཅེས ་པ་ནི་མཉམ་པ་མེད་པ་གང་ཡིན་པ་དེ་ནི་མཚུངས་མེ་ངོ་།། གང་གི་ཕྱིར་མཚུངས་པ་མེད་པ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིརརོ།། རབ་ཞི་ཞེས་པ་ནི་སྨྱོས་པ་ཐམས་ཅད་ཉེ་བར་ཞི་བ་ཉིད་ཀྱི་ཕྱིརརོ།། ཐོག་མ ་བར་དང་མཐའ་དགེ་བ་ཞེས་པ་ནི་ཐོས་པ་དང་བསྡམ་པ་དང་། སྒོམ་པ་དུས་རྣམས་ལ་སྤྲོ་བ་དང་དགའ་བ་དང་ཤིན་ཏུ་སྦྱངས་པ་ཐོབ་པའི་ཕྱིར་ཏེ། དགེ་བ་གསུམ་པོ་དེ་བདག་གིས་གཟུང་ཞེས་པ་དང་འབྲེལ་ཏོ།། ཁྱད་པར ་གཞན་ཡང་ཅི་འདྲ་ཞེ་ན། གསུངས་པ། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་ཞེས་པ་ལ་སོགས་པ་སྟེ། འདས་པའི་སངས་རྒྱས་རྣམས་ཀྱིས་གང་གསུངས་པ་དང་། མ་འོངས་པའི་ཡང་དག་པར་རྫོགས་པའི་སངས ་རྒྱས་རྣམས་ཀྱིས་གསུང་བར་འགྱུར་བ་གང་ཡིན་པ་དང་། ཡང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཡང་དང་ཡང་དུ་གསུང་བ་གང་ཡིན་པ་ཞེས་བྱའོ།། དེས་འདི་སྐད་གསུང་བར་འགྱུར་ཏེ། དུས་གསུམ ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་མཚན་ཡང་དག་པར་བརྗོད་པ་གསུངས་པ་དེའི་ཕྱིར་ཆོས་ཀྱི་རྣམས་གྲངས་འདི་ནི་ནམ་མཁའ་དང་འདྲ་བར་བསྟན་པ་ཡིན་ཏེ། དེ་སྐད་དུ་ཡང་གསུངས་པ། དེ་བཞིན་གཤེགས ་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་ནི་ཀུན་ཏུ་གནས་པའོ།། ཞེས་བསྟན་པར་འགྱུ་རོ་ཞེས།། ཡང་ཅི་འདྲ་བ་ཞེ་ན། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས་ཞེས་པ་ལ་སོགས་པ་ནི་སྒྱུ་འཕྲུལ་དྲུ་བའི་རྒྱུད་ཆེན ་པོ་འདི་ལ་དཔག་ཏུ་མེད་པའི་རྡོ་རྗེ་འཛིན་པ་ཆེན་པོས་གསང་སྔགས་ཆེན་པོ་འཛིན་པ་རྣམས་དགའ་ནས་ཡང་དག་པར་གླུ་བླངས་པ་གང་ཡིན་པ་དེ་བདག་གིས་བཟུང་ཞེས་པ་དང་འབྲེལ་ལོ།། མགོན་པོ ་རྫོགས་སངས་རྒྱས་ཀུན་གྱི་ཞེས་པ་ལ་སོགས་པ་ནི། ཀྱེ་མགོན་པོ་ཇི་ལྟ་བ་བཞིན་དུ་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་འཛིན་པར་བདག་འགྱུར་བ་དེ་བཞིན་དུ་བཤད་པར་གསོལ་ཞེས་གོང་མ ་དང་འགྲེལ་ཏོ།། འཛིན་ཞེས་བྱ་བ་འདི་ནི་ཆོས་ཀྱི་སྐང་དོ།། ངེས་པར་འབྱུང་བའི་བར་དུ་འདི།། བདག་གིས་བསམ་པ་བརྟན་པོས་བཟུང་ཞེས་པ་ནི་བདག་གིས་མཚན་ཡང་དག་པར་བརྗོད་པ་འདིའི་ངེས་པར ་འབྱུང་བ་མ་ཐོབ་ཀྱི་བར་དུ་གཟུང་།། ངེས་པར་འབྱུང་ཞེས་པ་ནི་མྱ་ངན་ལས་འདས་པའོ།། ཅི་འདྲ་བར་གཟུང་ཞེ་ན། བསམ་པ་བརྟན་པོས་སོ།། བསམ་པ་ནི་མནོ་བསམ་མོ།། བརྟན་པོ་མི་གཡོ་བའོ།། དེ་དང ་ལྡན་པ་གང་ཡིན་པ་དེ་ནི་བསམ་པ་བརྟན་པའོ།། ཇི་ལྟ་བ་བཞིན་དུ་བདག་གིས་དེ་རྟོགས་ནས་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཁྱད་པར་ཇི་ལྟ་བ་བཞིན་དུ་བཤད་པར་འཚམ ་ཞེས་འོག་མ་དང་འབྲེལ།། གང་གི་དོན་དུ་ཞེ་ན། གསུངས་པ། ཉོན་མོངས་མ་ལུས་བསལ་དང་། མི་ཤེས་མ་ལུས་སྤང་བའི་ཕྱིར་ཞེས་པ་སྟེ། དེ་ལ་ཉོན་མོངས་པ་མ་ལུས་པ་ནི་ཉོན་མོངས་པ་དང་ཉེ ་བའི་ཉོན་མོངས་པ་གཟུང་།། དེ་རྣམས་ཟད་པའི་དོན་ནི་ཉོན་མོངས་མ་ལུས་བསལ་བའོ།། མ་ལུས་པའི་དངོས་པོ་མི་ཤེས་པ་ནི་མི་ཤེས་མ་ལུས་ཏེ། དེ་གཞོམ་པར་བྱ་བ་ནི་མི་ཤེས་མ་ལུས་སྤང་བའི་ཕྱིར ་ཏེ། དེའི་དོན་དུ་བཤད་པར་འཚལ་ཞེས་བྱ་བ་དང་འབྲེལ་ཏོ།། བསམ་པའི་ཁྱད་པར་ཇི་བཞིན་དུ།། སེམས་ཅན་རྣམས་ལ་བཤད་པར་འཚལ་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་བདག་གིས་རྟོགས་ནས ་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་ཁྱོད་པར་ཅི་ལྟ་བ་བཞིན་དུ་བདག་གིས་རབ་ཏུ་བཤད་པར་འཚལོ་ཞེས་པའི་མཐའ་ཚི་གོ། གསང་དབང་ལག་ན་རྡོ་རྗེ་ཡིས་ཞེས་པ་ནི། དེ་ལ་གསང་བ་ནི་ལྷང་ལོ ་ཅན་གྱི་ཕོ་བྲང་ཞེས་བྱ་བ་ལ་གནས་པའི་གནོད་སྦྱིན་རྣམསོ།། དེ་རྣམས་ཀྱི་རྒྱལ་པོའི་ཕྱིར་ན་གསང་དབང་ཞེས་གསུངསོ།། དེ་བཞིན་གཤེགས་ལ་དེ་སྐད་དུ་ཞེས་པ་ནི་དེ་སྐད་དེ་རྣམས་པ་འདི་ལྟ་བུས་བཅོམ ་ལྡན་འདས་གསང་བའི་བདག་པོ་ལག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ལ་གསོལ་ཏོ།། གསོལ་ནས་ཇི་ལྟར་བྱས་ཤེ་ན།། ཐལ་མོ་སྦྱར་བ་བྱས་ནས་ནི།། ལུས་བཏུད་ནས་ནི་སྤྱན་སྔར་འདུག་ཅེས་པ་ནི་ལུས་བཏུད ་ནས་སྤྱན་སྔར་གནས་ཞེས།། བཀུར་བ་སྔོན་དུ་བྱས་ནས་དོན་དུ་གཉེར་བ་ནི་གསོལ་བ་འདེབས་པ་སྟེ། བཀུར་བ་ནི་ཕྱག་འཚལ་བ་ལ་སོགས་པའོ།། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ ་པ་མཚོན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་ཞུས་པའི་རིམ་པར་ཕྱེ་བ་དང་པོ་སྟེ། ཚིགས་བཅད་བཅུ་དྲུག་གོ།། ། དེ་ནས་ཞུས་པའི་དེ་མ་ཐག་ཏུ་གསུངས་པ། དེ་ནས ་བཅོམ་ལྡན་ཤཱཀྱ་ཐུབ་ཅེས་ལ་སོགས་པ་སྟེ། དེ་ལ་དེ་ནས་ནི་ཞུས་པའི་དེ་མ་ཐག་ཏུ་སྦྱར་གསུངས་པའོ།། བཅོམ་ལྡན་འདས་ནི་བཤད་ཟིན་ཏོ།། ཤཱཀྟའི་རིགས་རྣམས་ཀྱི་ཐུབ་པ་ནི་ཤཱཀྱ་ཐུབ་པའོ།། སྐུ་གསུང་ཐུགས ་ཐུབ་པས་ན་ཡང་ཐུབ་པའོ།། རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག་ཅེས་པ་ནི་རྫོགས་པའི་སངས་རྒྱས་ནི་བཤད་ཟིན་ཏོ།། རྐང་གཉིས་ནི་ལྷ་དང་མིའོ།། དེ་རྣམས་ཀྱི་མཆོག་ནི་རབ་ཅེས་པའི་དོན་ཏོ།། ཉིད་ཀྱི་ཞལ ་ནས་ཅེས་པ་ནི་ཤཱཀྱ་ཐུབ་པ་ཉིད་ཀྱི་ཞལ་ནསོ།། ལྗགས་བཟང་བ་ནི་གཡསུ་འཁྱིལ་པའི་དུང་དང་འདྲ་ཞིང་ཆོས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་གནས་ཡིན་པའི་ཕྱི་རོ།། རིང་ཞིང་ཡངས་པར་བརྐྱང་མཛད་དེ་ཞེས་པ་ནི ་རང་གི་ཞལ་ནས་རིང་ཞིང་ཡངས་པའི་རང་གི་ལྕེ་སྤྲུལ་པ་མཛད་ནས་བསྡུས་པའི་ཕྱི་རོ།། ཅི་ཞིག་མཛད་ཅེ་ན། འཇིག་རྟེནུ་གསུམ་པོ་སྣང་བྱེད་ཅིང་ཞེས་པ་ལ་སོགས་པ་སྟེ། ས ་འོག་དང་ས་སྟེང་དང་ས་བླའི་འཇིག་རྟེན་གསུམ་ལ་སྣང་ཞིང་གསལ་བ་རི་བྱེད་པའི་འཛུམ་པ་བསྟན་ནས་ཕྱག་རྡོ་རྗེ་ལ་སླར་གསུངས་ཞེས་པར་འབྲེལ་ཏོ།། ཡང་འཛུམ་པའོ་ཁྱད་པར་ཅི་འདྲ་ཞེ་ན། གསུངས་པ། བདུད ་བཞིའི་དགྲ་རྣམས་འདུལ་བྱེད་པ་ཞེས་པ་ནི་བདུད་བཞི་ནི་ཕུང་པོ་དང་། ཉོན་མོངས་པ་དང་། ལྷའི་བུའི་བདུད་དང་། འཆི་བདག་གི་བདུད་རྣམསོ།། དེ་རྣམས་ཉིད་དགྲ་རྣམས་ཏེ། དེ་རྣམས་འདུལ་བ་ནི་རྗེ་སུ་མཐུན་པར ་འདུལ་ཞིང་ཚར་གཅོད་པའི་འཛུམ་པ་བསྟན་ནས་ཕྱག་ན་རྡོ་རྗེ་ལ་སླར་གསུངསོ་ཞེས་པ་དང་འབྲེལ་ཏོ།། སེམས་ཅན་རྣམས་ཀྱི་ངན་སོང་གསུམ།། སྦྱོང་བར་བྱེད་པའི་འཛུམ་བསྟན་ནས་ཞེས་པ་ནི་འཇིག་རྟེན་པའི་སེམས་ཅན ་ངན་སོང་གསུམ་གྱི་དམྱལ་བ་དང་ཡི་དགས་དང་དུད་འགྲོའོ།། དེ་དག་པར་སྦྱོང་བར་བྱེད་པའི་འཛུམ་པསྟན་ཏེ་ཕྱག་ན་རྡོ་རྗེ་ལཱ་སླར་གསུངས་ཞེས་པ་དང་འབྲེལ་ཏོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་བསྟན་པའི་དུས ་ན་རྟགས་གསུམ་སྟེ། འདི་ལྟ་སྟེ། འཛུམ་པ་དང་། གཟིགས་པ་དང་། འོད་ཟེར་གྱིས་བསྐུལ་བའོ།། ཁ་ཅིག་ཏུ་གཅིག་གམ། ཁ་ཅིག་ཏུ་གཉིས་སམ། ཁ་ཅིག་ཏུ་གསུམ་དུ་འགྱུར་ཏེ། འདི་ལྟ་སྟེ། དཔལ ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གཉིས་གསུངས་ཏེ། འཛུམ་པ་དང་གཟིགས་པའོ།། ཁ་ཅིག་ལས་གསུམ་ལ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྦ་པ་ལས། བྱམས་པ་ལ་གཟིགས་པ་དང་། ་འཛུམ་པའི་ཞལ་དང་། འོད་ཟེར་སྤྲོས་པའོ།། ཁ་ཅིག་ལས་གཙུག་ནི་འདི་ལྟ་སྟེ། མཚན་ཡང་དག་པར་བརྗོད་པ་ཉིད་ལ་སོ།། འཛུམ་པ་བསྟན་ནས་ཞེས་པ་ནི། འཛུམ་པ་དེ་ནི་རྣམས་པ་བཞི་སྟེ། ཡན་ལགཱ་དང་ཉིང་ལག་ལས ་འཕྲོ་བ་དང་། བ་སྤུ་ལས་འཕྲོ་བ་དང་། རང་བཞིན་གྱིས་འོད་འཕྲོ་བ་དང་། ལྗགས་ཀྱི་དབང་པོ་ལས་འོད་འཕྲོ་བ་སྟེ། འདིར་ནི་ལྗགས་ཀྱི་དབང་པོའི་རྫུ་འཕྲུལ་བསྟན་པ་སྔོན་དུ་འགྲོ་བའི་རྟགས་སོ།། ཚིག་ཅི་འདྲ་བ་ཞེ་ན། ་ཚངས་པའི་གསུང་ཞེས་པ་སྟེ། ཚངས་པའི་སྒྲ་དང་ལྡན་པའི་ཕྱིར་ཚངས་པའི་གསུངངོ་།། ཚངས་པའི་སྒྲ་ནི་ཆེ་བ་དང་། ཡོན་ཏན་ཆེ་བའི་ཚིག་བླ་དགས་ཏེ། ཇི་སྐད་དུ། ཚངས་ལྡན་བསོད་ནམས་རབ་སྐྱེ་བའོ་ཞེས་བཤད་པ་ལྟ་བུའོ།། ་སྟོང་ཕྲག་དུ་མ་རྣམས་ལས་ཏེ། སྟོང་ཕྲག་སྒྲ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་ཤེས་པར་བྱ་སྟེ། སྟོང་ཕྲག་དུ་མའི་རང་བཞིན་གྱི་དཀྱིལ་འཁོར་ཞེས་སྟོན་ནོ།། ཇི་སྐད་གསུངས་པ། སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་སྒྲས་གང་བར་བྱེད་དོ་ཞེས།། ཇི་ལྟར་ནང་ན་ཐོས་པ་དེ་བཞིན་དུ་ཕྱི་རོལ་ན་ཡང་ཤེས་ཏེ། དེ་ལ་ནང་གང་ཡིན་པ་དེ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ལ་གནས་པ་རྣམསོ།། ཕྱི་རོལ་ནི་འཇིག་རྟེན་གྱི་ཁམས ་གཞན་གང་ཡིན་པ་རྣམས་ཏེ། དེ་བས་ན་ཆེ་བའི་ཕྱིར་ཚངས་པའི་གསུང་ངོ་།། ཡང་ན་ཚངས་པ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ།། ཚངས་པ་དེའི་ཚིག་འདི་ཉིད་ཚངས་པའི་གསུངངོ་།། སྙན་པ་ཡིས་ཤེས ་པ་ནི་མཉན་ན་བདེ་བ་ཉིད་ཀྱི་ཕྱི་རོ།། འཇིག་རྟེན་གསུམ་པོ་ཀུན་བཀང་ནས་ཞེས་པ་ནི་དེའི་ལས་ཚངས་པའི་གསུང་གཅིག་ཁོ་ནས་འཇིག་རྟེན་གསུམ་རྣམ་པར་ཁྱབ་པའི་གསུང་གིས་ཕྱག་ན་རྡོ་རྗེ་ལ་སླར་གསུངས་པ་དང་འབྲེལ་ཏོ།། ་དེ་སྐད་དུ་གསུངས་པ། སྲིད་པ་འཇོམས་པའི་གསུང་ནི་གཅིག་པོ་ཡང་། ཐེག་པ་སྣ་ཚོགས་རབ་བསྟན་ཕྱེ་བ་ཡིས།། ཇི་ལྟ་ཇི་ལྟར་སྐྱེ་བོ་ཐམས་ཅད་ཀྱིས།། རྟོགས་པའི་རྒྱུར་གྱུར་སྐྱོན་མིང་རྣམ་པར་གསལ་ཞེས།། སྙིང་རྗེ་ཆེ་དང་ལྡན་གྱུར ་པར་ཞེས་པ་ལ་སོགས་པ་ནི། ལག་ན་རྡོ་རྗེ་ཁྱོད་ལེགསོ།། ཀྱེ་དཔལ་ལྡན་རྡོ་རྗེ་འཆང་ག་དང་གང་གི་ཕྱིར་ཁྱོད་འཇམ་དཔལ་ཡེ་ཤེསོ་སེམས་དཔའི་སྐུ་དང་འབྲེལ་བའི་མཚན་ཡང་དག་པར་བརྗོད་པ་གང་ཡིན་པ་དེ་ང་ལྔས་ཉན་པར་བརྩོན ་བ་དེ་དང་དེའི་ཕྱིར་གསང་བའི་བདག་པོ་ལ་ལེགས་པར་བསྟན་པར་བྱ་ཞེས་པ་དང་འབྲེལ་ཏོ།། ཁྱོད་ཀྱིས་ཅིའི་དོན་དུ་ང་ལས་དྲིས་པ་ཡིན་ཞེ་ན། འགྲོ་ལ་ཕན་པའི་དོན་དུ་ནི་ཞེས་པ་སྟེ། འགྲོ་བ་ལ་ཉེ་བར་ཕན་གདགས་པའི་ཕྱིར་སྙིང་རྗེ་ཆེན ་པོ་དང་ལྡན་པར་གྱུར་པས་སོ།། ཁྱད་པར་ཇི་ལྟ་བུའི་མཚན་ཡང་དག་པར་བརྗོད་པ་ཉན་པར་བརྩོམ་པ་ཞེ་ན། དག་པར་བྱེད་ཅིང་སྡིག་སེལ་བ་ཞེས་པ་སྟེ། དེ་ལ་དག་པར་བྱེད་ཅིང་ཞེས་པ་ནི་བཀྲ་ཤིས་པའོ།། སྡིག་སེལ་བ་ཞེས་པ ་ནི་མི་དགེ་བ་འཇོམས་པའོ།། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན་ཞེས་པ་ནི་དེ་ཡིས་འདི་སྐད་གསུངས་པར་འགྱུར་ཏེ། བུམ་པ་ཁ་བུབ་པ་དང་། བུམ་པ་ཞབས་རྡོལ་བ་དང་། བུམ་པ་མི་གཙང་བ་བཞིན་དུ་མི་རུང་ངོ་།། ཞེས་པའི་ཐ་ཚིག། ་འོ་ན་ཇི་ལྟར་ཞེ་ན། ལེགས་པར་ཉོན་ཅིག་ཅེས་པའོ།། བཅོམ་ལྡན་འདས་ཉིད་ཀྱིས་གསུ་ངས་མ་ཐག་ཏུ་རྡོ་རྗེ་འཛིན་པས་གསོལ་པ། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ་ཞེས་པ་ནི་བཅོམ་ལྡན་འདས་ནི་ཤཱཀྱ་ཐུབ་པའོ།། དེ ་ནི་དེ་ལྟར་མཉན་པར་བགྱིའོ་ཞེས་པའི་དོན་ཏོ།། ལེགས་ཞེས་པ་ནི་ཇི་ལྟར་གསུངས་པ་ཉིད་ཀྱི་རིམ་པས་བདག་གིས་མཉན་ཏོ་ཞེས་པའི་ཐ་ཚིག་གོ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན ་གསང་སྔགས་ཀྱི་དོན་དུ་རྣམ་པར་བལྟ་བ་ཞེས་བྱ་བ་ལས་སླར་གསུངས་པའི་རིམ་པར་ཕྱེ་བ་སྟེ་གཉིས་པ། ཚོགས་བཅད་དྲུག་པའོ།། །། ད་ནི་སླར་གསུངས་པའི་དེ་མ་ཐག་ཏུ་རིགས་དྲུག་ལ ་གཟིགས་པའི་རིམ་པར་ཕྱེ་བ་གསུངས་པ། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་ཅེས་པ་ལ་སོགས་པ་སྟེ། དེ་ལ་གསང་སྔགས་རིགས་ཆེན་ཐམས་ཅད་དང་ཞེས་པ་ནི། སྡུད་པར་བྱེད་པའི་ཚིག་འདི་ནི་སྤྱིར་བསྟན་པའོ།། འདིར ་དེ་དང་དེ་ལ་རྣམ་པར་གཟིགས་ཏེ། ཚིག་གི་བདག་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་འབྲེལ་པའི་སྐྱེ་བ་མེང་པའི་ཆོས་ཅན་ཚིག་སུ་བཅད་པ་འདི་གསུངས་སོ་ཞེས་ཕྱིས་འབྱུང་བའི་ཚིག་དང་ལྷན་ཅིག་ཏུ་འབྲེལ ་ཏོ།། གསང་སྔགས་རིགས་སྔགས་འཆུང་བའི་རིགས་ཞེས་པ་ནི་རིགས་སྔགས་འཛིན་པས་ན་ཚིག་སྔགས་འཆང་བྱའོ།། གསང་སྔགས་ཀྱི་བདག་ཉིད་ཀྱང་དེ་ཡིན་ལ་རིག་སྔགས་འཆང་བ་ཡང་དེ ་ཉིད་ཡིན་པས་ན་གསང་སྔགས་རིག་སྔགས་འཆང་བ་ནི་འཛིན་པའི་བདག་ཉིད་།། དེའི་རིགས་ནི་གསང་སྔགས་རིག་སྔགས་འཆང་བའི་རིགས་ཏེ། ལས་ཀྱི་རིགས་ཤེས་པའི་དོན་ཏོ།། རིགས་གསུམ་ལ་ནི་རྣམ་པར་གཟིགས ་ཞེས་པ་ནི་སྐུ་དང་གསུང་དང་ཐུགས་ཀྱི་རང་བཞིན་ཉིད་པས་རྣམ་པར་སྣང་མཛད་ཀྱི་རིགས་ཞེས་པའི་དོན་ཏོ།། འཇིག་རྟེན་འཇིག་རྟེན་འདས་པའི་རིགས་ཞེས་པ་ནི་འཇིག་རྟེན་ལ་ལྟ་བས་ན་འཇིག་རྟེན་ནོ།། དེའི་རིགས་ནི ་འཇིག་རྟེན་འཇིག་རྟེན་འདས་པའི་རིགས་ཏེ། པདྨའི་རིག་སོ་ཞེས་བྱ་བའི་ཐ་ཚིག་གོ།། འཇིག་རྟེན་སྣང་བྱེད་རིགས་ཚན་དང་ཤེས་པ་ནི་འཇིག་རྟེན་རྣམས་ལ་གསལ་བར་བྱེད་པ་ནི་འཇིག་རྟེན་སྨད་བྱུང་དེ་མི་ལོང་ལྟ་བུའི ་ཡེ་ཤེས་ཀྱི་བདག་ཉིད་པས་མི་བསྐྱོད་པའོ།། དེའི་རིགས་ནི་འཇིག་རྟེན་སྣང་བྱེད་རིན་ཆེན་དང་ཞེས་པ་སྟེ། རྡོ་རྗེའི་རིག་སོ།། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་ཞེས་པ་ནི་བྱང་སེམས་རྡོ་རྗེའི་རིག་སོ།། དེ་ཉིད་ཀྱི་ཕྱིར་ན ་མཆོག་སྟེ། རྣམ་པར་སྣང་མཛད་ལོ་སོགས་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར།། དེའི་རིགས་ནི་ཕྱག་རྒྱ་ཚོན་པའི་རིགས་མཆོག། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས་ཞེས་པ་ནི། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་ན་གཙུག་ཏོར་ཆེན་པོ་སྟེ། དེའི་རིགས་ནི་རིགས་ཆེན་གཙུག་ཏོར་ཆེ་སྟེ། རིན་པོ་ཆེའི་རིགས་ཞེས་བྱ་བའི་དོན་ཏོ།། ཆེར་གཟིགས་པའི ་དོན་ནི་གོང་དུ་བཤདངྒ་ཟིན་ཏོ།། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྲེགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་རིགས་དྲུག་ལ་གཟིགས་པའི་རིམ་པར་ཕྱེ་བ་སྟེ། གསུམ ་པ་ཚིགས་བཅང་གཉིས་པའོ།། ། ད་ནི་དཔལ་སྒྱུ་འཕྲུལ་དྲ་བའི་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་བླ་མོ་གཅིག་ནས་གཅིག་ཏུ་བརྒྱུད་པ་བཤད་དེ། དེ་ཡང་དཔལ་སྒྱུ་འཕྲུལ་དྲ་བའི་ལེའུ་ཁྲི ་དྲུག་སྟོང་གི་ནང་ནས་བྱུང་བ་ཡིན་ནོ།། དེ་ལ་དང་པོར་རེ་ཞིག་སྔགས་ཀྱི་སྒོར་ཞུགས་ནས་སྤྱད་པ་སྤྱོད་པས། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི ་སྤྱི་གཙུག་གཉི་སུ་མེད་པ་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་པ་གཙུག་གི་ནོར་བུ་འོད་མངོན་དུ་བྱེད་འདོད་པའི་བྱང་ཆུབ་སེམས་དཔའ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད ་ཡོངསུ་སྒྲོལ་བའི་བསམ་པ་དང་། བྱང་ཆུབ་ཆེན་པོར་སྨོན་པའི་སེམས་དང་། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དང་ལྡན་པས་བསྡུ་བའི་དངོས་པོ་བཞིས་སེམས་ཅན་རྣམས་བསྡུས་ཏེ། བླ་ན་མེད་པ་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། འདི་སྐད་ཀྱང་བརྗོད་དེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་དགོངས་སུ་གསོལ། བདག་ཆེན་མོ་ཞེས ་བྱ་བ་དུས་འདི་ནས་བཟུང་ནས་ཇི་ཙམ་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་བླ་ན་མེད་པའི་བྱང་ཆུབ་མཆོག་གི་སེམས་བསྐྱེད་པར་བགྱིའོ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཉིད་དུ་ངེས་བྱས་པའི། ་བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པོ་བདག་གིས་བསྐྱེད་པར་བགྱི།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས།། བརྟེན་པོར་བདག་གིས་སོ་སོར་གཟུང་།། ་སངས་རྒྱས་ཆོས་དང་དགེ་འདུན་དང་།། བླ་མེད་མཆོག་གི་དཀོན་མཆོག་གསུམ།། དེ་ནས་བརྩམས་ཏེ་གཟུང་བར་བགྱི།། ནམ་དུ་ཡང་ནི་མཱི་བཏུང་ངོ་།། སྡོམ་པ་སངས་རྒྱས་སྦྱོར་བསྐྱེད་པ།། དེ་ནས་བརྟན་པོར་གཟུང་བར་བགྱི།། རྡོ་རྗེ་རིགས ་མཆོག་ཆེན་པོ་ཡཱི།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དྲུག། དེ་ཉིད་ཁོ་ནས་སོ་སོར་གཟུང་།། སློབ་དཔོན་ཡང་ནཱི་གཟུང་བར་བགྱི།། དྲུག་ཏུ་བྱས་ཏེ་ཉིན་རེ་ལ།། སྦྱིན་པ་རྣམ་བཞིར་རབ་ཏུ་མྦྷ་རཱིན་ཆེན་རིགས་མཆོག་ཆེན་པོ་ཡིས།། ཡིད ་དགའ་བ་ཡི་དམ་ཚིག་གོ།། ཕྱི་དང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་གཟུང་བར་བགྱི།། པདྨའི་རིགས་མཆོག་དག་པ་ཡི།། བྱང་ཆུབ་ཆེན་པོ་ལས་བྱུང་བའོ།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས ་ཅད་རབ་ལྡན་པ།། སོ་སོར་ཡང་དག་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོ་ལའོ།། བླ་ན་མེད་པའི་བྱང་ཆུབ་སེམས།། བསྐྱེད་པར་བྱས་ཏེ་བདག་གིས་ནི།། སེམས་ཅན་ཀུན་གྱི་དོན་དུ་ནི།། སྡོམ་པ་མ ་ལུས་གཟུང་བར་བགྱི།། མ་རྒལ་བ་རྣམས་བསྐུལ་བར་བགྱི།། མ་གྲོལ་བ་རྣམས་བདག་གིས་དྲ་གྲོལ།། དབུགས་མུ་བྱུང་བ་དབུགས་དབྱུང་སྟེ།། མྱ་ངན་འདས་ལ་སྙོམས་ཅན་དགོད།། སྡོམ་པ་གཟུང་བ་སྔོན་དུ་འགྲོ་བསྡུ་བྱང་ཆུབ་ཏུ་སེམས ་བསྐྱེད་པར་བྱ་སྟེ། མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་འདིས་བསྒོམ་པར་བྱའོ།། དང་པོར་རེ་ཞིག་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་བརྙན་གྱི་སྦྱོར་བས་བསྒོམ་པར་བྱ་སྟེ། ཇི་ལྟར་ཡོངས་སུ་དག་པའི་མེ་ལོང་གི་དཀྱིལ་འཁོར་ལ ་དེའི་དྲུང་གི་ཡུལ་དང་དུས་ཀྱི་དངོས་པོའི་རིག་པ་རྣམས་སོ་སོར་སྣང་བ་དྲི་ལྟར་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་འགྲོ་བ་དང་ཡུལ་དང་སྐྱེ་གནས་ཀྱི་དབྱེ་བས་ཕྱེ་བའི་སེམས་ཅན ་གྷི་ཁམས་སྣང་སྟེ། དེ་རྣམས་ཤིན་ཏུ་དྲི་མ་མེད་པའི་མྱེ་ལོང་ལྟ་བུའི་ཡེ་ཤེས་དེ་ལ་ཡང་བལྟས་ཏེ་དྲོའི་ཕྱི་ན་སེམས་ཅོན་ལ་དམིགས་པའི་སྙིང་རྗེ་བསྐྱེད་པར་བྱ་སྟེ། ཨེ་མྲའོ་སེམས་ཅན་འདི་རྣམས་མགོན་མོད་པ། སྐྱིབས་མེད་པ། དཔུས ་གཉེན་མེད་པ་སྡུག་བསྔལ་བ་རྣམས་འཁོར་བའི་རྒྱ་མཚོར་བྱིང་བ་དེ་རྣམས་ཀྱི་དོན་དུ་ཇི་ལྟར་བདག་ཉིད་ལྟོར་ཐམས་ཅད་ཀྱི་ཐམས་ཅད་དུ་སྡུག་བསྔལ་ལས་བསྒྲལ་བར་བྱ་སྟེ། ཇི་ལྟར་ཟུག་རྔུ་ཅན་གྱི་སེམས་ཅན་ཐམས་ཅད་མེ་ལོང་ལྟ ་བུའི་ཡེ་ཤེས་ལ་སེམས་ཅན་རྣམས་ཀུན་རྫོབ་ཏུ་སྣང་བར་བྱའོ།། དེ་ནས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་མོས་པར་བྱས་ཏེ། ཆོས་ཐམས་ཅད་བདག་མེད་པའི་མཉམ་པ་ཉིད་དུ་སྦྱོར་བས། ཇི་ལྟར་ཆོས་རྣམས་སྟོང་པ ་དང་བདག་མེད་པ་དེ་ལྟར་བདག་ཀྱང་སྟོང་པ་དང་བདག་མེད་པ་ཞེས་བསྒོམས་ཏེ། ཆོས་ཐམས་ཅད་བདག་མེད་པ་ལ་གཟུད་པར་བྱའོ།། དེ་སྐད་ཀྱང་གསུངས་པ། བདག་ཅི་འདྲ་བ་དེ་འདྲར་སེམས་ཅན་ཐམས་ཅད་ཤེས། སེམས་ཅན ་ཐམས་ཅད་ཅི་འདྲ་དེ་འདྲར་ཆོས་ཀུན་ཤེས་ཞེས་པ་ལ་སོགས་པའོ།། དེ་ནས་ཆོས་ཐམས་ཅད་བདག་མེད་པའི་རང་བཞིན་དུ་རྟོགས་པས་ཆོས་ལ་དམིགས་པའི་སྙིང་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བསྐྱེད་པར་བྱའོ།། དེ་ནས་ཨ ་ཀཱ་རོ་མུ་ཁ~ཾ་སརྦྦ་དྷརྨྨ་ཎཱཾ། ཨཱ་དྷ་ནུཏྤཙྪེ་ཏཱད་རྗེས་སྔགས་བརྗོད་ནས། མ་ལུས་པར་ནཱི་མདོར་བསྡུས་ཏེ། སྔགས་པ་སྔགས་དོན་བསྒོམས་ནས་ས།། དམིགས་པ་མེད་དང་ལྷན་ཅིག་ཏུ།། ཆོས་བདག་མེད་པ་རྣམ་པར་བསྒོམ།། དེ་ལྟར་སོ ་སེར་ཀུན་ཏུ་རྟོག་པའི་ཡེ་ཤེས་དེ་ལྟ་བུའི་དྲི་མ་ཐེག་པ་ཉིད་དུ་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་རྗེས་སུ་སོང་བ། གཟུང་འཛིན་ཀུན་ལས་རྣམ་པར་གྲོལ་བ། རང་བཞིན་གྱིས་འོད་གསལ་བ། ཆ་ཤས་ཀྱི་རང་བཞིན་ལས་འདས ་པ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒོམ་པར་བྱའོ།། དེ་ནས་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དང་བྲལ་བས་ན་རྣལ་འབྱོར་པས་སྔོན་གྱི་སྨོན་ལམ་གྱིས་བསྒོམས་པའི་སེམས་ཀྱི་རྒྱུན ་གྱི་དབང་གིས་ལངས་ཏེ། མི་དམིགས་པའི་སྙིང་རྗེ་ཆེན་པོས་བྱ་བ་ནན་ཏན་གྱི་ཡེ་ཤེས་མངོན་དུ་བྱའོ།། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་ཐོབ་པ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཉིད་ཀྱི་ཕྱིར་དེའི་དེ་ཉིད་ཀྱིས་སེམས ་ཅན་གྱི་དོན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ།། དེའང་འཇུག་པའི་མཚན་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་གྱི་རྣམ་པར་བྱང་བའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བར་རིག་པར་བྱའོ།། དེ་ནས ་རྣལ་འབྱོར་པས་སེམས་ཉིད་སྒྱུ་མའི་རྣམ་པ་ན་མཁའི་ཕྱོགས་སུ་གནས་པ་རང་བཞིན་གྱིས་འོད་གསལ་བ་སྐར་མའི་རྣམ་པ་འདྲ་བའི་ཨེ་བསམས་ཏེ། དེ་ལས་བྱུང་བ་ཁྲོ་བོ་འབར་བའི་ཕྲེང་བས་འཁྲིགས་པ་སྔོན་པོ་མདོག་དུ ་མའི་འོད་ཟེར་བརྒྱ་སྟོང་གིས་ཡོངས་སུ་བསྐོར་བ་མིང་གཞན་ཀུན་ཏུ་བཟང་པོ་མཆོག་ཏུ་དགའ་བའི་བདག་ཉིད་ཡི་གེ་ཧཱུཾ་ཆེན་པོ་བསྒོམ་པར་བྱའོ།། ཡི་གེ་ཧཱུཾ་དེ་ལས་རྣམ་པ་དུ་མའི་འོད་རྣམས་ཕྱུང་སྟེ། འོད་ཀྱི་རྩེ་མོ་དེ་ལས་དེ ་བཞིན་གཤེགས་པ་ཐམས་ཅད་སྤྲུལ་ནས། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཤེགསོ་ཏེ། མ་ལུས་ཞིང་ལུས་པ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས ་ཅན་གྱི་ཁམས་ཐམས་ཅད་ཡང་དག་པར་སྦྱངས་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ཡང་བྱས་ནས་ཇི་སྲིད་སངས་རྒྱས་ཐམས་ཅད་ཀྱི་རྣམ་པར་འཕྲུལ་པའི་བར་ཡང་བསྟན་ཏེ། ཡང་སླར་ལོག་ནས་ཡི་གེ་ཧཱུཾ་དེ་ལ ་ཞུགས་པར་བསམ་པར་བྱའོ།། དེ་ལས་གྱུར་པའི་སྔོན་པོ་ལ་སོགས་པའི་ཁ་དོག་དྲུག་པོ་མངོན་དུ་དགའ་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་དྲུག་ཏུ་ཁྱབ་པར་འབར་བའི་གཟི་བརྗིད་ཀྱིས་བདུད་ཐམས་ཅད་ཀྱི་དགྲས་ཐུག ་པར་དཀའ་བ་སྒོ་དྲུག་ལ་རྩེ་ལྔ་པའི་ཡེ་ཤེས་ཀྱི་རྡོ་རྗེ་བསྒོམ་པར་བྱའོ།། དེ་བུམ་པའི་ནང་ན་གནས་པའི་ཡི་གེ་བྲུཾ་དཀར་པོ་བསམ་སྟེ། དེ་ལས་གྱུར་པའི་རིན་པོ་ཆེ་སྣ་བཞིའི་རང་བཞིན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཚད ་ཀྱི་མཆོད་རྟེན་བསྒྲིམས་ལ། དྲིའི་ནང་དུ་ཡི་གེ་ཧྲཱིཿལས་ཆོས་ཀྱི་འབྱུང་གནས། དེའི་སྟེང་དུ་ཡི་གེ་ཨ་ལས་སྣ་ཚོགས་རྡོ་རྗེ། དེས་ཀྱང་རྡོ་རྗེའི་དངོས་པོ་མདོག་དཀརི་པོའི་ས་གཞིར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཡི་གེ་བྲུཾ་གྱིས ་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེའི་ཁང་པ་བརྩེགས་པའི་གཞལ་ཡས་ཁུང་རྣམ་པར་བསྒོམ་མོ།། དེ་འདི་ཅི་འདྲ་ཞེ་ན། གྲུ་བཞི་པ་ལ་སྒོ་བཞི་པ།། ཏྲ་ར་ན་བཞིས་བརྒྱན་པའོ།། དྲིལ་བུ་དར་དང་ཕན་ལ་སོགས།། མེ་ཏོག་ཕྲེང ་དང་རྔ་ཡབ་ཀླུབས།། གླུ་མཚམས་དག་ནི་ཐམས་ཅད་དང་།། སྒོ་ཁྱམས་ཀྱི་ནི་མཚམས་སུ་ཡང་།། རྡོ་རྗེ་རིན་ཆེན་རྣམས་དང་ནི།། ཟླ་ཁམ་རྣམས་ཀྱིས་ཡང་དག་མནན།། དྲ་བ་དྲ་ཕྱེད་བཀོད་པ་ལ། སྣ་ཚོགས་གཟུགས་ཀྱིས ་ཀླུབས་པའོ།། རྡུལ་ཚོན་ཁ་དོག་ལྔ་ཡིས་ཀྱང་།། ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ།། དཀྱིལ་འཁོར་དེ་ནི་གནས་སྐབས་སུ།། ཆུང་ནས་ནང་གི་གཞལ་ཡང་ཁང་།། རྡོ་རྗེ་དབྱིངས་ཞེས་བརྗོད་པ་ནི།། དེ་ནས་གཉིས་པ་དགོད་པར་བྱ།། ་རྡོ་རྗེ་ཕྲེང་བས་ཡོངས་བསྐོར་བ།། ཀ་བ་བརྒྱད་ཀྱིས་རྣམ་བརྒྱན་པ།། རྡུལ་ཚོན་ལྔ་པོ་ཉིད་ཀྱིས་ནི།། དྲུ་བ་དྲ་ཕྱེད་ལ་སོགས་ཀླུབས།། དཀྱིལ་འཁོར་གྱི་ནི་ཕྱི་རོལ་ཡང་།། ཇི་སྐད་གསུངས་པའི་མཚན་ཉིད་ཀུན།། ཁྱད་པར་དུ་ནི ་མདོར་བསྡུས་ནས།། དེ་ཡིས་ནང་དུ་ཐམས་ཅད་བྱ།། སྒོ་ཡི་མཚམས་དང་ཏྲཻ་ར་ན།། གེཅིག་ཉིད་དུ་ནི་མི་བྱའོ།། དེ་ཕྱིར་དེ་ཡི་སྒོ་རྣམས་ནི།། ཏཱ་ར་ན་རྣམས་བརྟག་མི་བྱ།། གོ་རིམས་བཞིན་དུ་ལྷ་རྣམས་ཀྱི།། གདན་ནི་ཕྱི་ནས་དགོད་པར ་བྱ།། ལྷའི་རྣམས་ཇི་བཞིན་རིམ་པས་སོ།། དེ་ནས་དབུས་སུ་བཀོད་པ་ཉིད།། གཙོ་བོ་ཡི་ནི་གདན་ཡིན་ནོ།། ཤར་ལ་སོགས་པའི་ཕྱོགས་ཀུན་ལ།། མི་བསྐྱོད་ལ་སོགས་རྣམས་ཀྱི་གདན།། རང་གི་ས་བོན་ལས་གྲུབ་པ།། སྦྱོར་བའི ་རིམ་པས་བརྟག་པར་བྱ།། དེ་ལ་གདན་རྣམས་བརྟག་པ་ནི་དབུས་སུ་སིངྒེའི་གདན་དང་། ཤཱར་དུ་གླང་པོ་ཆེའི་གདན་དང་། ལྷོ་རུ་རྟའི་གདན་དང་། ནུབ་ཏུ་རྨ་བྱའི་གདན་དང་། བྱང་དུ་ནཱ་མཁའ་ལྡིང་གི་གདན་ཞེས་སོ།། རྡོ་རྗེ་སེམས་དང ་ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་མཐར་ཐུག་པའི་བར་གྱི་ཡི་གེ་ཨ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་རྣམས་རྣམ་པར་བསྒོམ་མོ།། དེ་ནས་ཡོང་གཙོ་བོའི་གདན་ལ་ཡི་གེ་ཨ་ལས་ཡོངས་སུ་བསྐྱེད་པའི་རྣམ་པར་སྣང ་མཛད་ཆེན་པོའོ།། གང་གི་ཕྱིར་སེམས་གང་ཡིན་པ་ཁོ་ན་གཟུང་བ་ལ་སོགས་པ་དང་བྲལ་བས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། དེ་ཉིད་ཞལ་བཞི་པ་སྟེ། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་བཞིའོ།། ཆོས་ཀྱི ་དབྱིངས་ལ་དམིགས་པ་ཉིད་ཀྱིས་ཏིང་ངེ་འཛིན་ཐམས་ཅད་རབ་ཏུ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་སྐུ་མདོག་དཀར་པོའོ།། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རལ་པྲའི་དབུ་རྒྱན་དང་ལྡན་པའོ།། ཞི་བའི ་སེམས་ཉིད་ཀྱི་ཕྱིར་སྐུ་ལྔ་རྒྱན་མི་མངའ་བའོ།། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱིར་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པའོ།། དེ་ལྟ་བུའི་དངོས་པོ་རྣམ་པར་སྣོང་མཛད་ཆེན་པོར་བདག་ཉིད་མོས་པར་བྱ། ་སྟེ། སངས་རྒྱས་བཞི་འི་གདན་གྱི་སྦྱོར་བས་སོ།། དེའི་ཐུགས་ཀུར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཡི་གེ་དྷི་ལྔས་ཡོངས་སུ་བསྐྱེད་པའི་བཅོམ་ལྡན་འདས་དང་པོའི་སྔངས་རྒྱས་ཞལ་ལྔ་པ་གཙུག་པུད་ལྔ་དང་ལྡན ་བ་དེ་ཉིད་ཀྱི་ཕྱར། གདྲོང་ལྔ་གཙུག་ཕུད་ལྔ་དང་ལྡན་ཞེས་གསུངས་སོ།། མདོག་ལྔ་དང་ལྡན་ཏེ་དེ་ཉིད་དང་འབྲེལ་བའི་བཙུག་ཕུད་ལྡིའི་ཟུར་ཕུད་ཅན་ནོ།། ཤར་སྔོན་པོ། ལྷོ་སེར་པོ། ནུབ་དམར་པོ།། བྱུང་ལྗང་ཁུ། དབུའི་སྟ ་ན་རྟ་མཆོག་གོ་ཞལ་བཞིན་དུ་གནས་པའི་ཞལ་དཀར་པོ་ཞི་བ་བྱིས་པའི་རྒྱན་གྱིས་བརྒྱན་པ། སྒེག་པུ་དང་ལྡན་པ། སྣ་ཚོགས་ཀྱི་ན་བཟའ་བསྣབས་པ། ཕྱ་བརྒྱད་ལུ་ཤེས་རབ་ཀྱི་ཕྱི་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཁ ་བཞིར་བགོས་ནས་ཕྱག་བཞིས་ཐུགས་ཀར་ཡང་དག་པར་འཛིན་པོ། ཕྱག་གཞན་བཞིས་ནི་ཤེས་རབ་ཀྱི་རལ་གྲི་འདེབས་པའི་ཚུལ་གྱིས་འཛིན་པ། སངས་རྒྱས་བཞིའི་གདན་གྱི་སྦྱོར་བས་ཞུགས་པཾ་བསྒོམ་མོ།། འདིར ་དེ་བཞིན་གཤེགས་པའི་ས་བཅུ་གཉིས་ཉེ་བར་མཚོན་པ། ཚིག་གི་བདག་པོའི་ཚིགས་སུ་བཅུད་ཅེས་པ་དང་འབྲེལ་ཏོ།། ཇི་ལྟ་བུར་གྱུར་པ་ཞེ་ན། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་ཞེས་པ་ནི་ཕྱིས་འབྱུང་བའི་སྔགས ་དྲུག་དང་ལྡན་པ་ལ་བྱའོ།། བདག་ཉིད་ཅི་ཞེ་ན། གཉིས་སུ་མེད་པར་འབྱུང་བ་དང་ཞེས་པ་ལ། གཉིས་ནི་གཟུང་འཛིན་ནོ།། དེ་མེད་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་པའོ།། དེ་ལས་འབྱུང་བ་ནི་སྐྱེ་བའོ།། གཉིས་སུ་མེད་པར ་འབྱུང་བ་ནི་གཉིས་སུ་མེད་པར་འབྱུང་བྱའོ།། ཚིགས་བཅད་གང་ལ་ཡོད་པ་དེ་ནི་གཉིས་སུ་མེད་པར་འབྱུང་བ་དང་ལྡན་པའི་ཚིགས་བཅད་དོ།། གཞན་ཡང་ཁྱད་པར་ཅི་འདྲ་ཞེ་ན། མི་སྐྱེ་ཆོས་ཅན་འདི་གསུངས་པ་ཞེས་པ་ནི། ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། འདི་གསུངས་པ་ཞེས་པ་ནི་བཤད་པའི་དོན་ཏོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་དེ་བཞིན་གཤེགས་པའི་ས་བཅུ་གཉིསུ་གསུངས ་ཏེ། ཀུན་ཏུ་འོད་ཀྱིས་ཆེན་པོའོ།། དེ་ནི་ཉི་མའི་དཀྱིལ་འཁོར་འདྲ།། བདུད་རྩི་འོད་ནི་གཉིས་པ་སྟེ།། ཤིན་ཏུ་འོད་གསལ་ཟླ་བ་འདྲ།། ན་མཁའི་འོད་ནི་གསུམ་པ་སྟེ།། ན་མཁའི་གཞི་བཞིན་རབ་ཏུ་གནས།། རྡོ་རྗེ་འོད ་ནི་བཞི་པ་སྟེ།། ས་དེ་འོད་ནི་དགའ་བའོ།། ལྷག་པའི་བསམ་པ་བརྟན་སྦྱོར་བས།། རྡོ་རྗེ་ཞེས་ནི་ཡོངས་སུ་བརྟགས།། ལྔ་པ་རིན་ཆེན་འོད་ཅེས་བྱ།། དབང་བསྐུར་བ་ལ་རབ་ཏུ་གནས།། པདྨའི་འོད་ཅེས་དྲུག་པ་སྟེ། ་པདྨ་བཞིན་དུ་རབ་ཏུ་སྐྱེ།། རང་བཞིན་དག་པ་ཆོས་ཉིད་ཕྱིར།། དྲི་མ་མེད་ཅིང་ཡོངས་འཛིན་མེད།། བདུན་པ་ལས་ཀྱི་འོད་ཅེས་པ།། སངས་རྒྱས་འཕྲིན་ལས་བྱེད་པར་འདོད།། བརྒྱད་པ་དཔེ་མེད་ཞེས་བྱ་བ།། དེ་ལ ་དཔེ་ནི་ཡོད་མ་ཡིན།། དཔེ་ལྡན་ཞེས་པ་དགུ་པ་སྟེ།། ཐམས་ཅད་དཔེ་ནི་སོ་སོར་རྟོགས།། བཅུ་པ་ཤེས་རབ་འོད་ཅེས་པ།། སངས་རྒྱས་ས་ནི་བླ་ན་མེད།། བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད།། ས་ཆེན་རབ་ཏུ་འོད་གསལ་བ།། ་བཅུ་གཉིས་སོ་སོར་རིག་པ་པ།། རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས་ཤེས་སོ།། དེ་རྣམས་ནི་དེ་བཞིན་གཤེགས་པའི་ས་བཅུ་གཉིས་ཨུ་ལ་སོགས་པའི་སྒྲའི་ཡི་གེ་བཅུ་གཉིས་སུ་ཡོངས་སུ་རྫོགས་པ་ཉིད་དུ་རིག་པར་བྱའོ།། དུས ་གསུམ་བཞུགས་པའི་སངས་རྒྱས་ཀྱི་ཞེས་པ་ནི་འདས་པ་དང་མཱ་འོངས་པ་དང་དེ་ལྷུར་གྱི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིའོ།། ཐུགས་ལ་གནས་ལྔ་ནི་ཞེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར ་གནས་པའི་ཕྱིར་རོ།། ཡེ་ཤེས་ཀྱི་སྐུ་ཞེས་པ་ནི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་ཞེས་པ་ནི་ཇི་ལྟར་གནས་པའི་དངོས་པོའི་དོན་རྟོགས་པའི་ཕྱིར་རོ།། ད་ནི་དང་བློའི་སངས་རྒྱས་དེའི་ཐུགས་ཀར ་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་སྟེ།། ཅི་འདྲ་བ་ཞིག་གསུངས་ཤེ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་སྟོན་པར་བྱེད་པའོ།། དེ་བཞིན་ཡང་བཤད་པ། རྩིབས་ཀྱི་ལྟེ་བ་ཡང་དག་འཛིན།། རྩིབས་རྣམས་ལྟེ་བ་ལ་ཡང ་བརྟེན།། རྟེན་ཅིང་འབྲེལ་པར་འབྱུང་སྦྱོར་བར།། འཁོར་ལོ་འདི་ནི་རབ་ཏུ་བསྐོར་ཞེས་སོ།། ཡི་གེ་ཨས་བསྐྱེད་པའི་ཁ་དོག་དྲུག་དང་ལྡན་པ་རྩི་བས་དྲུག་པ། མུ་ཁྱུད་བཞི་དང་ལྡན་པ། ཤིན་ཏུ་བཀོད་པའི་ལྟེ་བ་དེའི་དཀྱིལ་ན་ཡི ་གེ་ཨ་བསམས་ཏེ། བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་རྩ་བའི་སྔགས་ལ་སོགས་པ་སྔགས་རྣམས་མུ་ཁྱུད་བཞི་ལ་མདོག་དྲེཀར་པོ་ཁོ་ན་བསྒོམ་པར་བྱའོ།། དེ་ལ་དང་པོའི་མུ་ཁྱུད་ལ། ཨོཾ་སརྦ་དྷརྨཱ། བྷཱ་བ། སྭ་བྷཱ་བ ་ཤུདྡྷ་བཛྲ་ཨ་ཨཱ་ཨཾ་ཨཿདེའི་ཕྱི་རོལ་དུ་མུ་ཁྱུད་གཉིས་པ་ལ་དེ་བཞིན་གཤེགས་པའི་ས་བཅུ་གཉིས་བརྗོད་པའོ་སྒྲའི་ཡི་གེ་བཅུ་གཉིས་བསྒོམ་པར་བྱའོ།། དེ་ནས་དང་པོའི་ལྕེ་ནས་བརྩམས་ནས་ཇི་ཙམ་དུ་སྔགས་དྲུག་པོ ་བཀོད་པའི་རིགས་ཀྱི་མདོག་རིམ་པར་བྱའོ།། འདི་ལྟ་སྟེ་དང་པོ་ལྭ། ཨོཾ་བཛྲ་ཏཱིཀྵཱ་ཡ་ཏེ་ནུ་མུཿགཉིས་པ་ལ་ཨཽ་དུཿཁ་ཙྪེ་ད་ཡ་ཏྲ་ན་མཱཿགསུམ་པ་ལྀ་ཨོཾ་པྲཛྙཱ་ཛྙཱ་ན་མཱུརྟྟ་ཡ་ཏྭེ་ན་མཿབཞི་པ་ལ་ཨཽ་ཛྙཱ་ན་ཀཱ་ཡ་ཡེ་ཏ་ན་མཿལྔ་པ ་ལ་ཨོཾ་བྱཱ་གི་ཤྭ་ར་ཡ་ཏེ་ན་མཱཿདྲུག་པ་ལ་ཨོཾ་ཨ་ར་པ་ཙྪི་ནཱ་ཡ་ཏེ་ན་མཿའཁོར་ལོའི་ཕྱི་རོལ་མུ་ཁྱུད་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་ཕྲེང་བུའི་སྔགས་བཀོད་དེ། ཨེ ་ཨཱཿོཾ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ར་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧཱུ~ཾཿབྷ་ག་བཱཾ། ཛྙཱ་ན་མུརྦྷི་བཽ་གཱི་ཤྭ་ར། མ་ཧཱ་བཱ་ཙ། སརྦ་དྷརྨ། ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཕྱི་རོལ་གྱི་མུ་ཁྱུད་གཉིས་པ་ལ ་ཀ་ལ་སོགས་པ་ཧའི་མཐར་ཐུག་པའི་ཡི་གེ་དགོད་པར་བྱའོ།། དེ་ནི་འཁོར་ལོའི་སྔགས་དགོད་པའི་རིམཱ་པའོ།། འཁོར་ལོ་དེའི་དབུས་ན་གནས་པའི་ཡི་གེ་ཨ་ལས་བསྐྱེད་པའི་བཅོམ་ལྡན ་འདས་ཡེ་ཤེས་སེམས་དཔའ་ཞལ་དྲུག་པ། སྟོན་ཀའི་ཟླ་བའི་མདོག་ཅན། ཨིནྡྲི་ནཱི་ལ་མཆོག་གི་གཙུག་ཕུད་ཉི་མ་འཆརུ་ཀའི་དཀྱིལ་ལྟར་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བ། དེ་བཞིན་གཤེགས་པ་ཐམས་ཅེ། ་ཀྱི་རང་བཞིན་གྱི་རྒྱན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་རྣམ་པ་སྣ་ཚོགས་པདྨའི་གདན་ལ་བཞུགས་པ། ཕྱག་གཉིས་ཀྱིས་ཨུཏྤ་ལྔ་སྔོན་པོ་གཉིས་ལ་བརྟེན་པས་གནས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་གླེབས་བཾ་གཉིས་འཛིན་པ། ཞི་བའི་ཚུལ་དང་ལྡན་པའི་བདག་འདི་བསམས་ཏེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་བསྒོམས་ནས། དེའི་སྟེང་དུ་ཤཱི་ར་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཐམས་ཅད་མཁྱེན་པོའི་ཡེ ་ཤིཤེས་འབྱུང་བའི་བྱེད་རྒྱུ། ཉན་ཐོས་དང་འདུ་སངས་རྒྱས་ཐམས་ཅད་བསྐྱེད་པར་གྱུར་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་བསོད་ན་མ་སཾ་དང་ཡེ་ཤེས་ཀྱི་ཚོགས་སུ་གྱུར་པ། དོན་དམ་པའི་ཡེ་ཤྲཱིས་ཐམས ་ཅད་ཀྱི་བྱེད་རྒྱུར་གྱུར་པའི་ཡི་གེ་ཨ་བཀོད་དེ། དེ་ནས་འཁོར་ལ་གནས་པའི་སྔགས་ཡི་གེ་གང་ཡིན་པ་རྣམས་ཇི་ལྟར་གསུངས་པའི་ཁ་དོག་དང་ལྡན་པ་ཤིན་ཏུ་རྣམ་པར་བཀོད་པ་མི་ཤེས་པའི་རི་བོ་འཇོམས ་པར་ནུས་པའི་འོད་དང་ལྡན་པར་བསྒོམ་ཏེ། འོད་དེ་རྣམས་ཀྱིས་རང་གི་ལུས་ལ་སྣང་བར་བྱེད་པ་བསྒོམ་མོ།། འོད་ཀྱིས་སྣང་བར་བྱས་མ་ཐག་ཏུ་ཞལ་བཞི་ལས་བྱུང་སྟེ། མི་མཛོད་འཇིག་རྟེན་གྱི་ཁམས་སྣང་བར་བྱས ་ནས། དེ་ནས་རྡོ་རྗེའི་སྒོ་དྲུག་ནས་འོད་ཟེར་ཁ་དོག་དྲུག་ཕྱུང་སྟེ། ན་མཁའི་ཁམས་ཐམས་ཅད་དུ་ཁྱབ་པས་སངས་རྒྱས་ཀྱི་ཞོང་སྣ་ཚོགས་པ་རྣམས་སུ་སོང་ནས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས ་ཀྱི་དོན་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་དཀྱིལ་འཁོར་ཡང་སྤང་བར་བྱས་ཏེ། དེ་རྣམས་ཀྱི་ཞལ་ནས་ཞུགས་པས་དྲི་དག་གི ་ཐུགས་ཀོའི་རྡོ་རྗེ་ལ་བསྐོར་བ་བྱས་ཏེ། དེ་དག་གི་ཤེས་རབ་ཀྱི་ཡོ་ཤེས་དེ་དྲངས་ནས་ཆོས་བདག་མེད་པྲ་མཉམ་པ་ཉིད་ཀྱིས་རླུང་གི་ཁ་ནས་ཞུགས་ཏེ། རང་གི་སྙིང་ག་ལ་གནས་པའི་ཟླ་བ་ལ་སྔགས་ཀྱི་ཡི་གེ་དང ་གཅིག་ཏུ་གྱུར་ནས་གནས་པར་བསྒོམ་པར་བྱའོ།། དེ་ལྟར་རྒྱུན་ཏུ་ཞུགས་པ་བསྒོམ་པ་ལ་གནས་པ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དབུས་བཅོམ་ལྡན་འདས་འཇམ་དབུལ་ཡེ་ཤེས་སེམས་དཔའི་གཟུགས ་ཡེ་ཤེས་ཀྱི་སྐུའི་སྒོ་ནས་དམིགས་སོ་ཞེས་པོ་དང་། ཟླ་བའི་དཀྱིལ་འཁོར་གྱི་དབྱིབས་ཀྱི་སྒོ་ནས་དེའི་གཟུགས་རྗེས་སུ་བསམ་མོ་ཞེས་པ་དང་། ཡི་གེ་ཨའི་གཟུགས་ཀྱི་སྒོ་ནས་དེའི་གཟུགས་རྗེས་སུ་བསྒོམ་མ ་ཞེས་སོ།། དེ་ལྟར་རྣམ་པ་གསུམ་གྱི་ཚུལ་གྱིས་བསྒོམས་པས་དེ་ཉིད་ཀྱི་སྤྲུལ་པའི་གཟུགས་ཀྱི་སྐུ་དུས་རིང་པོ་མ་ཡིན་པ་ཁོ་ནར་འདུལ་བའི་དབང་ཉེ་བར་གཟུང་སྟེ། མཐོང་བར་འགྱུར་བ་དང་། ནམ་མཁའ ་གཞི་ལ་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྲུལ་པའི་གཟུགས་ཀྱི་སྐུ་དང་ལྡན་པར་གྱུར་པ་རྣམས་མཐོང་བར་འགྱུར་རོ་ཞེས་བྱ་བ་སྟེ། དེ་ཡང་བསྒོམ་པའི་དབང་དེ་ལས་ཚེ་འདི་ཁོ་ན་ལ་སངས་རྒྱས་པ ་ཉིད་དང་རྡོ་རྗེ་སེམས་དཔའ་ཉིད་འཐོབ་པོ་ཞེས་པའི་དོན་ཏོ།། དེ་ལྟ་རིམ་པ་འདིས་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་ཀྱི་རིམ་པར་གསུངས་པ་ཡིན་ནོ།། ད་ནི་འདིའི་རིགས་ཀྱི་དབྱེ་བས་ཤེས་རབ་ཀྱི་འཁོར་ལོ། ་གཞན་དྲུག་རྣམས་ཀྱང་བཤད་དེ། དེ་ལ་རེ་ཞིག་དང་པོའི་རྣལ་འབྱོར་ཐམས་ཅད་མངོན་དུ་བྱས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་གྱི་དབུས་ན་གནས་པ་བསྔོས་ཏེ། དེའི་གནས་སུ་ཡི་གེ ་ཧྲཱིཿལས་བསྐྱེད་པའི་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པའི་ཏིང་ངེ་འཛིན་གྱིས་གནས་པར་བསམས་ལ། དེའི་ཐུགས་ཀར་དང་པོའི་སངས་རྒྱས་དེ་བཞིན་དུ་བསྒོམས་ནས། དེའི་ཐུགས ་ཀར་ཡང་རྩིབས་བརྒྱད་པའི་འཁོར་ལོ་མུ་ཁྱུད་བཞི་དང་ལྡན་པ་རྩ་བའི་སྔགས་ལོ་སོགས་པས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ།། དེ་ནས་ཡང་རྩིབས་བརྒྱད་ལ་ས་བོན་རྣམས་ནི་ཨོཾ་བཛྲ་ཏིཀྵྞ་ཡ་ཏེ་ན་མཿཞེས་བཀོད་དེ། ་འཁོར་ལོའི་ཡང་ལྟེ་བའི་དབུས་ན་ཡི་གེ་ཧྲཱིཿལཱས་གྱུར་པའི་སྐུ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་སྐུ་མདོག་དམར་པོ་བྱིས་པའི་རྒྱན་དང་ལྡན་པ། གཙུག་ཕུད་ལྔས་དབུ་བརྒྱན་པ། དར་སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཕྱག་གཡོན་པས་པདྨ ་འཛིན་པ། གཡས་ཀྱི་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམས་ཏེ། དེའི་ཐུགསྲྀ་ཀར་སྔོན་བཞིན་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿབསྒོམས་ཏེ། སྤྲོ་བ་དྲང་བསྡུ་བ་གོང་མ་བཞིན་དུ་རིམ་པར་བྱས་ནས་བསྒོམ་པར་བྱའོ།། དེ་ཁོ ་ཉིད་བཞིན་དུ་ཡང་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཧཱུཾ་ལས་བསྐྱོད་པའི་མི་བསྐྱོད་པ་སྐུ་མདོག་སྔོན་པོ་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པ་བསྒོམས་ནས། དེའི་ཐུགས་ཀར་ཡང་དང་པོའི་སངས་རྒྱས་དང་དེ་བཞིན་དུ་འཁོར་ལོ ་བས་བརྒྱད་པ་བསྒོམས་ཏེ། སྔོན་བཞིན་དུ་སྔགས་དགོད་པར་བྱའོ།། ཨོཾ་དུརྩེ་ཁ་ཙྪེ་ད་ཡ་ཏི་ན་མཿཞེས་པའི་ས་བོན་བརྒྱད་རྩིབས་རྣམས་ལ་བཀོད་ནས། ལྟེ་བ་ལ་ཡི་གེ་ཧཱུཾ་ལས་བསྐྱེད་པའི་བཅོམ་ལྡན་འདས་འཇམ ་དཔལ་སྡུག་བསྔལ་གཅོད་པ་སྐུ་མདོག་སྔོན་པོ་གཞོན་ནུའི་གཟུགས་ཅན་བྱིས་པའི་རྒྱ་ནི་ཐམས་ཅད་ཀྱིས་བརྒྱན་པ། ཟུར་ཕུད་ལྔ་པ། རྒྱ་ནག་གི་དྲར་མནབས་པ། གཡོན་གྱིས་རྡོ་རྗེ། གཡས་ཀྱིས་རལ་གྲི་འཛིན ་པ་བསྒོམས་ནས། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུ~ཾ་བསྒོམས་ཏེ། དེ་བཞིན་དུ་སྤྲོ་བ་ལ་སོགས་པ་བྱའོ།། ཡང་དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨ་ལས་བསྐྱེད་པའི་རྣམ་པར ་སླང་མཛད་སྐུ་མདོག་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པ་བསྒོམས་ཏེ། དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེ་ཁོ་ན་བཞིན་དུ་འཁོར་ལོ་རྩིབས་བཅུ་པ་ལ་ཨོཾ་པྲཛྙཱ་ཛྙཱ་ན་མཱརྞྞ་ཡེ་ན་མཿ ་ཞེས་པའི་ས་བོན་གྱི་ཡི་གེ་རྣམས་རྩིབས་བཅུ་ལ་བཀོད་ནས། འཁོར་ལྡེའི་ལྟེ་བ་ལ་ཡཱི་གེ་ཨ་ལས་བྱུང་བའི་བཅོམ་ལྡན་འདས་ཤེས་རབ་ཡེ་ཤེས་སྐུ་མདོག་དཀར་པེ། ཟུར་ཕུད་ལྔ་པ། བྱིས་པའི་རྒྱན་དང་ལྡན་པ། སྣ ་ཚོགས་ཀྱི་གོས་ཀྱིས་བརྒྱན་པ། གཡོན་གྱིས་འཁོར་ལོ།། གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམས་ནས། དེའི་ཐུགས་ཀར་ཟླ་བའི་སྟེང་ན་ཡི་གེ་ཨུ་བསྒོམས་ཏེ། དེ་ཁོ་ན་བཞིན་དུ་སྤྲོ་བ་ལ་སོགས་པ་བྱའོ།། ་དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་གྱི་དབུས་ན་ཡི་གེ་ས་བོན་ཨ་ལས་བྱུང་བའི་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་མི་འཇིགས་པའི་ཕྱག་རྒྱ་དང་ལྡན་པ་བསྒོམས་ཏེ། དེའི་ཐུགས་ཀར་དང་པོའི་སངས་རྒྱས། དེའི་ཐུགས་ཀར ་འཁོར་ལོ་རྩིབས་བརྒྱད་པ། སྔོན་བཞིན་དུ་རྩ་བའི་སྔགས་ལ་སོགས་པ་རྣམ་པར་དགོད་པར་བྱ་བ་བསྒོམས་ནས། དེ་ནས་ཡང་རྩི་བོས་བརྒྱད་པ་ལེ་ཨོཾ་ཛྙཱ་ན་ཀཱ་ཡ་ཡ་ཏེ་ན་མཿཞེས་ས་བོན་བརྒྱད་བཀོད་དོ། འཁོར་ལོའི་ལྟེ་བ་ལ ་ཡི་གེ་ཨ་ལས་གྱུར་པའི་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་མདོག་ལྗང་གུ། གཞོན་ནུའི་རྒྱན་ཅན། གཙུག་ཕུད་ལྔས་དབུ་བརྒྱན་པ། གཡོན་གྱིས་སྣ་ཚོགས་རྡོ་རྗེ། གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམས ་ཏེ། དེའི་ཐུགས་ཀར་ཟླ་བའི་སྟེང་ན་ཡི་གེ་ཨ་བསྒོམས་ནས། དེ་ཁོ་ན་བཞིན་དུ་སྤྲོ་བ་དང་བསྡུ་བ་བྱས་ནས་བསྒོམ་པར་བྱའོ།། ཡང་དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་ལས་བྱུང་བའི་རིན་ཆེན་འབྱུང ་ལྡན་སྐུ་མདོག་སེར་པོ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་ལྡན་པར་བསྒོམས་ནས། དེའི་ཐུགས་ཀར་དང་པོའི་སངས་རྒྱས་དེ་ཁོ་ན་བཞིན་དུ་འཁོར་ལོ་རྩིབས་བརྒྱད་ལ་རྩེ་བའི་སྔགས་ལ་སོགས་པ་དང་ལྡན་པར་བསྒོམས་ཏེ། དྲིའི་རྩིབས ་བརྒྱད་ལ་ཨོཾ་བཱ་གི་ཤྭ་ར་ཡ་ཏེ་ནོ་མཿཞེས་པའི་ས་བོན་བཀོད་ནས། འཁོར་ལོ་ལྟེ་བ་ལ་ས་བོན་བཀོད་ནས། འཁོར་ལོ་ལྟ་བ་ལ་ས་བོན་ཡི་གེ་ཨོཾ་ལས་བསྐྱེད་པའི་བཅོམ་ལྡན་འདས་ངག་གི་དབང་ཕྱུག་སྐུ་མདོག་སེར་པོ།། ་རྒྱན་ཐམས་ཅད་དང་ལྡན་པ། ཟུར་ཕུད་ལྔ་པ། སྣ་ཚོགས་ཀྱི་ན་བཟའ་མནུབྱས་པ། གཡོན་གྱི་རིན་པོ་ཆེ། གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཛིན་པ་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ ་ཡཾ་གེ་ཨོཾ་བསྒོམས་ནས། དེ་བཞིན་དུ་སྤྲོ་བ་དང་བསྡུ་བ་ལ་སོགས་པ་བྱའོ།། དེ་ཁོ་ན་བཞིན་དུ་དཀྱིལ་འཁོར་གྱི་དབུས་ནུ་ཡི་གེ་ཨ་ལས་གྱུར་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྐུ་མདོག་དཀར་པོ། འཇོག་སྒ་གི་ཚུལ་དང་ལྡན ་པ་རིགས་ལྔའི་དབུ་རྒྱན་ཅན། རྡོ་རྗེ་སྙེམས་པས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་ཀླུབས་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ་བསྒོམས་ནས། དེའི་ཐུགས་ཀར་བཅོམ་ལྡན་འདས་དང་པོའི་སངས་རྒྱས་བསྒོམས་ཏེ ་དེའི་ཐུགས་ཀར་འཁོར་ལོ་རྩིབས་དགུ་པ་རྩ་བའི་སྔགས་ལ་སོགས་པ་བཀོད་པའི་རྩིབས་ལ་ཨོཾ་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿཞེས་པའི་ས་བོན་གྱི་ཡི་གེ་དགུ་རྣམས་བཀོད་ནས། འཁོར་ལོའི་ལྟེ་བ་ལ་ཡི་གེ་ཨ ་ལས་བསྐྱེད་པ་བཅོམ་ལྡན་འདས་ཨ་ར་པ་ཙ་ཞེས་བྱ་བ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་པོ། བྱིས་པའི་རྒྱན་གྱིས་བརྒྱན་པ། ཟུར་ཕུད་ལྔ་པ་ཅན། སྣ་ཚོགས་ཀྱི་ན་བཟའ་མནབས་པ། ཕྱག་ན་པོ་ཏི་དང་རལ་གྲི་འཛིན་པ ་བསྒོམས་ཏེ། དེའི་ཐུགས་ཀར་ཟླ་བའི་སྟེང་ན་ཡི་གཽ་ཨ་བསྒོམས་ནས་གོང་མ་བཞིན་དུ་སྤྲོ་བ་དང་བསྡུ་བ་དང་ཞུགས་པ་དང་གནས་པ་བརྟན་པར་གྱུར་པ་ལ་སོགས་པ་བྱས་ནས་བསྒོམ་པར་བྱའོ་ཞེས་ཀུན་ལ་སྦྱར་བར་བྱའོ།། འདིར ་ཡང་རིགས་ཀྱི་དབྱེ་བས་དཔལ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པ་དྲུག་ཏུ་རིག་པར་བྱའོ།། དེ་ཉིད་ཀྱི་ཕྱིར་ན་འཕགས་པ་མཚན་ཡང་དག་པོར་བརྗོད་པ་ལ་འཁོར་ལོ་བདུན་རིགས་བདུན་དུ་འགྱུར་ཏེ། ་དེ་རྣམས་ཀྱང་བླ་མོའི་མན་ངག་ལས་ཤེས་པར་བྱའོ།། དེ་རྣམས་དང་ལྡན་པ་ནི་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པའོ།། །། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱུ ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པའི་རིམ་པའི་དབང་དུ་བྱས་པ་སྟེ་བཞི་པ་ཚིགས་སུ་བཅད་པ་གསུམ་པའོ།། དེ་ནས་ད་ནི་རྡོ ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་སྒོ་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སྤྲོ་བ་ལ་སོགས་པ་ལ་གསུངས་པ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཤེས་པ་ལྔ་སོགས་པའོ།། དེ་ལ་སངས་རྒྱས་བཅོམ་ལྡན ་འདས་ཀྱི་དོན་བཤད་ཟིན་ཏོ།། རྫོགས་པའི་སངས་རྒྱས་ཨཱ་ལས་བྱུང་ཞེས་པ་ནི། དེ་ལ་རྫོགས་པའི་སངས་རྒྱས་ཀྱི་དོན་ནི་བཤད་ཟིན་ཏོ།། ཨ་ལས་བྱུང་བ་ནཱི་ཡི་གེ་ཨཱ་ལས་བསྐྱེད་པ་སྟེ། བཅོམ་ལྡན་འདས་ཡེ་ཤེས ་སེམས་དཔའ་ཡོངས་སུ་དག་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཡིན་པའི་ཕྱིར་རོ།། དྲ་ནི་དེའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་གི་གང་ཡིན་པ་ཡི་གེ་ཨ་དེའི་ཁྱད་པར་གསུངས་པ། ཨུ ་ནི་ཡིག་འབྲུ་ཀུན་གྱི་མཆོགས་ཅེས་པ་སྟེ། རབ་ཏུ་གྱུར་པ་ནི་མཆོག་སྟེ། མཆོག་གི་དངོས་པོ་ཉིད་ནི་མཆོག་ཉིད་དོ།། ཡི་གེ་ཀུན་ནི་ཡི་གེ་ཐམས་ཅད་དོ།། དེའི་མཆོག་ནི་རབ་སྟེ། དེ་རྣམས་ཀྱི་སྒོ་ཉིད་ཀྱི་ཕྱིར་རོ།། དོན་ཆེན ་ཞེས་པ་ལ། དོན་ཡང་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་དོན་ཆེན་ཏེ། འགྲོ་བ་ཀུན་ལ་ཕན་པར་བྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་རོ།། ཡི་གེ་དམ་པ་ཡིན་ཞེས་པ་ནི། རྣམ་གྲངས་གཞན་དང་གཞན་གྱིས་མི་འགྱུར་བའི་ཕྱིར། ་ན་སྟེ། ཡང་དག་པའི་མཐའི་ངོ་བོ་ཉིད་ཀྱིས་མི་གཡོ་བ་ཉིད་ཀྱི་ཕྱིར་རོ།། ཡི་གེ་ཡང་དེ་ཡིན་ལ་དམ་པ་ཡོད་དེ་ཉིད་ཡིན་པས་ཡི་གེ་དམ་པ་ཡིན་ཞེས་སོ།། རིམ་པ་འདིས་ཀྱང་ཡེ་ཤེས་སེམས་དཔའ་ལ་སོགས་པའི་ཡི ་གྷེ་དག་གི་རང་བཞིན་བརྗོད་པ་གསུངས་པ་སྟེ། དྷེ་དྲུག་ཉིད་རྙེ་རེ་ཡང་རྣལ་འབྱོར་པ་རང་གཱི་སེམས་ལྔས་བྱུང་བའི་དཀྱིལ་འཁོར་གྷི་ལྷ་ཐམས་ཅད་ཀྱི་རང་བཞིན་མྱི་མཐུན་པའི་ཕྱོགས་མྱ་ལུས་བྷཱ ་ལས་བཟློག་པའི་ངོ་བོ་ཉིད་དུ་སོ་སོར་བརྟག་པར་བྱ་བ་ནི། ད་ལྟར་རང་གི་ཏིང་ངེ་འཛིན་རྣམས་དང་དེའི་ཕྱིན་ཅི་ལོག་མི་དམིགས་པར་སྟོན་པ་ཉིད་ཀྱི་ཕྱིར་དམིགས་པ་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་སྟོང་པ་ཉིད་ཀྱི ་རྣམ་པར་ཐར་པའི་སྒོའི་མཚན་ཉིད་དོ།། དེ་ལྟར་མཚན་མ་དང་། ལོག་པའི་སྨོན་པ་དང་། ཕྱིན་ཅི་ལོག་གི་འདུ་བྱེད་དང་། ལྡན་པ་རྣམས་ཀྱི་གཉེན་པོའི་ཕྱོགས་ཀྱི་ངོ་བོས་རིམ་པ་བཞིན་དུ་མཚན་མ་མེད་པ་དང་། སྨོན་པ ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པའི་རྣམ་པར་ཐར་པའི་སྒོའི་བདག་ཉིད་རྣམས་བྱ་སྟེ། དེ་ལ་ཡང་གོ་རིམ་བཞིན་དུ་རྡོ་རྗེ་སེམས་མ་ལྔ་སོགས་པའི་རིམ་གྱི་ཡུམ་གྱི་རང་བཞིན་གྱི་དབང་དུ་བྱས་ནས་གསུངས་པ། ཁོང་ནས ་འབྱུང་བ་སྐྱེ་བ་མེད་ཅེས་བྱ་བ་ནི་སེམས་མ་རྡོ་རྗེ་མའི་རང་བཞིན་ནོ།། དེ་ལ་ཡང་ཁོང་ནས་འབྱུང་བ་ནི་ཡི་ག་ཨུའོ།། དེ་ཡང་སྐྱེ་བ་མེད་པའི་རང་བཞིན་ཏེ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་དང་མེ་ལྡོང་ལྟ་བུའི་ཡེ ་ཤེས་ཀྱི་རྒྱུ་ཉིད་ཀྱི་ཕྱིར་རོ།། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། ཞེས་པ་ནི་རིན་ཆེན་རྡོ་རྗེ་མའི་སྒོ་ནས་ཏེ། ཚིག་རྣམས་བརྗོད་པ་ནི་ཚིག་ཏུ་བརྗེད་པ་སྟེ། དོ་མོད་པ་ནི་སྤངས་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས ་ལ་ཚིག་གི་རྩོལ་བ་མེད་པའི་ཕྱིར་རོ།། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག་ཅེས་པ་ནི་ཆོས་ཀྱི་རྡོ་རྗེ་མའི་སྒོ་ནས་སོ།། མངོན་པར་བརྗོད་པ་ནི་བརྗོད་པ་སྟེ། ཕུང་པོ་ལ་སོགས་པའི་རང་བཞིན་ཆོས་ཐམས་ཅད་ཀྱི་མངོན་པར ་བརྗོད་པ་ནི་བརྗོད་པ་ཀུན་ཏེ། དེའི་རྒྱུ་ནི་བྱེད་རྒྱུ་སྟེ། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་སོ།། དེ་ཉིད་ཀྱི་ཕྱིར་མཆོག་སྟེ། གཙོ་བོ་ཞེས་པའི་དོན་ཏོ།། ཚིག་ཀུན་རབ་ཏུ་གསལ་བར་བྱེད་ཅེས་པ་ནི་ལས་ཀྱི་རྡོ་རྗེ་མའི ་རང་བཞིན་གྱིས་ཏེ། ཚིག་ཀྱང་དེ་ཡིན་ལ་དོན་ཀུན་ཡང་དེ་ཡིན་པས་ཚིག་ཀུན་ཏེ། འདི་ལྟ་སྟེ། ལྷའི་སྐད་དང་ཀླུའི་སྐད་དང་གནོད་སྦྱིན་གྱི་སྐད་ཅེས་པ་ལ་སོགས་པ་ལྟ་བུའོ།། དྲི་ཉིད་ཀྱི་ཕྱིར་རབ་ཏུ་གྲསལ་བཱར ་བྱེད་པ་ཞེས་བྱ་བ་སྟེ། ཇི་ལྟར་སྐལ་པ་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྒོ་སོར་སྣང་བ་འབྱུང་བས་སོ།། སྒོ་ཐ་དད་པའི་ཆོས་བསྟན་པ་ཡང་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ།། དེའི ་ཕྱིར་ན་རྡོ་རྗེ་སེམས་མ་ལ་སྤོགས་པ་ཕ་རོལ་ཕྱིན་པ་བཞི་པོ་འདི་རྣམས་ནཱི། ཨཱ་ཨཱ་ཨཾ་ཨཿཞེས་པའི་ཡི་གྲེ་བཞི་ལས་བསྐྱེད་པར་བྱའོ།། དེ་ནས་ཡང་སེམས་གྲང་ཁོ་ན་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐ་མ་ལ ་པོའི་གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བས་དེ་ཉིད་ཁོ་ན་གློ་བུར་གྱི་དྲི་མོ་མེད་ཅིང་འོད་གསལ་བ་ཉིད་ཀྱི་ཕྱིར་དང་། ཡེ་ཤེས་གཞོན་འབྱུང་བའི་མཚན་མ་ཉིད་ཀྱི་ཕྱིར་ན་མེ་ལོང་ལྟོ་བུའི་ཡེ་ཤེས་ཀྱི་བདག་ཉིདདོ།། ། ་ཆོས་ལ་དམིགས་པའི་སྙིང་རྗེ་ལ་སོགས་པའི་བདག་ཉིད་ཀྱི་རྒྱུད་གཞན་དུ་བྱེད་པ་ལ་མཆོག་ཏུ་མི་འཛིན་པའི་ཕྱིར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཤེས་བྱ་ཐམས་ཅད་ལ་ཕྱིན་ཅི་མ་ལོག་པས་སོ་སོར་ཀུན་ཏུ ་རྟོག་པའི་ཡེ་ཤེས་སོ།། འཇིག་རྟེན་ཀུན་ལ་ཕན་པའི་རྒྱུ་ཉིད་ཀྱི་ཕྱིར་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བདོག་ཉིད་དོ།། འདི་དག་ཀྱང་གོ་རིམོ་བཞིན་དུ་རྟག་པ་ལ་སོགས་པ་གཙོ་བོའོ།། རང་བཞིན་ནོ།། དེ་ཉིད་གསུངས་པ། མཆོད་པ་ཆེན་པོ ་འདོད་ཆགས་ཆེ་ཞེས་པ་ལ་སོགས་པའོ།། དེ་ལ་ཡང་དང་པོར་སྣང་པོ་མཐའ་ཡས་ཀྱིས་ཉེ་བར་གཟུང་བ་ནི་འདོད་ཆགས་གཙོ་བོར་གྱུར་པས་གཟུང་བའི་དོན་ཏེ། དེ་ཉིད་གསུངས་པ། འདོད་ཆགས་ཞེས་སྡང་གཏི་མུག་དང་ཞེས་པའོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ན་མཁའ་ཀུན་ལ་ཁྱབ་པའི་མཆོད་པ་བརྟན་པའི་དུས་ལ་ནི་མཆོད་པ་ཆེན་པོ་ཞེས་གསུངས་སོ།། མ་ཧཱའི་སྒྲ་ནི་མཆོད་པ་ལ་བརྗོད་པ་ཡིན་ནོ།། ཆེན་པོའི་བདག་ཉིད་ཀྱི་འདོད་ཆགས་དང་འདོད་ཆགས ་ཆེན་པོའོ།། མཆོད་པ་ཡང་དེ་ཡིན་ལ་འདོད་ཆགས་ཆེན་པོ་ཡང་དེ་ཡིན་པས་མཆོད་པ་རྒྱན་པོ་འདོད་ཆགས་ཆེ་ཞེས་པའོ།། དེ་ལྔ་འདོད་ཆགས་ཆེན་སེམས་ཅན་སྨིན་ཅིང་གྲོལ་བའི་མཚན་ཉིད་དོ།། དེ་ཡང་བཅོམ་ལྡན་འདས་དཔལ ་རྡོ་རྗེ་སེམས་དཔའི་མཚན་ཉིད་ཡིན་ཏེ། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་ཞེས་འབྱུང་བའི་ཕྱིར་རོ།། སེམས་ཅན་ཐམས་ཅད་དགའ་བར་བྱེད་ཅེས་པ་ནི་འདོད་ཆགས་ལ་སྤྱོད ་པའི་སེམས་ཅན་དགའ་ཞིང་མགུ་ལ་བདེ་བ་ཆེན་པོའི་བདག་ཉིད་བྱེད་པས་ན། སེམས་ཅན་ཐམས་ཅད་དགའ་བར་བྱེད་པ་སྟེ། སྣང་བ་མཐའ་ཡས་ཀྱི་རང་བཞིན་ནོ།། ཞེ་སྡང་ལ་སྤྱོད་པའི་དབང་དུ་བྱས་ནས་གསུངས་པ། མཆོད་པ་ཆེན ་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་དགྲ་ཆེ་བ་ཞེས་པ་སྟེ། མཆོད་པ་ཆེན་པོ་ཞེས་པའི་དོན་ནི་བཤད་ཟིན་ཏོ།། ཞེ་སྡང་རྗེ་ནི་མི་བསྐྱོད་པའོ།། དེ་ཡང་ཉོན་མོངས་ཀུན་གྱི་དགྲ་ཆེ་བ་ཡིན་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས ་པ་རྣམས་ཀྱི་དགྲ་ཆེན་པོ་ཞེས་པའི་དོན་ཏོ།། གཏི་མུག་ལ་སྤྱོད་པའི་དབང་དུ་བྱས་ནས་གསུངས་པ། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ་ཞེས་པ་སྟེ། མཆོད་པ་ཆེན་པོ་ནི་གོང་མ་བཞིན་ནོ།། གཏི་མུག ་ཆེན་པོ་ནི་རྣམ་པར་སྣང་མཛད་དོ།། བློ་ལ་གཏི་མུག་པ་ནི་གཏི་མུག་གི་བློ་སྟེ། གཏི་མུག་ཀྱང་དེ་ཡིན་ལ་བློ་ཡང་དེ་ཉིད་ཡིན་པས་གཏི་མུག་བློའོ།། དེ་སེལ་བར་བྱེད་པ་ནི་འཇོམས་པར་བྱེད་པའོ།། ཁྲོ་བ་ལ་སྤྱོད་པའི་དབང་དུ་བྱས་ནས ་གསུངས་པ། མཆོད་པ་ཆེན་པོ་ཁྲོ་བ་ཆེ།། ཁྲོ་བ་ཆེན་པོ་དགྲ་ཆེ་བ་ཞེས་པ་སྟེ། མཆོད་པ་ཆེན་པོ་ནི་གོང་མ་བཞིན་ནོ།། ཁྲོ་བ་ཆེན་པོ་ནི་དོན་ཡོད་གྲུབ་པོའོ།། ཁྲོ་བ་ཆེན་པོ་དགྲ་ཆེ་བ།། སེམས་ཅན་དང་སེམས་ཅན་མ ་ཡིན་པའི་ཡུལ་གྱི་ཕྱིར་ཁྲོ་བ་ཆེན་པོ་སྟེ། དེ་ཉིད་ཀྱི་དགྲ་ཆེན་པོ་ཞེས་སོ།། ཆགས་པར་བྱེད་པའི་དབང་དུ་བྱས་ནས་གསུངས་པ། མཆོད་པ་ཆེན་པོ་ཆགས་པ་ཆེ། ཆགས་པ་ཐམས་ཅད་སེལ་བར་བྱེད་ཅེས་པ་སྟེ། མཆོད་པ ་ཆེན་པོའི་དོན་ནི་གྲོང་མ་བཞིན་དུ་བཤད་དོ།། ཆགས་པ་ཆེན་པོ་ནི་རིན་ཆེན་འབྱུང་ལྡན་ནོ།། ཆགས་པ་ཐམས་ཅད་སེལ་བར་བྱེད་པ་ནི་འཇིག་རྟེན་དྲང་འཇིག་རྟེན་ལས་འདུས་བུ་ཐམས་ཅད་ཀྱི་ཕུན་སུམ ་ཚོགས་པ་ཡོངས་སུ་དག་པར་བྱེད་པའི་དོན་ཉིད་ཀྱི་ཕྱིར་རོ།། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞི་རྣམས་དང་། ཆོས་དབྱིངས་ཀྱི་སྐྱེ་མཆེད་ཀྱི་སྒོ་ནས་ཏིང་ངེ་འཛིན་ཐམས་ཅད་ཀྱི་རྒྱུ་ཉིད་ཀྱི་ཕྱིར་ན་དེ་ཉིད་ཀྱང་ཡང་ནང་དུ ་ཕྱིན་ཅི་ལོག་དང་མི་མཐུན་པའི་གཉེན་པོ་ནང་སྟོང་པོ་ཉིད་ཀྱི་རྣམ་པ་དང་། ཕྱི་རོལ་ཏུ་དམིགས་པ་དང་བྲལ་བས་ན་ཕྱི་སྟོང་པ་ཉིད་ཀྱི་རང་བཞིན་དང་། ད་དག་གི་རྟེན་དང་ལུས་མི་དམིགས་པའི་རང་བཞིན་ཉིད་ཀྱིས་ཕྱི་ནང་སྟོང ་ཀྱི་བདག་ཉིད་དང་། སྣོད་ཀྱི་འཇིག་རྟེན་ལ་ལྷག་པར་ཆགས་པ་དང་བྲལ་བ་ཉིད་ཀྱིས་ཆེན་པོ་སྟོང་པ་ཉིད་ཀྱི་མཚན་ཉིད་དེ། དེ་དག་ཁོ་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བརྟན་པ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན ་བཞིའི་བདག་ཉིད་ཅེས་པ་འདི་གསུངས་པ། འདོད་པ་ཆེན་པོ་བདྲེ་བ་ཆེ།། དགའ་བ་ཆེན་པོ་མགུ་བ་ཆེ་ཞུས་པ་ནི། དེ་ལ་འདོད་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ།། འདོད་པར་བྱེད་པ་ནི་འདོད་པ་སྟེ། འདུན་པ་ཞེས་པའི ་དོན་ཏོ།། བདེ་བ་ཆེན་པོ་ནི་རྡོ་རྗེ་རྒྱལ་པོའོ།། དགའ་བ་ཆེན་པོ་ནི་རྡོ་རྗེ་ཆགས་པའོ།། མགུ་བ་ཆེན་པོ་ནི་རྡོ་རྗེ་ལེགས་པའོ།། དེ་ཉིད་ཀྱིས་མིག་དང་གཟུགས་ལ་སོགས་པའི་འོག་ཆགས་གནས་གྱུར་པའི་རང་བཞིན་མེ་ལོང ་ལྟ་བུའི་ཡེ་ཤེས་ལས་གྲུབ་པ་སྟེ། ནང་གི་བདག་ཉིད་མི་དམིགས་པ་ལ་སོགས་པའི་བྱིན་གྱིས་བརླབས་པ་ཉིད་ཀྱི་ཕྱིརརོ།། ཇི་ལྟར་རང་རང་གི་ཕྱིན་ཅི་ལོག་གི་ནི་མི་མཐུན་པའི་ཕྱོགས་བཟློག་པ་ཉིད་ཀྱང་དེ་དག་གིས ་བྱང་ཆུབ་ཀྱི་སེམས་འབྱུང་བ་དང་། དགུག་པ་དང་། རྗེ་སུ་ཆགས་པ་དང་། ལེགས་པའི་དངོས་པོའི་རྒྱུད་ཀྱི་ཕྱིར་ན་ཡང་དེ་རྣམས་ཀྱི་གོ་རིམསོ།། དེ་ལྟར་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་ལ་ཡང་མཚན་མ་མེད་པའི ་ན་སྟོང་པ་ཉིད་སྟོང་པ་ཉིད་དང་། དོན་དམ་པའི་མཚན་མ་ལ་ཡང་མཆོག་ཏུ་མི་འཛིན་པའི་ཕྱིར་ན་དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་པའི་བསོད་ནམས་ཀྱི་ཚོགས་ཀྱི་མཚན་མ་ཡོང་སུ་མི་འཛིན་པའི་ཕྱིར ་ནི་འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་པའི་བྱང་ཆུབ་ཀྱི་ཚོགས་ལ་ཡང་མཚན་མར་ཡང་མཆོག་ཏུ་མི་འཛིན་པའི་ཕྱིར་ན་འདུས་མ་བྱས་སྟོང་པ་ཉིད་རྣམས་ཏེ། དེ་ཉིད་ཀྱི་ཕྱིར་ན་གསུངས་པ། གཟུགས་ཆེ། ་ལུས་ཀྱང་ཆེ་བ་སྟེ། ཁ་དོག་ཆེ་ཞིང་ལུས་བོང་ཆེ།། མཽང་ཡང་ཆེ་ཞིང་རྒྱ་ཆེ་བ།། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་ཞེས་པའོ།། དེ་ལ་གཟུགས་ཆ་ལུས་ཀྱང་ཆེ་བ་ནི་རྡོ་རྗེ་རིན་ཆེན་ནོ།། གཟུགསུ་རུང་བས་ན་གཟུགས་ཏེ། ་མི་རྟག་ཅེས་པའི་དོན་ཏོ།། གཟུགས་ཆེན་པོ་དང་ལྡན་པ་གང་ཡིན་པ་དེ་ནི་གཟུགས་ཆེན་པོ་སྟེ། ཆེ་བ་ཉིད་ནི་ཡིད་བཞིན་གྱི་ནོར་བུའི་གཟུགས་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁམས་གསུམ་པ ་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་བདག་ཉིད་ཡིན་པའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་ལུས་ཆེ་ཞེས་པ་སྟེ། གཞལ་དུ་མེད་པའི་སངས་རྒྱས་ཀྱི་ཞིང་ན་སྣང་བར་བྱེད་པ་ཉིད་ཀྱི་ཕྱིར་རོ།། ་ཁྭ་དོག་ན་ཞིང་ལུས་བྱོང་ཆེ་ཞེས་པ་ནི་རྡོ་རྗེ་ཉི་མ་སྟེ། ཁ་དོག་ཀྱང་དེ་ཡོན་ལ་ཆེ་བ་ཡང་དེ་ཉིད་ཡིན་པས་ཁ་དོག་ཆེ་བ་སྟེ། གདོང་དྲུག་དང་ལྡན་པའི་ཕྱིར་རོ།། ལུས་བོང་ཆེན་པོ་དང་ལྡན་པ་གང ་ཡིན་པ་དེ་ནི་ལུས་བོད་ཆེ་སྟེ། ཤིན་ཏུ་རྣམ་པར་དག་པ་ཐུབ་པ་དང་བསམ་པ་དང་བསྒོམ་པ་རྣམས་ཀྱི་དངོས་པོ་ཡེ་ཤེས་ཀྱི་འོད་ཀྱི་དཀྱིལ་འཁོར་ཉིད་ཀྱི་ཕྱིར།། མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ནི་རྡོ་རྗེ ་ཏོག་གྲོ། མིང་ཡང་ཆེ་བ་དང་གང་ལྡན་པ་དེ་ནི་མྱིང་ཡང་ཆེ་ཞིང་སྟེ། གྲགས་པ་ཆེན་པོ་ཞེས་བྱ་བའི་དོནྡ་ཏོ།། གང་ལས་ཤེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མཆོག་ཏུ་མཐར་ཕྱིར་པའི་ཕྱིར་ནའོ།། ་དེའི་ཕྱིར་ན་ཡང་རྒྱ་ཆེ་བ་ནི་རྒྱ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་རྒྱ་ཆེན་པོ་སྟེ། ཐམས་ཅད་སྦྱིན་པའི་ཕྱིར་རོ།། དཀྱིལ་འཁོར་ཆེན་པོ་ཡངས་པ་ནི་རྡོ་རྗེ་བཞད་པའོ།། དཀྱིལ་ནི་རྒྱན་དང་ཆས་པར ་བྱེད་པོས་ན་དཀྱིལ་ལོ།། དཀྱིལ་དེ་ལེན་པར་བྱེད་པས་ན་འཁོར་ཏེ། དཀྱིལ་འཁོར་རོ།། ཡངས་པོ་ནི་རྒྱས་པ་སྟེ། འཇིག་རྟེན་གྱི་ཁམས་ཀུན་ལ་ཁྱབ་པར་བྱེད་པའི་ཕྱིར་རོ།། གང་གི་བཤད་པའི་ཡངས ་པ་ཆེན་པོའི་དཀྱིལ་འཁོར་གྱི་སྙིང་པོ་དེ་ནི་དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན་ཏེ། ཁམས་གསུམ་སྣང་བར་བྱེད་པ་ཉིད་ཀྱི་ཕྱིརརོ།། དེ་དག་ཀྱང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་འཁར་ལོ་རྡོ་རྗེ་རིན་ཆེན་ལ་སོགས ་པ་བཞིའི་བདག་ཉིད་དེ། ཉོནི་མོངས་པ་ཅན་གྱི་ཡིང་གནས་གྱུར་པའི་བདག་ཉིད་མཉམ་ཉིད་ཡེ་ཤེས་ལ་གཟུང་འཛིན་དག་པ་ལ་སོགས་པའི་སྒོ་ནས་ཇི་ལྟར་གསུངས་པའི་མཚན་མ་མེད་པའི་ཕྱིར་དང་། ཇི ་ལྟར་རང་གི་མི་མཐུན་པའི་ཕྱོགས་སྤངས་པའི་སྒོ་ནས་ཀྱང་དབང་བསྐུར་བ་དང་། འོད་འཕེལ་བ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་དང་། རབ་ཏུ་དགའ་བ་བསྒྲུབ་པའི་ཕྱིར་ན་རྡོ་རྗེ་རིན་ཚོན་ལ་སོགས ་པ་བཞི་པོ་དེ་དག་གི་གོ་རིམསོ།། དེ་ཉིད་མཐའ་དང་ལྡན་པའི་སེམས་ཅན་གྱི་དོན་སྨོན་ལམ་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་ན་མཐ་འོ་ལས་པ་སྟོང་པ་ཉིད་དང་། བདག་གི་ཐོག་མ་དང་ཐ་མ་མེད་པའི་འཁོར ་བ་དོར་བ་མི་བྱའོ་ཞེས་པའི་སྨོན་ལམ་ཀུན་ཏུ་མི་འཛིན་པས་ན་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། བདག་གིས་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་དགེ་བ་ཆེད་དུ་དོར་བར་མི་བྱ་ཞེས་པ་ལ་མངོན ་པར་མ་ཞེན་པའི་ཕྱིར་ན་དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་གྱི་མཚན་ཉིད་དམ་རིགས་བདག་གིས་དག་པར་བྱའོ་ཞེས་པ་དོན་དུ་གཉེར་བ་དང་བྲལ་བའི་ཕྱིར་ན་རང་བཞིན་གྱིས་སྟོང་པ་ཉིད་རྣམས།། དེ ་ཉིད་ཀྱི་ཕྱིར་ན་གསུངས་པ། ཤེས་རབ་མཚོན་ཆེན་འཆང་བ་སྟེ།། ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག། གྲགས་ཆེནཱ་སྙན་གྲགས་ཆེན་པོ་སྟེ། སྣང་བ་ཆེན་པོ་གསལ་བ་ཆེ་ཞེས་སོ།། དེ ་ལ་ཤེས་རབ་མཚོན་ཆེན་འཆང་བ་ནི་རྡོ་རྗེ་ཆོསོ།། དེ་ལ་ཤེས་རབ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཏེ། དེ་ཉིད་མཚོན་ཏེ་མཚོན་ཚའོ།། དེ་འཛིན་པས་ན་ཤེས་རབ་མཚོན་ཆེན་འཆང་བ་སྟེ། དེ་ཉིད་ཡེ་ཤེས ་ཀྱི་རང་བཞིན་ཉིད་ཀྱི་ཕྱིརརོ།། ཤེས་རབ་མཚོན་ཆེན་འཆང་བ་ཡང་དེ་ཡིན་ལྔ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཤེས་རབ་མཚོན་ཆེན་འཆང་བའོ།། ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག་ནི་རྡོ་རྗེ་རྣོན་པོའོ།། ཉོན་མོངས ་པ་ནི་འདོད་ཆགས་ལ་སོགས་པའོ།། དེ་རྣམས་ཀྱི་ལྕགས་ཀྱུར་གྱུར་པ་ཉིད་ཀྱི་ཕྱིར་ན་ཉོན་མོངས་ལྕགས་ཀྱུའོ།། ལྕགས་ཀྱུ་དང་འདྲ་བས་ལྕགས་ཀྱུ་སྟེ། ཉོན་མོངས་པ་ལ་དབང་ཐོབ་པ་ཉིད་ཀྱི་ཕྱིརོ།། ། ་ཉོན་མོངས་པའི་ལྕགས་ཀྱུ་ཡང་དེ་ཉིད་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཉོན་མོངས་ལྕགས་ཀྱུ་ཆེའོ།། དེ་ཉིད་ཀྱི་ཕྱིར་ན་ཡང་མཆོག་སྟེ། རབ་ཅེས་བྱ་བའི་དོན་ཏོ།། གྲགས་ཆེན་སྙན་གྲགས་ཆེན་པོ་ནི་རྡོ་རྗེ་རྒྱུ་སྟེ ་སེམས་ཅན་ཡོངསུ་སྨན་པར་བྱེད་པའི་ཐབསུ་གྱུར་པའི་དཀྱིལ་འཁོར་ཐམས་ཅད་རྒྱུད་ལས་བསྟན་པ་དེ་ལ་འཁོར་ལོས་སྒྱུར་བའི་རང་བཞིན་ཉིད་ཀྱི་ཕྱིར་གྲགས་པ་ཆེན་པོ་དང་གང་ལྡན་པ་དེ་ནི་གྲགས་ཆེན་ནོ།། ་དེ་ཉིད་ཀྱི་ཕྱིར་ན་མ་ལུས་ཞིང་ལུས་པ་མེད་པའི་འཇིག་རྟེན་གྱི་ཁམས་ལ་ཁྱབ་པར་སྙན་གྲགས་དང་གང་ལྡན་པ་དེ་ནི་སྙན་གྲགས་ཆེན་པོ་ཞེསོ།། སྣང་བ་ཆེན་པོ་གསལ་བ་ཆེ་ནི་རྡོ་རྗེ་སྨྲ་བའོ།། ཁམས་གསུམ་ཁྱབ ་པར་སྣང་བའི་འོད་ཟེར་ཆེན་པོ་དང་གང་ལྡན་པ་དེ་ནི་སྣང་བ་ཆེན་པོའོ།། དེ་ནས་ཡང་ཚིག་གི་ཉེས་པ་མྱུར་བ་དང་ཐོག་མ་དང་བར་མ་རྣམས་ཡོངསུ་སྦྱངས་ཏེ་མི་སྨྲ་བའི་རང་བཞིན་གྱིས་བཟླས་པའི་དུས་ན་སེམས ་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྒྱ་ཆེར་སྣང་བ་ཉིད་ཀྱི་ཕྱིར་ན་གསལ་བ་ཆེའོ།། དེ་རྣམས་ཀྱང་རྣམ་པར་རྟོག་པའི་ཡིད་གནས་གྱུར་པའི་མཚན་ཉིད་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ལ་བརྟེན་པའི་རྡོ་རྗེ་ཆོས་ལ་སོགས ་པའི་རང་བཞིན་ཏེ། སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ལ་ཇི་ལྟར་གསུངས་པའི་ཕྱིན་ཅི་ལོག་བྱ་བས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་སོ་སོར་ཀུན་ཏུ་རྟོག་པའི་ཕྱིར་དེའི་སྒོ་ནས་རང་བཞིན་དག་པའི་ཆོས་ཉིད་དང ་ཤེས་རབ་ཡེ་ཤེས་དང་། ཕྱིར་མི་ལྡོག་པ་དང་། དགོངས་པའི་དོན་མ་ལུས་པ་ཡོངསུ་ཤེས་པ་རྣམས་ཀྱི་རྒྱུད་ཀྱི་ཕྱིར་ན་འདི་ཉིད་རྡོ་རྗེ་ཆོས་ལ་སོགས་པ་དེ་རྣམས་ཀྱི་གོ་རིམསོ།། དེ་ཉིད་མཚན་དང་དཔེ་བྱང ་ཀྱི་བདག་ཉིད་ཀྱི་གཟུགས་ཀྱི་སྐུ་ལ་འདུ་མི་བྱེད་པའི་ཕྱིར་རང་གི་མཚན་ཉིད་སྟོང་པ་ཉིད་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པའི་རང་བཞིན་གྱི་ཆོས་ཀྱི་སྐུ་ལ་འདུ་མི་བྱེད་པའི་ཕྱིར་ན་ཆོས་ཐམས་ཅད ་སྟོང་པ་ཉིད་དང་། གང་ཟག་དང་ཆོས་ལ་སྒྲོ་འདོགས་པར་འདུ་མི་བྱུད་པའི་ཕྱིར་ན་དངོས་པོ་མེང་པ་སྟོང་པ་ཉིད་དང་། ཇི་སྐད་གསུངས་པའི་སྟོང་པ་ཉིད་ཀྱི་མཚན་ཉིད་ལ་སྐུར་པ་འདེབས། ་པ་དང་མངོན་པར་འདུ་མི་བྱེད་པའི་ཕྱིར་ན་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་རྣམས་སོ།། དེ་ཉིད་གསུངས་པ། མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་།། སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ།། སྒྱུ་འཕྲུལ་ཆེན ་པོ་དགའ་བས་དགའོ།། སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན་ཞེས་པ་སྟེ། དེ་ལ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་ནི་རྡོ་རྗེ་ལས་སོ།། དེ་ལ་སྒྱུ་འཕྲུལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་ཤིང ་རྒྱས་པའི་མཆོད་པ་མང་པོའི་སྤྲུལ་པའོ།། དེ་འཛིན་པའི་ཕྱིར་ན་སྒྱུ་འཕྲུལ་འཆད་པ་སྟེ། ཆེན་པོ་ཡང་དེ་ཡིན་ལ་སྒྱུ་འཕྲུལ་ཡང་དེ་ཉིད་ཡིན་པས་སྒྱུ་འཕྲུལ་ཆེན་པོ་འཆང་བའོ།། དེ་ཉིད་ཀྱི་ཕྱིར་ན་མཁས་པ་བཎྜི ་ཏ་སྟེ། མཆོད་པའི་ལས་ངེས་བསོད་ནམས་ཀྱི་ཚོགས་བསོགས་པའི་ཕྱིར་རོ།། སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པ་ནི་རྡོ་རྗེ་བསྲུང་བའོ།། དེ་ལ་སྒྱུ་འཕྲུལ་གྱི་དོན་ནི་སྤྲུལ་པའི་དོན་ཏོ།། དེ་ཡིས་སེམས་ཅན་ལེ་ལོ་ཅན ་རྣམས་རབ་ཏུ་སྤོ་བ་སྒྲུབ་པར་བྱེད་པས་ན་སྒྱུ་འཕྲུལ་དོན་གྲུབ་སྟེ། ཆེན་པོ་ཡང་དེ་ཡིན་ལ་སྒྱུ་འཕྲུལ་དོན་གྲུབ་ཀྱང་དེ་ཉིད་ཡིན་པས་སྒྱུ་འཕྲུལ་ཆེན་པོའི་དོན་གྲུབ་པའོ།། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ ་ནི་རྡོ་རྗེ་གནོད་སྦྱིན་ནོ།། སྒྱུ་འཕྲུལ་ལ་དགའ་བ་ནི་སྒྱུ་འཕྲུལ་ལ་དགའ་བ་སྟེ། དེ་བཞིན་གཤེགས་པའི་མཆོད་པའི་སྤྲུལ་པ་ལ་དགའ་བ་ཞེས་པའི་དོན་ཏོ།། སྐུ་འཕྲུལ་དགའ་བ་ལ་ཆགས་པ་ནི་དགའ་བ་སྟེ། ་སྒྱུ་འཕྲུལ་དགའ་བས་དགའོ།། ཆེན་པོ་ཡང་དེ་ཡིན་ལ་སྒྱུ་འཕྲུལ་དགའ་བས་དགའ་ཡང་དེ་ཉིད་ཡིན་པས་སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའོ།། སྒྱུ་འཕྲུལ་ཆེན་པོ་མག་འཕྲུལ་ཅན་ནི་རྡོ་རྗེ་ཁུ་ཚུ་རོ།། མིག་འཕྲུལ ་ཅན་ནི་སྤྲུལ་པའི་ཚོགས་ཏེ། སྐུ་གསུང་ཐུགས་རྡོ་རྗེ་རྣམས་གཅིག་ཏུ་གྱུར་པའོ།། དེ་མཁྱེན་པ་ནི་མིག་འཕྲུལ་ཅནོ།། སྒྱུ་འཕྲུལ་ཆེན་པོ་ཡང་དེ་ཉིད་ཡིན་ལ་མིག་འཕྲུལ་ཅན་ཡང་དེ་ཉིད་ཡིན་པས་སྒྱུ ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན་ནོ།། འདི་ལ་ནི་དམ་པའི་ཆོས་ཀྱི་ཚིག་སྨིན་པའི་ཕྱིར་ན་རིང་པོ་མེད་པར་རིག་པར་བྱའོ།། དེ་རྣམས་ཀྱང་བྱ་བ་ནན་ཏན་གྱི་ཡེ་ཤེས་ལ་བརྟེན་པ་དང་། རྡོ་རྗེ་ལ་སོགས་པ ་བཞིའི་བདག་ཉིད་དེ། མིག་ལ་སོགས་པའི་ཤེས་པ་གནས་གྱུར་པའི་བདག་ཉིད་བྱ་བ་ནན་ཏན་གྱི་ཡེ་ཤེས་གནས་པ་སྟེ། ཇི་སྐད་གསུངས་པའི་ཕྱིན་ཅི་ལྡོག་སྤུངས་པའི་སྒོ་ནས་བདེ་བར་གཤེགས ་པ་ཀུན་མཆོད་པ་དང་། མངོན་པར་སྲུང་བར་བྱེད་པ་དང་། བགེགས་ཉེ་བར་ཞི་བར་བྱེད་པ་དང་། སྐུ་ལ་སོགས་པ་སྟོང་པ་ཉིད་དང་། ཡེ་ཤེས་བྱེད་པ་ཉིད་ཀྱི་ཕྱིར་དང་། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ལ་སོགས ་པ་དེ་རྣམས་ཀྱི་ལས་ཀྱི་གོ་རིམ་ཞེས་བྱའོ།། དེ་བཞིན་དུ་སེར་སྣ་དང་། ཚུལ་ཁྲིམས་འརྒྱལྔ་པ་དང་། མི་བཟོད་པ་དང་། ལེ་ལོ་རྣམས་ཀྱི་གཉེན་པོའི་ཕྱོགས་ཉིད་ཀྱིས ་དེ་ཉིད་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་དེ། དེའི་ཕྱིར་གསུངས་པ། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། ཚུལ་ཁྲིམས་ཆེན་པོ་འཆང་བའི ་མཆོག། བཟོད་ཆེན་འཆང་བ་བརྟན་པ་པོ།། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་ཞེས།། དེ་ལ་སྦྱིན་བདག་ཆེན་པོ་གཙོ་བོ་སྟེ་ཞེས་པ། རྡོ་རྗེ་སྒེག་མོའོ།། མཆོད་པ་དང་རྗེསུ་འཛིན་པའི་འདོད་པའི་སྦྱིན་པས་ན ་སྦྱིན་པའོ།། སྦྱིན་པ་དེའི་བདག་པོ་ནི་སྦྱིན་བདག་སྟེ། སྦྱིན་བདག་ང་ཡིན་པ་ཆེན་པོ་ཡང་དེ་ཡིན་པས་སྦྱིན་བདག་ཆེན་པོ་སྟེ། ཟང་ཟིང་དང་། སྐྱབས་དང་། ཆོས་དང་། དབང་བསྐུར་བའི་བདག་ཉིད་སྦྱིན་པ་ཞིག ་གཏོང་བར་བྱེད་པའི་ཕྱིརོ།། དེའི་ཕྱིར་གཙོ་བོ་སྟེ། འཇིག་རྟེན་ཐམས་ཅད་ཀྱི་རབ་ཀྱི་ཕྱིར།། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག་ནི་རྡོ་རྗེ་ཕྲེང་བ་མའོ།། ལུས་ངག་ཡིད་གསུམ་མཉམ་པར་བཞག ་པས་ན་ཚུལ་ཁྲིམས་ནི་མཉམ་པར་བཞག་པའོ་ཞེས་པའི་སྐད་ཀྱི་དབྱིངས་ཞེས་པའི་དོན་ཏོ།། མི་དགེ་བ་བཅུ་སྤངས་པའི་མཚན་ཉིད་དང་། སོ་སོར་ཐར་པའི་རང་བཞིན་ཏེ། དེ་དག་འཛིན་པས་ན་ཚུལ ་ཁྲིམས་འཆང་བའོ།། ཆེན་པོ་ཡང་དེ་ཡིན་ལ་ཚུལ་ཁྲིམས་འཆང་བ་ཡང་དེ་ཉིད་ཡིན་པས་ཚུལ་ཁྲིམས་ཆེན་པོ་འཆང་བའོ།། དེ་ཉིད་ཀྱི་ཕྱིར་མཆོག་སྟེ་མངོན་དུ་འགྲོ་བའི་ཕྱི་རོ།། བཟོད་ཆེན་འཆང་བ ་བརྟན་པ་པོ་ནི་རྡོ་རྗེ་དབྱངས་ལེན་མའོ།། སྲན་ཚུགས་པར་བྱས་པས་ན་བཟོད་པ་སྟེ། དེ་འཛིན་པས་ན་བཟོད་པ་འཆང་བའོ།། ཆེན་པོ་ཡང་དེ་ཉིད་ཡིན་ལ་བཟོད་པ་ཡང་དེ་ཉིད་ཡིན་པས་ན་བཟོད་ཆེན་འཆང ་བའོ།། དེ་ཉིད་ཀྱང་བརྟན་པོ་སྟེ། སྡུག་བསྔལ་ཆེན་པོ་ལ་བརྟན་པར་སྲནྡ་ཐུབ་པའི་ཕྱིར་རོ།། བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན་ནི་རྡོ་རྗེ་གཱ་ར་མའོ།། བརྩོན་འགྲུས་ཆེ་བ་ནི་དགེ་བ་ལ་སྤྲོ་བ་སྟེ། སྡིག་པ་ལ་སོགས ་པ་ལ་སྤྱོ་བ་ནི་དམ་པའི་ཕྱིར་ན་ལེ་ལི་ཉིད་དེ་བརྩོན་འགྲུས་མ་ཡིནོ།། དེའི་བརྟུལ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ལས་ཡོངསུ་རྫོགས་པར་བྱེད་པའོ།། དེའི་ཕྱིར་གསང ་བའི་མཆོད་པ་བཞིའི་བདོག་ཉིད་གོ་རིམ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ལས་གྲུབ་པ་རང་རང་གི་རྣམ་པར་ཐར་པའི་སྒོ་རྣམ་པར་དག་པའི་སྟོབས་གྱིས་ལྷུན་གྱིས་གྲུབ་པ་མངོན་པར་དགའ་བའི ་ཁྱད་པར་དུ་གྱུར་པར་བྱེད་པའི་ཕྱིར་རོ།། དེ་ཉིད་ཤེས་རབ་འཆལ་པ་དང་། རྣམ་པར་གཡེང་བ་དང་། ཡང་དག་པའི་སྨོན་ལམ་མེད་པ་དང་། ཉམ་ཆུང་བ་རྣམས་དང་། མི་མཐུན་པའི་ཕྱོགས་ཟིལ་གྱིས ་གནོན་པ་ལ་དགའ་བ་ཉིད་ཀྱིས་གསུངས་པ། བསམ་གཏན་ཆེན་པོ་ཏིང་འཛིན་གནས།། ཤེས་རབ་ཆེན་པོ་ལུས་འཆང་བ།། སྟོབས་པོ་ཆེ་ལ་ཐབས་ཆེ་བ།། སྨོན་ལམ་ཡེ་ཤེས་རྒྱ་མ ་ཆེ་ཞེས་པའོ།། དེ་ལ་ཚིགས་བཅུད་འདི་ལ་ནི་བསམ་གཏན་དང་ཤེས་རབ་གཉིས་བསྣོར་བར་ཤེས་པར་བྱའོ།། དེའི་ཕྱིར་ན་དྲིན་འདི་ལྟ་སྟེ། ཤེས་རབ་ཆེན་པོ་ལས་འཆང་བ་ནི་རྡོ་རྗེ་བདུག་པ་མའོ།། ་ཤེས་རབ་ཆེན་པོ་ནི་ཤེས་རབ་ཆེན་པོ་སྟེ། དེ་ཉིད་ཀྱི་ལུས་དེ་འཛིན་པས་ན་ཤེས་རབ་ཆེན་པོ་ལུས་འཆང་བའོ།། བསམ་གཏན་ཆེན་པོ་ཏིང་གནས་ནི་རྡོ་རྗེ་མེ་ཏོག་མའོ།། ཏིང་འཛིནྡ་ནི་སེམས་རྩེ་གཅིག་པའི་མཚན ་ཉིད་དོ།། དེ་ལ་བརྟེན་པས་ན་ཏིང་འཛིན་གནས་ཏེ། ཆེ་བ་ཡང་དེ་ཡིན་ལ་ཏིང་འཛིན་བསམ་གཏན་ཡང་དེ་ཉིད་ཡིན་པས་བསམ་གཏན་ཆེན་པོའོ།། ཆེན་པོ་ནི་བསམ་གཏན་བཞིའི་བདག་ཉིད་ཀྱི་ཕྱིར་ཏེ། བསམ ་གཏན་བཞི་པོ་དེ་རྣམས་ཀྱི་ཏིང་འཛིན་ལ་གནས་པའོ།། སྨོན་ལམ་ན་རྡོ་རྗེ་མར་མེ་མའོ།། སྨོན་པར་བྱེད་པས་ན་སྨོན་ལམ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ནི་སྨོན་ལམ་གྱི་དབང་གིས་སྐྱེ་བའོ།། ཐུབས ་ཆེ་བ་ནི་རྡོ་རྗེ་དྲི་ཆབ་མའོ།། ཆེན་པོ་ཡང་དེ་ཡིན་ལ་ཐབས་ཀྱང་དེ་ཡིན་པས་ཐབས་ཆེ་བ་སྟེ། ཐབས་ཉིད་དབང་གིས་མ་ལུས་ཤོང་མི་ལུས་པའི་འཇིག་རྟེན་གྱི་ཁམས་ཀྱི་རེ་བ་དང་བསམ་པོ་ཇི་ལྟ་བ་ཡོངས་སུ ་རྫོགས་པར་བྱེད་པའི་ཕྱིརརོ།། དེ་ཉིད་ནི་ཤེས་རབ་དང་། བསམ་གཏན་དང་། སྨོན་ལམ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་མཚན་ཉིད་ཀྱིས་ཕྱིའི་མཆོད་པའི་བདག་ཉིད་བཞི་རྣམ་སོ།། ལོངས་སྤྱོད་དང ་བཅས་པའི་ལོམ་ལ་དགའ་བའི་རྒྱུའི་དངོས་པོས་སྟོབས་དང་། ཡེ་ཤེས་གཉིས་ཀྱི་ཆོས་ཀྱི་དབྱིངས་ལ་འཇུག་པའི་རང་བཞིན་གྱི་ཕྱིར། སྟོབས་དང་ཡེ་ཤེས་དེ་དག་རབ་ཏུ་རྣམ་པར་དབྱེ་བ་སྟེ། དེ་ལ་སྟོབས་ནི་དད་པ ་ལ་སོགས་པ་ལྔའོ།། ཡེ་ཤེས་ནི་མཐོང་བའི་ལམ་དང་བསྒོམ་པའི་ལམ་སྟེ། དེ་ལ་མཐོང་བའི་ལམ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ།། བསྒོམ་པའི་ལམ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་དོ།། དེ་དག་ཀྱང་དད་པ་དང་། ་བརྩོན་འགྲུས་དང་། དྲན་པ་དང་། ཏིངངེ་འཛིན་གྱི་ངོ་བོ་ཉིད་སྒོ་སྲུང་བཞིའི་བདག་ཉིད་དེ། ཐེག་པ་ཆེན་པོ་ལ་མངོན་པར་ཡིད་ཆེས་པ་དང་། འཇུག་པ་དང་། དེ་རྒྱུན་མི་འཆད་པ་དང་། ཡང་དག་པར་མགུ་བར་བྱེད་པ ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཤེས་རབ་ཡོངསུ་དག་པ་ཙམ་ལ་བལྟོས་པའི་སྟོང་པ་ཉིད་ཀྱི་རབ་ཏུ་དབྱེ་བ་ཇི་སྐད་བསྟན་པའི་སྒོ་ནས་བྱམས་པ་ལ་སོགས་པ་བཅུ་དྲུག་གི་ཏིང་འཛིན་གྱི་བདག་ཉིད་དོ།། དེའི་ཕྱིར་གསུངས་པོ། བྱམས ་ཆེན་རང་བཞིན་དཔག་ཏུ་མེད།། སྙིང་རྗེ་ཆེན་པོ་བློ་ཡི་མཆོག། ཤེས་རབ་ཆེན་པོ་བློ་ཆེན་ལྡན།། མཁས་པ་ཆེན་པོ་ཐབས་ཆེ་བོ་ཞེས་པའོ།། དེ་ལ་བྱམས་ཆེན་རང་བཞིན་དཔག་ཏུ་མེད་ནི་བྱམས་པ་སྟེ། འདི་ལ་མཛོའ་བ ་ཡོད་པ་ནི་མཛའ་བ་ཅན་ཏེ། མཇུག་ནི་དེའི་རྐྱེན་དང་ལྡན་པའོ།། དེ་ནི་སེམས་ཅན་ཐམས་ཅད་ལ་མཛའ་བ་དང་ལྡན་པའི་རང་བཞིན་ཏེ། ཆེ་བ་ཡང་དེ་ཡིན་ལ་བྱམས་པའི་རང་བཞིན ་ཡང་དེ་ཉིད་ཡིན་པས་བྱམས་ཆེན་རང་བཞིན་ནོ།། དེ་ཉིད་ཀྱི་ཕྱིར་ན་དཔག་ཏུ་མེད་པ་སྟེ། འཇིག་རྟེན་གྱི་ཁམས་ཀུན་ལ་བུ་གཅིག་པ་བཞིན་དུ་བྱམས་པ་ཉིད་ཀྱི་ཕྱི་རོ།། སྙིང་རྗེ་ཆེན་པོ་བློ་ཡི་མཆོག་ནི་འཇམ ་དཔལ་ལོ།། སྙིང་རྗེ་ཆེན་པོ་ནི་མི་དམིགས་པའི་བདག་ཉིད་།། དེ་གང་ལ་ཡོད་པ་དེ་ནི་སྙིང་རྗེ་ཆེན་པོ་ཅ་ནོ།། བློའི་མཆོག་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན་ནོ།། དེས་ནི་འདི་སྐད ་གསུངས་པར་འགྱུར་ཏེ། ཟབ་ཅིང་རྒྱ་ཆེ་བའི་བདག་ཉིད་དེ་བཅོམ་ལྡན་འདས་ཡིནོ་ཞེས་སོ།། ཤེས་རབ་ཆེན་པོ་བློ་ཆེན་ལྡན་ནི་སྤོས་ཀྱི་གླང་པོ་སྟེ། ཤེས་རབ་ཆེན་པོ་སྟེ་ཆོས་རྣམ་པར་འབྱེད་པའི་བདག ་ཉིད་དོ།། འདི་དང་གང་ལྡན་པ་དེ་ནི་ཤེས་རབ་ཅན་ཏེ། ཆེན་པོ་ཡང་དེ་ཡིན་ལ་ཤེས་རབ་ཀྱང་དེ་ཡིན་པས་ཤེས་རབ་ཆེན་པོ་ཉིད་བློ་ཆེ་ནོ།། མཁས་པ་ཆེན་པོ་ཐབས་ཆེ་བ་ནི་ཡེ་ཤེས་ཏོགོ། གང་ཞིག་ཐབས ་ཆེ་བ་ཡིན་པ་དེ་ནི་ཐབས་ཆེ་བའོ།། དེ་ལ་མཁས་པ་ཆེན་པོ་ནི་བློ་རྫོགས་པ་ཆེན་པོའོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་བ་ཤེས་པས་དམ་པའི་ཆོས་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། ་རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན།། ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ།། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ།། སྟོབས་ཆེན་ཕ་རོལ་གནོན་པ་པོ་ཞེས་དེ་ལ་རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན་ནི་བཟང་སྐྱོང་ངོ་།། རྫུ་འཕྲུལ ་གྱི་སྟོབས་ནི་རྫུ་འཕྲུལ་སྟོབས་ཏེ། དེ་དང་ལྡན་པ་ནི་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པའོ།། ཆེན་པོ་ཡང་དེ་ཡིན་ལ་རྫུ་འཕྲུལ་གྱི་སྟོབས་དང་ལྡན་པ་ཡང་དེ་ཉིད་ཡིན་པས་རྫུ་འཕྲུལ་ཆེན་པོའི་སྟོབས་དང་ལྡན་པའོ།། ། ་ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ་ནི་བློ་གྲོས་རྒྱ་མཚོའོ།། ཤུགས་ཆེན་པོས་འགྲོ་བ་གང་ཡིན་པ་དེ་ནི་ཤུགས་ཆེན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་དང་སྲིད་ཞུའི་དོན་དུ་དུ་མའི་འཇིག ་རྟེན་དུ་བསྐྱོད་པའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་མགྱོགས་པ་ཆེན་པོ་ཞེས་གསུངསོ།། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ་ནི་བློ་གྲོས་མི་ཟད་པ་སྟེ། འཇིག་རྟེན་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བསོད་ནམས ་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པའི་ཕྱིར་ན་རྫུ་འཕྲུལ་ཆེན་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པའི་ཕྱིར་ན་ཆེར་གྲགསོ།། སྟོབས་ཆེན་ཕ་རོལ ་གནོན་པ་པོ་ནི་སྤོབས་པ་བརྩིགས་པའོ།། ཆེན་པོ་ཡང་དེ་ཡིན་ལ་སྟོབས་ཀྱང་དེ་ཉིད་ཡིན་པས་དེ་བཞིན་གཤེགས་པའི་སྟོབས་བཅུ་གནས་དང་གནས་མ་ཡིན་པ་མཁྱེན་པ་ལ་སོགས་པ་ཕྱིས་འབྱུང་བ་རྣམས ་གཟུང་ངོ་།། དེ་རྣམས་ཀྱི་ཕ་རོལ་གནོན་པ་ནི་དེའི་བརྩོན་འགྲུས་བརྩམས་པ་དང་གང་ལྡན་པ་དེ་སྟོབས་ཆེན་ཕ་རོལ་གནོན་པ་པོའོ།། སྲིད་པའི་རི་བོ་ཆེན་པོ་འཇོམས།། མཁྲེགས་ཆེན་རྡོ་རྗེ་ཆེན ་པོ་འཆང་།། དྲག་པོ་ཆེན་པོ་དྲག་ཤུལ་ཆེ།། འཇིགས་ཆེན་འཇིགས་པར་བྱེད་པ་པོ་ཞེས་པ་ནི། དེ་ལ་སྲིད་པའི་རི་བོ་འཇོམས་པ་ནི་མཐུ་ཆེན་པོ་ཐོབ་པའོ།། སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ།། དེ་ཉིད་རི་བོ ་སྟེ། མི་ཤེས་པའི་བྲག་ཉིད་ཀྱི་ཕྱིརརོ།། དེ་དག་ཡང་དག་པར་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་ཐོབ་པས་འཇོམས་པའི་ཚུལ་དང་གང་ལྡན་པ་དེ་ནི་འཇོམས་པའོ།། ཆེན་པོ་ཡང་དེ་ཡིན་ལ་སྲིད་པའི་རི་བོ་འཇོམས་པ་ཡང ་དེ་ཉིད་ཡིན་པས་སྲིད་པའི་རི་བོ་ཆེན་པོ་འཇོམས་ཤེསོ།། མཁྲོགས་ཆེན་རྡོ་རྗེ་ཆེན་པོ་འཆང་བ་ནི་དྲན་སོང་ཀུན་འདྲེ་ནོ།། རྡོ་རྗེ་ཆེན་པོ་ནི་ཀུན་ཏུ་བཟང་པོའི་ཡེ་ཤེས་ཏེ། དེ་འཛིན་པས་ནཱ་རྡོ་རྗེ་ནི་ཆེན་པོ་འཆང་ངོ་།། སྲ་བའི ་ཕྱིར་དང་ལུས་དང་ལྡན་པའི་ཕྱིར་ན་མཁྲེགས་པའོ།། དྲག་པོ་ཆེན་པོ་དྲུག་ཤུལ་ཆེ་བ་ནི་མྱ་ངན་གྱི་མུན་པ་ཀུན་འཇོམས་པའི་བློ་གྲོས་སོ།། ཆེན་པོ་ཡང་ཡིན་ལ་དྲག་པོ་ཡང་དེ་ཉིད་ཡིན་པས་ན་དྲག་པོ་ཆེན་པོ་སྟེ། གདུལ ་དཀའ་བའི་སེམས་ཅན་རྣམས་ལ་ཁྲོ་བོ་ཆེན་པོའི་གཟུགས་སྟོན་པའི་ཕྱིར་རོ།། དྲག་ཡུལ་ཆེ་ནི་བཅོམ་ལྡན་འདས་འཇམ་དཔལ་དེ་ཞི་བ་ཡིན་ཡང་སེམས་ཅན་གདུལ་བའི་ཕྱིར་དྲག་ཤུལ་ཅན་དུ་ཡང་སྟོན་ཞེས ་པའི་དོན་ཏོ།། འཇིགས་ཆེན་འཇིགས་པར་བྱེད་པ་པོ་ནི་དྲ་བ་ཅན་གྱི་འོད་དོ།། འཇིགས་ཆེན་ནི་འཇིགས་བྱེད་ཆེན་པོའི་གཟུགས་འཛིན་པས་ན་འཇིགས་ཆེ་ནོ།། དེ་ཡང་འཇིགས་པར་བྱེད་པས་ན་འཇིགས་ཆེན ་འཇིགས་པར་བྱེད་པའོ།། མགོན་པོ་རིགས་མཆོག་ཆེན་པོ་སྟེ།། བླ་མ་གསང་སྔགས་ཆེ་བའི་མཆོག། ཐོག་པ་ཆེན་པོའི་ཚུལ་ལ་གནས།། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པ་ནི། དེ་ལ་མགོན་པོ་རིགས་མཆོག ་ཆེན་པོ་ནི་ཟླ་འོད་གཞོན་ནུའོ།། ཆེན་པོ་ཡང་དེ་ཡིན་ལ་རིགས་ཀྱང་དེ་ཉིད་ཡིན་པས་རིགས་མཆོག་ཆེན་པོ་སྟེ། གཟུངས་བཞིའོ།། དེ་ཡང་ཚིག་དང་། དོན་དང་སྔགས་དང་། ཕྱག་རྒྱའི་བདག་ཉིད་རྣམས།། དེ་ཉིད་ནི་མགོན ་པོ་སྟེ། སེམས་ཅན་ཐམས་ཅད་ཀྱི་ལུས་དག་ཡིད་ལ་ཀུན་ཏུ་སྤྱོད་པའི་སྡིག་པ་མ་ལུས་པར་ཡང་དག་པར་སྦྱོང་བའི་ཕྱིར་རོ།། བླ་མ་གསང་སྔགས་ཆེ་བའི་མཆོག་ནི་འོད་དཔོག་ཏུ་མེད་པའོ།། ཆེན་པོ་ཡང་དེ་ཡིན་ལ་གསང ་སྔགས་ཀྱང་དེ་ཉིད་ཡིན་པས་གསང་སྔགས་ཆེ་བ་སྟེ། ཕྱག་རྒྱ་ཆེན་པོའི་བདག་ཉིད་དོ།། དེའི་མཆོག་ནི་གཙོ་བོ་ཞེས་པའི་དོན་ཏོ།། དེ་ཉིད་བླ་མ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན ་དུ་ཤེས་ནས་མངོན་པར་རྟོགས་པ་ཉེ་བར་སྟོན་པའི་ཕྱིར་རོ།། ཐེག་པ་ཆེན་པོའི་ཚུལ་ལ་གནས་ནི་ན་མཁའི་མཛོད།། ཐེག་པ་ཆེན་པོ་ནི་འོག་ནས་གསུངས་པ་སྟེ། དེའི་ཚུལ་ནི་ལམ་མོ།། དེ་ཞོན་པ་ནི་གནས་པའི་དོན་ཏོ།། ཐེག ་པ་ཆེན་པོའི་ཚུལ་གྱི་མཆོག་ནི་སྒྲིབ་པ་རྣམ་པར་སེལ་བའོ།། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་བརྗོད་དུ་མེད་པའི་ཆོས་ཉིད་དུ་ཁོང་དུ་ཆུད་པའི་རྟོག་པ་མེད་པའི་ཡེ་ཤེས་ནི ་ཐེག་པ་ཆེན་པོ་ཞེསོ།། ཡང་ན་འཁོར་བའི་གནས་ཐབས་དང་སྤྱོད་ཡུལ་དང་རྟེན་གྱི་རང་བཞིན་ཏེ། བླ་ན་མེད་པ་རྣམ་པ་གསུམ་གྱིས་ཐེག་པ་ཆེན་པོ་བསྡུས་པ་ཡིན་ཞེས།། གལ་ཏེ་དེ་ལྟར་ཡིན་ན་ནི་དེའི་ཆེན་པོ་ཇི ་ལྟར་ཡིན་ཞེ་ན། གང་དག་འཇིག་རྟེན་ཐམས་ཅད་ལ་ཕན་པར་བྱེད་པ་སངས་རྒྱས་བཅོམ་ལྡན་འདས་ངེས་ངོ་ཆེ་བ་ཉིད་དེ། དེ་རྣམས་ཀྱི་ཐེག་པ་འདི་ནི་བསྐྱེད་པའི་དོན་དམ་ངེས་པར་འབྱུང་བའི་དོན་དུ་སྒྲུབ་པའོ།། དེའི ་ཕྱིར་ན་དེ་དང་ལྷན་ཅིག་པའི་ཆེན་པོའི་ཐེག་པ་ཡིན་པས་ཐེག་པ་ཆེན་པོ་འམ། ཆེན་པོ་ཉིད་ཀྱི་ཐེག་པ་བས་ཐེག་པ་ཆེན་པོའོ།། ཡང་ན་ཆེན་པོ་རྣམ་པ་བདུན་གྱི་ཕྱིར་ཏེ། དམིགས་པ་དང་། སྒྲུབ་པ་དང་། ཡེ་ཤེས་དང་། བརྩོན ་འགྲུས་དང་། ཐབས་དང་། ཡང་དག་པར་གྲུབ་པ་དང་། ལས་ཆེ་བ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོའོ།། ཆེན་པོ་ཡང་དེ་ཡིན་ལ་ཐེག་པ་ཡང་དེ་ཉིད་ཡིན་པས་ཐེག་པ་ཆེན་པོ་སྟེ། ཐག་པ་གཞན་ལ་དེ་རྣམས་མེད་པའི ་ཕྱིར་རོ།། དེ་བས་ན་དེ་མདོར་བསྡུས་ནས་ཐེག་པ་ཆེན་པོ་ནི་རྣམ་པ་གསུམ་སྟེ། རྒྱུ་དང་ཡུལ་དང་། རྟེན་གྱི་རང་བཞིན་རྣམས་ཡོངསུ་སྣང་བའི་དོན་དུ་རིག་པར་བྱའོ།། དེ་ཉིད་ཐབས་ཙམ་ལ་བལྟོས་པས་སམ། མ་ལུས ་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རང་བཞིན་གྱི་ཕྱིར་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་པའི་ཡེ་ཤེས་ཀྱི་སྐུའོ།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། ་རྫོགས་པའི་སངས་རྒྱས་ཨ་ལས་བྱུང་ཞེས་པ་ཉིད་ལ་སོགས་པ་མཚན་གྱི་གསང་སྔགས་ཀྱི་ཡི་གེ་ཚིགས་བཅད་གཞུང་ཚིག་གི་བྱེ་བྲག་གི་ཁྱད་པར་ཅན་འབྲེལ་ཚིག་མེད་པ་རྣམས་ཀྱིས་ཁྱད་པར་དུ་བྱས་པའི་ཡེ་ཤེས ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་བྱ་བར་བལྟའོ།། དཀྱིལ་འཁོར་གྱི་ལྷ་སེམས་མ་རྡོ་རྗེ་མ་ལ་སོགས ་པ་དེ་རྣམས་ཀྱང་ཕྱག་རྒྱ་ཆེན་པོར་སྦྱོར་བས་རང་རང་གི་སྐུ་མདོག་དང་ཕྱག་མཚན་དུ་ལྡན་པ་ཕྱུང་སྟེ། ཕྱུང་ནས་ཀྱང་འཇིག་རྟེན་གྱི་ཁམས་ཀུན་གྱི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་མཛད་པ་བྱས་ཏེ། ཡང་ཕྱིར་ལོག་ནས ་མཚན་གྱི་སྔགས་ཀྱི་ཡི་གེ་རྣམས་ཀྱི་རང་རང་གི་རིགས་ཀྱི་མདོག་དང་ལྡན་པར་བསྒྱུར་ཏེ། ཇི་ལྟར་དོན་གྱི་རིམ་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལྔར་བཀོད་པའི་ཟླ་བའི་དཀྱིལ་འཁོར་རྣམས་ལ་བཞུགས་པར ་བསྒོམས་ནས། འཁོར་ལོ་དེའི་ལྟེ་བ་ལ་གནས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་གོང་ནས་གསུངས་པ་བཞིན་དུ་བདག་ཉིད་མོས་ཏེ། བཅོམ་ལྡན ་འདས་ཡེ་ཤེས་ཀྱི་སྐུ་དེ་ཉིད་ཀྱི་གཉིསུ་མེད་པའི་ཡང་དག་པའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་མཚན་གྱི་གཙུག་གི་ནོར་བུ་འདི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཡང་རུང་བ་སྔགས ་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་ཁ་ཏོན་དུ་བྱེད་པའམ། གླེགས་བམ་དུ་བྱས་པ་ལ་ཀློག་ཅིང་འདོན་པ་དང་། གཙང་བ་དང་མི་གཙང་བར་གྱུར་པས་ཏེ། ཅི་ཡང་མི་སྨྲ་བར་ཇི་ལྟ་བ ་བཞིན་དུ་སུས་ཀྱང་མི་ཐོས་པར་མཚན་གྱི་གསང་སྔགས་ཀྱི་ཡི་གེ་ཚིགས་བཅད་དེ་ལྟར་ཀློག་པ་ནི་མི་ཐོགས་པ་ཁོ་ནར་ཡོན་ཏན་ལས་བརྗོད་པའི་ཡོན་ཏན་གྱི་ཚོགས་དང་། གཞན་ཡང་འགྲུབ་པར་འགྱུར་རོ།། དོན་དམ ་པའི་མཚན་ཡང་དག་པར་བརྗོད་པ་ཡང་དག་པར་འཛིན་པའི་སྐྱེས་བུ་གང་ཟག་དེ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤིན་ཏུ་བསགས་ཏེ། ཤིན་ཏུ་མྱུར་བར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྣམས་ལ་ཡང ་དག་པར་གྱུར་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབོ་མངོན་པར་རྫོགས་པར་འཚང་རྒྱུ་ཞིང་། བསྐལ་པ་མང་པོར་ཡོངསུ་མྱ་ངན་ལས་མི་འདའ་བའི་ཆོ་སུ་འགྱུར་ལ། སེམས་ཅན་ཐམས་ཅད་ལ་བླ་ན་མེད ་པའི་ཆོས་སྟོན་པར་བྱེད་ལ། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་སྒྲོགས་པའི་ཆོས་ཀྱི་རྒྱལ་པོར་འགྱུར།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེའི་མཚན་གྱི་སྔགས་ཡི་གེའི་ཚིག་རྣམས་གཅིག་ཏུ་བསྡུ་བ་བྱས་ནས ་མཚན་བརྒྱད་ཅུ་དྲུག་རྣམས་ཡིན་ཏེ། དེ་རྣམས་ཀྱང་དཀྱིལ་འཁོར་བའི་ལྷ་རྣམས་ལ་རྣམ་པར་ཕྱེ་ནས་སྦྱར་བར་བྱའོ།། དེ་ལ་གཞི་ནི་ཡེ་ཤེས་སེམས་དཔའ་དང་ཟླ་བའི་དཀྱིལ་འཁོར་གྱིའོ།། ཡི་གེ་ཨ་ནི་གསུམོ།། ་རྡོ་རྗེ་སེམས་མ་ལ་སོགས་པ་དང་། རྟག་པ་ལ་སོགས་པ་རྣམས་ཀྱི་བཅུ་གཅིག་གོ། དང་པོ་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། ཇི་ཙམ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཐར་ཐུག་གི་བར་དུ་མ་ལུས ་པའི་མཚན་གྱི་སྔགས་ཡི་གེའི་ཚིག་གི་ཁྱད་པར་དང་ཁྱད་པར་ཅན་གྱི་ངོ་བོས་གོ་རིམ་བཞིན་དུ་སྦྱར་བར་བྱའོ།། ཚོགས་བཅད་ནི་བཅུ་བཞི་སྟེ། མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་རྣམས་བརྒྱད་ཅུ་རྩ་དྲུག་སྟེ། དེ ་ནི་མན་ངག་ཡིན་ནོ།། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་ཏུ་རྣམ་པར་བལྟ་བ་ཞེས་པ་ལས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི ་རིམ་པའི་དབང་དུ་བྱས་པ་སྟེ་ལྔ་པའོ།། །། ད་ནི་གཉིས་པ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་བཤད་དེ། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་བཀོད་པའི་རིམ་པས་ཆེ་བའི་བདག་ཉིད་བསྟན་ནས། ང་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཆེན་པོའི་སྒོ ་ནས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཁྱད་པར་བསྟན་པར་འདོད་པས་རང་གི་རྣམ་པར་ཐར་པའི་སྒོ་ནས་གཏི་མུག་ལ་སྦྱོང་པའི་སེམས་ཅན་རྣམས་གདུལ་བའི་དོན་དུ་རང་གི་འཁོར ་ལོ་དགོད་པ་གསུངསོ།། དེ་ལ་ཡང་རྣམ་པར་སྣང་མཛད་དང་རྣམ་པར་སྣང་མཛད་ཆེན་པོའི་ཁྱད་པར་དུ་བྱ་བ་ཇི་ལྟ་བུ་ཞེ་ན། དེ་མི་ཤེས་པས་དེ་གསུངས་པ། རང་བཞིན་ཅན་གཟུགས་ཀྱི་སྐུའི་རྒྱུ་མཐུན་པའི་གན ་སུ་གྱུར་པའི་མཚན་ཉིད་འོག་མིན་ལྷའི་རྒྱལ་པོའི་གནས་དེར། ལྷའི་རིགསུ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཆོས་ཀྱི་ལོངས་སྤྱོད་རྫོགས་པ་སོ་སོ་ཉམ་སུ་མྱོང་བར་བྱེད་པའི་དོན་དུ་མངོན་པར ་རྫོགས་པར་བྱང་ཆུབ་པའི་ཏིང་འཛིན་གྱི་རིམ་པས་རྣམ་པར་སྨིན་པའི་སྐུར་གྱུར་པཾ་ཡོང་སུ་དོག་པའི་ཡེ་ཤེས་ཀྱི་སོ་སོར་སྣང་བའི་མཚན་ཉིད་རྒྱུ་མཐུན་པའི་སྐུ་སྟེ། གནས་དེ་ཉིད་ན་བྱང་ཆུབ་སེམས་དཔའ་སེམས ་ཆེན་པོའི་ཚོགས་ཀྱིས་བསྐོར་བའི་སྟོན་པ་གང་ཡིན་པ་དེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ།། དེ་ལྟར་ཟླ་གསང་ཐིག་ལེའི་རྒྱུད་ལས་གསུངས་པ། གནས་གཙང་མ་རྣམས་སྦྱངས་པའོ།། འོག་མིན་གརྦྷ ་ནི་ཉམས་དགའ་བར།། རྫོགས་པའི་སངས་རྒྱས་དེ་སངས་རྒྱས།། སྤྲུལ་པ་པོ་ནི་འདིར་སངས་རྒྱས་ཞེས་ཚིགསུ་བཅད་དོ།། རྣམ་པར་སྣང་མཛད་ཆེན་པོ་ནི་ཡེ་ཤེས་ཀྱི་རང་བཞིན་གྱི་སྐུ་ཉོན་མོངས་པ་དང་ཤེས་བྱའོ ་སྒྲིབ་པ་གཉིས་ལས་ཤིན་ཏུ་རྣམ་པར་གྲོལ་བ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སྣང་ཞིང་སྟོན་པར་ནུས་པའོ།། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་རང་བཞིན་དེ་ཉིད་ལས་དངོས་པོ་ཐམས་ཅད་སྟོན་པར་ནུས་པར་ཇི་ལྟར ་འགྱུར་ཞེ་ན། དེ་ལྟར་དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་སེམས་ཅན་ཐམས་ཅད་ལ་རྣམ་པར་ཕྱེ་སྟེ། ཚུལ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་དང་། ཐབས་སྣ་ཚོགས་ངག་གིས་ཆོས ་སྟོན་ཏོ།། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པའི་ཚུལ། ཁ་ཅིག་ལ་ནི་ཐེག་པ་ཆེན་པོའི་ཚུལ། ཁ་ཅིག་ལ་ནི་མངོན་པར་ཤེས་པ་ལྔའི་ཚུལ་ལོ།། ཁ་ཅིག་ལ་ནི་ལྷར ་སྐྱེ་བར་བྱ་བ་དང་། ཁ་ཅིག་ལ་ནི་མིར་སྐྱེ་བར་བྱ་བ་དང་། ཇི་སྲིད་དུ་ལྟོ་འཕྱེ་ཆེན་པོ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅིར་སྐྱེ་བར ་བྱ་བའི་བར་དུ་ཆོས་སྟོན་ཏོ།། དེ་ལ་སེམས་ཅན་ལ་ལ་སངས་རྒྱས་ཀྱིས་གདུལ་བར་བྱ་བ་རྣམས་ལ་སངས་རྒྱས་ཀྱི་གཟུགསུ་མཐོང་། ལ་ལས་ནི་ཉན་ཐོས་ཀྱི་གཟུགསུ། ལ་ལས་ནི་རང་སངས་རྒྱས་ཀྱི་གཟུགས་སུ། ་ལ་ལས་ནི་བྱང་ཆུབ་སེམས་དཔའི་གཟུགས། ལ་ལས་ནི་དབང་ཕྱུག་ཆེན་པོའི་གཟུགས། ལ་ལས་ནི་ཚངས་པའི་གཟུགས། ལ་ལས་ནི་སྲེད་མེད་ཀྱི་བུའི་གཟུགས། ལ་ལས་ནི་རྣམ་ཐོས་བུའི་གཟུགས། ་ལ་ལས་ནི་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པའི་བར་དུ་མཐོང་སྟེ། རང་རང་གི་ཚིག་བརྗོད་པའི་ཚུལ་དང་། སྤྱོད་ལམ་ལ་རྣམ་པར་གནས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དའང་འདི་ལྟར་དེ་བཞིན་གཤེགས་པའི ་རྣམ་པར་གྲོལ་བའི་རོར་རོ་གཅིག་པའོ་ཞེས་གསུངསོ།། དེའི་ཕྱིར་གསུངས་པ། སངས་རྒྱས་རྣམ་པར་སྣང་མཛད་ཅེས་པ་ནི། དེ་ལ་སངས་རྒྱས་ནི་ཇི་ལྟར་གནས་པའི་དངོས་པོ་ཀུན་མཁྱེན་པའོ།། རྣམ་པར་སྣང་མཛད་ཆེ་ནི ་རྣམ་པར་གསལ་བས་ན་རྣམ་པར་སྣང་མཛད་དེ། རྣམ་པར་སྣང་བ་ཁོ་ནར་བྱེད་པས་ན་རྣམ་པར་སྣང་མཛད། རང་གི་དོན་ལ་འཕེལ་བར་བྱེད་པའི་ཕྱིརརོ།། ཆེན་པོ་ཡང་དེ་ཡིན་ལ་རྣམ་པར་སྣང་མཛད་ཀྱིང་དེ་ཉིད་ཡིན་པས ་རྣམ་པར་སྣང་མཛད་ཆེ་ཞེས་པའོ།། ཐུབ་པ་ཆེན་པོ་ནི་སྐུ་གསུང་ཐུགས་ཐུབ་པོ་དང་ལྡན་པ་སྟེ། ཆེནི་པོ་ཡང་དེ་ཡིན་ལ་ཐུབ་པ་ཡང་དེ་ཉིད་ཡོན་པས་ཐོབ་པ་ཆེན་པོའོ།། ཐུབ་པ་ཆེན་པོ་ཞེས་བྱ་བ་ཇི་ལྟར་ཞེ་ན། རྟག་ཏུ ་མཉམ་པར་བཞག་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟར་ཡང་གསུངས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་བཞག་པའོ།། ཞེས་པའི་ཚིག་གི་ཕྱིརརོ།། ལུས་ལ་སོགས་པར་སོན་པའི་གནས་ངན ་ལེན་མེད་པའི་ཕྱིརརོ།། དེ་གང་ལ་ཡོད་པ་དེ་ནི་མཐུ་ཆེན་ལྡ་ནོ།། ཆེན་པོ་ཡང་དེ་ཡིན་ལ་ཐུབ་པ་དེའང་ཡིན་པས་ཐུབ་ཆེན་ཏེ། གནས་འཇོག་དང་། རི་བྱི་དང་། གྲོག་མཁར་ལ་སོགས་པ་དྲང་སྲོང་རྣམས་ཡིནོ།། དེས་འདུལ ་བ་རྣམས་ལ་དེ་ལྟ་བུའི་གཟུགས་སོ་སོར་སྣང་བའི་ཕྱིར་ན་ཐུབ་པ་ཆེན་པོ་ཞེས་གསུང་སོ།། གསང་སྔགས་ཚུལ་ཆེན་ལས་བྱུང་བ་ཞེས་པ་ལ། གསང་སྔགས་ཚུལ་ཆེན་ནི་ཐེག་པ་ཆེན་པོ་སྟེ། གསང་སྔགས་ཚུལ་དེ་ལས ་བྱུང་བས་ན་གསང་སྔགས་ཚུལ་ཆེན་ལས་བྱུང་བའོ།། ཆེན་པོ་ཡང་དེ་ཡིན་ལ་གསང་སྔགས་ལས་བྱུང་བ་དེ་ཉིད་ཡིན་པས་གསང་སྔགས་ཚུལ་ཆེན་ལས་བྱུང་བ་ཞེས་པ་སྟེ། དེ་ཉིད་ལས་གྲུབ་པའོ།། དེ་ཉིད་ཀྱི་ཕྱིར་ན། གསང ་སྔགས་ཚུལ་ཆེན་བདག་ཉིད་ཅན་ཞེས་པ་སྟེ། རྡོ་རྗེ་ཐེག་པ་ཆེན་པོའི་རང་བཞིན་ཞེས་པའི་དོན་ཏོ།། དེ་ཡང་རྣམ་པར་སྣང་མཛད་ཆེ་ཞེས་པ་ལ་སོགས་པས་ཀྱང་བཅོམ་ལྡན་འདས་འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པའི ་བར་ལ་བརྗོད་པར་བྱའོ།། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ལ་གནས།། ཕ་རོལ་ཕྱིན་བཅུ་དག་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ་ཞེས་པ་ནི། དེ་ལ་ཕ་རོལ་ཏུ་ཕྱིན་པ་རྣམས་ཐོབ་པའི་བསམ་པ་རྣམ་པར་དག་པའི ་ལམ་རྣམས་ཀྱི་སྒོ་ནས་བསྟན་པ་གསུངས་པ། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ།། ཞེས་པ་དེ་ལ་ཡང་ཕ་རོལ་ཕྱིན་པ་རྣམས་སྟོན་པ་ནི་འདི་ལྟར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས་པ། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས ་བསམ་གཏན་དང་ནི་ཤེས་རབ་ཐབས།། སྨོན་ལམ་སྟོབས་དང་ཡེ་ཤེས་དང་།། འདི་དག་ཕ་རོལ་ཕྱིན་བཅུར་འདོད་ཅེསོ།། དེ་ལ་སྦྱིན་པ་རྣམ་པ་གསུམ་སྟེ། ཟང་ཟིང་གི་སྦྱིན ་པ་དང་། སྐྱབས་ཀྱི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པའོ།། ཚུལ་ཁྲིམས་ལ་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་སྡུད་པའི་ཚུལ་ཁྲིམས་དང་།། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམསོ།། ། ་བཟོད་པ་ལ་རྣམ་པ་གསུམ་སྟེ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། གཞན་གྱི་གནོད་པ་བྱེད་པ་ལ་ཇི་མི་སྙམ་པའི་བཟོད་པ་དང་། ཆོས་ལ་ངེས་པར་སེམས་པའི་བཟོད་པའོ།། བརྩོན་འགྲུས་ལ་རྣམ་པ་གསུ ་སྟེ། གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཡོངསུ་མཐར་ཕྱིན་པའི་བརྩོན་འགྲུསོ།། བསམ་གཏན་ལ་རྣམ་པ་གསུམ་སྟེ། ཉེས་པ་སྤྱོད་པ་དང་། རྣམ་པར་གནས་པ་ཅན་དང་། དབང ་སྦྱོར་བ་ཅནོ།། ཤེས་རབ་རྣམ་པ་གསུམ་སྟེ། ཐོས་པ་ལས་བྱུང་བ་དང་། བྱསམ་པ་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ།། ཐབས་རྣམ་པ་གསུམ་སྟེ། རང་གི་སྐྱོན་སྤང་བ་དང་། སེམས་ཅན ་འཇུག་པར་བྱེད་པ་དང་། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའོ།། སྨོན་ལམ་རྣམ་པ་གསུཾ་སྟེ། རང་གི་ཚོགས་དང་འབྲེལ་པ་ཅན་དང་། སེམས་ཅན་གྱི་དོན་དང་རྗེ་སུ་འབྲེལ་པ་དང་། སངས་རྒྱས ་ཀྵི་ཞིང་ཡོངསུ་སྦྱོང་བའོ།། སྟོབས་རྣམ་པ་གསུམ་སྟེ། ལས་ལྡོག་པར་བྱེད་པ་དང་། ཉོན་མོངས་པ་སྤོང་བར་བྱེད་པ་དང་། བདུད་དང་ཕ་རོལ་རྒྱལ་བ་ལྡོག་པར་བྱུད་པའོ།། ཡ་ཤས་རྣམ་པ་གསུམ། ་སྟེ། རྣམ་པར་མོ་རྟོག་པ་དང་། རྣམ་པར་རྟོག་པ་མཉམ་པ་ཉིད་དུ་ཁོང་དུ་ཆུད་པ་དང་། ཐབས་ཐམས་ཅད་ལས་ལྐོག་ཏུ་མ་གྱུར་པའོ།། སྦྱིན་པ་ལ་སོགས་པ་དེ་དག་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཡོངསུ ་རྫོགས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་པའི་བསམ་པ་ཡོངསུ་བསྒོམས་པས་ན་ཕ་རོལ་ཏུ་ཕྱིན་པའི་མང་ཐོབ་པོ།། དེ་རྣམས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། དེ་ལ ་བདག་ལ་སོགས་པ་དམིགས་པ་མ་སྤངས་པ་ནི་འཇིག་རྟེན་པའི་ཕ་རོལ་པའོ།། འཇིག་རྟེན་ལས་འདས་པ་ཡང་ཕུང་པོ་ལ་སོགས་པ་ལ་བདག་མེད་པ་ལ་སོགས་པར་མོས་པས་འཇུག་པ་དང་། ང་ཁོ་ན་ཉིད་རྟོགས ་པས་འཇུག་པ་སྟེ། དེ་ཉིད་དབུ་མ་ལ་འཇུག་པ་ལས་ཟླ་བའི་གྲགས་པས་གསུངས་པ། སྦྱིན་དང་ལེན་པོ་སྦྱིན་པ་པོས་སྟོང་པ།། སྦྱིན་པ་འཇིག་རྟེན་ལས་འདས་ཕ་རོལ་ཕྱིན།། དེ་ལ་གང་ཞིག་ཞེན་པ་སྐྱེས་གྱུར ་པ། འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་པར་བསྟན་ཞེས།། ཐོས་པ་དང་། བསམས་པ་དང་། བསྒོམས་པའི་དངོས་པོ་ལས་ཡེ་ཤེས་འབྱུང་བའི་རིམ་པས་རྣམ་པ་ཐམས་ཅད་མཁྱེན་པའི་རྟོགས་པ་རབ་ཀྱི་མཐར་ཕྱིན ་པ་ནི་ཕ་རོལ་གྱི་དོན་ཡིན་ལ། ཕྱིན་པའི་དོན་ནི་དེའི་ངོ་བ་སྟེ། དངོས་པའི་རྒྱུན་ཡིན།། དེ་བཞིན་དུ་སྦྱིན་པ་ཉིད་ལ་ཕ་རོལ་ཏུ་ཕྱིན་པའོ།། དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་སྦྱར ་བར་བྱའོ།། དེའི་ཕྱིར་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གསུམ་ཡོང་སུ་དག་པའི་མཚན་ཉིད་ཀྱི་སྦྱིན་པ་གང་ཡིན་པའོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། གང་སོ་སོའི་སྐྱེ་བོ་རྣམས ་ཀྱི་སྦྱིན་པ་ནི་སྦྱིན་པ་ཁོ་ནའོ།། ཕ་རོལ་ཏུ་ཕྱིན་པ་ནི་མ་ཡིན་ཏེ། འཁོར་གསུམ་ཡོང་སུ་དག་པའི་ཤེས་རབ་དང་བྲལ་བའི་ཕྱིར་རོ།། དེའི་ཕྱིར་ན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྦྱིན་པ་ལ་སོགས་པའི་ཕ་རོལ ་ཏུ་ཕྱིན་པ་རྣམས་ཀྱི་མིག་ཁོ་ནར་ཤེས་པར་བྱའོ།། དེ་ཉིད་ཀྱི་ཕྱིར་ན་དབུ་མ་ལ་འཇུག་པ་ལས་ཟླ་བའི་གྲགས་པས་གསུངས་པ། མིག་ལྡན་སྐྱེས་བུ་གཅིག་གིས་ཇི་ལྟར་འདོད་པའི་སར།། ལོང་བའི་ཚོགས་རྣམས ་ཐམས་ཅད་བདེ་བར་ཁྲིད་པར་འགྱུར།། དེ་བཞིན་དུ་ནི་དེ་ལ་དམིགས་བུ་མེད་པ་རྣམས།། བློ་ཡིས་བཟུང་ན་ཡོན་ཏན་རྒྱལ་བ་ཉིད་དུ་འགྲོ་ཞེས།། དེ་ལྟ་བུར་གྱུར་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པ་སྟེ། དེ་ལྟར་རྟོག ་པར་གྱུར་པའི་བཅོམ་ལྡན་འདས་དེ་ལ་འདི་སྐད་ཅེས་བཤད་དོ།། ཕ་རོལ་ཕྱིན་པ་བཅུ་ལ་གནས་ཞེས་པ་ནི། དེ་ལ་གནས་ནི་རྟེན་ཡིན་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་པོ་དེ་དག་ཉིད་རྟེན་གྱི་ངོ་བོ་ཉིད་ཀྱི་ཕྱིརརོ།། དེ་དག ་བརྟེན་པ་ཡིན་པའི་ཡང་ཕྱིར་ཏེ། དེས་ནི་འདི་སྐད་གསུངས་པར་འགྱུར་ཏེ། རྟེན་དང་བརྟེན་པ་ཕན་ཚུན་འབྲེལ་པ་ཡིན་པའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དུ་བསྟན་པར་འགྱུར་རོ།། ཕ་རོལ་ཕྱིན་བཅུ ་དག་པ་སྟེ་ཞེས་པ་ནི་འཁོར་གསུམ་ཡོངསུ་དག་པའི་ཕྱིར་ཏེ། སྦྱིན་པའི་རྫས་དང་། སྦྱིན་པའི་བདག་པོ་དང་། ལེན་པ་པོ་མི་དམིགས་པས་ཕ་རོལ་ཏུ་ཕྱིན་པ་བཅུ་དག་པ་ཞེས་བྱའོ།། ཕ་རོལ་ཕྱིན་པ་བཅུའི་ཚུལ ་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་བཅུ་ཁོ་ནའི་ཚུལ་དང་། ལམ་དང་ཐབས་གང་གི་ཡིན་པ་དེ་ལ་དེ་སྐད་གསུངསོ།། དེ་རྣམས་ཀྱང་ས་ལ་སྦྱར་བ་འདི་ལྟ་སྟེ། སཽ་རབ་ཏུ་དགའ་བ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཤས་ཆེ་བར ་འགྱུར་བ་དང་། དྲི་མ་མེད་པ་ལ་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འོད་བྱེད་པ་ལ་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། འོད་འཕྲོ་བ་ཅན་ལ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱང་དཀའ་བ་ལ་བསམ་གཏན ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། མངོན་དུ་གྱུར་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རིང་དུ་སོང་བ་ལ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། མི་གཡོ་བ་ལ་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ལེགས་པའི་བློ་གྲོས་ལ་སྟོབས ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཆོས་ཀྱི་སྤྲིན་ལ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཞེས།། དེ་ལྟར་ས་འདི་རྣམས་ལ་ཆོས་ལ་བདག་མེད་པ་དང་། དེ་ལྟར་ས་འདི་རྣམས་ལ་ཆོས་ལ་བདག་མེད་པ་དང་། བྱམས་པའི་རྟོགས ་པ་ཁྱད་པ་ཅན་མེད་ཀྱང་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ལྷག་པར་བྱིན་གྱིས་བརླབས་པས་ཁྱད་པར་སོ་སོར་ཐོབ་བོ།། ཉན་ཐོས་ལ་སོགས་པ་ཐམས་ཅད་ཆེ་བ་ནི་སྨོན ་ལམ་གྱི་སྟོབས་ཀྱིས་དེ་རྣམས་ལས་མཐའ་ཡས་པ་ཐུན་མོང་མ་ཡིན་པར་གྱུར་པ་ཡིན་ནོ།། དེ་ལ་ས་ཞེས་པ་ནི་ཡེ་ཤེས་ཀྱི་གནས་སྐབས་ཏེ་སྤྱོད་ཡུལ་ཞེས་པའི་བར་དུའོ།། དེ་ལ་རྟོགས་ཤིང་ཌོཉ་ཆུང་པའི་ཁྱད་པར་ལས་གོང ་གོང་མའི་ཡེ་ཤེས་ལ་རབ་ཏུ་གནས་པའི་སྦྱོར་བས་ཡེ་ཤེས་དེ་དང་ཡོན་ཏན་གྱི་རྟེན་གྱི་སྦྱོར་བས་ཀྱང་ས་ཞེས་གསུངསོ།། ཐམས་ཅད་དུ་སེམས་ཅན་གྱི་ཁམས་ཀྱི་སྤྱིའི་མཚན་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར། ཆོས ་ཀྱི་དབྱིངས་ལས་མ་གཏོགས་པ།། འདི་ལྟར་ཆོས་ཡོད་མ་ཡིན་ཏེ་ཞེས།། དེ་བས་བདག་ཉིད་དང་མཉམ་པ་ཉིད་དུ་འཐོབ་སྟེ། བདག་མེད་པ་ལ་ཁྱད་པར་མེད་པའི་ཕྱིརརོ།། འདིའི་གནས་སྐབས་ཀྱི་ཁྱད་པར་གྱིས་ཡེ ་ཤེས་གཅིག་ལའང་བཅུ་ཞེས་གསུང་སོ།། དེ་ཉིད་གསུངས་པ། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། ས་བཅུ་ལ་ནི་གནས་པ་པོ་ཞེས་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུའི་དབང་ཕྱུག་སྟེ། བདག་པོ ་ཞེས་པའི་དོན་ཏོ།། དེ་ཉིད་ས་གང་དང་གང་དུ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་དབང་ཐོབ་པའི་ཕྱིར་ན་མགོན་པོ་ཞེས་གསུངསོ།། ས་བཅུ་དེ་ངག་ཉིད་ལ་སོ་སོར་གནས་པའི་ཕྱིར་ན་ས་བཅུ་ལ་ནི་གནས ་པ་པོ་ཞེས་གསུངསོ།། ཤེས་བཅུ་རྣམ་དག་ཅེས་པ་ནི་ཤེས་པ་བཅུའི་རྣམ་གྲངས་ནི་ཆོས་ཤེས་པ་དང་། རྗེསུ་རྟོགས་པའི་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོགས་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ།། དེ་ལ་ཆོས་ཤེས་པ་གང་ཞེ་ན། འདོད་པའི་ཁམས་དང་མཚུངས་པར ་ལྡན་པའི་འདུ་བྱེད་རྣམས་ལྔ་གང་ཟག་པ་མེད་པའི་ཡེ་ཤེས་གང་ཡིན་པ་དང་། འདོད་པའི་ཁམས་དང་མཚུངས་པར་ལྡོན་པའི་འདུ་བྱེད་ཀྱི་རྒྱུ་ལ་གང་ཟག་པ་མེད་པའི་ཤེས་པ་དང་། འདོད་པའི་ཁམས་དང ་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ཀྱི་འགོག་པ་ལ་གང་ཟག་པ་མེད་པའི་ཤེས་པ་དང་། འདོད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ལ་འཇོམས་པའི་དོན་དུ་ལམ་ལ་གང་ཟག་པ་མེད ་པའི་ཤེས་པ་རྣམསོ།། ཡང་ཆོས་ཀྱི་ཤེས་པ་དང་། ཆོས་ཀྱི་ཤེས་པའི་ས་ལ་གང་ཟག་པ་མེད་པའི་ཤེས་པ་དེ་ཉིད་ཆོས་ཤེས་པ་ཞེས་བརྗོད་དོ།། རྗེསུ་ཤེས་པའི་རྟོགས་པ་གང་ཞེ་ན། གཟུགས་དང་གཟུགས ་མེད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ལ་གང་ཟག་པ་མེད་པའི་ཤེས་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་དང་། མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ཀྱི་རྒྱུ་ལ་གང་ཟག ་པ་མེད་པའི་ཤེས་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་ཀྱི་འགོག་པ་ལ་ཟག་པ་མེད་པའི་ཤེས་པ་རྣམས་དང་། གཟུགས་དང ་གཟུགས་མེད་པའི་ཁམས་དང་མཚུངས་པར་ལྡན་པའི་འདུ་བྱེད་རྣམས་འཇོམས་པའི་དོན་དུ་ལམ་ལ་གང་ཟག་པ་མེད་པའི་ཤེས་པ་རྣམས་དང་། ཡང་རྗེསུ་རྟོགས་པའི་ཤེས་པ་དང་། རྗེསུ་རྟོགས་པའི་ཤེས་པའི ་ས་ལ་ཟག་པ་མེད་པའི་ཤེས་པ་ཞེས་གསུངས་པ་དེ་ཉིད་རྗེས་རྟོགས་པ་ཤེས་པའོ།། ཕ་རོལ་གྱི་སེམས་ཤེས་པ་གང་ཞེ་ན། སྒོམ་པའི་རང་བཞིན་གྱི་ཤེས་པ་གང་ཡིན་པའི་བསྒོམ་པའི་འབྲས་བུ་བསྒོམས་པས ་བགྲོད་པར་བྱ་བ་སོ་སོར་ཐོབ་ཅིང་བྲལ་བའི་ཤེས་པ་གང་ཡིན་འདོད་པ་ན་སྤྱོད་པ་དང་། གཟུགས་ན་སྤྱོད་པ་རྣམས་ཀྱི་མཉམ་པར་བཞག་པ་མངོན་དུ་གྱུར་པ་སྟེ། ཕ་རོལ་རྣམས་ཀྱི་སེམས་དང་སེམས་ལས ་བྱུང་བའི་ཆོས་རྣམས་ཤེས་པ་སྡེ་ཚན་གཅིག་ཏུ་བྱས་ཏེ། ཟུག་པ་མེད་པའི་ཆོས་འདི་ནི་ཕ་རོལ་གྱི་སེམས་ཤེས་པའོ།། ཀུན་རྫོབ་ཤེས་པ་གང་ཞེ་ན། ཟག་པ་དང་བཅས་པ་ཤེས་པའོ།། སྡུག་བསྔལ ་ཤེས་པ་གང་ཞེ་ན། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་། སྟོང་པ་ཉིད་དང་བདག་མེད་པར་ཡིད་ལ་བྱེད་པའི་གང་ཟག་པ་མེད་པའི་ཡིད་ལ་བྱེད་པ་འདི་ནི་སྡུག་བསྔལ་ཤེས ་པའོ།། ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཟག་པ་དང་བཅས་པའི་རྒྱུ་ལ་རྒྱུ་དང་། ཀུན་འབྱུང་བ་དང་། རབ་ཏུ་སྐྱེ་བ་དང་། རྐྱེན་རྣམས་སུ་ཡིད་ལ་བྱེད་པས་གང་ཟག་པ་མེད་པའི་ཤེས་པ་གང་ཡིན་པ་དེ་ནི་ཀུན་འབྱུང་ཤེས ་པའོ།། འགོག་པ་ཤེས་པ་གང་ཞེ་ན། འགོག་པ་ལ་འགོག་པ་དང་། ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་རྣམས་ཡིད་ལ་བྱེད་པ་གང་ཟག་པ་མེད་པའི་ཤེས་པ་ཞེས་གསུངས་པ་དེ་ནི་འགོག་པ་ཤེས་པའོ།། ལམ ་ཤེས་པ་གང་ཞེ་ན། ལམ་ལ་ལམ་དང་། རིགས་པ་དང་། སྒྲུབ་པ་དང་། ངེས་པར་འབྱིན་པ་རྣམསུ་ཡིད་ལ་བྱེད་པས་གང་ཟག་པ་མེད་པའི་ཤེས་པ་ཞེས་གང་གསུངས་པ་དེ་ནི་ལམ་ཤེས་པའོ།། ཟད་པ་ཤེས་པ་གང ་ཞེ་ན་བདག་གིས་སྡུག་བསྔལ་ཡོངསུ་ཤེས་སོ་ཞེས་པ་དང་། བདག་གིས་ཀུན་འབྱུང་སྤངསོ།། བདག་གིས་འགོག་པ་མངོན་དུ་བྱསོ།། བདག་གིས་ལམ་བསྒོམས་ཟིན་པས་སླར་བསྒོམ་དུ་མེ་དོ་ཞེས་ཤེས་པ ་དེ་ཉིད་ཉེ་བར་བཟུང་བའི་ཤེས་པ་དང་། མཐོང་བ་དང་། རིག་པ་དང་། རྟོགས་པ་དང་། ཤེས་རབ་ཀྱི་སྣང་བ་དང་། མངོན་པར་རྟོགས་པ་དེ་གསུངས་པ་ནི་ཟད་པ་ཤེས་པའོ།། མི་སྐྱེ་བ་ཤེས་པ་གང་ཞེ་ན། བདག ་གིས་སྡུག་བསྔལ་ཡོངསུ་ཤེས་སོ།། ཡང་ཡོངསུ་ཤེས་པར་བྱར་མེད་ངོ་ཞེས་པ་དང་། ཀུན་འབྱུང་རབ་ཏུ་སྤངསོ།། ཡང་སྤང་དུ་མེད་པ་དང་། འགོག་པ་མངོན་དུ་བྱསོ།། ཡང་མངོན་དུ་བྱར་མེད་པ་དང་། ལམ ་བསྒོམ་སོ།། ཡང་བསྒོམ་པར་བྱར་མེདོ་ཞེས་ཤེས་པ་དེཉེ་བར་གཟུང་སྟེ། ཤེས་པ་དང་། མཐོང་བ་དང་། རིག་པ་དང་། རྟོགས་པ་དང་། ཤེས་རབ་ཀྱི་སྣང་བ་དང་། མངོན་པར་རྟོགས་པ་འདི་ནི་མི ་སྐྱེ་བའི་ཤེས་པའོ།། དེ་ཉིད་གསུངས་པ། ཤེས་བཅུ་རྣམ་དག་བདག་ཉིད་ཅན།། ཤེས་བཅུ་རྣམ་དག་འཆང་བ་པོ་ཞེ་སོ།། དེ་བས་ན་ཤེས་པ་བཅུ་པོ་དེ་དག་གིས་རྣམ་པར་དག་པའི་བདག་ཉིད་ཀྱི་རང་བཞིན་དང་གང་ལྡན ་པོའི་བཅོམ་ལྡན་འདས་དེ་ནི། ཤེས་བཅུ་རྣམ་དག་བདག་ཉིད་ཅན་ཞེས་སོ།། ཤེས་པ་བཅུ་པོ་དེ་རྣམས་ཀྱི་རྣམ་པར་དག་པ་རང་བཞིན་གྱི་འོད་གསལ་བའི་ཡེ་ཤེས་འཛིན་པས་ན། ཤེས་བཅུ་རྣམ་དག་འཆང་བ ་པོ་ཞེས་པ་སྟེ། མཚན་མྱ་ཐམས་ཅད་དང་བྲལ་བའི་ཕྱིར་རོ།། རྣམ་བཅུ་ཞེས་པ་ན་འདི་ལྟར་དབུས་དང་མཐའ་རྣམ་པར་འབྱེད་པ་ལས་གསུངས། གཅིག་དང་རྒྱུ་དང་ཟ་དང་། བྱེད་པ་དང་ནི་དབང་སྒྱུར་དང་། བདག་པོ ་དོན་དང་རྟག་པ་དང་།། ཉོན་མོངས་པ་དང་དག་པའི་གནས།། རྣལ་འབྱོར་ཅན་དང་མ་གྲོལ་གྲོལ།། འདི་དག་ལྟ་ནི་བདག་ཏུ་ལྟ་ཞེས།། རྣམ་པ་བཅུ་པོ་ནི་འདི་རྣམས་ས་དག་ཏུ་འཛིན་པས་ཕུང་པོ་ལྔ་སོགས་པ་ལ་རབ་ཏུ ་འཇུག་པ་འདི་ལྟ་སྟེ། གཅིག་པུར་འཛིན་པ་དང་། རྒྱུར་འཛིན་པ་དང་།། ཟ་བར་འཛིན་པ་དང་། བྱེད་པར་འཛིན་པ་དང་། རང་དབང་དུ་འཛིན་པ་དང་། བདག་པོར་འཛིན་པ་དང་། རྟག་པར་འཛིན་པ་དང་། ཀུན་ནས ་ཉོན་མོངས་པ་དང་། རྣམ་པར་བྱང་བར་འཛིན་པ་དང་། རྣལ་འབྱོར་ཅན་དུ་འཛིན་དང་། མ་གྲོལ་བ་གྲོལ་བར་འཛིན་པའོ།། དེའི་ཕྱིར་གསུངས་པ། རྣམ་པ་བཅུ་པོ་ཞེས་གསུང་སོ།། དེ་རྣམས་ཏིང་འཛིན་གྱི་སེམས ་ཕུང་པོ་ལ་སོགས་པ་ལ་ཀུན་ཏུ་རྣམ་པར་གཡེང་བཱར་བྱེད་པའི་རྣམ་པ་བདག་ཏུ་འཛིན་པ་བཅུའོ།། དེ་ཉིད་ཀྱི་ཕྱིར་ནཱ་དོན་བསྡུས་པ་ལྷས་ཕྱོགས་ཀྱི་གླང་པོའི་ཞབས་ཀྱིས་གསུངས་པ། རྣམ་པར་གཡེང ་བའི་སེམས་བཅུ་ཡིས།། སེམས་གཡེང་རྣམས་ཀྱིས་གཞན་ཡིན་ན། གཉིས་མེད་ཡེ་ཤེས་བསྒྲུབ་པ་ལ།། བྱིས་པ་རྣམས་ནི་སྐལ་མི་ལྡན་ཞེས།། དེའི་ཕྱིར་བདག་ཏུ་འཛིན་པ་རྣམ་པ་བཅུ་པོ་དེ་གང་ཡིན་པའི་བཅོམ ་ལྡན་འདས་ཏེ། དེ་ལྟར་གསུངསོ།། ཅིའི་ཕྱིར་ཞེ་ན། མི་མཐུན་པའི་ཕྱོགས་ཀྱི་རྣམ་པ་ཐམས་ཅད་ཀྱིས་སོ་སོར་སྣང་བའི་ཕྱིརརོ།། དོན་བཅུ་ཞེས་པ་ནི། དེའི་གཉེན་པོའི་དོན་བཅུ་ཡང་དེ་ཉིད་ལ་བརྗོད་དེ། རྩ་བའི་མཚན ་ཉིད་དེ་ཁོ་ན།། ཕྱིན་ཅི་མ་ལྡོག་མཚན་ཉིད་དང་།། འབྲས་བུ་རྒྱུ་ཡི་དེ་ཁོ་ན།། ཕྲ་བ་དང་ནི་རགས་པ་དང་།། གྲགས་དང་རྣམ་པར་དག་ཡུལ་དང་།། བསྡུ་དྲང་དབྱེ་བའི་མཚན་ཉིད་དང་།། མཁས་དེ་ཁོ་ན་རྣམ་བཅུ་སྟེ།། བདག ་ཏུ་ལྟ་བའི་གཉེན་པོའོ།། ཞེས་བྱ་བ་འདི་དག་གོ། དེ་ཁོ་ན་རྣམ་པ་བཅུ་སྟེ་འདི་ལྟ་སྟེ། རྩ་བའི་དེ་ཁོ་ན་ཉིད་དང་། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དང་། རགས་པ་དང་། ཕྲ་བའི ་དེ་ཁོ་ན་ཉིད་དང་། གྲགས་པའི་དེ་ཁོ་ན་དང་། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་དང་། བསྡུ་བའི་དེ་ཁོ་ན་དང་། དབྱེ་བའི་དེ་ཁོ་ན་དང་། མཁས་པའི་དེ་ཁོ་ན་དང་། རྣམ་པ་བཅུ་པོ་ཡིས།། ་བདག་ཏུ་འཛིན་པ་རྣམ་པ་བཅུའི་གཉེན་པོར་རིག་པར་བྱའོ།། དེའི་ཕྱིར་གསུངས་པ། དོན་བཅུའི་དོན་ཞེས།། དེ་ལ་མཁས་པའི་དོན་བཅུ་པོ་འདི་རྣམས་དེའི་གཉེན་པོའི་ཕྱོགས་འབྱུང་བར་འགྱུར་བའི་དོན་གྱི་དེ་ཁོ་ན་སྣ། ་དོན་དུ་གཉེར་བར་བྱ་བས་ན་དོན་དངོན་དམྦྷ་པའི་རང་བཞིན་གྱི་ཕྱིརརོ།། དེའི་ཕྱིར་བཅུ་པོ་དེ་དག་གི་དོན་བཅུ་པོ་ནི་མཁས་པའི་དེ་ཁོ་ན་ཉིད་ང་། བདག་ཏུ་ལྟ་བའི་གཉེན་པོར་རིག་པར་བྱའོ།། རྒྱུས་པར་དེ་ཉིད་དུ་གསུང་སོ།། ་འདིར་གཞུང་མངས་སུ་དགས་ནས་མ་བྲིསོ།། རྣམ་པ་བཅུ་པོ་དོན་བཅུའི་དོན་ཞེས་པ་དེས་ཇི་སྐད་གསུངས་པར་འགྱུར་ཞེ་ན། མི་མཐུན་པའི་ཕྱོགས་དང་གཉེན་པོའི་ཕྱོགས་ཐམས་ཅད་ཀྱི་རང་བཞིན་དུ་བཅོམ་ལྡན ་འདས་དེ་ཉིའི་རིག་པར་བྱའོ་ཞེས་པའི་དོན་ཏོ།། ཐུབ་དབང་ཞེས་པ་ནི། དེ་ལ་ཕྱིན་ཅི་མ་ལོག་པར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཉེ་བར་སྟོན་ཅིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པར་བསགས ་པའི་དབང་ཕྱུག་ཡང་དག་པར་འཕེན་པ་བླ་ན་མེད་པའི་སྟོན་པ། ཉན་ཐོས་དང་སངས་རྒྱས་ཀྱི་ཐུབ་པ་རྣམས་ཀྱི་བདག་པོ་ནི་ཐུབ་པའི་དབང་པོ་དེ་ཉིད་དེ། རྙེད་དཀའ་བའི་ཕྱིར་རོ།། དེའི་ཕྱིར་གསུངས་པ་ཐུབ་པའི་དབང ་ཞེས་སོ།། དེ་ཉིད་ཀྱི་ཕྱིར་ན་འཕགས་པ་ཀླུ་སྒྲུབ་སྙིང་པོའི་ཞལ་སྔ་ནས་ཀྱིས་གསུངས་པ། གང་གིས་སྐྱེ་དང་འཇིག་པ་དག། འདི་ཡི་ཚུལ་གྱིས་རབ་སྤངས་པ།། རྟེན་ཅིང་འབྲེལ་འབྱུང་གསུངས་པ་ཡི།། ཐུབ་དབང ་དེ་ལ་ཕྱག་འཚལ་ཏེ་ཞེསོ།། སྟོབས་བཅུ་ཞེས་པ་ནི། དེ་ལ་དེ་བཞིན་གཤེགས་པའི་སྟོབས་བཅུ་རྣམས་འདི་ལྟ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཏིང་འཛིན་དང་སྙོམས་པར་འཇུག་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་མཁྱེན་པའི་སྟོབས ་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེསུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ། དེ་ནི་ཡེ་ཤེས་ཀྱི་སྟོབས་རྣམ་པ་བཅུ་པོ་འདི་ཡང་བཅོམ་ལྡན་འདས་ཀྱི་མཐུ་སྟོབས་ཀྱི་ཁྱད་པར་རབ་ཏུ་བསྒོམས་པའི་ཕྱིར་དང་། རྟོག་པ་མེད་པ་མཉམ་པོ་ཉིད་ཀྱིས་གནས་ལ་སོགས ་པའི་སྤྲོས་པ་ཐུགསུ་ཆུད་པའི་ཕྱིརརོ།། དེའི་ཕྱིར་གསུངས་པ། སྟོབས་བཅུ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་སྟོབས་བཅུ་པོ་དེ་དག་ཐམས་ཅད་དང་གང་ལྡན་པ་དེ་ནི་དེ་སྐད་ཅེས་གསུངསོ།། དེ་ཉིད་ཀྱི་ཕྱིར་ན་ཁྱབ ་བདག་ནི་བདག་ཉིད་ཆེན་པོ་སྟེ། གཡོ་བ་དང་མི་གཡོ་བ་ཐམས་ཅད་ཀྱི་དངོས་པོའི་རང་བཞིན་ཉིད་ཀྱི་ཕྱིརརོ།། ཀུན་གྱི་དོན་ནི་མ་ལུས་བྱེད་ཅེས་པ་ནི་མ་ལུས་ཤིང་ལུས་པ་མེད་པའི་འགྲོ་བའི་དོན་བྱེད་པ ་ནཱི། ཀུན་གྱི་དོན་ནི་མ་ལུས་བྱེད་ཅེསོ།། དེ་བྱེད་པའི་ཚུལ་དང་གང་ལྡན་པ་དེ་ནི། ཀུན་གྱི་དོན་ནི་མ་ལུས་བྱེད་ཅེས་པ་སྟེ། བཅོམ་ལྡན་འདསོ།། རྣམ་པ་བཅུ་དབང་ལྡན་ཆེ་བ་པོ་ཞེས་པ་ནི། དེ་ལ་རྣམ་བཅུ་ནི་དབང་བཅུའོ།། ་འདི་ལྟ་སྟེ། ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཆོས་ལ་དབང ་པ་དང་། སེམས་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་ཞེས་སོ།། དབང་བ་རྣམ་པ་བཅུ་པོ་དེ་དག་གི་མཚན་ཉིད་ཆོས་རྣམས་ལ་དབང་དུ་གྱུར་པའི་ཚུལ་དང་གང་ལྡན་པ་དེ་ནི་རྣམ་བཅུ་དབང་ལྡན་ཏེ། དེའི་ཕྱིར ་ཡང་ཐམས་ཅད་ལ་དབང་བའི་ཆོས་བརྙེས་པའི་ཕྱིར་ཆེ་བ་པོ་ཞེས་གསུངསོ།། ཟློག་མ་མེད་པ་ཞེས་པ་ནི་ཐོག་མ་སྟེ་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་ཐོག་མ་མེད་པའོ།། སྐྱེ་བ་མེད་པའི་ཕྱིར་ན་འཇིག་པའང་མེད་པར ་དོན་གྱི་ཤུགས་ལས་ཤེས་པར་བྱའོ།། མི་གནས་པའི་མྱ་ངན་ལས་འདས་པའི་ཡེ་ཤེས་ཐོབ་པའི་ཕྱིར་ཐོག་མ་དང་ཐ་མ་བཅོམ་པ་ཞེས་པའི་དོན་ཏོ།། སྤྲོས་པ་མེད་བདོག་ཅེས་པ་ནི་སྤྲོས་པ་ནི་ཕུང་པོ་དང་ཁམས་དང ་སྐྱེ་མཆེད་དང་། གཟུང་འཛིན་གྱི་མཚན་ཉིད་ཀྱི་ཆོསྒྲ་དེ་རྣམས་ཀྱི་བདག་ཉིད་དེ་རང་གི་ངོ་བོ་དང་བྲལ་བ་ནི། གང་གི་ཕྱིར་འདི་སྨྱོས་པ་མྱེད་པའི་བདག་ཉིད་ཡིན་པ་དེ་ཉིད་ཀྱི་ཕྱིར་ནཱ། དེ་བཞིན་ཉིད་བདག་ནས་པ་ནི་དེ ་ལྷོ་དེ་བཞིན་ཉིད་ནི་གཞན་དུ་མི་འགྱུར་བས་ན་དེ་བཞིན་ཉིད་ཀྱི་དོན་ཏོ།། རྟག་པ་དང་དེ་བཞིན་ཉིད་ཅེས་བྱ་བར་བྱས་པས་ན་དེ་བཞིན་ཉིད་ཀྱི་བདག་ཉིད་དེ་རང་བཞིན་གང་ཡིན་པ་དེ་ནི་དེ་བཞིན་ཉིད་བདག་སྟེ། སྟོང་པ ་ཉིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་ན་དག་པའི་བདག་ཅེས་པ་སྟེ། གློ་བུར་གྱི་དྲི་མ་མེད་པའི་ཕྱིར་ཏེ། དེའི་རང་བཞིན་ནི་གཞན་དུ་མི་འགྱུར་བའི་ཕྱིརརོ།། བདེན་པར་སྨྲ་ཞིང་ཞེས་པ་ནི། དེ་ལ་བདེན ་པ་ནི་འཕགས་པའི་བདེན་པ་བཞིའོ།། དེ་རྣམས་སྨྲ་བར་བྱེད་པའི་ཚུལ་དང་གང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་དོན་ནི་བདེན་པའི་དོན་ཏོ།། དེ་སྨྲ་བར་བྱེད་པ་ནི་གང ་མ་དང་འདྲའོ།། དེ་ཉིད་འཕགས་པཱ་ཀླུ་སྒྲུབ་སྙིང་པོའི་ཞབས་ཀྱིས་གསུངས་པ། འདི་ལྕེས་བསྔལ་བ་ཅི་ཡང་མེད།། བཞག་པར་བྱ་བ་ཅི་ཡང་མེད།། ཡང་དག་ཉིད་ལ་ཡང་དག་ལྔ།། ཡང་དག་མཐོང་ན་རྣམ་པར་གྲོལ ་ཤེས་སོ།། ཚིག་མི་འགྱུར་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་རིགས་པ་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་རོ།། ཇི་སྐད་སྨྲས་པ་དེ་བཞིན་བྱེད་ཅེས་པ་ནི། ཇི་ལྟར་ཆོས་ཐམས ་ཅད་སྟོང་པ་དང་། བདག་མེད་པ་དང་། སྒྱུ་མ་དང་། རྨི་ལམྦ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་ལྟ་བུ་ཞེས་སྟོན་ཅིང་དེ་བཞིན་དུ་ཡིད་ལའང་བྱེད་པའི་ཕྱིར་ན། ཇི་སྐད་སྨྲས ་པ་དེ་བཞིན་བྱེད་ཅེས་གསུངསོ།། དེ་ཉིད་ཀྱི་ཕྱིར་ཚིག་མི་འགྱུར་བ་ཞེས་སྟེ། བདེན་པའི་ཚིག་གིས་སེམས་ཅན་ཐམས་ཅད་ལ་རིགས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་ཀྱི་ཕྱི་རི་རོ།། ། ་གཉིས་མེད་ཅེས་པ་ནི་གཟུང་འཛིན་གཉིས་མེད་པ་སྟེ། དེའི་མེད་པའི་དངོས་པོ་ནི་གཉིས་མེད་ཅེས་གསུངས་ཏེ། དེ་ནི་བཅོམ་ལྡན་འདས་དེ་ཉིད་དོ།། དོན་དམ་པར་གཉིས་མེད་ན་ཡང་ཀུན་རྫོབ་ཏུ་གཉིས་སྟོན་པས ་ཤེས་སོ།། ཡང་དག་མཐའ་ལ་རྣམ་པར་གནས་ཞེས་པ་ནི་ཕྱིན་ཅི་མ་ལོག་པའི་དོན་གྱིས་ཡང་དག་མཐའ་སྟེ། ཕྱིན་ཅི་ལོག་གི་གཞི་མེད་པའི་ཕྱིརརོ།། ཡང་དག་པའི་མཐའ་དེ་ལ་རྣམ་པར་གནས་པ་དེ ་ནི་དེའི་རང་བཞིན་དང་དབྱེར་མེད་པའི་ཕྱིརརོ།། བདག་མེད་སེང་གེའི་སྒྲ་དང་ལྡན་ཞེས་པ་ནི། དེ་ལྟ་བདག་མེད་པ་ནི་རྣམ་པ་གསུམ་སྟེ། མཚན་ཉིད་མེད་པས་བདག་མེད་པ་དང་། མི་མཐུན་པའི་མཚན་ཉིད་ཀྱིས ་བདག་མེད་པ་དང་། རང་གི་མཚན་ཉིད་ཀྱིས་བདག་མེད་པའོ།། བངགི་མེད་པ་གསུམ་པོ་དེ་ཉིད་སེང་གེ་བས་ན་བདག་མེད་སེང་གོའི་སྟེ། ཀུན་ལ་ཉམ་མི་ང་བ་ཉིད་ཀྱི་ཕྱིར་སེང་གེ་དང་འདྲ་བས་སེང་གེ་སྟེ། བདག ་མེད་པའི་སེང་གེའི་སྒྲ་ནི་བདག་མེད་སེང་གེའི་སྒྲའོ།། དེ་དང་གང་ལྡན་པ་དེ་བདག་མེད་སེང་གེའི་སྒྲ་དང་ལྡན་ཞེས་གསུངསོ།། མུ་སྟེགས་རི་དྭགས་ངན་འཇིགས་བྱེད་ཅེས་པ་ནི་མྱ་ངན་ལས་འདས་པའི་རྒྱ ་མཚོར་འཇུག་པའི་དོན་གྱིས་ལམ་ནི་མུ་དང་སྟེགས་ཏེ། དེས་ན་མུ་ཡང་ཡིན་ལ་མུ་སྟེགས་ཀྱང་ཡིན་པས་མུ་སྟེ། གས་ངན་པའོ།། དེ་ཉིད་ཀྱི་ཕྱིར་ན་རི་དྭགས་ཏེ། བདག་མེད་པའི་སེང་གེའི་སྒྲས་འཇིགས་པའི་ཕྱིརརོ།། ་འཇིགས་པར་བྱེད་པའི་ཚུལ་གང་ཡིན་པ་དེ་ནི་འཇིགས་པར་བྱེད་པ་སྟེ། མུ་སྟེགས་རོ་དྭགས་ངན་པ་རྣམས་འཇིགས་པར་བྱེད་པ་ནི་མུ་སྟེགས་སྟེ་རི་དྭགས་ངན་པ་འཇིགས་བྱེད།། དེ་ལྟར་གསུངས་པ། སྟོང་པ་ཉིད་ཀྱི་ཡི ་གེ་སྒྲས།། རྒོལ་བ་ཐམས་ཅད་སྐྲག་པར་འགྱུར།། གང་དང་གང་ལ་འཇུག་ན་ཡང་།། དེ་དང་དེ་ལ་སྟོང་པ་ཉིད་ཅེསོ།། ཀུན་ཏུ་འགྲོ་བ་ཞེས་པ་ནི་བྱིན་རླབས་ལས་བྱུང་བའི་ཤེས་པ་བཞིན་དུ་ཀུན་ཏུ་འགྲོ་བས་ན་སྤྲུལ་བའི་སྐུ ་སྟེ|དེ་ལྟར་བདག་བརྟགས་པའི་ཕྱིརརོ།། ཡང་ན་ཀུན་ཏུ་འགྲོ་བ་ནི་ལྔ་ཀུན་འགྲོ་བ་སྟེ། དེ་ལ་འདི་རྣམས་ནི་ས་ཆེན་པོ་ཞེས་བྱ་སྟེ། ས་ཆེན་པོའི་རིས་ཐམས་ཅད་ཀྱིས་སེམས་ལས་བྱུང་བར་གྱུར་པ་སྟེ། དེ་ལ་ཡང ་རེ་ཞིག་རེག་པ་དང་། ཡིད་ལ་བྱེད་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པའི་བདག་ཉིད་ཀྱི་ཆོས་རྣམསོ།། དེ་རྣམས་དང་གང་ལྡན་པ་དེ་ནི་ཀུན་ཏུ་འགྲོ་བ་ཞེསོ།། དོན་ཡོད་སྟོབས་ཞེས་པ་ནི་དོན་ཡོད ་ནི་བཅིངས་པ་མེད་པའོ།། སྣརུབས་ནི་འགྲོ་བ་སྟེ། དེ་དང་གང་ལྡན་པ་དེ་ནི་དོན་ཡོད་སྒྲུབ་སོ།། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས་ཞེས་པ་ནི་སྐད་ཅིག་མ་གཅིག་ཁོ་ནས་གཞལ ་དུ་མེད་པའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྲོ་བའི་ཕྱིར་རོ།། རྒྱལ་བ་ཞེས་པ་ན་མི་དགེ་བླའི་ཆོས་རྣམས་ལས་འདིས་རྒྱལ་བའི་ཕྱིར་ན་རྒྱལ་བ་ཞེས་གསུངསོ།། རྣམ་རྒྱལ་ཞེས་པ་ནི་རྣམ་པར་རྒྱལ་བ་དང་ལྡན་པ ་ཡིན་པས་ན་རྣམ་པར་རྒྱལ་ལོ།། དགྲ་ལས་རྒྱལ་ཞེས་པ་ནི་དགྲ་ནི་ཉོན་མོངས་རྣམསོ།། འདིས་དེ་ལ་རྒྱལ་བའི་ཕྱིར་ན་དགྲ་ལས་རྒྱལ་ལོ།། འཁོར་ལོས་སྒྱུར་བ་ཞེས་པ་ནི་ཆོས་མངོན་པ་ལས་འཁོར་ལོས་སྒྱུར་བ་བཞི ་ཞེས་བརྗོད་དོ།། དེ་རྣམས་ཀྱི་ཡང་འབྱུང་བའི་དུས་ནི་གང་འཁོར་ལོ་ནི་ཇི་ལྟ་བུ་དང་ལྡན། ཅིག་ཅར་འབྱུང་ངམ་ཇི་ལྟ་བུའི་འགྲོ་བ་ཡིན་ཞེ་ན། དེའི་ཕྱིར་དབྱིག་གཉེན་ཞབས་ཀྱིས་གསུངས་པ། འཁོར་ལོས་སྒྱུར ་བ་འབྱུང་བ་ནི། སྟོང་ཕྲུག་བརྒྱད་ཅུ་ལས་མི་འཕྱི།། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན།། དྲི་དག་གླིང་གཙུག་གླིང་གཉིས་དང་།། གསུམ་དང་བཞི་ལམ་རིམ་པ་བཞིན།། ཕས་བསུ་རང་འགྲོ་གཡུལ ་བཤམས་དང་།། མཚོན་བརྩམས་རྒྱལ་གནོད་པ་མེད།། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན་ཞེསོ།། དེའི་ཚུལ་གྱིས་སོ་སོར་སྣང་བའི་འཁོར་ལོས་སྒྱུར་བའོ།། ཡང་ན་དཔལ་བདེ་མཆོག་གི་རྒྱུད ་ལས་གསུངས་པ། འཁོར་ལོས་སྒྱུར་བའི་གཟུགས་ཉིད་ཀྱི་ཕྱིར་ན་འཁོར་ལོས་སྒྱུར་བའོ།། དེ་ཉིད་ཀྱི་ཕྱིར་སྟོབས་པོ་ཆེ་ཞེས་པ་སྟེ། ཆེན་པོ་ཡང་དེ་ཡིན་ལ་སྟོབས་ཀྱང་དེ་ཡིན་པས་སྟོབས་ཆེན་ནི་དཔུང་གི་ཚོགས ་ཡན་ལྷག་བཞིའོ།། དེ་དང་གང་ལྡན་པ་དེ་སྟོབས་པོ་ཆེ་ཞེས་གསུངས།། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག། ཚོགས་རྗེ་ཚོགས་བདག་དབང་དང་ལྡན་ཞེས་བྱ་ནི། དེ་ལ་ཚོགས་ནི་ཉན་ཐོས་ཀྱི་ཚོག་སོ།། དེ་རྣམས ་ཀྱི་མཆོག་ནི་ཚོགས་ཀྱི་མཆོག་སྟི་གཙོ་བོ་ཞེས་པའི་དོན་ཏོ།། ཚོགས་ཀྱི་སློབ་དཔོན་ནི་ཚིགས་ནི་རང་རྒྱལ་གྱི་ཚོགསོ།། དྲི་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་མན་ངག་སྟོན་པའི་ཕྱིར་ན་སློབ་དཔོན་ཏེ་འཛུམ་དཔལ་ཉིད་དོ།། ཆོ་ག ་རྗེ་ཞེས་པ་ལ་ཚོགས་ནི་བྱང་ཆུབ་སེམས་དཔའི་ཚོགས་ཏེ། དེ་རྣམས་ཀྱི་རྗེ་བོ་ནི་ཚོགས་རྗེའོ།། ཚོགས་བདག་ཅེས་པ་ནི། ཚོགས་ནི་དེ་བཞིན་གཤེགས་པའི་ཚོག་སོ།། དེ་རྣམས་ཀྱི་བདག་པོ་ནི་རྗེ་བོ་སྟེ། བྱང་ཆུབ་ཀྱི ་སྣརུམས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ན་དབང་ལྡན་ཏེ། དེ་དང་དེའི་རང་བཞིན་ཡང་དག་པར་བསྟན་པ་ཉིད་ཀྱིས་ཐམས་ཅད་ཀྱི་རང་བཞིན་བསྟན་པའི་ཕྱི་རོ།། མཐུ་ཆེན་ཅེས་པ་འཛིན་པ་སྟེ།། ཚུལ་ཆེན་གཞན ་གྱི་དྲིང་མི་འཇོག་ཅེས་པ་ནི། དེ་ལ་མཐུ་ཆེན་ཅེས་པ་ནི་ཆེ་བའི་བདག་ཉིད་དོ།། ཆེ་བ་ཡང་དེ་ཡིན་ལ་མཐུ་ཡང་དེ་ཉིད་ཡིན་པས་མཐུ་ཆེན་ནོ།། གཅེས་པ་འཛིན་ཞེས་པ་ནི་གཅེས་པ་ནི་ལེགས་པའི་ཆོས་འཛིན་པའོ།། ་ཚུལ་ཆེན་ནི་ཆེན་པོ་ཡང་དེ་ཡིན་ལ་ཚུལ་ཡང་དེ་ཉིད་ཡིན་པས་ཚུལ་ཆེན་ཏེ། ཐབས་ཆེན་ཞེས་པའི་དོནྡ་ཏོ།། གཞན་གྱི་རྙིང་མི་འཇོག་པ་ནི་གཞན་གྱི་དྲིང་མི་འཇོག་པ་སྟེ། ཆོས་ཟླ་བ ་མོ་ལ་མོས་པ་ཉིད་ཀྱི་ཕྱི་རོ།། དེ་ལྟར་ཡང་མྱོས་པ་གཙོ་བོ་ཡིན་པའི་ཕྱིར་རང་གི་གྲུབ་པའི་མཐའ་ལས་རྒོལ་བ་གཞན་རྣམས་ཀྱིས་དབྲོག་པར་མི་ནུས་པས་དེ་ནི་གཞན་གྱི་དྲིང་མི་འཇོག་པའོ།། ཚིག་རྗེ་ཚིག ་བདག་སྨྲ་མཁས་པ།། ཚིག་ལ་དབང་བ་ཚིག་མཐའ་ཡས་ཞེས་པ་ནི། དེ་ལ་ཚིག་རྗེ་ནི་ཚིག་རྣམས་ཀྱི་རྗེ་བོ་ནི་ཚིག་རྗེ་སྟེ། དོན་སོ་སོ་ཡང་དྲག་རིག་པ་ཐོབ་པའི་ཕྱིརརོ།། ཚིག་བདག་ནི་ཚིག་ཀུན་གྱི་གཙོ་བོ་ཞེས ་པའི་དྲན་ཏོ།། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱི་རོ།། སྨྲ་མཁས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་ཕྱིརརོ།། ཚིག་ལ་དབོང་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཐོབ ་པའི་ཕྱིར།། ས་ལེགས་པའི་བློ་གྲོས་ལ་སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པས་ན་ཆོས་བརྗོད་པར་མཁས་པ་ཞེས་བྱའོ་ཞེས་གསུངསོ།། དེ་ཉིད་ཀྱི་ཕྱིར་ཚིག་མཐའ་ཡས་ཞེས་གསུངསོ།། མཐའ་ཡས ་པའི་ཚིག་གི་ངག་དང་ལྡན་པ་དེ་ནི་ཚིག་མཐའ་ཡས་ཏེ། སྐད་ཅིག་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཇི་ལྟར་སྐོལ་བ་དང་ལྡན་པ་ཉིད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་ཀྱི་ཕྱིར་རོ།། ཚིག་བདེན ་བདེན་པར་སྨྲ་བ་སྟེ། བདེན་པ་བཞི་ནི་སྟོན་པ་པོ་ཞེས་པ་ནི། དེ་ལ་ཚིག་བདེན་པ་ནི་བདེན་པ་གཉིས་ཏེ། འདི་ལྟར་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ།། དེ་ལ་ཀུན་རྫོབ་ལ་རྣམ་པ་གསུམ་སྟེ། ་བརྟགས་པའི་ཀུན་རྫོབ་དང་། ཤེས་པའི་ཀུན་རྫོབ་དང་། བརྗོད་པའི་ཀུན་རྫོབ་སྟེ། དེ་རྣམས་ཀྱི་བདེན་པའོ།། དོན་དམ་པའི་བདེན་པ་ནི་གཅིག་པུ་ཡོངསུ་གྲུབ་པ་ལས་རིག་པར་བྱའོ།། དེ་ཡང་དོན་དམ་པ་རྣམས ་པ་གསུམ་སྟེ། དོན་དམ་པ་དང་། ཐོབ་པའི་དོན་དམ་པ་དང་། སྒྲུབ་པ་དོན་དམ་པའོ།། དེ་ལ་དོན་དམ་པ་ནི་དེ་བཞིན་ཉིད་དེ། དམ་པའི་ཡེ་ཤེས་ཀྱི་དོན་ཞེས་བྱ་བས་སོ།། ཐོབ་པ་དོན་དམ་པ་ནི་མྱ་ངན་ལས་འདས་པ ་སྟེ། དམ་པའི་དོན་ཞེས་བྱ་བས་སོ།། སྒྲུབ་པ་དོན་དམ་པ་ནི་ལམ་སྟེ། འདི་དོན་དམ་པ་ཞེས་བྱ་བས་སོ།། བདེན་པ་དེ་གཉིས་ལ་བརྟེན་ནས་འཇུག་པའི་ཚིག་དེ་ནི་བདེན་པའི་ཚིག་ཅེས་གསུངསོ།། དེ་ལྟར་ཡང ་དབུ་མའི་རྩ་བ་ལས་འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་ཀྱིས་གསུངས་པ། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ།། བདེན་པ་གཉིས་ལྔ་ཡང་དག་བརྟེན།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི ་བདེན་པའོ།། གང་དག་བདེན་པ་དེ་ག་ཉིས་ཀྱི།། རྣམ་དབྱེ་རྣམ་པར་མི་ཤེས་པ།། དེ་ཡིས་སངས་རྒྱས་བསྟན་པ་ཡི།། ཟབ་མོའི་དེ་ཉིད་རྣམ་མི་ཤེས་ཞེསོ།། དེ་ཡང་བདེན་པར་སྨྲ་བ་སྟེ་ཞེས་པ་ནི་བདེན་པ ་ནི་ཡང་དག་པ་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། དེ་ལྟར་སྨྲ་བའི་ཚུལ་དང་གང་ལྡན་པ་དེ་ནི་བདེན་པར་སྨྲ་བ་སྟེ་ཞེས་བྱའོ།། བདེན་པ་བཞི་ནི་སྟོན་པ་པོ་ཞེས་པ་ནི། དེ་ལ་བདེན་པ་ནི ་ཤེས་བྱ་ཀུན་མདོར་བསྡུས་པའི་མཚན་ཉིད་རྣམས་ཏེ་བདེན་པ་བཞིའོ།། སྡུག་བསྔལ་གྱི་བདེན་པ་ནི་ཕུང་པོ་ལ་སོགས་པ་ལ་ཕྱིན་ཅི་ལྕོགས་པའི་མཚན་ཉིད་དེ། འཕགས་པ་དང་མཱི་མཐུན་པའི་ཕྱིར་རོ།། ་ཀུན་འབྱུང་བའི་བདེན་པ་ནི་མདོར་བསྡུ་ན་ཇི་སྐད་གསུངས་པའི་སྡུག་བསྔལ་ཉིད་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པའི་རྐྱེན་ཉིད་ཀྱིས་བདེན་པ་སྟེ། སྡུག་བསྔལ་གྱི་རྒྱུ་ཉིད་ཀྱི་ཕྱིརརོ།། འགོག་པའི ་བདེན་པ་ཇི་ལྟ་ཇི་ལྟར་བརྟགས་པའི་ཆོས་ཐམས་ཅད་ཇི་ལྟར་སྐྱེ་བ་མེད་པའི་མཚན་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སོ།། གཏི་མུག་གི་མི་མཐུན་པའི་ཕྱོགས་ཀྱི་གཉེན་པོར་གྱུར་པ་དེ་རྟོགས་པ་ཡང་ལམ་གྱི་བདེན ་པ་སྟེ། རྫོགས་པའི་བྱང་ཆུབ་ཡོང་སུ་རྫོགས་པར་བྱེད་པ་བྱམས་པའི་མཐུས་གཏོང་བ་ལ་སོགས་པ་སྟེ། དེ་རྣམས་སྟོན་པ་ནི་བདེན་པ་བཞི་སྟོན་པའོ།། ཕྱིར་མི་ལྡོག་པ་ཕྱིར་མི་འོང་།། འདྲེན་པ་རང་རྒྱལ ་བསེ་རུའི་ཚུལ་ཞེས་པ་ནི། དེ་ལ་ཕྱིར་མི་ལྡོག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་གང་ཡིན་པ་དེ་ནི་ཕྱིར་མི་ལྡོག་པ་ཞེས་གསུངས་སོ།། ཇི་ལྟར་ཉན་ཐོས་ཀྱི་རིགས་ལྷར་ཕྱིར ་ལྡོག་ཅིང་དེ་ལ་གསལ་བར་བྱེད་པས་ན་ཕྱིར་མི་ལྡོག་པ་སྟེ། ས་བརྒྱད་པ་མི་གཡོ་བ་ལ་ལུང་བསྟན་པ་ཐོབ་པའི་ཕྱིརརོ།། ཕྱིར་མི་འོང་བ་ནི་དད་པ་དང་མཐོང་བས་ཐོབ་པ་དེ་ལས་གང་ཞིག་འདོད་པ་ནི་སྤྱོད་པའི ་ཉོན་མོངས་པ་རྣམ་པ་དགུ་བྱང་བ་ནི་ཕྱིར་མི་འོང་བ་ཞེས་གསུངསོ།། དེ་ལྟར་ཡང་གསུངས་པ། འདོད་པའི་རྣམ་པ་བརྒྱད་དང་ནི།། དགུ་པ་ཡང་ནི་ཟད་པ་ཡིས།། ལན་ཅིག་ཕྱིར་མི་འོང་བ་དང་།། གང་ཟག་ཕྱིར ་མི་བོང་བ་སྐྱེ་ཞེས་སོ།། རང་སངས་རྒྱས་ནི་རྣམ་པ་གཉིས་ཏེ། བསེ་རུ་ལྟ་བུར་སྤྱོད་པ་དང་། ཚོགས་ན་སྤྱོད་པའོ།། དེ་ལ་བསེ་རུ་ལྟ་བུའི་དབང་དུ་བྱས་ནས་གསུངས་པ། བསེ་རུ་ཞེས་པ་ནི་བསེ་རུ་དང་འདྲ་བས ་བསེ་རུ་སྟེ། བསྲེ་ཞེས་པ་ནི་སེམས་ཅན་པས་ཉིད་དོ།། ད་ནི་མགོ་ལ་རཱ་གཅིག་ཁོ་ནར་འགྱུར་རོ།། དེ་འདྲ་བའི་ཕྱིར་ན་སངས་རྒྱས་གཅིག་པུར་སྟོན་པ་ནི་བསྱེ་རུའི་ཚུལ་ཞེས་གསུངས།། འདུན་པ་རང་རྒྱལ་ནི་ཚིགས ་ན་སྤྱོད་པའོ།། སོ་སོ་རེ་རེར་གཙོ་བོ་ཡིན་པས་འདྲེན་པ་སྟེ། ཚོགས་ན་སྤྱོད་པ་ཉིད་ཀྱི་ཕྱི་རི་རོ།། ངེས་འབྱུང་སྣ་ཚོགས་ལས་འབྱུང་བ།། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ་ཞེས་པ་ནི། དེ་ལྔ་ངེས་འབྱུང་སྣ་ཚོགས ་ལས་བྱུང་བ་ཞེས་པ་ལ་ངེས་འབྱུང་སྣ་ཚོགས་ནི་ཉན་ཐོས་ལ་སོགས་པོའི་མྱ་ངན་ལས་འདས་པའོ།། དེ་རྣམས་ཀྱིས་ངེས་པར་འབྱུང་བས་ན་ངེས་འབྱུང་སྟེ། གང་ཞིག་གདུལ་བྱའི་སེམས་ཅན་རྣམས་ཀྱི་རྒྱུད ་ལ་དེའི་གཟུགསུ་འབྱུང་བ་སོ་སོར་སྣང་བ་ཉིད་ཀྱི་ཕྱི་རོ།། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ་ཞེས་པ་ནི། དེ་ལ་འབྱུང་བ་ནི་ས་ལ་སོགས་པ་བཞིའོ།། ནམ་མཁའ་ཡང་འབྱུང་བ་ཆེན་པོ་ཉིད་ཀྱི་ཕྱིར་ན་འབྱུང ་པ་ཆེན་པོ་ལྔ་ཡིན་པ་ལས་བཞི་ཞེས་གསུངས་པ་ཅིའི་ཕྱིར་ཞེ་ན། དེ་རྣམས་ནི་ཆེན་པོ་ཡང་ཡིན་ལ་འབྱུང་བ་ཡང་ཡིན་པས་འབྱུང་བ་ཆེན་པོ་སྟེ། ན་མཁའི་ཡུལ་དང་ཕྱོགས་ལ་རྒྱས་པར་མནན་ནས་གནས་པའི་ཕྱིར་ན་སའི ་ཁམས་ལ་སོགས་པ་ཆེན་པོ་ཉིད་དོ།། ཡང་སའི་ཁམས་ལ་སོགས་པ་བཞི་པོ་དེ་རྣམས་ནི་ཐུན་མོང་མ་ཡིན་པའི་ལས་ཀྱི་ཁྱད་པར་ལས་འབྱུང་བ་ཉིད་ཀྱི་ཕྱིར་ན་འབྱུང་བ་ཉིད།། དེ་བས་ན་ན་མཁའ་ནི་ཆེན་པོ་ཉིད་དུ་ཡོད་དེ། ་གཟུགས་ཐམས་ཅད་སྐྱེ་བའི་གོ་འབྱེད་པ་ཉིད་ཀྱི་ཕྱིརརོ།། འབྱུང་བ་ཉིད་ནི་མ་ཡིན་ཏེ། འདུས་མ་བྱས་པ་ཉིད་ཀྱི་ཕྱིར་དང་། གང་གི་ཕྱིར་འབྱུང་བའི་དོན་ནི་དངོས་པོའི་དོན་ཡིན་པས་ན། དེའི་ཕྱིར་ན་མཁའ་ནི་འབྱུང་བ ་ཆེན་པོ་མ་ཡིན་ནོ།། དེའི་ཕྱིར་ན་འབྱུང་བ་ཆེན་པོ་བཞི་ཁོ་ནའོ།། འབྱུང་བ་ཆེན་པོ་བཞི་པོ་དེ་དག་ནི་རྒྱུ་སྟེ་བྱེད་རྒྱུ་གཅིག་པ་གཉིསུ་མེད་པ་གང་ཡིན་པ་དེ་ནི་དེ་ལ་དེ་ལྟར་གསུངས། དགེ་སློང་དགྲ་བཅོམ་ཟག་པ་ཟད ་འདོད་ཆགས་བྲལ་བས་དབང་པོ་ཐུལ་ཞེས་པ་ནི། དེ་ལ་དགེ་སློང་ནི་ཆོས་མངོན་པ་ལས་དགེ་སློང་བཞི་བརྗོད་དེ། འདི་ལྟ་སྟེ་མིང་གྲི་དགེ་སློང་དང་། སློང་བའི་དགེ་སློང་དང་། བཅས་པའི་དགེ་སློང་དང་། དོན་དམ་པའི་དགེ ་སློང་ངོ་།། བཞི་པོ་དེ་རྣམས་ལས་འདི་ནི་དོན་དམ་པའི་དགེ་སློང་སྟེ། ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་དང་། བདུད་ཐམས་ཅད་ཀྱིས་མི་ཕྱེད་པའི་ཕྱིརརོ།། དགྲ་བཅོམ་པ་ཞེས་པ་ནི་དགྲ་ནི་ཉོན་མོངས་པ་སྟེ། དེ་རྣམས་བཅོམ ་པ་དང་ལྡན་པས་ན་དགྲ་བཅོམ་པའོ།། འཁོར་བར་སླར་ཉམས་པར་མི་འགྱུར་བའི་ཆོས་ཉིད་ཀྱིས་སམ། དོན་མ་ལུས་པར་ཡོངསུ་རྫོགས་པའི་ཕྱིར་གཞན་རྣམས་ལ་རྗེསུ་སྟོན་པར་བྱེད་པ་འོས་པར་ནུས་པ་ཞེས་པས་སམ། ་སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་ཏུ་འོས་པ་ཞེས་པས་སམ་ཁམས་གསུམ་གྱི་གཙོ་བོ་རྣམས་ཀྱིས་རྣམ་པ་དུ་མས་མཆོད་པས་བྱ་བར་འོས་པ་ཞེས་པས་སམ། བླ་ན་མེད་པ་དེ་བཞིན་གཤེགས་པ་རྣམས ་ལ་སྒྲུབ་པའི་མཆོད་པས་མཆོད་པར་འོས་པའི་ཕྱིར་ན་དགྲ་བཅོམ་པ་ཞེས་བཤད་དེ། བཅོམ་ལྡན་འདསོ།། ཟག་པ་ཟད་པ་ཞེས་པ་ནི། དེ་ལ་མི་དགེ་བའི་ཆོས་ཀྱི་རྩ་བ་བཞི་ནི་ཟག་ཅིང་སྐྱེ་བར་བྱེད་པའི་ཕྱིར་རམ། ཉོན་མོངས ་པའི་རྣག་ཟག་པ་ཞེས་བྱ་སྟེ། སྲིད་པའི་རྩེ་བོ་ནས་གཟུངས་ནས་ཇི་ཙམ་མནར་མེད་པའི་བར་དུ་སྐྱེ་མཆེད་དྲུག་གི་རྨ་ནས་སེམས་ཅན་རྣམས་ཉོན་མོངས་པར་བྱེད། གནོད་པར་བྱེད་པས་ཉོན་མོངས་པའི་ཟག་པ་རྣམསོ།། ་གཟུགས་ལ་སོགས་པའི་ཡུལ་ལྔ་དང་། མ་རིག་པ་དང་ལྷན་ཅིག་སྐྱེས་པ་དང་ཀུན་ཏུ་བརྟགས་པ་ལས་བྱུང་བའི་རང་བཞིན་གྱིས་ཡོང་སུ་རྟགས་པ་ཉིད་དང་། ལྟ་བ་དྲུག་ཅུ་རྩ་གཉིས་རྣམས་ནི་མ་རིག་པ་ཞེས་བྱ ་བྱའོ།། འདོད་པའི་ཟག་པ་དང་། སྐྱིད་པའི་ཟག་པ་དང་། མ་རིག་བྱའི་ཟག་པ་དང་། ལྟ་བའི་ཟག་པ་རྣམས་ཞེས་གསུང་སོ།། མི་སློབ་པའི་ཚུལ་ཁྲིམས་དང་། ཏིངངེ་འཛིན་གྱི་ཕུང་པོས་ནི་འདོད ་པའི་ཟག་པ་ཟད་དོ།། མི་སློབ་པའི་ཤེས་རབ་ཀྱི་ཕུང་པོས་ནི་ལྟ་བའི་ཟག་པ་ཟད་དོ།། མི་སློབ་པའི་རྣམ་པར་གྲོལ་བའི་ཕུང་བྲོས་ནི་སྲིད་པའི་ཟག་པ་ཟད་དོ།། མི་སློབ་པའི་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་ཕུང་པོས་ནི་མ ་རིག་པའི་ཟག་པ་ཟད་དོ།། ཚུལ་ཁྲིམས་ཡོངསུ་རྫོགས་པའི་ས་ལ་འམ། མཐོང་བའི་ས་ལ་ཡང་དག་པར་ལྟ་བྱས་ནི་ལྟ་བའི་ཟག་པ་ཟད་དོ།། ཏིངངེ་འཛིན་ཡོངསུ་རྫོགས་པའི་ས་ལ་འམ། ཕྱིར་མི་ལྡོག་པའི་ལམ་ལ ་ཡང་དག་པའི་ཏིང་འཛིན་གྱིས་འདོད་པའི་ཟག་པ་ཟད་དོ།། ཤེས་རབ་ཡོངསསུ་རྫོགས་པའི་ས་ལ་འམ། དགྲ་བཅོམ་པའི་ལམ་ལ་ཡང་དག་པའི་རྣམ་པར་གྲོལ་བས་ནི་མ་རིག་པའི་ཟག་པ་ཟད་དོ།། རྣམ་པར་གྲོལ་བ་ཡོངསུ ་རྫོགས་པའི་ས་ལ་འམ། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་གཉིས་ཀྱིས་སྲིད་པའི་ཟག་པ་ཟད་དོ།། དགྲ་བཙུམ་པའི་ལམ་ལ་འམ། འདོད་པའི་ཉོན་མོངས་པ་ཡོངསུ་ཤེས་པའི་ཕྱིར་ན་འདོད་པའི་ཟག་པ་ཟད་དོ།། འདུ་བྱེད ་ཀྱི་ཕུང་པོ་ཡོང་སུ་ཤེས་པའི་ཕྱིར་ན་མ་རིག་པའི་ཟག་པ་ཟད་དོ།། མ་རིག་པའི་རྐྱེན་གྱིས་འདུ་བྱེད་པའི་ཕྱིརརོ།། ཉོན་མོངས་པའི་ཕུང་པོ་ཡོངསསུ་ཤེས་པའི་ཕྱིར་ན་ལྟ་བའི་ཟག་པ་ཟད།། ཕུང་པོའི་རྫས་ཡོངསུ་ཤེས་པའི ་ཕྱིར་ན་སྲིད་པའི་ཟག་པ་ཟད་དོ།། སྡུག་བསྔལ་གྱི་བདེན་པ་ཡོངསུ་ཤེས་པའི་ཕྱིར་ན་ལྟ་བའི་ཟག་པ་ཟད་དོ།། ལྟ་བ་ཐམས་ཅད་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་པ་ཡིནོ།། སྡུག་བསྔལ་གྱི་བདེན་པ་དང་། ཀུན ་འབྱུང་གི་བདེན་པ་ཐམས་ཅད་སྤངས་པའི་ཕྱི་རཱི་ན་འདོད་པའི་ཟག་པ་ཟད་དོ།། འགོག་པའི་བདེན་པ་མངོན་དུ་བྱས་པའི་ཕྱིར་ན་སྲིད་པའི་ཟག་པ་ཟད་དོ།། ལམ་གྱི་བདེན་པ་བསྒོམས་པ་ཉིད་ཀྱིས་མ་རིག་པའི་ཟག་པ་ཟད།། ་འདོད་པའི་ཟག་པ་སྤངས་པའི་ཕྱིར་ན་ལྷའི་བུའི་བདུད་བཅོམ་པར་གྱུར་ཏོ།། སྲིད་པའི་ཟག་པ་ཟད་པའི་ཕྱིར་ན་འཆི་བདག་གི་བདུད་བཅོམ་པར་གྱུར་ཏོ།། མ་རིག་པ་སྤངས་པའི་ཕྱིར་ན་ཉོན་མོངས་པའི་བདུད་བཅོམ་པར ་གྱུར་ཏོ།། ལྟ་བའི་ཟག་པ་ཟད་པའི་ཕྱིར་ན་ཕུང་པོའི་བདུད་བཅོམ་པར་གྱུར་ཏོ།། བདུད་བཞི་ལུས་མཆོག་ཏུ་རྒྱལ་བས་བཅོམ་ལྡན་འདས་འཇམ་དཔལ་ནི་ཟག་པ་ཟད་དོ་ཞེས།། དེའི་ཕྱིར་ཟག་པ་འདི་དག་ཟད་པ་གང་ཡིན་པ་དེ ་སྐད་ཅེས་བྱའོ།། འདོད་ཆགས་བྲལ་བ་ཞེས་པ་འདིས་ནི་ཁམས་གསུམ་ཀུན་ཏུ་གནས་པའི་ཉོན་མོངས་པ་རྣམས་འཕགས་པའི་བདེན་པ་བཞི་རྣམ་པ་བཅུ་དྲུག་གི་དབྱེ་བས་ཉོན་མོངས་པ་རྣམས་དགུ་བཅུ་རྩ་བརྒྱུད་མཐོང ་བ་དང་བསྒོམ་པའི་ལམ་གཉིས་ཀྱིས་སྤངས་པའི་ཕྱིར། འདོད་ཆགས་དང་བྲལ་བ་ཞེས་གསུངས།། དེ་ཉིད་ཀྱི་ཕྱིར་ན་དབང་པོ་ཐུལ་ཞེས་པ་སྟེ། སྤྱོད་ཡུལ་ཐམས་ཅད་ཀྱིས་ཟིལ་གྱིས་མི་གནོན་པ་ཉིད་ཀྱི་ཕྱིརརོ།། བདེ་བ ་རྙེད་པས་འཇིགས་མེད་ཐོབ།། བསིལ་བར་གྱུར་པས་རྙོག་པ་མེད་ཅེས་པ་ནི། དེ་ལ་བདེ་བ་རྙེད་པ་ནི་བདེ་བ་ནི་ལུས་ཀྱི་ལུས་ཏེ། དེ་རྙེད་པ་གང་ཡིན་པ་དེ་ནི་བདེ་བ་རྙེད་པའོ།། ་འཇིགས་པ་ནི་སྐྲག་པ་སྟེ། གང་ལྔ་མེད་པ་ནི་འཇིགས་པ་མེད་པའོ།། འཇིགས་པ་མེད་པ་ངག་གི་ལས་ཏེ། ངག་གི་ལས་ཀྱི་ཚིག་ཐམས་ཅད་སྐྱོ་བའི་ཕྱི་རོ།། ངག་གི་ལས་ཐོབ་པ་ནི་འཇིགས་མེད་ཐོབ་པོ།། ་བསིལ་བར་གྱུར་པ་ནི་འདིས་བསིལ་པ་སྟེ། ཞི་བ་ཉིད་ཀྱིས་བདག་ཉིད་སེམས་གཡོ་བ་ལས་ཐམས་ཅད་མེད་པར་གཟིགས་ཏེ། དང་པོ་འདོད་ཆགས་ལ་སོགས་པས་ཟིལ་གྱིས་གནོན་པར་གྱུར་ལ་ཕྱིས་དེ་སྤངས ་པའི་ཕྱིར་ན་བསལ་བར་གྱུར་པའོ།། དེ་ཉིད་ཀྱིས་ལུས་ངག་ཡིད་སྐྱོ་བ་མེད་པའི་ཕྱིར་ན་རྙོག་པ་མེད་ཅེས་གསུངསོ།། རིག་པ་དང་ནི་རྐང་པར་ལྡན།། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག་ཅེས་པ་ལ། དེ་ལ་རིག ་པ་དང་རྐང་པར་ལྡན་ནི། དེས་ནི་ཡེ་ཤེས་སེམས་དཔའ་དེ་སྟོན་པ་ཕུན་སུམ་ཚོགས་པ་ཐོབ་པའི་རྒྱུ་སྟོན་པར་བྱེད། རིག་པ་དང་རྐང་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་ལུས་ཡང་དག་པའི་ལྟ་བ་ནི་རིག ་པ་སྟེ། ཡན་ལག་གཞན་ནི་རྐང་པའོ།། མ་མཐོང་ཞིང་རྐང་པ་མེད་ན་འགྲོ་བར་མི་ནུས་ཞེས་བྱ་བས་སོ།། བསླབ་པ་གསུམ་ནི་རིག་པ་དང་། རྐང་པ་སྟེ། ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་། ལྷག་པ་ཚུལ ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་སེམས་ཀྱི་བསླབ་པའོ།། དེ་ལ་ཤེས་རབ་ནི་རིག་པའོ།། གཉིས་ནི་རྐང་པའོ།། ཤེས་རབ་ཀྱིས་སྔོན་དུ་བྱས་ནས་བསྐྱོད་པ་ནི་རྐང་པ་ཞེས་བྱའོ།། རིག་པ་སྔོན་དུ་གཟུང་།། ་དེ་ཡོངསུ་དག་པའི་ཚུལ་ཁྲིམས་དང་། ཏིངངེ་འཛིན་ཡོངསུ་དག་པ་སྟེ། འདི་ལྟར་ཤེས་རབ་ཀྱི་སྤྱན་ཉིད་ཀྱིས་བལྟས་ནས། ཚུལ་ཁྲིམས་དང་ཏིང་འཛིན་རྐང་པ་དང་འདྲ་བས་འདི་དག་གིས་འགྲོ་ཞིང་བགྲོད་པར ་བྱ་བས་མཐུན་པར་བསླབས་པས་ན་རིགས་པ་དང་རྐང་པའི་སྒྲས་བསླབ་པ་གསུམ་ངེས་པརོ་བསྟན་པ་ཡིན་ནོ།། དེའི་ཕྱིར་རིག་པ་ལ་སོགས་པ་དང་ལྡན་པས་རིག་པ་དང་རྐང་པར་ལྡན་ཞེས་གསུངས་སོ།། ་བདེ་གཤེགས་ཞེས་བྱ་བ་དེས་ཀྱང་ཇི་ལྟར་བགྲོད་པར་བྱ་བ་དང་། འགྲོ་བ་ལ་སྟོན་ཏེ། ཤིན་ཏུ་ལེགས་པར་འགྲོ་བས་བདེར་གཤེགས་ཏེ། ཕྱིར་མི་ལྡོག་པའི་དོན་གྱིས་ན་སྟེ། དཔེར་ན་ཚྭ་བའི་ནང་ཤིན་ཏུ ་བྱང་བ་བཞིན་ནོ།། ཡང་ན་ལུས་པ་མེད་པས་ན་བདེར་གཤེགས་ཏེ། ཤེས་བྱ་མ་ལུས་པར་ཤེས་པའི་དོན་གྱི་ན་སྟེ། དཔེར་ན་བུམ་པ་ལེགས་པར་གང་བ་བཞིན་ནོ།། དོན་དེ་གཉིས་ནི་ཕྱི་རོལ་པ་དང་ཉན་ཐོས ་ལ་སོགས་པ་ལས་ཁྱད་པར་དུ་གྱུར་པའོ་ཞེས་པའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། ཕྱི་རོལ་པ་ནི་མཐར་ཐུག་པར་གཤེགས་པ་མ་ཡིན་ཏེ། ཕྱིར་ལྡོག་པའི་ཕྱིརརོ།། ཉན་ཐོས་ལ་སོགས་པ་རྣམས་ནི་སོ་སོའི་སྐྱེ་བོའི ་སྐལ་བ་དང་མི་ལྡན་པའི་ཕྱིར་མཐར་ཐུག་པར་སོང་བ་ཡིན་ཀྱང་མ་ལུས་པར་སོང་བ་མ་ཡིན་ཏེ། ཤེས་བྱ་ཐམས་ཅད་ལ་ཡེ་ཤེས་ཐོགས་པའི་ཕྱིརརོ།། དེ་ལྟར་རིག་པ་དང་རྐང ་པར་ལྡན་པ་དང་། ལེགས་པཱར་དང་། མ་ལུས་པར་གཤེགས་པ་སྟོན་པ་ཕུན་སུམ་ཚོགས་པ་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་ཡིན་ཞེས་སྟོན་པའོ།། སྟོན་པོ་དེའི་ཕྲིན་ལས་ནི། འཇིག་རྟེན ་རིག་པའི་མཆོག་ཅེས་པའི་ཚིག་གཉིས་ཀྱིས་སྟོན་ཏོ།། དེ་ཡང་སྟོན་པའི་ལས་རྣམ་པ་གཉིས་ཏེ། སྐལ་པ་དང་ལྡན་པ་དང་སྐལ་པ་དང་མི་ལྡན་པའི་འཇིག་རྟེན་ལ་གཟིགས་པ་དང་། སྐལ་པ་དང་ལྡན ་པ་འདུལ་བའོ།། དེ་ལ་འཇིག་རྟེན་རིག་པ་ཞེས་པ་དེས་ནི་སྐལ་པ་དང་ལྡན་པ་དང་སྐལ་པ་དང་མི་ལྡན་པའི་འཇིག་རྟེན་ལ་སྟོན་པ་གཟིགས་པ་སྟོན་ཏོ།། འཇིག་རྟེན་རྟོགས་པ་ནི་འཇིག་རྟེན་རིག་པས་ཏེ། སྐལ ་པ་དང་ལྡན་པ་དང་སྐལ་པ་དང་མི་ལྡན་པའི་འཇིག་རྟེན་ཡོངསུ་ཤེས་པའི་ཕྱིར་ནཱ་དེ་ནི་འཇིག་རྟེན་རེག་པ་ཞེས་བྱའོ།། འདི་ལྟ་སྟེ། བཅོམ་ལྡན་འདས་འཇམ་དཔལ་གྱིས་ཉིན་ལན་གསུམ་མཚན་ལན ་གསུམ་དུ་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་ཏེ། སུ་ནི་རྒྱུད། སུ་ནི་འབྱོར། སུ་ནི་ངན་སོང་ལ་གཞོལ། གང་ཞིག་ངན་སོང་ལས་བཏོན་ཏེ་མཐོ་རིས་དང་ཐར་པ་འདི་ལ་བཞག། གང་གིས་དགེ་བའི་རྩ་བ་མ ་བསྐྲུན་པ་དེ་བསྐྲུན་པར་བྱ་བ་དང་། གང་དགེ་བའི་རྩ་བ་བསྐྲུན་པ་རྣམསུ་ཡོངསུ་རྫོགས་པར་བྱ་བ་དང་། གང་ཡོངསུ་མ་སྨིན་པ་རྣམས་ཡོངསུ་སྨིན་པར་བྱའོ་ཞེས་པའོ།། དེ་ཉིད་ཀྱི་ཕྱིར་ན་མཆོག་སྟེ། ་དམ་པ་ནི་བཅོམ་ལྡན་འདིའོ།། བདག་གིར་མི་འཛིན་ངར་མི་འཛིན།། བདེན་པ་གཉིས་ཀྱི་ཚུལ་ལྀ་གནས་ཞེས་པ་ནི། དེ་ལ་བདག་གིར་མི་འཛིན་པ་ཞེས་པའི་ཚིག་དེས་ནི་གཟུང་བའི་ཕྱོགས་བཀག་པའོ།། ་ངར་མི་འཛིན་ཞེས་བྱ་བ་དེས་ཀྱང་འཛིན་པའི་ཕྱོགས་བཀག་སྟེ། དེ་གཉིས་ཀྱང་ལོག་པར་སོ་སོར་སྣང་བའི་ཕྱིརརོ།། དེ་ལྟར་འཕགས་པ་ཀླུ་སྒྲུབ་སྙིང་པོའི་ཞབས་ཀྱིས་རིན་པོ་ཆེའི་ཕྲེང་བ་ལས་གསུངས་པ ་བདག་དང་བདག་གིས་གཉིས་ཀ་ཡང་།། དོན་དམ་པར་ནི་འདི་དག་ལོག། ཡང་དག་ཇི་བཞིན་ཡོངས་ཤེས་པས།། གང་ཕྱིར་གཉི་ག་མེད་པས་སོ་ཞེས།། བདེན་པ་གཉིས་ཀྱི་ཚུལ་ལ་གནས་ཞེས་པའི་དོན ་བཤང་ཟིན་ཏེ། འཁོར་བའི་ཕ་རོལ་མཐར་སོན་པ།། བྱ་བ་བྱས་པ་སྐམ་སར་གནས་ཞེས་པ་ནི། དེ་ལ་འཁོར་བའི་ཕ་རོལ་མཐར་སོན་པ་ཞེས་དེས་འདི་ལྟར་སྟོན་ཏེ། འཁོར་བ་ནི་དངོས་པོའི་རང་བཞིན ་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་ཉིད་ཡིན་པའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་ཉོན་མོངས་པ་དང་། ལས་ཀྱིས་འབྲེལ་ཞིང་འགྲོ་བ་དག་ཏུ་འགྲོ་ཞིང་སོང་ལ། འགྲོ་བར་བྱེད་པས་ན་འཁོར་བ་པ་ཞེས་གསུང ་འཁོར་བ་ནི་ཚུ་རོལ། དེའི་ཕ་རོལ་ནི་མྱ་ངན་ལས་འདུས་པ་སྟེ། དེའང་དངོས་པོ་མེད་པའི་ངོ་བོའོ།། འཁོར་བ་དང་ཕ་རོལ་ནི་འཁོར་བ་དང་ཕ་རོལ་གཉིས་ཏེ། གཉིས་ཀྱི་མཐའ་ནི་འཁོར་བ ་དང་ཕ་རོལ་གྱི་མཐའོ།། དེ་ལ་གནས་པས་ན་འཁོར་བའི་ཕ་རོལ་མཐར་སོན་པའོ།། དེས་འདི་གསུངས་པར་འགྱུར་ཏེ། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་གཉིས་ལ་བཅོམ་ལྡན་འདས་འཇམ་དཔལ་དེ ་ནི་ཀུན་རྫོབ་ཏུ་གནས་པ་སྟེ། དོན་དམ་པར་ནི་མ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། དེ་གཉིས་ཀྱི་ཆོས་ཕྲ་བ་ཉིད་ཀྱང་མི་དམིགས་པའི་ཕྱིརརོ།། དེ་ལྟར་གསུངས་པ། མྱ་ངན་ལས་འདས་མཐའ་མ་གང་།། འཁོར་བའི་མཐའ ་མ་དེ་ཉིད་དེ།། དེ་གཉིས་བྱེ་བྲག་འགའ་ཞིག་ཀྱང་།། ཤིན་ཏུ་ཕྲ་བ་གཞན་མེད་དོ་ཞེས།། བྱ་བ་བྱས་ཞེས་པ་ནི་གདོན་མི་ཟ་བར་བྱ་བ་ནི་བྱས་ཞེས་གསུངསོ།། དེ་ལ་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས ་རབ་ཡོངསུ་བསགས་པས་སྡུག་བསྔལ་ཐམས་ཅད་ལས་རྣམ་པར་གྲོལ་བ་ནི་ལས་ཀྱི་གཙོ་བོ་སྟེ། དེ་ཡོངསུ་རྫོགས་པས་ན་བྱ་བ་བྱས་ཞེས་གསུངསོ།། འདོད་པ་ཆུང་བས་འཇུག་པ་དང་། ཡན་ལག་བསྡམས ་བྱས་འཇུག་པ་དང་། ཡང་དག་པར་ཆགས་པར་བྱ་བ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་བསྡམས་པའི་ཁྱེད་པར་རྣམས་རྫོགས་པར་བྱ་བ་ནི་བྱས་པ་སྟེ། འདིས་ནི་དེ་ནི་བྱ་བ་བྱས་པར་བསྟ་ནོ།། སྐམ་སར་གནས ་ཞེས་པ་ནི་སྐམས་ནི་མྱ་ངན་ལས་འདས་པ་སྟེ། བདེ་བའི་གནས་ཉིད་ཀྱི་ཕྱིརརོ།། དེ་ལ་གནས་པ་ནི་ཐམས་ཅད་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་དང་། གཉིསུ་མེད་པའི་ཆོས་ཉིད་ལ་ཆེར་གནས་པའི་ཕྱིརརོ།། ཡེ་ཤེས ་འབའ་ཞིག་ལས་བྱུང་བ་ཞེས་པ་ནི། དེ་ལ་འབའ་ཞིག་ནི་དག་པ་སྟེ། དེ་འབྱུང་བ་འབའ་ཞིག་པའོ།། དེ་ལས་སྐྱེས་པའི་ཡེ་ཤེསོ།། འབའ་ཞིག་ཀྱང་དེ་ཡིན་ལ་ཡེ་ཤེས་ཀྱང་དེ་ཡིན་པས་ཡེ་ཤེས་འབའ་ཞིག་ཀྱང་དེའོ།། དེ ་ལས་སྐྱེས་པ་ནི་དེ་ལས་བྱུང་བ་སྟེ། དེ་དེ་ལྟར་གསུངསོ།། ཤེས་རབ་མཚོན་ཆས་རྣམ་འཇོམས་པ་ཞེས་པ་ནི། དེ་ལ་ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཀྱི་བདག་ཉིད།། དེ་ཉིད་མཚོན་ཆ་སྟེ་ཉོན ་མོངས་པ་ཐམས་ཅད་གཅོད་པའི་ཕྱིར་རོ།། ཤེས་རབ་ཀྱི་མཚོན་དེས་ཆོས་ཐམས་ཅད་ལ་སྤང་བ་དང་བླང་བའི་རྣམ་པར་འབྱེད་ཤེས་པས་ན་དེ་ལ་དེ་ལྟར་གསུངསོ།། དམ་ཆོས་ཆོས་རྒྱལ་གསལ་བར་ལྡན།། འཇིག ་རྟེན་སྣང་བར་བྱེད་པའི་མཆོག་ཅེས་པ་སྟེ། དེ་ལ་དམ་པའི་ཆོས་ནི་གཉིས་ཏེ། གཙོ་བོ་མ་ཡིན་པ་དང་གཙོ་བོའོ།། དེ་ལ་དམ་པ་རྣམ་པ་གཉིས་ཀྱི་ཆོས་ནི་དམ་པའི་ཆོས་ཏེ། དམ་པ་ནི་སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་རྣམསོ།། དེ་རྣམས་ཀྱི་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས།། དེ་ལ་ཡན་ལག་བཅུ་གཉིས་ནི་འདི་ལྟ་སྟེ། མདོའི་སྡེ་དང་། དབྱངས་ཀྱིས་བསྐྲད་པའི་སྡེ་དང་། ཚིག་སུ་བཅད་པའི་སྡེ་དང་། ལུང་དུ ་བསྟན་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྨེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཆོས་རྨད་དུ་བྱུང་བའི་སྡེ་དང་། གླེང་གཞིའི་སྡེ་དང་། ཤིན་ཏུ་རྒྱས ་པའི་སྡེ་དང་། གཏན་ལ་ཕབ་པའི་སྡེ་དང་། ད་ལྟར་དང་འདས་པའི་སྡེ་ཞེས་བྱ་བ་ཡན་ལག་དེ་རྣམས་ཡི་གེ་ར་བ་ཏུ་གསལ་བསེ་གླེགས་བྱ་མ་ལཱ་གནས་པ་ནི་གཙོ་བོ་མ་ཡིན་པའི་ཚེ་སོ་ཞེས་གསུངསོ།། ་གཙོ་བོའི་ཆོས་ནི་ཆོས་རྒྱལ་ཞེས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་བརྗོད་པར་བྱ་བ་དང་། རྗོད་པར་བྱེད་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། དེ་ནི་ཤེས་པར་བྱར་མེད་དེ། འདི་ལྟར་ཤེས་རབ་སུམ་བརྒྱ་པ ་ནས་གསུངས་པ། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟོ།། འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ།། ཆོས་ཉིད་ཡང་ནི་ཤེས་བྱ་མིན།། དེ་ནི་ཤེས་པར་མི་ནུསོ་ཞེས།། དེའི་ཕྱིར་ན་ཡང་གསུངས་པ། གསལ་བར་ལྡན་ཞེས ་པ་སྟེ། ཆོས་དེ་གཉིས་ཀ་ཡང་མ་རིག་པའི་ཕྱི་ནང་གི་མུན་པ་སེལ་བར་བྱེད་པའི་ཕྱིར།། འཇིག་རྟེན་སྣང་བར་བྱེད་པའི་ཞེས་པ་ནི་འཇིག་རྟེན་པའི་མི་ཤེས་པའི་མུན་པས་བསྒྲིབས་པ་རྣམས་ལ་ཇི་ལྟར་ཀུན་ཏུ་གནས ་པའི་ཆོས་རབ་ཏུ་བསྟན་པའི་ཕྱིར་ན་འཇིག་རྟེན་སྣང་བར་བྱེད་པའོ།། དེ་ཡང་མཆོག་སྟེ་གཙོ་བོ་ནི་བཅོམ་ལྡན་འདས་དེ་ཉིད་དོ།། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ།། ལེགས་པའི་ལམ་ནི་སྟོན་པ་པོ་ཞེས་པ་ནི ་དེ་ལ་ཆོས་ཀྱི་དབང་ཕྱུག་ནི་དགེ་བ་བཅུའི་ལྷྭས་ཀྱྀ་ལམ་གྱིས་ཆོས་རྣམས་ལ་དཔུང་བྱེད་པས་ན་ཆོས་ཀྱི་དབང་ཕྱུག། དེ་ལྟར་ཡང་གསུངས་པ། མི་དག་བཅུ་ལ་མི་འཇུག་དང་།། རྟག་ཏུ་དག་ལ། ་རབ་ཏུ་འཇུག། སེམས་ཀྱི་ལུས་དང་ལུས་ངག་གིའོ།། ཆོས་འདི་རྣམ་པ་གསུམ་དུ་འདོད་ཅེསོ།། ཆོས་ཀྱི་རྒྱལ་ནི་ཕྱི་ནང་གསང་བའི་ཐེག་པ་རྣམ་པ་གསུམ་དུ་དབྱེ་བས་ཕྱེ་བའི་ཆོས་ཀྱི་རྒྱལ་པོ་བས་ཆོས་ཀྱི་རྒྱུ་ལ ་པོའོ།། ལེགས་པའི་ལམ་ནི་སྟོན་པ་པོ་ནི་ལེགས་པ་ཉིད་ཀྱི་ལམ་ནི་ལེགས་པའི་ལམ་སྟེ། དེ་སོ་སོར་བསྒྲུབ་པར་བྱེད་པའི་ཆོས་ནི་ལེགས་པའི་ལམ་དུ་གསུངསོ།། སྟོན་པར་བྱེད་པ་ནི་ལེགས་པའི་ལམ་ནི་སྟོན ་པ་པོ་སྟེ། བཅོམ་ལྡན་འདས།། དེ་ལྟར་ཡང་རིན་པོ་ཆེའི་ཕྲེང་བ་ལས་གསུངས་པ། ངེས་པར་ལོགས་པའི་ཆོས་ཀྱང་ནི།། ཕྲ་དང་ཟབ་མོ་སྟོན་བྱེད་པ།། བྱིས་པ་ཐོས་དང་མི་ལྡན་རྣམས།། རྒྱལ་བས ་གསུངས་ལ་སྐྲག་པར་བྱེད་ཅེསོ།། དོན་གྲུབ་བསམ་པ་གྲུབ་པ་སྟེ།། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ཞེས་པ་ནི། དེ་ལ་དོན་དུ་གཉེར་བས་ན་དོན་ཏེ་གཟུགས་ལ་སོགས་པའི་ཡུལ།། དེ་ཡང་གཟུང་བ ་དང་འཛིན་པའི་དངོས་པོས་འཛིན་པའི་དངོས་པོས་འཇིག་རྟེན་པ་ལ་ཤིན་ཏུ་གྲགས་ཏེ། དོན་ཡང་དེ་ཡིན་ལ་གྲུབ་པ་ཡང་དེ་ཡིན་པས་དོན་གྲུབ་པོ།། འདི་ནི་ཕྱིའི་དོན་ཉིད་དུ་རྣམ་པར་རྟོག་པ་གོམས་པ་རྣམ ་ཀྱི་གཟུགས་ལ་སོགས་པ་དང་། བདག་དང་སྤྱི་དང་། ཡོན་ཏན་དང་། བྱ་བ་ལ་སོགས་པ་འམ། མཚན་ཉིད་རྣམས་ལ་དེ་ཁོ་ན་ཉིད་དུ་མངོན་པར་ཞེན་པ་ནི་ཀུན་ཏུ་རྟོགས་པའི་ངོ་བོ་ཉིད།། ་དེ་ལྟར་སློབ་དཔོན་དབྱིག་གཉེན་ཞབས་ཀྱིས་གསུངས་པ། རྣམ་པརོ་རྟོག་པ་གང་གང་གིས།། དངོས་པོ་གང་གང་རྣམ་བརྟགས་པ།། དེ་ཉིད་ཀུན་ཏུ་བརྟགས་པ་ཡི།། ངོ་བོ་ཉིད་དེ་དེ་མེད་དོ་ཞེས།། བསམ་པ ་གྲུབ་པ་ཉིད་པས་བསམ་པའོ།། བསམ་པ་ཡང་དེ་ཡིན་ལ་གྲུབ་པ་ཡང་དེ་ཉིད་ཡིན་པས་བསམ་པ་གྲུབ་སྟེ། གཞན་དབང་གི་ངོ་བོ་ཉིད་དོ།། རྒྱུ་དང་རྐྱེན་དག་ལ་རག་ལས་པས་ན་གཞན་དབང་ངོ་།། དེ་ལྟར ་ཡང་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་དང་འདུ་བྱེད་ལ་སོགས་པ་བག་ཆགས་རྣམ་པ་མང་པོ་རྗེ་སུ་འབྲིང་བ་རང་གི་བྱེད་རྒྱུའི་ཚོགས་ལས་སྐད་ཅིག་སོ་སོ་ལ་སྐྱེ་བར་འགྱུར་བའི་དེ་ཁོ་ན་ཉིད་ལ་རྨོངས་ནས ་གཉིསུ་སྣང་བའི་སེམས་དང་སེམས་ལས་བྱུང་བའི་རྟོག་པའི་མཚན་ཉིད་ཀྱི་གཞན་གྱི་དབང་གང་ཡིན་པ་མི་རྟག་པ་ཉིད་དང་རྒྱུ་ཉིད་དེ། ཡུལ་ཉིད་དུ་རྣམ་པར་རྟོག་པ་དེ་ནི་གཞན་དབང་ངོ་།། འདི་ལྟར་གསུངས་པ། ་གཞན་གྱི་དབང་གི་ངོ་བོ་ཉིད།། རྣམ་རྟོག་ཡིན་ཏེ་རྐྱེན་ལས་བྱུང་ཞེསོ།། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས་ཞེས་པ་ནི་ཡོངསུ་གྲུབ་པའི་ངོ་བོ་ཉིད་དོ།། འདི་ལྟ་སྟེ། གཞན་དབང་དེ་ཁོ་ན་ལ་འདི་རང་བཞིན་གྱིས་ལམ ་རྣམ་པར་དག་པ་འམ། སྒྲིབ་པའི་དྲི་མ་ཐམས་ཅད་གསལ་བ་གཉི་སུ་མེད་པ་སྟོང་པ་ཡོངསུ་གྲུབ་པའི་ངོ་བོ་ཉིད།། དེ་ལྟར་ཡང་གསུངས་པ། གྲུབ་ནི་དེ་ལ་སྔ་མའོ།། རྟག་ཏུ་མེད་པར་འགྱུར་དེ་ཡིན་ཞེསོ།། དེའི ་ཕྱིར་ན་ངོ་བོ་ཉིད་རྣམ་པ་གསུམ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའོ།། རྣམ་པར་མི་རྟོག་དབྱངས་མི་ཟད།། ཆོས་དབྱིངས་དམ་པ་ཟད་མི་ཤེས་ཞེས་པ་ནི། དེ་ལ ་རྣམ་པར་མི་རྟོག་པ་ནི་ཡོངསུ་གྲུབ་པའི་ཡེ་ཤེས་ལ་རྣམ་པར་རྟོག་པ་མེད་པའི་ཕྱིརརོ།། དེ་ལྟར་ཡང་གསུངས་པ། རྣམ་པར་རྟོག་ལས་མ་གཏོགས་པ།། འཁོར་བ་ཞེས་བྱ་ཡོད་མ་ཡིན།། དེ་ཕྱིར་རྟོག་དང་མི་ལྡན་པ།། ་རྟག་ཏུ་ཁྱེད་ནི་མྱ་ངན་འདས་ཞེསོ།། དབྱིངས་ཞེས་པ་ནི་སྐྱེ་བ་དང་ལྡང་བའི་འདུ་བྱེད་ཐམས་ཅད་ཀྱི་རྒྱུའི་དངོས་པོ་ཉིད་ཀྱི་ཕྱིརརོ།། འདིར་ནི་དབྱངས་ཀྱི་དོན་ནི་རྒྱུའི་དོན།། མི་ཟད་ཅེས་པ་ནི་སྟོང་པ་ཉིད། ན་མཁའ་དང ་མཉམ་པ་ཉིད་ཕྱིར་རོ།། ཆོས་དབྱིངས་ནི་འཕགས་པའི་ཆོས་རྣམས་དེ་ལ་དམིགས་ན་སྐྱེ་བ་ཉིད་ཀྱི་ཕྱི་རོ།། དམ་པ་ཞེས་པ་ནི་ཕྱི་དང་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་ཉིད་ཀྱི་ཕྱིརརོ།། ཟད་མ་ཤེས་ནི་འདུས་མ ་བྱས་པ་ཉིད་ཀྱི་ཕྱིརརོ།། བསོད་ན་མོས་ལྡན་པས་བསོད་ནམས་ཚོགས།། ཡེ་ཤེས་ཡེ་ཤེས་ཁྱད་པར་ཆེ་ཞེས་པ་ནི། དེ་ལ་གསོ་ཞིང་གནས་པ་ན་བསོད་ནམས་ཏེ། དེ་དེ་ལ་ཡོད་པས་བསོད་ནམས་ལྡན་པའོ།། ་བསོད་ནམས་ཚོགས་ནི་ཡང་དག་པར་བསགས་པ་དེ་ནི་ཚོགས་ཏེ། བསོད། ནམས་ཀྱི་ཚོགས་ནི་བསོད་ནམས་ཀྱི་ཚོགསོ།། དེའི་ཕྱིར་ན་འདིར་ཚིག་གཉིས་ཀྱིས་འདི་ལྟར་གསུངས་པར་འགྱུར། ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་ཀྱི་ཚོགས་མི་ལྡན་པ་མ་ཡིན་ནོ།། ཞེས་པའི་དོན་ཏོ།། ཡེ་ཤེས་ཞེས་པ་ནི་ཕྱི་རོལ་པ་དང་། ཉན་ཐོས་ལ་སོགས་པའི་ཡེ་ཤེས་སོ།། ཡེ་ཤེས་ཁྱད ་པ་ར་ཞེས་པ་ཕྱི་རོལ་པ་དང་། ཉན་ཐོས་ལ་སོགས་པའི་ཡེ་ཤེས་དེ་ལས་གཞན་པའི་ཡེ་ཤེས་ནི་ཡེ་ཤེས་ཁྱད་པར་ཏེ། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེསོ།། ཡེ་ཤེས་དེར་མ་གཏོགས་པ་ནི ་སེམས་ཡིན་ཏེ། ཕྱིའི་དོན་ནི་ཚད་མ་དང་འགལ་བའི་ཕྱིར་དང་། ཚད་མ་དང་འགལ་བ་ཡང་རྒྱས་པར་སྒྲུབ་པའི་ཕྱིརརོ།། ཀྱེ་རྒྱལ་བའི་སྒྲས་ཁམས་གསུམ་པོ་འདི་ནི་སེམས་ཙམོ་ཞེས་ལུང་ལྔས་འབྱུང་བའི་ཕྱིར ་འབྱུང་བའི་ཕྱིར་དང་། དངོས་པོ་ཐམས་ཅད་མཐོང་བ་ཡང་ཚད་མ་ཐམས་ཅད་དང་འགལ་བྱའི་ཕྱིར་ཡེ་ཤེས་ཁྱད་པར་ཅན་ཏེ། དེ་ཉིད་ཀྱི་ཕྱིར་ན་ཆེ་བ་ཞེས་པ་སྟེ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས ་གསུམ་ཡོངསུ་བསྐྱབ་པའི་བསམ་པ་ཅན་གྱི་ཕྱིརརོ།། ཡེ་ཤེས་ལྡན་པ་ཡོད་མི་ཤེས།། ཚོགས་གཉིས་ཚོགས་ནི་བསགས་པ་པོ་ཞེས་པ་ནི། དེ་ལ་ཡེ་ཤེས་ལྡན་པ་ནི་དེ་འདྲ་བའི་དངོས་པོའི་ཡེ་ཤེས་དང་གང་ལྡན ་པ་དེ་ནི་ཡེ་ཤེས་ལྡན་པའོ།། ཡོད་མེད་ཤེས་པ་ནི་ཡོད་པ་དང་མེད་པ་ནི་ཡོད་མེདདོ།། དེ་གཉིས་ཤེས་པ་ནི་ཡོད་མེད་ཤེས་པའོ།། དེ་དེ་ལ་ཡོད་པས་ན་ཡོད་མེད་ཤེས་ཏེ། དེ་ལྟར་སློབ་དཔོན་འཕགས་པ་ལྷའི་ཞབས་ཀྱིས ་གསུངས་པ། ཡོད་མེད་ཡོད་མེད་ཅེས་པ་ནི། ཕྱོགས་གཉིས་ལ་ཡང་ཡོད་མིན་ལ།། ཉེ་བར་དམིགས་པ་རིང་ནས་ཀྱང་།། དེ་ནི་བརྗོད་པར་ནུས་པ་མིན་ཞེསོ།། ཚོགས་གཉིས་ཚོགས་ནི་བསགས་པ་པོ་ནི་གོང་དུ་གསུངས། ་པའི་ཚོགས་གཉིས་བསགས་པ་སྟེ། ཡོང་སུ་རྫོགས་པ་ཞེས་པའི་དོན་ཏོ།། རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན།། བསམ་གཏན་བསམ་བྱ་བློ་ལྡན་མཆོག་ཅེས་པ་ནི། དེ་ལ་རྟག་པ་ནི་རྒྱུན་གྱི་རྟག་པ་འཁོར་བ་ཇི་སྲིད་ཀྱི་བར ་དུ་གནས་པའི་ཕྱིར་ཏེ། ཆོས་དབྱིངས་ཀྱི་རང་བཞིན་གྱིས་མི་འདའ་བའོ་ཞེས་པའི་དོན་ཏོ།། ཀུན་རྒྱལ་ཞེས་པ་ནི། ཀུན་ནི་འགྲོ་བ་སྣ་ཚོགས་ཏེ། རྒྱལ་བ་ནི་སྣང་བའི་དོན་ཏོ།། ཀུན་གྱི་རྒྱལ་པོ་ནི་ཀུན་ཏེ་གཡོ་བ་དང་མི ་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་གྱི་ཕྱི་རོ།། རྣལ་འབྱོར་ཅན་ནི། ཡེ་ཤེས་ཙམ་ལ་སྒོམས་བཞུགས་པ།། རྣལ་འབྱོར་ཞེས་ནི་བཤད་པ་ཡིན་ཞེས་པའི་ཚིག་གི་ཕྱིར་ན། རྣལ་འབྱོར་ནི་གཉི་སུ་མེད་པའི་ཡེ ་ཤེསོ།། དེ་དེ་ལ་ཡོད་པས་ན་རྣལ་འབྱོར་ཅནོ།། བསམ་གཏན་ནི་བསམ་གཏན་བཞིའི་བདག་ཉིད་ཀྱི་ཕྱིར་རོ།། བསམ་བྱ་ནི་བསམ་པར་བྱ་བའི་ཡུལ་ཉིད་ཀྱི་ཕྱི་རོ།། བློ་ལྡན་མཆོག་ནི་བློ་གྲོསོ།། བློ་རྣམས་ཀྱི ་མཆོག་ན་གཙོ་བོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིརརོ།། སོ་སོ་རང་རིག་མི་གཡོ་བ།། མཆོག་གི་དང་པོ་སྐུ་གསུམ་འཆང་ཞེས་པ་ནི་སོ་སོ ་རང་གིས་རིག་པར་བྱ་བས་ན་སོ་སོ་རང་རིག་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས་རང་རིག་པ་ཉིད་ཀྱི་། ཕྱིར་རོ།། དཔེར་ན་བུ་མོ་ཤིན་ཏུ་དགའ་བའི་བདེ་བ་བཞིན་དུ་གཞན་རྣམས་ལ་བསྟན་པར་མི་འབྱོར ་པའི་ཕྱིར་རོ།། དེ་ལྟར་ཡང་གསུངས་པ། གཅིག་མིན་དུ་མ་མ་ཡིན་བདག་དང་གཞན་ལ་ཕན་པ་ཕུམ་ཚོགས་ཆེན་པོའི་གཞིར་གྱུར་པ།། དངོས་དང་དངོས་མེད་མ་ཡིན་ན་མཁའ་བཞིན་དུ་རོ་མཉམ་རྟོགས་དཀའི་རང ་བཞིན་ཅན།། གོས་པ་མེད་ཅིང་མ་འགྱུར་གཞི་ལ་མི་མཉམ་མཉམ་ལ་ཁྱབ་པ་པོ་སྟེ་སྤྲོས་མེད་པ།། སོ་སོ་རང་རིག་དཔེ་མེད་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དེ་ལ་བདག་ནི་ཕྱག་འཚལོ་ཞེས།། དེ་ཉིད་ཀྱི་ཕྱིར་ན་མི་གཡོ ་བ་ཞེས་པ་ནི་གང་གི་ཕྱིར་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་ན་ཡང་བཅོམ་ལྡན་འདས་འཇམ་དཔལ་དེ་ཉིད་མི་གཡོ་བྱ་སྟེ། རྟོག་པ་ཀུན་གྱི་ཡུལ་མ་ཡིན་པ་ཉིད་ཀྱི་ཕྱིར།། མཆོག་གི་དང་པོ་ནི་དང་པོའི་དངོས་པོ་ནི ་དང་པོ་སྟེ། མཆོག་ཀྱང་དེ་ཡིན་ལ་དང་པོ་ཡང་དེ་ཡིན་པོས་མཆོག་གི་དང་པོའོ།། དེ་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ།། སྐུ་གསུམ་འཆང་ནི། སྐུ་གསུམ་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་དང ་དང་སྤྲུལ་པའི་མཚན་ཉིད་ཅན་གྱི་སྐུ་གསུམ་རྣམ་སོ།། དེ་དག་འཛིན་པས་ནཱ་སྐུ་གསུམ་འཆང་།། སངས་རྒྱས་སྒྱུ་ལྷའི་བདག་ཉིད་ཅན།། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། སངས་རྒྱས་ལྔ་བདག་ཅོད་བཱན་ཅན། ་སྤྱན་ལྔ་ཆགས་པ་མེད་པ་འཆང་ཞེས་པ་ནི། དེ་ལ་སངས་རྒྱས་ནི་བཤད་ཟིན་ཏོ།། སྐུ་ལྔའི་བདག་ཉིད་ཅེས་པ་ནི་ངོ་བོ་ཉིད་དང་། ལོངས་སྤྱོད་རྫོགས་པ་དང་། རྣམ་པར་སྨིན་པ་དང་། སྤྲུལ་པ་དང་། ཆོས་ཀྱི་སྐུའི་བདག ་ཉིད་རྣམས་ཏེ་སྐུ་ལྔའོ།། དེའི་བདག་ཉིད་ཀྱི་རང་བཞིན་གང་དང་ལྡན་པ་དེ་ནི་སྐུ་ལྔའི་བདག་ཉིད་ཅནོ།། ཁྱབ་བདག་ནི་བཤད་ཟིན་ཏོ།། ཡེ་ཤེས་ལྔའི་བདག་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་ཀུན ་ཏུ་རྟོག་པ་དང་། བྱ་བ་གྲུབ་པ་དང་། ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དེ་དག་ནི་ཡེ་ཤེས་ལྔའོ།། དེ་རྣམས་ཀྱི་བདག་ཉིད་ཀྱི་རང་བཞིན་དང་གང་ལྡན་པ་དེ་ནི་ཡེ་ཤེས་ལྔའི་བདག་གོ།། སངས ་རྒྱས་ལྔ་བདག་ཅོད་པན་ཅན་ནི་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་རྣམས་ནི་སངས་རྒྱས་ལྔའོ།། དེ་ཉིད་ཀྱི་བདག་ཉིད་དྲང་དེའི ་རང་བཞིན་གྱིས་དབུ་རྒྱན་དང་གང་ལྗོན་པ་དེ་ནི་སངས་རྒྱས་ལྔ་བདག་དབུ་རྒྱ་ནི་ཅནོ།། སྤྱན་ལྔ་ནི་ཤ་དང་། ལྷ་དང་། ཤེས་རབ་དང་། ཆོས་དང་། སངས་རྒྱས་ཀྱི་སྤྱན་རྣམས་གང་ལ་མངའ་བདེ་ནི་སྤྱན ་ལྔའོ།། དེ་ཉིད་ཀྱི་ཕྱིར་ན་ཆགས་པ་མེད་པ་འཆང་སྐྱེ། ཤེས་བྱ་ཐམས་ཅད་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པ་འཁྲུལ་པ་མེད་པར་གཟིགས་པ་གང་ཡིན་པ་དེ་ནི་ཆགས་པ ་མེད་པ་གཟིགས་པའོ།། དེ་ལྟར་ཆོས་མངོན་པ་ལས་གསུངས་པ། དགྲ་བཅོམ་པསེ་རུ་སྟོན་རྣམས་ཀྱིས།། སྟོང་གཉིས་གཉིས་དང་གྲངས་མེད་མཐོང་ཞེསྔོ།། སངས་རྒྱས་ཐམས་ཅད་སྐྱེ་བ་པོ།། སངས་རྒྱས་སྲས ་པོ་དམ་པའི་མཆོག་ཅེས་པ་ནི། དེ་ལ་སངས་རྒྱས་ཐམས་ཅད་སྐྱེད་པ་པོ་ནི་འབྱུང་བ་པོ་སྟེ། སངས་རྒྱས་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱི་ཕྱིར།། དེ་ལྟར་ཡང་དེ་ཉིད་འདུས་པ་ལས་གསུངས ་པ། བྱུང་དང་འབྱུང་འགྱུར་ལྡན་པ་ཡི།། དེ་བཞིན་གཤེགས་རྣམོས་ཁྱེད་ལ་བརྟེན་ཞེས།། སངས་རྒྱས་སྲས་པོ་ནི་སྒྲིབ་པོའི་བག་ཆགས་ཐམས་ཅད་ལས་རྣམ་པར་གྲོལ་བ་རྣམ་པ་ཐམས་ཅད་དུ་ཆོས་ཐམས ་ཅད་མཁྱེན་པ་དང་། སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའི་དངོས་པོ་རྣམ་པར་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ཁྱད་པར་ནི་སངས་རྒྱས་ཏེ། དེའི་སྲས་པོ་ནི་སངས་རྒྱས་སྲས་པོ་སྟེ། སྲས་ནི་བདག་ལས ་སྐྱེས་པས་སོ།། དེའང་བདག་ཉིད་ནི་དོན་དམ་པར་དེ་བཞིན་ཉིད་ལས་རབ་ཏུ་བྱུང་བ་འམ། རྟོག་པ་མེད་པའི་ཡེ་ཤེས་སོ་སོར་རྟོགས་པ་ལས་བྱུང་བས་ན་སངས་རྒྱས་སུ་བཤད་དེ། དོན་དེས་བྱང་ཆུབ ་སེམས་དཔའ་ནི་སངས་རྒྱས་སྲས་ཞེས་གསུང་སོ།། དམ་པ་ནི་རབ་ཉིད་ཀྱི་ཕྱི་རོ།། མཆོག་ནི་མངོན་པར་འགྲོ་བར་བྱ་བ་རྣམས་ཀྱི་ནང་ན་མ་ནོར་བ་མཆོག་ཉིད།། ཤེས་རབ་སྲིད་འབྱུང་སྐྱེ་གནས་ཉིད། ཆོས ་ཀྱི་འབྱུང་གནས་སྲིད་པ་སེལ་ཞེས་པ་ནི། དེ་ལ་ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་ཆོས་དང་གང་ཟག་གཉིས་ཀྱིས་རྣམ་པར་དབེན་པའོ།། ཤེས་རབ་སྲིད ་པ་ནི་དག་པའི་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྣམསོ།། དེ་རྣམས་ལས་འབྱུང་བ་ནི་ཤེས་རབ ་སྲིད་འབྱུང་ཞེས་བཅོམ་ལྡན་འདས་ལ་གསུངསོ།། སྐྱེ་གནས་ནི་བྱེད་རྒྱུ་སྟེ། སྐྱེ་བ་དང་ལྡན་ཞིང་བསྒྲུབ་བྱ་དང་ལྡན་པའི་ཆོས་རྣམས་ལ་སྐྱེད་བྱེད། ཆོས་རྣམས་འབྱུང་བ་ཞེས་པ་ལ།། ཆོས་རྣམས་ཀྱི་སྐྱེ་གནས ་ནི་ཆོས་ཀྱི་འབྱུང་གནས་ཏེ། ཆོས་ནི་ཟག་པ་མེད་པའི་དགེ་བའི་ལས་ཀྱི་ལཱམ་རྣམསོ།། དེ་རྣམས་ཀྱི་འབྱུང་བའི་གནས་ནི་རྒྱུ་ཞེས་པའི་དོན་ཏོ།། སྲིད་པ་སྡེལ་ནི་སྲིད་པ་ནི་འཁོར་བ་སྟེ། དེ་མཐར་བྱེད་པ་ནི་སྲིད་མཐར ་བྱེད་དོ།། གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག། སྐྱེས་མ་ཐག་ཏུ་འགྲོ་བའི་བདག་ཅེས་པ་ནི། དེ་ལ་གཅིག་པུ་སྲ་མཁྲེགས་ནི་གཅིག་པུ་སྲ་བ་ཡང་དེ་ཡིན་ལ་མཁྲེགས་པ་ཡང་དེ་ཡིན་པས་གཅིག་པུ་སྲ་མཁྲེགས ་སྨྲ་བ་ནི་བརྟན་པ་སྟེ་བར་ཆད་མེད་པ་དེ་ཉིད་ཀྱི་ཕྱི་རོ།། མཁྲེགས་པ་ནི་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་རྡོ་རྗེའི་བདག་ཅེས་པ་སྟེ། རྡོ་རྗེ་ལྟ་བུའི་ཡེ་ཤེས་མི་ཕྱེད་པ་ཉིད ་ཀྱི་ཕྱིར།། དེའི་བདག་ཉིད་ཀྱི་རང་བཞིན་གང་དང་ལྡན་པ་དེ་རྡོ་རྗེའི་བདག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་ཕྱིརརོ།། སྐྱེས་མ་ཐག་ནི་གང་དང་གང་དུ་སེམས་ཅན་གྱི་དོན་མཐོང་བ་དེ་དང ་དེར་སྐུསྐད་ཅིག་ཉིད་ལ་སྐྱེ་བ་ཡོངསུ་བཞེས་པའི་ཕྱིར་ན་སྐྱེས་མ་ཐུག་ཅེ་སྣ་གསུངས་ཏེ། སྐྱེ་བ་ལ་དབང་ཐོབ་པའི་ཕྱིར་རོ།། འགྲོ་བོའི་བདག་ནི་འགྲོ་པོ་རྣམས་ཀྱི་བདག་པོ་ནི་འགྲོ་བའི་བདག་སྟེ། འགྲོ་བའི་རྗེ་བོ་ཞེས ་པའི་དོན་ཏེ། དེ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་ཡིན་པའི་ཕྱིར་ན། ནམ་མཁའ་ལས་བྱུང་རང་བྱུང་བ། ཤེས་རབ་ཡེ་ཤེས་མེ་བོ་ཆེ་ཞེས་པ་ནི། དེ་ལ་ན་མཁའ་ལས་བྱུང་ནི་ན་མཁའ་ནི་སྟོང་པ ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་བྱུང་བས་ན་ན་མཁའ་ལས་བྱུང་བའོ།། རང་བྱུང་ནི་རང་བྱུང་བས་ན་རང་བྱུང་སྟེ། བྱང་ཆུབ་སེམས་རྡོ་རྗེའི་བདག་ཉིད་ཡིན་པའི་ཕྱིརརོ།། ཤེས་རབ་ཡེ་ཤེས་མེ་བོ་ཆེ་ཞེས་པ་ནི། ཤེས ་རབ་ནི་གཉིསུ་མེད་པའི་ཡེ་ཤེས་ཀྱི་མཚན་ཉིད་ནི་ཤེས་རབ་ཡེ་ཤེས་ཏེ། རྟོག་པ་མེད་པའི་བདག་ཉིད་ཀྱི་ཡེ་ཤེསོ།། དེ་ཉིད་མེ་སྟེ་བག་ཆགས་དང་བཅས་པོའི་ཉོན་མོངས་པའི་བུད་ཤིང་སྲེག་པར་ནུས་པ་ཉིད་ཀྱི ་ཕྱིར་རོ།། ཆེ་ཞེས་པ་ནི་ས་དང་། ཆུ་དང་། མེ་དང་། རླུང་དང་། མཆོད་སྦྱིན་བྱ་བ་དང་། ནམ་མཁའ་དང་། ཉི་མ་དང་། ཟླ་བ་ཞེས་པ་བརྒྱད་སྤྱི་གཟུགས་ཉིད་པས་ཆེན་པོའོ།། ཡང་ན་ཡེ་ཤེས་དང་། བརྩོན་འགྲུས་དང་། ་སྟོབས་དང་། གཟི་བརྗིད་དང་། ནུས་པ་དང་། དབང་ཕྱུག་རྣམས་ཏེ། ཡོན་ཏན་དྲུག་དང་ལྡན་པས་སོ།། འོད་ཆེན་རྣམས་པར་སྣང་བར་བྱེད།། ཡེ་ཤེས་སྐར་མ་ལམ་མེ་པ་ཞེས་པ་ནི། དེ་ལ་འོད་ཆེན་ནི་ཆེར་གསལ་བར་བྱེད ་པས་ན་འོད་ཆེན་ཏེ། ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྒོ་ནས་ཏེ། འོད་ནི་ཤེས་བྱ་གསལ་བར་བྱེད་པས་ཆོས་མཐུན་པའོ།། རྣམ་པར་སྣང་བར་བྱེད་པའི་དོན་ནི་བཤད་ཟིན་ཏོ།། ཡེ་ཤེས་སྐར་མ་ནི་གཟུང་འཛིན ་མེད་པའི་ཕྱིར་ན་གཉིསུ་མེད་པའི་ཡེ་ཤེས་དེའི་སྐར་མ་ནཱི་ཡེ་ཤེས་སྐར་མ་ཞེས་བྱ་སྟེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རླུང་བཞིན་ཉིད་ཀྱི་ཕྱི་རོ།། ལམ་མོ་བ་ནི་གསལ་ཞིང་ལམ་མེ་པ་སྟེ། ལོངས་སྤྱོད་རྫོགས་པའི་སྐུས ་འགྲོ་བ་ཀུན་གྱི་དོན་བྱེད་པའི་ཕྱིརོ།། འགྲོ་བའི་མཱ་རཱ་མྱེ་ཡེ་ཤེས་སྒྲོན།། གཟི་བརྗིད་ཆེན་པོ་འོད་གསྩལ་པ་ཞེས་པ་ནི། དེ་ལ་འགྲོ་བའི་མར་མྱེ་ནི་འགྲོ་བ་རྣམས་ཀྱི་མར་མེ་དང་འདྲ་བས་འགྲོ་བའི་མོར་མཱཾ་སྟེ། སོ་སོར ་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ངོ་བོ་ཉིད་ཀྱི་ཕྱིརརོ།། ཡེ་ཤེས་སྒྲོན་མེ་ཞེས་པ་ནི་ཡེ་ཤེས་ཀྱི་སྒྲོན་མའི་འོད་དང་ལྡན་པ་དེ་ནི་ཡེ་ཤེས་སྒྲོན་ཏེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ།། གཟི་བརྗིད་ཆེན་པོ་ནི ་གཟི་བརྗིད་ཆེན་པོའི་འོད་དང་གང་ལྡན་པ་དེ་གཟི་བརྗིད་ཆེན་པ་སྟེ། བྱཱ་བ་ནན་ཏན་གྱི་ཡེ་ཤེས་སྒོ་ནསོ།། འོད་གསལ་བ་ནི་ཕུལ་དུ་བྱུང་བས་གསལ་བ་ནི་རབ་ཏུ་གསལ་བ་ཏེ། ཡེ་ཤེས་ལྷ ་བདག་ཉིད་ཀྱི་ཕྱིརརོ།། ཀུན་ནས་སྤང་བའི་ཚུལ་དང་ལྡན་པ་བཅོམ་ལྡན་འཇམ་དཔལ་ཡིན།། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ།། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད་ཅེས་པ་ནི། དེ་ལ་སྔགས་མཆོག ་མངའ་བདག་ནི་སྔགས་ཀྱང་དེ་ཡིནི་ལ་མཆོག་ཀྱང་དེ་ཡིན་པས་ན་སྔགས་མཆོག་སྟེ། དེའི་བདག་ནི་གཙོ་བོ་སྟེ། འདི་སྔགས་མཆོག་མངའ་བདག་ནི་ཡི་གེ་ཧཱུཾ་ལས་ཤེས་པར་བྱའོ།། དེའི་ཕྱག་རྒྱ་ཆེན་པོའི་བདག ་ཉིད་ཀྱི་ཕྱི་རོ།། རིག་སྔགས་རྒྱལ་ནི་རིག་སྔགས་རྣམས་ཀྱི་རྒྱལ་པོ་ནི་རིག་སྔགས་རྒྱལ་ཏེ། ཐམས་ཅད་དུ་རིག་སྔགས་ཏེ་གཟུངས་ཀྱི་དཀྱིལ་འཁོར་དུ་གྱུར་པ་རྣམས་ཀྱིས་བསྐྱོད་པ་པོ་ཡིན་པའི་ཕྱིརརོ།། གསང་སྔགས ་རྒྱལ་པོ་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་གསང་སྔགས་རྣམས་ཀྱི་རྒྱལ་པོ་ནི་གསང་སྔགས་རྒྱལ་པོའོ།། དོན་ཆེན་བྱེད་ནི་དོན་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཡིན་པས་དོན་ཆེན་ནོ།། དེ་བྱེད་པས་ན་དོན་ཆེན ་བྱེད་དེ་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཆོད་པ་མ་ལུས་པ་ཕྱི་དང་གསང་བ་དང་སེམས་ལས་བྱུང་བ་གསུམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར ་བྱེད་པ་ཉིད་ཀྱིས་གཞལ་དུ་མེད་པའི་བསོད་ནམས་ཀྱི་ཚོ་གས་ཉེ་བར་སོགས་པར་བྱེད་པས་ན་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིརརོ།། གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག། ནམ་མཁའི་བདག་པོ་སྣ་ཚོགས་སྟོན་ཞེས ་པ་ནི། དེ་ལ་གཙུག་ཏོར་ཆེན་པོ་ནི་གཙུག་ཏོར་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ན་གཙུག་ཏོར་ཆེན་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་གཙུག་ཏོར་གྱི་རྣམ་པས་ཕུང་པོར་གྱུར་ཅིང་འཕུངས་པར ་གྱུར་པར་རྣམ་པར་གནས་པའི་ཕྱིར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་གཙུག་ཡིན་པས་དེའི་ཕྱིར་ཡང་གཙུག་ཏོར་ཆེན་པོ་ཞེས་གསུངསོ།། རྨད་བྱུང་གཙུག་ནི་གཟི་བརྗིད་སྤུངས་པའི་སྒོ་ནས་གང་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་ཡེ་ཤེས་སེམས་དཔའ་གང་ཡིན་པ་འདི་གཟི་བརྗིད་ཀྱི་ཕུང་པོའི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ལས་སྤྲོས་པའི་རྡོ་རྗེའི་ཚུལ་དུ་སྤྱི་བོར་གནས་པ ་གང་ཡིན་པ་དེ་ནི་རྨད་དུ་བྱུང་གཙུག་ཅེས་གསུངསོ།། ནམ་མཁའི་བདག་པོ་ནི་ན་མཁའ་ནི་ན་མཁའ་སྟེ། ན་མཁའ་དེའི་བདག་པོ་སྟེ་སྟོང་པ་ཉིད་ཀྱི་བདག་པོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཡང་གསུངས་པོ། དམིགས་པ ་པ་དང་ནི་བྲལ་བའི་སེམས།། ནམ་མཁའི་མཚན་ཉིད་ལ་གནས་ཏེ། ནམ་མཁའ་སྒོམ་པར་བྱེད་པ་འདི་།། སྟོང་པ་ཉིད་ནི་བསྒོམ་པར་འདོད་ཅེསོ།། སྣ་ཚོགས་སྟོན་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི ་ཏིངེ་འཛིན་གྱི་རང་བཞིན་གྱི་སྣ་ཚོགས་ཏེ། རྣམ་པ་ཐ་དད་པའི་ཏིངངེ་འཛིན་དང་རྣམ་པར་ཐར་པ་སྒོ་སྟོན་པར་བྱེད་པའི་ཚུལ་གང་དང་ལྡན་པ་དེ་སྣ་ཚོགས་སྟོན་ཞེསོ།། སངས་རྒྱས་ཀུན ་བདག་ངོ་བོ་མཆོག། འགྲོ་ཀུན་དགའ་བའི་མིག་དང་ལྗིན་ཞེས་པ་ནི། དེ་ལ་སངས་རྒྱས་ཀུན་བདག་ངོ་བོ་མཆོག་ནི་སྔངས་རྒྱས་ཀྱང་དེ་ལ་ཡིན་ལ་ཀུན་ཀྱང་དེ་ཡིན་པས་སངས་རྒྱས་ཀུན་ཏེ། རྟག་པ་ལ་སྩོགས་པ་དེ ་རྣམས་ཀྱི་བདག་ཉིད་ནི་སངས་རྒྱས་ཀུན་བདག་གོ། སངས་རྒྱས་ཀུན་བདག་དེའི་ངོ་བོ་ནི་རང་བཞིནོ།། སངས་རྒྱས་ཀུན་གྱི་བདག་ཉིད་ཀྱི་ངོ་བོ་ཡོད་པ་ནི་ཆོས་ཀྱི་དབྱིངས་ཏེ། མཆོག་གི་དངོས་པོ་ནི་མཆོག་ཉིད་།། སངས ་རྒྱས་ཀུན་བདག་ངོ་བོས་དེའི་དེ་བཞིན་ཉིད་དུ་རོ་གཅིག་པ་ཉིད་ཀྱིས་བཅོམ་ལྡན་འདས་འཇམ་དཔལ་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི་ཕྱིརརོ།། འགྲོ་ཀུན་དགའ་བའི ་མིག་དང་ལྡན་ཞེས་པ་ནི་འགྲོ་བ་ཐམས་ཅད་དགའ་བ་ནི་འགྲོ་བ་དགའ་བ་སྟེ། དེའི་མིག་དང་ལྡན་པ་ནི་བཅོམ་ལྡན་འདས་འཇམ་དཔལ་ཏེ། གང་གིས་བླང་བ་དང་། སྟོང་བ་རབ་ཏུ་རྣམ་པར་འབྱེད་པའི་སྣང་བས་ན་ཤེས ་རབ་ཀྱི་སྦྱིནི།། སྣ་ཚོགས་གཟུགས་ཅན་ཡིད་ལས་བྱུང་།། མཆོང་འོས་བརྗིད་འོས་དྲང་སྲིང་ཆེ་ཞེས་པ་ནི། དེ་ལ་སྣ་ཚོགས་གཟུགས་ཅན་ནི་གསོ་བ་དང་། མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད ་ཀྱིས་ན་གཟུགས་སྣ་ཚོགས་པ་སྟོན་པ་ཉིད་ཀྱི་ཕྱིརརོ།། སྐྱེད་པ་པོ་ནི་སེམས་ཅན་ཐམས་ཅད་ཇི་ལྟར་སྐལ་པ་དང་ལྡན་པའི་གཟུགས་ཉིད་ཀྱི་སྔགས་དང་ཕྱག་རྒྱ་དང་དམ་ཚིག་དང་དཀྱིལ་འཁོར་ཐམས་ཅད་བསྐྱེད་པའི ་ཕྱིརརོ།། རླུང་སྲོང་ཚེ་ནི་དྲང་སྐྱོང་ཡང་དེ་ཡིན་ལ་ཆེ་བ་ཡང་དེ་ཉིད་ཡིན་པ་སྨྲ་དྲང་སྐྱོང་ཆེ་སྟེ། སངས་རྒྱས་བཅོམ་ལྡན་འདས་ནི་དྲང་སྲོང་ཆེ་ཞེས།། མཆོད་འོས་ཞེས་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འོངས ་པ་ཀུན་གྱིས་མཆོད་པར་འོས་པ་ཉིད་ཀྱིས་མཆོད་འོས་ཏེ་མཆོད་པར་བྱའོ།། དེ་ཉིད་ཀྱི་ཕྱིར་བརྗོད་འོས་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསྟོད་པའོ།། རིགས་གསུམ་འཆང་བ་གསང་སྔགས་འཆང་།། དམ་ཚིག ་ཆེན་པོ་གསང་སྔགས་འཛིན་ཞེས་པ་ནི། དེ་ལ་རིགས་གསུམ་འཆང་བ་ནི་སྐུ་གསུང་ཐུགས་ཀྱི་དབྱེ་བས་དེ་འཛིན་པ་ནི་རིགས་གསུམ་འཚང་བའོ།། གསང་སྔགས་འཆང་བ་ནི་འཇིག་རྟེན་དྲང་འཇིག་རྟེན་ལས་འདས ་པའི་གསང་སྔགས་ཏེ། དེ་རྣམས་དང་གང་ལྡན་པ་དེ་ནི་གསང་སྔགས་ཅན་ཏེ། དེ་ཉིད་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའ་སྟེ། གསང་སྔགས་ཀྱི་སྐུ་ཐམས་ཅད་འཆང་བ་ཉིད་ཀྱི་ཕྱི་རོ།། དམ་ཚིག ་ཆེན་པོ་གསང་སྔགས་འཛིན་ནི་དམ་ཚིག་ཀྱང་དེ་ཡིན་ལི་ཆེན་པོ་ཡང་དེ་ཡིན་པས་དམ་ཚིག་ཆེན་པོ་སྟེ། དེ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ངོ་བོའོ།། དེའི་སྔགས་ནི་ཤེས་ཤིང་སྐྱོབ་པས་གསང་སྔགས་ཏེ། ་ཡེ་ཤེས་དང་སྣང་རྔའི་བདག་ཉིད་ཀྱི་གྱུར།། དེ་འཛིན་པས་ན་དུས་ཚིག་རྒྱུནུ་པོ་གསང་སྔགས་འཛིན་ན་བཅོམ་ལྡན་འདས་དེ་བཞིན་ག་ཤེགས་པ་ཐམས་རླུང་རྒྱ་ལ་ཤཱས་ཏུ་སྒྱུ།། ། ་པོ་དཀོན་མཆོག་གསུམ་འཛིན་པ།། ཐེག་པ་མཆོག་གསུམ་སྟོན་པ་པོ་ཞེས་པ་ནི། དེ་ལ་གཙོ་བོ་ནི་མངོན་པར་འགྲོ་བ་ཐམས་ཅད་ཀྱི་ནང་ན་གང་དང་པོར་ཤིན་ཏུ་མངོན་པར་འགྲོ་བར་འོས་པ་ནི་དེ་གཙོ་བོར ་གསུངས་ཏེ། དེ་ཡང་བཅོམ་ལྡན་འདས་འཇམ་དཔལ་ལོ།། དཀོན་མཆོག་ནི་དཀོན་མཆོག་རྣམས་ནི་གསུམ་སྟེ། ཐོབ་དཀའ་བའི་ཕྱིར་དང་། རིན་ཐང་ཆེ་བའི་ཕྱིར་དང་། རབ་ཏུ་གསལ་བར་བྱེད་པ་ཉིད ་ཀྱི་ཕྱིར་རོ།། རིན་པོ་ཆེ་དང་འདྲ་བས་དཀོན་མཆོག། གསུམ་ནི་སངས་རྒྱས་དང་། ཆོས་དང་དགེ་འདུན་རྣམས།། དེ་བཅོམ་ལྡན་འདས་དེ་རྣམས་འཛིན་པས་ན་དཀོན་མཆོག་གསུམ་འཛིན་པ་ཞེས་བྱའོ།། ཐེག ་པ་མཆོག་གསུམ་སྟོན་པ་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་གསུམ་རབ་ཏུ་སྟོན་པ་སྟེ། སེམས་ཅན་གྱི་རིགས་ཐམས་ཅད་ལ་དབང་པོ་དང་། བསམ་པ་དང་། བག་ལ་ཉལ་བ་མཁྱེན ་པའི་སྒོ་ནས་སྟོན་པའི་ཕྱིརརོ།། དོན་ཡོད་ཞགས་པ་རྣམ་པར་རྒྱལ།། འཛིན་པ་ཆེན་པོ་རྡོ་རྗེ་ཞགས།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་པ་ནི། དེ་ལ་དོན་ཡོད་ཞགས་པ་ནི་དོན་ཡོད་པ་ནི་འབྲས་བུ་ཡོད་པའོ།། ་ཞགས་པ་དང་འདྲ་བས་ན་ཞགས་པ་སྟེ། དེ་གང་དང་ལྡན་པ་དེ་ནི་དོན་ཡོད་ཞགས་པ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེས་འདུལ་བའི་སེམས་ཅན་རྣམས་ལ་དེ་བཞིན་དུ་སོ་སོ་སྣང་བའི་ཕྱིརརོ།། རྣམ་པར་རྒྱལ་བ་ནི ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་འཛིན་གྱི་སྒོ་ནསོ།། འཛིན་པ་ཆེན་པོ་ཞེས་པ་ནི་འཛིན་པར་བྱེད་པས་ན་འཛིན་པ་སྟེ། འཛིན་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་འཛིན་པ་ཆེན་པོ་ནི ་རྡོ་རྗེ་ལྕགས་སྒྲོགོ། དེ་ཡང་སྣང་བ་མཐའ་ཡས་ཀྱི་རང་བཞིན་གྱི་སྒོ་ནསོ།། རྡོ་རྗེ་ཞུགས་པ་ནི་རིན་ཆེན་འབྱུང་ལྡན་གྱི་སྒོ་ནསོ།། རྡོ་རྗེ་ལྕགས་ཀྱུ་ནི་མི་བསྐྱོད་པའི་ངོ་བོ་ཉིད་ཀྱི་སྒོ་ནསོ།། ཞགས་པ་ཆེ་ཞེས་པ་ནི ་ཞགས་པ་དང་སྡོམ་ཞེས་པ་འབེབས་པའི་རྣམ་གྲངས་ཏེ། ཞགས་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཞགས་པ་ཆེ་ནི་རྡོ་རྗེ་འབེབས་པའོ།། དེ་ཡང་དོན་ཡོད་གྲུབ་པའི་ངོ་བོས་སོ།། དེ་ནས་བཅོ ་ལྡན་འདས་འདིར་སངས་རྒྱས་རྣམ་པར་སྣང་མཛད་ཆེ་ཞེས་པ་ལ་སོགས་པ་མངོན་པར་རྗོད་པར་བྱེད་པའི་སྒྲའི་ཚོགས་རྣམས་ཀྱིས་སྔགས་ཀྱི་ཡིག་འབྲུའི་རྣམ་པར་དབྱེ་བ་དང་པོའི་མཐའ་ཅན་གྱི་བསྟན ་པེ་བརྗོད་པར་བྱ་བར་ཤེས་པར་བྱའོ།། དེས་ནས་འདིར་ཡང་སྔོན་བཞིན་དུ་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས་པ་སྐུ་མདོག་དཀར་པོ་དང་། འཁོར་ལོ་དང་རལ་གྲི་ཕྱོག་ན་འཛིན་པར་གྱུར་པ་རྣམས ་ཕྱུང་སྟེ། ཕྱུང་ནས་ཀྱང་སངྱས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་སྟེ། སེམས་ཅན་ཐམས་ཅད་རང་གི་རྣམ་པར་ཐར་པའི་སྒོ་ནུས་དག་པར་བྱས་ཏེ། ཡང་ཕྱིར་ལོག་ནས་མཚན་རྒྱ ་གསང་སྔགས་ཀྱི་ཡིག་འབྲུར་གྱུར་ནས་རང་གི་འཁོར་ལོ་ལ་འཁོར་ལོ་ཅན་དུ་གྱུར་ཏེ་གནས་པར་བལྟ་བར་བྱའོ།། དེ་ནས་གོང་མ་བཞིན་དུ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔས་མཚན ་ཡང་དག་པར་བརྗོད་པ་བཀླག་ཏེ། དེ་ཡོན་ཏན་གྱི་ཚོགས་པ་བཀོད་པ་དེ་རྣམས་ཉིད་ཐོབ་པར་འགྱུར་རོ།། རྣམ་པར་སྣང་མཛད་ཆེན་པོའི་འཁོར་ལོ་གཉིས་པ་ལ་མཚནྡ་གྱི་སྔགས་ཀྱི་ཡི་གེའི་གཞི་རྣམས་ནི ་རྟག་པ་ལ་སོགས་པ་རིགས་ཀྱི་དབྱེ་བས་སུམ་ཅུ་རྩ་དྲུག་ཏུ་རྣམ་པར་ཕྱེ་སྟེ། གོང་མ་བཞིན་དུ་ཐམས་ཅད་སྔགསུ་བསྒྲིབ་པོ་ཞེས་པ་ནི་མན་ངག་གོ། ཚོགས་བཅད་ནི་ཚིག་རྐང་གཅིག་མ་ཚང་བ་དང་ཉི་ཤུ་རྩ ་ལྔ་སྟེ། མཚན་གྱི་སྔགས་ཀྱི་ཡི་གེ་རྣམས་ནི་བརྒྱ་བརྒྱད་ཅུ་རྩ་གཅིག་བརྩིསྣ་པ་ཡིན་ནོ།། ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེརྭ་འགྲེལ་པ་མཚན་གསང་སྔགས ་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་ལས་ཤིན་ཏུ་རྣམ་པར་རིག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པའི་རིམ་པའི་དབང་དུ་བྱས་པ་སྟེ་དྲུག་པའོ།། ད་ནི་གསུམ་པ་ཁྲོ་བོའི་དཀྱིལ་འཁོར་མོ ་སྣོསྤྱོ་ལྟ་བུའི་སྐྱེ་ཤེས་ཀྱི་རང་བཞིན་ཁམས་གྷཱ་སྱམྦ་ནཱས་བཱདྨ་རྒྱལ་བའི་གཟུགས་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམསྭཱ་ཅད་བྷཱི་མཱུ་ལཱ་བསྟོད་པ་གསུངས་ཏེ། རྡོ་རྗེ་བཇིགས་བྱེད་འཇིགས་པར ་བྱུང་ཙས་པ་ནི་ཟླས་དབྱེ་བ་བཱསྠཱནྡ་ཏཱཾ། ཛྷ་དོན་ནི་འདི་སྒྱུར་འགྱུར་ཧཱུ~ཾ། རྡོ་རྗེ་འཇིགས་བྱེད་དང་འཇིགས་པདྨ་བྱེད་བ་ནི་རྡོ་རྗེ་འཇིགས་བྱེང་འཇིག་པར་བྱེད། དཔལ་རྡོ་རྗེ་འཇིགས་བྷྱོང་ཀྱི་རྒྱུད་ལས ་འདི་གཉིསུ་ཡོངསུ་བརྗོད་པའི་ཕྱིར་རོ།། འདི་ལྟ་སྟེ།། རྡོ་རྗེ་འཇིགས་བྱེད་དང་འཇིགས་པར་བྱེད་པ་དེ་ནི་གཉིས་ཉིད་ཀྱི་རང་བཞིན་དང་གང་ལྡན་པ་དེ་འཇིགས་བྱེད་འཇིགས་པར་བྱེད་དེ་བཅོམ་ལྡན་འདས་འཇམ ་དཔལོ།། དེ་ཅིའི་ཕྱིར་ཞེ་ན། གསུངས་པ། ཞེ་སྡང་གིས་འདུལ་བ་རྣམས་ཞི་བའི་རྗེ་སུ་མི་འཚམ་པ་སྟེ། དེ་ལྟར་ཡང་དཔལ་བང་མཆོག་གི་རྒྱུད་ལས་གསུངས་པ། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལ།། ཞི་བས ་ཕན་པར་མི་འགྱུར་ཏེ། ཤེས་རབ་ཐབས་ཀྱི་ངོ་བོ་ལས།། ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད་ཅེསོ།། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས།། མིག་དྲུག་ལག་དྲུག་སྟོབས་དང་ལྡན་ཞེས་པ་ནི། དེ་ལ་ཁྲོ་བོའི ་རྒྱལ་པོ་ནི་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་གསུངས།། ཁྲོ་བོའི་རྒྱལ་པོ་ནི་ཁྲོ་བོའི་རྒྱལ་པོ་སྟེ། དེ་ལྟར་ཡང་གསུངས་པ། དེ་ནས་འཇམ་པའི་དབྱངས་འདི་ནི།། ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད།། དྲག ་ལ་མཐུ་རྩལ་ལྡན་པ་པོ།། དེ་མཐོང་ནས་ནི་ཁྲོ་བོ་གཞན།། ཐམས་ཅད་ཀྱི་ནི་ལག་ཆ་འཚོ་རྭ་ཞེས་པ་དེ་ཉིད་ཀྱི་ཕྱིར་ན་ཁྲོ་བོའི་རྒྱལ་པོ།། གདོང་དྲུག་ནི་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད ་ལས་གསུངས་ཏེ། གདོང་བ་དྲུག་དང་གང་ལྡན་པ་དེ་ནི་གདོང་དྲུག་སྟེ། ཞབས་དང་ཕྱག་གཉིས་ཀྱང་དོན་གྱིས་དྲུག་ཉིད་དུ་རིག་པར་བྱའོ།། དེ་ཡང་བཅོམ་ལྡན་འདསོ།། འཇིགས་ཞེས་པ་ནི་ཕྱག་ན་རྡོ་རྗེ ་དབང་བསྐུར་བའི་རྒྱུད་ལས་ཏེ། འཇིགས་པ་ནི་འཇིག་སུ་རུང་བའོ།། དེ་ལྟར་ཡང་ཡན་ལག་ཐམས་ཅད་དང་པ་སྤུའི་བུ་ག་ཐམས་ཅད་ལས་རྡོ་རྗེའི་གཟི་བརྗིད་ལ་སོགས་པའི་དཀྱིལ་འཁོར་འཐོན་ཞིང་དེ ་རྣམས་ཀྱི་ཁྲོ་བོའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་སྣ་ཚོགས་ཀྱི་མཚོན་ཆ་དང་ལྡན་པ། སྨིན་མཚམས་ཀྱི་ཁྲོ་གཉེར་གྱི་རླབས་བསྐྱོད་པའི་དཔྲལ་བ་དང་སྨ་ར་གཟེད་པ། མཆེ་བ་གཙིགས ་པ་དང་། མིག་བགྲང་པའི་ཞལ་དང་ལྡན་པ་རྣམ་པར་སྤྲོས་ཏེ། འཇིགས་པ་ཉེ་བར་སྟོན་པའི་ཕྱིར་ནི་འཇིགས་པ་ཞེས་གསུངསོ།། མིག་དྲུག་ནི་དེ་ཉིད་ལས་ཏེ། མིག་དྲུག་དང་གཱ་ལྡན་པ་དེ་མིག་དྲུག་སྟེ། ་དེ་ལ་ཕྱོགས་གཅིག་གིས་བསྟོད་པ་སྟེ། ཡན་ལག་སྤྱི་ཉེ་བར་བརྟགས་པ་སྟེ། དཔེར་ན་འཇིགས་པའི་སྡེ་ལ་འཇིགས་པ་དང་བདེན་པ་སྣང་ཞེས་པ་ལྟ་བུའོ།། ལག་དྲུག་ནི་དཔལ་རྡོ་རྗེའི་སྙིང་པོའི ་རྒྱན་གྱི་རྒྱུད་ལས་ཏེ། ཕྱག་དྲུག་དང་ལྡན་པ་ནི་ཡན་ལག་དྲུག། སྟོབས་དང་ལྡན་ནི་སྟོབས་ནི་ལུས་ལས་བྱུང་བའི་ནུས་པ་སྟེ། དེ་དང་གང་ལྡན་པ་ནི་སྟོབས་དང་ལྡན་པ་སྟེ། དཔལ་རིག་པ་མཆོག་གི ་རྒྱུད་ཆེན་པོ་ལས་སྟོབས་པོ་ཆེ་ཞེས་རབ་ཏུ་གྲགསོ།། ཀེང་རུས་མཆི་བ་གཙག་པ་པོ།། ཧ་ལ་ཧ་ལ་གདོང་བརྒྱ་པ་ཞེས་པ་ནི། དེ་ལ་ཀེང་རུས་ནི་དཔྲལ་བདེ་མཆོག་འཁོར་ལོའི་རྒྱུད་ལ་སོ།། མཆེ་བ ་གཙིགས་པ་ནི་དཔལ་རྡོ་རྗེ་སྟུག་པོ་བསྡུས་པ་ལས་ཏེ། མཆེ་བ་གཙིགས་ཤིང་མ་རུངས་པ་འཇིགས་པར་བྱེད་པ་དང་གང་ལྡན་པ་དེ་མཆེ་བ་གཙིགས་པའོ།། ཧ་ལ་ཧ་ལ་གདོང་བརྒྱ་པ་ཞེས་པ་ནི། ་དེ་ཡང་གོང་མ་བཞིན་དུ་ཟླས་དབྱེ་བས་བསྟན་ཏེ། ཧ་ལ་ཧ་ལ་ནི་དོན་ཡོད་ཞགས་པའི་རྒྱུད་ལ་སོ།། གདོད་བརྒྱ་པ་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཏེ། གདོང་སྟེ་ཞལ་བརྒྱ་དང་གང་ལྡན་པ་དེ་གདོང་བརྒྱའོ། ་གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ།། རྡོ་རྗེ་ཤུགས་ཅན་འཇིགས་པར་བྱེད་པ་ཞེས་པ་ནཱི། དེ་ལ་གཤིན་རྗེ་གཤེད་པོ་ནི་དཔལ་གསོང་བ་འདུལ་པ་ལས་ཏེ། གཤིན་རྗེ་གཤེད་པོ་སྟེ། ཕུང་བར ་བྱེད་པ་ནི་གཤིན་རྗེ་གཤེད་དོ།། བགེགས་ཀྱི་རྒྱལ་པོ་ནི་རྒྱལ་པོ་ཡིན་པས་རྒྱལ་པོ་སྟེ། ཚོགས་བདག་ལ་སོགས་པའི་བགེགས་རྣམས་ཀྱི་རྒྱལ་པོ་བས་བགེགས་ཀྱི་རྒྱལ་པོ་སྟེ། བདུད་རྩི་འཁྱིལ ་པའོ།། དེ་རྣམས་པར་སླང་མཛད་སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་རྒྱུད་ལས་གྲག་སྷོ།། རྡོ་རྗེ་ཤུགས་འཆང་ནི་དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས་ཏེ། རྡོ་རྗེ་ཤུགས་ནི་རྡོ་རྗེ ་ཤུ་གསོ།། དེ་འདྲ་བའི་ཤུགས་དང་གང་ལྡན་པ་རྡོ་རྗེ་ཤུགས་འཆང་།། འཇིགས་པར་བྱེད་པ་ནི་དཔལ་ཟླ་གསང་ཐིག་ལེའི་རྒྱུད་ལྔས་གསུངས་ཏེ། སྡང་བ་ཐམས་ཅད་འཇིགས་པར་བྱེད་ཅིང་སྐྲག་པར་བྱེད ་པའི་ཕྱིརརོ།། རྡོ་རྗེ་གྲགས་པ་རྡོ་རྗེའི་སྙིང་།། སྒྱུ་འཕྲུལ་རྡོ་རྗེ་བསུས་པོ་ཆེ་ཞེས་པ་ནི། རྡོ་རྗེ་གྲགས་པ་གཉིསུ་མེད་པ་རཱ་མཉམ་པ་ཉིད་རྣམ་པར་སྦྱོང་བའི་རྒྱུད་ལསོ།། ཁྱད་པཱར་དུ་གྲགས་པ་རྡོ་རྗེ་གྲོགས་པ་སྟེ། ་སྒྲ་ཆེན་ཞེས་པའི་དོན་ཏོ།། དེ་ཉིད་རྡོ་རྗེ་སྟེ་མི་ཤིགས་པའི་ཕྱིར་ཏེ། དེ་གང་དང་ལྡན་པ་དེ་རྡོ་རྗེ་གྲགས་པའོ།། རྡོ་རྗེ་སྙིད་ནི་དཔལ་ཟླ་གསང་ཐིག་ལེ་ཉིད་ལས་ཏེ། གང་རྡོ་རྗེའི་སྙིང་ཡིན་པ་རྡོ་རྗེ་སྙིང་ངོ་།། སྒྱུ་འཕྲུལ་རྗེ ་རྗེ་ནི་ཁྲི་དྲུག་སྟོང་པ་ཉིད་ལས་གསུངས་ཏེ། སྒྱུ་འཕྲུལ་ནི་སྤྲུལ་པའོ།། དེ་ཉིད་ནི་རྡོ་རྗེ་སྟེ་མི་ཕྱེད་པའི་གཟུགས་ཉིད་ཀྱི་ཕྱིར།། དེ་གང་དང་ལྡན་པ་དེ་ནཱཾ་སྒྱུ་འཕྲུལ་རྡོ་རྗེའོ།། གསུས་པོ་ཆེ་ཞེས་པ་ནི་དེ་ཁོ་ན་ལས ་ཏེ། གསུས་པ་ཆེན་པོ་དང་གང་ལྡན་པ་དེ་ནི་གསུས་པ་ཆེའོ།། རྡོ་རྗེ་སྐྱེ་གནས་རྡོ་རྗེའི་བདག། རྡོ་རྗེ་སྙིང་པོ་ཁ་འདྲ་བ་ཞེས་པ་ནི། དེ་ལ་རྡོ་རྗེའི་སྐྱེས་གནས་ནི་དཔལ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས ་རྡོ་རྗེ་སྐྱེ་གནས་ཏེ་རྒྱུ་གང་ཡིན་བྷ་དེ་རྡོ་རྗེའི་སྐྱེ་གན་སོ།། རྡོ་རྗེའི་བྷདག་ནི་རྡོ་རྗེ་ནི་དེའི་བདག་པོ་གཙོ་བ་ཞེས་པའི་དོན་ཏོ།། དེ་ཡང་དབུལ་རྡོ་རྗེ་ས་འོག་གི་རྒྱུད་ལས།། རྡོ་རྗེ་སྱཱད་བྱ་ན་དཔལ་རྡོ་རྗེ་སྙིད་བྲོ་རྒྱུན། ་གྱི་རྒྱུད་ལ་སོ།། རྡོ་རྗེ་སྙིང་པོ་ནི་རྡོ་རྗེ་སྙིང་པོ་སྟེ་སྙིང་ཁུ་ཞེས་པའི་དོན་ཏོ།། མཁའ་དང་འདྲ་བ་ནི་དཔལ་གསང་བ་མཛོད་ཀྱི་རྒྱུད་ལསོ།། མི་འགྱུར་བས་ན་མཁའ་སྟེ་སྐྱེ་བ་དང་ལྡན་པའི་གློ་སྐྱབས་སྟེ་རཱུ་བའི་ཕྱིར་རོ།། ་རང་ཉིད་ཀྱང་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་ན་འབྱུང་བ་མེད་དོ་ཞེས་པའི་དོན་ཏོ།། དེ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་སྟེ། དེའི་དཔེ་དང་གང་ལྡན་པ་དེ་དེ་ལྟར་གསུངས་ཏེ་སྟོང་པ་ཉིད་ཀྱི་དཔེ་ཞེས་པའི་དོན་ཏོ།། མི་གཡོ་རལ་པ ་གཅིག་གིས་བསྒྱིངས།། གླང་ཚནྡ་ཀོརློན་གྲོས་སུ་གྱོན་ཞེས་པ་ནི། དེ་ལ་མི་གཡོ་རལ་པ་གཅིག་གིས་བསྒྱིངས་ཞེས་པ་ནི་ཟླས་དབྱེ་བ་བསྟན་ཏོ།། དེའི་ཕྱིར་འདིའི་དོན་ནི་མི་གཡོ་བ་དང་རལ་པ་གཅིག་གིས་བསྒྱིངས ་པ་སྟེ། མི་གཡོ་རལ་པ་གཅིག་གིས་བསྒྱིངསོ།། དཱི་ལ་མི་གཡོ་བ་ནི་དཔལ་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་ལ་ས་ཏེ། བདུད་ཐམས་ཅད་ཀྱིས་མི་གཡོ་ཞིང་མི་དང་དྲ་བས་ན་མི་གཡོ་བའོ།། རལ་པྲ་གཅིག་གིས ་བསྒྱིངས་ཞེས་པ་ནི་དཔལ་རྡོ་རྗེ་ཅོད་པན་གྱི་རྒྱུད་ལསོ།། རལ་པ་ཡང་དེ་ཡིན་ལ་གཅིག་ཀྱང་དེ་ཉིད་ཡིན་པས་རལ་པ་གཅིག་གོ།། དེ་བསྒྱིངས་པ་ནི་བསྒྱིངས་པ་སྟེ། རལ་པ་གཅིག་གིས་བསྒྱིངས་པའོ།། ་གླུང་ཆེན་ཀོ་རློན་གོསུ་གོན་ཞེས་པ་ནི་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་ལས་ཏེ། གླང་པོ་ཆེའི་ཀོ་བྷ་ནི་གླང་ཆེན་ཀོ་བཱ་སྟེ། ཀླུང་ཆེན་ཀོ་བ་ཡང་དེ་ཡིན་ལ་རློན་པ་ཡང་དེ་ཉིད་ཡིན་པས ་གླང་ཆེན་ཀོ་རློན་ནོ།། གླང་པོ་ཆེའི་ཀོ་རློན་ཉིད་གྱོན་པ་ཡིན་པས་གླང་ཆེན་ཀོ་རློན་གོསུ་པ་སྟེ། དེ་འཛིན་པས་ན་གླང་ཆེན་ཀོ་རྣོན་གོསུ་གྱོན་ཞེས་པའོ།། དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ།། ཧཾ་ཧི་ཞེས་སྒྲོགས་འཇིགས་པར ་བྱེད་ཅེས་པ་ནི། དེ་ལ་དྲག་ཆེན་ནི་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་ཏེ། དྲག་པོ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་པས་དྲག་ཆེ་ནོ།། ཧ་ཧ་ཞེས་སྒྲོགས་ཞེས་པ་ནི་རྒྱུད་དེ་ཉིད་ཀྱི་ཧ་ཧུར་གྱུར་པ་ཞེས་བྱ་བའི ་དཀྱིལ་འཁོར་དེ་ལ་ཧ་ཧ་བྱས་པས་གནས་པས་ཧཱ་ཧ་ཞེས་སྒྲོགས་ཞེས་གསུངསོ།། ཧི་ཧི་ཞེས་སྒྲོགས་ནི་དཔལ་ཁྲོ་བོ་ཟླ་བའི་ཐིག་ལེའི་རྒྱུད་ལས་གསུངས་ཏེ། དེ་རྗེ་སུ་བྱེད་པས་ལངས་པའི་ཕྱིརརོ།། འཇིགས་པར་བྱེད ་པ་ནི་དཔྲལ་རྒྱུད་ལས་བཏུས་པ་ལས་གསུངསོ།། གད་མོ་ཆེན་པོ་གང་བརྒྱངས་ཅན།། རྡོ་རྗེ་གུད་མོ་ཆེར་སྒྲོགས་པ་ཞེས་པ་ནི། དེ་ལ་གད་མོ་ཆེན་པོ་ནི་རྒྱུན་ཆད་པ་མེད་པའི་དོན་ཏོ།། དེ་ལ་དཔལ་ཐུན་མོངས་སུ ་ཡིན་པའི་གསང་བའི་རྒྱན་བཀོད་པའི་རྒྱུད་ལས་ཏེ། གང་བརྒྱངས་ཅན་ནི་གད་མོ་ནི་རྒོད་པའོ།། གང་བརྒྱངས་ཏེ་གསང་མཐོན་པོས་བཞེད་པ་ནི་གང་བརྒྱངསོ།། རྡོ་རྗེ་གད་མོ་ནི་ཡེ་ཤེས་ཀྱི་བཤད་པ་སྟེ། དེ་ཡང ་ཡིད་ཀྱིའོ།། ཆེར་སྒྲོགས་པ་ནི་འཇིག་རྟེན་གསུམ་གང་བར་བྱེད་པ་སྟེ། ཆེན་པོ་ཡང་དེ་ཡིན་ལ་སྒྲོགས་པ་ཡང་དེ་ཉིད་ཡིན་པས་ཆེར་སྒྲོགས་པའོ།། བཞི་པོ་འདི་ཡང་རྒྱུད་དེ་ཉིད་ལས་བསྟན་ཏོ།། རྡོ་རྗེ་སེམས་དཔའ ་སེམས་དཔའ་ཚེ།། རྡོ་རྗེ་རྒྱལ་པོ་བདེ་བ་ཆེ་ཞེས་པ་ནི། དེ་ལ་རྡོ་རྗེ་སེམས་དཔའ་ནི་དཔལ་མཆོག་དང་པོའི་རྒྱུད་ལསོ།། སེམས་དཔའ་ཆེ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དཔལ་གསང་བ་འདུས་པ་ལས་གསུངསོ།། ་རྡོ་རྗེ་རྒྱལ་པོ་ནི་དཔལ་གསང་བ་མཛོད་ཀྱི་རྒྱུད་ལ་སོ།། བདེ་བ་ཆེན་པོ་ནི་དཔལ་བདེ་མཆོག་གི་རྒྱུད་ལ་སོ།། དེ་ལ་བདེ་བ་ཆེན་པོ་ཞེས་པ་ནི། དེ་བཞིན་གཤེགས་པའི་ཟག་པ་མེད་པའི་བདེ་བ་གང་ཡིན་པ་དེ་ནི་བདེ་བ ་པོ་ཞེས་གསུངསོ།། དེ་ཉིད་ལ་གསུངས་པའང་བདེ་བ་ནི་སེམ་ཞེས་པ་ལ་སོགས་པའོ།། རྡོ་རྗེ་དྲག་པོ་དགའ་བ་ཆེ།། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས་ཞེས་པ་ནི། དེ་ལ་རྡོ་རྗེ་དྲག་པོ་ནི་དཔལ་རྡོ་རྗེ་གསང་བའི་རྒྱན ་གྱི་རྒྱུད་ལས་གསུངསོ།། རྡོ་རྗེ་དྲུག་པོ་ནི་རྡོ་རྗེ་དྲག་པོ་སྟེ། དྲག་པོ་ནི་ཤུགས་ཆེན་ཞེས་གསུངས་ཏེ། མཐུ་མྱུར་བར་འགྲོ་བ་ཉིད་ཀྱི་ཕྱིར་རོ།། དགའ་བ་ཆེན་པོ་ནི་དཔལ་ནོར་བུ་གསང་བའི་ཐིག་ལེའི་རྒྱུད་ལསོ།། ་དགའ་བ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་དགའ་བ་ཞེས་པའོ།། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས་ཞེས་པ་ནི་དཔལ་དེ་ཉིད་འདུས་པའི་རྒྱུད་ལས་ཏེ། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས་པ་ནི་ཧཱུཾ་བཞི་སྒྲོགས་པ་སྟེ། ་དེ་རྣམས་དང་ག་ལྡན་པ་དེ་ནི། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས་པའོ།། མཚོན་དུ་རྡོ་རྗེ་མདའ་ཐོགས་པ།། རྡོ་རྗེ་རལ་གྲིས་མ་ལུས་གཅོད་ཅེས་པ་ནི། དེ་ལ་མཚན་དུ་རྡོ་རྗེ་མངའ་ཐོགས་པ་ནི་དཔལ ་དམ་ཚིག་ཆེན་པོའི་རྒྱུད་ལུས་ཏེ། རྡོ་རྗེ་ས་མཚན་པའི་མངའ་དང་གཞུ་དེ་དག་ཉིད་མཚོན་ཆ་སྟེ། དེ་འཛིན་པས་ན་མཚོན་དུ་རྡོ་རྗེའི་མདའ་ཐོགས་པའོ།། རྡོ་རྗེ་རལ་གྲི་ནི་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ཏེ། རྡོ་རྗེ ་དང་རལ་གྲི་ནི་རྡོ་རྗེ་རལ་གྲིའོ།། མཚོན་ཆ་དེ་གཉིས་དང་གང་ལྡན་པ་དེ་རྡོ་རྗེ་རལ་གྲིའོ།། མ་ལུས་གཙང་པའང་དེ་ཉིད་ལ་བྱའོ།། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན།། རྡོ་རྗེ་གཅིག་པུ་གཡུལ་སེལ་བ་ཞེས་པ་ནི། དེ་ལ་སྣ ་ཚོགས་རྡོ་རྗེ་འཆང་ནི་དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཏེ། སྣ་ཚོགས་རྡོ་རྗེ་ནི་རྡོ་རྗེ་རྒྱ་གྲམ་སྟེ། དེ་འཛིན་པས་ནུ་སྣ་ཚོགས་རྡོ་རྗེ་འཆང་ངོ་།། རྡོ་རྗེ་ཅན་ནི་རྒྱུད་དེ་ཉིད་ལསོ།། དེ་ཉིད ་རྡོ་རྗེ་དང་འདྲ་བས་རྡོ་རྗེ་ནི་ཡེ་ཤེས་ཏེ། མི་ཕྱེད་པ་ཉིད་ཀྱི་ཕྱི་རཽ།། རྡོ་རྗེ་གྲནྟི་གུཾ་པུ་ནི་དཔལ་གཉི་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལྔསོ།། རྡོ་རྗེ་ཡང་དེ་ཡིན་ལྔ་གཅིག་པུ་ཡང་དེ་ཉིད་པས ་རྡོ་རྗེ་གཅིག་པུ་སྟེ། གཉིསུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། གཡུལ་སེལ་བ་ནི་དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་ཏེ། གཡུལ་ནི་འཐབ་པ་སྟེ། ཉོན་མོངས་པ ་རྣམས་དང་ལྷན་ཅིག་འཐབ་པའོ།། དེ་འཇོམས་པས་ན་གཡུལ་སེལ་བའོ།། རྡོ་རྗེ་འབར་བཱ་མིགྣ་མི་བཟང་།། སྐྲ་ཡང་རྡོ་རྗེ་འབར་བ་སྟེ་ཞེས་པ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་ཏེ། དེ་ལ་རྡོ་རྗེ་འབྱར་བ ་ནི་རྡོ་རྗེ་འབར་བའོ།། དེ་དང་འདྲ་བའི་མི་བཟུང་བའི་མིག་དང་གང་ལྡན་པ་དེ་རྡོ་རྗེ་འབར་བ་མིག་མི་བཟད་ཅེས་པའོ།། སྒྲ་ཡང་རྡོ་རྗེ་འབ་རཱུ་བ་སྟེ། ཞེས་པ་ནི་མགོ་ལས་སྐྱེས་པས་ན་མགོ་སྐྱེས་ཏེ་སྒྲའོ།། རྡོ་རྗེ ་འབར་བ་དང་འདྲ་བའི་སྐུ་གང་དང་ལྡན་པ་དེ་སྒྲ་ཡང་རྡོ་རྗེ་འབར་བ་སྟེ་ཞེསོ།། རྡོ་རྗེ་འབེབས་པ་འབེབས་པ་ཆེ།། མིག་བརྒྱ་པ་ནི་རྡོ་རྗེའི་མིག་ཅེས་པ་ནི་དཔལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཁྲོ་བོ་འདི ་བཞིར་བརྗོད་དོ།། དེ་ལ་རྡོ་རྗེ་འབེབས་པ་ནི་རྡོ་རྗེ་འབེབས་པ་སྟེ། ཡེ་ཤེས་ཀྱི་བྱིན་རླབས་ཞེས་པའི་དོན་ཏོ།། དེ་དང་གང་ལྡན་པ་དེ་ནི་རྡོ་རྗེ་འབེབས་པའོ།། འབེབས་པ་ཆེ་བ་ནི་དངོས་པོ་ཐམས་ཅད་ཀྱི་རང་བཞིན ་གྱི་ཕྱི་རོ།། མིག་བརྒྱ་པ་ནཱི་མིག་བརྒྱ་དང་གང་ལྡན་པ་དེ་ནི་མིག་བརྒྱ་པའོ།། རྡོ་རྗེའི་མིག་ནི་རྡོ་རྗེ་དང་འདྲ་བའི་སྤྱན་དུང་གང་ལྡན་པ་དེ་ནི་རྡོ་རྗེ་མིགོ། རྡོ་རྗེའི་བ་སྱཱ་མྱུ་གུའི་ལུས།། རྡོ་རྗེའི་སྤུ་ནི་གཎྜཱིག་པུ་ལུས ་ཞེས་པ་ནི། དེ་གཉིས་ནི་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་ཏེ། དེ་ལ་རྡོ་རྗེའི་བ་སྤུ་མྱུ་གུའི་ལུས་ནི་རྡོ་རྗེ་དངོས་པོའི་བེ་སྤུ་སྟེ། དེ་རྣམས་ཀྱི་མྱུ་གུར་གྱུར་ཅིང་གུང་བུར་གྱུར་པའི་ལུས་དང ་གང་ལྡན་པཱ་ད་ན་རྡོ་རྗེ་བ་སྒྱུ་མྱུ་གུའི་ལུས།། རྡོ་རྗེ་སྤུ་ནརྀ་གཅིག་པུ་ལུས་ནི་གཙུག་པུ་ཡད་དུ་ཡོནྡྲ་ལཱ་ཝསྱཱ་རྐཱ་ཛཱ&དུ་ཡོན་པས་གཙུགྶ་པུ་ལཱས།། རྡོ་རྗེ་སྤྱན་གླུ་ཅོག་ཡ་ཤེས ་ཀྱི་སྤུའོ།། དེས་མཚན་པའི་ལུས་གཅིག་པུ་དང་གང་ལྡན་པ་དེ་རྡོ་རྗེ་བ་སྠ་ནི་གཅིག་པུ་ལུསོ།། སེན་མོ་བརྣམས་པ་རྡོ་རྗེའི་རྩེ།། རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས་ཞེས་པ་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས ་དེ་གཉིས་གསུངས་ཏེ། དེ་ལ་སེན་མོ་བརྩམས་པ་རྡོ་རྗེ་རྗེ་ཞེས་པ་ལ།། རྡོ་རྗེ་རྩེ་མོ་སྦྱི་རྩེ་མོ་ནི་ཐོག་མའི་ཆ་ཡིནོ།། དེ་འདྲ་བའི་སེན་མོ་ན་རྡོ་རྗེ་རྩེ་མོའི་སེན་མོ་ཅནོ།། དེ་རྣམས་བརྩམས་པ་སྐྱེས་པ་དེ་དང ་གང་ལྡན་པ་སེན་མོ་བརྩམས་པ་རྡོ་རྗེའི་རྩེ་མོའོ།། རྡོ་རྗེ་སྙིང་པོ་པགས་པ་མཁྲེགས་ནི་རྡོ་རྗེ་སྙིང་པོ་དང་འདྲ་བ་སྲ་ཞིང་མཁྲེགས་པའི་པགས་པ་དང་གླང་ལྡན་པ་དེ་རྡོ་རྗེ་སྙིང་པོ་པགས་པ་མཁྲེགསྷོ། ་རྡོ་རྗེ་ཟིང་ཐོགས་དཔལ་དང་ལྡན།། རྡོ་རྗེ་རྒྱན་ས་བྱེཙྪིན་པ་སྐུ་ཞེས་པནྡྷ་དཔལ་ཁྲོ་རྣམ་བྷརྱ་རྟུལ་བའི་རྒྱུད་ལསྣ། ལཧཱུ~ཾ་འཁོར་ལོ་ལས་འདི་གཉིས་ག་སུངས་ཏཱི། སྟྭ~ཾ། རྗེ་ཐ~ཾད་ཐུགས ་དཔལ་དང་ལྡན།། རྡོ་རྗེ་རྐྱེན་གྱིས་བརྒྱན་པོ་སྟེ་ཞེས་པའོ།། རྡོ་རྗེ་ཕྲེང་བ་འཛིན་པས་ན་རྡོ་རྗེ་ཕྲེང་ཐོག་སོ།། དཔལ་ལྡན་ནི་དེ་ཉིད་ཀྱི་ཁྱད་པར་ཏེ། སྐལ་པ་ཕུན་སུམ་ཚོགས་པའི་བྱརོ།། རྡོ་རྗེའི་རྒྱན་གྱིས ་བརྒྱན་པ་སྟེ་ནི་རྡོ་རྗེ་ཉིད་རྒྱུན་ཡིན་པས་ན་རྡོ་རྗེའི་རྒྱུ་ནོ།། དེས་བརྒྱན་ཅིང་ཀླུབས་པས་ན་རྡོ་རྗེའི་རྒྱུན་གྱིས་བརྒྱན་པ་སྟེ་ཞེས་གསུངས།། གང་བརྒྱངས་ཧ་ཧ་སྒྲ་བྲལྔ་སྒྲོགས།། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ་ཞེས་པ་ནི ་དེ་ལ་གང་བརྒྱངས་ཧ་ཧ་ཞེས་པ་ནི་དཔལ་དཔུང་བཟང་གི་རྒྱུད་ལས་ཏཾ། གང་བརྒྱངས་ནི་སྐད་གསང་མཐོན་པོར་བཞད་པ་སྟེ། ཧ་ཧ་ཞེས་བྱས་ནས་བཞད་པ་ནི་གང་བརྒྱངས་ཧཱ་ཧའོ།། སྒྲ་བྲལ་བ་ནི་དཔལ ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལ་སོ།། སྒྲ་དང་བྲལ་བ་ནི་སྒྲ་དང་བ་སྟེ། ནང་དུ་ཕྱོགས་པ་ཁོ་ནཱ་སྒྲ་ཞེས་པའི་དོན་ཏོ།། ཡཱི་དྲུག་པ་ནི་དཔལ་ཡེ་ཤེས་དྲུག་དང་དམྲ་ཚིག་ཡི་གེ་བདེ་མཆོག་གི་རྒྱུད་ལས ་ཏེ། ཡི་གེ་དྲུག་པ་དང་ལྡན་པ་དེ་ཡི་གེ་དྲུག། རྡོ་རྗེའི་སྒྲ་ནི་དཔལ་སྟོང་ཕྲག་བརྒྱ་པ་དེ་ཉིད་འདུས་པའི་རྒྱུད་ལསོ།། རྡོ་རྗེ་ཐོག་གི་སྒྲ་ལྟ་བུའི་སྒྲ་དང་གང་ལྡན་པ་དེ་རྡོ་རྗེའི་སྒྲའོ།། འཇམ་དབྱངས་ཆེན་པོ ་སྒྱུ་ཆེ་བ།། འཇིག་རྟེན་གསུམ་ན་སྒྲ་གཅིག་པ་ཞེས་པ་ནརྀ། དེ་ལ་འཇམ་དབྱངས་ནི་འཕགས་པ་འཇམ་དཔྲལ་གྱི་རྒྱུད་ལས་ཏེ། འཇམ་ཞིང་མཉེན་པའི་དབྱངས་དང་གང་ལྡན་པ་དེ་འཇམ་དོ་བྱངསོ།། དེ་ཉིད ་ཀྱི་ཕྱིར་ན་ཆེན་པོ་ཞེས་གསུངསོ།། སྒྲ་ཆེ་བ་ཞེས་པ་ནི་དཔལ་མངོན་པར་རྟོགས་པའི་རྒྱན་ལས་སྒྲ་ཡང་དེ་ཡིན་ལ་ཆེ་བ་ཡང་དེ་ཉིད་ཡིན་པས་སྒྲ་ཆེའོ།། འཇིག་རྟེན་གསུམ་ན་སྒྲ་གཅིག་པོ་ནི་ཁམས ་གསུམ་རྣམ་པར་རྒྱལ་བའི་རྒྱུད་ཉིད་ལ་སོ།། འཇིག་རྟེན་གསུམ་ནི་ས་འོག་དང་ས་བྷཱ་སྣ་སྟེང་ངོ་།། དེ་ལ་གཅིག་པ་གཉིསུ་མེད་པའི་སྒྲ་གྲགས་པ་དང་གང་ལྡན་པ་དེ་ནི་འཇིག་རྟེན་གསུམ ་ན་སྒྲ་གཅིག་པའོ།། ན་མཁའི་མཐའ་ཀླུས་སྒྲ་སྒྲོགས་པ་ཞེས་པ་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་དེ་ཉིད་ལས་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྣ་གཤིན་རྗེ་གཤེད་ལ་བཀའ་སྩལ་ཏེ། སེམས ་ཅན་ཐམས་ཅད་ཀྱི་དོན་དུ་སྟོང་གསུམྦྷི་སྟོང་ཆེན་པོའི་སྟེང་དུ་སྔགས་ཀྱི་ཚུལ་འཇམ་དཔལ་གྱིས་བསྟན་པ་དེའི་ཚེ་བཅོམ་ལྡན་འདས་གཤིན་རྗེ་གཤེད་དེས་རི་རབ་རིའི་རྩེ་མོ་དེ་ཉིད་ལ་གནས་ཏེ། སྒྲ་ཆེན་པོ་གཅིག ་ཁོ་ན་བསྒྲགས་པར་གྱུར་ཏེ། སྒྲ་གང་གིས་ན་མཁའི་མཐའ་ཀླས་པ་ཐོས་པའི་སྒྲས་ཡང་དག་པརཱ་གོ་བར་བྱས་ཏེ། དེ་ནས་གསུངས་པ། ན་མཁའི་མཐའ་ཀླས་སྒྲ་སྒྲོགས་པ་ཞེསོ།། དེ་ཉིད་ཀྱི་ཕྱིར་བཅོམ ་ལྡན་འདས་དེ་སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་པ་སྟེ། སྒྲ་དེ་གང་ལ་ཡོད་པ་གང་ཡིན་པ་དེ་ནི་སྒྲ་དང་ལྡན་པ་རྣམས་ཏེ། སྒྲ་དང་གང་ལྡན་པ་དེ་རྣམས་ཀྱི་ནང་ན་དམ་པ་དང་ཕུལ་དུ་བྱུང་བ་ཟློས་པའི ་དོན་ཏོ།། དེ་ནས་ད་ནི་འཁོར་ལོ་གསུམ་པའི་སྤྲོ་བའི་ཆོ་ག་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཡི་གེ་ལས། བཅོམ་ལྡན་འདས་འཇམ་དཔལ་དེ་ཉིད་ནི་ཞེ་སྡང ་སྤྱོད་པའི་སེམས་ཅན་དེ་ཉིད་རྗེསུ་གཟུང་བའི་དོན་དུ་རྣལ་འབྱོར་དང་། སྤྱོད་པ་དང་། བྱ་བའི་རྒྱུད་རྣམས་ལུས་གསུངས་པའི་ཁྲོ་བོའི་གཟུགསསུ་དམིགས་ནས་འཇིག་རྟེན་གསུམ་འདུལ་བའི་དོན་དུ་དེ་དྲུག ་ཀྱང་རང་གི་ལུས་ལས་རྣམ་པར་འཐོན་པ་ནི་ཀུན་ཏུ་འབར་བའི་སྙིང་པོ་ཅན། སྨིན་མཚམས་ཀྱི་ཁྲོ་གཉེར་གྱི་རླབས་བསྐྱོད་ཅིང་བསྙེར་བའི་དཔྲལ་བ་དང་། འཇིགས་པའི་མཆེ་བ་གཙིགས་པའི་ཞལ ་དང་ལྡན་པ་རྣམས་རྡོ་རྗེ་དང་ལྕགས་ཀྱུ་དང་ཞགས་པ་ལ་སོགས་པ་རྡོ་རྗེ་འབར་བའི་ཕྱག་མཚན་གྱིས་ཕྱག་རྒྱ་མཚན་པོ་རྣམ་པ་དུ་མའི་མདོག་དང་རྒྱུན་ཅན་ཆུ་བྱང་རྣམ་པ་སྣ་ཚོགས་པ་འཆང་བའི་ཁྲོ་བོའི ་སྐུ་རྣམ་པར་ཕྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུག་པ་ཐམས་ཅད་གདུལ་བར་བྱས་ཏེ། ཡང་སླར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་དཀྱིལ་འཁོར་གཉིས་པ་ལ་མཚན་གྱི ་སྔགས་ཀྱི་ཡི་གེ་བདུན་ཅུ་རྩ་གཅིག་རྣམས་རང་གི་རིགས་ཀྱི་ཁ་དོག་དང་གཟུགས་རྣམསུ་གྱུར་ཏེ་ཇི་ལྟ་བའི་རིམ་པས་ཡང་དག་པར་གནས་པར་བསམ་པར་བྱའོ།། དེ་རྣམས་རྣམ་པ་ལྔརུ་བགོས་ཏེ། སངས ་རྒྱས་ཧཱུཾ་མཛད་ལ་སོགས་པ་རེ་རེའི་རིགས་ལ། བཅུ་བཞིའི་མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་རྣམས་བྱས་ཏེ། སྤྲོ་བ་དང་བསྡུ་བ་ལ་སོགས་མཐུན་པར་མཛད་ནས། གོང་དུ་གསུངས་པའི་རིམ་པས་མཚན ་གྱི་སྔགས་ཀྱི་ཡི་གེའི་ཚིག་ཏུ་བདག་ཉིད་མོས་པས་མཚན་ཡང་དག་པར་བརྗོད་པ་བཀླགས་ཏེ། ཡོན་ཏན་གྱི་ཚོགས་མཐའ་ཡས་པའི་རྣམ་པ་འཐོབ་བོ་ཞེས་མན་ངག་གོ།། ཚོགས ་བཅད་འདི་ནི་ཚིག་རྐྱང་གཅིག་གིས་ལྷག་པའི་བཅུ་ཐམ་པའོ།། མཚན་གྱི་སྔགས་ཀྱི་ཡི་གེ་ནི་བདུན་ཅུ་རྩ་གཅིག་གི་མཚན་ཡིན།། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན ་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་པ་ལས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་གྱིས་བསྟོད་པའི་རིམ་པའི་དབང་དུ་བྱས་པ་སྟེ་བདུན་པའོ།། །། ད་ནི་སོ་སོར་ཀུན་ཏུ་རྟོག་པའི ་ཡེ་ཤེས་ཀྱི་སྒོ་ནས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་བསྟོད་པ་གསུངས་པ། ཡང་དག་བདག་མེད་བཞིན་ཉིད།། ཡང་དག་མཐའ་སྟེ་ཡི་གེ་མེད་ཅེས་པ་ནི། དེ་ལ་དེ ་བཞིན་ཉིད་ནི་རང་བཞིན་གྱིས་གཟུང་བ་ལ་སོགས་པའི་རྣམ་པ་དང་བྲལ་བ་སྟེ། ཤེས་པ་དང་ཤེས་པ་མ་ཡིན་པའི་གནས་སྐབས་གཉིས་ལ་མཉམ་པའི་ངོ་བོ་ཉིད་ཀྱི་ཕྱིརརོ།། དེ་ཉིད་ནི་ཡང་དག་པའི ་མཐའ་མཆོག་སྟེ། ཚད་མ་ཐམས་ཅད་ཀྱིས་མི་བསླུ་བའི་ཕྱིར་དང་། བདག་ལ་སོགས་པར་རྟོག་པ་ཡང་རྟོགས་པར་གནོད་པ་ཉིད་ཀྱི་ཕྱི་རོ།། འདི་ལྟར་གལ་ཏེ་བདག་ལ་སོགས་པའི་དངོས་པོ་མེད ་ན་ཆོས་རྣམས་ཀྱི་རང་བཞིན་ཅི་ཡིན། འབྲས་བུ་ནཱི་གང་ཡིན་ཞེས་ཐེ་ཚོམྱ་ཟ་བར་བྱ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདི་ཁོ་ན་ཆོས་དང་གང་ཟག་ལ་སོགས་པ་ཉིད་ཀྱིས་རྣམ་པར་དབེན་པའི་མཚན་ཉིད ་གཅིག་པ་དང་། རྣམ་པར་རྟོག་པ་ཅན་གྱི་བདག་གིས་སོ་སོར་སྣང་བའི་ཆོས་ཐམས་ཅད་ཀྱི་ཁམ་སུ་གྱུར་པ་དོན་དམ་པ་ཅན་གྱི་གཡོ་བའི་རང་བཞིན་ནོ།། འབྲས་བུའི་ཆོས་སྟོབས་ལ་སོགས་པའི་མཚན ་ཉིད་རྣམས་ཀྱི་འདུ་རྒྱུ་དེ་ཉིད་ཡིན་པའི་ཕྱིརརོ།། དེའི་ལམ་གྱི་ཆོས་རྣམས་ཀྱང་རྒྱུ་དང་ཁམས་ཏེ། དེའི་ཕྱིར་ན་བདག་མེད་པ་ནི་ཆོས་ཀྱི་དབྱིངས་ཞེས་གསུངསོ།། གང་གི་ཕྱིར་དེ་བཞིན་ཉིད་ལ་སོགས་པ ་འདི་དགེ་རྣམས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཆོས་རྣམས་ཀྱི་སྒོ་སྟེ། གང་གི་ཕྱིར་དེ་བཞིན་ཉིད་ཀྱི་བྱེད་པའི་སྒོ་ན་ནྡོས་ཐམས་ཅད་ཀྱི་ངོ་བོ་ཉིདི་ལ་འཇུག་ཅིང་། དེ་ཡང་སྟོབས་རྣམས་རབ་ཏུ་བྱུང་བས་མེ་ལོང ་ལྟ་བུའི་ཡེ་ཤེས་ནི་ཡང་དག་མཐའ་སྟེ་ཞེས་གསུངས་ཏེ། དྲྀ་རྟོགས་པའི་ཕུལ་དུ་བྱུང་བའི་ཕྱི་རོ།། དེ་ཉིད་ཀྱི་ཕྱིར་ན་དེ་རྣམས་བཞི་ནི་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་དང་། སོ་སོར་ཀུན ་ཏུ་རྟོག་པ་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་མཚན་ཉིད་བཞི་པོ་འདི་རྣམས་གང་དང་ལྡན་པའི་བཅོམ་ལྡན་འདས་འཇམ་དཔལ་དེ་ནི། ཡང་དག་བདག་མེད་དེ་བཞིན་ཉིད། ཡང་དག་མཐའ་སྟེ་ཞེས ་གསུངསོ།། ཡི་གེ་མེད་ནི་རྣམ་གྲངས་གཞན་གྱིས་འགྱུར་བ་མེད་པས་ན་མྱི་འགྱུར་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཀྱི་ཕྱི་རོ།། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ།། ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོགས ་པ་ཞེས་པ་ནི། དེ་ལ་སྟོང་པ་ཉིད་སྨྲ་བའི་ཁྱུ་མཆོག་ནི་སྟོང་པ་ཉིད་རྣམ་པ་གསུམ་སྟེ། དངོས་པོ་མེད་པ་སྟོང་པ་ཉིད་དང་། དེའི་དངོས་པོ་མ་ཡིན་པའི་ངོ་བོ་ཉིད་དང་། རང་བཞིན་སྟོང་པ་ཉིད།། དེ་ལ་དངོས ་པོ་མེད་པ་སྟོང་པ་ཉིད་ནི་ཀུན་བརྟགས་ཀྱི་མཚན་ཉིད།། རྣམ་པ་གང་ཞིག་གིས་ཀྱང་ཡོད་པ་མ་ཡིན་པས་ན་དངོས་པོ་མེད་པ་སྟོང་པ་ཉིད།། དེའི་དངོས་པོ་མེད་པའི་ཕྱིར་སྟོང་པ་ཉིད་ནི་གཞན་དབང་གི་མཚན ་ཉིད་དེ། ཇི་ལྟར་བརྟགས་པ་བཞིན་དུ་དེ་ལྟར་མེད་དེ། དེ་ཐམས་ཅད་དུ་ཡང་མེད་པ་མ་ཡིན་པས་ན་དེའི་དངོས་པོ་མ་ཡིན་པ་སྟོང་པ་ཉིད།། རང་བཞིན་སྟོང་པ་ཉིད་ཡོངསསུ་གྲུབ་པའི་མཚན་ཉིད་དོ།། སྟོང་པ ་ཉིད་ཀྱི་རང་བཞིན་ཡིན་པས་ན་དེའི་རང་བཞིན་སྟོང་པ་ཉིད་དོ།། དེའི་ཕྱིར་ན་སྟོང་པ་ཉིད་རྣམ་པ་གསུམ་སྨྲ་བའི་ཚུལ་གང་དང་ལྡན་པ་དེ་སྟོང་པ་ཉིད་སྨྲ་བའོ།། ཁྱུ་མཆོག་ནི་གཙོ་བོ་ཞེས་པའི་དོན་ཏོ།། ་ཐམས་ཅད་ཀྱིས་གཅེས་པར་འཛིན་པ་ཉིད་ཀྱི་ཕྱིར་རོ།། སྟོང་པ་ཉིད་སྨྲ་བའང་དེ་ཡིན་ལ་ཁྱུ་མཆོག་ཀྱང་ངོ་ཉིད་ཡིན་པས་སྟོང་པ་ཉིད་སྨྲ་བའི་ཁྱུ་མཆོག་གོ། ཟབ་ཅིང་རྒྱ་ཆེ་བའི་སྒྲ་སྒྲོགས་པ་ནི་ཟབ་ཅིང ་ནི་གཟུང་འཛིན་ལ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཤེས་རབ་ཀྱི་རང་བཞིནོ།། རྒྱ་ཆེ་བ་ནི་སྤྲུལ་པ་སྣ་ཚོགས་པའི་རྗེསུ་འབྲང་བས་འོད་ཀུན་ཏུ་སྤྲོ་བ་སྟེ། ཀུན་ཏུ་བཟང་པོའི་ངོ་བོ་ཉིད་སངས ་རྒྱས་ཀྱི་སྐྱེས་སེམས་ནྡན་གྱི་དོན་གྱི་བྱ་བ་བྱེད་པའོ།། གང་གི་ཕྱིར་རྒྱ་ཆེ་བའི་ཐབས་ཀྱང་རདྭ་གི་སེམ་སུ་མཆིན་ཉིད་གཅིག་མོད་ཀྱི། ལྡོག་པའི་བྱེ་བྲག་གིས་ཐ་དད་པར་རྣམ་པར་བཞག་སྟེ། དེའི་ཕྱིར ་ན་ཟླབ་ཅིང་རྒྱ་ཆེ་བ་གཉིས་ཀྱི་སྒྲ་སྒྲོགས་པས་མུ་སྟེགས་པ་སོགསུ་པ་ཐམས་ཅད་ཀྱི་ལྟ་བ་ཟིལ་གྱིས་གནོན་པར་བྱེད་པ་དང་གང་ལྡན་པ་དེ་ནི་དེ་ལྟར་གསུངས།། ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན།། ཆོས་ཀྱི ་གཎྜཱི་སྒྲ་བོ་ཆེ་ཞེས་པ་ནི། དེ་ལྟར་ཆོས་ཀྱི་དུང་གི་གང་གི་ཚེ་ལྷའི་རིགས་དགའ་ལྡན་ནས་ཛམྦུའི་གླིང་དུ་འབབ་པར་འདོད་པ་དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས ་སྙོམས་དཔའ་ཆོས་ཀྱི་དུང་བུསྟྲ་ནས་བབས་པ་ཡིན་ནོ།། དེ་ཅིའི་ཕྱིར་བཅོམ་ལྡན་འདས་འདི་ནི་ཆོས་ཀྱི་དུང་ཞེས།། གཞན་ཡང་ཁྱད་པར་ཅི་འདྲེ་ཞེ་ན། གསུངས་པ། སྒྲ་རྐྱེན་ལྡནྡ་ཞེས་པ་སྟེ། སྐྱོང་གསུམ ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་དང་ཁམས་གསུམ་ཀུན་ཏུ་ཐོས་པའི་ཕྱིར།། ཆོས་ཀྱི་གཎྜཱི་ནི་བདུད་བཞི་ལས་མཆོག་ཏུ་རྒྱལ་བར་བྱས་ནས་ཟད་པ་དང་མི་སྐྱེ་བོའི་ཡེ་ཤེས་མངོན་དུ་བྱས ་ཏེ། ཆོས་ཉིད་དེ་ཡང་ཤེས་དཀའ་བར་རིགས་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ། རིག་པར་དཀའ་བ་བདག་གི་ཆོས་རིག་པའི་སེམས་ཅན་ཐམས་ཅད་ལ་མི་བསྟན་ཏེ། ་རིག་པར་དཀའ་བ་དེ་ཉིད་ཀྱི་ཕྱིར་ན་ཐུགས་ཁྲལ་ཆུང་བར་གནས་པར་གྱུརརོ།། དེའི་ཚེ་ཚངས་པ་ཆེན་པོ་འོངས་ནས་བསྐུལ་བ། བཅོམ་ལྡན་འདས་སེམས་ཅན་རྣམས་དབང་པོ་རྣོ་བ་དགེ་བའི་རྩ་བ་ཉེ་བར ་བསགས་པ་མགོ་སྨོས་པས་གོ་བ་དང་དད་པ་དང་ལྡན་པ་རྣམས་ཀྱང་ཡོད་དོ།། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། དེའི་ཚེ་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོར་ཉེ་བར་ཞུགས་ནས་ཆོས ་བསྒྲགས་པའི་དོན་དུ་གཎྜཱི་སྒྲ་བསྒྲགས་པར་གྱུར་པ་དེའི་ཕྱིར་གསུངས་པ། ཆོས་ཀྱི་གཎྜཱི་ཞེསྔོ།། དེ་ཉིད་ཀྱི་ཕྱིར་ཡང་ཁྱད་པར་གསུངས་པ། སྒྲ་བོ་ཆེ་ཞེས་ཏེ། ཆེན་པོ་ཡང་དེ་ཡིན་ལ་སྒྲ་ཡང་དེ་ཉིད་ཡིན ་པས་སྨྲ་བོ་ཆེའོ།། དེས་ནི་ཡང་འོད་སྐད་གསུངས་པར་འགྱུར་ཏེ། ཆོས་ཀྱི་དུང་ལ་སོགས་པའི་རང་བཞིན་དེ་ཉིད་བཅོམ་ལྡན་འདསུ་ཤེས་པར་བྱའོ།། མི་གནས་མྱ་ངན་འདས་པ་པོ།། ཕྱོགས་བཅུར་ཆོས ་ཀྱི་རྔ་བོ་ཆེ་ཞེས་པ་ནི། དེ་ལ་མི་གནས་མྱ་ངན་འདས་པ་པོ་ནི་སྲིད་པའི་འཁོར་བ་དང་། རྣམ་པ་ཐམས་ཅད་དུ་རྒྱུན་ཆད་པའི་མྱ་ངན་ལས་འདས་པ་ལྟར་དེ་དག་ལ་མི་གནས་པས་གཉིས་ལ་གནས ་པ་ཡང་མ་ཡིན་པའི་ཕྱིར་རོ།། སྲིད་པ་ལ་མི་གནས་ཏེ་སྲིད་པའི་སྐྱོན་གྱིས་མཱ་གོས་པའི་ཕྱི་རོ།། མྱ་ངན་ལས་འདས་པ་ཡང་མ་ཡིན་ཏེ། སྙིང་རྗེས་གཞན་དབང་ཉིད་ཀྱིས་འཁོར་བ་ཇི་སྲིད་བར་དུ་ཆེར ་གནས་པའི་ཕྱིརརོ།། དེ་ལྟར་ཡང་གསུངས་པ། ཉེས་པ་མཐོང་པོ་སྲིད་ལ་མིན།། སྙིང་རྗེས་མྱ་ངན་འདས་ལ་མིན།། གཞན་གྱི་དོན་འབྱུང་མཐོང་བས་ན།། སྲིད་པར་ཞུགས་ཤིང་མི་བཞུགས་པའོ་ཞེསོ།། ། ་དེས་ན་མི་གནས་པའི་མྱ་ངན་ལས་འདས་པར་གསུངསོ།། དྲིས་པ་དང་མྱ་ངན་ལས་འདས་པ་དེ་དག་ཏུ་དབྱེ་བར་རྟོག་པ་མེད་པའི་ཕྱིར་སྟོང་པ་ཉིད་དུ་རོ་གཅིག་པ་གཉི་གར་ཡང་དབྱེར་མེད་པའི་དམིགས ་པ་སྟེ། དེ་ལྟར་ཡང་གསུངས་པ། འཁོར་བ་མྱ་ངན་ལས་འདས་པའི།། གང་ཚེ་ཡང་དགེ་ཡེ་ཤེས་སྐྱེས།། འཁོར་ཉིད་མྱ་ངན་འདས་པ་ནི།། དེ་ཚེ་འདི་ཡི་འདིར་འགྱུར་རོ་ཞེསོ།། དེ་འདྲ་བའི་བཅོམ་ལྡན ་འདས་འཇམ་དཔལ་འདི་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་གསུངསོ།། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་ནི་ཆོས་ཀྱི་རྔ་པོ་ཆེ་སྟེ། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་བསྒྲགས་པ་དང་ལྡན་པ་དེ་ནི ་དེ་ལྟར་རོ།། གཟུགས་མེད་གཟུགས་ལྡན་དམ་པ་སྟེ།། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་ཞེས་པ་སྟེ། དེ་ལ་གཟུགས་མེད་ནི་ཆོས་ཀྱི་སྐུའི་རང་བཞིན་ཉིད་ཡིན་པའི་ཕྱིར།། གཟུགས་ལྡན་ནི་ལོངས ་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཉིད་ཡིན་པའི་ཕྱིརརོ།། དམ་པ་སྟེ་ཆོས་ཀྱི་རྒྱུ་མཐུན་པ་ཉིད་ཀྱི་ཕྱི་རོ།། སྣ་ཚོགས་གཟུགས་ཅན་ནི་སྤྲུལྔ་པའི་སྐུའི་ངོ་བོ་ཉིད་ཀྱི་ཕྱི་རོ།། ཡིད ་ལོས་སྐྱེས་པ་ནི་དེ་དག་གི་ཡོ་ཤེས་ཀྱི་བདག་ཉིད་ཀྱི་ཕྱི་རོ།། དེ་ཉིད་ཀྱིས་ན་གཟུགས་ཀྱི་ལུས་ལ་སོགས་པ་དེ་རྣམས་ཀྱི་ཆོས་འདི་དག་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ ་ཤེས་ཀྱི་སྐུར་ཤེས་པར་བྱ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་འཇམ་དཔལོ།། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ།། གཟུགས་བརྙན་མ་ལུས་འཆང་བ་པོ་ཞེས་པས་ནི།། ་དེ་ལ་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་ནི་འགྲོ་བ་འདུལ་བའི་རུང་བཞིན་གྱིསོ།། གཟུགས་རྣམ་པ་སྣ་ཚོགས་ཐམས་ཅད་སྣང་བའི་དཔལ་ནི་གཟུགས་རྣམས་ཐམས་ཅད་དུ་སྣང་བ་སྟེ། ་གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ་དེ་དང་གང་ལྡན་པ་དེ་ནི་ད་ལྟ་རོ།། གཟུགས་བརྙན་མ་ལུས་འཆང་བ་པོ་ནི་མྱ་ལུས་པ་རྣམས་ཀྱི་གཟུགས་བརྙན་ནི་གཟུགས་བརྙན་མ་ལུསོ།། དེ་འཛིན ་པས་ན་གཟུགས་བརྙན་མ་ལུས་འཛིན་པའོ།། ཚུགས་པ་མེད་ཅིང་ཆེར་གྲགས་པ།། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ་ཞེས་པ་ནི། དེ་ལ་ཚུགས་པ་མེད་པ་ནི་གཞན་རྣམས་ཀྱིས་ཟིལ་གྱིས ་མི་ནོན་པ་ཉིད་ཀྱི་ཕྱིརརོ།། ཆེར་གྲགས་པ་ནི་བསོད་ནམས་ཀྱི་ཚོགས་མི་ཟད་པའི་ཚོགས་བསགས་པའི་ཕྱིརརོ།། ཁམས་གསུམ་དབང་ཕྱུག་ཆེན་པོ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པ་ནི་ཁམས ་གསུམ་སྟེ། ཁམས་གསུམ་པོ་ཉིད་ནི་ཁམས་གསུམ་པ་སྟེ། ཁམས་གསུམ་དེར་དབང་ཕྱུག་ཆེན་པོ་ནི་ཆེན་པོ་ཡང་དེ་ཡིན་ལ་དབང་ཕྱུག་ཀྱང་དེ་ཡིན་པས་དབང་ཕྱུག་ཆེན་པོའོ།། འཕགས་ལམ་ཤིན ་ཏུ་མཐོ་ལ་གནས།། དར་བ་ཆེན་པོ་ཆོས་ཀྱི་ཏོག་ཅེས་པ་ནི། དེ་ལ་འཕགས་ལམ་ཤིན་ཏུ་མཐོ་ལ་གནས་པ་ནི། ཡང་དག་པར་མཐོ་ཞིང་བསྟོད་པར་གྱུར་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པོ ་གང་ཡིན་པ་དེ་ནི་འཕགས་ལམ་ཤིན་ཏུ་མཐོ་བ་སྟེ། དེ་ལ་གནས་པ་ནི་འཕགས་ལམ་ཤིན་ཏུ་མཐོ་ལ་གནས་སོ།། དར་བ་ཆེན་པོ་ནི་དེ་ལས་འབྱུང་བས་ན་དར་བ་སྟེ། ཆེན་པོ་ཡང་དེ་ཡིན་ལ་དར་བ་ཡང ་དེ་ཉིད་ཡིན་པས་ངར་བ་ཆེན་པོ་སྟེ། ཆེར་འཕེལ་བ་ཞེས་པའི་དོན་ཏོ།། ཆོས་ཀྱི་རྟོགས་ནི་ཆོས་རྣམས་ཀྱི་རྟོག་སྟེ། ཆོས་ཀྱི་རྒྱལ་མཚན་ཞེས་པའི་དོན་ཏོ།། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག། ་གནས་བརྟན་རྒན་པོ་སྐྱེ་དགུའི་བདག་ཅེས་པ་ནི། དེ་ལ་འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་ནི་གོང་ནས་གསུངས་པའི་མཚན་ཉིད་ནི་འཇིག་རྟེན་གསུམ་མོ།། དེ་ལ་གཅིག་པུ་གཉིསུ་མེད་པ་ཁོ ་ནར་གཞོན་ནུའི་ལུས་དང་འདྲ་བའི་སྐུ་དང་གང་ལྡན་པ་ནི་འཇིག་རྟེན་གསུམ་ན་གཞོན་ལུས་གཅིག་གོ། གནས་བརྟན་ནི་ཉན་ཐོས་ལ་སོགས་པ་དེ་རྣམས་ལ་དེའི་ཆོས་ཉེ་བར ་བསྟན་པའི་ཕྱིརརོ།། རྒན་པོ་ནི་རང་སངས་རྒྱས་རྣམས་ཀྱི་མཆོག་ཉིད་ཀྱི་ཕྱིར་དང་། དེའི་ཆོས་སྟོན་པ་ཉིད་ཀྱི་ཕྱི་རོ།། སྐྱེ་དགུའི་བདག་པོ་ནི་སོ་སོ་སོ་སོར་སྐྱེ་བས་ནུ་སྐྱེ་དགུ་ནི་བྱང་ཆུབ་སེམས་དཔའ ་རྣམསོ།། དེ་རྣམས་ཀྱི་བདག་པོ་ནི་སྐྱེ་དགུའི་བདག་སྟེ། རྫ་བོ་ནི་འཇམ་དཔྲལ་ཉིད་དོ།། སུམ་བཅུ་རྩ་གཉིས་མཚན་འཆང་བ།། སྡུག་གུ་འཇིག་རྟེན་གསུམ་ན་མཛེས་ཞེས་པ་ནི། དེ་ལ་སུམ་ཅུ་རྩ ་གཉིས་མཚན་འཆང་བ་ནི་ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། ཞབས་ཤིན་ཏུ་གནས་པ་ཉིད་དང་། ཕྱག་དང་ཞབས་ཀྱི་སོར་མོར་དྲ་བར་འབྲེལ་པ་ཉིད་དང་། ཕྱག་དང་ཞབས ་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་། བདུན་མཐོ་བ་ཉིད་དང་། སོར་མོ་རིང་བ་ཉིད་དང་། རྟིང་པ་ཡངས་པ་ཉིད་དང་། སྐུ་ཆེ་ཞིང་དྲང་བ་ཉིད་དང་། ཞབས་ལོང་བུ་མི་མངོན་པ་ཉིད་དང་། ་སྐུའི་སྤུ་གྱེན་དུ་ཕྱོགས་པ་ཉིད་དང་། བྱིན་པ་རི་དགས་ཨེ་ཎེ་ཡ་ལྟ་བུ་ཉིད་དང་། ཕྱག་རིང་ཞིང་མཛེས་པ་ཉིད་དང་། འདོམས་ཀྱི་སྦ་བ་སྒྲུབ་སུ་ནུབ་པ་ཉིད་དང་མདོག་གསེར་དང་འདྲ་བ་ཉིད་དང་། ་བགས་པ་སྒྲུབ་པ་ཉིད་ད་། སྥུ་རེ་རེ་ནས་གཡསུ་འཁྱིལ་པ་ཉིད་དང་། ཞལ་མཛོད་སྤྲས་བརྒྱན་པ་ཉིད་དང་། རོ་སྟོང་སེང་གེའི་འདྲ་བ་ཉིད་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། ཐལ་གོང ་རྒྱས་པ་ཉིད་དང་། རོ་བྲོ་བའི་མཆོག་མཁྱེན་པ་ཉིད་དང་། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། དབུ་གཙུག་ཏོར་དང་ལྡན་པ་ཉིད་དང་། ལྷག་རིང་བ་ཉིད་དང་། ཚངས་པའི་དབྱངས་དང་ལྡན ་པ་ཉིད་དང་།། འགྲམ་པ་སེང་གེའི་འདྲ་བ་ཉིད་དང་། ཚེམས་དཀར་བ་ཉིད་དང་། ཚེམས་མཉམ་པ་ཉིད་དང་། ཚེམས་ཐགས་བཟང་བ་ཉིད་དང་། ཚེམས་བཞི་བཅུ་མངའ་བ་ཉིད་དང་། སྤྱན ་མཐོན་མཐིང་དང་། རྫི་མ་པའི་ལྟ་བུ་ཉིད།། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དེ་རྣམས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ཉན་ཐོས་ལ་སོགས་པ་དང་མི་མཉམ་པ་ཐམས་ཅང ་མཁྱེན་པའི་ས་བོན་ལས་བྱུང་བའི་སྐྱེས་བུ་ཆེན་པོའི་མཚན་རྣམས་ནི་འོང་འབར་བ་དང་། རྫོགས་པ་དང་། གསོལ་ལ་གནས་པར་གྱུར་པ་ཡིན།། དེ་ལྟར་ཡང་ཆོས་མངོན་པ་ལས་གསུངས་པ། ་གསོལ་ལ་གནས་པ་འཕགས་འབར་བ།། རྫོགས་པའི་མཚན་ནི་ཐུབ་ཆེན་གྱི་ཅེ་སོ།། སྨྱུ་གུ་ནི་སྡུག་པ་སྟེ། འདོད་པར་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱིས་འདུན་པ་སྐྱེ་བའི་ཕྱིརརོ།། འཇིག་རྟེན ་གསུམ་ན་མཛེས་པ་ནི། འཇིག་རྟེན་གསུམ་ནི་གོང་མ་བཞིནོ།། དེ་ལ་མཛེས་པ་ནི་བལྟ་ན་སྡུག་པ་སྟེ། བལྟ་བས་མི་ངོམས་པའི་གཟུགས་ཅན་གྱི་ཕྱི་རོ།། དེ་ལ་བལྟ་བས་མི ་ངོམས་པ་ནི་རྟེན་གྱི་ཁྱད་པར་ཉིད་ལས་བལྟ་བས་མི་བྲ་བར་ཤེས་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཡན་ལག་དང་ཉིད་ལག་དེ་ནི་དུས་རིང་དུ་ལྟ་ན་ཡང་སྔོན་མ་མཐོང་བ་བཞིན་དུ་མཐོང་ལ། དགའ ་བས་བལྟ་བུས་མི་ངོམས་པའོ།། བལྟ་བས་མི་ངོམས་པའི་གཟུགསོ་ཞེས་གསུང་སོ།། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། འཇིག་རྟེན་སློབ་དཔོན་འཇིགས་པ་མེད་ཅེས་པ་ནི། དེ་ལ་འཇིག ་རྟེན་ཤེས་ལེགས་སློབ་དཔོན་ནི་ཤེས་པ་དང་། ལེགས་པ་རྣམས་ནི་ཤེས་ལག་སྷོ།། འཇིག་རྟེན་རྣམས་ཀྱི་ཤེས་ལེགས་ནི་འཇིག་རྟེན་ཤེས་ལེགས་ཏེ། དེ་རྣམས་ཀྱི་སློབ་དཔོན་ནི་བཅོམ་ལྡན ་འདས་ཤེསོ།། འཇིག་རྟེན་སློབ་དཔོན་ནི་ལྷ་དང་མི་ལ་སོགས་པ་རྣམས་ལ་སྐལ་པ་ཇི་ལྟ་བ་བཞིན་དུ་དམ་པའི་ལེམ་ཉེ་བར་སྟོན་པས་ན་འཇིག་རྟེན་སློབ་དཔོན་ཞེས་གསུངསོ།། འཇིགས་པ་མེད་ནི ་སྤྲུལ་པ་སྣ་ཚོགས་ཀྱི་གཟུགས་བསྟན་པའི་སྒོ་ནས་འགྲོ་བའི་དོན་མ་ལུས་པར་བྱེད་པའི་ཕྱིར་ན་འཇིགས་པ་མེད་པ་སྟེ། བག་ཚ་བ་མེད་པའི་དོན་ཏོ།། མགོན་སྐྱོབ་འཇིག་རྟེན་ཡིད་གཅུགས་པ། ་སྐྱབས་དང་སྐྱོབ་པ་བླ་ན་མེད་ཅེས་པ་ནི། དེ་ལ་མགོན་ནི་མགྲོན་མེད་པའི་སེམས་ཅན་འཁོར་བའི་རྒྱུ་མཚོར་བྱིང་བ་རྣམས་ཀྱི་མགོན་དུ་གྱུར་པའི་ཕྱི་རོ།། སྐྱོབ་པ་ནི་སྲུང་བ་དང་སྐྱབས་འདོད་པ་རྣམས ་སྐྱོབ་པའི་རང་བཞིན་ཉིད་ཀྱི་ཕྱིརརོ།། འཇིག་རྟེན་གསུམ་གྱི་ཡིད་གཅུགས་པ་ནི། འཇིག་རྟེན་ཡིད་གཅུགས་པ་སྟེ། རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་ཆེན་པོ་རབ་ཏུ་བསྟན་པ་ཉིད་ཀྱིས་ལྟ་བ་ངན ་པའི་ཐིབས་པོའི་འགྲོ་བ་མ་ལུས་པ་འཇོམས་པ་ཉིད་ཀྱི་ཕྱིརརོ།། སྐྱབས་ནི་སྐྱབས་འདོད་པའི་སེམས་ཅན་རྣམས་ཀྱི་སྐྱབས་ཉིད་ཀྱི་ཕྱིརརོ།། སྐྱོབ་པ་ནི་དེ་བཞིན་གཤེགས་པའི་གདུང་རྒྱུན་མི་འཆང ་པ་ཉིད་ཀྱི་ཕྱི་རོ།། བླ་ན་མེད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་ཡེ་ཤེས་ཐོབ་པ་ཉིད་ཀྱི་ཕྱིརརོ།། ན་མཁའི་ལོངས་སྤྱོད་ཡང་དག་སྤྱོད། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ ་ཞེས་པ་ནི། དེ་ལ་ན་མཁའི་ལོངས་སྤྱོད་ཡང་དག་སྤྱོད་ནི་ན་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྗེ་སུ་ལོངས་སྤྱོད་པ་ནི་ལེགས་པ་རོ་གནས་པའི་ཡེ་ཤེས་ཀྱི་མཐུའོ།། ཡང་དག་པར་ལོང་སྤྱོད ་པ་ནི་ཡང་དག་པར་ལོངས་སྤྱོད་དེ། ནམཁའི་ལོངས་སྤྱོང་ཡང་དག་སྤྱོདདོ།། ན་མཁའི་ལོངས་སྤྱོད་ཡང་དག་སྤྱོད་ནི་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ལ་དབང་སྒྱུར་བའི་གཙོ་བོའི་ཕྱིརརོ།། ཐམས ་ཅད་མཁྱེན་པའི་ཡེ་ཤེས་མཚོ་ནི་ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པ་སྟེ། དེའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ཕ ་ཤེསོ།། དེ་ཉིད་མཚོ་སྟེ་ཤིན་ཏུ་རྒྱ་ཆེ་བ་ཉིད་ཀྱི་ཕྱི་རོ།། མཱ་རིག་སྒོ་ངའི་སྦུབས་འབྱེད་པ།། སྲིད་པའི་དྲ་བ་འཇོམས་པ་པོ་ཞེས་པ་ནི། དེ་ལ་མ་རིག་པ་ནི་ལས་དང་འབྲས་བུ་བདེན་པོ་དང་དཀོན་མཆོག ་རྣམས་མི་ཤེས་པའི་བདག་ཉིད་ཀྱི་གཏི་མུག་སྟེ། དེ་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བའི་དང་ངོ་བོ་ཉིད་ཀྱི་ཕྱིར་དང་། འགྲོ་བ་འབྱུང་བའི་རྒྱུད་ཉིད་ཀྱི་ཕྱིར་ན་མ་རིག་སྒོ་ངའི་སྦུབས་ཞེས་གསུང་སོ།། ་དེ་འབྱེད་པ་ནི་འཇོམས་པའི་ཚུལ་དང་གང་ལྡན་པ་སྟེ། འདྲལ་བའི་ངོ་བོ་ཉིད་ཀྱི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་སྲིད་པའི་དྲ་བ་འཇོམས་པ་པོ་ཞེས་པ་སྟེ། སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ།། དེ ་ཉིད་དྲི་བ་སྟེ་མི་ཐར་པའི་གནས་ཉིད་ཀྱི་ཕྱིར།། དེ་འཇོམས་པ་ནི་ཡང་དག་པའི་དོན་བསྒོམས་པ་སོ་མཆོག་ཏུ་ཡོངསུ་མཐར་ཕྱིན་པ་ཉིད་ཀྱི་ཕྱིརརོ།། ཉོན་མོངས་མ་ལུས་ཞི་བྱེད་པ།། འཁོར་བའི་རྒྱ ་མཚོའི་ཕ་རོལ་ཕྱིན་ཞེས་པ་ནི། དེ་ལ་ཉོན་མོངས་པ་མ་ལུས་པ་ནི་རྣམ་པ་གསུམ་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བའི་ཀུན ་ནུས་ཉོན་མོངས་པའོ།། དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི་མ་རིག་པ་དང་། སྲིད་པ་དང་། ལེན་པའོ།། ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་འདུ་བྱེད་དང་། སྲིད་པའོ།། སྐྱེ་བའི་ཀུན་ནས ་ཉོན་མོངས་པ་ནི་ཡན་ལག་ལྕུག་མ་རྣམ་སོ།། ཡང་ན་ཉོན་མོངས་པ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་ནས་ཉོན་མོངས་པ་དང་། འབྲས་བུའི་ཀུན་ནས་ཉོན་མོངས་པའོ།། དེ་ལ་རྒྱུའི་ཀུན་ནས་ཉོན ་ནས་ཉོན་མོངས་པ་ནི་ཉོན་མོངས་པ་དང་། ལས་ཀྱི་རང་བཞིན་གྱི་ཡན་ལག་ནམ་སོ།། འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི་ཡན་ལག་ལྷག་མ་རྣམས།། ཡང་ན་ཉོན་མོངས་པ་རྣམ་པོ་བདུན་ན་རྒྱུ ་རྣམ་པ་བདུན་ཏེ། ཕྱིན་ཙྪ་ལོག་པའི་རྒྱུ་ནི་མ་རིག་པའོ།། ཟག་པ་མེད་པའི་རྒྱུ་ནི་འདུ་བྱེད་དོ།། ཉེ་བར་སྦྱོར་བའི་རྒྱུ་ནི་རྣམ་པར་ཤེས་པའོ།། ཡོངས་འཛིན་པའི་ཛྙཱ་ནཱི་མིང་དང་གཟུགས་དང་སྐྱེ་མཆོད ་དྲུག་གོ། ཉེ་བར་སྤྱོད་པའི་རྒྱུ་ནི་རེག་པ་དང་ཚོར་བའོ།། འདྲེན་པའི་རྒྱུ་ནི་སྲེད་པ་དང་། ལེན་པ་དང་། སྲིད་པའོ།། ཡིད་འབྱུང་བའི་རྒྱུ་ནི་སྐྱེ་བ་དང་། ཤྲཱི་སྟེ། ཉོན་མོངས་པ་དེ་དྲག་ནི་ཡང་དག་པ ་མི་ཡིན་པའི་ཀུན་ཏུ་ཧཱུ~ཾ་ག་ལས་བྱུང་བའོ།། མ་ལུས་ནི་བྱེད་ནི་མ་ལུས་སོ་སྲས་པ་རོ་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བ་དང་གང་ལྡན་ཐ~ཾ་ནི་དྭེ་ཝཱ་རེ།། གཅིཞི་ཕྱི་ལྷ་ཡིན་པ་དེའི་ཕྱིར། འཁོར ་མཚོའི་ཕ་རོལ་ཕྱིན་ཞེས་གསུངས།། ཡེ་ཤེས་དབང་བསྐུར་དབུ་རྒྱན་ཅན།། ཡང་དག་རྫོགས་པའི་སངས་རྒྱས་རྒྱན་ཞེས་པ་ནི་དེ་ལ་ཡེ་ཤེས་དབང་བསྐུར་དབུ་རྒྱུན་ཅན་ནི་དབང་བསྐུར་བའི ་དོན་གྱི་དབུ་ཅན་ནི་དབང་བསྐུར་དབུ་རྒྱུན་ཅནོ།། ཀུན་ཏུ་བཟང་པོའི་ཡེ་ཤེས་ཀྱི་དབང་བསྐུར་བའི་ནོད་པན་དེ་དང་གང་ལྡན་པ་དེ་ནི་ཡེ་ཤེས་དབང་བསྐུར་དབུ་རྒྱུན་ཅནོ།། དེ་ཡང་དབུ་རྒྱུན་ནི་ཡང་དག་པར་རྫོགས ་པའི་སངས་རྒྱས་རྒྱན་ཞེས་པ་སྟེ། དེ་རྣམས་ཀྱིས་བརྒྱན་པ་ཉིད་ཀྱི་ཕྱིརརོ།། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་ཞི།། གསུམ་སེལ་མཐའ་ཡས་གྲོལ་གསུམ་འགྲོ་ཞེས་པ་ནི། དེ་ལ་སྡུག་བསྔལ་གསུམ་གྱི ་སྡུག་བསྔལ་ཞི་ནི་གཉིས་བསྟན་ཏེ། སྡུག་བསྔལ་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། ཉེ་བར་ལེན་པའི་སྡུགུ་བསྔལ་དང་། མཚན་གྱི་སྡུག་བསྔལོ།། སྡུག་བསྔལ་གྱི་བདེན་པའི་ཚོར་བ་རྒྱུ་དང ་བཅས་པའི་དོན་དེ། གང་ཅུང་ཟད་མྱོང་པ་དེ་ནི་འདིར་ནི་སྡུག་བསྔལ་ཞེས་བྱ་བའི་ཕྱིརརོ།། ཡང་ཚོར་བའི་རྒྱུ་ནི་ཚོར་བའི་གན་སུ་འོས་པའི་ཆོས་རྣམས་རག་པར་བྱའོ།། དེ་ལྟར་གསུངས་པ། སྡུག་བསྔལ་ནི ་འཁོར་བའི་ཕུང་པོ་རྣམསོ་ཞེས།། སྡུག་བསྔལ་ནི་དེའི་རྒྱུ་གྲུབ་པ་ཀུན་འབྱུང་གི་བདེན་པ་སྟེ། སྡུག་བསྔལ་གྱི་བདེན་པའི་རྒྱུ་ནི་གྲུབ་བྱེད་གང་ཡིན་པའོ།། ཞི་བོ་ནི་དེ་གཉིས་ནི་ཞི་བའི་དོན་གྱིས་ན་འགོག་པའི ་བདེན་པའོ།། དེའི་ཕྱིར་གསུངས་པ། སྡུག་བསྔལ་གསུམ་གྱི་སྡུག་བསྔབ་ཞི་ཞེས་གསུངས་པ་ནི། བཅོམ་ལྡན་འདས་འཇམ་ད་པལ་ཞེསོ།། གསུམ་མཐའ་ནི་བདེན་གསུམ་གྱི་མཐའ་མ་ཡིན་པས་ན ་གསུམ་མཐའ་ཞེས་བྱ་སྟེ། ལམ་གྱི་བདེན་པའོ།། དེ་ཡང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལམ་གྱི་བདེན་པ་ཞེས་བྱ་བའི་ཚིག་གི་ཕྱིར་ནའོ།། དེ་ལ་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང ་གི་གཉེན་པོར་གྱུར་པོས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཉེ་བར་བསྟན་པ་སྟེ། དེའི་ཕྱིར་གསུངས་པ། མཐའ་ཡས་ཤེསོ།། གྲོལ་གསུམ་འགྲོ་ནི་གྲོལ་གསུམ་ནི་ཉན་ཐོས་ལ་སོགས་པས་ཕྱེ་བའི་གྲོལ ་བར་འགྲོ་བས་ན་གྲོལ་གསུམ་འགྲོ་སྟེ། བཅོམ་ལྡན་འདས་འཇམ་དཔལོ།། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། མཁའ་ལྟར་མཉམ་པ་ཉིད་ལ་གནས་ཞེས་པ་ན།། དེ་ལ་སྒྲིབ་པ་ཀུན་ལས་ངེས་པར་གྲོལ ་ནི་ཀུན་ཡང་དེ་ཡིན་ལ་སྒྲིབ་པ་ཡང་དེ་ཡིན་པས་སྒྲིབ་པ་ཀུན་ཏེ། ཉོན་མོངས་པ་དང་ལས་དང་རྣམ་པར་སྨིན་པ་དང་ཤེས་བྱ་དང་ཉོན་མོངས་པར་འཇུག་པའི་སྒྲིབ་པ་རྣམས་ཕྱེ་ནས་ལྔ་པོ་རྣམས་ནི་སྒྲིབ་པ ་ཀུན་ཞེས་གསུངསོ།། དེ་རྣམས་ལས་རྣམ་པར་གྲོལ་བ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའོ།། དེ་ཉིད་ཀྱི་ཕྱིར་ན་གསུངས་པ། མཁའི་ལྟར་མཉམ་པ་ཉིད་ལ་གནས ་ཞེས་པ་སྟེ། སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བ་ཉིད་ཀྱི་ཕྱིརརོ།། ཉོན་མོངས་དྲི་མ་ཀུན་ལས་འདས།། དུས་གསུམ་དུས་མེད་རྟོག་པ་པོ་ཞེས་པ་ནི། དེ་ལ་ཉོན་མོངས་དྲི་མ་ཀུན ་ལས་འདས་ནི་ཉོན་མོངས་ཀུན་ནི་གོང་དུ་བཤད་པའི་མཚན་ཉིད་རྣམས་ཏེ། དེ་རྣམས་ཉིད་དྲི་མ་རྣམསོ།། དེ་དག་ལས་འདས་པ་ནི་ཐལ་བ་སྟེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པའི་དྲི་མ་ཐམས་ཅད ་དང་བྲལ་པའི་ཕྱིར་རོ།། དུས་གསུམ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་རང་བཞིན་གྱི་ཕྱིར་ན་སྟེ། གསུམ་གྱི་དུས་ཀྱིསོ།། དུས་མེད་རྟོགས་པ་པོ་ནི་དུས་མེད་པས་ན་དུས་མེད་པ་སྟེ། དེའི་ཕྱིར ་ནའང་འདས་པ་ནི་འདས་པ་ཉིད་ཀྱི་ཕྱི་དང་། མ་འོངས་པ་ནི་མ་ཐོབ་པ་ཉིད་ཀྱི་ཕྱིར་དང་། ད་ལྟར་ནི་གཉི་ག་མེད་པའི་ཕྱིར་གནས་པ་མེདདོ།། དེའི་ཕྱིར་ན་དུས་གསུམ་མི་འགྲུབ་སྟེ། དུས་དེ་དག་མེད་པར་རྟོགས ་པ་སྟེ་དུས་མེད་རྟོགས་པ་པོའོ།། དུས་གསུམ་དེ་དག་དུས་མེད་རྟོགས་པ་པོའོ།། སེམས་ཅན་ཀུན་གྱི་ཀླུ་ཆེན་པོ།། ཡོན་ཏན་ཐོད་ཅན་རྣམས་ཀྱིས་ཐོད་ཅེས་པ་ནི། དེ་ལ་སེམས་ཅན་ཀུན་གྱི་ཀླུ་ཆེན་ནི ་རྟོགས་པ་ཁྱད་པར་ཅན་གྱི་ཆོས་དེ་རྙེད་པའི་ཕྱིར་ན་ཀླུ་ཆེན་པོའོ།། ཆེན་པོ་ནི་སེམས་ཅན་ཀུན་གྱི་ཀླུ་སྟེ། དཔོན་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་ན་ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་ཅེསོ།། འཇིག་རྟེན ་དང་འཇིག་རྟེན་ལས་འདས་པ་ཀུན་གྱི་མངོན་པར་འགྲོ་བར་བྱ་བ་ལ་སོགས་པ་ཡོན་ཏན་རྣམས་ཀྱི་ཐོད་དེ། གཙུག་གི་ནོར་བུ་ནི་ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད་ཅེས་གསུངསོ།། དཔེ་ནཱ་མེ་ཏོག་རྣམས་སྤྱི་བོར ་བཞག་ནས་འཇིག་རྟེན་ནུ་ཐོས་ཅེས་གྲགས་པ་དེ་བཞིན་དུ་དྲོ་ལྟར་ཡོན་ཏན་གྱི་ཚོགས་ཐམས་ཅད་ཀྱི་སྣང་ན་གནས་པའི་ཕྱིར་ན་ཡོན་ཏན་ཐ~ཾད་ཅན་རྣམས་ཀྱི་ཐོད་ཅེ་སོ།། ལུས་ཀུན་ལས་ནཱི་རྣམ་གྲོལ་ཞིང་།། ན་མཁའི ་ལམྦ་ལཱ་རཱ་བ་གནས་པ་ཞེས་པ་ནི། དེ་ལ་ལུས་ཀུན་ལས་ནི་རྣམ་གྲོལ་བ་ནི་ལུས་ནི་བཞི་སྟེ། ཆོས་དང་། ནོར་དང་། འདོད་པ་དང་། འཇིག་པའི་མཚན་ཉིད་རྣམསོ།། ཆོས་དེ་བཞི་རྣམས་ལས་ཀྱང་གྲོལ ་བ་ཉིད་ཀྱི་ཕྱིར་ནཱ་ལུས་ཀུན་ལས་ནི་རྣམ་གྲོལ་བའོ།། ཆོས་ཐམས་ཅད་ཀྱི་མི་འཇིགས་པ་ཉིད་ཀྱི་ཕྱིར་དང་། མི་འགྱུར་བ་ཉིད་ཀྱི་ཕྱིརརོ།། ནམ་མཁའི་ལམ་ལ་རབ་གནས་པ་ནི་ནམ་མཁའི་ལམ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་ལྔ་ཤིན་ཏུ་གནས་པའི་ཕྱིརརོ།། དེ་ལྟར་ཡང་འཕྱགས་པ་ཤེསྟྲ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས་གསུངས་པ། རབ་འབྱོར་འདི་ལྟ་སྐྱེ། ན་མཁའ་བསྒོམ་པ་རྣམ་པར་བསྒོམ་པ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་རྣམས་པར་བསྒོམ་པའོ་ཞེས།། ཡིད་བཞིན་ནོར་བུ་ཆེན་པོ་འཚང་།། ཁྱབ་བདག་རིན་ཆེན་ཀུན་གྱི་མཆོག་ཅེས་པ་ནི། དེ་ལ་ཡིད་བཞིན་ནོར་བུ་ཆེན་པོ་འཆང ་ནི་ཡིད་བཞིན་ནོར་བུ་ཡུང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཡིད་བཞིན་ནོར་བུ་ཆེན་པོ་སྟེ། འདི་ལྟར་འདོད་པའི་དོན་ཡང་དག་པར་གྲུབ་པར་བྱེད་པའི་ཕྱིརརོ།། དེ་འཛིན་པས་ན ་ཡིད་བཞིན་ནོར་བུ་ཆེན་པོ་འཆངངོ་།། དེ་ཉིད་ཀྱི་ཕྱིར། རིན་ཆེན་ཀུན་གྱི་མཆོག་ཅེས་པ་སྟེ། རིན་པོ་ཆེ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པའི་ཕྱིརོ།། ཁྱབ་བདག་གྲི་དོན་ནི་བཤད་ཟིན་ཏོ།། དཔག་བསམ ་ཤིང་ཆེན་རྒྱས་པ་སྟེ།། བུམ་པ་བཟང་པོ་ཆེ་བའི་མཆོག་ཅེས་པ་ནི། དེ་ལ་དཔག་བསམ་ཤིང་ཆེན་རྒྱས་པ་ནི་དཔག་བསམ་གྱི་ཤིང་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་དཔག་བསྡམ་ཤིང་ཆེན་ཏེ། ་མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་རབ་ཏུ་སྦྱིན་པ་ཉིད་ཀྱི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་རྒྱས་པ་སྟེ། ཐམས་ཅད་ཡང་དག་པར་འཕེལ་བ་ཉིད་ཀྱི་ཕྱིར་རོ།། བུམ་པ་བཟང་པོ་ཆེ་བའི་མཆོག་ནི་བུམ་པ་བཟང ་པོ་ཆེ་བ་ཡང་དེ་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་བུམ་པ་བཟོད་པ་ཆེ་བའི་མཆོག། བྱེད་པ་སེམས་ཅནྡྲ་ཀུན་དོན་བྱེད།། ཕན་འདོགས་སེམས་ཅན་མཉེས་ག་ཤཱིནྡ་པཱ་ཞེས་པ་ནི། དེ་ལ་སེམས་ཅནྟ་ཀླན ་དོན་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་ལ་སོགས་པ་དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ཕྱིར་ན་སེམས་ཅན་ཀུན་དོན་བྱེད་འཇམ་དཔའོ།། དེ་ཉིད་ཀྱི་ཕྱིར་ན་དགེ་བསྙེན་ཙནྡ་གོ་མིའི་ཞབས ་ཀྱིས་ཛམྦྷ་ལའི་བསྟོད་པ་གསུངས་པ། བུམ་པ་བཟང་པོ་དང་ནི་དཔག་བཱསམ་ཤིང་།། ཡིད་བཞིན་ནོར་རྣམས་སེམས་དང་མི་ལྡན་ཡང་། དེས་ཀྱང་སེམས་ཅན་རྣམས་ནི་བདེ་འགྱུར་ན།། སྙིང་རྗེ་དབང་མེད ་བཅོམ་ལྡན་སྨོས་ཅི་དགོས་ཞེས་པ་སྟེ། སེམས་ཅན་འདུལ་བའི་དབང་གིས་མི་གཡོ་བ་རྣམས་ཀྱི་གཟུགས་ཀྱིས་ཀྱང་སོ་སོར་སྣང་བ་ཉིད་ཀྱི་ཕྱིརརོ།། བྱེད་པ་སྐལ་པ་ཇི་ལྟ་བུ་དང་བསམ་པའི་དབང་ཉིད ་ཀྱིས་ཆོས་ཉེ་བར་སྟོང་པ་ཉིད་ཀྱི་ཕྱིརརོ།། ཕན་འདོགས་པ་ནི་ཕྱི་མར་ཕན་པ་ཉིད་ཀྱི་ཕྱིརརོ།། དེ་སྟོན་པའི་ཚུལ་དང་གང་ལྡན་པ་དེ་ཕན་འདོག་སོ།། སེམས་ཅན་མཉེས་གཤིན་པ་ནི་འགྲོ་བ་ལ་བུ་གཅིག་པ་བཞིན ་དུ་བྱམས་པ་ཉིད་ཀྱི་ཕྱི་རོ།། བཟང་ངན་ཤེས་ཤིང་དུས་ཤེས་ལ།། ཁྱབ་བདག་དམ་ཤེས་དམ་ཚིག་ལྡནྡ་ཞེས་པ་ནི། དེ་ལ་བཟང་ངན་ཤེས་ཤིང་ནི་བཟང་པོ་དང་དྲན་པ་ནི་བཟང་ངན་ཏེ། དགེ་བ་དང་མཱི ་དགྲོ་བའི་དོན་ཏེ། དེ་མཁྱེན་བྱས་ན་བཟང་ངན་ཤེས་པ་བཅོམ་ལྡན་འདས་འཇམ་དཔལོ།། ཁ་ཅིག་ཏུ་ནི་དགེ་བ་ཡང་ཤེས་ཏེ། སེམས་ཅན་གྱི་དོན་གྱི་དབང་གི་ཕྱི་རོ།། དེ་ལྟར་ཡང་གསུངས་པ། སྙིང ་བརྩེར་བྱས་ན་ཉེས་པ་མེད་ཅེསོ།། དུས་ཤེས་པ་ནི་དུས་མཁྱེན་པས་ན་དུས་ཤེས་པའོ།། དེ་ནི་འཇུག་པའི་དུསོ།། འདི་ནི་ཆོས་བསྟན་པའི་དུསོ།། འདི་ནི་སེམས་ཅན་གྱི་དོན་བྱ་བའི་དུསོ།། འདི་ནི་བཏང ་སྙོམས་ཀྱི་དུསོ།། འདི་ནི་མྱ་ངན་ལས་འདས་པའི་དུསོ།། ཞེས་དེ་ལྟ་བུའི་ཆ་དང་མཐུན་པའོ།། ཁྱབ་བདག་གི་དོན་ནི་བཤད་ཟིན་ཏོ།། དམ་ཤེས་ནི་སྙིང་པོ་དང་། ཕྱག་རྒྱ་དང་། ་སྔགས་དང་། རིག་པ་རྣམས་ཀྱི་ངོ་བོ་ཉིད་ཤེས་ཤིང་རྟོགས་པས་ན་དམ་ཤེས།། དེ་ཉིད་ཀྱི་ཕྱིར་ན་དམ་ཚིག་ལྡན་ཞེསྔོ།། དུས་ཤེས་སེམས་ཙཱན?་དབང་དྲོན་ཤེས།། རྣམ་གྲོལ་གསུམ་ལ་མཁས་པ་པོ་ཞེས་པ་ནི།། ་དེ་ལ་དུས་ཤེས་ནི་དུས་རྣམས་ཤེས་པས་དུས་ཤེས་ཏེ། སློང་བའི་སེམས་ཅན་རྣམས་ཀྱི་བསྒོམ་པ་ཤེས་ནས་དེ་སུ་སྦྱིན་པ་ལ་སོགས་པའི་སྦྱིན་པ་ནི་མི་ཟད་པའི་ཕྱིརརོ།། སེམས་ཅན་དབང་དོན་ཤེས་ནི་སེམས ་ཅན་རྣམས་ཀྱི་དབང་པོ་སྟེ་སེམས་ཅན་ཐམས་ཅད་དང་འབྲེལ་བའི་དབང་པོ་རྟུལ་པོ་ལྔ་སོགས་པ་དེ་རྣམས་མཁྱེན་པས་ན་སེམས་ཅན་དབང་པོ་ཤེསྔོ།། རྣམ་གྲོལ་གསུམ་ལ་མཁས་པ་པོ་ནི་ཉན་ཐོས་ལ ་སོགས་པ་རྣམ་པར་གྲོལ་བ་གསུམ་གྱི་ཆར་བརྟག་པའི་མཚན་ཉིད་ལ་ཞིབ་ཏུ་མཁྱེན་པ་ཉིད་ཀྱི་ཕྱིར་ན་མཁས་པ་པོ་ཞེས་གསུང་སོ།། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས།། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས ་འབྱུང་ཞེས་པ་ནི་དེ་ལ་ཡོན་ཏན་ལྡན་ཞིང་ནི་རང་གིའོ།། ཡོན་ཏན་ཤེས་ནི་ཕྱི་རོལ་པ་དང་། ཉན་ཐོས་པ་རྣམས་ཀྱི་ཡོན་ཏན་མཁྱེན་པས་ན་ཡོན་ཏན་ཤེསོ།། ཆོས་ཤེས་ནི་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་ཆོས་རྣམས་མཁྱེན་པས་ན་ཆོས་ཤེསོ།། བཀྲ་ཤིས་ནི་ཐུན་མོང་མ་ཡིན་པའི་སྐྱེས་བུ་ཆེན་པོ་ལ་སོགས་པའི་མཚན་དང་ལྡན་པའི་ཕྱི་རོ།། བཀྲ་ཤིས་འབྱུང་ནི་འདི་ལྔས་འབྱུང་བ་སྟེ། འཇིག་རྟེན་ལ ་སོགས་པའི་བཀྲ་ཤིས་རྣམས་དེ་ལས་བྱུང་བས་ན་བཀྲ་ཤིས་འབྱུང་སྟེ། བཅོམ་ལྡན་འདས་འཇམ་དཔལོ་བཀྲ་ཤིས་ཀུན་གྱི་བཀྲ་ཤཱིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ་ཞེས་པ་ནི། ་དེ་ལ་བཀྲི་ཤིས་ཀུན་གྱི་བཀྲ་ཤིས་པ་ནི་བཀྲ་ཤིས་ཀྱི་ནང་ནས་ལེགས་པ་བཀྲ་ཤིསོ།། བཀྲ་ཤིས་ཀུན་ཏེ་ཤིན་ཏུ་དགའ་བར་བྱེད་པའི་ནང་ནས་བཀྲ་ཤིས་པའི་ཕྱི་རོ།། གྲགས་པ་ནི་རྒྱལ་བུ་ཐམས ་ཅད་སྒྲོལ་དང་། རི་བོང་གི་ལུས་ཀྱིས་རྨད་དུ་བྱུང་བ་དུ་མས་སེམས་ཅནྡ་གྱི་དོན་བྱེད་པའི་ཕྱིར་ན་དེ་སང་ཡང་མི་ཉམས་པར་གྲགས་པ་ཞེས་པ་ནི་བཅོམ་ལྡན་འདསཱ་དེའི་སྟེ། དེའི་མི་ཟད་པའི་ལུས་ཡིན ་པའི་ཕྱི་རི་རོ།། བཀྲ་ཤིས་ན་སེམས་རྩེ་གཅིག་ཏུ་བསྒོམ་པ་ལ་བརྩོན་པའི་རིགས་ཀྱི་བུ་ལ་སྲོགས་པ་རྣམས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ་ཉིད་ཀྱི་ཕྱི་ན་བཀྲ་ཤིས་ཏེ། བཅོམ ་ལྡན་འོངས་འཇམ་དཔལོ།། སྙན་གྲགས་ནི་སྦྱིན་པ་ལ་སོགས་པ་མཆོག་ཏུ་ཡོངསུ་མཐར་ཕྱིན་པའི་ཕྱིར་དང་། དྲི་མའི་སྐྱོན་ཐམས་ཅད་མེད་པའི་ཕྱིར་དང་། དྲི་མ་མེད་པའི་གྲགས་པའི་ཕུང་པོ་ཉིད ་ཀྱི་ཕྱིར་ན་ཡང་སྙུན་གྲགས་ཞེས་གསུང་སོ།། དགེ་ཞེས་པ་ནི་དགེ་བ་བཅུའི་ལས་ཀྱི་ལམྦྷ་གྱི་བདག་ཉིད་ཀྱི་ཕྱི་རོ།། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།། དགའ་ཆེན་རོལ་མོ ་ཆེན་པོ་སྟེ་ཞེས་པ་ནི། དེ་ལ་དབུགས་འབྱིན་ཆེན་པོ་དབུགས་འབྱིན་པས་ན་དབུགས་འབྱིན་པ་སྟེ། དབུགས་འབྱིན་པ་ཡང་དེ་ཡིན་ལྔ་ཆེན་གྲོ་ཉིད་ཡིན་པས་དབུགས་འབྱིན་ཆེན་པོ་སྟེ། དཔལ་རྡོ་རྗེ ་སེམས་དཔའ་ལ་སོགས་པའི་ཏིང་ངེ་འཛིན་གྱིས་འདོད་ཆགས་ལ་སོགས་པ་ལ་མོས་པའི་སེམས་ཅན་རྣམས་ལ་ཡང་དོག་པར་དབུགས་འབྱིན་པའི་ཕྱིར་དེ་སྐད་ཅེས་བྱའོ།། དགའི་སྟོན་ཆེ་ནི་དགའ་བ་ཡང་དེ་ཡིན ་ལ་ཆེན་པོ་ཡང་དེ་ཡིན་པས་དགའ་སྟོན་ཆེ་སྟེ། མཆོད་སྦྱིན་མཆོག་ཏུ་གསུངསོ།། ལོ་རེ་རྗེས་མཐུན་དད་པ་ཡིས།། གང་ཞིག་ཆོ་ག་ཇི་བཞིན་བྱེད།། རྟག་ཏུ་མཆོད་སྦྱིན་ལ་འཇུག་པ།། དེ་ནི་མཆོད་སྦྱིན་མཆོག་ཏུ ་བཤད།། གཞན་དུ་ཐར་པའི་ལམ་དུ་གཤེགས།། རྟག་ཏུ་མཆོད་སྦྱིན་མཆོག་རིག་པའོ་ཞེས་ཏེ། རྣམ་པ་གཉིས་ཀཱ་ལྟར་ཡང་བཅོམ་ལྡན་འདས་འཇམ་དཔལ་ཉིད་མཆོག་ཏུ་འགྲོ་བ་སྟེ། རྟག་ཏུ་སྦྱིན་པ་ལ་འཇུག ་པའི་ཕྱིར་དང་། རྟག་ཏུ་མྱ་ངན་ལས་འདས་པའི་ལམ་ཉིད་དུ་གཤེགས་པའི་ཕྱིར་དང་། དགེ་བའི་ཕྱོགས་ལ་གཞོལ་བས་ན་དགའ་སྟོན་ཆེ་བའི་ཕྱིརརོ།། དགའ་ཆེན་ནི་དགའ་བ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད ་ཡིན་པས་དགའ་ཆེན་ཏེ། འཇིག་རྟེན་ཐམས་ཅད་ཀྱི་སྐལ་པ་ཇི་ལྟ་བ་བཞིན་གྱི་གཟུགས་ཉིད་ཀྱིས་བླ་ན་མེད་པའི་ཆོས་སྟོན་པར་བྱེད་པས་དགའ་བ་སྐྱེ་བ་ཉིད་ཀྱི་ཕྱི་རོ།། རོལ་མོ་ཆེན་པོ་སྟེ་ནི་རོལ་མོ་ཆེན་པོའི ་དགའ་བ་ཟག་མེད་པའི་མཚན་ཉིད་གང་ལྡན་པ་དེ་རོལ་མོ་ཆེན་པོ་སྟེ་བཅོམ་ལྡན་འདས་དེའོ།། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས།། མཆོག་ཏུ་དགའ་བ་གྲོགས་བདག་དཔལ་ཞེས་པ་ནི།། དེ་ལ་བཀུར ་སྟི་ནི་ཁམས་གསུམ་དུ་དམ་པའི་བཀུར་སྟེ་དང་མཆོད་པར་འོས་པའི་ཕྱིརརོ།། བྱེད་པ་ནི་རིམ་གྲོ་སྟེ། རིམ་གྲོ་མཆོག་ནི་ཉན་ཐོས་ལ་སོགས་པ་གང་ཡིན་པ་དེ་རྣམས་ཀྱི་མཆོད་པ་ཇི་ལྟར་འོས་པ ་གྲུབ་པས་ན་དམ་པ་སྟེ། དེ་ལྟར་ཡང་གསུངས་པ། རིམ་གྲོ་མཆོག་གི་ལུང་དཔོགས་པ་དང་། ཇི་བཞིན་ཡན་ལག་བཅས་པར་རིག། སྔགས་དོན་ཡང་ནི་རྣམ་པར་དཔྱད།། རམ་གྲོ་མཆོག་ཏུ ་དེ་བརྗོད་དོ།། ཞེསོ།། བཅོམ་ལྡན་འདས་འཇམ་དཔལ་ཡང་མཆོག་བྱེད་པ་སྟེ། དོན་དམ་པའི་རིག་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ལུང་འབོགས་པ་དང་། སྔགས་ཐམས་ཅད་ཀྱི་དོན ་རྣམ་པར་དཔྱོད་པའི་ཕྱིར་ན་ཡང་མཆོག་ཅེས་གསུངསོ།། ཕུན་སུམ་ཚོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་གྱི་ངོ་བོ་ཉིད་ཀྱི་ཕྱི་རི་རོ།། མཆོག་ཏུ་དགའ་བ་ནི་རབ་ཏུ་དགའ་བ་ཐམས་ཅད་ཀྱི ་རང་བཞིན་ཉིད་ཀྱི་ཕྱི་རོ།། གྲགས་བདག་དཔལ་ཞེས་པ་ལ། དཔལ་ནི་ལྷ་མོ་སྟེ། དེའི་གྲགས་པ་ནི་བདེ་བ་དང་ཡིད་བདེ་བ་རྣམསོ།། དེ་རྣམས་ཀྱི་བདག་པོ་སྟེ། གཙོ་བོ་ནི་བཅོམ ་ལྡན་འདསོ།། མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ།། སྐྱབས་ཀྱི་དམ་པ་སྐྱབ་སུ་འོས་ཞེས་པ་ནི། དེ་མཆོག་ལྡན་ནི་མངོན་པར་འགྲོ་བར་བྱ་བ་རྣམས་ཀྱི་ནང་ན་མཆོག་ཉིད་ཀྱི་ཕྱིརརོ།། མཆོག་སྦྱིན་ནི་མཆོག ་སྦྱིན་པས་ན་མཆོག་སྦྱིན་ཏེ། བསམ་པ་ཇི་ལྟ་བ་བཞིན་དུ་ཡོངསུ་རྫོགས་པར་བྱེད་པའི་ཕྱིརརོ།། གཙོ་བོ་སྟེ་ནི་ཕྱི་རོལ་པ་དང་ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པོའི་ཕྱིར་རོ།། ་སྐྱོབ་སུ་འོས་པ་ནི་དམན་ཞིང་སྡུག་བསྔལ་བ་དང་སྐྱབས་མེད་པ་རྣམས་ཀྱི་སྐྱབསུ་འོས་པ་ཉིད་ཀྱི་ཕྱི་རོ།། དེ་ཉིད་ཀྱི་ཕྱིར་ན་སྐྱབས་ཀྱི་དམ་པའོ།། འཇིགས་ཆེན་དགྲ་སྟེ་རབ་ཀྱི་མཆོག། འཇིགས་པ་མ ་ལུས་སེལ་བ་པོ་ཞེས་པ་ནི། དེ་ལ་འཛེགས་ཆེན་དགྲ་ནི་གནས་ཀྱིས་བསྒོས་པ་ལ་སོགས་པས་འཇིགས་པ་ཆེན་པོ་བརྒྱ་དེ། ནད་དང་། འཆི་བ་དང་། མུ་གེ་དང་། མེ་དང་། ཆུ་དང་། སྲིན་པོ་དང་། ་ཆ་ག་པ་དང་། བྱི་བ་རྣམསོ།། དེ་རྣམས་ཀྱི་དགྲ་སྟེ། ནད་ལ་སོགས་པ་ངེས་པར་འཇོམས་པ་ཉིད་ཀྱིས་ཡམས་དང་ཉེ་བར་འཚེ་བ་རྣམས་ཟད་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ན་རབ་ཀྱི་མཆོག ་ཅེས་གསུང་སོ།། འཇིགས་པ་མ་ལུས་སེལ་བ་པོ་ནི་ལུས་པ་མེད་པའི་འཇིགས་པ་ཆེན་པོ་བརྒྱ་དེ། དེ་དག་ནི་སྲེད་གེ་དང་། གླང་པོ་ཆེ་དང་། མེ་དང་། སྦྲུལ་དང་། རྐུན་མ་དང་། རྒྱལ་པོའི་ཆད་པ་དང་། ་མཚོན་དང་། ལྕེ་འབབ་པ་རྣམས་ལ་སོགས་པའོ།། འཇིགས་པ་དེ་རྣམས་མ་ལུས་པར་སེལ་བར་བྱེད་པ་ཉིད་ཀྱི་ཕྱིར་ན། འཇིགས་པ་མ་ལུས་སེལ་བ་པོ་སྟེ། བཅོམ་ལྡན་འདས་འཇམ་དཔལ་ཏེ། དེ ་རྗེསུ་དྲན་པ་ཙམ་གྱིས་འཇིགས་པ་མ་ལུས་པ་ཟད་པར་བྱེད་པའི་ཕྱིརརོ།། ད་ནི་སེམས་ཅན་ཐམས་ཅད་ལ་འགྲོ་བ་འདུལ་བའི་རང་བཞིན་གྱིས་གང་ལ་གུས་པ་རྣམས་ལ་དེའི་གཟུགས་ཀྱིས་ཀྱང་སྣང ་བཪྵ་བྱེད་པར་བསྟན་པའི་ཕྱིརོ།། གཙུག་ཕུད་ཕུད་པུ་ལྕང་ལོ་ཅན།། རལ་པ་མུན?་ཌཱི་ཅོད་པན་ཐོགས་ཞེས་པ་སྟེ། དེ་ལ་གཙུག་ཕུད་ནི་འདི་ལ་གཙུག་ཕུད་ཡོད་པས་ན་གཙུག་ཕུད་ཅན་ཏེ། ཁ་ཙིག། ་ཏུ་བྱིས་པའི་གཟུག་སུ་སྣང་བའོ།། ཕུད་བུ་ནཱི་ལྷ་གཞན་ནུའི་གཟུགསོ།། ལྕང་ལོ་ནཱི་ལྕང་ལོ་དང་གང་ལྡན་པ་དེ་ལྗང་ལོ་ཅན་ཏེ། རལ་པ་ཅན་གྱི་གཟུགས་ཀྱིསོ།། རལ་པ་ནི་ཐོར་ཚུགས་གཅིག་པའི ་གཟུགས་ཀྱིསོ།། མུན་ཌི་ནི་མགོ་བོ་འཆང་བའི་གཟུགས་ཀྱིསོ།། ཅོད་པན་ཐོགས་ནི་ཅོད་པན་ནི་དབུ་རྒྱ་ནོ།། དེ་དང་གང་ལྡན་པ་དེ་ནི་ཅོད་པན་ཐོགས་ཏེ་ཉི་མ་ལ་སོགས་པའི་གཟུགས་ཀྱིསོ།། གང་དང་གས ་གིས་འདུལ་བའི་གཟུགས་ཅན་རྣམས་ལ་དེ་དང་དེའི་གཟུགས་ཀྱིས་དེ་རྣམས་ཀྱིས་སེམས་ཀྱི་རྒྱུ་ལ་ས་སོཪྵ་སྣང་བར་བྱུང་བའི་བྷི་རཱ་ན་དེ་ལྟར་གསུངས།། གདོང་ལྔ ་གཙུག་ཕུད་ལྔ་དང་ལྡན།། ཟུར་ཕུང་ལྔ་པ་མེ་ཏོག་ཐོད་ཅེས་པ་ནི་ཚིག་བདུན་པའི་ཚིགསུ་བཅད་པ་ཕྱེད་པོས་ནི་བླ་མའི་མན་ངག་གིས་དང་པོ་སངས་རྒྱས་ཀྱི་སྦྱོར་བ་དང་པོའི་བསྒོམ་ཁོག་དེ་ཁོ ་ན་ལས་ཤེས་པར་བྱ་ཞིང་དེ་ཡང་བཤདེ་ཟིན་པ་ཉིད་ཀྱི་ཕྱིར་ན་ཡང་འདིར་ཡང་མ་བཤ་།། བརྟུལ་ཞུགས་ཆེ་འཆང་མུན་ཛ་ཅན།། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་ཅེས་པ་ནི། དེ་ལ་མུན་། ་ཛ་ཞེས་པ་ནི་རྩ་མུན་ཛའི་སྐ་རགས་ཅན་གྱི་བརྟུལ་ཞུགས་འཛིན་པའི་གཟུགས་ཀྱིས་བརྟུལ་ཞུགས་ཆེན་པོ་པ་ནི་ལ་ལས?་ཕྱག་རྒྱ་ལྔའི་རྒྱན་དང་ལྗོན་པརརྱ་སོ་སོར་སྣང་བའི་ཕྱིརརོ།། ཚངས་པར ་སྤྱོད་པ་ནི་བསྐལ་པ་མཐའ་ཡས་པར་ཚངས་པར་སྤྱོད་པ་ལ་ཆེར་སྐྱོད་པའི་ཕྱིར་རྣམ་པ་འགྱུར་བའི་རྒྱུ་གང་ཡིན་པ་འདི་མྱི་འགྱུར་བླ་དེ་ཉིད་ཀྱིས་ན་བཅོམ་ལྡན་འདིས་འཇམ་དཔལ་ཚངས་པར ་སྤྱོད་པའི་གཟུགས་ཀྱིས་ཁ་ཅིག་ཏུ་སོ་སོར་སྣངངོ་།། བརྟུལ་ཞུགས་མཆོག་ནི་དེ་ཡོངསུ་འོས་པ་སྟེ། སོ་སོར་ཤེས་པའི་ལོ་བཅུ་གཉི་སུ་ཚངས་པར་སྤྱོད་པ་ལ་སྤྱད་པས་སོ་སོར་ཉམ་སུ་མྱོང་བ ་ཡོངསུ་མཐར་ཐུག་པས་མཆོག་གིས་ཁྱིམ་དུ་ངལ་གསོ་བ་མ་བྱས་པ་ཉིད་དུ་སློངས་མོ་བྱེད་པ་ཉིད་དམྦ། ནགས་ཁྲོད་ན་གནས་པའི་དངོས་པོ་ཉིད་ཀྱིས་གང་ཞིག་སྒྱུ་བཱ་མ་ལུས་དྲངས་པ་དང་ལྡན ་ཞིང་བསྙུང་བས་ཆོག་པ་དེ་ནི་ཚངས་པར་སྤྱོད་པར་བཤད་དེ། བརྟུལ་ཞུགས་མཆོག་ནི་དེ་ཉིད་ཀྱི་ཕྱིར་ན་བརྟུལ་ཞུགས་ཐམས་ཅད་ཀྱི་ནང་ན་མཆོག་ཏུ་གྱུར་པ་ཉིད་ཀྱི་ཕྱིར་ན་འཇམ་དཔལ་ཁོ་ན་ལ ་རིགས་ཏེ། བསྐལ་པ་གྲངས་མེད་པར་ཡེ་ཤེས་ཀྱི་སྤྱོད་པ་ལ་སྤྱད་པའི་ཕྱིརོ།། དཀའ་ཐུབ་མཐར་ཕྱི་ནི་དཀའ་ཐུབ་ཆེ།། གཙང་གནས་དམ་པ་གཽ་ཏ་མ་ཞེསྡུ་པ་ནི། དེ་ལ་དཀའ་ཐུབ་མཐར་ཕྱིན་ནི ་འཇིག་རྟེན་ཐམས་ཅད་ཀྱི་དཀའ་ཐུབ་ནི་གང་དབང་པོ་ཉེ་བོར་ཞི་བར་བྱེད་པའི་མཚན་ཉིད་དེ་ནི་དཀའ་ཐུབ་བོ།། དེ་མཐར་ཕྱིན་པ་རྫོགས་པ་དང་གང་ལྡན་པ་དེ་ནི་དཀའ་ཐུབ་མཐར་ཕྱིན་ཏེ། དེ་ཡང ་འཇམ་དཔལོ།། དཀའ་ཐུབ་ཆེན་པོ་ན་དཀའ་ཐུབ་ཆེན་པོ་དང་གང་ལྡན་པ་དེ་ནི་དཀའ་ཐུབ་ཆེན་པོ་སྟེ། ལོ་དྲུག་ཏིལ་ཕྱེད་ཕྱེད་གསོལ་ནས་དཀའི་ཐུབ་ཀྱི་སྤྱོད་པ་ལཱ་སྤྱི་ཆེར་གནས་པའི་ཕྱིར་ཏེ། དེ ་རབ་ཏུ་བསྟན་པ་འང་དེས་འདུལ་བ་རྣམས་གཟུང་བའི་ཕྱིརརོ།། དེའི་ཕྱིར་ཡང་བཅོམ་ལྡན་འདས་འཇམ་དཔལ་དེ་དཀའ་ཐུབ་ཆེ་ཞེས་གསུངསོ།། གཙང་གནས་ནི་རིགས་བྱེད་འདོན་པ་དང་། བརྟུལ ་ཞུགས་གསུམ་རྫོགས་པ་ནི་གཙང་གནས་ཏེ། བརྟུལ་ཞུགས་ཐམས་ཅད་དང་། རིགས་བྱུད་ཐམས་ཅད་ཡོངསུ་མཐར་ཕྱིན་པའི་ཕྱིར་ན་འཕགས་པ་འཇམ་དཔྲལ་ཉིད་གཙང ་གནས་ཞེས་གསུངསོ།། གཽ་ཏ་མ་ནི་རིགས་ཀྱི་མཚན་དེས་བཅོམ་ལྡན་དེ་ལ་བཏགས་པའོ།། དེ་ཉིད་ཀྱི་ཕྱིར་ན་དམ་པ་ཞེས་པ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཕྱིར་དང་། རང་གི་རིགས་ལ་གོང་ན ་མེད་པའི་ཕྱི་རོ།། བྲམ་ཟེ་ཚངས་པ་ཚངས་པ་ཤེས།། མྱ་ངན་འདས་པ་ཚངས་པ་ཐོབ་ཅེས་པ་ནི། དེ་ལ་བྲམ་ཟེ་ནི་དཀའ་ཐུབ་ཐོས་དང་སྐྱེ་གནས་ཏེ། འདི་དག་བྲམ་ཟེ་བྱེད་པའོ་ཞེས།། གང་གི་ཕྱིར་བཅོམ་ལྡན ་འདས་ཉིད་དུས་མཐའ་ཡས་པ་དཀའ་ཐུབ་དང་ལྡན་པ་དང་། ཡོངསུ་མཐར་ཐུབ་པ་མེད་པའི་ཐོས་པ་དང་ལྡན་པའི་ཕྱིར་དང་ཟག་པ་མེད་པའི་ལམྲ་ལས་སྐྱེས་པའི་སྐྱེ་གནས་ཀྱི་ཕྱིར་ཏེ། ཡོན་ཏན་གསུམ་དང ་ལྡན་པས་ན་གཞན་དུ་ནི་བྲམ་ཟེ་ནི་བཅོམ་ལྡན་འདས་ཡིན་ནོ།། ཡང་ན་སྔགས་དང་བྲམ་ཟེ་རྣམས་དབྱེ་བས་ན་གཉི་སུ་དབྱེ་བ་རྣམས་པ་གཉིས་ཏེ། དེ་ལ་གང་བྲམ་ཟེའི་བདག་ཉིད་རིག་པ་སྟེ་འདི་ནི་བཙམ ་ལྡན་འདས་འཇམ་དཔལ་ཏེ། དེ་དག་གི་བསྒྲུབ་པར་བྱ་བའི་འབྲས་བུ་ནི་བཅོམ་ལྡན་འདས་ཁོ་ན་བསྒྲུབ་པར་བྱ་བ་ཉིད་ཡིན་པ་ཉིད་ཀྱི་ཕྱི་རོ།། ཁ་ཅིག་ཏུ་དེ་དག་གི་གཟུགས་ཀྱིས་སྣང་བར་བྱེད་པའི ་ཕྱིརོ།། ཚངས་པ་ནི་གཟུགས་ཁམས་ཀྱི་བསམ་གཏན་དང་པོ་གྲུབ་པ་ཚངས་པ་གཟུང་སྟེ། དེའི་གཟུགས་ཀྱིས་ཀྱང་སྣང་བར་བྱེད་པའི་ཕྱིརརོ།། ཆུངས་པ་ཤེས་པ་ནི་ཚུངས་པའི་སྐུ་ནི་རིག་བྱེང་དུ ་བཤད་དེ། དེ་མཁྱེན་པས་ན་ཚངས་པ་ཤེས་པའོ།། ཚངས་པ་ལ་སོགས་པའི་རྗེ་སུ་བརྗོད་པ་ལ་བཤད་པར་གླགས་ཏེ། རྦྷེ་སུ་བརྗོད་པ་རྣམས་ནི་འདི་ལྟར་དྲན་པར་བྱའོ།། ཁྱབ་འཇུག་དང་། དབྱུང ་ཕྱུག་ཆེན་པོ་དེ་དག་གིས་མཆོག་ཏུ་དང་པོ་རིག་བྱེད་ན་མཁའ་ལྔ་གནས་པ་རྗེ་སུ་རྟོགས་ཏེ་བཤད་པར་གྱུར་པ་འདི་ནི་སྐྱེ་དགུའི་བདག་པོ་ལའོ།། སྐྱེ་དགུའི་བདེག་པོས་ནི་དབང་པོ་ལའོ།། དབང་པོས ་ནི་དྲང་སྲོང་གནས་འཇོག་ལའོ།། དྲང་སློང་གནས་འཇོག་གིས་རྩིབས་ལོགས་སྐྱེས་ལའོ།། རྩིབས་ལོགས་སྐྱེས་ཀྱིས་ཀྲྀང་སྣ་རྡེ་བ་ཡ་ན་ལའོ།། ཀྲྀང་སྣ་རྡི་བ་ཡ་ནས་ནི་རྒྱལ་དཔོག་པ་ལའོ།། ཞེས་པ་ལ ་སོགས་པ་སྟེ། དེ་ལྟ་བུའི་མཚན་ཉིད་ནི་བཅོམ་ལྡན་འདས་འཇམ་དཔལ་ཁོ་ན་སྟེ། རྗེ་སུ་བརྗོད་པར་རིགསསོ།། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་དུ་འདུས་པའི་གསུང་རབ་མ་ལུས ་པར་རྗེ་སུ་རྟོགས་ཤིང་འདུལ་བ་རྣམས་ལ་བརྗོད་པས་ན། དེའི་ཕྱིར་ན་འཇམ་དཔལ་དེ་ཚངས་པ་ཤེས་པའི་གཟུགས་ཀྱང་དེ་ལ་གུས་པ་རྣམས་སོ་སོར་སྣང་ཞེས།། མྱ་ངན་འདས་པ་ཚངས་པ་ཐོབ་པ་ནི ་ཚངས་པའི་མྱ་ངན་ལས་འདས་པ་ནི་ཚངས་པ་མྱ་ངན་ལས་འདས་པའོ།། ཚངས་པའི་མྱ་ངན་ལས་འདས་པ་ཡང་དགའ་བའོ།། དེ་ལྟར་ཡང་གསུངས་པ། དགའ་བ་ཚངས ་པའི་ངོ་བོ་སྟེ། འདི་མིན་འདི་མིན་ཞེས་གསུང་སོ་ཞེས།། དེའི་གཟུགས་ཀྱིས་ཀྱང་བཅོམ་ལྡན་འདས་ཉིད།། གཅུགས་ལྡན་ནི་མི་བསྒྱུ་བྲས་ནཱ་གཅུགས་ལྡན་ཏེ། དེ་ལྟར་ཡང་གསུངས་པ། ཕ་དང་གྲོགས ་ལ་སོགས་གཅུགས་ནི།། དགའ་བ་དགའ་ཡང་བྱེད་མོད་ཀྱི།། ཐམས་ཅད་མཁྱེན་པའི་དབང་དོན་ལ།། འཕྲོ་བའོ་ཞེས་ནི་བཅོམ་མ་མིན་ཞེས།། འཇམ་དཔལ་ཡང་ཐུན་མོང་མ་ཡིན་པའི་ཡེ་ཤེས་ཀྱི་རྗེསུ ་འཛིན་པ་དང་ལྡན་པས་ན་མཆོག་ཏུ་ཡིད་གཅུགས་པ་སྟེ། དེ་གང་ལ་ཡོད་པ་དེ་གཅུགས་པ་དང་ལྡན་ཞེས་བྱའོ།། གྲོལ་བ་ཐར་པ་རྣམ་གྲོལ་ལུས།། རྣམ་གྲོལ་ཞི་བཞི་བ་ཉིད་ཅེས་པ་ནི་དེ་ལ་གྲོལ་བ་ནི ་སྟོང་པ་མཐོང་བའོ།། དེ་ལྟར་ཡང་ཆོས་ཀྱི་གྲགས་པ་སྣ་གསུངས་པ། སྟོང་ཉིད་མཐོང་བ་གྲོལ་བ་ཡིན། བསྒོམ་པ་མྱ་ལུས་དེ་ཡི་དོན་ཞེསོ།། དེ་ཡང་བཅོམ་ལྡན་འདས་ཁོ་ན་གྲོལ་བ་སྟེ། སྟོང་པ ་ཉིད་རྣམ་པར་དབྱེ་བ་ལས་འཇུག་པའི་ཕྱིར།། ཐར་པ་ནི་ཆགས་པ་དང་བྲལ་བ་ཉིད་ལ་ཞུགས་པའི་རྣལ་འབྱོར་པ་དེའི་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་སྐྱེ་བ་ན ་རབ་ཏུ་མགུ་བ་དང་། རབ་ཏུ་དགའ་བ་དང་ཚིམ་པ་འབྱུང་ཞིང་ཡིད་དགའ་བའི་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ།། ལུས་ཤིན་ཏུ་སྦྱངས་པས་བདེ་བ་ཚོ་རོ།། བདེ་བར་གྱུར་པའི་སེམས་མཉམ་པར ་འཇོག་གོ།། མཉམ་པར་བཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ནས་ཡིད་འབྱུང་།། ཡིད་བྱུང་བས་ཆགས་པ་དང་བྲའོ།། ཆགས ་པ་དང་བྲལ་ནས་རྣམ་པར་གྲོལ་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་བཅོམ་ལྡན་འདས་ཀྱིས་རྣམ་པར་གྲོལ་བའི་སེམས་ཉིད་ཆེར་བཞག་སྟེ། དེ་ཡང་དག་པར་མཐོང་བའི་ཕྱིརརོ།། དེ་ལྟར་གསུངས ་པ། བྱིང་བ་མེད་པའི་ལུས་ཀྱིས་ནི།། ཚོར་བ་སྟ་གོན་གནས་པར་བྱ།། མར་མེ་འདྲེ་བར་མྱ་ངན་འདས།། དེ་ཡི་སེམས་ནི་རྣམ་པར་ཐར་ཞེས།། སློབ་དཔོན་ཀ་མཱ་ལ་ཙརྱས་ཀྱང་གསུངས་པ། འདོད་ཆགས ་ལ་སོགས་བསྐོར་སེམས་ནི།། འཁོར་བའོ་དེ་ལ་ཆགས་བྲལ་བ།། སྒྲིབ་མེད་སེམས་ནི་ཐོར་པ་སྟེ།། མདོར་བསྡུས་ནས་ནི་རྒྱལ་བས་བཤད་ཅེསོ།། དེ་ལྟ་བུའི་ཚུལ་གྱིས་ཉན་ཐོས་ལ་སྩོགས་པའི ་ཐེག་པ་ལ་བཅོམ་ལྡན་འདས་རྣམ་པར་བཞག་སྟེ། དེ་ཡང་བཅོམ་ལྡན་འདས་འཇམ་དཔལ་ཉིད་དུ་རིག་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དེའི་ཡིན་པའི་ཕྱིརརོ།། གྲོལ་ཡན་ལག ་ནི་རྣམ་པར་ཐར་པའི་ཡན་ལག་རྣམས་ནི་གྲོལ་ཡན་ལག་སྟེ། རྣམ་པར་ཐར་པ་ནི་བྱང་ཆུབ་བོ།། དེའི་ཡན་ལག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང་། འཕགས་པའི ་ལམ་ཡན་ལག་བརྒྱད་རྣམསོ།། ཇི་ལྟར་གསུངས་པ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་འབྱེད་པ་ཡང་དགྲ་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང ་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་།། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ། འདི་དག་ནི་ཡང་དྲག་པ་བྱང་ཆུབ་ཀྱི་ཡན་ལག་དང་ཆ་ཤསུ་གྱུར་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་རྣམ་སོ།། ཉོན་མོངས་པའི་སྒྲིབ་པའི་གཉེན་པོའི་དངོས་པོ ་དེ་རྣམས་ལས་གཞན་ཤེས་བྱའི་སྒྲིབ་པ་འཇོམས་པའི་དོན་དུ་བསྒོམ་པའི་ལམ་རབ་ཏུ་གོམས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་པོ་རྣམསོ།། འདི་ལྟ་སྟེ། ཡང་དག་པའི་ལྟ་བ་དང་། ་ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག ་པའི་ཏིངེ་འཛིན་རྣམས་ཏེ། འདི་ལྟར་དེ་དག་ནི་མཐོང་བའི་ལམ་དང་། བསྒོམ་པའི་ལམ་ལ་རྣམ་པར་ཐར་པ་བྱང་ཆུབ་ཀྱི་ཡན་ལག་རྣམས་ཏེ། ཁ་ཅིག་ཏུ་བཅོམ་ལྡན་འདས་འཇམ་དཔལ་དེ་གློལ་ཡན ་ལག་ཅེས་གསུངསོ།། དེ་གཉིསུ་དེའི་རང་བཞིན་ཉིད་ཀྱི་ཕྱིརརོ།། རྣམ་གྲོལ་ནི་འདོད་ཆགས་ལ་སོགས་པའི་བཅིངས་པ་ལ་སོ།། འདི་ལྟ་སྟེ། བཅིངས་པ་ནི་གསུམ་སྟེ། འདོད་ཆགས་ཀྱིས་འཆིང་བ་དང་། ་ཞེ་སྡང་གིས་འཆིང་བ་དང་། གཏི་མུག་གིས་འཆིང་བའོ།། དེ་རྣམས་ཀྱིས་བཅིངས་པས་ཁམས་གསུམ་ལས་ནི་འདའ་བའི་ཕྱིར་ན་འཆིང་བ་རྣམས་ཏེ། རྣམ་པར་གྲོལ་བར་བྱེད་པས་ན་རྣམ་གྲོལ་ཞེས ་གསུངསོ།། དེ་ལྟར་ཡང་འདིར་ཡོན་ཏན་ལས་ཕྱི་ནས་གསུངས་པ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའོ་ཞེས་གསུངསོ།། ཞི་བ་ནི་འགོག་པ་ལ་སོགས་པ་རྩོད་པའི་གནས་བརྒྱད་པོ་རྣམས ་ལས་རྣམ་པར་གྲོལ་པ་གང་རྟེན་ཅིང་འབྲེལ་པར་འབྱུང་བ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཞི་བའོ།། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་ན་ཞི་བ་ཞེས་གསུངསོ།། དེ་ལྟར་ཡང་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་།། འགག་པ་མེད་པ་སྐྱེ་མེད་པ ་རྟག་པ་མེད་པ་ཆད་མེད་པ།། ཐ་དང་དོན་མེད་དོན་གཅིག་མིན།། འོང་བ་མེ་པས་འགྲོ་མེད་པ།། སྤྲོས་པ་ཉེ་ཞི་ཞི་སྦྱོད་པཱ།། རྫོགས་པའི་སངས་རྒྱུས་སྨྲ་རྣམས་ཀྱི། ་དམ་པ་དེ་ལ་ཕྱག་འཚལོ་ཞེས།། ཞི་བ་ཉིད་ནི་སེམས་ཀྱི་ཉེ་བར་གཡོ་བ་གཟུང་འཛིན་ལ་སོགས་པའི་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བ་ཉིད་ཀྱི་ཕྱིར་ན་ཞི་བ་ཉིད་ཅེས་གསུང་སོ།། མྱ ་ངན་འདས་པ་མྱ་ངན་ཞི།། ལེགས་པར་ངེས་འབྱུང་མཐར་འགྲོ་བ།། བྲ་སྡུག་མཐར་བྱེད་མཐར་ཐུག་པ།། ཆགས་བྲལ་ལུས་ནི་ཟད་པ་པོ་ཞེས་པ་ནི་དེ་ལ་མྱ་ངན་ལས་འདས་པ་ནི་མདོར ་བསྟན་པ་སྟེ། ལྷག་པའི་ཚིག་བཅང་རྣམས་ནི་རིགྲོས་ཀྱི་དབྱེ་བས་དེའི་རྣམ་པར་བཤད་།། རིན་པོ་ཆེའི་ཕྲེང་བ་ལས་མྱ་ངན་ལས་འདས་པའི་མཚན་ཉིད་གསུངས་པ། ཡོད་པ་འང ་མྱ་ངན་ལས་འདས་མན།། མེད་པ་ཉིད་ལྟ་ག་ལ་ཡིན།། དངོས་པོ་དངོས་མེད་མཆོག་འཛིན་པའི།། ཟད་པ་མྱ་ངན་མེད་པར་གསུངས།། མྱ་ངན་ནི་མྱ་ངན་ལས་འདས་པ་སྟེ། དེའང ་ཕྱི་རོལ་པ་རྣམས་ཀྱིས་ཏེ། དེ་རྣམས་ཀྱིས་དེ་ཙམ་ལ་དམིགས་པའི་ཕྱིརརོ།། ཞི་བ་ནི་ཞི་བ་ཉིད་པས་ཞི་བ་སྟེ། དེ་ནི་ཉན་ཐོས་པ་རྣམས་ཀྱིའོ།། ལེགས་པར་ངེས་པར་འབྱུང་ནི་ལེགས ་པཱར་ངེས་པར་འབྱུང་བ་སྟེ། སངས་རྒྱས་རྣམས་ཀྱིའོ།། མཐར་འགྲོ་བ་ནི་མཐའ་སྟེ། རྣམ་པར་འཇིག་པར་འགྲོ་ཞིང་འགྱུར་བས་ན་མཐར་འགྲོ་བ་ནི་མི་བསྐྱོད་པ་སྟེ། ཞེ་སྡང་ལ་སྤྱོད་པ་རྣམས་རང ་གི་རྣམ་པར་ཐར་པའི་སྒོ་ནས་ཡང་དག་པར་སྤྱོད་པ་ཉིད་ཀྱི་ཕྱི་རོ།། བྲེངྒེ་སྡུག་མཐར་བྱེད་ནི་རིན་ཆེན་འབྱུང་ལྡན་ཏེ། སེར་སྣ་ལ་སྤྱོད་པའི་སེམས་ཅན་རྣམས་སྦྱིན་པ་རྣམ་པར་དག་པ་རབ་ཏུ་སྦྱིན་པའི ་རང་བཞིན་གྱིས་དེ་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་མཐར་བྱེད་པའི་ཕྱི་རོ།། མཐོར་ཐུག་པ་ནི་སྣང་བ་མཐའ་ཡས་ཏེ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་འདོད་ཆགས་རྣམ་པར་དག ་པའི་ཆོས་ཉིད་རབ་ཏུ་བསྟན་པའི་བསྒོ་ནས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་མཐར་ཐུགས་པར་སོན་པའི་ཕྱིརརོ།། ཆགས་བྲལ་ནི་དོན་ཡོད་གྲུབ་པ་སྟེ། ལེ་ལོ་སྤྱོད་པའི་སེམས་ཅན་རྣམས་རང ་གྲི་རྣམ་པར་ཐར་པའི་གཟུགས་ཀྱིས་དེ་རྣམས་ལ་ཆགས་པ་དང་བྲལ་བ་བསྐྱེད་ནས་དགེ་བའི་ཕྱོགས་ལ་སེམས་ངེས་པར་སྦྱོར་བ་སྟེ། མྱ་ངན་ལས་འདས་པོའི་ལམ་རབ་ཏུ་སྟོན་པར་བྱེད་པའི ་ཕྱི་རོ།། ལུས་ནི་ཟད་པ་པོ་ནི་རྣམ་པར་སྣང་མཛད་དེ། ལུས་ནི་བག་ཆགསོ།། དེའི་ཟད་པ་ནི་རྣམ་པར་འཇིགས་པར་བྱེད་པ་སྟེ། གཏི་མུག་ལ་སོགས་པ་སྤྱོད་པའི་སེམས་ཅན་རྣམས་ཡང་དག ་དག་པ་ལྟ་བའི་ཆོས་བསྟན་པའི་སྒོ་ནས་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གསལ་བར་བྱེད་པའི་ཕྱི་རོ།། དེ་ཡང་ཐར་པ་རྣམ་པ་གཉིས་ཏེ། ཕུང་པོ་ལྷགས ་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའོ།། དེ་ལ་འཆི་བ་ལ་སོགས་པ་རྣམས་ཀྱིས་ལྷག་མ་དང་བཅས་པའོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ནི་ལྷག་མ་མེད་པའོ།། དེ་ཉིད་ཀྱི་ཕྱིར ་ན་གསུངས་པ། བག་ཆགས་བཅས་པའི་སྐྱོན་རྣམས་ནི།། སྐྱོབ་པ་ཁྱོད་ནི་སྐྱོན་རྣམས་ནི།། བག་ཆགས་བཅས་པར་གཅིག་མི་མངའ།། དེའི་ཕྱིར་མྱ་ངན་འདས་གཉིས་དང་།། རང་བཞིན་གྱིས་ནི་དེ་ཉིད་དོ། ་ཞེས་གསུངསོ།། དེ་གཉིས་ཀའི་རང་བཞིན་གྱིས་ཀྱང་།། བཅོམ་ལྡན་འདས་འཇམ་དཔལ་ཉིད་ལ་ཤེས་པར་བྱའོ།། དེའི་ཕྱིར་ན་གསུངས་ཏེ་མྱ་ངན་ལས་འདས་པ་ལ་སོགས་པའོ།། ཚུགས་པ་མེད་པ་དཔེ་མེད ་པ། མི་མངོན་མི་སྣང་གསལ་བྱེད་མིན།། ཞེས་པ་ནི་དེ་ཚུགས་པ་མེད་པ་ནི་གཞན་རྣམས་ཀྱིས་དབང་བྱ་བར་མི་ནུས་པས་ནི་ཚུགས་པ་མེད་པའོ།། དཔེ་མེད་པ་ནི་དཔེ་ཐམས་ཅད་མེད་པའི་ཕྱིརརོ།། མི་མངོན་པ ་ནི་བུད་མེད་ལ་སོགས་པའི་གཟུགས་མེད་པའི་ཕྱིརརོ།། མི་སྣང་བ་ནི་སྣང་བ་དང་བྲལ་བའི་ཕྱིརརོ།། གསལ་བྱེད་མིན་ནི་གོས་པ་མེད་པའི་ཕྱིརརོ།། གང་གི་ཕྱིར་བཅོམ་ལྡན་འདས་དེ་ཉིད་དོན་དམ་པའི་རང་བཞིན་གྱི ་ཕྱིར་ན་ཁྱད་པར་གྱི་ཚིག་ལྔས་བཟུང་བའོ།། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ།། ཕྲ་ཞིང་ཟག་མེད་ས་བོན་བྲལ་ཞེས་པ་ནི་དེ་ལ་མི་འགྱུར་བ་ནི་འགྱུར་བ་དང་བྲལ་བའི་ཕྱིརརོ།། ཀུན་འགྲོ་ནི་ཐམས་ཅད་དུ་སོང་བའི ་ཕྱིརོ།། ཁྱབ་པ་ནི་གཡོ་བ་དང་མི་གཡོ་བའི་དོན་གྱི་རང་བཞིན་གྱི་ཕྱིརརོ།། རྡུལ་ཕྲན་ནི་ཕྲ་བའི་ཕྱིར་ན་ཕྲ་ཞིང་ངོ་།། ཟག་མེད་ནི་ལམ་གྱི་བདེན་པའི་རང་བཞིན་གྱི་ཕྱིརོ།། ཡང་ན་འདུས་མ་བྱས་པ་བཞིའི་རང ་བཞིན་གྱི་ཕྱིརརོ།། དེ་རྣམས་བཞི་ནི་ན་མཁའ་དང་། སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་དང་། དེ་བཞིན་ཉིད་།། ས་བོན་ནི་ཆོས་དང་ཆོས་མ་ཡིན་པ་དང་མི ་གཡོ་བའི་ས་བོན་བསགས་པ་ཀུན་གཞི་རྣམ་པར་ཤེས་པའོ།། དེ་ཉིད་བཅོམ་ལྡན་འངས་དེའི་རང་བཞིན་ཡིན་པའི་ཕྱིརརོ།། རྡུལ་མེད་རྡུལ་བྲལ་དྲི་མ་མེད།། ཉེས་པ་སྤངས་པ་སྐྱོན་མེད་པ།། ཞེས་པ་ནི་དེས ་རྡུལ་མེད་ནི་འདོད་ཆགས་ལ་སོགས་པའི་རྡུལ་དང་བྲལ་བ་ཉིད་ཀྱི་ཕྱིར།། རྡུལ་བྲལ་ནི་དེ་བཞིན་ཉིད་རྣམ་པར་དག་པ་ལས་གཞན་དུ་གྱུར་པ་མེད་པའི་ཕྱི་རོ།། དྲི་མ་མེད་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ལ་དྲི་མ ་ནི་གློ་བུར་བའི་ཕྱིར་ན། བཅོམ་ལྡན་འདས་དེ་ཉིད་དྲི་མ་དང་བྲལ་པོ་ཞེས་གསུངསོ།། ཉེས་པ་སྤངས་པ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་གང་གིས་བོར་བ་དེ་ནི་ཉེས་པ་སྤངས་པ་སྟེ། དེ་ཉིད་ཀྱི ་ཕྱིར་ན་སྐྱོན་མེད་པ་ཞེས་པ་སྟེ། སྐྱོན་ནད་ལས་འདས་པ་གང་ཡིན་པ་དེ་ནི་སྐྱོན་མེད་པའོ།། དེ་འདྲ་བའི་ཡོན་ཏན་གྱི་དོན་ཁྱད་པར་ཅན་ཡང་བཅོམ་ལྡན་འད་སཱ་དྲེ་ཉིད།། ཤིན་ཏུ་སྣད་པ་རྣམས ་སྣད་བ་དག། ཀུན་ཤེས་ཀུན་རིག་དམ་པའོ་ཞེས་པ་ནི་དེ་ལ་ཀུན་ཤེས་པ་ནི་ཤིན་ཏུ་ལེགས་ཤིང་ཕུལ་དུ་བྱུང་བས་ཤིན་ཏུ་སད་པ་སྟེ། ཇི་བཞིན་དུ་གནས་པའི་དངོས་པོ་ཕྱིནི་ཅི་མ་ལོག་པར་མཁྱེན་པའི ་ཕྱིར་རོ།། རྣམ་སད་བདག་ནི་ཉན་ཐོས་ལ་སོགས་པ་ལས་ཁྱད་པར་དུ་སད་པ་ནི་སད་པ་སྟེ། དེའི་བདག་ཉིད་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། དེ་ཉིད་གང་དང་གང་ལྡན་པ་དེ་རྣམས་སད་པའི་བདག་གོ།། ཀུན་ཤེས ་ནི་ཀུན་ཏེ་མ་ལུས་པའི་ཤེས་བྱ་མཁྱེན་པ་ཉིད་ཀྱི་ཕྱིར་ན་ཀུན་ཤེསོ།། ཀུན་རིག་ནི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་བསམ་པ་དང་བག་ལ་ཉལ་རིག་པས་ན་ཀུན་རིག་སྟེ། དེ་ཉིད་ཀྱི་ཕྱིར་ན་དམ ་པ་པོ་ནི་རབ་སྟེ་བཅོམ་ལྡན་འདས་དེ་ཉིད།། རྣམ་པར་ཤེས་པ་ཆོས་དབྱིངས་འདས།། ཡེ་ཤེས་གཉིས་མེང་ཚུལྟ་འཆང་པོ་ཞེས་པ་ནི་དེ་ལ་རྣམ་པར་ཤེས་པ་ཆོས་ཉིད་འདས་ནི་རྣམ་པར་ཤེས་པ་ནི་མིག ་ལ་སོགས་པ་མ་གཏོགས་པ་ཀུན་གཞི་རྣམ་པར་ཤེས་པ་ཡོདདེ། དེ་ཉིད་ཀྱང་ས་བོན་ཐམས་ཅད་པ་ཡིན་གྱི། མིག་ལ་སོགས་པའི་རྣམ་པར་ཤེས་པ་ནི་མ་ཡིན།། དེ་ཇི་ལྟར་ཤེས་པར་བྱ་ཞེ་ན། ལུང ་དང་རིགས་པས་སོ།། དེ་ལ་རིགས་པ་ནི་སྒོ་དུ་མས་རྒྱས་པ་དང་བཅས་པ་བསྒྲུབས་པས་འདིར་མ་བྲིསོ།། ལུང་ལ་ནི་རྩོད་པའི་གཞི་དང་བྲལ་བའི་ཕྱིར་དང་། ཚིག་ཉུང་བ་ཉིད་ཀྱི་ཕྱིར་ཡང་བརྗོད་དོ།། དེའི ་ཕྱིར་ན་གསུངས་པ། དེ་ཡང་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པ་དུས་ཀྱི་དབྱིངས།། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། དེ་ཡོད་པས་ན་འགྲོ་ཀུན་དང་།། མྱ་ངན་འདས་པའང་ཐོབ་པ་ཡིན་ཞེསོ།། ་དྲིའི་ཆོས་ཉིད་ནི་རྣམ་པར་ཤེས་པའི་ཆོས་ཉིད་དེ། སྟོང་པ་ཉིད།། དེ་ཡིས་འདས་པ་ནི་འདས་པ་སྟེ། དེ་ཡང་མི་དམིགས་པའི་ཕྱིར་རོ།། ཡེ་ཤེས་ནི་ཐམས་ཅད་དུ་ཡང་བདག་པོར་བསྒོམས་པའི ་ཕྱིར་ཤིན་ཏུ་རྣམ་པར་དག་པ་ཆོས་ཉིད་ལས་ཏེ། དེ་ཉིད་ཀྱི་ཕྱིར་ན་གཉིས་མེད་ཚུལ་འཆང་བ་ཞེས་པ་སྟེ། ཟབ་ཅིང་རྒྱ་ཆེ་བདག་ཉིད་ཀྱི་ཕྱིརརོ།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། དུས་གསུམ་སངས ་རྒྱས་དོན་བྱེད་པ།། ཞེས་པ་ནི། དེ་ལྔ་རྣམ་པར་རྟོག་མེད་ནི་དོན་དམ་པར་རྣམ་པར་རྟོག་པཱ་ལཱ་ཡང་མི་རྟོག་པ་ཉིད་ཀྱི་ཕྱིརརོ།། དེ་ལྟར་ཡང་གསུངས་པ། དྲོན་དམ་པའི་རྣམ་རྟོག་ལའང་།། མཁས་པས ་རྟག་ཏུ་བྱིང་མི་བྱེད། དགེ་བ་ཡང་མི་དགེ་བའི་རྣམ་པར་རྟོག་པ་དབྱེར་ཡོད་ཅེསོ།། དེའི་ཕྱིར་ན་བཅོམ་ལྡན་འདས་དེ་ཉིད་རྣམ་པར་རྟོག་མི་ངོ་།། ལྷུན་གྱིས་གྲུབ་ནི་མངོན་པར་འདུ་བྱེད་པ་མེད་ཅེས ་བྱ་བའི་དོན་ཏོ།། རྩོལ་བ་དང་བྲལ་བས་ན་ལྷུན་གྱིས་གྲུབ་པ་སྟེ། དེ་ཡང་དོན་འདིར་འགྱུར་ཏེ། སྔོན་གྱི་དུས་ན་མངོན་པར་འདུ་བྱེད་པ་དང་བཅས་པའི་འཇུག་པའི་ཤེས་རབ་ཀྱིས་རབ་ཏུ ་སྤྱོད་པས་སྨོན་ལམ་གང་ཡིན་པ་ཡིད་བཞིན་གྱི་ནོར་བུ་བཞིན་དུ་རྟོག་པ་མེད་པ་ན་ཡང་མཉམ་པར་སྐལ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་དོན་ཕྱིས་བྱེད་པར་གྱུར་ཅིག་ཅེས་གང་སྔོན་གྱི་སྨོན་ལམ་འདེབས་པ ་དེས་མངོན་པར་འདོད་པས་འཕགས་པ་རྟག་ཏུ་འཇུག་པ་ལྷུན་གྱིས་གྲུབ་ནན་ཏན་མེད་པས་གཞན་གྱི་དོན་བྱ་བ་དང་གང་ལྡན་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཐམས་ཅད་ལྷུན་གྱིས ་གྲུབ་པ་གསུངསོ།། ཚིག་དེ་ཉིད་ཀྱིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་བཅོམ་ལྡན་འདས་ཞེས་གསུངས་པར་འགྱུརརོ།། དེ་ལྟར་ཡང་གསུངས་པ། སྔོན་གྱི་སྨོན་ལམ་གྱིས་འཕངས་རྟག་ཏུ་ནི།། ལྗིན་གྱིས ་གྲུབ་པས་གཞན་གྱི་དོན་རྣམས་འབྱུང་ཞེས།། དུས་གསུམ་སངས་རྒྱས་དོན་བྱེད་པ་ནི་དུས་གསུམ་གྱི་རྫོགས་སངས་རྒྱས་རྣམས་ནི་དུས་གསུམ་སངས་རྒྱས་ཏེ། བཅོམ་ལྡན་འདས་དེའི་དྲི།། སངས་རྒྱས ་ཐོག་མ་ཐ་མ་མེད།། དང་པོའི་སངས་རྒྱས་རྒྱུ་མེད་པ་ཞེས་པ་ནི་དེ་ལ་སངས་རྒྱས་ཞེས་བྱ་བ་ལ་འོན་ཏེ། སངས་རྒྱས་ཞེས་བྱ་བ་འདི་ཇི་ལྟར་ན་སངས་རྒྱས་ལ་འཇུག་པར་འགྱུར་ཞེ་ན། ཅི་སྟེ་མི་འགྱུར་ཏེ། ་སངས་རྒྱས་ནི་ཡེ་ཤེས་ཀྱི་དོན་ཉིད་ཀྱི་ཕྱིརརོ།། དེ་ཡང་གཅིག་ཉིད་ཀྱིས་དངོས་པོ་དང་ལས་གཉིསུ་སྦྱོར་བ་མཐོང་ངོ་།། ལྷས་བྱིན་སངས་རྒྱས་ལ་རག་ལས་པར་གྱུར་ཏོ།། ལྷས་བྱིན་གྱིས་སངས་རྒྱས ་བསྟན་ཞིང་བཅོསོ།། ལས་ཡང་སངས་རྒྱས་ཀྱི་དགྲར་འདོད་དེ། འདི་ནི་སངས་རྒྱས་དང་ལྡནོ།། ལོས་ཐམས་ཅད་ཅེས་བྱ་བས་ན་སངས་རྒྱས་ཏེ། སངས་རྒྱས་འདི་ནི་དངོས་པོ་ཐམས་ཅད་ཤེས་པའི ་བློ་དང་གང་ལྡན་པ་དེའོ།། ཡི་གེ་ཨ་ནི་ལྡན་པ་དོན་དང་། ཕུལ་དུ་བྱུང་བའི་དོན་ཏོ།། ཡང་ན་སངས་རྒྱས་ནི་ཐུག་སུ་ཆུད་པའི་དོན་ཡིནྡ་ལ་ཕུལ་དུ་བྱུང་བ་ཡང་རྟོགས་པ་སྟེ། རྟོགས་པའི་དོན་དུ ་ཡང་གསུངས།། དངོས་པོ་དང་ལས་བྱེད་པར་འགྱུར་བ་ལས་བྱེད་པ་གང་ཡིན་པ་ཡང་ལས་ཐམས་ཅད་དེ། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཤེས་པ་དང་ལྡན་པ་ནི་སངས་རྒྱས་ཏེ། བཅོམ ་ལྡན་འདས།། ཐོག་མ་དང་ཐ་མ་མེད་པ་ནི་ཐོག་མ་དང་ཐཱ་མ་ནཱི་ཐོག་མ་དང་ཐ་མ་གཉིསོ།། ཐོག་མ་དང་ཐ་མ་མེདུ་པ་གང་དང་ལྡན་པ་དེ་ཐོག་མ་དང་ཐ་མ་མེད་པ་སྟེ། བཅོམ་ལྡན་འདས་དེ་སྐྱེ་བ་དང་འགགས ་པེ་དང་བྲལ་བའི་ཕྱིརརོ།། དང་པོ་སངས་རྒྱས་ནི་དང་པོ་ཁོ་ནའི་སངས་རྒྱས་ཏེ། དེ་ཡང་ཡེ་ཤེས་ལྔའི་བདག་ཉིད།། གལ་ཏེ་ཇི་ལྟ་ཞེ་ན། དེའི་ཕྱིར་གསུངས་པ། སྟོབས་ཀྱིས་རབ་ཏུ་བསྒོམས་པ་ནི། ་མེ་ལོང་ལྟ་བུའི་ཡེ་ཤེས།། དེ་ལ་སྟོབས་ནི་ལྔ་སྟེ། དད་པ་དང་། དྲན་པ་དང་། བརྩོན་འགྲུས་དང་། ཏིང་འཛིན་དང་། ཤེས་རབ་ཀྱིས་ཉེ་བར་མཚོན་པ་རྣམས་ཏེ། དེ་རྣམས་ཀྱི ་རབ་ཏུ་བསྒོམས་པ་ཉིད་ཀྱི་ཕྱིར་ན་ཡང་དག་པའི་མཐའ་ཐུགསུ་ཆུད་པའི་ཕུལ་དུ་བྱུང་བའོ།། མི་འཇིགས་པའི་མཚན་ཉིད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེསོ།། དེ་ལ་མི་འཇིགས་པ་རྣམས་ནི་ཡེ་ཤེས་ལ་མི་འཇིགས ་པ་རྣམས་དང་། ཟག་པ་ཟད་པ་ལ་མི་འཇིགས་དང་། ཉོན་མོངས་པའི་རྒྱུ་ཉེ་བར་བསྟན་པ་ལ་མི་འཇིགས་པ་དང་། རྣམ་པར་བྱང་བའི་རྒྱུ་བསྟན་པ་ལ་མི་འཇིགས་པ་སྟེ། དེ་བས་ན་མི་འཇིགས་པ་བཞིས ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་བོ།། ཀུན་ཏུ་མཚན་མ་མེད་པས་ཤིན་ཏུ་ཕྲ་བའི་རྟོག་པ་རྣམ་པར་དག་པ་དེའི་ཕྱིར་སོ་སོ་ཡང་དག་པར་རིག་པའི་རང་བཞིན་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེསོ།། དེ་ལ་སོ་སོ། ་ཡང་དག་པར་རིག་པ་བཞིནི་དོན་དང་། ཆོས་དང་། ངེས་པའི་ཚིག་དང་། སྤོབས་པ་རྣམས་ཀྱི་ཚུལ་གྱིསོ།། དེ་རྣམས་ཀྱི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཐོབ་པའི་ཕྱིརརོ།། ཆོས་ཀྱི་དབྱིངས་ཀྱི་ཆོས ་ཐམས་ཅད་ཀྱི་སྙིང་པོ་ཉིད་ལྷག་པར་མོས་པའི་བསམ་པ་ཡང་སྟེ། དེའི་ཕྱིར་སྙིང་རྗེ་ཆེན་པོ་དང་བྱམས་པའི་ཚུལ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེསོ།། བདག་པོ་ཐམས་ཅད་ཤེས་པ་ནི་ཤིན་ཏུ་རྣམ་པར ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། དེ་ལྟར་ཡེ་ཤེས་ལྔའི་བདག་ཉིད་ནི་བཅོམ་ལྡན་འབྲས་འདི་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་སྒོ་ནས་དམིགས་པ་གཅིག་པ་ཉིད་དུ་བལྟ་བར་བྱའོ།། ་དེའང་འཇམ་དཔལ་ཁོ་ན་སྟེ། འདི་ནི་རྒྱུད་མེད་པ་ཞེས་བྱ་བའོ།། རྒྱུད་ནི་རིམ་པ་སྟེ། རྒྱུད་དང་རིམ་པ་གང་ལ་མེད་པ་དེ་ནི་རྒྱུད་མེད་པ་སྟེ། སྐྱེ་བ་དང་འགག་པ་མེད་པའི་ཕྱི་རོ།། ཡིས་མིག་གཅིག་དྲི་མ་མེད། ཡིས་པན ་བཞིན་གཤེགས་ཤེས་པ་ནི་དེ་ལ་ཡེ་ཤེས་མིག་གཅིག་ཡེ་ཤེས་ཉིད་གཅིག་པུའི་མིག་དང་གང་ལྡན་པ་དེ་ནི་ཡེ་ཤེས་མིག་གཅིག། དེ་ཉིད་ཀྱི་ཕྱིར་ན་དྲི་མ་མེད་ཅེས་པ་སྟེ། འདོད་ཆགས་ལ ་སོགས་པཱིའི་དྲ་མ་མེད་པའི་ཕྱིརརོ།། ཡེ་ཤེས་ལུས་ཅན་ཞེས་པ་ནི་ཡེ་ཤེས་ཉིད་ལུས་ཏེ། གཟུགས་ལཱ་སོགས་པ་མེད་པ་གང་ཡིན་པ་དེ་ཡེ་ཤེས་ལུས་ཅནོ།། དེ་ཉིད་དེ་བཞིན་གཤེགས་པ་སྟེ།། ་དེའི་དོན་ནི་བཤད་ཟིན་ཏོ།། ཚིག་གི་དབང་ཕྱུག་སླུ་བ་ཆེ།། སྨྲ་བའི་སྐྱེ་མཆོག་སྨྲ་བའི་རྒྱུརྒྱལ།། སྨྲ་བའི་དམ་པ་མཆོག་གི་གནས།། སྨྲ་པའི་སེང་གེ་ཚུགས་པ་མེད།། ཅེས་པ་ནི་དེ་ལ་ཚིག་གི ་དབང་ཕྱུག་ལ་སོགས་པའི་ཚིག་བརྒྱད་པོ་རྣམས་ཀྱིས་རྒྱུ་དང་རྒྱུ་ལས་བྱུང་བ་ཅན་གྱི་དངོས་པོས་འབྲས་བུ་མཆོག་ཏུ་ཡོད་པ་ལ་སོགས་པ་བཤད། དེ་ཡང་གསུངས་པ་ཚིག་གི་དབང་ཕྱུག ་ནི་ཚིག་རྣམས་ཀྱི་དབང་ཕྱུག་གོ། དེ་ཉིད་ཀྱི་ཕྱིར་ན་སྨྲ་བ་ཆུ་སྟེ། སྨྲ་བ་ཡང་དེ་ཆེན་པོ་ཡང་དྲི་ཉིད་ཡིན་པས་སྨྲ་བ་ཆེའོ།། དེ་ཉིད་ཀྱི་ཕྱིར་ན་སླུ་བའི་སྐྱེ་མཆོག་ཡནོ།། དེ་ཉིད་རྒྱུ ་ཕྱིར་ན། སྨྲ་བའི་རྒྱལ་ཞེས་པ་ལ་མཛེས་པས་ནཱ་རྒྱལ་པོ་སྟེ། སྨྲ་བ་རྣམས་ཀྱི་རྒྱལ་པོ་ནི་སྨྲ་བའི་རྒྱལ་པོའོ།། དེ་ཉིད་ཀྱི་ཕྱིར་ན་སྨྲ་བའི་དམ་པ་སྟེ། གཙོ་བོ་ཞེས་གསུངས་ཏེ། སྨྲ་བ་རྣམས་ཀྱི་དམ་པ་ནི ་སྨྲ་བའི་དམ་པའོ།། དེ་ཉིད་ཀྱི་ཕྱིར་ན་མཆོག་གི་གནསོ།། དེ་ཉིད་ཀྱི་ཕྱིར་ན་སྤྲོ་བའི་སེང་གེ་ཞེསོ།། དེ་ཉིད་ཀྱི་ཕྱིར་ན་ཚུགས་པ་མེད་པ་སྟེ། གཞན་རྣམས་ཀྱིས་མི་ཚུགས་པས་ན་ཚུགས་པ་མེད།། དེ་ཉིད ་ཀྱི་ཡོན་ཏན་གྱི་ཁྱད་པར་ཡང་བཅོམ་ལྡན་འདས་འཇམ་དཔལོ།། ཀུན་ཏུ་ལྟ་བ་མཆོག་ཏུ་དགའ།། གཟི་བརྗི་དེ་ཕུང་པོ་བལྟ་ན་སྡུག་ཅེས་པ་ནི། དེ་ལ་ཀུན་ཏུ་ལྟ་བ་ནི་ཀུན་ནས་ལྟ་བའི་ཚུལ་དང་གང་ལྡན ་པཱ་དེ་ཀུན་ཏུ་ལྟ་བ་སྟེ། ཀུན་ཏུ་བཟང་པོའི་ཡེ་ཤེས་བརྙེས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ཀུན་ཏུ་སྤྲོ་བ་མཁྱེན་པའོ།། མཆོག་ཏུ་དགའ་ནི་དོན་དང་ཆོས་སོ་སོར་ཡང་དག་པར ་རིག་པོའི་ཕྱིར་རོ།། གཟི་བརྗིད་ཕུང་པོ་ནི་གཟི་བརྗིད་ནི་འོང་ངོ་།། ཕུང་པོ་ནི་ཕྲེང་བའོ།། གཟི་བརྗིད་ཕུང་པོ་གང་ལྡན་པ་དེ་གཟི་བརྗིད་ཕུང་པོའོ།། བལྟ་ན་སྡུག་ནི་ཡེ་ཤེས་མཛེས་པ་དང་གང་ལྡན་པ་དེ ་བྱལྟ་ན་སྡུག་སྟེ། སྡུག་གུ་མ་ཞེས་པ་ནི་རིག་པ་དང་གང་ལྡན་པ་དེ་ཉིད་ཀྱི་ཕྱིར་རོ།། འོད་བཟང་འབར་བ་དཔལ་གྱི་བེའུ།། ལྷག་པ་འོད་འབར་སྤང་བ་པོ་ཞེས་པ་ནི། དེ་ལ་འོད་བཟང་ནི་འོད་བཟང ་པོས་དཀྱིལ་འཁོར་བྱས་ནས་རྣམ་པར་གནས་པའི་ཕྱིརརོ།། འབར་བ་ནི་མ་ལུས་ཤིང་ལུས་པ་མེད་པའི་འཇིག་རྟེན་ལ་ཆེར་སྣང་བའི་ཕྱིར་རོ།། དཔལ་གྱི་བེའུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས ་ཀ་ན?་དཔལ་བེའུའི་གཟུགས་ཅན་ཉན་ཐོས་ལ་སོགས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་བོན་ལས་བྱུང་བའི་དངོས་པོ་འགྲོ་བ་ཐམས་ཅད་སྐྱེད་པར་བྱེད་པ་དེ ་བཞིན་གཤེགས་པའི་མཚན་ཡོད་ངོ་།། དེ་ཡང་ཐུན་མོང་མ་ཡིན་པའི་ཕྱིར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ཁོ་ན་སྟེ། དེ་རྣམས་ཀྱི་ཐུགས་ཀུར ་གནས་པའི་ཕྱིརརོ།། ལག་པ་འོང་འབར་སྣང་བ་པོ་ནི་འོད་ཀྱི་སྒྲ་ནི་གཟི་བརྗིད་ཀྱི་རྣམ་གྲངས་ཏེ། མཐའ་ཡང་ཨ་ཡོད་པའོ།། ལག་པ་ཡང་འོད་ཀྱང་དེ་ཉིད་ཡིན་པས་ལག་པའི་འོད་རྣམས་ནི་ཁྲོ་བོ ་འབར་བའི་འོད་ཀྱི་ལག་པ་འབར་བ་ནི་ལག་པའི་འོད་འབར་བ་སྟེ། དེ་རྣམས་ཀྱི་སྣང་བ་ནི་ལག་པའི་འོད་འབར་སྣང་བ་པོའོ།། དེ་ཡང་ཁྲོ་བོས་འདུལ་བའི་སེམས་ཅན་རྣམས་ལ་དེའི་གཟུགས་འོད ་ཟེར་འཕྲོ་བའི་སྒོ་ནས་འདུལ་བར་བྱེད་པའི་དོན་དེ། འདི་ལྟ་བུའི་བཅོམ་ལྡན་འདས་ལག་པའི་འོད་འབར་སྣང་བ་པོ་ཞེས་གསུང་སོ།། སྨན་པ་ཆེ་མཆོག་གཙོ་བོ་སྟེ།། ཟུག་རྔུ་འབྱིན ་པ་བླ་ན་མེད་ཅེས་པ་ནི་དེ་ལ་སྨན་པ་ཆེ་ནི་སྨན་པ་ཡང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་སྨན་པ་ཆེ་ནི་སྨན་པའི་རྒྱལ་པོ་ཆེ་ཞེས་པའི་དོན་ཏོ།། འདོད་ཆགས་ལ་སོགས་པའི་ནད་ཐམས་ཅད་འཇོམས་པ ་ཉིད་ཀྱི་ཕྱིརརོ།། མཆོག་ནི་མི་ཤེས་པའི་ནང་རབ་ཏུ་ཞི་བར་བྱེད་པའི་དོན་དུ་ཕྱིན་ཅི་མ་ལོག་པའི་མན་ངག་གི་སྨན་གཏོང་བར་བྱེད་པའི་ཕྱིར་ན། མཆོག་ཅེས་གསུངསོ།། དེ་ཉིད་ཀྱི་ཕྱིར་ན་གཙོ་བོ་ཞེས་པ་སྟེ། ་འགྲོ་བ་ཐམས་ཅད་མངོན་པར་འདོན་པའི་ཕྱིརརོ།། ཟུག་རྔུ་འབྱིན་པ་ནི་ཟུག་རྫུ་འབྱིན་མཁན་ནོ།། ཟུག་རྔུ་འབྱིན་པའི་ཚུལ་དང་གང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་ལ་སོགས་པའི་སྙིང ་གི་ཟུག་རྔུ་འབྱིན་པར་བྱེད་པའི་ཕྱིར་ཡང་དག་པར་ཇི་ལྟ་བ་བཞིན་དུ་དེའི་གཉེན་པོ་ཆོས་ཉིད་རབ་ཏུ་བསྟུན་པོའི་ཕྱི་རོ།། དེ་ཉིད་ཀྱི་ཕྱིར་ན་མེད་ཅེས་ཏེ། བཅོམ་ལྡན་འདས་འཇམ་དཔའོ།། སྲན་རྣམས་མ ་ལུས་ལྗོན་པོའི་ཤིང་།། ནད་དོ་ཅོག་གི་དགྲ་ཆེ་བ།། ཞེས་པ་ནི་དེ་ལ་སྨན་རྣམས་མ་ལུས་ལྗོན་པའི་ཤིང་ནི་མ་ལུས་ཤིང་ལུས་པ་མེད་པའི་སྨན་རྣམས་ནི་སྨན་རྣམསོ།། དེ་རྣམས་ཀྱི་ལྡན་ཤིང་ནི་སྨན་རྣམས་མ ་ལུས་ལྗོན་པའི་ཤཱིང་ངོ་།། གང་གི་ཕྱིར་བཅོམ་ལྡན་འདས་དེ་སྣ་འགྲོ་བ་ཀུན་རྗེསུ་གཟུང་བའི་དོན་དུ་སྨན་རྣམས་ཀྱི་རྒྱལ་པོ་ཆེན་པོར་གྱུར་པར་སོ་སྦྱོར་སྣ་ངོ་།། དེ་ལྷུར་ཡང་གསུངས་པ། དེ་དག་དགོན ་ཆེན་ལྗོན་པའི་ཤིང་དུ་གྱུར་ཞེས།། ནང་དོ་ཅོག་གི་དགྲ་ཆེ་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དེ་ནང་ཡིན་པས་ནད་ངོ་ཅོགོ། དེ་རྣམས་ཀྱི་དགྲི་ཆེན་ཏེ་དེའི་གཉེན་པོ་ཆོས་ཉིད་རབ་ཏུ་བསྟན་པའི ་ཕྱི་རོ།། སྡུག་གུ་འཇིག་རྟེན་གསུམ་ན་མཛེས།། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན།། ཞེས་པ་ནི་དེ་ལ་སྡུག་གུའི་དོན་ནི་བཤད་ཟིན་ཏོ།། འཇིག་རྟེན་གསུམ་ན་མཛེས་ནི་འགྲོ་བ་ཐམས་ཅད་དང་མི ་མཉམ་པས་འཇིག་རྟེན་གསུམ་གྱི་སྤྱི་གཙུག་དབུ་རྒྱན་ཐུབ་པ་ཉིད་ཀྱི་ཕྱིར་ན་དེ་དེ་ལྟར་གསུངསོ།། དཔལ་ལྡན་ནི་དྲི་བཞིནོ།། རྒྱུ་སྐར་དཀྱིལ་འཁོར་ཅན་ནི། རྒྱུ་སྐར་རྣམས་ཀྱི་དཀྱིལ་འཁོར་ནི་རྒྱུ་སྐུར ་དཀྱིལ་འཁོར་རོ།། དེ་འདྲ་བའི་གཟུགས་དང་གླང་ལྡན་པ་བཅོམ་ལྡན་འདསྣ་དེ་ནི་རྒྱུ་སྐརྱ་དཀྱིལ་འཁོརྱ་ཅན་ཏེ་དེའི་རང་བཞིན་ཡིན་པའི་ཕྱི་རོ།། ཕྱོགས་བཅུ་ན་མཁའི་མཐུའ་གཏུགས་པར།། ཆོས ་ཀྱི་རྒྱལ་མཚན་ལེགས་པར་འཛུགས་ཞེས་པ་ནི་དེ་ལ་ཕྱོགས་བཅུ་རྣམས་ཀྱི་ན་མཁའ་ནི་ཕྱོགས་བཅུའི་ན་མཁའ་སྟེ། དེ་ཡོངསུ་མཐར་ཐུགས་པ་ནི་ཕྱོགས་བཅུ་ན་མཁའི་མཐས་གཏུགས་པའོ།། ཆོས ་ཀྱི་རྒྱལ་མཚན་ཡིན་པས་ན་ཆོས་ཀྱི་རྒྱལ་མཚན་ཏེ། ཆེན་པོ་ཡང་དེ་ཡིན་ལ་འཇུགས་པ་ཡང་དེ་པས་ཆེན་པོ་འཛུགསོ།། དེའི་དོན་ནི་འདི་ལྟ་སྟེ། ཕྱོགས་བཅུ་ན་མཁའི་མཐར ་ཐུག་པ་རྣམསུ་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བ་དང་གང་ལྡན་པ་དེ་ནི་དེ་ལྟར་གསུངས་ཏེ། འཇིག་རྟེན་ཐམས་ཅད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་འཕེལ་བའི་མཚན་བཙུགས ་པ་ཉིད་ཀྱི་ཕྱི་རོ།། འགྲོ་བོའི་གདུགས་གཅིག་ཡོངས་པ་སྟེ། བྱམས་དང་སྐྱོང་རྗེའི་དཀྱིལ་འཁོར་ཅན།། ཞེས་པ་ནི་དེ་ལ་འགྲོ་བའི་གདུགས་གཅིག་ཡངས་པ་སྟེ་ནི་འགྲོ་བ་རྣམས་ལ་གདུགས་ནི ་འགྲོ་བའི་གདུགས་ཏེ། གཅིག་པུ་ནཱི་གཉི་སུ་མྱེད་པའོ།། ཡངས་པ་སྟེ་རྒྱ་ཆེ་བཱ་གང་ཡིན་པ་སྟེ། བཅོམ་ལྡན་འདས་འགྲོ་བའི་གདུགས་གཅིག་ཡངས་པ་སྟེ། ཉོན་མོངས་པའི་གདུང་བ་ཐམས ་འཇོམས་པའི་ཕྱི་རོ།། བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན་ནི་བྱམས་དང་སྙིང་རྗེ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་ནི་དེའི་སྙིང་པོ་ལེན་པའི་ཕྱིརརོ།། དཔལ་ལྡན་པདྨ་གར་གྱི་བདག། ཁྱབ་བདག ་ཆེན་པོ་རིན་ཆེན་གདུགས་ཞེས་པ་དེ་ལ་དཔལ་ལྡན་གྱི་དོན་ནི་བཤད་ཟིན་ཏོ།། པདྨ་གར་གྱི་བདག་ནི་ཏིང་འཛིན་རྟོགས་པ་སྟེ། དེ་ཡང་བཅོམ་ལྡན་འདསོ།། ཁྱབ་བདག་ཆེན་པོ་ནི་ཁྱབ་བདག་ཀྱང་དེ ་ཡིན་ལ་ཆེན་པོ་ཡང་དེ་ཉིད་ཡིན་པས་ཁྱབ་བདག་ཆེན་པོ་སྟེ། དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིརརོ།། རིན་ཆེན་གདུགས་ནི་རིན་ཆེན་ཐམས་ཅད་ཀྱི་དམ་ཚིག་ཉིད་ཀྱི་ཕྱིརརོ།། སངས་རྒྱས་ཀུན་གྱི ་རྒྱལ་པོ་ཆེ།། སངས་རྒྱས་ཀུན་བདག་ངོ་བོ་འཆང་ཞེས་པ་ནི་དེ་ལ་སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ་ནི་རྒྱལ་པོ་ཡང་དེ་ཡིན་ལ་ཚན་པོ་ཡང་དེ་ཉིད་ཡིན་པས་རྒྱལ་པོ་ཆེའོ།། དུས་གསུམ་གྱི་སངས་རྒྱས ་ཐམས་ཅད་ཀྱི་རྒྱལ་པོ་ཆེན་པོ་ནི་སངས་རྒྱས་ཀུན་གྱི་རྒྱལ་པོ་ཆུ་སྟེ། བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རང་བཞིན་ཉིད་ཀྱི་ཕྱི་རོ།། སངས་རྒྱས་ཀུན་བདག་ངོ་བོ་འཆང་ནི་སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད ་ནི་སངས་རྒྱས་ཀུན་བདག་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཕྱིར།། དེའི་ངོ་བོ་ནི་ཡོད་པའོ།། དེ་འཛིན་པས་ན་སངས་རྒྱས་ཀུན་བདག་བྱེ་བོ་འཆུ་ངོ་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ།། སངས་རྒྱས ་ཀུན་གྱི་བསྟན་པ་གཅིག་ཅེས་པ་ནི་དེ་ལ་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་ནི་རྣལ་འབྱོར་ཡང་དེ་ཡིན་ལ་ཆེན་པོ་ཡོད་དེ་ཡིན་པས་རྣལ་འབྱོར་ཆེའོ།། སངས་རྒྱས་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་ནི ་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀར་གནས་པ་ཉིད་ཀྱི་ཕྱི་རོ།། འདི་ལྟ་སྟེ། ཡང་གསུངས་པ། རྣལ་འབྱོར་ཆེན་པོ་བཅོམ་ལྡན་འདས།། རྡོ་རྗེ་སེམས ་དཔའ་དེ་བཞིན་གཤེགས་ཞེས།། དེ་དེ་ལྟར་གསུངསོ།། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་གཅིག་སྟེ། ཐེག་པ ་ཆེན་པོ་གང་ཡིན་པ་དེ་ནི་སངས་རྒྱས་ཀུན་གྱི་བསྟན་པ་གཅིག་གོ། དེ་ལྟར་ཐེག་པ་ནི་གཅིག་ཁོ་ན་སྟེ། འདི་ལྟར་ཐེག་པ་ཆེན་པོ་ཞེས་གསུངས་པའི་ཕྱིར་རོ།། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ།། རིན ་ཆེན་ཀུན་བདག་དབང་ཕྱུག་སྟེ། འཇིག་རྟེན་ཀུན་གྱི་དབང་ཕྱུག་རྗེ།། རྡོ་རྗེ་འཆང་བ་ཀུན་གྱི་རྗེ། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ་ཞེས་པ་ནི་དེ་ལ་རྡོ་རྗེ་རིན་ཆེན་ནི་མི་བསྐྱོད་པའོ།། དེ་བཞིན་དུ་དབ ་བསྐུར་དཔལ་ནི་རྡོ་རྗེ་སེམས་མའོ།། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ་ནི་རིན་ཆེན་ཀུན་ནི་རིན་ཆེན་འབྱུང་ལྡན།། དེའི་བདག་པོ་དང་དབང་ཕྱུག་ནི་རིན་ཆེན་རྡོ་རྗེ་མའོ།། འཇིག་རྟེན་ཀུན་གྱི་དབང་ཕྱུག ་ནི་སྣང་བ་མཐའ་ཡསོ།། དེའི་རྗེ་བོ་ནི་ཆོས་ཀྱི་རྡོ་རྗེ་མའོ།། རྡོ་རྗེ་འཆང་བ་ཀུན་གྱི་བདགྲ་ནི་རྡོ་རྗེ་འཆང་པ་ཀུན་ནི་དོན་ཡོད་གྲུབ་པའོ།། དེའི་བདག་ནི་ལུས་ཀྱི་རྡོ་རྗེ་མའོ།། སངས་རྒྱས་ན་གྱི་ཐུགས ་ཆེ་བི་ནི་སངས་རྒྱས་ཀུན་ནི་རྣམ་པར་སྣང་མཛད།། དེའི་ཐུགས་ཆེ་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། དེ་ཡང་དོན་འདི་ལྟར་འགྱུར་ཏེ། རྡོ་རྗེ་རིན་ཆེན་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ ་དང་གང་འབྲེལ་པ་དེ་རྣམས་ཀྱི་རིགས་ཀྱི་ཡུམ་ལྔ་གང་ཡིན་པ་དེའི་རང་བཞིན་བཅོམ་ལྡན་འདས་འཇམ་དཔལ་ཏེ། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་དང་། འཁོར་ལོ་རྣམས ་ཐོབ་པའི་ཕྱིརརོ།། སྔངས་རྒྱས་ཀུན་གྱི་ཐུགས་ལ་གནས།། སངས་རྒྱས་ཀུན་གྱི་ཐུགས་ཆེ་བ།། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ཞེས་པ་ནི་དེ་ལ་སངས་རྒྱས་ཀུན་གྱི་ཐུགས་ལ་གནས་ནི་ཐུགས་ཀྱི ་རང་བཞིན་ཉིད་ཀྱི་ཕྱིརརོ།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ་ནི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན་ནི་གསུང་གི་རང་བཞིན་ཉིད་ཀྱི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་དཔལ་གསང་བ ་འདུས་པའི་རྒྱུད་ལས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེསོ།། དེ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས ་དཔའོ།། རྡོ་རྗེ་ཉི་མ་སྣང་བ་ཆེ།། རྡོ་རྗེ་ཟླ་བ་དྲི་མེད་འོད་ཅེསྱ་པ་ནི་དེ་ལཱ་རྡོ་རྗེ་ཉི་མ་སྣང་བ་ཆེ་ནི་རྡོ་རྗེ་ཉི་མ་ནཱི་ཡེ་ཤེས་ཀྱི་སྣང་བ་ཆེན་པོས་ཁམས་གསུམ་པ་ཐམས་ཅད་ཆེར་སྣང་བར་བྱེད་པ་ཉིད ་ཀྱི་ཕྱིར་དེ་ལ་དེ་སྐད་ཅེས་གསུངསོ།། རྡོ་རྗེ་ཟླ་བ་དྲི་མེད་འོད་ཅེས་པ་ནི་རྡོ་རྗེ་ཟླ་བ་ནི་ཡེ་ཤེས་ཟླ་བ་སྟེ། དེ་ནི་དྲི་མ་མེད་པ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་བག་ཆགས་ཀྱི་སྐྱོན་ཐམས་ཅད་དང་བྲལ ་1་བྷྱཧཱ། འད་ན་གསུལ་པཱ་བྷཱུ་བླངས་མདྨ་པནྡེ་འཇུག་རྟེན་སྣང་བར་བྱུང་བ་དང་ཀླུ་ཝཱན་པཱ་དཱ་ལ་དཱ་ལྟར་གསུངས།། ཚིག་དྷཱ་གནས་ནཱ་འདི་ལྟར་བནྡྷན་པདྨ་ཊྚཱ། ་སྔགས་ཀྱི་རྒྱུ་ནས་སྦྱང་བ་སྟོ་ཚིགས་ག་སྒྱིང་ཀཱར་སུཾའི་ཚུལ་སེཾན་འཁྲུར་བརྫུན་ར་ཐཱསའི་སྣང་དུ་ཨུ་བས་མས་ནུས་མཽ ་དྲིན་གཞིན་ནི། ན་ས་སོ་གང་ཡང་དུ་ན་མྦྷི་ན་དུ་ཤེས་ཏེ་འཕྲོགས་པ་མཚན་སྣང་དག་པར་བརྗེད་པ་ཀླག་པརྱཱ་ཧཱའཾ་ནས་སྨན་དག་ཏུའོ།། རྒྱགས་བྲལ་ལ་སོགས་པ་རྒྱ།། ཁྭ་དག་སྣ་ཆག ་འར་བའི་འང་རྗེས་པ་ལ། དེ་ལ་ཆགས་བྲེལ་ལ་སོགས་ཚོགས་པ་ཆེ་ཞེས་པ་ནི། དུས་ནི་རྣལ་འབྱོར་པ་རྣམས་ཀྱི་རང་བཞིན་བྱེ་བ་གསུངས་ཏེ། འདོད་ཆགས་དང་འདོད་ཆགས་དང་བྲལ་བ་ལ་ཞུགས ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོང་བ་དང་། སྔགས་ཀྱི་སྐྱོན་ས་སྦྱང་བ་སྤྱོད་པ་རྣམས་ཀྱི་དེའི་རླུང་བཞིན་མེད་པ་དེ་ཁོ་ན་ལ་བཅོམ་ལྡན་འདས།། ཁ་དོག་སྣ་ཚོགས་འབར་བའི་འོང་ཅེ་པ་ལ་ཁ་དོག ་ཚོགས་ནི་ཁ་དོག་སྣ་ཚོགས་པ་སྟེ། དེའི་འབར་བའི་འང་ནི་མུན་པ་ཐམས་ཅད་རྣམ་པར་འཇོམས་ཤིང་གསལ་བ་གང་ལ་ཡོད་པ་ང་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་ཡང་འདིར་བཅོམ་ལྡན་འདས་འཇམ ་དཔལ་དེ་ཉིད་ཀྱིས་འོད་སྣ་ཚོགས་པའི་སྒོ་རྣམས་ཀྱིས་སྣ་ཚོགས་པའི་འཇིག་རྟེན་གྱི་ཁམས་ན་གནས་པའི་གདུལ་བྱ་སྣ་ཚོགས་པའི་རིགས་པ་དང་བསམ་པ་དང་། སྤྱོད་པ་དང་། མོས་པ་དང་། དབང ་པོ་རྣམས་སྐད་ཅིག་གིས་དུས་གཅིག་ཁོ་ནར་མི་རྟག་པ་དང་། སྡུག་བསྔལ་བ་དང་། མི་སྐྱེ་བ་དང་། མི་འགོག་པ་ལི་སོགས་བཞི་པ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ལ་སོགས་པའི་དབྱེ་བ ་དང་། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་དང་། འཕགས་པའི་བདེན་པ་ལ་སོགས་པར་ཕྱེ་བ་དང་། དྲན་པ་ཉེ་བར་བཞག་པ་ནས་ཡང་དག་པར་སྤོང་བ་དང་། ་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱང་པོ་ལ་སོགས་པའི་དབྱེ་བས་དང་། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དབྱེ་བས་དང་། སྐད་སྣ་ཚོགས་དང་སྒོ་སྣ་ཚོགས ་དང་། མངོན་པར་བརྗོད་པ་སྣ་ཚོགས་པ་དང་། ཆོ་འཕྲུལ་སྣ་ཚོགས་དང་། འཇུག་པ་སྣ་ཚོགས་དང་། ཐེག་པ་སྣ་ཚོགས་དང་། འབྲས་བུ་རྟོགས་པ་སྣ་ཚོགས་རྣམས་ཀྱིས་སྐད་ཅིག་མ་དེ་ཉིད་ཁོ་ན ་ལ་བསྟན་པའི་མཁྱེན་པས་ཆོས་རབ་ཏུ་བསྟན་པར་མཛད་པས་ན་ཁ་དོག་སྣ་ཚོགས་འབར་བའི་འོད་ཅེས་བྱ་བ་འདི་གསུངསོ།། མཚན་གྱི་སྔགས་ཀྱི་ཚིག་འདི་ཡང་བླ་མ་ཡིས་བསྟན་པའི་མན ་ངག་གང་ལས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ལ་སྦྱར་བར་བྱའོ་ཞེསོ།། རྡོ་རྗེ་དཀྱིལ་ཀྲུངས་རྫོགས་སངས་རྒྱས།། སངས་རྒྱས ་འགྲོ་བའི་ཆོས་འཛིན་པ་ཞེས་པ་ནི་དེ་ལ་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་ནི་བཅོམ་ལྡན་འདས་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་རྡོ་རྗེ་སྐྱིལ་ཀྲུང་ནི་རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས་རྒྱས་ཞེས་སོ།། ་བཅོམ་ལྡན་འདས་གང་ཡིན་པ་འདས་བདུད་བཞི་ལས་མཆོག་ཏུ་རྒྱལ་བས་ན་ཟད་ཕྱེ་དང་མི་སྐྱེ་བ་མཁྱེན་པ་དེ་མངོན་དུ་བྱེད་པ་དང་ལྡན་པའི་ཕྱིར་དེ་ཡང་བཅོམ་ལྡན་འདས་དེ་ཉིད་དོ།། སངས་རྒྱས་འགྲོ ་བའི་ཆོས་འཛིན་པ་ནི་འགྲོ་བར་མཛད་པས་ན་འགྲོ་བ་སྟེ། སངས་རྒྱས་རྣམས་ཀྱི་འགྲོ་བ་ནི་སངས་རྒྱས་རྣམས་ཀྱི་འགྲོ་བའོ།། དེ་ལྟར་ཡང་འགྲོ་བར་བྱ་ཞིང་བདག་གིས་བརྩདུ་པར་མི་བྱའོ་ཞེས་གསུངས ་པའི་ཕྱི་རོ།། དེ་ཉིད་ཆོས་ཏེ་ངེ་འཛིན་པས་ན་སངས་རྒྱས་འགྲོ་བའི་ཆོས་འཛིན་ཏེ་དེ་ཡང་བཅོམ་ལྡན་འདས་དེ་ཉིད།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ཞེས ་པ་ནི་དེ་ལ་དཔལ་ལྡན་ནི་བཤད་ཟིན་ཏོ།། སངས་རྒྱས་པདྨ་སྐྱེས་ནི་སངས་རྒྱས་ཉིད་པདྨ་པས་སངས་རྒྱས་པདྨ་རྣམས་ཏེ། ཉོན་མོངས་པའི་བག་ཆགས་ཀྱི་དྲི་མ་རྣམས་ཀྱིས་ཉེ་བར་མ་གོས་པའི ་སྦྱོར།། དེ་ལས་བྱུང་བས་ན་སངས་རྒྱས་པདྨ་སྟེ་སྷོ།། དེ་ཉིད་བཅོམ་ལྡན་འདསོ།། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཀུན་མཱཁྱེན་ཡེ་ཤེས།། དེ་ཉིད་མཛོད་དང་སྣོད་ཁྱིམ་སྟེ། ་དོ་འཆང་བས་ན་ཀུན་མཱཁྱེནྡྲ་ཡེ་ཤེས་མཛོད་འཛིན་ནོ།། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་།། ཚ་བ་སངས་རྒྱས་རིགས་སྔགས་འཆང་ཞེས་པ་ནི་དེ་ལ་རྒྱལ་པོ་ནི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་ཅིང་ལེགས ་པར་བཤད་པ་དག་གི་འཇིག་རྟེན་ལ་བྱསྒོ་བར་བྱུང་བས་ན་རྒྱལ་པོ་སྟེ། དེ་ཉིད་བཅོམ་ལྡན་འདས།། སྒྱུ་འཕྲུལ་སྣ་ཚོགས་འཆང་ནི་སྒྱུ་འཕྲུལ་སྣ་ཚོགས་པ་སྟེ། སྤྲུལ་པ་རྣམ་པ་སྣ་ཚོགས་པའོ།། དེ་འན ་བྱཱས་ན་སྒྱུ་འཕྲུལ་སྣ་ཚོགས་འཆང་།། ཆེ་བུ་སོངས་རྒྱས་རིགས་སྔགས་འཆུང་ཞེས་པ་ལ་སངས་རྒྱུས་རྣམས་ཀྱི་རིགས་སྔགས་ནི་སངས་རྒྱསྟེ་རིག་སྔགས་ཏེ། སངས་རྒྱས་རིག་སྔགས་ནི་གཟུངས་བཞི ་ས་ད་ང་ནི་ད་སྔགས་དང་བད་པའི་མསྨྱིན་ཉྀ་ནུམས།། རྣམས་འཛིན་པ་མྦྷ་ནཱ་དི་སྐད་ས་རྒྱ་མྦྷི་རཱག་ཕྱོགས་།། དེ་དེ་ན་ཧཱུ~ཾ་སྟྭ~ཾ། ན་ཏུ ་གྲོ་ཚེ། ཡི་གེ་མཆོག་སྟེ་རྣམ་པར་དག། ཅེས་པ་ནི་དེ་ལ་རྡོ་རྗེ་རྣོན་པོ་ནི་ཕྱག་རྒྱ་ཆེན་པོའི་ང་ཟོས།། རམ་གྲི་ཚན་ལས་ཀྱི་ཕྱག་རྒྱའི་རང་བཞིན།། རྣམ་པར་དག་པོན་ཤེས་རབ་ཀྱི་པོ་ཏུ་ཕྱིན་པའི་རྨན ་བསླུ་སྟེ། ཧཱུཾ་སྱཱང་དམུ་སྨྱིག་གི་བྱུག་རྒྱུའི་སྐྱོནས།། སཱི་ཀཱ་མཛྲ་ག་མཱནྟས་རྦྦ་བྷག་དྷཱ་ཊཱགྷྣཱ་ནཱ་ཀཱ། དཱ་ཡང་བཙམ་ལྡན་འདས་དང་བ་སངས་རྒྱས་བན་ཕྱུག་རྒྱུ་བཞིས་རྒྱས་བཏུ ་བསྐྱ་རྡོ་རྗེ་རྣོན་པོ་ཞེས་གསུངས།། ཐེག་པ་ཆེན་པོ་སྡུག་བསྔལ་གླུཙྪེད།། མཚན་རྒྱ་ཆེན་པོ་རྡོ་རྗེ་ཆོས་ཞེས་པ་ནི་དེ་ལ་སྡུག་བསྔལ་ནི་ཉེ་བར་ལེན་པའི་ཕུང་པོ་རྣམས་ཏེ། དེ་རྣམས་གཅོད་པས་ན་སྡུག་བསྔལ ་གཅོད་པའོ།། དེ་ཉིད་ཐེག་པ་ཆེན་པོ་སྟེ། ལམ་གྱི་བདེན་པ་ཉིད་ཀྱི་ཕྱིརརོ།། དེའི་རྡོ་རྗེ་ཆོས་ནི་ཡེ་ཤེས་ཀྱི་ཆོས་ཏེ། ཆོས་དེ་མི་མཐུན་པའི་ཕྱོགས་གཅོད་པའི་ཕྱིར་མཚོན་ཆ་ཆེན་པོའོ།། དེ་དང་གང་ལྡན་པ་དེ་ནི ་ཐེག་པ་ཆེན་པོ་སྡུག་བསྔལ་གཅོད།། མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས་ཏེ། བཅོམ་ལྡན་འངསོ།། རྡོ་རྗེ་ཟབ་མོ་ཛི་ན་ཛི་ཀ། རྡོ་རྗེ་བློ་གྲོས་དོན་བཞིན་རིགས་ཅེས་པ་ནི་དེ་ལ་རྡོ་རྗེ་ཟབ་མོ་རྡོ་རྗེ་སྟེ། ཡེ་ཤེས་ཀྱི་ཟ་བ་མོ་འདི ་རྡོ་རྗེ་ཟབ་མོའོ།། ཡང་ན་ཟེབ་མོ་ནི་གཟུང་འཛིན་ལྔ་སོགས་པའི་རྣམ་པར་རྟོག་པ་དང་བྲལ་བ་ཤེས་རབ་ཀྱི་རང་བཞིན་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངསོ།། ཇི་ན་ནི་དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས ་པི་རྣམ་སོ།། དེ་རྣམས་ལས་རྒྱལ་བ་དོང་བྲ་མོ་གྱིས་གནོན་པ་ལ་བདག་པོ་ཡིན་པས་ན་ཛི་ན་ཇིག་སྟེ། བཅོམ་ལྡན་འདས་རྣམ་པར་མཛད་དེ། དེ་ཡང་བཅོམ་ལྡན་འདས་འཇམ་དཔལ་ཉིད།། རྡོ་རྗེ་བློ་གྲོས་ནི ་རྡོ་རྗེ་འདྲ་བའི་མི་ཕྱེད་པའི་བློ་གྲོས་དང་གང་ལྡན་པ་དེ་རྡོ་རྗེ་བློ་གྲོས་ཏེ། གཟུང་འཛིན་ལ་སོགས་པའི་རྣམ་པར་རྟོག་པས་བསྡུས་པ་ཐམས་ཅད་ཀྱིས་མི་ཕྱེད་པ་ཉིད་ཀྱི་ཕྱིརརོ།། དོན་བཞིན་རིག་ནི་ཇི ་ལྟར་གནས་པའི་དོན་རྣམ་པར་རིག་པས་དོན་བཞིན་རིག་གོ། ཕ་རོལ་ཕྱིན་པ་ཀུན་རྫོགས་པ།། ས་རྣམས་ཀུན་གྱི་རྒྱན་དང་ལྡན་ཞེས་པ་ལ་ཕ་རོལ་ཏུ་ཕྱིན་པ་ཀུན་རྫོགས་པ་ནི་ཕ་རོལ་ཕྱིན་པ་ཀུན་ནི་སྦྱིན ་པ་ལ་སོགས་པ་རྣམསོ།། དེ་རྣམས་རྫོགས་པའི་ཚུལ་དང་གང་ལྡན་པ་དེ་ལ་དེ་ལྟར་གསུང་སོ།། ས་རྣམས་ཀུན་གྱི་རྒྱན་དང་ལྡནེ་ནཱི་ས་རྣམས་ཀུན་ནི་རབ་ཏུ་དགའ་བ་ལ་སོགས་པ་རྣམས།། དེ་ཉིད་ཀྱི་རྒྱུན་ཏེ ་དཀྱིལ་འཁོར་གང་ཡིན་པ་དེ་ལ་དེ་ལྟར་གསུངསོ།། རྣམ་པར་དགེ་པ་ཆོས་བདག་མེད།། ཡང་དག་ཡེ་ཤེས་ཟླ་འོད་བཟང་ཞེས་པ་ནི།། དེ་ལ་རྣམ་པར་དག་པའི་ཆོས་ནི་རྣམ་པར་དག་པ་སོ་སོར་རྟོག་པའི་མཚན ་ཉིད་གྲུབ་པ་སྟེ། བདག་མེད་པ་ནི་སྣང་བ་མེད་པར་བྱེད་པའོ།། ཡང་དག་པའི་ཡེ་ཤེས་དེ་ཉིད་ཟླ་བཱ་སྟེ། ཀུན་ཏུ་བཟང་པོའི་སེམས་བསྐྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཉིད་ཀྱི ་ཕྱིར་ཏེ། དེ་ཉིད་བཅོམ་ལྡན་འདས།། འོད་བཟང་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་རང་བཞིན་གྱི་འོད་གསལ་བའི་ཡེ་ཤེས་ཏེ་དེ་དང་གང་ལྡན་པ་དེ་ལ་དེ་ལྟརོ།། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ། རྒྱུད ་ཀུན་གྱི་ནི་བདག་པ་མཆོག་ཅེས་པ་ནི་དེ་ལ་བརྩོན་སྒྱུ་འཕྲུལ་དྲ་བ་སྟེ་ཞེས་པ་ནི། སྒྱུ་འཕྲུལ་དྲ་བ་ནི་སྤྲུལ་པའི་ཚོགས་ཏེ། བརྩོན་ཆེན་དང་གང་ལྡན་པ་དྲེ་ལ་དེ་ལྟ་རོ།། རྒྱུད་ཀུན་གྱི་ནི ་བདག་པོ་ནི་རྒྱུད་ཀུན་ནི་རྣལ་འབྱོར་གྱི་རྒྱུད་ལ་སོགས་པའི་བདག་པོ་ནི་གཙོ་བོ་སྟེ། དེའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། མཆོག་ནི་བཤད་ཟིན་ཏོ།། རྡོ་རྗེ་གདན་ནི་མ་ལུས་ལྡན།། རྡོ་རྗེའི་སྐུ་རྣམས་མ་ལུས་འཆང་ཞེས ་བ་ནི་མ་ལུས་ཤིང་ལུས་པ་མེད་པའི་ཏིང་འཛིན་གྱི་རང་བཞིན་གྱི་སྐྱིལ་མོ་ཀྲུང་དང་གང་ལྡན་པ་དེ་ནི་རྡོ་རྗེ་གདན་ནི་མ་ལུས་ལྡན་ནོ།། དེ་ཉིད་ཀྱི་ཕྱིར། ཡེ་ཤེས་སྐུ་རྣམས་མ་ལུས་འཆང་ཞེས་པ་སྟེ། ཡེ་ཤེས་ལྔ་པོ ་མ་ལུས་པའི་སྐུ་རྣམས་མ་ལུས་འཆང་ངོ་།། ཀུན་ཏུ་བཟང་པོ་བློ་གྲོས་བཟང་།། ས་ཡི་མངལ་ཏེ་འགྲོ་བ་འཛིན་ཞེས་པ་ནི་དེ་ལ་ཀུན་ཏུ་བཟང་པོ་ནི་ཀུན་ལས་བཟང་ཞིང་དགེ་བ་གང་ཡིན་པ་དེ་ནི་ཀུན་ཏུ་བཟང་པོ་སྟེ། བྱང ་ཆུབ་ཀྱི་སེམས་རྡོ་རྗེའི་བདག་ཉིད་ཀྱི་ཕྱིརོ།། བློ་གྲོས་བཟང་ནི་ལེགས་པའི་བློ་གྲོས་ནི་བློ་གྲོས་བཟང་པོ་སྟེ། རྟོག་པའི་དྲ་བ་ཐམས་ཅད་མེད་པའི་ཕྱི་རོ།། སའི་མངལ་ཞེས་པ་ནི། དེ་ལ་སའི་ཁམས་ཏེ་སྣོད་ཀྱི ་འཇིག་རྟེན།། དེའི་མངལ་ནི་སྐྱེད་པར་བྱེད་པ་གང་ཡིན་པ་དེསའི་མངལོ།། འགྲོ་བ་འཛིན་ནི་འགྲོ་བ་ནི་སེམས་ཅན་གྱི་འཇིག་རྟེནོ།། དེ་འཛིན་པ་ནི་འཛིན་པར་བྱེད་པས་ན་འགྲོ་བ་འཛིན་ཏེ་འགྲོ་བ་ཀུན་གྱི་རྟེན ་ཞེས་པའི་དོན་ཏོ།། ཚིག་དེ་གཉིས་ཀྱིས་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དེ་ཡིན་པའི་ཕྱི་རོ།། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ།། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ཞེས་པ་ནཱི་དེ་ལ ་སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྐྱེད་པའི་རྒྱུ་ཉིད་ཀྱི་ཕྱིར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་དེ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་བདག་ཉིད་ཡིན་པ་དེའི་ཕྱིར། ་སངས་རྒྱས་ཀུན་གྱི་སྙིང་པོ་ཆེ་ཞེས་གསུངསོ།། དེ་ཉིད་ཀྱི་ཕྱིར་ན་སྤྲུལ་པའི་འཁོར་ལོ་སྒོ་ཚོགས་འཆང་ཅེས་པ། སྣ་ཚོགས་ནི་རྣམ་པ་སྡེ་ཚོགས་པའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ ་རྣམས་ཡང་དག་པར་སྟོན་པའི་བདག་ཉིད་ཀྱི་སྤྲུལ་པ་ནི་སྣ་ཚོགས་སྦྲེལ་པའོ།། དེའི་འཁོར་ལོ་ནི་སྤྲུལ་པའི་འཁོར་ལི་སྟེ་དཀྱིལ་འཁོརརོ།། དེ་འཛིན་པས་ན་སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ངོ་།། དངོས ་པོ་ཀུན་གྱི་རང་བཞིན་མཆོག། དངོས་པོ་ཀུན་གྱི་རང་བཞིན་འཛིན་ཞེས་པ་དེ་ནི་དེ་ལ་དངོས་པོ་ཀུན་གྱི་རང་བཞིན་མཆོག་ནི་དངོས་པོ་ཡང་དེ་ཡིན་ལ་ཀུན་ཡང་དེ་ཡིན་པས་དངོས་པོ་ཀུན་ནི་གཡོ་བ་དང ་མི་གཡོ་བ་ལ་སོགས་པ་རྣམསོ།། དེ་རྣམས་ཀྱི་རང་བཞིན་ནི་དངོས་པོ་ཀུན་གྱི་རང་བཞིན་ཏེ། དངོས་པོ་ཀུན་གྱི་རང་བཞིན་ཡང་དེ་ཡིན་ལ་མཆོག་ཀྱང་དེ་ཉིད་ཡིན་པས་དངོས་པོ་ཀུན་གྱི་རང་བཞིན ་མཆོག་གོ།། དེ་ཇི་ལྟར་ཞེ་ན། བཅོམ་ལྡན་འདས་དེའི་ཡང་དག་པའི་མཐའི་དེ་བཞིན་ཉིད་ཀྱི་ཡོངསུ་དག་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། ་དངོས་པོ་ཀུན་གྱི་རང་བཞིན་འཛིན་ནི་དེ་ཉིད་ཀྱི་ཕྱིར་ན་དངོས་པོ་ཀུན་གྱི་རང་བཞིན་ཏེ། ཆོས་ཐམས་ཅད་བདག་མེད་པར་འཇུག་པ་འཛིན་པས་ན་དངོས་པོ་ཀུན་གྱི་རང་བཞིན་འཛིན་ཏེ། རྣམ་པ་ཐམས་ཅད ་དུ་ཆེན་པོ་སྟོང་པ་ཉིད་ཀྱི་ཕྱིརརོ།། སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན།། ཆོས་ཀུན་ངོ་བོ་ཉིད་འཆང་བ་ཞེས་པ་ནི་དེ་ལ་སྐྱེ་མེད་ཆོས་ནི་སྐྱེ་བ་མེད་ཅིང་རང་བཞིན་མེད་པའི་ཆོས་དང་གང་ལྡན་པ་དེ་སྐྱེ་མེད་ཆོས་ཏེ། ་རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ནི་དོན་དམ་པར་སྐྱེ་བ་མེད་པའི་ཕྱིརརོ།། སྣ་ཚོགས་དོན་ནི་ཀུན་རྫོབ་ཏུ་འགྲོ་བ་ཐམས་ཅད་རྗེ་སུ་འཛིན་པའི་དོན་བྱེད་པ་ཉིད་ཀྱི་ཕྱིརརོ།། ཆོས་ཀུན་ངོ་བོ་ཉིད་འཆང་བ་ནི་དེ ་ལ་ཆོས་ཀུན་གང་ཞེ་ན། འདི་ལྟ་སྟེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཕ་རོལ་ཏུ་ཕྱིན་པ་དང་། ས་དང་སྟོང་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་། ་བདེན་པ་དང་། བསམ་གཏན་དང་། ཚད་མེད་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དང་། རྣམ་པར་ཐར་པ་དང་། མངོན་པར་ཤེས་པ་དང་། ཏིང་ངེ་འཛིན་དང་། གཟུངས་ཀྱི་སྒོ་དང་། སྟོབས ་དང་། མི་འཇིགས་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། དགེ་སྦྱོང་གི་འབྲས་བུ་དང་། རྣམ་པ་ཐམས་ཅད ་མཁྱེན་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། མཚན་མ་མེད་པ་དང་། དོན་དམ་པ་དང་། ཆོས་དབྱིངས་ཞེས་བྱ་བ་ཆོས་དེ་རྣམས་ཀྱི་རང་བཞིན་ནི་ཆོས་ཀུན་རང་བཞིན་ཏེ། དེ་ཡང་ཇི ་ལྟ་བ་བཞིན་དུ་ཡོངསུ་ཤེས་ནས་དེ་འཛིན་པས་ན་ཆོས་ཀུན་ངོ་བོ་ཉིད་འཆངངོ་།། དེ་ལྟར་ཡང་ཡེ་ཤེས་ཞབས་ཀྱིས་གསུངས་པ། ཡང་དག་བྱང་ཆུབ་སེམས་བསྐྱེད་ནས།། བྱམས་པ་ཆེན་པོར་རབ་སྦྱར་ཏེ། ཆོས ་རྣམས་ཐམས་ཅད་བདག་མེད་པ།། དེ་ལྟར་ཤེས་ན་རྣམ་པར་གྲོལ་ཞེསོ།། ཤེས་རབ་ཆེན་པོ་སྐད་ཅེས་ལ། ཆོས་ཀུན་མངོན་པར་རྟོགས་པ་འཆང་ཞེས་པ་ནི་དེ་ལ་ཤེས་རབ་ཀྱང་དེ་ཡིན་ལ་ཆེན་པོ་ཡང་དེ་ཉིད ་ཡིན་པས་ཤེས་རབ་ཆེན་པོ་སྟེ། ཆོས་ཐམས་ཅད་རྣམ་པར་འབྱེད་པའི་བདག་ཉིད་།། སྐད་ཅིག་ཀྱང་དེ་ཡིན་ལ་གཅིག་ཀྱང་དེ་ཉིད་ཡིན་པས་སྐད་ཅིགོ། དེ་བས་ན་དེའི་དོན་ནི་འདི་ལྟར་འགྱུར་ཏེ། དུས་ཀྱི ་སྐད་ཅིག་མ་ཉིད་ལ་ཤེས་རབ་ཆེན་པོ་ཉིད་ཀྱིས་ཇི་ལྟར་གསུངས་པའི་ཆོས་ཐམས་ཅད་དུ་ཤེས་པའི་ཕྱིར་ན། ཤེས་རབ་ཆེན་པོའི་སྐད་ཅིག་ལ།། ཆོས་ཀུན་ཁོང་དུ་ཆུད་པའོ།། དེ་འཛིན་པས་ན་ཤེས་རབ་ཆེན་པོའི ་སྐད་ཅིག་ལ། ཆོས་ཀུན་མངོན་པར་རྟོགས་པ་འཆངངོ་།། ཆོས་ཀུན་མངོན་པར་རྟོགས་པ་སྟེ།། ཡང་དག་མཐར་ཐུག་མཆོག་གི་བློ་ཞེས་པ་ནི། དེ་ལ་ཆོས་ཀུན་མངོན་པར་རྟོགས་པ ་ཞེས་པ་ལ། ཆོས་ཐམས་ཅད་ཀྱི་རང་བཞིན་མངོན་པར་རྟོགས་པ་ནི་ཆོས་ཀུན་མངོན་པར་རྟོགས་པ་སྟེ། ཡང་དག་པར་ཐུག་སུ་ཆུད་པ་དང་གང་ལྡན་པ་དེ་ནི་ཆོས་ཀུན་མངོན་པར་རྟོགས་པའོ།། ཡང་དག ་མཐར་ཐུག་ཅེས་པ་ལ་ཡང་དག་པ་ནི་བདེན་པ་སྟེ། དེ་བཞིན་ཉིད་ཅེས་པའི་བར་དུའོ།། དེའི་མཐའ་ནི་ཡང་དག་མཐའོ།། མཐར་ཐུག་པ་ཡང་དེ་ཡིན་ལ་ཡང་དག་མཐའ་ཡང་དེ་ཉིད་ཡིན་པས་ཡང་དག ་མཐར་ཐུགོ། དེ་ཉིད་ཀྱི་ཕྱིར་ན་མཆོག་གི་བླ་ནི་རྣལ་འབྱོར་ཅན་གྱི་ཡེ་ཤེས་ཏེ། ཡང་དག་པའི་དོན་བསྒོམས་པས་མཐར་ཕྱིན་པ་ཡིན་པའི་ཕྱིརརོ།། མི་གཡོ་རབ་ཏུ་དང་བའི་བདག། ཡང་དགྲ་རྫོགས་པའི ་བྱང་ཆུབ་འཆང་།། ཞེས་པ་ནི་དེ་ལ་མི་གཡོ་བ་ནི་ཏིང་འཛིན་གྱི་མི་མཐུན་པའི་ཕྱོགསུ་སོང་བའི་བྱིང་བ་དང་རྒོད་པ་མེད་པའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་རབ་ཏུ་དང་བའི་བདག་ཅེས་པ་སྟེ། ཏིང་འཛིན་གྱི ་བར་ཆད་གཉིས་མེད་པའི་ཕྱིརརོ།། ཡང་དག་རྫོགས་པའི་བྱང་ཆུབ་འཆང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཛིན་པའི་ཕྱིར་ན་བཅོམ་ལྡན་འདས་དེ་ཡང་དག་པར་རྫོགས་པའི་བྱང་ཆུབ ་འཆང་ཞེས་གསུངསོ།། སངས་རྒྱས་ཀུན་གྱི་མངོན་སུམ་པ།། ཡེ་ཤེས་མེ་ལྕེ་འོད་རབ་གསལ་ཞེས་པ་ལ། དེ་ལ་སངས་རྒྱས་ཀུན་གྱི་མངོན་སུམ་པ་ཞེས་པ་ནི་དུསྐུ་གསུམ་གྱི་སྦྱངས་རྒྱས་ཐམས་ཅད་ཀྱི ་མངོན་སུམ་པ་ནི་ཡང་དག་པར་རང་གིས་རླིག་པ་ཉིད་ཀྱི་ཕྱིརརོ།། ཡེ་ཤེས་མེ་ལྕེ་ནི་ཤེས་རབ་ཀྱི་མར་མེའོ།། འོད་རབ་གསལ་ནི་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་ཀུན ་ཏུ་སྣང་བར་བྱེད་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འགྲོ་བུ་ཐམས་ཅད་ལ་ཕན་པའི་རང་བཞིན་གྱིས་དབང་པོའང་རབ་འབྲིང་ཐ་ཆུང་གྲི ་སེམས་ཅན་གདུལ་བྱ་ལ་ཕན་འདོགས་པསོ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་བསྟན་པའི་སྒོ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་། ས་དང་ཕ་རོལ་ཏུ་ཕྱིན ་པ་རྣམས་ཀྱི་འབྲས་བུ་རབ་ཏུ་རྫོགས་པའི་དོན་དུ་གཟུགས་སྣ་ཚོགས་སྟོན་པར་བྱེད་པ་ཡིནོ།། དེ་ལ་དབང་པོ་རྟུལ་པོའི་སེམས་ཅན་འགའ་ཞིག་འདུལ་བ་ལ་ཚངས་བླའི་གཟུགས་ཀྱི་ས་དང་། དབོང ་པོ་འབྲིང་པོ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་རྣམས་ཁ་ཅིག་ལ་ཕན་འདོགས་པའི་དོན་དུ་དེའི་གཟུགས་ཀྱིས་ཀྱང་སྣང་།། དབང་པོ་རྣོན་པོ་བྱང་ཆུབ་སེམས་དཔའི་རིགས་རྣམས་ལ་འགའ་ཞིག་ཏུ ་བྱང་ཆུབ་སེམས་དཔའ་དང་། ཚོགས་དང་ས་དང་། ཕ་རོལ་ཏུ་ཕྱིན་པའི་རིམ་པས་བདག་གི་དངོས་པོ་བསྟན་པས་དང་། འགའ་ཞིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཀྱི་ངོ་བོ་དང་། འགའ་ཞིག་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་བདག་ཉིད་རྣམས་དང་། སེམས་ཅན་བཀྲེས་པ་རྣམས་ཁ་ཅིག་ལ་ཕན་འདོགས་པའི་དོན་དུ་བུམ་པ་བཟང་པོ་ལ་སོགས ་པའི་གཟུགས་ཀྱིས་དང་། ནང་ཆེན་པོས་གཟིར་བའི་སེམས་ཅན་ཁ་ཅིག་ལ་སྨན་ཆེན་པོ་ལ་སོགས་པའི་གཟུགས་ཀྱིས་དང་། དེ་ལ་སོགས་པ་རྣམས་ཀྱིས་གཡོ་བ་དང་མི་གཡོ་བ་ལ་སོགས་པའི་དངོས་པོ་ཐམས ་ཅད་ཀྱིས་འགྲོ་བ་ལ་ཕན་འདོགས་པའི་དོན་དུ་རྗེ་སུ་སྒྲུབ་པར་བྱེད་པའི་སྔགས་ཀྱི་ཡི་གེ་ཚིག་ཉིས་བརྒྱ་བདུན་ཅུ་རྩཝ་ལྔར་རྣམ་པར་སྤྲོས་ཏེ། དེ་རྣམས་ཀྱི་རིགས་ཀྱང་རིགས་ཀྱིས་དབྱེ་བས་རྣམ་པ་ལྔར་ཕྱེ་ལ། རིགས ་རེ་རེ་ལ་ཡང་མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་ལྔ་བཅུ་རྩ་ལྔར་སྦྱར་ནས་མཚན་གྱི་སྔགས་ཀྱི་ཡི་གེ་དེ་རྣམས་ཀྱིས་ཀྱང་ཕྱོགས་བཅུ་མཐའ་ཡས་པའི་སངས་རྒྱས་ཀྱི་ཞིང་རྣམ་སུ་སོང་སྟེ། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་མཛད་པ་མཐུན་པར་བསྒྲུབས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་ཡང་སྣང་བར་བྱས་ནས་འདོད་ཆགས་ལ་སྤྱོད་པའི་སེམས ་ཅན་རྣམས་རང་གི་རྣམ་པར་ཐར་པའི་སྒོ་ནས་དག་པར་བྱ་སྟེ། རང་གི་རིགས་ཀྱི་ཁ་དོག་གིས་ཉེ་བར་བསྒོས་པ་རྣམས་ཡང་ཕྱིར་ལོག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་གསུམ་པ་ལ་ཇི ་ལྟ་བའི་རིམ་པས་རྣམ་པར་གནས་པར་བལྟའོ།། དེ་བས་ན་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་སྔར་བསྟན་པའི་གཟུགས་རྣམ་པ་གསུམ་དུ་དམིགས་ཏེ། འཕགས་པ་མཚན ་ཡང་དག་པར་བརྗོད་པ་བཀླག་གོ། ཡོན་ཏན་གྱི་ཚོགས་ཐོབ་པོ་ཞེས་པ་ནི་མན་ངག་གོ། ཚིགས་བཅད་ནི་བཞི་བཅུ་རྩ་གཉིས་ཏེ། མཚན་གྱི་སྔགས་ཀྱི་ཡི་གེའི་ཚིག་ནི་ཉིས་བརྒྱ་བདུན་ཅུ་རྩ་ལྔ་སྟེ་གྲངས་སོ།། ་འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་བལྟ་བ་ལས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེ་སྤྱི་སྒོ་ནས་བསྟོད་པའི་རིམ་པར་ཕྱེ་བ་སྟེ་བརྒྱད་པའོ།། ། ་ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་འཇམ་དཔལ་ཡེ་ཤེས་ཀྱི་སྐུ་དེའི་བསྟོད་པའི་དབང་དུ་བྱས་ནས་གསུངས་པ། འདོད ་བའི་དོན་གྲུབ་དམ་པ་སྟེ། ངན་སོང་ཐམས་ཅད་རྣམས་སྦྱོང་བ།། མགོན་པོ་སེམས་ཅན་ཀུན་གྱི་མཆོག། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་ཅེས་པ་ལ་སོགས་པ་སྟེ། དེ་ལ་འདོད་པའི་དོན་གྲུབ་ནི ་དོན་ཏུ་གཉེར་བྱ་བས་དོན་ཏེ། འདོད་པ་ཡང་དེ་ཡིན་ལ་དོན་ཡང་དེ་ཉིད་ཡིན་པས་འདོད་པའི་དོན་ཏེ། དེ་སྒྲུབ་པར་བྱེད་ཅིང་སྐྱེད་པར་བྱེད་པ་ནི་རིན་ཆེན་འབྱུང་ལྡན་ཏེ། སེར་སྣས ་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་རྣམ་པར་དག་པའི་སྦྱིན་པའི་སྒོ་ནས་ཡང་དག་པར་སྦྱོར་བར་བྱེད་པ་ཉིད་ཀྱི་ཕྱིར་ན་དེ་ཡང་བཅོམ་ལྡན་འདས་ཉིད།། དེ་ཉིད་ཀྱི་ཕྱིར་ན་ཡང་དག་པ་སྟེ། འཁོར་གསུམ ་ཡོང་སུ་དག་པའི་སྦྱིན་པ་རབ་ཏུ་འཇུག་པའི་ཕྱི་རོ།། ངན་སོང་ཐམས་ཅད་རྣམ་སྐྱོང་བ་ཅེས་པོ་ལ། ངན་སོང་ཐམས་ཅད་ནི་དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་རྣམསོ།། དེ་རྣམས་རྣམ་པར་སྦྱོང ་བ་ནི་དེར་འཇུག་པའི་ལས་ཡང་དག་པར་སྦྱོང་པས་དེ་དག་ངན་སོང་ལས་འདོན་པར་བསྒྲུབ་པའི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་སེམས་ཅན་ཐམས་ཅད་ཀྱི་མཆོག་སྟེ། གཞན་དོན་བྱ་བ་ལ་མངོན་པར་བརྩོན་པ་ཉིད ་ཀྱི་ཕྱིརོ།། དེ་ཉིད་ཀྱི་ཕྱིར་ཡང་མགོན་མེད་པའི་སེམས་ཅན་གྱི་མགོནྡ་ཞེས་གསུངསོ།། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་ནི་གདུལ་བྱའི་རིགས་དང་། སྤྱོད་པ་དང་། བག་ལ་ཉལ་དང་། མོས་པ་དང་། ་དབང་པོ་རྣམས་ཀྱིས་འདུལ་བ་རྣམས་ལ་ཉན་ཐོས་ལ་སོགས་པའི་བྱང་ཆུབ་ཀྱི་ལམ་གྱི་མན་ངག་རབ་ཏུ་སྦྱིན་པའི་སྒོ་ནས་རབ་ཏུ་གྲོལ་བར་བྱེད་པ་ཉིད་ཀྱི་ཕྱིརརོ།། ཉོན་མོངས་གཡུལ་དུ་གཅིག་དཔའ ་མི་ཤེས་དགྲ་ཡི་དྲེགས་པ་འཇོམས།། དཔལ་ལྡན་དྷི་སྟེ་སྒེག་འཆང་ཞིང་།། དཔའ་པོ་མི་སྡུག་གཟུགས་འཆང་བ་ཅེས་པ་ནི་དེ་ལ་ཉོན་མོངས་པའི་གཡུལ་དུ་གཅིག་དཔའ་བ་ནི་ཉོན་མོངས་པ་ནི ་འདོད་ཆགས་ལ་སོགས་པ་དེ་རྣམས་དང་ལྷན་ཅིག་འཐབ་པ་གང་ཡིན་པ་དེ་ཉོན་མོངས་གཡུལ་དེར་དཔའ་བོ་གཅིག་པུ་ཁོ་ན་གཉིསུ་མེད་པ་ནི་ཉོན་མོངས་པའི་གཡུལ་དུ་གཅིག་དཔའ་བ་སྟེ། ཉོན་མོངས ་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་རོ་མཉམ་པར་ཡོངསུ་སྦྱོང་བ་རྩོམ་ཞིང་ཆོས་རྫོགས་པར་བྱེད་པའི་ཕྱིརརོ།། མི་ཤེས་དགྲའི་དྲེགས་པ་འཇོམས་ནི་མི་ཤེས་པ་ནི་གཏི་མུག་སྟེ། བདེན་པ་ལ་སོགས ་པ་ལ་བློ་ཕྱིན་ཅི་ལོག་གང་ཡིན་པའོ།། དེ་ཉིད་དགྲ་སྟེ་དགེ་བའི་ཕྱོགས་སོ་སོར་འཆིང་པ་ཉིད་ཀྱི་ཕྱིར་རོ།། དེའི་ང་རྒྱལ་ནི་དྲེགས་པའོ།། དེ་འཇོམས་པས་ན་མི་ཤེས་དགྲའི་དྲེགས་པ་འཇོམས་སོ།། ་དཔལ་ལྡན་ནི་བཤད་ཟིན་ཏོ།། དྷི་ཞེས་བྱ་བཱ་ནི་དང་པོ་སངས་རྒྱས་བསྐྱེད་པའི་ས་བོན་སྟེ། དེ་ཉིད་སྒེག་པར་ལྡན་ཏཱ་སྒེག་པ་ནི་ཤུ་ཏྲའོ།། ཀུན་ནས་བསྐྱེད་པ་དང་འབྱིན་པས་ན་སྒེག་འཆང་སྟེ། དེ་ཡང ་དབང་པོ་ལ་ཁྱད་པར་བྱེད་པ་ཉིད་ཀྱི་ཕྱིར་དེ་འཛིན་པས་ན་དེ་ལ་དེ་སྐད་ཅེས་བྱའོ།། དཔའ་བོ་མི་སྡུག་གཟུགས་འཆང་བ་ནི་དཔའ་བོའི་ཉམས་དང་ལྡན་པ་དང་། མི་སྡུག་པའི་ཉམས་དང་ལྡན་པའི་ཁྲོ་བོའི ་ཁྱད་པར་གང་ཡིན་པ་དེ་རྣམས་ཀྱི་གཟུགས་ནི་དཔའ་བོ་མི་སྡུག་གཟུགས་སྟེ། དེ་འཛིན་པས་ན་དཔའ་བོ་མི་སྡུག་གཟུགས་འཆང་བའོ།། ལག་པ་བརྒྱད་པོ་ཀུན་བསྐྱོད་ཅིང་། ་གོམ་པའི་སྟོབས་ཀྱིས་གར་བྱེད་པ།། དཔལ་ལྡན་ལག་པ་བརྒྱད་རྩོལ་པ།། ནམ་མཁའ་ཁྱབ་པར་གར་བྱེད་པ་ཞེས་པ་ནི། དེ་ལ་ལག་པ་བརྒྱ་པ་ཀུན་བསྐྱོད་ཅིང་། གོམས་པའི་སྟབས་ཀྱིས་གར་བྱེད་པ་ནི་ལག་བརྒྱ ་པོ་རྣམས་ཀུན་བསྐྱོད་ཅིང་ཞེས་པ་ནི། ལག་པ་བརྒྱ་པོ་རྣམས་ཀུན་ཏུ་བསྐྱོད་པས་ཕྱི་རོལ་ཏུ་བསྐོར་ཞིང་གོམས་པའི་གནས་ལ་གཡས་བརྐྱང་བ་ལ་སོགས་པའོ།། དེའི་སྟབས་ཀྱིས་མཐོ་ལྔ་ལ་སོགས་པར་བསྐྱོད ་བ་སྟེ། ལག་པོ་བརྒྱ་པོ་ཀུན་བསྐྱོད་པ་དང་། གོམ་པའི་སྟོབས་དེ་གཉིས་ཀྱིས་གར་བྱེད་པ་དང་གང་ལྡན་པ་དེ་དེ་ལྟ་རོ།། ས་ལ་སྤྱོད་པའི་གར་བསྟན་ནས་གཞན་ཡང་ན་མཁའ་ལ་སྤྱོད་པའི་གར་བསྟན ་པར་འདྲོད་པས་གསུངས་པ། དཔལ་ལྡན་ལག་པ་བརྒྱས་རྩོལ་པ།། ནམ་མཁའ་ཁྱབ་པར་གར་བྱེད་པ།། དཔལ་ལྡན་ནི་པདྨ་ག་རྀ་གྱི་དབང་ཕྱུག། དེའི་ལྷག་པ་བརྒྱ་ནི་དཔལ་ལྡན་ལོག་པ་བརྒྱ་པའོ།། དེ ་རྣམས་ཀྱིས་རྩོལ་བ་ནི་མཛེས་པར་གནས་པ་སྟེ། དཔལ་ལྡན་ལག་པ་བརྒྱས་རྩོལ་བའོ།། དེས་ན་མཁའི་སྟེ་ན་མཁའ་ལ་ཀུན་ཏུ་རྩོལ་ཞིང་ཡོངསུ་བསྐོར་བའི་ཕྱག་རྒྱ་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངས ་སའི་དཀྱིལ་འཁོར་གཞི་གནོན་པ།། རྐང་པ་ཡ་གཅིག་མཐིལ་གྱིས་གནོན།། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་།། ཚུངས་པའི་ཡུལ་ས་རྩེ་ནས་གནོན་ཞེས་པ་དེ་ལ་སའི་དཀྱིལ་འཁོར་བཞི་གནོན ་པ། རྐང་པ་ཡ་གཅིག་མཐལ་གྱིས་གནོན་ཞེས་པ་ལ། སའི་དཀྱིལ་འཁོར་གཞི་ནི་སའི་དཀྱིལ་འཁོར་ངོས་ཏེ། འཁོར་གྱི་སྒྲ་མི་སྣང་བར་བྱས་ནས་འདིར་བསྟན་པ་འམ། དམ་པའི་ཆོས་ཀྱི་ཚིག་གི་ཡང ་ཕྱི་རོ། རྐང་པའང་དེ་ཡིན་ལ་ཡ་གཅིག་ཀྱང་དེ་ཉིད་ཡིན་པས་རྐང་པ་ཡ་གཅིག་སྟེ། དེའི་མཐིལ་ནི་རྐང་པ་ཡ་གཅིག་གི་མཐིལོ།། རྐང་པ་ཡ་གཅིག་མཐིལ་གྱིས་སའི་དཀྱིལ་འཁོར་གཞི་གནས་པ ་ནོན་པ་ནི་སའི་དཀྱིལ་འཁོར་ངོས་གནས་པ། རྐང་པ་ཡ་གཅིག་མཐིལ་གྱིས་གནོན་པ་སྟེ། སའི་དཀྱིལ་འཁོར་ངོས་གནོན་པ་དང་གང་ལྡན་པ་དེ་སའི་དཀྱིལ་འཁོར་ངོས་གནོན་པའོ།། རྩོམ་པའི་ལས ་གསུངས་པ། རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་།། ཚངས་པའི་ཡུལ་ས་རྩེ་ནས་གནོན་ནི་རྐང་པའི་མཐེབ་མོ་ནི་རྐང་པའི་མཐེབ་པོ་སྟེ། དེའི་སེན་མོ་ནི་རྐང་མཐེབ་སེན་མོའོ།། ཚངས་པའི་ཡུལ་གྱི ་སའི་རྩེ་མོ་ནི་ཚངས་པའི་ཡུལ་སའི་རྩེ་མོའོ།། དེས་གནོན་པས་རྐང་མཐེབ་སེན་མོས་གནོན་པ་དང་གང་ལྡན་པ་དེ་རྐང་མཐེབ་སེན་མོ་ཁྱོན་གྱིས་ཀྱང་། ཚངས་པའི་ཡུལ་ས་རྩེ་ནས་གནོན་ཏོ།། ཚིག་དེ ་གཉིས་ཀྱིས་ནི་དེས་འདུལ་བའི་སྐྱེ་བོ་ལ་ཕན་གདུགས་པའི་དོན་དུ་བཅོམ་ལྡན་འདས་དེའི་རྫུ་འཕྲུལ་རབ་ཏུ་བསྟན་པ་ཡིནོ།། དྲོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམྦྷ ་པའི་དོན་དེ་འཇིགས་པ་མེད།། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན།། སེམས་དང་རྣམ་པར་ཤེས་པའི་རྒྱུད་ཅེས་པ་ནི་དེ་ལ་དོན་གཅིག་ནི་ཡང་དག་པའི་དོན་དམ་པའི་རང་བཞིན་གྱི་ཕྱིརརོ།། དེ་ཉིད ་ཀྱི་ཕྱིར་ན་གཉིས་མེད་ཆོས་ཀྱི་དོན་ཞེས་ཏེ། གཟུང་འཛིན་གཉིས་མི་འཐད་པའི་ཕྱིརོ།། དམ་པའི་དོན་ནི་དོན་དང་། ཐོབ་པ་དང་། སྒྲུབ་པ་དག་ལས་ཐོབ་པ་དོན་དམ་པ་ཉིད།། འཇིགས་པ་མེད་ནི ་ན་མཁའ་དང་འདྲ་བ་ཉིད་ཀྱི་ཕྱིརརོ།། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་གོ། སེམས་ནི་ཀུན་གཞི་རྣམ་པར་ཤེས་པའོ།། རྣམ་པར་ཤེས་པ་ནི་ཉོན ་མོངས་པ་ཅན་གྱི་ཡི་དོ།། དེ་ཡང་རིམ་པ་འདི་ཡིན་ཏེ། སེམས་ཅན་གཞི་རྣམ་པར་ཤེས་པའི་མཚན་ཉིད་ལས་ཉོན་མོངས་པ་ཅན་གྱི་ཡིད་དོ།། དེ་ལས་ཀྱང་འཇུག་པའི་རྣམ་པར་ཤེས་པ ་དྲུག་རྣམས་ཏེ། ཡུལ་ལ་རྣམ་པར་གཡོ་བའི་མཚན་ཉིད་རྣམསོ།། ཡང་དེའི་བག་ཆགས་ཀུན་གཞི་རྣམ་པར་ཤེས་པ་ལ་བསྒོས་པ་ཀུན་གཞི་རྣམ་པར་ཤེས་པ་ལས་ཀྱང་ཉོན་མོངས ་པ་ཅན་གྱི་ཡིད། དེ་ལས་ཀྱང་ཡང་འཇུག་པའི་རྣམ་པར་ཤེས་པ་དྲུག། དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་འཁོར་ལོ་ཕྲ་མོ་ཡོངསུ་འཁོརརོ།། དེ་ལྟར་ཡང་གསུངས་པ། རྣམ་པར་སྨིན་དང ་དྲར་སེམས་དང་། ཡུལ་ལ་རྣམ་པར་རིག་པའོ་ཞེས།། དེས་ཅི་གསུངས་པར་འགྱུར་ཞེ་ན། གང་ཡུལ་རིག་པའི་མཚན་ཉིད་རྣམས་ལ། ངར་སེམས་དང་གང་ཉོན་མོངས་པ་ཅན་གྱི་ཡིད། དེ་རྣམས ་ནི་བཅོམ་ལྡན་འདས་དེ་ཉིད།། དངོས་དོན་མ་ལུས་རྣམས་ལ་དགའ།། སྟོང་པ་ཉིད་དགའ་མཆོག་གི་བློ།། སྲིད་པའི་འདོད་ཆགས་སོགས་ལས་འདས།། སྲིད་གསུམ་དགའ་བ་ཆེན་པོ་པ།། ཞེས་པ ་ནི་དེ་ལ་དངོས་དོན་མ་ལུས་རྣམས་ལ་དགའ་ནི་མ་ལུས་ཤིང་ལུས་པ་མེད་པའི་དངོས་པོའི་དོན་རྣམས་ཏེ་གནས་པ་ལ་སོགས་པ་དེ་རྣམས་ལ་དགའ་བ་ནི་སྤྲོ་བ་སྟེ། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གི ་ཕྱི་རོ།། དེ་ལྟར་ཡང་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། གནས་དང་སྐྱེ་དང་འཇིག་རྟེན་ཡོད་མེད་དང་། དམན་དུང་མཉམ་དང་ཁྱབ་པར་གང་ཡང་རུང་།། འཇིག་རྟེན་ཐ་སྙད་དབང་གིས་སངས ་རྒྱས་རྣམས།། གསུངས་གི་ཡང་དག་དབང་ལས་མ་ཡིནོ་ཞེས།། སྟོང་པ་ཉིད་དགའ་ནི་སྟོང་པ་ཉིད་ལ་དགའ་ཞིང་སྤྲོ་བ་སྟེ། སྟོང་པ་ཉིད་དགའ་བ་སྟེ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན ་ཉིད་ཀྱི་ཕྱིརརོ།། དོན་དམ་པར་ནི་དེ་ཡང་ཉེ་བར་མི་དམིགས་པའི་ཕྱི་རོ།། དེ་ཉིད་ཀྱི་ཕྱིར་ན་མཆོག་གི་བློ་ཞེས།། སྲིད་པའི་འདོད་ཆགས་སོགས་ལས་འདས་ནི། དེ་འདོད་པའི་སྲིད ་པ་དང་། གཟུགས་ཀྱི་སྲིད་པ་དང་། གཟུགས་མེད་པའི་སྲིད་པ་གསུམ་ལས་འདོད་པའི་འདོད་ཆགསོ།། གཟུགས་དང་གཟུགས་མེད་པའི་སྲིད་པ་ནི་སྲིད་པའི་འདོད་ཆགས་ཁོ་ན་སྟེ། འདོད་པའི་འདོད ་ཆགས་ནི་མ་ཡིན་ནོ།། དེ་ལྟར་ཡང་ཆོས་མངོན་པ་ལས་གསུངས་པ། ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས་ཤེསོ།། དེ་དེ་ལྟར་འདོད་པའི་འདོད་ཆགས་ལ་སོགས་པ་ལས་འདྲེས་ཤིང་བརྒལ ་བས་ན་སྲིད་པའི་འདོད་ཆགས་སོགས་ལས་འདས་ཞེས་གསུངས་ཏེ། དེ་ཉིད་བཅོམ་ལྡན་འདོས་འཇམ་དཔལོ།། སྲིད་གསུམ་དགའ་བ་ཆེན་པོ་པ་ནི་འདོད་པའི་ཁམས་ལ་སྔོགས་པའི་སྲིད་པ་གསུམ ་པོ་ཡང་སྔ་མ་དེ་བཞིན་ཏེ། ས་དེ་ལས་སྐྱེས་པའི་ལྷའི་བུ་རྣམས་ལ་ཕྲན་གདགས་པའི་དོན་ཏུ་དེ་དང་དེ་རུ་སྐྱེ་བ་བསྟན་པའི་ཕྱིར་ན་སྲིད་གསུམ་དགའ་བ་ཆེན་པོ་པ་ཞེསོ།། སྤྲིན་དཀར་དག་པ་བཞིན ་དུ་དཀར།། འོད་བཟང་སྟོན་ཀའི་ཟླ་བའི་འོད།། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས།། སེན་མོའི་འོད་ནི་ཤོས་ཆེར་དམར།། ཅོད་པན་བཟང་པོ་མཐོན་ཀའི་རྩེ།། སྐྲ་མཆོག་མཐོང་ཀ་ཆེན་པོ་འཆང་།། ་ནོར་བུ་ཆེན་པོ་འོད་ཆགས་དཔལ།། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན་ཞེས་པ་ནི་དེ་ལ་དག་པུ་ནི་མ་རིག་པའི་དྲི་མ་སྤངས་པའི་ཕྱིརརོ།། ལྷག་མ་ཚིགས་བཅད་རྣམས་ནི་ཤེས་རབ་ཀྱི་འཁོར་ལོའི་ནང་དུ་གཏོགས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་རྣལ་འབྱོར་དེང་པོ་ལས་བཤད་པའི་ཚིག་ཁྱད་པར་ཅན་གཞན་རྣམས་ཡིན་པས་དེ་བས་ན་འདིར་མ་བཀྲོལོ།། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད ་པ། རྫུ་འཕྲུལ་རྐང་པའི་སྟོབས་དང་ལྡན།། དེ་ཉིད་དྲན་པ་ཆེན་པོ་འཆང་།། དྲན་པ་བཞི་པོ་ཏིང་འཛིན་རྒྱལ་ཞེས་པ་ནི་དེ་ལ་འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ་ནི་འཇིག་རྟེན་ཁམས་བརྒྱ་རྣམས ་ནི་འཇིག་རྟེན་ཁམས་བརྒྱའོ།། དེ་ཀུན་བསྐྱོད་པའི་ཚུལ་དང་གང་ལྡན་པ་དེ་འཇིག་རྟེན་གྱི་ཁམས་བརྒྱ་ཀུན་བསྐྱོད་པའོ།། དེས་ནི་ས་རབ་ཏུ་དགའ་བ་ལ་རྣམ་པར་གནས་པའི་བྱང་ཆུབ་སེམས་དཔའི ་རྫུ་འཕྲུལ་གྱི་ཆེ་བའི་བདག་ཉིད་བསྟན་པ་ཡོན་ནོ།། དེ་ལྟར་ཡང་ཟླ་བ་གྲགས་པའི་ཞབས་ཀྱིས་གསུངས་པ། འདི་ནི་དེ་བཞིན་གཤེགས་པའི་རིགསུ་སྐྱེ་འགྱུར་ཞིང་། དེ་ཡི་ཀུན་སྦྱོར་གསུམ་ཡང་ཐམས ་ཅད་ཟད་པར་བྱས། འཇིག་རྟེན་ཁམས་བརྒྱ་གཡོ་བ་བསྐྱེད་པར་ནུས་པ་སྟེ། གཞན་ཡང་དགའ་བ་རྣམས་འཆང་དེ་ནི་བྱང་ཆུབ་སེམས་དཔའོ་ཞེས།། རྫུ་འཕྲུལ་རྐང་པའོ་སྟོབས་ཆེན་ལྡན་ནི་ལུས ་དང་སེམས་རྣམ་པར་དབེན་པ་ལ་བརྟེན་ཏེ་མི་མཐུན་པའི་ཕྱོགས་ལ་འདོད་ཆགས་དང་བྲལ་བ་དང་། འགོག་པ་ལ་ཡང་དག་པར་བརྟེན་ནས་མངོན་པར་འདུ་བྱ་བ་མེད་པར་འཇུག ་པ་ཡོངསུ་མཐར་ཕྱིན་པར་བྱེད་པ་རྣམས་ནི་རྫུ་འཕྲུལ་གྱི་རྐང་པ་བཞི་རྣམསསོ།། རྫུ་འཕྲུལ་གྱི་རྐང་པ་དེ་རྣམས་ཀྱི་སྟོབས་ཆེན་པོ་དང་གང་ལྡན་པ་ཕ་རོལ་གནོན་པ་གང་ཡིན་པ་དེ་རྫུ་འཕྲུལ་རྐང་པའི་སྟོབས་ཆེན ་ལྡན་ནོ།། དེ་ཉིད་ཀུན་བརྟགས་དང་། གཞན་དབང་དང་། ཡོངསུ་གྲུབ་པ་ཉིད་ཀྱི་ཕྱིརརོ།། ངོ་བོ་ཉིད་གསུམ་པོ་འདི་ལ་དེ་ཉིད་དུ་ཅི་ལྟར་འདོད་ཅེ་ན། ངོ་བོ་ཉིད་གསུམ་རྟག་མེད་དང་། ཡོད་དང་ཁོ་ན་མ་ཡིན་དང་། ཡོད ་དང་མེད་དེ་ཁོ་ན་སྟེ། ངོ་བོ་ཉིད་ནི་གསུམ་དུ་འདོད་ཅེསོ།། ཀུན་བརྟགས་ཀྱི་མཚན་ཉིད་ནི་རྟག་ཏུ་མེད་པའོ།། དེ་ནི་ཀུན་བརྟགས་པའི་མཚན་ཉིད་ལ་ཁོ་ན་ཞེས་བྱ་སྟེ། ཕྱིན་ཅི་ལོག་པའི་ཕྱིརརོ།། གཞན་གྱི་དབང་གྲི་མཚན ་ཉིད་ནི་ཡོད་ཀྱང་ཡང་དག་པ་མ་ཡིན་ཏེ་འཁྲུལ་པའི་ཕྱིརརོ།། དེ་བས་ན་འདི་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དེ་ཁོ་ན་ཞེས་བྱའོ།། ཡོངསུ་གྲུབ་པའི་མཚན་ཉིད་ནི་ཡོད་པ་དང་མེད་པ་ངོ་ན་སྟེ། དེ་བས་འདི་ནི་ཡོངས་སུ ་གྲུབ་པའི་མཚན་ཉིད་ཀྱི་དེ་ཁོ་ན་ཉིད་ས་ཉིད་ཁོ་ན་གསུམ་སྦྱོར་བས་བཅོམ་ལྡན་འདས་དེ་ཉིད་ལ་དེ་ཉིད་ཅེས་གསུངསོ།། དྲན་པ་ཆེན་པོ་འཆང་ནི་ཤིན་ཏུ་ཆེ་བའི་དྲན་པ་ནི་དྲན་པ་ཆེན་པོ་ནི། དེ་ཡང་འདྲེས་པའི ་དངོས་པོ་མ་བརྗེད་པའི་མཚན་ཉིད།། དེ་འཛིན་པས་ན་དེ་ལ་དེ་སྐད་གསུངསོ།། དྲན་པ་བཞི་པོ་ཏིང་འཛིན་རྒྱལ་ནི་དྲན་པ་ཉེ་བར་གཞག་པ་བཞིའོ།། 9། ལུས་ཉེ་བར་གཞག་པ་ནི་ཡན་ལག་སྣ་ཚོགས་པ་ལ་ཞེན་པ ་ཙམ་གྱི་དངོས་པོ་ནི་མ་ལུས་ཏེ། གཟུང་བ་ལ་སོགས་པ་རྣམས་དབེན་པ་ཉིད་ཀྱི་མཚན་ཉིད་ཞེས་ལུས་དྲན་པ་ཉེ་བར་གཞག་པའོ།། དེ་ལྟར་ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། སེམས་དྲན་པ་ཉེ་བར་གཞག ་དང་། ཆོས་དྲན་པ་ཉེ་བར་གཞག་པའོ།། རྣམ་པ་བཞི་ཆར་ལ་ཡང་བརྩོན་འགྲུས་དང་། ཏིང་འཛིན་དང་། དྲན་པ་དང་། ཤེས་བཞིན་དུ་སྦྱོར་བའི་ཕྱིར་རོ།། ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པའོ།། དེ་རྒྱལ ་བས་རྒྱལ་བའོ།། དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་ཀྱི་ཏིང་འཛིན་རྒྱལ་བ་ནི་དྲན་པ་བཞི་པོ་ཏིང་འཛིན་རྒྱལ་ཏེ། བཅོམ་ལྡན་འདས་དེ་ཉིད་དོ།། བྱང་ཆུབ་ཡན་ལག་མེ་ཏོག་དགའ།། དེ་བཞིན་གཤེགས ་པའི་ཡོན་ཏན་མཚོ།། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག། ཡང་དག་སངས་རྒྱས་ལམ་རིག་པ་ཞེས་པ་ནི་དེ་ལ་བྱང་ཆུབ་ཡན་ལག་མེ་ཏོག་དགའ་ནི་མངོན་པར་འདུས་མ་བྱས་པར་འཇུག་ཅིང་མཆོག་ཏུ་གྱུར ་པའི་དང་པ་ལ་སོགས་པ་རྣམས་མཐོང་བའི་ལམ་ཡོངསུ་ཆུབ་པ་ཆོས་ཀྱི་དབྱིངས་ཀྱི་སྤྱོད་ཡུལ་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་གསུངས་པའི་མཚན་ཉིད་རྣམས་ཉིད་ནི་མེ་ཏོག་སྟེ། བསྒོམ་པའི་ལམ་འབྲས ་བུའི་རྒྱུའི་དངོས་པོ་ཉིད་ཀྱི་ཕྱིར་ན་བྱང་ཆུབ་ཀྱི་ཡན་ལག་ནི་མེ་ཏོག་རྣམས་ཞེས་གསུངསོ།། དེ་རྣམས་ཀྱི་དགའ་བ་ནི་ཐོས་པའི་རང་བཞིན་གྱི་ཡེ་ཤེས་ཀྱི་རིག་པའི་ངོ་བོ་ཉིད་ཀྱི་འགྲོ ་པ་རྣམས་རྨི་ལམ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་རྣམས་ཀྱི་ཚུལ་དུ་སོ་སོར་སྣང་བའི་མཚན་ཉིད་ཀྱི་མཐོང་བའི་ལམ་དེ་མངོན་དུ་བྱེད་པ་ཉིད་ཀྱི་ཕྱིར་སེམས་རབ་ཏུ་དགའ་བར་གྱུར་པས་ན་བྱང་ཆུབ ་ཡན་ལག་མེ་ཏོག་དགའ་ཞེས་གསུངསོ།། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ནི་དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ཏེ། མ་འདྲེས་པ་བཅོ་བརྒྱད ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམསོ།། དེ་རྣམས་ཉིད་མཚོ་སྟེ་རྒྱ་ཆེ་བའི་ཕྱིར་དང་། གཞན་ཡོན་ཏན་རིན་པོ་ཆེ་རྣམས་ཀྱི་ཡང་འབྱུང་གནས་ཡིན་པའི་ཕྱིར་ན་དེ་བཞིན་གཤེགས་པའི་ཡོན་ཏན ་མཚོ་ནི་བཅོམ་ལྡན་འདསོ།། ལམ་གྱི་ཡན་ལག་བརྒྱད་ཚུལ་རིག་ནི་བསྒོམ་པའི་ལམ་དུ་རབ་ཏུ་བསྒོམས་པའི་འཕགས་པའི་ལམ་ཡན་ལག་བརྒྱད་སྔོན་དུ་བཤད་པ་རྣམསོ།། དེ་རྣམས་ཀྱི་ཚུལ་ནི ་ལམ་སྟེ། ཐབས་ཤེས་པའི་བར་དུ་སྟེ། དེ་རིག་ཅིང་ཤེས་པ་ནི་ལམ་གྱི་ཡན་ལག་བརྒྱད་ཚུལ་རིག། ཡང་དག་སངས་རྒྱས་ལམ་རིག་པ་ནི་ཡང་དག་སངས་རྒྱས་ནི་གཞན་གྱིས་མན་ངག་ཉེ ་བར་མ་བསྟན་པར་རང་ཉིད་ཀྱིས་དེ་ཁོ་ན་ཐུག་སུ་ཆུད་པའི་ཕྱིར་དང་། དམ་པའི་ལམ་ཀུན་ཏུ་རྟོགས་པའི་ཕྱི་རོ།། ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་ལམ་ནི་ཆོས་ཀྱི་དབྱིང་སོ།། དེ་ཤེས་པས ་ན་ཡང་དག་སངས་རྒྱས་ལམ་རིག་སྟེ། དེ་ཉིད་བཅོམ་ལྡན་འདསོ།། སེམས་ཅན་ཀུན་ལ་ཤེས་ཆེར་ཆགས།། ན་མཁའ་ལྟ་བུར་ཆགས་པ་མེད།། སེམས་ཅན་ཀུན་གྱི་ཡིད་ལྟར་སྐྱེས།། སེམས་ཅན ་ཀུན་གྱི་ཡིད་ལྟར་མགྱོགས་ཤེས་པ་ནི་དེ་ལ་སེམས་ཅན་ཀུན་ལ་ཤས་ཆེར་ཆགས་ནི་ཆེན་པོ་ཡང་དེ་ཡིན་ལ་ཆགས་པ་ཡང་དེ་ཡིན་པས་ན་ཤེས་ཆེར་ཆགས་པ་སྟེ། སེམས་ཅན་ཀུན་ལ་ཤས་ཆེར ་ཆགས་པ་ནི་སེམས་ཅན་ཀུན་ལ་ཤས་ཆེར་ཆག་སོ།། དེ་ལ་བསྡུ་བའི་དངོས་པོ་ནི་བཞི་སྟེ། སྦྱིན་པ་དང་། སྣུན་པར་སྨྲ་བ་དང་། དོན་མཐུན་པ་དང་། དོན་བཞིན་སྤྱོད་པ་རྣམས་ལས་སྦྱིན་པ ་ནི་རྫུས་ཤེས་པའོ།། སྙན་པར་སྨྲ་བ་ནི་དུ་ཤེས་པའོ།། དོན་མཐུན་པ་ནི་འཁོར་ཤེས་པའོ།། དོན་སྤྱོད་པ་ནི་ཆོས་ཤེས་པའོ།། སེམས་ཅན་མཆོག་དང་མཆོག་མ་ཡིན་པར་ཤེས་པས་བསྒྲུབ་པར་བསྡུ ་བའི་དངོས་པོ་དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་བདག་ཉིད་མངོན་དུ་བྱེད་པས་ན་སེམས་ཅན་ཀུན་ལ་ཤེས་ཆེར་ཆགས་ཞེས་གསུངས།། བཅོམ་ལྡན་འདས་དེ་ཉིད་ཀུན་རྫོབ་ཏུའོ།། དོན ་དམ་པར་ནི་བཅོམ་ལྡན་འདས་དེ་ཉིད་ཆགས་པ་མེད་པ་ཞེས་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་བཅོམ་ལྡན་འདས་ན་མཁའ་ལྟ་བུ་ཞེས་ཏེ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱི་ཕྱི་རོ།། སེམས་ཅན་ཀུནྡ་གྱི་ཡིད་ལས་སྐྱེས་པ་ནི་སེམས་ཅན་གྱི་ཡིད་ལས་སྐྱེས།། དེ་ལྟར་ཡང་གསུངས་པ། སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི ་སྙིང་པོ་ཅན་ཞེས།། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས་ནི་དེ་བཞིན་གཤེགས་པའི་ཤུགས་ཞེས་གསུངས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་ཡིད་ལྟར་མགྱོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད ་ལྟར་མགྱོགས་པ་སྟེ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་ལ་འཇུག་པསོ།། སེམས་ཅན་ཀུན་གྱི་དབང་དོན་ཤེས།། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། ཕུང་པོ་ལྔ་དོན་དེ་ཉིད་ཤེས།། རྣམ་དག ་ཕུང་པོ་ལྔ་འཆད་པ་ཞེས་པ་ནི་དེ་ལ་སེམས་ཅན་ཀུན་གྱི་དབང་དོན་ཤེས་ནི་སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྟུལ་པོ་དང་། འབྲིང་པོ་དང་། རྣོན་པོ་དེ་རྣམས་ཀྱི་དོན་ནི་སེམས་ཅན་གྱི་དབང་དོན་ཏེ། དེ ་མཁྱེན་པས་ན་སེམས་ཅན་གྱི་དབང་དོན་ཤེས་ཏེ། དེ་ཉིད་བཅོམ་ལྡན་འདསོ།། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ཀྱི་ཆ་སྟེ། སེམས་ཅན་རྣམས་ཀྱི་སྐལ་པ་ཇི ་ལྟ་བ་བཞིན་དུ་ཆོས་བསྟན་པའི་སྒོ་ནས་འཕྲོག་པས་དེ་དེ་ལ་དེ་སྐད་ཅེས་བྱའོ།། ཕུང་པོ་ལྔ་དོན་དེ་ཉིད་ཤེས་ནི།། དེ་ལ་ཕུང་པོ་ལྔ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ ་པར་ཤེས་པ་རྣམས་ཀྱི་མཚན་ཉིད་དོ།། དེ་ལ་གཟུགས་ཀྱི་ཕུང་པོ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། གཟུགས་དང་། སྒྲ་དང་དྲི་དང་། རོ་དང་། རེག་བྱ་རྣམས་དང་། རྣམ་པར་རིག་བྱེད ་མ་ཡིན་པ་རྣམས་ཀྱི་མཚན་ཉིད།། ཚོར་བའི་ཕུང་པོ་ནི་བདེ་བ་དང་། སྡུག་བསྔལ་དང་། གཉིས་ཀ་མ་ཡིན་པའི་རང་བཞིན་ནོ།། འདུ་ཤེས་ཀྱི་ཕུང་པོ་ནི་ཡུལ་ལ་མཚན་མར་འཛིན་པའི་མཚན་ཉིད་དོ།། ་འདུ་བྱེད་ཀྱི་ཕུང་པོ་ནི་སེམས་དང་མཚུངས་པར་ལྡན་པ་ཡིན་པ་ཉིད།། རྣམ་པརེ་ཤེས་པའི་ཕུང་པོ་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་རྣམསོ།། དེ་རྣམས་ཀྱི་དོན་ནི་ཕུང་པོ་ལྔའི་དོན་ཏེ། དེ་ཡང་སྤུངས ་པའི་དོན་ཏོ།། དེའི་དེ་ཉིད་ནི་རྣམ་པར་དབེན་པའི་དོན་དུ་ཁོང་དུ་ཆུད་པར་བྱ་སྟེ། ཕུང་པོ་ལྔ་དོན་དེ་ཉིད་དེ། དེ་ཡང་གཅིག་ལ་སོགས་པའི་མཚན་ཉིད་དེ་ལོག་པ་ནི་བདག་མེད་པ་སྟེ། དེ་ལས ་ནི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུརརོ།། དེ་དེ་ལྟར་གྱུར་པའི་ཕུང་པོ་ལྔའི་དོན་མཁྱེན་པས་ན་ཕུང་པོ་ལྔའི་དོན་དེ་ཉིད་ཤེས་ཏེ། དེ་ཉིད་བཅོམ་ལྡན་འངསོ།། དེ་ལྟར་ཡང་སློབ་དཔོན ་དབྱིག་གཉེན་ཞབས་ཀྱིས་གསུངས་པྲ། ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས།། གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མྱེད་པ།། ཉོན་མོངས ་ལས་ཀྱང་འཇིག་རྟེན་སྐྱིད་མཚོ་འདིར་འཁྱམས་ཏེ། དེ་བས་དེའི་ཕྱིར་འདི་ནི་སྟོན་པས་གསུམ་པ་ཐོ་ཐོས་སེཾ་། རྣམ་དག་ཕུང་པོ་ལྔ་འཆང་ནི་རྣམ་པར་དག་པ་ཡང་དེ་ཡིན་ལ་ཕུང་པོ་ཡང་དེ་ཉིད་ཡིན་པས ་རྣམ་དག་ཕུང་པོ་ལྔ་སྟེ། ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་མཚན་ཉིད་རྣམ་སོ།། དེ་རྣམས་འཛིན་པས ་ནི་རྣམ་དག་ཕུང་པོ་ལྔ་འཆང་བ་སྟེ། དེ་ཉིད་བཅོམ་ལྡན་འདས།། ངེས་འབྱུང་ཀུན་གྱི་མཐའ་ལ་གནས།། ངེས་པར་འབྱུང་བ་ཀུན་ལ་མཁས།། དེས་འབྱུང་ཀུན་གྱི་ལམ་ལ་ག་། 9་བྱུང་བཞིན་སྦྱིན་པ་ནྡེ་བ་ནི་ལ་ངས ་འབྱུང་ཀུན་གྱི་མཐའ་ལ་ཀླུནས་ནི་འཇིག་རྟེནྡ་གྱི་མྱ་ངན་ལས་འདས་པ་གང་ནུང་རྙེད་དེ་རྣམས་ཀྱི་མཐར་ཐུག་པར་གྱུར་པའོ།། དེ་ལ་གནས་པས་ན་དེ་འབྱུང་ཀུན་མོ་མཧཱའ་ལ་གན་སོ།། ངེས་པར ་འབྱུང་བ་ཀུན་ལ་མཁས་ནི་ཉན་ཐོས་རྣམས་ཀྱི་མྱ་ངན་ལས་འདས་པ་ལ་མཁས་ཤིང་བྱང་བས་ན་ངེས་པར་འབྱུང་བ་ཀུན་ལ་མཁས།། ངེས་འབྱུང་ཀུན་གྱི་ལམ་ལ་གནས་ནི་རང་སངས་རྒྱས་རྣམས ་ཀྱི་མྱ་ངན་ལས་འདས་པའི་ལམ་ལ་གནས་པ་སྟེ། ངེས་འབྱུང་ཀུན་གྱི་ལམ་ལ་གནསོ།། ངེས་པར་འབྱུང་བ་ཀུན་སྟོན་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ནི ་ངེས་པར་འབྱུང་བ་ཀུནོ།། དེ་སྟོན་པ་ནི་རབ་ཏུ་སྟོན་པ་སྟེ། དེ་ཉིད་བཅོམ་ལྡན་འདས།། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན།། དག་པ་རྣམ་པ་བཅུ་གཉིས་འཆང་།། བདེན་བཞི་ཚུལ་གྱི་རྣམ་པ་ཅན།། ་ཤེས་པ་བརྒྱད་པོ་རྟོགས་པ་འཆང་ཞེས་པ་དེ་ལ་ཡན་ལག་བཅུ་གཉིས་སྲིད་རྩེ་བཏོན་ནི། ཡན་ལག་བཅུ་གཉིས་རྣམས་ནི་འདི་ལྟ་སྟེ། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང ་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྐྱིད་པ་དང་། སྐྱེ་བ་དང་། རྒ་ཤི་རྣམ་སོ།། དེ་ལ་དེ་ཁོ་ན་ཉིད་ལ་སྒྲིབ་པའི་ཕྱིར་ན་མ ་མ་རིག་པ་ནི་ཇི་ལྟར་མངོན་པར་འདོད་པའི་དོན་མཐོང་བ་ལ་གགས་བྱེད་པ་ཉིད་ཀྱི་ཕྱིར་དེ་ཁོ་ན་ཉིད་ལ་སྒྲིབ་པའོ།། འདེབས་པའི་ཕྱིར་ན་འདུ་བྱེད། དེས་རྣམ་པར་ཤེས་པ་ལ་ལས་ཀྱི་བགོ་ཆགས ་སོ་སོར་འཇོག་པའི་ཕྱིརརོ།། ཁྲིད་པའི་ཕྱིར་ན་རྣམ་པར་ཤེས་པ་སྟེ། སྐྱེ་བའི་སར་ཕྱིན་པར་བྱེད་པའི་ཕྱིརརོ།། ཀུན་འཛིན་པར་བྱེད་པའི་ཕྱིར་ན་མིང་དང་གཟུགསོ།། བདག་གི་དངོས་པོ་རྫོགས་པར ་བྱེད་པའི་ཕྱིར་ན་སྒྱུ་མཆོད་དྲུག་གོ། གསུམ་འདུས་ནས་ཡོངསུ་གཅོད་པའི་ཕྱིར་ནཱ་རེག་པའོ།། ཙཱ་བརྱ་སྤྱོད་པའི་ཕྱིར་ན་ཚོར་བའོ།། སྤུད་པའི་ཕྱིར་ན་སྲིད་པའོ།། ལཱསྫ ་ཀྱིས་འཕངས་པའི་སྲིད་པས་ཕྱི་མ་དང་སྦྱོར་བའི་ཕྱིར་ན་ལེན་པའོ།། རྣམ་པར་ཤེས་པ་སྐྱེ་བ་དང་མཐུན་པའི་འདོད་ཆགས་ལ་སོགས་པ་མངོན་དུ་བྱེད་པའི་ཕྱིར་ན་སྲིད་པ་སྟེ། ལས་བྱས་པའི ་སྲིད་པ་ཕྱི་མ་ལ་རྣམ་པར་སྨིན་པ་འབྱུང་ཞིང་མངོན་དུ་བྱེད་པའི་ཕྱི་རོ།། སྡུག་བསྔལ་གྱི་ཕྱིར་ན་སྐྱེ་བ་དང་རྒ་ཤི་རྣམསོ།། དེ་བས་ནཱ་ཡན་ལག་བཅུ་གཉིས་ཏེ། དེ་རྣམས་ཀྱིས་འཁོར་བའི་སྲིད ་རྩེ་ནི་ཉེ་བར་ལེན་པའི་ཕྱིར་ཕུང་པོ་ལྔའི་བདག་ཉིད།། དེ་དག་གིས་རྩ་ནས་ཕྱུང་ཞིང་བཏོན་པ་དེ་ཡན་ལག་བཅུ་གཉིས་སྲིད་རྩ་བཏོན་ཞེས་གསུངསོ།། དེ་ལྟར་ཡང་དབུས་དང་མཐའ་རྣམ་པར ་འབྱེད་པ་ལས་གསུངས་པ། སྒྲིབ་པའི་ཕྱིར་དང་འདེབས་པ་དང་། ཁྲིད་པའི་ཕྱིར་དང་འཛིན་པའི་ཕྱིར།། རྫོགས་བྱེད་ཕྱིར་དང་གསུམ་གཅོད་ཕྱིར།། ཉེ་བར་སྤྱོད་ཅིང་སྡུད་པའི་ཕྱིར།། སྦྱོར་བའི ་ཕྱིར་དང་མངོན་དུའི་ཕྱིར།། སྡུག་བསྔལ་ཕྱིར་ན་འགྲོ་ཉོན་མོངས་ཞེས།། དག་པ་རྣམ་པ་བཅུ་གཉིས་འཆང་ནི།། རྣམ་པ་བཅུ་གཉིས་ནི་སྐྱེ་མཆེད་བཅུ་གཉིས་རྣམ་པར་དག་པ་སྟེ། གཟུང་འཛིན ་གྱི་རྣམ་པར་རྟོག་པ་གཉིས་དབེན་པའི་ཕྱི་རོ།། དེ་རྣམས་འཛིན་པས་ནཱ་དག་པ་རྣམ་པ་བཅུ་གཉིས་འཆ་།། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ནི་སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག ་པ་དང་། ལམ་རྣམས་ནི་འཕགས་པའི་བདེན་པ་རྣམསོ།། བདེན་པ་བཞི་པོ་དེ་རྣམས་ཀྱི་ཚུལ་ནི་ལམོ།། དེ་ཉིད་ཀྱི་རྣམ་པའི་ཚུལ་དང་གང་ལྡན་པ་དེ་བདེན་བཞི་ཚུལ་གྱི་རྣམ་པ་ཅན་ཏེ། དེ་ཉིད་བཅོམ ་ལྡན་འདས་སོ།། ཤེས་པ་བརྒྱད་པོ་རྟོགས་པ་འཆང་ནི། དེ་ལ་ཤེས་པ་བརྒྱད་ནི་ཇི་སྐད་གསུངས་པའི་ཆོས་ཤེས་པ་དང་། རྗེ་སུ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ ་དེང་འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་རྣམསོ།། དེ་རྣམས་རྟོགས་པ་ནི་མངོན་དུ་བྱེད་པའོ།། དེ་འཛིན་པས་ན་ཤེས་པ་བརྒྱད་པོ་རྟོགས་པ ་འཆང་སྟེ། དེ་ཉིད་བཅོམ་ལྡན་འདསོ།། བདེན་དོན་རྣམ་པ་བཅུ་གཉིས་ལྡན།། དེ་ཉིད་རྣམ་པ་བཅུ་དྲུག་རིག། རྣམ་པ་ཉི་ཤུས་བྱང་ཆུབ་པ།། རྣམ་པ་སངས་རྒྱས་ཀུན་རིག་མཆོག་ཅེས་པ ་ནི་དེ་ལ་བདེན་དོན་རྣམ་པ་བཅུ་གཉིས་ལྡན་ནི་བདེན་པ་རྣམས་ཀྱི་དོན་ནི་བདེན་པའི་དོན་ཏེ། དེ་དག་པ་རྣམ་པ་བཅུ་གཉིས་ཀྱིས་རབ་ཏུ་རྣམ་པར་འབྱེད་པས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ ་གཉིས་ལན་གསུམ་དུ་བསྐོར་བ་ནི་འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལ་དང་། སྟོང་པའོ།། ཀུན་འབྱུང་གི་བདེན་པ་ལ་ཀུན་འབྱུང ་བ་དང་། རྒྱུ་དང་རབ་ཏུ་བསྐྱེད་པའོ།། འགོག་པའི་བདེན་པ་ལ་འགོག་པ་དང་། ཞི་བཱ་དང་། གྱ་ནོམ་པའོ།། ལམྦྷེ་གྷྲི་བདེན་པ་ལམ་དང་། རིགས་པ་དང་། སྒྲུབ་པའོ།། དྲི་དེ་ལྟར་གྱུར་པ ་སྐལ་པ་ཇི་ལྟར་བ་བཞིན་དུ་བདེན་པ་རྣམ་པ་བཅུ་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་ན་བཅོམ་ལྡན་འདས་འདི་ནི་བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས་གསུངསོ།། དེ་ཉིད་རྣམ་པ་བཅུ་དྲུག ་རིག་ནི།། དེ་ལ་འདོད་པ་ནི་སྤྱོད་པའི་སྡུག་བསྔལ་བདེན་པ་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་རྣམས་ཡིད་ལ་བྱེད་པས་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད ་པ་དང་། སྡུག་བསྔལ་ལ་ཆོས་ཤེས་པ་འབྱུང་།། དེ་གཉིས་ཀྱིས་ཀྱང་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་བཅུ་པོ་དེ་རྣམས་རབ་ཏུ་སྤོང་ངོ་།། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་སྡུག་བསྔལ ་གྱི་བདེན་པ་ལ་དེ་བཞིན་དུ་ཡིད་ལ་བྱེད་པས་སྡུག་བསྔལ་ལ་རྗེ་སུ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེ་སུ་ཤེས་པ་འབྱུང་།། དེ་གཉིས་ཀྱིས་ཀྱང་དེ་རྣམས་ཉིད་ལས་ཁོང་ཁྲོ་མ་གཏོགས ་པ་གཟུགས་ན་སྤྱོད་པ་དགུ་དང་། གཟུགས་མེད་པ་ན་སྤྱོད་པ་དགུ་སྟེ། དེ་ལྟར་བཅོ་བརྒྱད་ཡོད་པར་འགྱུར་རོ།། དེ་ལྟར་ཁམས་གསུམ་གྱི་སྡུག་བསྔལ་གྱི་བདེན་པ་མངོན་པར་རྟོགས་པས་ན་ཆོས་དང་། ་རྗེསུ་དང་། བཟོད་པ་དང་། ཤེས་པའི་མཚན་ཉིད་བཞི་རྣམས་ཀྱིས་ཕྲ་རྒྱས་ཉི་ཤུ་རྩ་བརྒྱད་ནི་སྡུག་བསྔལ་གྱི་བདེན་པ་མཐོང་བ་ལས་སྤོང་བར་འགྱུར་རོ།། ཕྲ་རྒྱས་བཅུ་པོ་འདི་རྣམས་ཉིད་ལས་འཇིག ་ཚོགས་ཀྱི་ལྟ་བ་དང་། མཐར་འཛིན་པའི་ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཤུགས་མཆོག་ཏུ་འཛིན་པ་རྣམས་མ་གཏོགས་པར་འདོད་པའི་ཁམས་ཀྱི་གཞན་ཕྲ་རྒྱས་བདུན་ནི་འདོད་པ་ན་སྤྱོད་པའི ་ཀུན་འབྱུང་གི་བདེན་པ་ལ་རྒྱུ་དང་ཀུན་འབྱུང་བ་དང་རབ་ཏུ་བསྐྱེད་པ་དང་རྐྱེན་ཉིད་དུ་ཡིད་ལ་བྱེད་པས་དེ་ཉིད་ཀུན་འབྱུང་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དེ་གཉིས་ཀྱིས་སྤོང་བར ་འགྱུརརོ།། དེ་རྣམས་ཉིད་ཁོང་ཁྲོ་མ་གཏོགས་པ་ཁམས་གཉིས་ལྔ་ཕྲ་རྒྱས་བཅུ་གཉིས་ཀུན་འབྱུང་གི་བདེན་པ་མཐོང་བྱས་ཏེ་ཀུན་འབྱུང་ལ་རྗེ་སུ་ཤེས་པའི་བཟོད་པ་དྲང་། ཤེས་པ་གཉིས་ཀྱིས ་སྤོང་བར་འགྱུར་བས་ན་དེ་དེ་ལྟར་ཕྲ་རྒྱས་དགུ་བཅུ་ཀུན་འབྱུང་གི་བདེན་པ་མཐོང་བས་སྤང་ས་པར་འགྱུར་རོ།། དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྔལ་འགོག་པའི་བདེན་པ་ལ་འགོག་པ་དང་། ་ཞི་བ་དང་། གྱ་ནོམ་པ་དང་། ངེས་པར་འབྱུང་བ་བཞི་ཡིད་ལ་བྱས་པས་ཀུན་འབྱུང་ལ་གསུངས་པའི་ཕྲ་རྒྱས་བདུན་པོ་དེ་ཁོ་ན་འགྲོག་པ་ལ་ཆོས་ཤེས་པའི་བཟོད་པ་དང་། ་ཆོས་ཤེས་པ་གཉིས་ཀྱིས་ཡོངསུ་སྤོང་བར་འགྱུར་རོ།། དེ་ལྟར་རྗེ་སུ་བཟོད་པ་དང་། རྗེསུ་ཤེས་པ་གཉིས་ཀྱིས་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཕྲ་རྒྱས་བཅུ་གཉིས་སྤོང་བར་བྱེད ་པས་ན་ཁམས་གསུམ་གྱི་ཕྲ་རྒྱས་བཅུ་དགུ་སྡུག་བསྔལ་འགོག་པའི་བདེན་པ་མཐོང་བ་ལཱས་སྤང་བར་འགྱུར།། དེ་བཞིན་དུ་འདོད་པ་ན་སྤྱོད་པའི་སྡུག་བསྐུལ་འགོག་པར་འགྲོ་བའི་ལམ་གྱི་བདེན ་པ་ལམ་དང་། རིགས་པ་དང་། ངེས་པར་འབྱིན་པ་དང་། སྒྲུབ་པ་དང་། རྣམ་པ་བཞིར་ཡིད་ལ་བྱས་པས་ལམ་ལ་ཆོས་ཤེས་པའི་བཟོད་པ་དང་། ཆོས་ཤེས་པ་དེ་གཉིས་ཀྱིས་གོང་དུ་གསུངས ་པའི་བདུན་ཁོ་ན་ལ་ཚུལ་ཁྲིམས་དང་། བརྟུལ་ཞུགས་མཆོག་ཏུ་འཛིན་པ་བསྣན་པས་བརྒྱད་ནི་ལམ་གྱི་བདེན་པ་མཐོང་བས་སྤོང་བར་འགྱུར་རོ།། ལམ་ལ་རྗེསུ་བཟོད་པ་དང་། ཤེས་པ་གཉིས ་ཀྱི་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་བཅུ་བཞི་ནི་ལམ་མཐོང་བ་ལས་སྤོང་བར་འགྱུར་བས་ན་དེ་ལྟར་ན་ཕྲ་རྒྱས་ཉི་ཤུ་རྩ་གཉིས་ལམ་གྱི་བདེན་པ་མཐོང་བས་སྤངས་པར་འགྱུར་རོ།། དེ་ལྟ ་བས་ན་རྣམ་པ་བཅུ་དྲུག་གིས་འཕགས་པའི་བདེན་པ་བཞི་མངོན་དུ་བྱེད་པ་ཁམས་གསུམ་པའི་ཉོན་མོངས་པ་མེད་ཅིང་ཕྱིན་ཅི་མ་ལོག་པའི་དངོས་པོ་རྟོགས་པའི་དེ་ཁོ་ན་སྐྱེ་བ་སྟེ། དེ་རིག་ཅིང་མཁྱེན ་པས་ན། དེ་ཉིད་རྣམ་པ་བཅུ་དྲུག་རིག་སྟེ། དེ་ཉིད་བཅོམ་ལྡན་འདས།། རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་ཕུང་པོ་ལྔ་རྣམས་ལ་རྣམ་པ་ཉི་ཤུར་སོ་སོར་ཀུན་ཏུ་རྟོག་པའི་རྣམ་པས་ཡང་དག་པར་རྫོགས ་པས། བྱང་ཆུབ་མངོན་དུ་མཛད་པ་ནི་འདི་ལྔ་སྟེ། གཟུགས་ཉིད་བདག་ཡིན།། གཟུགས་ལ་བདོག་གནས།། གཟུགས་བདག་གི་ཡིན། བདག་གཟུགས་དང་ལྡན། ཚོར་བ་བདག་ཡིན། ཚོར་བ་ལ ་བདག་གནས་ཚེར་བ་བདག་གི་ཡིན་བདག་ཆེར་བླ་དང་ལྡན། འདུ་ཤེས་བདག་ཡིན། འདུ་ཤེས་ལ་བདག་གནས། འདུ་ཤེས་བདག་གི་ཡིན། བདག་འདུ་ཤེས་དང་ལྡན། འདུ་བྱེད་བདག་ཡིན། ་འདུ་བྱེད་ལ་བདག་གནས། འདུ་བྱེད་བདག་གི་ཡིན། བདག་འདུ་བྱེད་དང་ལྡན། རྣམ་པར་ཤེས་པ་བདག་ཡིན། རྣམ་པར་ཤེས་པ་ལ་བདག་གནས། རྣམ་པར་ཤེས་པྲ་བདག་གི་ཡིནི། བདག་རྣམ ་པར་ཤེས་པ་དང་ལྡན་པའོ།། དེ་ལྟར་ཕྱེ་བའི་རྣམ་པ་ཉི་ཤུ་རྣམས་ཀྱིས་གང་གིས་རྫོགས་པའི་བྱང་ཆུབ་རྟོག་པ་མེད་པའི་ཡེ་ཤེས་ལ་ལྷག་པར་རྟོགས་པ་སྟེ། དེ་རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་གསུངས ་སོ།། དེ་ལྟར་ཀླུ་སྒྲུབ་ཞབས་ཀྱིས་གསུངས་པ། རིག་པ་ཡིས་ནི་རྣམ་དཔྱད་ན།། ཕུང་པོ་ལས་ནི་གཞན་ཀུན་ན།། མུ་སྟེགས་རྣམས་ཀྱིས་གང་བརྟགས་པའི།། བདག་ནི་འགའ ་ཡཱང་ཡོད་མ་ཡིན།། ཕུང་པོ་ཡིན་ན་དེ་མི་རྟག། དེ་ཡང་བདག་གི་ཚུལ་མ་ཡིན།། རྟག་པ་དང་མི་རྟག་མེད་པའི་ཕྱིར།། རྟེན་དང་བརྟེན་པའང་ནམ་ཡང་མེད་ཅེསོ།། རྣམ་པར་སངས་རྒྱས་ཀུན་རིག་མཆོག ་གི་ཚིག་གསུམ་གྱི་དོན་ནི་བཤད་ཟཟིན་ཏོ།། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ།། དཔག་མེད་མཐའ་ལས་འགྱེད་པ་པོའོ།། སྐད་ཅིག་ཐམས་ཅད་མངོན་པར་རྟོགས།། སེམས་ཀྱི་སྐད་ཅིག་དོན་ཀུན ་རིག་ཅེས་པ་ནི་དེ་ལ་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་སྤྲུལ་པའི་སྒྱུ་རྣམས་ནི་དཔག་མེད་སངས་རྒྱས་སྤྲུལ་པ་སྟེ། དེ་རྣམས་ཀྱི་སྐུ་ནི་འདུས་པ་སྟེ། དཔག་མེད་སངས་རྒྱས་སྤྲུལ་པའི་སྐུའོ།། ཇི ་ལྷ་ཇི་ལྟར་འདུལ་བའི་སེམས་ཅན་རྣམས་ཡོངསུ་སྨིན་པའི་དབང་གི་ཕྱིར་ན་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་སྤྲུལ་པའི་མཐའ་འགྱེད་པར་བྱེད་པ་སྟེ། འཕྲོ་བ་གང་ཡིན་པ་དེ་ཉིད་བཅོམ་ལྡན་འདས ་ཁོ་ན་ཡིན་པས་ན། སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྒྲ།། དཔག་མེད་མཐའ་ཡས་འགྱེད་པ་པོ་ཞེས་གསུངས།། སྐད་ཅིག་ཐམས་ཅད་མངོན་པར་རྟོགས་པ་ནི་སྐད་ཅིག་ཀྱང་དེ་ཡིན་ལ། ཐམས་ཅད ་ཀྱང་དེ་ཡིན་པས་སྐད་ཅིག་ཐམས་ཅད་དེ། སྐད་ཅིག་བཅུ་དྲུག་གི་བདག་ཉིད་རྣམསསོ།། དེ་རྣམས་ཤེས་པ་ནི་རྒྱུན་ཏུ་ཞུགས་པའི་མངོན་པར་རྟོགས་པ་སྟེ། དེ་ཉིད་བཅོམ་ལྡན་འདསོ།། དེ་ལྟར ་ཡང་ཆོས་མངོན་པ་ལས་གསུངས་པ། གོ་རིམ་བཞིན་དུ་ཆེར་འཇུག་པ།། སྐད་ཅིག་བཅུ་དྲུག་མཐོང་ལམ་གྱིས།། དེ་ཡི་འབྲས་བུ་སྤངས་པའོ་ཞེསོ།། སེམས་ཀྱི་སྐད་ཅིག་དོན་ཀུན་རིག་ན ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྐད་ཅིག་ཀུནོ།། དེའི་དོན་མཁྱེན་པས་ན་སེམས་ཀྱི་སྐད་ཅིག་དོན་ཀུན་རིག་སྟེ། དེ་ཉིད་བཅོམ་ལྡན་འདསོ།། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས།། འགྲོ། ་བའི་དོན་ལས་ཕྲོ་བར་བྱེད།། ཐེག་པ་གསུམ་གྱི་ངེས་འབྱུང་ལ།། ཐེག་པ་གཅིག་གིས་འབྲས་བུར་གནས་ཞེས་པ་སྟེ། དེ་ལ་ཐེག་པ་སྣ་ཚོགས་ཞེས་པ་ལ་སོགས་པ་ནི་སྣ་ཚོགས་པར་གྱུར་པའི ་ཐེག་པ་ནི་ཐེག་པ་སྣ་ཚོགས་ཏེ། ཉན་ཐོས་ལ་སོགས་པ་རྣམས་ཀྱིའོ།། དེ་རྣམས་ཀྱི་ཚུལ་ནི་ལམོ།། དེའི་ཐབས་ནི་ཐེག་པ་སྣ་ཚོགས་ཐབས་ཀྱི་ཚུལོ།། དེའི་ཕྱིར་ཐེག་པ་སྣ་ཚོགས་ཐབས་ཀྱི་ཚུལ ་དེས་འགྲོ་བ་རྣམས་ཀྱི་དོན་བྱེད་པ་ནི་འགྲོ་དོན་ཏེ། དེ་ལ་རྣམ་པར་རྟོགས་ཤིང་འཕྲོ་བས་ན། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས།། འགྲོ་བའི་དོན་ལ་འཕྲོ་བར་བྱེད།། ཐེག་པ་གསུམ་གྱི་ངེས ་འབྱུང་ལ་ནི་འདུལ་བའི་དབང་གིས་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བས་ན་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་ལའོ།། དོན་དམ་པར་ནི་ཐེག་པ་གཅིག་གིས་འབྲས་བུར་གནས ་ཞེས་པ་སྟེ། གཅིག་ཁོ་ནའི་ཐེག་པ་ནི་ཐེག་པ་གཅིག། དེའི་འབྲས་བུ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད།། དེ་ལ་གནས་པ་ན་ཐེག་པ་གཅིག་གིས་འབྲས་བུར་གནས་ཏེ། ་དེ་ལྟར་ཡང་བ་ནི་གཅིག་ཁོ་ན་སྟེ། འདི་ལྟ་སྟེ། ཐེག་པ་ཆེན་པོའོ་ཞེས།། དེ་ལྟར་ཡང་ཀམ་པ་ལའི་ཞལ་སྔ་ནས་གསུངས་པ། འཐབ་པའི་གླང་ཆེན་མགོན་པོ་བོར་ནས་མགོན་མེད་བོན་བུའི་ཐེག་པས་སུ ་ཞིག་འགྲོ།། རིགས་ལྡན་ཕྱུག་པོའི་བུད་མེད་ཁྱད་པར་སྣང་ནས་སྨད་འཚོང་འདོད་པ་བཞིན་ཞེས།། ཉོན་མོངས་ཁམས་རྣམས་དག་པའི་བདག། ལས་ཀྱི་ཁམས་རྣམས་ཟད་བྱེད་པ། ཆུ་བོ་རྒྱ་མཚོ་ཀུན ་ལས་བརྒལ།། སྦྱོར་བའི་དགོན་པ་ལས་བྱུང་བ།། ཞེས་པ་ནི་དེ་ལ་ཉོན་མོངས་ཁམས་རྣམས་དག་པའི་བདག་ནི་ཉོན་མོངས་པའི་བདག་ཉིད་ཀྱི་ཁམས་རྣམས་ནི་ཉོན་མོངས་ཁམས་རྣམས་ཏེ། ཁམས ་བཅོ་བརྒྱད་དོ།། དེའི་ཕྱིར་ན་དེ་རྣམས་ལས་རྣམ་པར་དག་པའི་བདག་ཉིད་གང་ཡིན་པ་དེ་ནི་ཉོན་མོངས་ཁམས་རྣམས་དག་པའི་བདག་གོ། ལས་ཀྱི་ཁམས་རྣམས་ཟད་བྱེད་པ་ནི་དགེ་བ་ལ་སོགས་པའི་ལས ་ཀྱི་ཁམས་རྣམས་ནི་ལས་ཀྱི་ཁམས་རྣམས་ཏེ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཞེས་བྱ། དེ་རྣམས་ཟད་པར་བྱེད་པས་ན་ཟད་པར་བྱེད་པ་སྟེ། འཇོམས་པར་བྱེད་པས་ཤེས་པའི་དོན་ཏེ། དེ ་རྣམས་འཇིག་པར་འགྱུར་བའི་ལས་བྱེད་པའི་ཕྱིརོ།། ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ་ཆུ་བོ་ནི་བཞི་སྟེ། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྦུ་བའི་ཆུ་བོ་དང་། མི་རིག་པའི་ཆུ་བོའོ།། དེ་ལ་ལྟ ་བ་དང་མ་རིག་པ་ལས་གཞན་པ་འདོད་པའི་ཟག་པ་ཉིད་འདོད་པའི་ཆུ་བོ་རྣམས་ཏེ། རྫས་ཉི་ཤུ་རྩ་དགུ་རྣམས།། སྲིད་པའི་ཟག་པ་ཉིད་སྲིད་པའི་ཆུ་བོ་སྟེ། རྫས་ཉི་ཤུ་རྩ་བརྒྱད་རྣམསོ།། ཁམས་གསུ ་གྱི་ལྟ་བ་རྣམས་ནི་ལྟ་བུའི་ཆུ་བོ་སྟེ་རྫས་སུམ་ཅུ་རྩ་དྲུག་རྣམསོ།། མ་རིག་པའི་ཟག་པ་ཉིད་མ་རིག་པའི་ཆུ་བོ་རྣམས་ཏེ། རྫས་བཅོ་ལྔ་རྣམསོ།། དེ་ཉིད་རྒྱ་མཚོ་སྟེ། མང་བ་ཉིད་ཀྱི་ཕྱིརརོ།། ཆུ་བོ་རྒྱ་མཚོ ་དེ་རྣམས་ལས་གང་གིས་ཡང་དག་པར་བརྒལ་བ་དེ་དེ་ལྟར་གསུངས་ཏེ། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱི་ཕྱིརརོ།། སྦྱོར་བའི་དགོན་པ་ལས་བྱུང་བ།། ་ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པ།། རྣལ་འབྱོར་ཞེས་ནི་མངོན་པར་བཤད་ཅེས་པ་ནི་དེ་ཉིད་དགོན་པ་སྟེ། ཤེས་དཀའ་བའི་ཕྱིར་དང་། བརྒོལ་དཀའ་བའི་ཕྱིརརོ།། དེ་ལས་ངེས་པར་འབྱུང་བ་ནི ་བརྒལ་པ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱོར་བ་རྣམས་ཀྱི་ཡོངསུ་མཐར་ཕྱིན་པ་ནི་ཉིད་ཀྱི་ཕྱིར་ན་སྦྱོར་བའི་དགོན་པ་ལས་བྱུང་བ་སྟེ། དེ་ཉིད་བཅོམ་ལྡན ་འདསོ།། ཉོན་མོངས་ཉེ་བའི་ཀུན་ཉོན་མོངས།། བག་ཆགས་བཅས་པར་གཏན་སྦྱངས་པ།། སྙིང་རྗེ་ཆེན་པོ་ཤེས་རབ་ཐོབས།། དོན་ཡོད་འགྲོ་བོའི་དོན་བྱེད་པ་ཞེས་པ་ནི་དེ་ལ་ཉོན་མོངས་ལ་ཉེ་བའི་ཀུན ་ཉོན་མོངས་ལ་སོགས་པ་ནི། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་དྲུག། ཉེ་བའི་ཉོན་མོངས་པ་ནི་ཁྲོ་བ་ལ་སོགས་པ་ཉི་ཤུ་རྩ་བཞིའོ།། ཀུན་ཉོན་མོངས་ནི་སྡུག་བསྔལ་བདུནོ།། ཉོན་མོངས ་པ་དང་ཉེ་བའི་ཉོན་མོངས་པ་དང་ཀུན་ནས་ཉོན་མོངས་པའི་ཆོས་དེ་རྣམས་ཉིད་པག་ཆགས་དང་བཅས་པར་གཏན་དུ་སྤངས་པ་དང་གང་ལྡན་པ་དེ་ནི། ཉོན་མོངས་ཉེ་བའི་ཀུན་ཉོན་མོངས།། བག་ཆགས། ་བཅས་པརླ་གཏན་སྤངས་པ་ཞེས་གསུངསོ།། ཡང་ན་ཉོན་མོངས་པ་ནི་མཱ་རིག་པ་དང་། སྲིད་པ་དང་། ལེན་པ་རྣམསོ།། ཉེ་བའི་ཉོན་མོངས་པ་ནི་འདུ་བྱེད་དང་། སྲིད་པའོ།། གཞན་རྣམས་ནི་གོང་མི ་བཞི་ནོ།། སྙིང་རྗེ་ཆེ་དང་ཤེས་རབ་ཐབས་ཞེས་པ་ནི་ཤེས་རབ་དང་ཐབས་ནི་ཤེས་རབ་དང་ཐབས་ཏེ། སྙིང་རྗེ་ཡང་དེ་ཡིན་ལ་ཤེས་རབ་ཆེན་པོ་ཡང་དེ་ཉིད་ཡིན་པས་སྙིང་རྗེ་ཆེན་པོའོ།། ཤེས་རབ་དང ་ཐབས་དྲུང་སྙིང་རྗེ་ཆེན་པོ་གྲང་ཡིན་པ་དེ་ནི། སྙིང་རྗེ་དང་ཤེས་རབ་ཐབས་ཏེ། དེ་ནི་བཅོམ་ལྡན་འདསོ།། དོན་ཡོད་འགྲོ་བའི་དོན་བྱེད་པ་ནི་དོན་ཡོད་པ་ནི་འབྲས་བུ་ཡོད་པའོ།། དོན་ཡོད་ཀྱང་དེ་ཡིན་ལ ་འགྲོ་བའི་དོན་ཡང་དེ་ཉིད་ཡིན་པས་དོན་ཡོད་འགྲོ་བའི་དོན་བྱེད་པའོ།། དེ་བྱེད་པས་ན་དོན་ཡོད་འགྲོ་བའི་དོན་བྱེད་པ་སྟེ། དེ་ཉིད་བཅོམ་ལྡན་འདསོ།། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་།། རྣམ་ཤེས་དོན ་ནི་འགོག་པར་འཛིན།། སེམས་ཅན་ཀུན་ཡིད་ཡུལ་དང་ལྡན།། སངས་རྒྱས་ཀུན་གྱི་ཐུགས་རིག་པ་ཞེས་པ་ནི། དེ་ལ་འདུ་ཤེས་ཀུན་གྱི་དོནི་སྤངས་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འདུ ་ཤེས་མེད་པ་དང་། འགོག་པའི་སྙོམས་པར་འཇུག་པ་རྣམས་ཏེ། གཟུགས་ཀྱི་ཁམས་སུའོ།། གཟུགས་མེད་པའི་ཁམ་སུ་ཡང་ཉེ་བར་སྐྱེ་བའི་གནས་དང་པོ་ནི་ན་མཁའ་མཐའ་ཡས་སྐྱེ་མཆེད་དེ། ་དེ་རྣམས་གསུམ་ནི་འདུ་ཤེས་ཀྱི་སྒྲར་གསུང་སོ།། འདུ་ཤེས་གསུམ་པོ་དེ་རྣམས་ཀྱིས་སྤངས་པའི་སེམས་དང་སེམས་ལས་བྱུང་བའི་དོན་གང་ཡིན་པ་དེ་འདུ་ཤེས་དོན་སྤངས་ཤིང་སྟེ། དེ་ཉིད་བཅོམ ་ལྡན་འདསོ།། རྣམ་ཤེས་དོན་ནི་རྣམ་པར་ཤེས་པའི་དོན་ཡིན་པས་རྣམ་ཤེས་ཏེ། གཟུགས་མེད་པའི་ཁམས་ཉིད།། སྐྱེ་བའི་གནས་གཉིས་པོ་ནི་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དེ། དེ་རྣམ ་པར་ཤེས་པ་ཁོ་ན་ལ་དམིགས་པར་བྱེད་པ་ཉིད་ཀྱི་ཕྱིརརོ།། དེ་ཉིད་ཀྱི་དོན་དང་གླང་ལྡན་པ་དེ་རྣམ་ཤེས་ཏེ་དེ་ཉིད་བཅོམ་ལྡན་འདསོ།། འགོག་པ་འཛིན་དེ་ཉིད་ཀྱིས་སྐྱེ་བའི་གན ་བཞི་པ་དང་། འགོག་པའི་སྙོམས་པར་འཇུག་པ་ནི་ཞེས་གསུངས་ཏེ། དེ་འཛིན་པས་ན་འགོག་པ་འཛིན་ཏེ། དེ་ཉིད་བཅོམ་ལྡན་འདསོ།། སེམས་ཅན་ཀུན་ཡོད་ཡུལ་དང་ལྡན་ནི་སེམས་ཅན་ཐམས་ཅད ་ཀྱི་ཡིད་ཀྱི་ཉོན་མོངས་པ་ཅན་གྱི་ཡིད། སེམས་ཅན་ཀུན་གྱི་ཡིདདོ།། དེ་ཉིད་ཡུལ་དང་གང་ལྡན་པ་དེ་སེམས་ཅན་ཀུན་ཡིད་ཡུལ་དང་ལྡན་ཏེ། དེ་ཉིད་བཅོམ་ལྡན་འདསོ།། སངས་རྒྱས་ཀུན་གྱི་ཐུགས ་རིག་པ་ནི་དུས་གསུམ་ན་གནས་པའི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེསོ།། དེ་རིག་པས་ན་སངས་རྒྱས་ཀུན་གྱི་ཐུགས་རིགས་པའོ།། དེ་ལྟར ་ཡང་གསུངས་པ། ཀུན་ནཱས་ཉོན་མོངས་རྣམ་པར་དག། ད་ནི་དྲྀ་བཅུས་དྲི་མ་མེད།། ཆུ་ཁམས་གསེཪྵ་དང་ན་མཁའ་རྣམས།། དག་པ་བཞིན་དུ་དྲུག་པར་འདོད་ཙ་སོ།། སེམས་ཅན་ཀུན་གྱི་ཡིད་ལ ་གནས། དེ་དག་སེམས་ནི་མཉམ་ཉིད་སོན།། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད།། སེམས་ཅན་ཀུན་གྱི་ཡིད་དགའ་བ་ཞེས་པ་ནི་དེ་སེམསན་ཀུན་གྱི་ཡིད་ལ་གནས་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ནི ་སེམསོ།། དེའི་དཀྱིལ་དུ་གནས་པས་ན་སེམས་ཅན་ཀུན་གྱི་ཡིད་ལ་གནས་ཏེ། དེ་ཉིད་བཅོམ་ལྡན་འད་སོ།། དེ་ཉིད་ཀྱི་ཕྱིར་ན་དེ་དག་སེམས་ནི་མཉམ་ཉིད་སོན་ཏེ། སེམས་ཅན་དེ་དག་གི་སེམས་ནི་མཉམ་པ་ཉིད ་དེ་དག་སེམས་དང་མཉམ་ཉིད། དེ་བཞིན་ཉིད་སྟོང་པ་ཉིད་ཀྱི་བར་དུའོ།། དེ་ལྟར་ཡང་ཤེས་རབ་བརྒྱད་སྟོང་པ་ལས་གསུངས་པ། གང་སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་དང་། གང་ཉན་ཐོས་ཀྱི་དེ་བཞིན་ཉིད་དང ་གང་རང་སངས་རྒྱས་ཀྱི་དེ་བཞིན་ཉིད་དང་། གང་བྱང་ཆུབ་སེམས་དཔའི་དེ་བཞིན་ཉིད་དང་། གང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དེ་བཞིན་ཉིད་རྣམས་ནི་དེ་བཞིན་ཉིད་གཅིག་ཁོ་ནའོ་ཞེས་གསུངས་པ ་དེ་ལྟར་བྱས་ནས་སེམས་ཅན་ཀུན་གྱི་སེམས་ཀྱི་དེ་བཞིན་ཉིད་དང་དེ་དག་མཉམ་པ་ཉིད་དུ་སོན་པར་ཐོབ་པ་དེ་ནི་དེ་བཞིན་ཉིད་།། དེའི་ཕྱིར་ན་སེམས་ཅན་ཀུན་ཡིད་ཚིམ་པར་བྱེད་ཅེས། སེམས་ཅན་དེ ་ངག་ཉིད་ཕྱིན་ཅི་ལོག་ལས་འདས་པས་བདེ་བ་ཆེན་པོའི་ཡེ་ཤེས་བསྐྱེད་པ་ཉིད་ཀྱིས་སེམས་ཅན་གྱི་ཡིད་ཚིམ་པར་བྱེད་ཅེས་གསུངསོ།། དེ་ཉིད་ཀྱི་ཕྱིར་ན་སེམས་ཅན་གྱི་ཡིད་དགའ་བ་ཞེས་གསུངས་ཏེ། ་སེམས་ཅན་ཐམས་ཅད་ཀྱི་ཡིད་དགའ་བ་ནི་ཐམས་ཅད་དེ་བཞིན་གཤེགས་པའི་ཟག་པ་མེད་པའི་བདེ་བའོ།། ངོ་བོ་ལ་ལྷག་པར་ཆགས་པས་བསྐྱོད་པས་གཡོ་བ་དང་མི་གཡོ་བའི་དངོས་པོ་ཐམས་ཅད ་བདག་ཉིད་ཁྱོ་ནྱཱའོ་ཞེས་ཡིད་ཀྱི་འདུ་བྱེད་ཀྱི་དབྱེ་བས་ལྐུག་པརུ་ཆགས་པ་ཁྲོ་ནས་རབ་ཏུ་འཇུག་པའོ།། གྲུབ་པའི་མཐའ་ལ་འཁྲུལ་པ་མེད།། ནོར་བ་ཐམས་ཅད་རྣམ་པར ་སྤངས།། དོན་གསུམ་ཐེ་ཚོམ་མེད་པའི་བློ།། ཀུན་དོན་ཡོན་ཏན་གསུམ་གྱི་བདག་ཅེས་པ་ནི་དེ་ལ་གྲུབ་པའི་མཐའ་ལ་འཁྲུལ་པ་མེད་ནི་གྲུབ་པའི་མཐའ་སྟེ། བརྩམས་པའི་མཐའ་དེ་ལ་འཁྲུལ་པ་མེད་ཅིང ་མ་ངེས་པའི་བློ་གྲོས་དེ་བྲལ་བ་གང་ཡིན་པ་དེ་ནི་གྲུབ་པའི་མཐའ་ལ་འཁྲུལ་པ་མེད་པ་དེ་ཉིད།། དེ་ཉིད་ཀྱི་ཕྱིར་ན་ནོར་པ་ཐམས་ཅད་རྣམ་པར་སྤངས་ཞེས་པ་སྟེ། དོན་གྱི་རང་བཞིན་ཇི་ལྟར་གནས་པ་ཡོངསུ ་ཤེས་པའི་ཕྱིརརོ།། ཡང་དོན་གསུམ་ཐེ་ཚོམ་མེད་པའི་བློ་ཞེས་པ་ལ་ཐེ་ཚོམ་མེད་པའི་བློ་དང་གང་ལྡན་པ་དེ་ནི་ཐེ་ཚོམ་མེད་པའི་བློ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པའི་མཐའ་ཡོངསུ་ཤེས་པའི ་ཕྱི་རོ།། དོན་གསུམ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་གྱི་དོན་ཏེ། དེའི་རང་བཞིན་ཡང་འཇམ་དཔའོ།། ཀུན་དོན་ནི་གཡོ་བ་དང་མི་གྲཡོ་བའི་དངོས་པོའི་རང་བཞིན་པའི་ཕྱིརརོ།། ཡོན་ཏན་གསུམ་གྱི་བདག ་ཉིདདི་ནི་སྙིང་སྟོབས་དང་རྡུལ་དང་། མུན་པ་ལ་འཇུག་པའི་ཕྱི་རོ།། དེ་ལྟར་ཡང་གསུངས་པ། སྙིང་སྟོབས་རྡུལ་དང་མུན་པ་ཡང་།། གང་གི་ཕྱིར་སེམས་ཅན་དོན་དུ་གྱུར། དེ་ཕྱིར་ཀུན་ཏུ་བཟང་པོའི་བདག། བྱང ་ཆུབ་སྤྱོད་པ་ཇི་བཞིན་འགྲོ་ཞེས།། ཕུང་པོ་ལྔ་དོན་དུས་གསུམ་དུ།། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད།། སྐད་ཅིག་གཅིག་གིས་རྫོགས་བྱང་ཆུབ།། སངས་རྒྱས་ཀུན་གྱི་རང་བཞིན་འཆང་ཞེས་པ་ནི་དེ་ལ ་ཕུང་པོ་ལྔ་དོན་དུས་གསུམ་དུ་ནི་ཕུང་པོ་ལྔ་རྣམས་ཀྱི་དོན་ནི་དུས་གསུམ་གྱི་རྣམས་གྲངས་ཀྱི་བདག་ཉིད་ཀྱི་ཕྱིར་ན་ཕུང་པོ་ལྔ་དོན་དུས་གསུམ་ཉིད་ཅེསོ།། དེ་ལྟར་ཡང་ཆོས་མངོན་པ་ལས་གསུངས་པ། འདུས ་བྱས་ཆོས་རྣམས་དེ་དག་ཀྱང་།། གཟུགས་ལ་སོགས་པའི་ཕུང་པོ་ལྔ།། དེ་དག་ཉིད་དུས་གཏམ་བཞི་དང་།། ངེས་པར་འབྱུང་བཅས་བཞི་དང་བཅས།། གང་དག་ཟག་བཅས་ཉེར་ལེན་པའི།། ཕུང་པོའང་དེ་དག ་འཐབ་བཅས་དང་།། སྡུག་བསྔལ་ཀུན་འབྱུང་འཇིག་རྟེན་དང་། ལྷ་བཅས་སྲིད་པའང་དེ་དག་ཡིན་ཞེས་སོ།། སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་ནི་རྒྱུའི་གནས་སྐབས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས ་པའི་དགེ་བའི་རྩ་བ་བསགས་ཤིང་ཐོས་པ་དང་བསམས་པ་དང་བསྒོམས་པ་ལས་བྱུང་བའི་ཐབས་དང་ཤེས་རབ་ཀྱི་ཆོས་ཐམས་ཅད་རིག་པས་ན་སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་ཅེས་གསུངས་སོ།། ་འབྲས་བུའི་གནས་སྐབ་སུ་ནི།། སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ་སྟེ། སྐད་ཅིག་ཀྱང་དེ་ཡིན་ལ་གཅིག་ཀྱང་དེ་ཡིན་པས་སྐད་ཅིག་གཅིག་གོ། གང་གིས་སྐད་ཅིག་མ་གཅིག་ཁོ་ན་ལ་ཟད ་པའི་ཡེ་ཤེས་དང་མི་སྐྱེ་བའི་ཡེ་ཤེས་ཀུན་ཏུ་བཟང་པོ་ཞེས་བྱ་བ་མངོན་དུ་བྱེད་པ་དེ་ནི་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱསོ།། སངས་རྒྱས་ཀུན་གྱི་རང་བཞིན་འཆང་ནི་དུས ་གསུམ་དུ་གནས་པའི་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་འདི་ཁོ་ན་སྟེ། འདི་ལྟར་སྐད་ཅིག་གཅིག་མངོན་རྫོགས་བྱང་ཆུབ་ཅེས་བྱ་བའོ།། དེ་འཛིན་པས་སངས་རྒྱས་ཀུན་གྱི་རང་བཞིན་འཚངངོ་།། དེ་ལྟར ་ཡང་གསུངས་པ།། སངས་རྒྱས་ཐམས་ཅད་ཚོགས་དང་ནི།། ཆོས་སྐུ་འགྲོ་བའི་དོན་སྤྱོད་པས།། མཉམ་པ་ཉིད་དུ་སྐུ་ཚེ་དང་།། རིགས་དང་། སྐུ་བོང་ཚད་དག་མིན་ཞེས།། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག། ་ལུས་ནི་བྱེ་བ་འཕྲོ་བར་བྱེད།། གཟུགས་རྣམས་མ་ལུས་སྟོན་པ་པོ།། ནོར་བུ་ཆེན་པོ་རིན་ཆེན་ཏོག། ཅེས་པ་ནི་དེ་ལ་ལུས་མེད་ལུས་ཏེ་ནི་ལུས་ཡོད་པ་མ་ཡིན་པ་ནི་ལུས་མེདེ། མེད་པའི་ལུས་དང་གང་ལྡན ་པ་དེ་ལུས་མེད་ལུས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིརརོ།། དེ་ཉིད་ཀྱི་ཕྱིར་ན་ལུས་ཀྱི་མཆོག་སྟེ། ལོངས་སྤྱོད་རྫོགས་པ་ལ་སོགས་པའི་སྐུའི་ནང་ན་མཆོག་སྟེ། རབ་ཅེས་པའི་དོན་ཏེ།། ལུས ་རྣམས་ཏེ་སྐུ་བྱེ་བ་ནི་ལུས་བྱེ་བ་གྲངས་མེད་པའོ།། དེ་རྣམས་འཕྲོ་བར་བྱེད་པ་སྟེ། འཕྲོ་བར་བྱེད་པས་ན་ལུས་ནི་བྱེ་བ་འཕྲོ་བར་བྱེད་པའོ།། དེ་ཉིད་ཀྱི་ཕྱིར་ན་གཟུགས་རྣམས་མ་ལུས་སྟོན་པ་པོ་ཞེས་ཏེ། ་མ་ལུས་ཤིང་ལུས་པ་མེད་པའི་གཟུགས་ཀྱིས་འདུལ་བ་རྣམས་ལ་ཡང་དག་པར་སྟོན་པའི་ཚུལ་དང་གང་ལྡན་པ་དེ་གཟུགས་རྣམས་མ་ལུས་སྟོན་པ་པོ་སྟེ། དེ་ཉིད་བཅོམ་ལྡན་འདསོ།། རིན་ཆེན་ཏོག་ནི་འགྲོ ་བ་ཐམས་ཅད་ཆགས་པར་བྱེད་པའི་དོན་གྱིས་རིན་ཆེ་ནོ།། རིན་ཆེན་དེས་མཚན་པའི་ཏོགོ། དེ་ཉིད་ཕྱག་རྒྱ་སྟེ། དེ་འཛིན་པ་ཡང་བཅོམ་ལྡན་འདས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱིས་བསམ་པ་ཐམས ་ཅད་ཡོངསུ་རྫོགས་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བ་ཉིད་ཀྱི་ཕྱིར་ནེ་རནི་ཆེན་ཏོག་ནི་འཇམ་དཔལ་ཞེས།། ད་ནི་རིན་ཆེན་འབྱུང་ལྡན་གྱི ་ང་བཞིན་དུ་ཡང་བཅོམ་ལྡན་འདས་དེ་བསྟན་པ་ཉེ་བར་བསྡུ་བ་གསུངས་པ། ནོར་བུ་ཆེན་པོ་ཞེས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་ཀྱིས་འདི་ལྟར་གསུངས་པར་འགྱུར་ཏེ། ་དེ་བཞིན་གཤེགས་པ་མཐའ་ཡས་པ་ནོར་བུ་ཆེན་པོ་ལས་བྱུང་བའི་ཕྱིར་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་རྣམས ་རང་གི་ཕྱག་རྒྱས་ཁམ་གསུམ་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་དབང་བསྐུར་བ་སྦྱིན་པར་བྱེད་པས་ན་དེའི་ཕྱིར་ན་ནོར་བུ་ཆེན་པོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་འཇམ་དཔལ་ཉིད།། དེ་ནས ་ངན་ནུས། ན་སྟེང་བྷཱུ་ར་ཏིང་འཛིན་ལ་གནས་པའི་བནམ་ལྡན་འདས་འཇམ་དཔ་ལྷ་བླུགས་བྷནྡ་མཱཥྚཥྚ་ཡཱས་འདུས་ཀྵསྟྲ་པའི་སངས་རྒྱས་མྦྷ་བཱངྠ་དྲུག་གས་ནཱམྦྷ་སུམས ་ས་། རླུང་རྣམ་པར་གྱུར་བའི་སྦྱི་ནས་དག་པར་བྱས་ནས་གང་མི་ན་ཀྱི་ཕྱོགས་ཀྱིམ་འིའི་ཚིག་དྨ་རྣོན་དེ་རྣམས་ལ་ས་ས་འི་ས་སུ་ངྒེ ་xxx ་xxx ་xxx ་འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ ་མན་ངག་གོ། ཚིག་སུ་བཅང་བ་ཉི་ཤུ་རྩ་བཞིའོ།། མཚན་གྱི་སྔགས་ཀྱི་ཡི་གེ་གྲངས་ནི་བརྒྱ་རྩ་བཞིའོ།། ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་བལྟ་བ་ཞེས་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་བསྟོད་པའི་རིམ་པའི་དབང་དུ་བྱས་པ་སྟེ་དགུ་པའོ།། །། ད་ནི་བྱ་བ་ནན་ཏན ་གྱི་ཡེ་ཤེས་ཀྱི་སྒོ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་བསྟོད་པ་འདི་བརྗོད་པའི་དབང་དུ་བྱས་ནས་གསུངས་པ། སངས་རྒྱས་ཀུན་གྱི་རྟོགས་བྱ་བ།། སངས་རྒྱས ་བྱང་ཆུབ་བླ་ན་མེད།། གསང་སྔགས་ལས་བྱུང་ཡི་གེ་མེད།། གསང་སྔགས་ཆེན་པོ་རིགས་གསུམ་པ་ཞེས་པ་ནི། དེ་ལ་སངས་རྒྱས་ཀུན་གྱི་རྟོགས་བྱ་བ་ནི་དུས་གསུམ་དུ་བཞུགས་པའི་སངས་རྒྱས ་ཐམས་ཅད་ཀྱིས་རྟོགས་པར་བྱ་ཞིང་ཤེས་པར་བྱ་བ་མངོན་དུ་བྱ་བ་ནི་བེཅོམ་ལྡན་འདས་དེ་ཉིད་ཡིན་པས་སངས་རྒྱས་ཀུན་གྱི་རྟོགས་བྱ་བའོ།། དེ་ལྟར་ཡང་དཔལ་དེ་ཉིད་འདུས་པ་ལས་གསུངས་པ ་མངོན་པར་བྱང་ཆུབ་ཁྱེད་ལ་བརྟེན།། ཁྱེད་ནི་ཀུན་གཟིགས་ཡབ་ཡིན་ཏེ། བྱུང་དང་འབྱུང་བར་འགྱུར་བ་ཡི།། དེ་བཞིན་གཤེགས་རྣམས་ཁྱེད་ལ་བརྟེན་ཞེས།། སངས་རྒྱས་བྱང་ཆུབ་ནི་ཉན་ཐོས ་ལ་སོགས་པོ་གསུམ་པོའི་བྱང་ཆུབ་ནི་སངས་རྒྱས་བྱང་ཆུབ་བོ།། འདི་ལྟ་སྟེ། བྱང་ཆུབ་རྣམ་པ་གསུམ་ནི་ཇི་སྐད་གསུངས་པའི་ཉན་ཐོས་ཀྱི་བྱང་ཆུབ་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་དང་།། ཡང ་དག་པར་རྫོགས་པའི་བྱང་ཆུབ་རྣམསོ།། ནུམ་པ་གསུམ་ཡིན་ཡང་དེ་ཉིད་བླ་ན་མེད་པ་ཞེས་བྱ་བ་སྟེ། འདི་ལས་བླ་ན་མྱེད་པས་བླ་ནཱ་མེད་པའོ།། གསང་སྔགས་ལས་བྱུང་བ་ནི ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་རྣམས་ཀྱི་སྐྱེ་བའི་གནས་ཉིད་ཀྱི་ཕྱིར་ན་གསང་སྔགས་འབྱུང་བ་སྟེ། བྱེད་རྒྱུ་ཞེས་པའི་དོན་ཏོ།། ཡི་གེ་མེད་པ་ནི་གང་ལ་བརྗོད་པར་བྱ་བ་དང་།། ་བརྗོད་པའི་མཚན་ཉིད་ཀྱི་ཡི་གེ་རྣམས་མེད་པ་དེ་ནི་ཡི་གེ་རྣམས་མེད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཕྱིར།། གསང་སྔགས་ཆེན་པོ་རིགས་གསུམ་པ་ནི་གསང་སྔགས་ཀྱང་དེ་ཡིན་ལ་ཆེན་པོ ་ཡང་དེ་ཉིད་པས་གསུང་སྔགས་ཆེན་པོ་སྟེ། རྟག་པ་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་ཏེ་རིགས་གསུམ་པོ་རྣམས་ནི་རིགས་གསུམོ།། གསང་སྔགས་ཆེན་པོའི་བདག་ཉིད་རིགས་གསུམ ་དང་གང་ལྡན་པ་དེ་ནི་གསེང་སྔགས་ཆེན་པོ་རིགས་གསུམ་པ་སྟེ། སྐུ་གསུང་ཐུགས་ན་མཁའ་དང་མཉམ་པ་ཉིད་ཀྱི་ཕྱིརརོ།། དེ་ཡང་དཔལ་གསང་བ་འདུས་པ་ལས་གསུངས་པ། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ན་མཁའི་ཚུལ་དུ་ངེས་པར་སྦྱོར་ཞིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཞེས་སོ།། ་གསང་སྔགས་དོན་ཀུན་སྐྱེད་པ་པོ།། ཐིག་ལེ་ཆེན་པོ་ཡི་གེ་མེད།། སྟོང་པ་ཆེན་པོ་ཡི་གེ་ལྔ།། ཐིག་ལེ་སྟོང་པ་ཡི་གེ་དྲུག་ཅེས་པ་ནི་དེ་ལ་གསང་སྔགས་དོན་ཀུན་སྐྱེད་པ་པོ་ནི་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་གྲསང་སྔགས་ཐམས་ཅད་ཀྱི་དོན་ཏེ། དེ་བསྐྱེད་པ་ནི་འབྱིན་པར་བྱེད་པ་སྟེ། དེ་ཉིད་བཅོམ་ལྡན་འདས།། ཐིགུ་ལེ་ཆེན་པོ་ནི་དང་པོའི་ནཱི་ཡི་གེ་ཨ་ནརྀས་ཧ་ལ་ཐུག་པའི་བར་དུ་དབྱངས་དང་གསལ ་བྱེད་རྣམས་ནི་ཐིག་ལེ་ཆེན་པོ་ཞེས་གསུངས་ཏེ། དེ་ཡང་བཅོམ་ལྡན་འདས་ཉིད།། ཡི་གེ་མེད་ན་དོན་དམ་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ།། སྟོང་པ་ཆེན་པོ་ནི་སྟོང་པ་ཉིད་རྣམ་པ་བཅུ་དྲུག་གི་རང་བཞིན་ཉིད་ཀྱི ་ཕྱིརོ། ཡི་གེ་ལཱ་ནི་རྟག་པཱུ་ལ་སོགས་པའི་ཡི་གེ་འབྲུ་ཨུཿཽཿཧཱུཾཿཧྲིརྟཱ་ཨཱཿཞེས་པའི་བདག་ཉིད་ཀྱི་ཕྱིར་ན་ཡི་གེ་ཨ་ཞེས?་གཱ་སུང?་སོ།། ཐིག་ལེ་སྟོང་པ་ཞེས་པ་ལ་ཐིག་ལ་ནི་ས་བོན་གྷི་ཡི་གྲེའོ།། ་དེངོ་ལ་དོན་དམ་པར་མི་དམིགས་པའི་རང་བཞིན་གྱི་ཕྱིར་རོ།། ཡི་གླུ་དྲུག་ནི་ཨོཾ་བཱ་གྷྲ་ཤྭ་རཱ་མུཾ་ཞེས་ཏེ་ཡི་གེ་དྲུག་པའི་བདག་ཉིད་ཀྱི་ཕྱིར་རོ།། རྣམ་པ་ཀུན་གྱི་རྣམ་པ་མེད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ ་ཅན། ཡན་ལག་མེད་པའི་རྩིས་ལས་འདས། བསམ་གཏན་བཞི་ཡི་རྩེ་མོ་ཅན་ཞེས་པ་ནི་དེ་ལ་རྣམ་པ་ཀུན་གྱི་རྣམ་པ་མེད་ནི་རྣམ་པ་ཀུན་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལ་སོགས ་པའི་ཆོས་དེ་རྣམས་ཀུན་གང་ཡིན་པ་ལས་འདས་ཤིང་མེད་པའི་རྣམ་པའི་ཡན་ལག་དང་གང་ལྡན་པ་དེ་ལ་དེ་ལྟར་གསུངསོ།། དེ་ལྟར་ཡང་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སུམ་བརྒྱ ་པ་ལས་གསུངས་པ། རབ་འབྱོར་དེ་ཇི་སྙམ་དུ་སེམས། མཚན་ཕུན་སུམ་ཚོགས་པས་དེ་བཞིན་གཤེགས་པར་བལྟ་འམ། རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མཚན་ཕུན་སུམ་ཚོགས་པས་དེ་བཞིན ་གཤེགས་པར་བལྟ་བར་བྱ་བ་འདི་ནི་མ་ལགསོ།། དེ་ཅིའི་ཕྱིར་ཞེ་ན། གང་མཚན་ཕུན་སུམ་ཚོགས་པ་དེ་བཞིན་གཤེགས་པས་གསུངས་པ་དེ་ཉིད་མཚན་ཕུན་སུམ་ཚོགས་པ་ལགས་པའི་སླད་དུའོ།། བཅོམ ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་ཇི་སྲིད་དུ་མཚན་ཕུན་སུམ་ཚོགས་པ་དེ་སྲད་དུ་བརྫུ་ནོ།། ཇི་སྲིད་དུ་མཚན་ཕུན་སུམ་ཚོགས་པ་མེད་པ་དེ་སྲིད་དུ་རྫུན་པ་མ་ལགསོ།། དེ་ཅིའི ་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་མཚན་མ་ཡིན་པར་བལྟ་བར་བྱའོ་ཞེས་ཏེ། དེ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་ཡིན་པའི་ཕྱིར།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།། ཡན་ལག་མེད་པའི་རྩིས་ལས ་འདས།། བསམ་གཏན་བཞི་ཡི་རྩེ་མོ་ཅན་ནི་དེ་བདག་གི་བླ་མའི་ལུང་ཡིན་པའི་ཕྱིར་ན་ཚིག་རྐང་གསུམ་གྱི་དོན་བདག་གི་མ་བཤད་།། དེའི་ཕྱིར་ན་བདག་ཅག་གི་བླ་མས་ཇི་ལྟ་བ་བཞིན་དུ་བདག་ལ་གསུངས་པ། ་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་ལས་ཐམས་ཅད་སོ་སོར་རྟོགས་པ་དད་པ་དང་ཡང་དག་པར་ལྡན་པའི་སློབ་མྱ་རྣམས་དུས་རིང་པོར་མཉེས་པར་བྱེད་པའི་བསམ་པའི་ཁྱད་པར་ལས་སྒྱུ་འཕྲུལ་དྲ་བའི་མངོན་པར ་བྱང་ཆུབ་པའི་བླ་མའི་མན་ངགྲ་སྙན་ཁུང་ནས་སྙན་ཁུང་དུ་བརྒྱད་པ་རབ་ཏུ་བསྟན་པར་བྱའོ།། དེའི་ཕྱིར་དེའི་སྦྱོར་བ་འཚམ་པ་བགོས་པས་འཇིགས་པས་ཊཱི་ཀ་ལས་འདི་རྣམས་པར་མ་སྨོས་སོ།། བསམ་གཏན ་ཡོན་ལག་ཀུན་ཤེས་ཤིང་།། ཏིང་འཛིན་རིག་དང་རྒྱུད་འཆང་བ།། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། ལོངས་སྦྱོང་རྫོགས་སྐུ་ཀུན་གྱི་རྒྱལ་ཞེས་པ་ནི་དེ་ལ་བསམ་གཏན་ཡན་ལག་ཀུན་ཤེས་ཤིང་ནི་བསམ ་གཏན་ཀུན་ནི་བཞི་རྣམས་ཏེ། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་ཞེས་པ་རྣམས་ལསོ།། དེ་ལ་རྟོག་པ་དྲང་བཅས། དཔྱོད་པ་དང་བཅས། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ ་པ་ཅན་ནི་བསམ་གཏན་དང་པོའོ།། རྟོག་པ་དང་དཔྱོད་པ་སྤངས་པ་ནི་བསམ་གཏན་གཉིས་པའོ།། དགའ་བ་ཡང་མེད་ཅིང་བཏང་སྙོམས་དང་དྲན་པ་ཡང་དག་པར་ལྡན་པ་ནི་བསམ་གཏན་གསུམ་པའོ།། ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་བཏང་སྙོམས་དང་དྲན་པ་ཡོངསུ་དག་པ་ནི་བསམ་གཏན་བཞི་པའོ།། བསམ་གཏན་བཞི་པོ་དེ་དག་གི་ཡན་ལག་སྟེ་ཆ་ཤས་འདི་རྣམསོ།། དེ་ཤེས་ན་ནི་མཁས ་པ་སྟེ། བསམ་གཏན་དེ་རབ་ཏུ་འབྱེད་པ་ལ་ཡང་སྦྱོར་བའི་ཕྱིར་ཏེ། དེ་ལ་མོས་པའི་སེམས་ཅན་ཀུན་ཏུ་བཟང་པོའི་དོན་ཡིནོ།། དེ་ལྟར་ཡང་གསུངས་པ། བྱང་ཆུབ་སེམས ་དཔའ་རྣམས་ཀྱིས་བསམ་གཏན་དང་པོ་ལ་སོགས་པ་མངོན་དུ་བྱེད་དེ། སེམྱོས་ཅན་གྱིས་དྲོན་གྱིས་གནས་པས་ན་དྲིའོ་དབང་གིས་སྐྱེ་བ་ནི་མ་ཡིན་ནོ།། དེ་བཞིན་དུ་འོག་ནས་བཤོད་པ་ལས ་ཀྱང་ལྷ་ཚེ་རིང་པོར་མི་སྐྱེ་བར་ཤེས་པ། དེ་རྣམསུ་སྐྱེ་བ་ལ་དབྱུང་ཐོབ་པའི་ཕྱིརོ།། ཏིང་འཛིན་རིག་དང་རྒྱུད་འཆང་བཱ་ནི་ཏིང་འཛིན་རྣམས་ནོ་དེ་ཡང་མཆོག་ཏུ་དགེ་བ་ལ་རྩེ་གཅིག་པའི་རྣམ་པར་བསྒོམ ་པྟ་ཉིད་ཀྱི་ཕྱིར་ན་བས་མོ་གཏན་དང་པོ་ལ་སོགས་པའོ་མཚན་ཉིད།། གོ་རིམ་བཞིན་དུ་རང་གི་མིང་དང་དོན་གྱི་རྗེསུ་དྲན་པའི་རབ་ཏུ་དབྱེ་བ་དཔག་ཏུ་མེ་། དེ་བས་ན་དེ་རྣམས་ཀྱི་རིགས་དང་རྒྱུད་ནི་གདོན ་མི་ཟ་བར་ཉན་ཐོས་ལ་སོགས་པ་སྟེ། དེ་འཛིན་པས་ན་ཏིང་འཛིན་རིག་དང་རྒྱུད་འཆང་བའོ།། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་ནི་ཏིང་འཛིན་གྱི་ལུས་ནི་ལུས་ཀྱི་སྐུའོ།། དེ་ཉིད་ཀྱི་ཕྱིར་སྤྲུལ་པ་ལ ་སོགས་པའི་ལུས་ཐམས་ཅད་ལས་མཆོག་དང་རབ་ཏུ་ན་བས་ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག་སྟེ། དེ་ཉིད་བཅོམ་ལྡན་འདས།། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ་ནི་ལོངས་སྤྱོད་རྫོགས་པའི ་སྐུ་ཐམས་ཅད་དུ་གྱུར་པ་བཅོམ་ལྡན་འདས་འཇམ་དཔལ་འཁོར་ཐམས་ཅད་ཀྱི་ནང་ན་ཆེ་བའི་བདག་ཉིད་ཕུན་སུམ་ཚོགས་པ་བདེན་པའི་དོན་འབྲས་བུ་དང་བཅས་པ་སྣ་ཚོགས་པ་བསུམ་དུ་མེད་པའི་འཇིགས ་རྟེན་ལས་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་དགའ་བའི་རྒྱུ་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་ན་བསྟན་ཏོ།། དེའང་དེ་ཉིད་བསྟན་པའི་སྒོ་ནས་མཛེས་ཤིང་འབ་རི་བས་ན་ལོངས་སྤྱོད་རྫོགས་སྐུ་ཀུན་གྱི ་རྒྱལ་ལོ།། དེ་ལྟར་ཡང་གསུངས་པ། བདག་གི་སྦྱོར་བ་འཇིག་རྟེན་ལས་འདས་བསམ་གྱིས་མི་ཁྱབ་ལེགས་མཛད་ལེགས་པའི་འབྲུ།། བློ་ཆེན་རྣམས་ཀྱི་དགྲའ་བའི་རྒྱུ་ནི་འཁོར་བའི་ནང་དུ་སྣ་ཚོགས་རབ ་སྟོན་ཅིང་། དམ་པའི་ཆོས་ཀྱི་སྒྲ་ཆེན་རྟག་ཏུ་འཇིག་རྟེན་ཁམས་རྣམས་ཀུན་ཏུ་རབ་འཕྲོ་བ།། སངས་རྒྱས་ཆོས་ཀྱི་རྒྱུལ་སྲིད་ཆེ་ལ་བཞུགས་པ་དེ་ལ་འདི་ནི་ཕྱག་འཚལོ།། ཞེསོ།། སྤྲུལ་པའི་སྐུ་སྟེ་སྒྱུ་ཡི ་མཆོག། སངས་རྒྱས་སྤྲུལ་པའི་རྒྱུད་འཚང་བ།། ཕྱོགས་བཅུར་སྦྲེལ་པ་སྣ་ཚོགས་འགྱེད།། ཇི་བཞིན་འགྲོ་བའི་དོན་བྱེད་པ་ཞེས་པ་ནི་དེ་ལ་སྤྲུལ་པའི་སྐུ་སྟེ་སྐུའི་མཆོག་ནཱི་སྤྲུལ་པའི་བདག་ཉིད་ཀྱི་སྐུ་ནི ་སྤྲུལ་པའི་སྐུའོ་དེའང་གཞན་འཇིག་རྟེན་པའི་སྤྲུལ་པ་རྣམས་ཀྱི་ནང་ནི་རབ་ཀྱི་ཕྱིར་ན་སྐུའི་མཆོག་ཅེས་གསུངསོ།། དེ་ལྟར་ཡང་གསུངས་པ། སེམས་ཅན་རྣམས་ཀྱི་སྨིན་པའི་རྒྱུ་ཕྱིར་ལ་ལར་འབར ་བའི་མེ་བཞིན་གང་སྣང་ཞིང་། ལ་ལར་ཡང་ནི་རྫོགས་བྱང་ཆུབ་དང་ཆོས་ཀྱི་འཁོར་ལོ་རབ་བཞིར་གང་སྣང་བ།། རྣམ་པ་དུ་མར་འཇུག་ཅིང་སྲིད་གསུམ་རབ་འཛིན་སྣ་ཚོགས ་ཐབས་ཀྱིས་འཇོམས་མཛད་པ།། ཐུབ་པ་རྣམས་ཀྱི་དོན་ཆེན་ཕྱོགས་བཅུར་རྗེས་སྔོན་སྦྲུལ་སྐྱ་དེ་ལ་ཕྱག་འཚལོ་ཞེསོ།། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ་ནི་དུས་གསུམ་ན་བཞུགས་པའི་སངས ་རྒྱས་རྣམས་ཀྱི་སྤྲུལ་པ་དེ་རྣམས་ཀྱི་རྒྱུད་ནི་རིམ་པ་སྟེ་སངས་རྒྱས་སྤྲུལ་པའི་རྒྱུད།། དེ་འཛིན་པས་ནོ་སངས་རྒྱས་སྤྲུལ་པའི་རྒྱུད་འཆུང་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་རྒྱུན་མ ་གཅོད་པ་ཉིད་ཀྱི་ཕྱིར་རོ།། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་པ་ནི་ཕྱོགས་བཅུ་པོ་རྣམསུ་རྣམ་པ་སྣ་ཚོགས་ཐ་དད་པའི་སྤྲུལ་པའི་ཆོ་འཕྲུལ་དང་གང་ལྡན་པ་དེ་ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས ་འགྱེད་པའོ།། དེ་ཉིད་ཀྱི་ཕྱིར་ནཱ་ཇི་བཞིན་འགྲོ་བའི་དྲིན་བྱེད་པ་སྟེ། ཇི་བཞིན་ཕྱིན་ཅི་མ་ལོག་པ་རི་དོན་བསྟན་པའི་སྒྲོ་ནིས་འགྲོ་དོན་བྱེད་པས་ན་ཇི་བཞིན་འགྲོ་བའི་དོནྡ་བྱེད་པའོ།། ལླཱི་ཡི་དབྱུང ་པོ་ལྷ་ཡི་བླ།། ལྷ་མིན་དབང་པོ་ལྷ་མིན་བདག། འཆི་མེད་དབང་པོ་ལྷ་ཡི་བླ།། འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པ། ཞེས་པ་ནི་དེ་ལ་ལྷའི་དབང་པོ་ནི་ཁྱབ་འཇུག་གི་རང་བཞིན་ཉིད་ཀྱི་ཕྱིར་རོ།། ་ལྷའི་ལྷ་ནི་ཚངས་པའི་བདག་ཉིད་ཀྱི་ཕྱི་རོ།། ལྷ་མིན་དབང་པོ་ནི་རྣམ་པར་སྣང་བྱེད་འབྲེ་ལྕེའི་གཟུགས་ཀྱིསོ།། ལྷ་མིན་བདག་ནི་གཟའ་རུ་ཧུ་ལའི་རང་བཞིན་ཉིད་ཀྱི་ཕྱི་རོ།། འཆི་མེད་དབང་པོ་ནི་གློང ་ཁྱེར་འཇིག་གི་གཟུགས་ཉིད་ཀྱི་ཕྱིར།། ལྷའི་བླ་ནི་གཟའ་ཕུར་བུའི་གཟུགས་ཉིད་ཀྱི་ཕྱིརརོ།། འཇོམས་བྱེད་ནི་ཚོགས་བདག་གི་རང་བཞིན་ཉིད་ཀྱི་ཕྱིརརོ།། འཇོམས་བྱེད་དབང་ཕྱུག་ནི་མ་ཧཱ་དཱི་བའི་རང ་བཞིན་ཉིད་ཀྱི་ཕྱི་རོ།། ལྷའི་དབང་པོ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་དེ་ཉིད་ལ་མངོན་པར་བརྗོད་པར་བྱའོ།། སྲིད་པའི་དགོན་པ་ལསཽ་བརྒལ་བ།། སྟོན་པ་གཅིག་པོ་འགྲོ་བའི་བླ།། འཇིག ་རྟེན་ཕྱོགས་བཅུར་རབ་གྲགས་པ།། ཆོས་ཀྱི་སྦྱིན་བདག་ཆེ་བ་པོ་ཞེས་པ་ནི་དེ་ལྔ་སྲིད་པའི་དགོན་ལས་བརྒལ་ནི་སྐྱིད་པ་ནི་འཁོར་བའོ།། དེ་ཉིད་ཀྱི་དགོན་པ་སྟེ་བརྒལ་བ་དཀའ་བ་ཉིད་ཀྱི་ཕྱིར་ནཱ ་སྲིང་པའི་དགོན་པའོ།། གང་གིས་སྲིད་པའི་དགོན་པ་ལས་བརྒལ་བཱ་དེ་ནི་སྲེད་པའི་དགོན་པ་ལུས་བརྒལ་བའོ།། གཅིག་པུ་ནི་གཉིསུ་མེད་པ་སྟེ། དེ་དང་འདྲ་བ་མེད་པའི་ཕྱི་རོ།། དེ་ཉིད་ཀྱི ་ཕྱིར་ན་སྟོན་པ་ཞེས་པ་སྟེ། སྟོན་པ་ནི་གང་སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྟོན་པ་བྱེད་པས་སྟོན་པ་ཡིནོ།། དེ་ལ་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ནི་ཁྱད་པར་མེད་པ་བཅོམ་ལྡན་འདས་འཇམ ་དཔལ་དེ་ཉིད་དེ། སེམས་ཅན་ཐམས་ཅད་ཀྱི་བྱ་བ་སྟོན་པར་བྱེད་པ་ཉིད་ཀྱིས་བྱེད་པའོ།། འདི་ལྔ་སྟེ། ངན་སོང་དུ་སྐྱེས་པ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྐུའི་འོད་ཟེར་ལས ་དེ་བཞིན་གཤེགས་པའི་སྐུ་བསྟན་པས་རབ་ཏུ་ངང་བར་བྱས་ཏེ་མཐོ་རིས་ལ་སོ་སོར་འཇོག་བྱེད།། མཐོ་རི་སུ་སྐྱེས་པ་རྣམས་ལ་ཡང་སྐལ་པོ་དང་མི་ལྡན་པ་ཁ་ཅིག་རྣམས་ལ་གོང་དུ་གསུངས་པའི་ཆོ་གས ་བསམ་པ་ཡོང་སུ་དག་པར་བྱས་ནས་འཁོར་བའི་བདེ་བའི་ལས་སྦྱིན་པ་ལ་སོགས་པ་ལ་སོ་སོར་འཇོག་པར་བྱེད་དེ། སྐལ་བ་དང་ལྡན་པའི་རིགས་རྣམས་ལ་ཡང་བསམ་པ་རྣམ་པ་གཉིས་ཀྱིས་ཉེ་བར ་སྟོན་པ་རྣམས་ཀྱིས་ཏེ། དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱི་དགེ་བའི་རྩ་བ་བསྐྲུན་པར་བྱ་བ་དང་། དགེ་བའི་རྩ་བ་ཡོངསུ་བསྟེན་པ་རྣམས་ནི་དགེ་བའི་རྩ་བ་ཡོངས་སྨིན་པར་བྱེད།། དགེ་བའི་རྩ་བ ་ཡོངསུ་སྨིན་པ་རྣམས་ནི་ཡོངསུ་གྲོལ་བར་བྱས་ཏེ། རིགས་ཇི་ལྟ་བ་བཞིན་དུ་ཉན་ཐོས་ལ་སོགས་པ་ལ་སོ་སོར་འཇོག། ད་ཝཱཪྵ་དཱན?་སྟོང་དང་མཐོ་རཱི་སུ་སྐྱེས་པ་རྣམས་ཀྱི་སྐལ་པ་དང་ལྡནྡ་པ་དང་མི ་ལྡན་པའི་རིགས་རྣམས་ལ་བྱ་བ་མཐུན་པར་བསྒྲུབ་པའི་ཕྱིར་ན་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས་གསུང་སོ།། དེ་ཉིད་ཀྱི་ཕྱིར་ན་འགྲོ་བའི་བླ་མ་སྟེ། འགྲོ་བ་རྣམས་ཀྱི་བླ་མ་ཡིན་པས་འགྲོ ་བའི་བླ་མའོ།། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ།། ཆོས་སྦྱིན་བདག་ནི་ཕྱོགས་བཅུ་རྣམས་ཀྱི་འཇིག་རྟེན་ནི་ཕྱོགས་བཅུའི་འཇིག་རྟེནོ།། ཕྱོགས་བཅུའི་འཇིག་རྟེན་ཀྱང་དེ་ཡིན་ལ་རབ་གྲགས་ཀྱང་དེ་ཉིད ་ཡིན་པས་འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ་སྟེ། འཇིག་རྟེན་ན་ཕྱོགས་བཅུར་གྲགས་ཏེ། དེ་རྣམས་ལ་ཆོས་ཀྱི་སྦྱིན་བདག་གང་ཡིན་པ་དེ། འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ།། ཆོས་ཀྱི་སྦྱིན ་བདག་གོ། དེ་ཉིད་ཆེ་བ་པོ་ཞེས་ཏེ། གཡོ་བ་དང་མི་གཡོ་བའི་དངོས་པོ་རྣམས་ལ་ཁྱབ་པའི་ཕྱིརརོ།། དེ་ལྟར་ཡང་དཔལ་པོ་དེ་མཆོག་གི་རྒྱུད་ལས་གསུངས་དང་། ཀུན་ཏུ་ཀུན་ནས་ཐམས་ཅད་དུ། བདག ་ཉིད་རྟག་ཏུ་རྣམ་པ་ཀུན།། སངས་རྒྱས་ལ་སོགས་བརྟན་གཡོ་ཀུན།། ཀུན་གྱི་དངོས་པོར་བདག་གྱུར་ཏོ།། ཞེསོ།། བྱམས་པའི་གོ་ཆ་ཆེས་པ་སྟེ།། སྙིང་རྗེ་ཡི་ནི་ཡ་ལང་བགོས།། ཤེས་རབ་རལ་གྲི་མདའ ་གཞུ་ཐོགས། ཉོན་མོངས་མྱི་ཤེས་གཡུལ་དྲོ་སེལ་ཞེས་པ་ནི་དེ་ལ་བྱམས་པའི་གོ་ཆ་ཆས་སྟེ་ནི། བྱམས་པ་ནི་སེམས་ཅན་ཐམས་ཅད་ལ་བཾ་ཤེས་དང་གྲོགས་དང་བུ་གཙུག་པ་བཞིན་དུ་བྱམས་པ ་རྣམསོ།། བྱམས་པ་དེས་གོ་ཆ་ནི་བྱམས་པའི་གོ་ཆ་གང་གིས་ཆེས་པ་སྟེ། བྱམས་པའི་གོ་ཆ་ཆས་པའོ།། སྙིང་རྗེ་ཡི་ནི་ཡ་ལང་བགོས་ནི་སྙིང་རྗེ་ནི་ཇི་སྙེད་གསུངས་པའི་མཚན་ཉིད་།། དེ་ཉིད་ཡ་ལང ་དེ་སྙིང་རྗེའི་ཡུ་ལད་དོ།། སྙིང་རྗེའི་ཡ་ལྗང་ངེས་བགོས་པས་བསྲུངས་པ་གང་ཡིན་པ་དེ་སྙིང་རྗེའི་ཡ་ལད་བགྲོསོ།། ཤེས་རབ་རལ་གྲི་མདའ་གཞུ་ཐོགས་ནི། ཤེས་རབ་ནི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིའོ།། རལ་གྲི་ནཱི་ཡེ་ཤེས་ཀྱི་རལ་གྲིའོ།། མདའ་ནི་སེམས་ཕྲ་མོ་ཡོངསུ་འབིགས་པའི་བདག་ཉིད་དོ།། གཞུ་ནི་རྡོ་རྗེའི་གཞུའོ།། དེས་ཀྱང་ཅི་ག་སུངས་པར་འགྱུར ་ཞེ་ན། བྱམས་པའི་གོ་ཚེ་ཆོས་ཤིང་སྙིང་རྗེའི་ཡ་ལད་ཀྱིས་བསྲུངས་པའི་ཤེས་རབ་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པ་ཉོན་མོངས་པའི་མི་ཤེས་ནི་འདོད་ཆགས་པའི་གཏི་མུག་གོ། དེ་ཉིད་གཡུལ ་འཐབ་མོའོ།། དེ་སེལ་ཅིང་སྤོང་བས་ན་བཅོམ་ལྡན་འདས་དངོས་པོ་དེ་ཉོན་མོངས་མི་ཤེས་གཡུལ་ངོ་སེལ་པ་ཡིན་ནོ།། མན་ངག་ནི་འདིའོ།། མདོག་དམར་བ་དང་ཕྱག་བཞི་བར་ཤེས་པར་བྱའོ།། དཔའ ་བོ་བདུད་དགྲ་བདུད་འདུལ་བ།། བདུད་བཞིའི་འཇིགས་པ་སེལ་བར་བྱེད།། བདུད་ཀྱི་དཔུང་རྣམས་ཕམ་པར་བྱེད།། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ཤེས་པ་ནི་དེ་ལ་བདུད་དགྲ་ནི་བདུད་རྣམས ་ཏེ་བགེགས་ཀྱི་དགྲ་སྟེ་བདུད་དགྲའོ།། དེ་ཉིད་བདུད་འདུལ་ཞེས་པ་སྟེ། རྡོ་རྗེ་གདན་ལ་བཞུགས་ནས་བདུད་མི་མཐུན་པའི་ཕྱོགས་རྣམས་འཇོམས་པས་མ་བདང་འདུལ་བའོ།། དེ་ཉིད་ཀྱི་ཕྱིར་ན ་དཔའ་བོ་སྟེ། མི་མཐུན་པའི་ཕྱོགས་གཞན་རྣམས་ཀྱིས་ཟིལ་མི་ནོན་པ་ཉིད་ཀྱི་ཕྱིརརོ།། བདུད་བཞིའི་འཇིགས་པ་སེལ་བར་བྱེད་ན་བདུད་རྣམས་ནི་བདུད་བཞིའོ།། དེ་རྣམས་འཇིགས་པ་ནི་བདུད་བཞི་འཇིགས ་སོ།། དེ་སེལ་བར་བྱེད་ཅིང་མེད་པར་བྱེད་པས་ན་བདུད་བཞིའི་འཇིགས་པ་སེལ་བར་བྱེདདོ།། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ་ནི་བདུད་ཐམས་ཅད་ཀྱི་དཔུང་ནི་བདུད་ཀྱི་དཔུང་སྟེ་དེའོ།། དེ་ཕམ་པར ་བྱེད་པའི་ཚུལ་དང་གང་ལྡན་པ་དེ་ནི་བདུད་ཀྱི་དཔུང་རྣམས་ཕམ་བྱེད་པའོ།། རྫོགས་པའི་སངས་རྒྱ་སྐྲ་ནི་མཚན་རྣམས་ཉེ་བར་བསྡུ་བ་གསུངས་པ་ཡིན།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས ་རྫོགས་པའི་སངས་རྒྱས་ཞེས་པ་དང་པོ་ནས་ཇི་ཙམ་འདིའི་མཐར་ཐོགས་པའི་བར་དུ་ནི་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཕལ་ཆེར་ལ་གསུངས་པའོ།། འཇིག་རྟེན་འདྲན་ནི་འཇིག་རྟེན་རྣམས ་ཀྱི་འདྲེན་པ་པོ་འཇིག་རྟེནུ་འདྲེན་ཏེ། འགྲོ་བ་ཀུན་མངོན་པར་འདོད་པའི་ཕྱིརརོ།། མཆོད་འོས་བསྟོད་འོས་ཕྱུག་གི་གནས།། རྟག་ཏུ་རི་མོར་བྱ་བ་འོས།། བཀུར་འོས་རྗེད་པར་བྱ་བའི་འོས།། ཕྱག་བྱར་འོས ་པ་བླ་མའི་རབ་ཅེས་པ་ནི་དེ་ལ་མཆོད་འོས་ནི་ཐོས་པ་དང་དྲན་པ་རྣམས་ཡོང་སུ་མཐར་ཕྱིན་པ་ནི་མཆོང་འོས་ཞེས་བརྗོད་ལ། བཅོམ་ལྡན་འདས་འཇམ་དཔལ་ཡང་གྲུབ་པའི་མཐའ་ཐམས་ཅད་ཀྱི་ཕ ་རོལ་ཏུ་སོན་པའི་ཕྱིར་ན་མཆོད་འོས་ཞེས་གསུངསོ།། བསྟོད་འོས་ནི་བསྟོད་པར་འོས་པ་ཉིད་ཀྱི་ཕྱིརརོ།། ཕྱགྶ་གཱི་གནས་ནི་ལྷ་རྣམས་དང་བཅས་པའི་འཇིག་རྟེན་རྣམས་ཀྱི ་ཕྱག་བྱ་བར་འོས་པ་ཉིད་ཀྱི་ཕྱིར།། རྟག་ཏུ་རི་མོར་བྱ་བའི་འོས་ནི་ཉན་ཐོས་ལ་སོགས་པ་ཐམས་ཅད་ཀྱིས་རི་མོར་བྱ་བར་འོས་པོ་ཉིད་ཀྱི་ཕྱིར་རོ།། བཀུར་འོས་ནི་ཡོན་ཏན་ཐམས་ཅད་ཡོངསུ་རྫོགས་པ ་ཉིད་ཀྱི་ཕྱིར་ན་འཇམ་དཔལ་ཉིད་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིསོ།། རྗེད་པར་བྱ་བའི་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྗེད་པར་བྱ་བ་ཉིད་ཀྱི་ཕྱིརརོ།། ཕྱག་བྱར་འོས་པ་ནི་སྔགས ་ཀྱི་སྒོ་སྤྱོད་པ་སྤྱོད་པ་རྣམས་ཀྱིས་ཕྱག་བྱུར་འོས་པ་ཉིད་ཀྱི་ཕྱིརརོ།། བླ་མ་ནི་སེམས་ཅན་འདི་དག་ཐམས་ཅད་ལ་རྗེསུ་སྟོན་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀཱར་གནས་པ ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་ན་ར་བ་ནི་མཆོག་གི་ཕྱིར་ཏེ། དེ་ཉིད་བཅོམ་ལྡན་འང་སོ།། འཇིག་རྟེན་གསུམ་ཉིད་གྲོམ་གཅིག་བགྲོད།། མཁའ་ལྟར་མཐའ་མེད་རྣམ་པར་གནོན།། གསུམ་རིག་གཙང་མ ་དག་པ་སྟེ། མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག་ཞེས་པ་ནི་དེ་ལ་འཇིག་རྟེན་གསུམ་ཉིད་གོམ་གཅིག་བགྲོང་ནི་འཇིག་རྟེན་གསུམ་པོ་རྣམས་མཉམ་པོར་བསྡུས་པ་ནི་འཇིག་རྟེན་གསུམ་སྟེ། འཇིག ་རྟེན་གསུམ་ཉིད་ནི་འཇིག་རྟེན་གསུམ།། འཇིག་རྟེན་གསུམ་པོ་དེ་ལ་གོམ་པ་གཅིག་ཁོ་ནས་བགྲོད་པའི་ཞབས་དང་གང་ལྡན་པ་དེ་འཇིག་རྟེན་གསུམ་ཉིད་གོམ་གཅིག་བགྲོད།། དེས་ནི་བཅོམ་ལྡན ་འདས་དེའི་རྫུ་འཕྲུལ་ཆེན་པོའི་བདག་ཉིད་ཡང་དག་པར་བསྟན་པ་ཡིནོ།། མཁའ་ལྟར་མཐའ་མེད་རྣམ་པར་གནོན་ནི་མཁའ་ན་མཁའོ།། དེ་ཡོངསུ་མཐའ་ཡས་པ་ནི་མཁའ་ལྟར་མཐའ་མེད་པའོ།། དེ ་རྣམ་པར་གཙུནྡ་པ་ནི་ཕ་རོལ་གནོན་པ་གང་ཡིན་པ་དེ་ནི་མཁའ་ལྟར་མཐའ་མེད་རྣམ་པར་གནོན་ནོ།། ཚིག་དེས་ཀྱང་བཅོམ་ལྡན་འདས་དེའི་སེམས་ཅན་གྱི་དོན་དུ་གནོན་པ་ངེས་པར་སྟོན་པ་ཡིན་ནོ།། ་གྲཝསུམ་རིག་ནི་རིག་བྱེད་རིག་པར་བསྟན་པ་གསུམ་སྟེ། ངེས་བརྗོད་དང་། མཆོད་སྦྱིན་དང་། སྙན་ངག་གི་མཚན་ཉིད་རྣམས་ནི་རིག་བྱེད་གསུམ་པོ་གསུམ་ལྡན་དང་། རྗེ་སུ་ལྟ་བ་དང་། གཏམ ་གྱི་མཚན་ཉིད་ཀྱང་རུང་བ་བསྒྲུབས་པ་འམ་རིག་པས་ན་གསུམ་རིག་བོ།། དེའི་རང་བཞིན་ཡང་བཅོམ་ལྡན་འང་སོ།། ཡང་ན་ཐེག་པ་གསུམ་པོ་ཉིད་ཀྱིས་བསྡུས་པ་སྟེ་སྡེ་སྣོད་གསུམ་གྱི་རང་བཞིན ་རིག་པ་ནི་གསུམ་པོ་སྒྲུབ་པས་སམ་རིག་པས་ནའོ།། ཡང་རྫུ་འཕྲུལ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའི་རང་བཞིན་རིག་ན་གསུམ་རིག་པའོ།། དེ་ཉིད ་ཀྱི་ཕྱིར་ན་གཙུང་མ་ཞེས་པ་སྟེ། རིག་བྱེད་རིག་པའི་རང་བཞིན་ལྟ་བ་ཡིན་ལ། འདུན་པས་འདོད་ཕྱིར་ན་གཙང་མ་ཞེས་གསུངསོ།། བཅོམ་ལྡན་འདས་འཇམ་དཔལ་ཡང་གྲངས ་མེད་པའི་ཐེག་པ་ལ་འདུན་པས་འདོད་པའི་ཕྱིར་ན་གཙང་མ་ཞེས་གསུང་སོ།། དག་པ་ནི་དེས་དག་པར་བྱེད་པས་ན་དག་པ་སྟེ། དག་པའི་རྒྱུ་ཡིན་པའི་ཕྱིར།། དེ་ལྟར་ཡང་བཤད་པ་ཆེན་པོ་ལས་གསུངསོ།། ་སཱ་ལ་ཆུ་ཡིས་ཡོངསུ་དག། ཆུ་ལའང་སྔགས་རྣམས་མཆོག་ཏུ་དག། དེ་ཡང་དུ་སྣ་ཚོད་ཚོགས་པས་དག། དྲང་སྲོང་ཆེན་པོས་ལུང་བསྟེན་གསུདུ་ཀྱེ་གཙུ་ད་དེ་ལྟར་ཡང་བཅོམ་ལྡན་འདས་དག་པ་ཉིད་ཀྱི ་ཕྱིར་ན་དག་པ་ཞེས་གསུངས་སོ།། མངོན་ཤེས་དྲུག་ལྡན་ནི་ལྷའི་རྣ་བྱ་དང་ཕ་རོལ་གྱི་སེམས་ཤེས་པ་དང་། མངོན་གྱི་གནས་རྗེསུ་དྲན་པ་དང་། རྫུ་འཕྲུལ་དང་། ཟག་པ་ཟད་པའི་མངོན་པར་ཤེས ་པོ་རྣམ་སོ།། མངོན་པར་ཤེས་དེ་རྣམས་དྲུག་དང་གང་ལྡན་པ་དེ་མངོན་ཤེས་དྷུ་ག་ལྡ་ནོ།། རྗེས་དྲན་དྲུག་ནི་ཇི་སྐད་གསུངས་པའི་སངས་རྒྱས་རྗེསུ་དྲན་པ་དང་། ཆོས་རྗེ་སུ་དྲན་པ་དང་། དགེ་འདུན ་རྗེསུ་དྲན་པ་དང་། རིགས་རྗེ་སུ་དྲན་པ་དང་། ཁྲོ་བོ་རྗེ་སུ་དྲན་པ་དང་། དམ་ཚིག་རྗེསུ་དྲན་པ་རྣམས།། དེའི་ཕྱིར་རྗེ་སུ་དྲན་པ་དང་། གང་ལྡན་དེ་ལ་དེ་སྐད་གསུངསོ།། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེ།། རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས།། ཤེས་རབ་ཕ་རོལ་ཕྱིན་པའི་མཐའ།། ཤེས་རབ་དེ་ཉིད་དེ་ཉིད་ཐོབ་ཅེས་པ་ནི་དེ་ལ་བྱང་ཆུབ་སེམས་དཔའ་ནི་ཆོས་ཐམསྣ་ཅད་ལ་ཆགས་པ ་མེད་པས་བྱང་ཆུབ་སྟེ། རང་གི་དོན་ཕུན་སུམ་ཚོགས་པ་ལ་སེམས་དཔའི་བློ་དྲང་གང་ལྡན་པ་དེ་བྱང་ཆུབ་སེམས་དཔའོ།། དེ་ལྟར་ཡིན་ན་ཉན་ཐོས་ལ་ཐལ་བར་འགྱུར་རོ།། དེའི་ཕྱིར་གསུངས་པ ་སེམས་དཔའ་ཚ་ཞེས་པཱ་སྟེ། གཞན་གྱི་དོན་ཕུན་སུམ་ཚོགས་པ་ཆེན་པོ་ལ་སེམས་པའི་བྷྱོ་དང་གང་ལྡན་པ་དེ་སེམས་དཔའ་ཆེའོ།། ཆེན་པོ་ཡང་གཞན་དུ་འགྱུར་ཏེ། མུ་སྟེགས་ཀྱི་སྐྱེ་བོ་བཟང ་པོ་ལྟ་བུའོ་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་གསུང་སོ།། དེ་བས་ན་ཚིག་དེ་གཉིས་ཀྱིས་ཉེ་བར་མཚོན་པ་ནི་བཅོམ་ལྡན་འདས་དེ་ཉིད་ཡིན།། དེ་ཡང་འཇིག་རྟེན་འདས་ཤེསྔོ་པ་སྟེ། ་འཁོར་བའི་ཆུ་བོ་ཆེན་པོའི་རྒྱུན་ལྔས་ཀུན་ཏུ་བརྒལ་བའི་ཕྱི་རོ།། རྫུ་འཕྲུལ་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པའི་ཕྱི་རོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའ་ནི ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དེའི་མཐའ་ནི་མཐར་ཕྱིན་ཅིང་འཇུག་བརྟུལ་བར་སོན་པ་གང་ཡིན་པ་དེ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐའོ།། ཤེས་རབ་དེ་ཉིད་ནི་ཤེས་རབ་དེ་ཁོ་ན་སྟེ། ཤེས་རབ་གཉི་སུ་མེད་པའི་ཡེ་ཤེས་ཏེ། བཅོམ་ལྡན་འདས་དེ་ཉིད་།། དེ་ཉིད་ཐོབ་པ ་ནི་གཉིསུ་མེད་པའི་ཡེ་ཤེས་ཁོ་ན་སྟེ། དེ་ཐོབ་ཅིང་མངོན་དུ་གྱུར་པ་གང་ཡིན་དེ་ལ་དེ་སྐུད་ཅེས་གསུང་སོ།། བདག་རིག་གཞན་རིག་ཐམས་ཅད་ལ། ཀུན་ལ་ཕན་པའི་གང་ཟག་མཆོག། དཔེར་བྱ། ་ཀུན་ལ་འདས་པ་སྟེ། ཤེས་དང་ཤེས་བྱའི་བདག་པོ་མཆོག་ཅེས་པ་ནི་དེ་ལ་བདག་རིག་ནི་བདག་ཉིད་རིག་པས་ན་བདག་རིག། གཞན་རིག་ནི་གཞན་རྣམས་རིག་པས་ན་གཞན་རིགོ། ཐམས ་ཅད་ནི་མ་ལུས་པའི་དངོས་པོ་བསྟན་པའི་ཕྱིརརོ།། ཀུན་ལ་ཕན་པ་ནི་ཐམས་ཅད་ལ་ཕནུ་པཱ་བྱེད་པས་ན་ཀུན་ལ་ཕན་པ་སྟེ། འགྲོ་བ་ཀུན་ལ་བུ་གཅིག་པ་བཞིན་དུ་བྱམས་པའི་ཕྱིརརོ།། རྒྱུ་དེའི ་ཕྱིར་ན་གངྒ་ཟག་མཆོག་སྟེ། བེཙམ་ལྡན་འདསོ།། དཔེར་བྱཱ་ཀུནྠ་ལས?་འདུས་པྱཱ་སྟེ་ནི་དངོས་པོ་འདི་ཐམས་ཅངྒ་ཀྱི་དཔེརྱཱ་བྱ་ཀུནོ།། དཔྟེརྻ་བྱཱ་དེ་ཀུན་ལུས་འདས་པ་ཤིན?་ཏྱོ་འདས་པཱ་གང ་ཡིན་པ་དེ་ནི་དཔེར་བྱ་ཀུན་ལས་འདསོ།། ཤེས་བྱ་ནི་གཟུང་བའི་ངོ་བོ་ཉིད་ཀྱི་ཕྱིརརོ།། ཤེས་པའི་བདག་པོ་ནི་འཛིན་པ་པོའི་རང་བཞིན་གྱི་ཕྱིར།། མཆོག་ནི་རབ་ཉིད་ཀྱི་ཕྱིརརོ།། ཆོས་ཀྱི་སྦྱིན ་བཱདགཱ་གཙོ་བོ་སྟེ། ཕྱག་རྒྱ་བཞི་པོའི་དོན་སྟོན་པ།། འགྲོ་བའི་གཉེན་བགུར་གནས་ཀྱི་མཆོག། ངེས་འབྱུང་གསུམ་པོ་བགྲོད་པ་པོ་ཞེས་པ་ནི། དེ་ལ་ཆོས་ཀྱི་སྦྱིན་བདག་ནི་སྐུལ་པ་ཇི་ལྟ་བ་བཞིན་དུ ་ཕྱིན་ཅི་མ་ལོག་པར་ཆོས་ཀྱི་སྦྱིན་པའི་ཕྱིར།། དེ་ཉིད་ཀྱི་ཕྱིར་ན་གཙོ་བོ་ཞེས་བྱ་བ་སྟེ། མངོན་པར་འགྲོ་བར་བྱ་བ་རྣམས་ཀྱི་ནང་ན་མཆོག་སྟེ། བཅོམ་ལྡན་འདས་དེ་ཉིད་དོ།། ཕྱག་རྒྱ་བཞི་པོའི་དྲན ་སྟོན་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་རྣམས་ཀྱི་དོན་ནི་ཕྱག་རྒྱ་བཞིའི་དོན་ཏེ། དེའི་སྟོན་པ་པོ་ནི་རབ་ཏུ་སྟོན་པ་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུའི་རང་བཞིན་ཉིད་ཀྱི་ཕྱིར། ་འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག་ཅེས་བྱའོ།། ངེས་འབྱུང་གསུམ་པོ་ནི་ཉན་ཐོས་ལ་སོགས་པའི་ངེས་པར་འབྱུང་བ་སྟེ། དེས་བགྲོད་པའི་ཚུལ་དང་གང་ལྡན་པ་དེ་ནི་ངེས་འབྱུང་གསུམ་གྱི ་བགྲོད་པའོ།། དེ་བས་ན་ངེས་འབྱུང་གསུམ་གྱིས་བགྲོད་པའི་འགྲོ་བ་ཐམས་ཅད་ཀྱི་བསྙེན་བཀུར་གྱི་གནས་ནི་བཅོམ་ལྡན་འདས་དེ་ཉིད། ཐར་པ་ཐམས་ཅད་ཀྱི་རང་བཞིན་ཉིད་ཀྱི་ཕྱིར་རོ།། དོན་གྱི ་དམ་པ་རྣམ་དག་དཔལ།། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ།། དཔལ་ལྡན་འབྱོར་པ་ཀུན་བྱེད་པ།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག་ཅེས་པ་ནི་དེ་ལ་དོན་དམ་ཆོས་ཀྱི་དབྱིངས་ཀྱི་རྣམ་པར ་དག་པའི་དཔལ་དང་གུང་ལྡན་པ་དེ་ནི་དོན་གྱི་དམ་པ་རྣམ་དགྲ་དཔལ་ཏེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱི་རོ།། དེ་ཉིད་ཀྱི་ཕྱིར་ན་འཇིག་རྟེན་གསུམཱ་ན་སྐལ་བཟང་ན ་འཇིག་རྟེན་གསུམ་པོ་ཁོ་ན་ལ་སྐལ་པ་བཟང་པོ་སྟེ་སེམས་ཅན་ཀུན་གྱི་དོན་བྱེད་པའི་ཕྱིར།། དེ་ལྟར་ཡང་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། སེམས་ཅན་ཀུན་དོན་བྱེད་ཕྱིར་ན།། སྐལ་བཟང ་བཅོམ་ལྡན་རྡོ་རྗེ་ཅན།། གཏན་དུ་མྱ་ངན་འདས་ཕྱིར་ན།། ཉན་ཐོས་ཐམས་ཅད་སྐལ་ངན་ཡིན་ཞེས་གསུངསོ།། ཚེ་ནི་ཀུན་ལ་ཁྱབ་པ་ཉིད་ཀྱི་ཕྱིར་རོ།། དཔལ་ལྡན་ནི་སྐལ་པ་ཕུན་སུམ་ཚོགས་པ་དང ་ལྡན་པ་ཉིད་ཀྱི་ཕྱིར་རོ།། འབྱོར་པ་ཀུན་བྱེད་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྟེན་གྱི་དངོས་པ་ཉིད་ཀྱི་ཕྱིརརོ།། འཇམ་དཔལ་ནི་མཚན་བརྗོད་པ་ཡིནོ།། དཔལ་དང་ལྡན་པའི་མཆོག་ནི་དེ་དང ་ལྡན་པའི་ནང་ན་རབ་ཅེས་པའི་དོནྡ་ཏོ།། དེ་ལྟར་དེ་ནས་ད་ནི་བྱཱ་པཱ་ནན་ཏཱནར་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་བཅོམ་ལྡན་འདས་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཀུན་ཡང་དག་པོར་རིག་པའི་བྱ་བ་སྣ་ཚོགས་མཛད་པའི་ཕྱིར་མ་ལུས་མི་ལུས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་བསམ་པ་ཀུན་ཡོངསུ་རྫོགས་པར ་བྱེད་པ་དེ་ཉིད་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཡོངསུ་ཁྱབ་པར་སོན་པས། མཚན་གྱི་སྔགས་ཀྱི་ཡི་གེ་ཚིག་དགུ་བཅུ་རྩ་ལྔ་རྣམས་རིགས་ཀྱི་དབྱེ་བས་རྣམ་པ་ལྔར ་བགོས་ཏེ། རྣམ་པ་རེ་རེ་ཞིང་ཡང་མཚན་གྱི་ཡི་གེར་གྱུར་པ་རྣམ་པ་བཅུ་དགུ་བཅུ་དགུར་བྱས་ཏེ། དེ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ལེ་ལོ་མེད་པར་བྱས་ནས་དགེ་བའི་ཕྱོགས་ལ་གནས་པར ་བྱས་ཏེ། རང་གི་རྣམ་པར་ཐ་ར་པཱའི་སྒོ་ནས་དེའི་འོད་ཀྱིས་ཡང་དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་གསུལ་བར་བྱས་ནས་ཡང་དེ་རྣམས་སླར་ལྡོག་ནས་གོང་དུ་གསུངས་པའི་མཚན ་ཉིད་རྣམས་ཀྱི་སྔགས་ཀྱི་ཡི་གེའི་ཚིག་རྣམསུ་གྱུར་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་འཁོར་ལོ་ལྔ་པ་ལ་ཇི་ལྟ་བའི་རིམ་པས་རྣམ་པར་གནས་སོ།། ཡང་ཇི་ལྟར་གསུངས་པའི་གཟུགས་སུ ་བདག་ཉིད་དམིགས་ཏེ། སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འཕགས་པ་མཚན་ཡང་དག་པར་བརྗོད་པ་ཀློག་པས་འོག་ནས་འབྱུང་བའི་ཡོན་ཏན་ཐོབ་བོ་ཞེས་པ་ནི་མན་ངག་གོ།། ་འདི་ལ་ཚིགས་བཅང་ནི་བཅོ་ལྔའོ།། མཚན་གྱི་སྔགས་ཀྱི་ཚིག་རྣམས་ནི་དགུ་བཅུ་རྩ་ལྔ་སྟེ་གྲགསོ།། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར ་བལྟ་པ་ལས་བྱ་བ་ནན་ཏན་གྱི་ས་ཤེས་ཀྱི་སྒོ་ནས་བསྟོད་པའི་རིམ་པའི་དབང་དུ་བྱས་པ་སྟེ་བཅུ་པའོ།། ། ད་ནྟི་རྣམ་པར་སྣང་མཛད་ཆེན་པོ་ལ་སོགས ་པ་དེ་བཞིན་གཤེགས་པ་ལྷའི་ཡེ་ཤེས་བདག་ཉིད་ཀྱི་ཚི་གས་བཅད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབུས་ནི་བཞུགས་པ་ལ་བསྟོད་པ་འདི ་ལྦུ་སྟེ། མཆོག་སྦྱིན་ལ་སོགས་པས་ནཱི་མ་ལྕོང་ལྔ་བུའི་ཡེ་ཤེས་ཀྱི་སྒོ་ནསོ།། སངས་རྒྱས་ཚེགས་པཱ་ལ་སོགས་པས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྒོ་ནསོ།། སངས་རྒྱས་འཛུམ་པ་ལ་སྩོགས་པས ་ནཱཾནཱི་སཾ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་སྒོན་སོ།། མེད་པ་ལས་བྱུང་ལྔ་སྔོགས་པས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས།། སྒྱུ་འཕྲུལ་དྲུ་བ་ལ་སོགས་པས་ནཱི་བྱཱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས།། ་ཚིགས་བཅང་ལྔའོ།། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་བལྟ་བ་ལས་ཉེ་བ.རཱ་བསྡུ་བའི་སྒོ་ནས་བསྐྱོད་པའི་རིམ་པའི་དབང་དུ་བྱས ་བ་སྟེ་བཅུ་གཅིག་པ་སྟེ་ཡོངསུ་རྫོགས་སོ།། དེ་ནས་ངན་ཡོན་ཏན་གྱི་སྒོ་ནས་བསྐྱོད་པ་ལ། དེ་ལ་རེ་ཞིག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁྱིར་དང་པོའི་སྒོ་ནས་ཡོན་ཏན་ག ་པ། ཕྱག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་རྡོ་རྗེ་འཛིན་པ་པོས་པ་ནི་དེ་ཁོ་ནས་གསོལ་བ་བཏབ་པའི་ཕྱིརརོ།། དེ་ཁོ་ན་ལྔ་བོས་པ་མཛད་དེ། མཚན ་ཡང་དག་པར་བརྗོད་པ་ཡོན་ཏན་དང་བཅས་པ་གསུངས་པ་སྟེ། དེད་པ་དང་ལྡན་པ་རབ་ཏུ་འཇུག་པའི་ཕྱིར་ན་གསུངས་པ་སྟེ། ཕྱག་ན་རྡོ་རྗེ་རྡོ་རྗེ་འཚོང་འདི་དང་འདི་ནི་ཞེས་པ་ནི། འདི་དང་འདི་ནི ་མཚན་ཡང་དག་པར་བརྗོད་པའོ།། ཀྱེ་ཕྱག་ན་རྡོ་རྗེ་ཞེས་པ་ནི་དབང་བསྐུར་བའི་སྒོ་ནསོ།། རྡོ་རྗེ་འཆང་ནི་ཡེ་ཤེས་ཀྱི་སྒོ་ནསོ།། ཡོན་ཏན་དེ་གཉིས་དང་ལྡན་པས་སྡུད་པར་བྱེད་པ་ཉིད་ཀྱི་དབང་དུ ་བྱས་པའི་ཕྱིར།། བཅོམ་ལྡན་འདས་ཡེ་ཤེས་ཀྱི་སྐུ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་འབྲེལ་པའི་མཚན་ཡང་དག་པར་བརྗོད་པ་ཡིན་ཏེ། ་འདྲ་བ་ཞིག་ཅེ་ན། ཐུན་མོ་མ་ཡིན་པའི་ཡོང་སུ་དག་པ་ཞེས་པ་ནི། དེ་ལ་ཐུན་མོང་ནི་ཉོན་མོངས་པ་དང་འདྲེས་པའོ།། ཉོན་མོངས་པ་རྣམས་དང་ལྷན་ཅིག་མ་འདྲེས་པ་ནི་ཐུན་མོངས་མ་ཡིན ་པ་སྟེ། དག་པའི་རང་བཞིན་ནི། སྲིད་པ་དང་མ་འདྲེས་པ་ཡོང་སུ་དག་པའི་མཚན་ཡང་དག་པར་བརྗོད་པ་དེ་དག་གིས་ཞེས་བསྟན་ཏོ་ཞེས་ཕྱིས་འབྱུང་བའི་ཚིག་དང་འབྲེལ་པ། ཅིའི་དོན་དུ་ཞེ་ན། ་གསུངས་པ། ཁྱོད་ཀྱིས་དགའ་བ་དང་དང་བུ་དང་མགུ་བ་ཆེན་པོ་བླ་ན་མེད་པ་བསྐྱེད་པའི་དོན་དང་ཞེས་པ་ནི། དེ་ལ་དགའ་བ་ནི་སྐྱོ་བྱའོ།། དང་བ་ནི་དད་པ་སྟེ། དེ་ཡང ་ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་རྣམས་ལ་ཡིད་ཆེས་པའོ།། མགུ་བ་ཆེན་པོ་ནི་བརྩོན་འགྲུསོ།། དེ་ཡང་དགེ་བའི་ཆོས་ལ་མངོན་པར་སྤྲོ་བའོ།། ཕྱག་ན་རྡོ་རྗེ་ཁྱོད་ཀྱིས་དེ ་རྣམས་བསྐྱེད་པ་ནི་འབྱུང་བར་བྱ་བའི་དོན་དུའོ།། ལུས་དང་ངག་དང་ཡིད་ཀྱིས་གསང་བ་ཡོངསུ་དག་པར་བྱ་བའི་དོན་དང་ཞེས་པ་ལ། ལུས་དྲུག་ཡིད་རྣམས་ཀྱི་གསང་བུ་ནི་བྱང་ཆུབ་སེམས་རྡོ་རྗེའི ་རང་བཞིན་ཏེ། དེ་ཡོངསུ་དག་པར་བྱ་བའི་དོན་དུའོ།། ཡོངསུ་མ་རྫོགས་པའི་དང་། ཡོངསུ་མ་དག་པའི་སོ་དྲང་། ཕ་རོལ་ཏུ་ཕྱིན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་ཡོངསུ་རྫོགས་པ ་དང་ཡོངསུ་དག་པར་བྱ་བ་དང་ཞེས་པ། ཡོང་སུ་མ་རྫོགས་པའི་ས་རྣམས་དང་ཡོང་སུ་དག་པ་ནི་ཕ་རོལ་ཏུ་ཕྱིན་པ་རྟོགས་རྣམས་ཏེ། ཡོངསུ་མ་རྫོགས་པ་རྣམས་དང་། ཡོང་སུ་མ་དག་པའི་ས་དང་། ་ཕ་རོལ་ཏུ་ཕྱིན་པ་རྣམསོ།། དེ་རྣམས་ཀྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དོ་ཡོངསུ་རྫོགས་པ་དང་ཡོངསུ་དག་པར་བྱེད་པའི་དོན་ཏུའོ།། བླ་ན་མེད་པའི་དོན་མ་རྟོགས་པ་རྟོགས་པར་བྱ་བ་དང ་ཞེས་པ་ནི་བླ་ན་མེད་པའི་དོན་ཡང་དེ་ཡིན་ལ་མ་རྟོགས་པ་ཡང་དེ་ཉིད་ཡིན་པས་བླ་ན་མེད་པའི་དོན་མ་རྟོགས་པ་སྟེ། དེ་རྟོགས་པར་བྱ་བའི་དོན་ཏུའོ།། མ་ཐོབ་པ་ཐོབ་པར་བྱ་བ་དང་ཞེས་པ་ནི་མ་ཐོབ་པའི་སངས ་རྒྱས་ཀྱི་ཆོས་ལྔ་སོགས་པ་ཐོབ་པར་བྱ་བའི་དོན་དུའོ།། ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་ཡང་དྲག་པར་གཟུང་བའི་ཕྱིར་ཞེས་པ་ནི་སྲིད་ཀྱི་སྒྲའི་རིམ་པ་ལ་ལྟོས་པའོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་གཉི་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཡང་དག་པར་གཟུང་བར་བྱ་བའི་དོན་དུ་ངས་བཤད་ཅིང་ཞེས་པ་ནི་བྱང་ཆུབ་སེམས། ་རྡོ་རྗེའི་རང་བཞིན་གྱི་སྒོ་ནསོ།། བསྟན་ཏེ་ཞེས་པ་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནུསོ།། བཀྲོལ་ཞིང་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནསོ།། རྣམ་པར་ཕྱེ་ལ་ཞེས་པ ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནསོ།། བྱིན་གྱིས་བརླབས་པར་བྱའོ་ཞེས་པ་ནི་བྱ་བ་ནིནཱ་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནསོ།། ཀྱེ་ལག་ན་རྡོ་རྗེ་ཞེས་པ་ནི་བོད་པའི་དོན་ཏོ།། འདི་ནི་ཞེས་པ་ནི་མཚན་ཡང་དགྲ ་པར་བརྗོད་པའི་ཞེས་པའི་དོན་དོ།། ངས་ཞེས་པ་ནི་ཤཱཀྱ་ཐུབ་པ་ངས་ཞེས་པའི་དོན་ཏོ།། ཁྱོད་ཀྱི་རྒྱུད་ལ་ཞེས་པ་ནི་ཁྱོད་ཀྱི་སེམས་ཀྱི་རྒྱུད་ལའོ་ཞེས་པའི་དོན་ཏོ།། གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད ་ཀྱོ་བྱིན་གྱིས་བརླབས་ཀྱིས་རློབ་ཞེས་པ་ནི་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད་ནི་གསང་སྔགས་ཐམས་ཅད་ཀྱི་ཆོས་ཉིད། སྟོང་པ་ཉིད་།། དེ་བྱིན་གྱིས་བརླབས་པ་ནི་བརྟན ་པར་བྱེད་པའོ།། འཁོར་ལོ་དང་པོའི་ཡོན་ཏན་ཏེ། ཚིགས་བཅད་བཅུ་གཅིག་སྟེ་གྲང་སོ།། དེ་ནི་འཁོར་ལོ་གཉིས་པའི་ཕན་ཡོན་གྱི་དབང་དུ་བྱས་ཏེ་གསུངས་པ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང ་མཚན་ཡང་དག་པར་བརྗོད་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤན་ཏུ་དག་ཅིང་ཡོངསུ་བྱང་བའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། སྐུ་དང་གསུང་དང་ཐུགས་གསང་བར་གྱུར་བའོ།། ་ཞེས་པ་ལ། ཀུན་ནས་ཡོང་སུ་བྱང་བ་ནི་ཤིན་ཏུ་ཡོང་སུ་དག་ཅིང་ཡོངསུ་བྱང་བ་ཡང་དེ་ཡིན་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་དེ་ཉིད་ཡིན་པས་ཤིན་ཏུ་དག་ཅིང་ཡོངསུ་བྱང་བའི་ཐམས་ཅད་མཁྱེན ་པའི་ཡེ་ཤེསོ།། དེའི་སྐུ་གསུང་ཐུགས་ཀྱི་ཆ་རྣམས་གསང་བར་གྱུར་པ་ནི་སྣང་བ་མ་ཡིན་པའི་ངོ་བོ་ཉིད་ཀྱི་ཕྱི་རོ།། སངས་རྒྱས་ཀྱི་བྱང་ཆུབ་བོ་ཞེས་པ་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི། ་སངས་རྒྱས་ཀྱི་བྱང་ཆུབ་ཏེ། ཉན་ཐོས་ཀྱི་བྱང་ཆུབ་མ་ཡིན་ཞེས་པའི་དོན་ཏོ།། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མངོན་པར་རྟོགས་པའོ་ཤེས་པ་ནི་མངོན་པར་རྟོགས་པ་ནི་ཡ ་ཤེས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའོ་ཞེས་པ་ནི་དེའི་གོང་ན་མེད་པའི་ཕྱིར་བླ་ན་མེད་པའོ།། བདེ་བར་གཤེགས་བྱ་རྣམས་ཀྱི་ཆོས་ཀྱི ་དབྱིངས་ཐུགསུ་ཆུད་པའོ།། ཞེས་པ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཕྱིརརོ།། རྒྱལ་བ་རྣམས་ཀྱིས་བདུད་ཀྱི་སྟོབས་ཐམས་ཅད་ཕམུ་པར་མཛད་པའོ་ཞེས་པ་ནི། བདུད་བཞིའི་སྟོབས་ཀྱིས་མི་ཐུབ་པའི ་ཕྱིརོ།། སྟོབས་བཅུ་དང་ལྡན་པ་ཐམས་ཅད་ཀྱི་སྟོབས་བཅུ་ཉིད།། ཞེས་པ་ནི་སྟོབས་བཅུ་ནི་གོང་དུ་གསུངས་པའི་མཚན་ཉིད་།། དེ་རྣམས་དང་གང་མཚན་ཡང་དག་པརུ་བརྗོད་པ་དང་ལྡན་པར ་སྟོབས་བཅུའོ།། དེའི་དངོས་པོ་ནི་སྟོབས་བཅུ་ཉིད།། ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ནི་ཐམས་ཅད་མཁྱེན་པ་ཉིད་དོ་ཞེས་པ་ནི་ཐམས་ཅད་ཤེས་པ་ན་ཐམས་ཅད་མཁྱེན་པའོ།། དེའི་ངོ་བོ་ནི ་ཐམས་ཅད་མཁྱེན་པ་ཉིད། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ལུང་ཞེས་བྱ་བ་ན་གཞན་ལས་འོངས་པའི་ཕྱིར་ལུ་།། དེ་ཡང་རྣམ་པ་གཉིས་ཏེ། ལུང་གི་མཚན་ཉིད་དང་། རྟོག་པའི་མཚན ་ཉིད་དོ།། སངས་རྒྱས་ཐམས་ཅད་ཀྱི་ཡང་དག་པར་གྲུབ་པའོ།། ཞེས་པ་ནི་ཉན་ཐོས་ལ་སོགས་པར་སངས་རྒྱས་ཀྱིས་ཏེ། ཉན་ཐོས་ལ་སོགས་པའི་སངས་རྒྱས་ཀྱི་རང་གི་ངོ་བོས་མངོན་ཏུ་བྱེད ་པའི་ཕྱི་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པའི་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དགྲ་པའོ་ཞེས་པཱ་ནཱི། ་ཤིན་ཏུ་རྣམ་པར་དག་པ་ཡང་དེ་ཡིན་ལ་དྲི་མ་མེད་པ་ཡང་དེ་ཉིད་ཡིན་པས་ན་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དྲུག་པ་སྟེ། དེ་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་ཡིན་ལ་དྲི་མ་མེད་ཅིང་ཤེན ་ཏུ་རྣམ་པར་དག་པ་ཡང་དེ་ཉིད་པས་ན་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའི་བསོད་རྣམས་དང་ཡེ་ཤེས་ཀྱི་ཚོགས་ཡོང་སུ་རྫོགས་པའི་དྲི་མ་མེད་ཅིང་ཤིན་ཏུ་རྣམ་པར་དག་པའོ།། དེ་ཡོངས་སུ ་རྫོགས་པ་གང་ཡིན་པ་དེ་ནི་མཚན་ཡང་དག་པར་བརྗོད་པ་སྟེ། དེ་དང་གང་ལྡན་པ་དེ་ལ་དེ་སྐད་ཅེས་གསུངསོ།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྐྱེ་གནསོ་ཞེས་པ་ནི་སྐྱེ་གནས་ནི་དེ ་རྣམས་ཀྱི་འབྱུང་བའི་གནས་ཉིད་ཀྱི་ཕྱིརརོ།། ལྷ་དང་མི་ཐམས་ཅད་ཀྱི་ཕུན་སུམྨེ་ཚོགས་པ་ཐམས་ཅད་ཀྱི་ཞི་དྲོ་ཞེས་པ་ནི། དེ་ལ་ཞིང་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་འབྱུང་གནས་ཀྱི་ཕྱིརོ།། ཐེག ་པ་ཆེན་པོའི་གཞི་པོ་ཞེས་པ་ནི་སྔར་མཚན་ཉིད་གསུངས་པའི་ཐེག་པ་ཆེན་པོའི་གནས་པའི་ངོ་བོ་ཉིད་ཀྱི་ཕྱིརརོ།། བྱང་ཆུབ་སེམས་དཔའི་སྤྱོད་པ་རྣམས་ཀྱི་འབྱུང་ཁུང་སོ་ཞེས་པ་ནི། དེ་ལ་འབྱུང ་ཁུངས་ནི་སྐྱེ་བའི་གནས་ཉིད་ཀྱི་ཕྱིརརོ།། འཕགས་པའི་ལམ་ཐམས་ཅད་ཀྱི་མཐའོ་ཞེས་པ་ནི། དེ་ལ་མཐའ་ནི་མཇུག་བསྡུ་བའོ།། རྣམ་པར་གྲོལ་བ་རྣམས་ཀྱི་བརྟག་པའོ་ཞེས་པ་ནི་དེ་ལ་བརྟག་པ་ནི་ཡོངསུ ་བརྟག་པའི་གནས་ཏེ། ཇི་ལྟར་གསེར་ལ་སྲེག་པ་དང་བཅད་པ་དང་བདུར་བའི་གནས་ལྟ་བུའོ།། ངེས་པར་འབྱུང་བའི་ལམ་སྐྱེ་བའི་གནསོ་ཞེས་པ་ནི་མྱ་ངན་ལས་འདས་པའི་ཐབས་ཀྱི་རྒྱུར་གྱུར་པ་ཡིན ་པའི་ཕྱིརརོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་མི་འཆང་ངོ་ཞེས་པ་ནི། དེ་ལ་གདུང་མི་འཆད་པ་ནི་རྒྱུན་རྣམ་པར་མི་འཆད་པ་སྟེ། དེ་བཞིན་གཤེགས་པའི་བྱ་བ་བྱེད་པའི་ཕྱིར་རོ།། བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོའོ།། རིགས་དང་རྒྱུད་རབ་ཏུ་འཕེལ་བའོ་ཞེས་པ་ནི་དེ་ཁོ་ནར་ཕུལ་དུ་བྱུང་བས་མཆོག་ཏུ་དགའ་བ་འཕེལ་བར་འགྱུར་རོ།། ཕ་རོལ་རྒོལ་བ་ཐམས་ཅད་ཚར་གཅོད་པའི ་ཞེས་པ་ནི་གང་གིས་ཚར་གཅོད་པར་བྱེད་པ་གཅོད་པའོ།། དེ་ལྟར་ཡང་དཔལ་བདེ་མཆོག་གི་རྒྱུད་ལས་གསུངས་པ། ཁ་ཅིག་ཕ་རོལ་མུ་སྟེགས་རྣམས།། ཆོས་དང་མཐུན་པར་ཚར་གཅོད་དྲོ་ཞེསོ།། ་མུ་སྟེགས་ཐམས་ཅད་རྣམ་པར་འཇོམས་པའོ་ཞེས་པ་ནི། དེ་ལ་འཇོམས་པ་ནི་རང་གི་ཆེ་བའི་བདག་ཉིད་རབ་ཏུ་བསྟན་པའི་སྒོ་ནས་སྤ་བཀོང་བར་བྱེད་པ་སྟེ། དཔེར་ན་ལྷ་ལས་བབས་པའི་ཚེ་ལྟ ་བུའོ།། བདུད་བཞིའི་སྟོབས་ཀྱི་དཔུང་དང་སྡེ་ཕམ་པར་བྱེད་པའོ་ཞེས་པ་ནི། དེ་ལ་སྟོབས་ནི་ཡན་ལག་བཞིའི་སྟོབསོ།། དཔུང་ནི་རྣམ་པར་བཀོད་པའོ།། དེ་ནི་བསྡུས་པའོ།། ་དེའི་ཕྱིར་ན་དོན་འདི་ལྟར་འགྱུར་རོ།། བདུད་བཞི་རྣམས་ཀྱི་སྟོབས་དང་དཔུང་དང་སྡེ་ཕམ་པར་བྱེད་པའི་མཚན་ཡང་དག་པར་བརྗོད་པ་དེའོ།། སེམས་ཅན་ཐམས་ཅད་ཡང་དག་པར་བསྡུད་པའོ་ཞེས་པའི་དེ་ལ ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པའི་མཚན་ཉིད། དེ་ཉིད་དེས་བསྡུས་པ་ནི་བསྡུས་པའོ།། ངེས་པར་འབྱུང་བ་བགྲོད་པ་ཐམས་ཅད་ཀྱི་འཕགས་པའི་ལམ་ཡོངསུ ་སྨོན་པའོ་ཞེས་པ་ད་། དེ་ལ་འཕགས་པའི་ལམ་ཡོངསསུ་སྨིན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡོངསསུ་སྨིན་པ་ཉིད།། ཚངས་པའི་གནས་པ་བཞི་ལ་གནས་པ་རྣམས་ཀྱི་ཏིང་འཛིན་ཏོ་ཞེས ་པ་ནི། དེ་ལ་ཏིདྡྷེ་འཛིན་ནི་ཉེ་བར་བརྟགས་པའི་གཞི་ལ་སེམས་རྩེ་གཅིག་པའོ།། དེ་ཡང་བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་རྣམས་ཀྱིའོ།། སེམས་རྩེ་གཅིག་པ་རྣམས་ཀྱི་བསམ ་གཏན་ནོ་ཞེས་པ་ནི། དེ་ལ་བསམ་གཏན་ནི་རྟོག་དཔྱོད་དང་དགའ་བདེ་ཞེས་བྱ་བའོ།། ལུས་དང་ངག་དང་ཡིད་འདུལ་བ་ལ་བརྩོན་པ་རྣམས་ཀྱི་རྣལ་འབྱོརརོ་ཞེས་པ་ནི། དེ་ལ་རྣལ་འབྱོར་ནི་སེམས་ཙམ་ལ ་སྙོམས་པར་འཇུག་པའོ།། ཀུན་ཏུ་སྦྱོར་བ་ཐམས་ཅད་དང་བྲལ་བའོ་ཞེས་པ་ནི། དེ་ལ་ཀུན་ཏུ་སྦྱོར་བ་དགུ་དང་བྲལ་བ་སྟེ། ཀུན་ཏུ་སྦྱོར་བ་དགུ་ནི་རྗེ་སུ་ཆགས་པའི་ཀུན་ཏུ་སྦྱོར་བ་དང་། ཁོང་ཁྲོ་བའི ་ཀུན་ཏུ་སྦྱོར་བ་དང་། ང་རྒྱལ་གྱི་ཀུ་ན་ཏུ་སྦྱོར་བ་དང་། མ་རིག་པ་ཀུན་ཏུ་སྦྱོར་བ་དང་། ལྟ་བའི་ཀུན་ཏུ་སྦྱོར་བ་དང་། མཆོག་ཏུ་འཛིན་པའི་ཀུན་ཏུ་སྦྱོར་བ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་དང་། ཕྲག་དོག ་གི་ཀུན་ཏུ་སྦྱོར་བ་དང་། སེར་སྣའི་ཀུན་ཏུ་སྦྱོར་བ་རྣམསོ།། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ཐམས་ཅད་སྤོང་བའོ་ཞེས་པ་ནི་འདོད་ཆགས་ལ་སོགས་པ་དང་ཁོང་ཁྲོ་བ་ལ་སོགས་པ་རྣམས ་སྦྱོང་བའོ།། སྒྲིབ་པ་ཐམས་ཅད་ཉེ་བར་ཞི་བོའོ་ཞེས་པ་ནི་ཤེས་བྱ་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་སྒྲིབ་པ་རྣམས་གཏན་དུ་མེད་པའོ།། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའོ་ཞེས་པ ་ནི་འདོད་ཆགས་དང་ཞེ་སྡངྒ་དང་གཏི་མུག་གི་འཆིང་བ་རྣམས་ལས་གྲོལ་བའི་རྒྱུ་ཉིད་ཀྱི་ཕྱིར་རོ།། ཕུང་པོ་ཐམས་ཅད་ལས་ཐར་པའི་ཞེས་པ་ནི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པའི་མཚན་ཉིད་དེ། ་དེ་དག་གི་རང་བཞིན་ཉིད་ཀྱི་ཕྱིརརོ།། སེམས་ཀྱི་གཡེང་བ་ཐམས་ཅད་ཞི་བའོ་ཞེས་པ་ནི་ཞི་བར་བྱེད་པས་ཞི་བ་སྟེ་ཞི་བར་གནས་པ་ཉིད་ཀྱི་ཕྱིརརོ།། འབྱོར་པ་ཐམས་ཅད་ཀྱི་འབྱུང་གནསོ་ཞེས་པ་ནི་འཇིག ་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་འབྱོར་པའི་འབྱུང་གྲནས་ཉིད་ཀྱི་ཕྱིརརོ།། རྒུད་པ་ཐམས་ཅད་སེལ་བའོ་ཞེས་པ་ནི་སྐྱོན་ཐམས་ཅད་སྤོང་བའི་ངོ་བོ་ཉིད་ཀྱི་ཕྱིརརོ།། ་ངན་སོང་གི་སྒོ་ཐམས་ཅད་གཅོད་པའོ་ཞེས་པ་ནི་དམྱལ་བ་དང་། ཡི་དྭགས་དང་། བྱོལ་སོང་གི་བདག་ཉིད་ཀྱི་ངན་སྟོང་གི་སྒོ་རྣམས་གཅོད་པའི་ཕྱིརརོ།། རྣམ་པར་གྲོལ་བའི་གྲོང་ཁྱེར་གྱི་ལམ་བཟུང ་པོའོ་ཞེས་པ་ནི་ལམ་རྣམས་ཀྱང་དེ་ཡིན་ལ་བཟང་པོ་ཡང་དེ་ཉིད་ཡིན་པས་ལམ་བཟང་པོའོ།། འཁོར་བའི་འཁོར་ལོས་མི་འཇུག་པའོ་ཞེས་པ་ནི་རབ་ཏུ་འཇུག་པ་ནི་འཇུག་པའོ།། འཇུག་པ་མེད་པ་ནི་མི ་འཇུག་པའོ།། ཆོས་ཀྱི་འཁོར་ལོ་བསྐོར་བའོ་ཞེས་པ་ནི་སྐུལ་པ་ཇི་ལྟར་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིརརོ།། དེ་བཞིན་གཤེགས་པའི་བསྟན་པའི་གདུགས་དང་རྒྱལ་མཚན་དང་བ་དན ་བསྒྱིང་བའོ་ཞེས་པ་ནི། ཕྱི་རོལ་པ་དང་ཉན་ཐོས་ལ་སོགས་པ་རྣམས་ཀྱི་བསོད་ནམས་ཟིལ་གྱིས་གནོན་པའི་གདུགས་དང་རྒྱལ་མཚན་དང་། བཱ་དན་བསྐྱུང་བ་ནི་མཚན་ཡང་དག་པར་བརྗོད ་པ་ཉིད་ཀྱི་ཕྱིརོ།། ཆོས་ཐམས་ཅད་བསྟན་པའི་གནསོ་ཞེས་པ་ནི་གནས་ནི་བརྟན་པར་བྱེད་པའོ།། བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་མྱུར་དུ་འགྲུབ་པར ་ཞེས་པ་ལ། དེ་ལ་མྱུར་དུ་འགྲུབ་པ་ནི་ཡང་སྤྱོད་པ་ལ་མི་བལྟོས་པ་ཉིད་ཀྱིས་མྱུར་དུ་འགྲུབ་པའོ།། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྒོམ ་པ་རྟོགས་པ་པོའོ་ཞེས་པ་ལ། བསྒོམ་པ་ནི་ཡང་དང་ཡང་དུ་གོམས་པའོ།། རྟོགས་པ་ནི་མངོན་དུ་བྱེད་པའོ།། གཉིསསུ་མེད་པར་སོ་སོར་རྟོག་པ་པོ་སྒོམ་པ་ལ་མངོན་པར་བརྩོན་པ་རྣམས་ཀྱི་སྟོང ་པ་ཉིད་སོ་སོར་རྟོགས་པ་ནི་ཡང་དང་ཡང་དུ་འབིགས་པའོ།། སྟོང་པ་ཉིད་ལ་སོ་སོར་རྟོགས་པ་ནི་སྟོང་པ་ཉིད་ལ་སོ་སོར་རྟོགས་པའོ།། ཕ་རོལ་ཏུ་ཕྱིན་པ་དང་ཚོགས་ཐམས་ཅད་ངེས་པར་འགྲུབ ་པའོ་ཞེས་པ་ལ་ངེས་པར་གྲུབ་པ་ནི་ཕུན་སུམ་ཚོགས་པ་རྫོགས་པའོ།། ས་ཐམས་ཅད་ཡོང་སུ་རྫོགས་པའི་ཡོངསུ་དག་པའོ་ཞེས་པ་ནི། ཀུན་ཏུ་ཡོངསུ་དག་པ་ནི་ཀུན་ཏུ་ཡོངསུ་དག་པའོ།། འཕགས ་པའི་བདེན་པ་བཞི་པོ་ཡང་དག་པའོ་ཞེས་པ་ནི་གྲུབ་པ་ནི་རྟོགས་པའོ།། ཆོས་ཐམས་ཅད་ཀྱི་དྲན་པ་ཉེ་བར་གཞག་པ་བཞི་པོ་རྣམས་ཀྱི་ཆོས་ཐམས་ཅད་སེམས་རྩེ་གཅིག་གིས་རྟོགས་པའོ་ཞེས ་པ་ནི། དེ་ལ་ཆོས་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ།། དེ་རྣམས་ལ་སེམས་རྩེ་གཅིག་གིས་དམིགས་པ་ཉིད་ཀྱིས་དེ་རྟོགས་པའོ།། དེའི་དོན་ནི་བཤད་ཟིན་ཏོ།། མཚན་ཡང་དག་པར་བརྗོད ་པ་འདི་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་བཱར་དུ་ཡོངསུ་རྫོགས་པར་བྱེད་པའོ་ཞེས་པའི་བར་དུའོ།། རྣམ་པར་སྣང་མཛད་ཆེན་པོའི་འཁོར་ལོ་གཉིས་པའི་ཡོན ་ཏནྡ་ཏེ་ཚིག་རྐང་ལྔ་བཅུ་རྩ་གཉིས་སོ།། དེ་ནས་ད་ནི་འཁོར་ལོ་གསུམ་པའི་ཡོན་ཏན་གྱི་དབང་དུ་བྱོས་ནས་གསུངས་པ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་མཚན་ཡང་དག་པར་བརྗོད ་པ་འདི་ནི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་དང་ཡིད་ལ་ཀུན་ཏུ་སྤྱོད་པའི་སྡིག་པ་མ་ལུས་པར་རབ་ཏུ་ཞི་བར་བྱེད་པར་རོ་ཞེས་པ་ནི་མ་ལུས་མི་ལུས་པའི་ལུས་ངག་ཡིད་གསུམ་གྱི་སྤྱོད ་པ་སྟེ། ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་སྡིག་པ་གང་ཡིན་པ་ཞི་བར་བྱེད་པའོ།། སེམས་ཅན་ཐམས་ཅད་ཀྱི་ངན་སཽང་ཐམས་ཅད་རྣམ་པར་སྦྱོང་བའོ།། ངན་འགྲོ་ཐམས་ཅད་བཟློག་པའོ།། ་ཞེས་པ་ནི་ངན་འགྲོ་ཐམས་ཅད་ལས་ཏེ་གསུམ་ལས་བཟློག་པ་ནི་ངན་འགྲོ་ཐམས་ཅད་ལས་བཟློགས་པའོ།། ལས་ཀྱི་སྒྲིབ་པ་ཐམས་ཅད་ཡང་དོག་པར་གཅོད་པའོ་ཞེས་པ་ནི་ལས་ཀྱི་སྒྲིབ་པ ་ཐམས་ཅད་ཡང་དག་པར་གཅོད་པའི་ཕྱིརརོ།། མི་ཁོམ་པ་བརྒྱད་པོ་ཐམས་ཅད་ཀྱི་སྐྱེ་བའི་རྒྱུན་མི་སྐྱེ་བར་བྱེད་པའོ་ཞེས་པ་ནི། དེ་ལ་མི་ཁོམ་པ་ཐམས་ཅད་ནི། ཁོམ་པ་དང་གོ་སྐབས ་ཡོད་པ་དང་ལོང་ཡོད་པ་ཞེས་པ་ནི་དོན་ངེས་ཀྱི་གྲངས་ཏེ། མངོན་པར་རྟོགས་པའི་གོ་སྐབས་མེད་པའི་ཕྱིར་ན་མི་ཁོམ་པ་ཞེས་གསུངསོ།། དེ་ཡང་བརྒྱད་དེ། འདི་ལྟ་སྟེ། དམྱལ་བར་སྐྱེ་བ ་དང་། བྱོལ་སོང་དུ་སྐྱེ་བ་དང་། ཡི་དྭགསུ་སྐྱེ་བ་དང་། མཐའ་འཁོབ་དུ་སྐྱེ་བ་དང་། གཟུགས་མེད་པ་དང་འདུ་ཤེས་མེད་པའི་སྲིད་པར་སྐྱེ་བ་དང་། ལོང་བ་དང་འོན་པ་དང་གླེན་པོ་ལ ་སོགས་པར་སྐྱེ་བར་འགྱུར་བ་དང་། ལྟ་བ་ལོག་པ་ཉིད་དང་། སངས་རྒྱས་མེད་པའི་བསྐལ་པ་ལ་སྐྱེས་པ་རྣམ་སོ།། འཇིགས་པ་ཆེན་པོ་བརྒྱད་རྣམས་པར་ཞི་བར་བྱེད་པའི།། རྨི་ལམ ་དྲན་པ་ཐམས་ཅད་སེལ་བར་བྱེད་པའོ།། ལྟ་བ་ངན་པ་ཐམས་ཅད་སེལ་བར་བྱེད་པའོ།། བརྡ་ངས་དང་དོགྲ་བགེགས་ཐམས་ཅད་ཞི་བར་བྱེད་པའོ།། བདུད་ཀྱི་དགྲའི་ལས་ཐམས་ཅད་རིང་དུ ་སྤོང་བར་བྱེད་པའོ།། དགེ་བའི་རྩ་བ་དང་བསོད་ནམས་ཐམས་ཅད་འཕེལ་པོར་བྱེད་པའོ་ཞེས་པ་རྣམས་ཀྱི་དོན་གོ་བར་ཟད།། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཐམས་ཅད་མི་སྐྱེ་བར ་བྱེད་པའོ་ཞེས་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ནི་ཏིང་འཛིན་གྱི་མི་མཐུན་པའི་ཕྱོགསུ་གྱུར་པ་རྣམས་མེད་པར་བྱེད་པའི་ཕྱིརརོ།། རྒྱགས་པ་དང་། དྲོགས་པ་དང་། ང་རྒྱལ་དང་། ་ང་ཡིར་འཛིན་པ་ཐམས་ཅད་མ་ལུས་པར་འཇོམས་པར་བྱེད་པའོ་ཞེས་པ་ནི། དེ་ལ་རྒྱགས་པ་ནི་རང་གི་ཕུན་སུམ་ཚོགས་པ་ལ་ཆགས་པ་དང་དགའ་བའི་སེམས་ཀྱི་ཞེན་པའོ།། ་དྲེགས་པ་ནི་བདག་ཏུ་འཛིན་པའོ།། ང་རྒྱལ་ནི་ཁེངས་པའོ།། ང་ཡིར་འཛིན་པ་ནི་བདག་གྲིར་འཛིན་པའོ།། དེ་རྣམས་མ་ལུས་པར་འཇོམས་པར་བྱེད་པ་དེ་ལ་དེ་ལྟར་གསུངསོ།། སྡུག་བསྔལ་བ་དང་ཡིད་མ ་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའོ་ཞེས་པ་ནི། དེ་ལ་ལུས་དང་ཡིད་ལས་སྐྱེས་པའི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་མི་སྐྱེ་བར་བྱེད་པའི་ཕྱིརརོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང ་པོར་གྱུར་པའོ་ཞེས་པ་ནི་འདི་ལས་སྐྱེས་པའི་ཕྱིརརོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསེང་བར་གྱུར་པ་ནི་སྦ་བར་བྱ་བ་ཀྱི་ཕྱིར།། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར ་པ་ནི་རབ་ཏུ་མ་བསྟན་པའི་ཕྱིརརོ།། ཕྱོག་རྒྱ་དང་གསང་སྔགས་ཐམས་ཅད་དོ།། ཞེས་པ་ནི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་བརྒྱ་བཞིའོ།། གསང་སྔགས་ཐམས་ཅད་ནི་སྙིང་པོ་ལ་སོགས་པ་རྣམས་ཏེ། དེའི་བདག ་ཉིད་ཡིན་པའི་ཕྱིརརོ།། ཆོས་ཐམས་ཅད་བརྗོད་དུ་མེད་པའི་སྨྲ་བ་རྣམས་ཀྱི་དྲན་པ་དང་ཤེས་བཞིན་ཡང་དག་པར་བསྐྱེད་པའོ་ཞེས་པ་ནི། ཆོས་ཐམས་ཅད་ནི་ཕུང་པོ་ལ་སོགས་པ་རྣམསོ།། དེ་རྣམས་ཀྱི ་བརྗོད་དུ་མེད་ནི་བརྗོད་པར་བྱ་བ་མ་ཡིན་པ་ཉིད།། དེ་སྨྲ་བའི་ཚུལ་དང་གང་ལྡན་པ་དེ་དེ་ལྟར་གསུངསོ།། དེ་བས་ན་དེ་རྣམས་ཀྱི་དྲན་པ་ནི་འདྲིས་པའི་དངོས་པོ་ལ་སེམས་ཀྱིས་མི་བརྗེད་པར་སེམས་ཀྱི་མངོན ་པར་བརྗོད་པ་ཉིད།། ཤེས་བཞིན་ནི་ལུས་ངག་གི་རང་དབྱུང་དུ་གནས་པ་སྟེ། དེ་གཉིས་ཡང་དག་པར་བསྐྱེད་པར་བྱ་བའི་དོན་ཏོ།། བླ་ན་མེད་པའི་ཤེསྣ་རབ་བསྐྱེད་པ་དང་ཡིད་གཞུངས་པར་བྱེད་པའོ། ་ཞེས་པ་ནི་ཤེས་རབ་དང་ཡིད་གཞུངས་པར་བྱེད་པ་གཉིས་ནི་ཤེས་རབ་དང་ཡང་གཞུངས་པའོ།། བླ་ན་མེད་པོའི་ཤེས་རབ་དང་ཡིད་གཞུངས་པར་བྱེད་པའི་ཚུལ་དང་གང་ལྡན་པ་དེ་ལ་དེ་ལྟརོ།། ནད་མེད ་བ་དང་། སྟོབས་དང་། དབང་ཕྱུག་ཕུན་སུམ་ཚོགས་པར་བྱེད་པའོ་ཞེས་པ་ནི། དེ་ལ་ནད་མེད་པར་བྱེད་པ་ནི་ནད་མེད་པ་ཉིད་སྟོབས་ནི་ལུས་ཀྱི་ནུས་པའོ།། དབང་ཕྱུག་ནི་གླང་པོ་ཆེ་དང་རྟ་ལ་སོགས་པའོ།། ་ཕུན་སུམ་ཚོགས་པ་ནི་ནོར་དང་འབྲུ་ལ་སོགས་པའོ།། དེ་ཀུན་བྱ་བའི་ཚུལ་དང་གང་ལྡན་པ་དེ་ལ་དེ་ལྷོར་གསུངསོ།། དཔལ་དང་། དགའ་བ་དང་། ཞི་བ་དང་། ལེགས་པ་རབ་ཏུ་འཕེལ་བར་བྱེད་པའོ།། ་ཞེས་ན། དེ་ལ་དཔལ་ནི་གཡང་ངོ་།། དགེ་བ་ནི་བཟང་བའོ།། ཞི་བ་ན་བདེ་ལེག་སོ།། ལེགས་པ་ནི་བཀྲ་ཤིས་ཏེ་དེ་རྣམས་རབ་ཏུ་འཕེལ་བར་བྱེད་པའི་ཕྱིརོ།། གྲགས་པ་དང་། སྙན་པ་དང་།། ཚིགསུ ་བཅད་པ་དང་། བསྟོད་པ་གྲགས་པར་བྱེད་པའོ་ཞེས་པ་ནི། དེ་ལ་སྙན་པ་ནི་ཆོས་ཀྱི་སྦྱིན་པའི་སྒོ་ནསོ།། གྲགས་པ་ནི་ཟང་ཟིང་གི་སྦྱིན་པའི་སྒོ་ནསོ།། ཚོགསུ་བཅད་པ་ནི་མ ་འཇིགས་པའི་སྦྱིན་པས་སོ།། བསྟོད་པ་ནི་དབང་བསྐུར་བའི་སྦྱིན་པས་སོ།། དེ་ཡང་དེ་རྣམས་ཀྱི་སྦྱིན་པ་བཞི་པོ་འདི་རྣམས་རབ་ཏུ་སྟོན་པར་བྱེད་པའི་ཕྱིར་རོ།། ནང་དང་འཇིགས་པ་ཆེན་པོ་ཐམས ་ཅད་རབ་ཏུ་ཞི་བར་བྱེད་པའོ་ཞེས་པ་ནི་ནཱང་ཐམས་ཅད་ཁོ་ན་འཇིགས་པ་ཆེན་པོ་རྣམས་ཡིན་པས་ནང་ཉིད་འཇིགས་པ་ཆེན་བློའོ།། དེ་རྣམས་རབ་ཏུ་ཞི་བར་བྱེད་པའོ།། ཤིན་ཏུ་རྣམ་པར་དག་པ་རྣམས་ཀྱི ་ཡང་ཤིན་ཏུ་རྣམ་པར་དག་པའོ།། ཤིན་ཏུ་དག་པར་བྱེད་པ་རྣམས་ཀྱི་ཡང་ཤིན་ཏུ་དག་པར་བྱེད་པའོ་ཞེས་པ་ནི། ཧ་ར་ནི་རྐྱེན་གྱི་སྒོ་ནསོ།། རབ་ཏུ་བྱུང་པོ་རྣམས་ཀྱི་ཡང་རབ་ཏུ་བྱུང་བའོ།། རབ་ཏུ ་བཀྲ་ཤིས་པ་ཐམས་ཅད་ཀྱི་ཡང་རབ་ཏུ་བཀྲ་ཤྲཱིས་པའོ་ཞེས་པ་ནི་ཏ་མའི་རྐྱེན་གྱི་རང་བཞིན་བསྟན་པ་ཡིན།། སྐྱབས་འདོད་པ་རྣམས་ཀྱི་ཡང་སྐྱེ་བོ་སོ་ཞེས་པ་ནི་སྐྱབས་ཉིད་དོ།། གནས་མེད་པ ་རྣམས་ཀྱི་གནསོ་ཞེས་པ་ནི་ཆེར་གནས་པ་ཉིད།། སྐྱོབས་པ་འདོད་པ་རྣམས་ཀྱི་ཡང་སློབ་པའོ་ཞེས་པ་ནི་སྲུང་བ་ཉིད་དོ།། དཔུང་གཉེན་འདོད་པ་རྣམས་ཀྱི་ཡང་དཔུང་གཉེནོ་ཞེས་པ་ནི་གཞན་དོན་ཉིད།། ་གླིང་འདོད་པ་རྣམས་ཀྱི་གླིང་ངོ་ཞེས་པ་ནི། དེ་ལས་ཆུས་བསྐོར་བ་ནི་གླིང་ངོ་།། གླིང་འདོད་པ་རྣམས་ལ་དེ་ལྟར་གྱུར་པ་ཉིད།། འཁྲུས་འདོད་པ་རྣམས་ཀྱི་འཁྲ་སཱ། བླ་ན་མེད་པའོ་ཞེས་པ་ནི་བླ་ན་མེད་པའི ་འཁྲས་ཉིད་ཀྱི་ཕྱི་རོ།། སྲིད་པའི་རྒྱ་མཚོའི་ཕ་རོལ་ཏུ་འགྲོ་བ་རྣམས་ཀྱི་གྲུའོ་ཞེས་པ་ནི་ཆོས་ཀྱི་ཕ་རོལ་ཏུ་འགྲོ་བའི་ངོ་བོ་ཉིད་ཀྱི་ཕྱི་རོ།། ནང་ཐམས་ཅད་སེལ་བའི་སྨན་གྱི་རྒྱལ་པོའོ་ཞེས་པ་ནི་དོན་གོ་བར ་ཟད་དོ།། བླང་བ་དང་། དོར་བའི་དངོས་པོ་བྱེ་བྲག་ཕྱེད་པའི་རྒྱུ་ཉིད་ཀྱི་ཕྱི་རོ།། ཞེས་པ་ནི་བླང་བ་དང་དོར་བ་ནི་གོ་བར་བྱེད་པ་རྣམས་ཀྱི་རྒྱུ་ཉིད་ཀྱི་ཕྱིརོ།། ལྟ་བ་ངན་པའི་མུན་ནག་ཐམས་ཅད་སེལ་བའི ་ཡེ་ཤེས་ཀྱི་སྣང་བའོ་ཞེས་པ་ནི་དེའི་ཕྱིར་ནི་དེ་དེ་ལྟར་གསུངསོ།། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཡོངསུ་རྫོགས་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུའོ་ཞེས་པ་ནི་སེམས ་ཅན་ཐམས་ཅད་ཀྱི་ཡིད་ལ་འདོད་པ་ཡོངསུ་རྫོགས་པ་ཉིད་ཀྱི་ཕྱིརརོ།། འཇམ་དཔལ་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེསོ་ཞེས་པ་ནི་ཡེ་ཤེས་དང་མཚུངས་པར་ལྡན་པ་ཉིད ་ཀྱི་ཕྱིརརོ།། སྤྱན་ལྔ་ཐོབ་པར་བྱ་བའི་ཕྱིར་ཡེ་ཤེས་མཐོང་བ་ཡོང་སུ་ཐོབ་པའོ་ཞེས་པ་ནི། སྤྱན་དེ་ལས་མཚུངས་པར་ལྡན་པའི་བདག་ཉིད་ཀྱི་ཕྱིརརོ།། ཟང་ཟིང་དང་མི་འཇིགས་པ་དང་ཆོས་ཀྱི་སྦྱིན ་པ་གཏོང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངསུ་རྫོགས་པའོ་ཞེས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པཱ་ལ་སོགས་པ་རྣམས་མཐར་སྟོན་པའི་ཕྱི་རོ།། བསོད་ནམས་དང་པོས་ཆོ ་ཏིངེ་འཛིན་ཡོངསུ་རྫོགས་པའི་ཕྱིར་ས་བྱིཅུ་ཐོབ་པའོ་ཞེས་པ་ནརྀ་བཱསོད་ནམས་ལ་སྩོགས་པ་རྣམས་ཡོངསུ་མཐར་ཕྱིན་པའི་ཕྱི་རོ།། ཆོས་གཉིས་དང་བྲལ་བའི་ཕྱིར་གཽཉྩི་སུ་མེད་པའི་ཆོས་ཉིད་ཞེས་པ ་ན་གཟུང་འཛིན་གཉིསུ་མེད་པའི་ཕྱིརརོ།། སྒྲོ་བཏགས་པ་མེད་པའི་ཕྱིར་དེ་བཞིན་ཉིད་ཀྱི་རང་བཞིན་དང་གཞན་མ་ཡིན་པའི་ཆོས་ཉིད་ཞེས་པ་ནི་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་ལས་འདྲས ་པའི་ཕྱིར་རོ།། དེ་བཞིན་གཤེགས་པའི་ཡེ་ཤེས་ཡོངས་སུ་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཡང་དག་པའི་མཐའི་རང་བཞིན་ཉིད་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱི་རོ།། ལྟ་བ་ངན་པའི་ཚང ་ཆིང་བློརྒྱ་སྟོང་དུ་མ་མ་ལུས་པར་སེལ་བའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་སྟོང་པ་ཉིད་ཀྱི་རང་བཞིནོ་ཞེས་པ་ནི་དེ་དེ་ལྟར་རོ།། མཚན་ཡང་དགྲ་པར་བརྗོད་པ་འདི་ནི་འདི་ལྟ་སྟེ་གཉི་སུ་མེད་པའི་ཆོས ་ཉིད་ཀྱི་དོན་གྱི་མཚན་ཡང་དག་པར་འཛིན་པོ་སྟོན་པའི་ཕྱིར་ཆོས་ཐམས་ཅད་བརྗོད་དུ་མེད་པའི་རང་བཞིན་ཉིད་ཞེས་པ་ནི། དེ་ལ་ཆོས་གཉིསུ་མེད་པ་ནི་སྟོང་པ་ཉིད།། དེ་ལ་འཇུག་པའི་དོན་དུ ་མཚན་རྣམ་པར་འཛིན་པ་དེའི་སྟོན་པ་ཏེ་རྒྱུར་གྱུར་པ་ཉིད།། དེ་ནི་འཁོར་ལོ་གསུམ་པའི་ཡོན་ཏན་ཏེ། དེའི་ཚིག་རྣམས་ནི་ལྔ་བཅུ་རྩ་གཉིས་གྲངསོ།། འཁོར་ལོ་བཞི་པའི་ཡོན་ཏན་གྱི་དབང་དུ་བྱས་ནས ་གསུངས་པ། ལག་ན་རྡོ་རྗེ་རྡོ་རྗེ་འཆང་གཞན་ཡང་ཞེས་པ་ལ་སོགས་པ་སྟེ། དེ་ལ་སྨད་པ་ལ་སོགས་པ་དང་འབྲེལ་པའི་སྐྱེ་བ་ལས་བཟོག་པ་དེ་རིགས་སྟེ། རྒྱལ་རིགས་ལ་སོགས་པ་དེ་རྒྱལ ་བར་བྱེད་ཅིང་བརྟན་པར་བྱེད་པ་དང་། འཁོར་བ་ལས་བརྒལ་བའི་དོན་གྱིས་བུ་སྟེ། རིགས་ཀྱི་བུ་དང་རིགས་ཀྱི་བུ་མོའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱད་པ་གང་ལ་ལས ་བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་གཉིསུ་མེད་པའི་ཡེ་ཤེས་པའི་མཚན་ཉིད་དག་པར་བརྗོད་པ་མཚན ་གྱི་གཙུག་གི་ནོར་བུ་འདི་ནི་ཐམས་ཅད་ཡོངསསུ་རྫོགས་པ་དང་། མ་ཉམས་ཤིང་ལྷག་ཆད་མེད་པས་ཚིགསུ་བཅད་པའི་ཚིག་དང་ཡིག་འབྲུ་འདི་ཉིད་ཀྱིས་ཤེས་པ་ནི། དེ་ལ་འདི་ནི་གོང་དུ་གསུངས་པ་རྣམས ་ཀྱིསོ།། ཉིན་གཅིག་བཞིན་དུ་ནི་ཉི་མ་རེ་རེ་ཞིང་།། དུས་གསུམ་དུ་འཆང་བ་དང་ཞེས་པ་ནི་གཞུང་དང་དོན་གྱིསོ།། ཀློག་པ་དང་ཞེས་པ་ནི་གླེགས་བམ་ཀློག་པའོ།། ཀུན་ཆུབ་པར་བྱེད་པ་དང་ཞེས་པ་ནི་བསམ ་པའོ།། ཚུལ་བཞིན་ཡིད་ལ་བྱེད་པ་དང་གཞན་ལ་ཡང་ཞེས་པ་ནི་འདུལ་བ་རྣམས་ལའོ།། དམ་ཚི་གཱ་ཛཱི་ལྟ་བ་བཞིན་དུ་བསྐྲུན་པ་དང་། ཞེས་པ་ནརྀ་དུས་ཇི་ལྟ་བ་བཞིན་དུ་ཕྱིན་ཅི་མ་ལོག་པར ་བསྟན་ཏོ་ཞེས་པའི་དོན་ཏོ།། མཚན་གྱི་དོན་གང་ཡང་རུང་བ་རེ་རེ་ནས་ཀྱང་ཞེས་པ་ནི། མཚན་རྣམས་ཀྱི་དོན་ནི་མཚན་གྱི་དོན་ཏོ།། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ལ་དམིགས་ཏེ་སེམས་རྩེ་གཅིག་ཏུ ་བསྒོམ་པ་ཞེས་པ་ནི། དེ་ལ་སེམས་རྩེ་གཅིག་ནི་མཉམ་པར་བཞག་པའི་ཡིདདོ།། ཀུན་ནས་སྒོའི་གནས་པས་གནས་པ་དང་ཞེས་པ་ལ་སོགས་པ་ནི། དེ་ལ་མོས་པ་ནི་དེ་བཞིན་དུ་འཛིན་པའོ།། དེ་ཁོ་ན་ཉིད ་ནི་ཕྱིན་ཅི་མ་ལོག་པའོ།། དེ་བས་ན་མོས་པ་དང་དེ་ཁོ་ན་ཉིད་གཉིས་ཡིད་ལ་བྱེད་པས་ཀུན་ནས་སྒོའི་གནས་པས་གནས་པ་ཞེས་པའོ།། ཆོས་ཐམས་ཅད་རྟོག་པ་ནི་ཞེས་པ་ནི། དེ་ལ་ཆོས་ཐམས་ཅད་ནི་ཕུང ་པོ་ལ་སོགས་པའོ།། རྣམས་རྟོགས་པའི་བདག་ཉིད་ཀྱི་དང་པྲསོ།། དེས་ཅི་འདྲ་བ་ཞེ་ན། མཆོག་ནི་རབ་བོ།། རྙོག་པ་མེད་པ་ནི་སྨྱོན་པའོ།། ཤེས་རབ་རྗེསུ་འབིགས་པའི་དད་པ་དང་ཞེས་པ་ནི། དེ་ལྟར་ཡང ་གསུངས་པ། དད་པ་ཉིད་ཀྱི་ཆོས་སྟོན་ཏོ།། ཤེས་རབ་ཀྱིས་ནི་དེ་ཉིད་རིག། དེ་གཉིས་ལའང་ཤེས་རབ་གཙོ།། དེའི་ཡང་སྔོན་དུ་དད་པ་འགྲོ་ཞེསོ།། ལྡན་བཞིན་ནི་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ ་ཅན་གྱིའོ།། དེ་ལ་དུས་གསུམ་གྱི་དུས་མེད་པ་ནི་དུས་གསུམ་ནི་དུས་རྣམ་པ་གསུམོ།། དེ་ལ་དུས་མེད་པའོ།། ལྡན་པ་ནི་ཡོངསུ་འབྲེལ་པར་བྱེད་པ་དང་ལྡན་པའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་ཐམས་ཅད་འདུས་ཏེ་གཤེགས་ནས་ནི་ཞེས་པ་ནི་འདུས་ནས་འགྲོ་བའི་དོན་ཏོ།། ཆོས་ཀྱི་སྒོ་ཐམས་ཅད་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོའོ།། རྟོགས་པར ་མཛདེ་སྐུ་ཡང་སྟོན་ཏོ་ཞེས།། མ་རུངས་པ་འདུལ་བ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས་དང་རྡོ་རྗེ་འཆང་ཆེན་པོ་ལ་སྩོགས་པ་འགྲོ་བ་ཡོངསུ་སྐྱོབ་པ་རྣམས་ཀྱང་སྤྲུལ་པའི་ལུས་ཀྱི་གཟུགས་སྣ་ཚོགས་དང་མ ་མདྲངས་དང་སྟོབས་ཤེས་པ་ནི་ཤེ་མོའོ།། གཟི་བརྗིད་ཟིལ་གྱིས་མི་ནོན་པ་དང་ཞེས་པ་ནི་གཟི་བརྗིད་ཟིལ་གྱིས་མི་ནོན་ཞིང་མི་ཕྲོགས་པའོ།། གསང་སྔགས་དང་ཕྱག་རྒྱ་རྣམས་ཀྱི་མངོན་པར་རྟོགས་པའི ་དཀྱིལ་འཁོར་རྣམས་ཞེས་པ་ནི་རྡོ་རྗེ་དབྱིངས་ལ་སོགས་པ་རྣམསོ།། དེ་རྣམས་སྒྲུབ་པར་བྱེད་པའོ་ཞེས་པའོ།། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་མོ་མ་ལུས་དང་། བགེགས་དང་། ལོག་འདྲེན ་དང་། བདུད་ཀྱི་དགྲ་དང་། ཕྱིར་ལོག་པ་དང་། གཞན་གྱིས་མི་ཚུགས་པ་ཆེན་པོ་ཐམས་ཅད་ཀྱང་ཉིན་མཚན་ཆད་པར་སྐྱེད་ཅིག་རེ་རེ་ལ་ཞེས་པ་ནི། དེ་ལ་མ་ལུས་པ་ནི་ལུས་པ་མེད་པའོ།། མཚན་མོ ་དང་ལྷན་ཅིག་ཏུ་གྱུར་པས་ན་ཉིན་མཚན་ཕྱེད།། སྐད་ཅིག་མ་རེ་རེ་ནི་སྐད་ཅིག་དང་སྐད་ཅིག་ཉིད་པས་སྐད་ཅིག་རེ་རེའོ།། སྤྱོད་ལམ་ཐམས་ཅད་ནི་བཞི་ལའོ།། སྲུང་བ་དང་སྐྱོབ་པ ་ང་སྦེད་པ་བྱེདདོ་ཞེས་པ་ནི་སྲུང་བ་ཡང་དེ་སྐྱོབ་པ་ཡང་དེ་རྣམས་ཉིད་དོ།། དེ་རྣམས་ཀྱི་སྦེད་པ་དེ་བྱེད་པ་ཞེས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་མཛད་དོ།། སྐྲ ་གསུང་ཐུགས་ཐམས་ཅད་ཀྱིས་དེའི་རྒྱུད་ལ་ཡང་དག་པར་བྱིན་གྱིས་རློབ་བོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕན་གདགས་པས་ཀྱང་ཕན་གདགས་པར་མཛད་དེ། ཆོས ་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པ་ཡང་གྲུབ་པར་མཛད་དོ་ཞེས་པ་ནི། དེ་ལ་ཆོས་ཐམས་ཅད་ཀྱི་མི་འཇིགས་པ་དེའི་སྤོབས་པ་ནི་ཆོས་ཐམས་ཅད་ལ་མི་འཇིགས་པའི་སྤོབས་པའོ།། དེ་སྒྲུབ ་པར་མཛད་པས་དབུལ་བར་མཛད་ཅེས་པའི་དོན་ཏོ།། དགྲ་བཅོམ་པ་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱང་འཕགས་པའི་ཆོས་ལ་སྡུག་པར་འཛིན་པའི་བསམ་པས་ལུས་སྟོན ་པབར་བྱེད་ཞེས་པ་ནི་འཕགས་པ་རྣམས་ཀྱི་ཆོས་ནི་འཕགས་པའི་ཆོསོ།། དེ་ལ་སྡུག་པ་ནི་བྱམས་པའི་བསམ་པའི་བློ་ཉིད་ཀྱིས་རང་གི་ལུས་ཀྱི་ངོ་བོ་ཉིད་དེ་ཡང་ཉེ་བར་བསྟན་ཏོ།། ཚངས་པ་དང་། དབང ་པོ་དང་། ཉེ་དབང་པོ་དང་། དྲུག་པོ་དང་། ཚན་པོ་ཆེ་དང་། ཀུན་འགྱེད་གཞོན་ནུ་དང་། དབང་ཕྱུག་ཆེན་པོ་དང་། སྨིན་དྲུག་གི་བུ་དང་། ནག་པོ་ཆེན་པོ་དང་། དགྲའ་བྱེད་དབང་ཕྱུག་དང་། གཤིན་རྗེ་དང་། ་ཆུ་ལྷ་དང་། ཀུ་བེ་ར་དང་། འཕྲོག་མ་དང་། ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་གང་ཡི་ན་པ་དེ་དག་ཀྱང་རྟག་ཏུ་རྒྱུན་མ་འཆད་པར་ནི་དུས་ཐམས་ཅད་དུའོ།། ཉིན་མཚན་ཕྱེད་པར་འགྲོ་ཡང་རུང་། འགྲེང ་ཡང་རུང་། འདུག་ཀྱང་རུང་། ཉལ་ཡང་རུང་། གཉིད་ལོག་ཀྱང་རུང་། མོ་ལོག་ཀྱང་རུང་བ་ན་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་བྱེད་པར་འགྱུར་རོ།། མཉམ་པར་བཞག་ཀྱང་རུང་། མ་བཞག་ཀྱང་རུང་། ་གཅིག་པུར་འདུག་ཀྱང་རུང་། སྐྱེ་བོ་མང་པོའི་ནང་དུ་འདུག་ཀྱང་རུང་སྟེ། གྲོང་ནི་གྲོང་ཁྱེར་གྱི་ཕྱི་རོལ་གྱི་མཐའ་མའོ།། གྲོང་ཁྱེར་དང་གྲོང་རྡལ་ནི་ཡུལོ།། རྒྱལ་པོའི་ཕོ་བྲང་དང་། ཡུལ་འཁོར་དང་། བརྒྱ ་བྱིན་གྱིས་ཕོ་བྲང་དང་། སྲ་དང་།། སྐྲ་ཆུང་དང་། གྲོང་ཁྱེར་གྱི་སྒོ་དང་། ཁྲི་ལམ་ནནི་རྒྱལ་པོ་འགྲོ་བོའི་ལ་མོ།། སྲང་དང་བཞི་མདོ་ནཽ་ལམ་ཁ་བྲེག། སུམ་མདོ་ནི་ལམ་གསུམ་མདོའོ།། གློང་བར་དང་ཚོང་ཁང་ནི ་འཚོང་བར་བྱེད་པའི་རྫས་འཚོང་པའོ།། དེའི་མཛོད་ནི་ཚོང་ཁང་པོ།། དེ་ལ་འདུག་པ་ནི་འདུག་པའོ།། ཁང་སྟོང་དང་། རི་དང་། ཆུ་ཀླུང་དང་། ནགས་ཚལ་དང་། ནག་ཚང་ཚིང་ནག་ཀྱི་ཚང་ཚོངོ་།། འདུག་ཀྱང་རུང ་གཙང་སྦྲ་མ་བྱས་པ་དང་། ར་རོ་ནི་ཆང་གིས་གཞན་དུ་འགྱུར་བའོ།། བག་མེད་པ་ནི་དབང་ཕྱུག་གིས་གཞན་དུ་གྱུར་པའི་ཕྱིརོ།། རྟག་ཏུ་རྣམ་པ་ཐམས་ཅད་དུ་ཅིའི་སྒོ་ནས་ཀྱང་མཆོག ་ཏུ་སྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ།། ཉིན་མཚན་དུ་ཡང་མཆོག་ཏུ་བདེ་ལགསུ་འགྱུར་བར་བྱེད།། ལྷ་དང་། ཀླུང་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལཱ་མ་ཡིན་དང་། ན་མཁའ་ལྡིང་དང་། མིའམ ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། ཞེས་པ་དང་། དེ་ལ་ལྟོ་འཕྱེ་ཆེན་པོ་ནི་ཀླུའི་རིགས་བརྒྱ་དོ།། མི་དང་མི་མ་ཡིན་པ་ནི་ཡི་དྭགས་ལ་སོགས་པའོ།། གཞན་དགས་ཀྱང་གཟའ་དང་། རྒྱ་སྐར་དང་། མེ་མོ་རྣམས་དང་། ་ཚོགས་ཀྱི་བདོག་པོ་གཞན་དག་དང་། མ་མོ་བདུན་པོ་གང་ཡིན་པ་རྣམས་དང་། གནོད་སྦྱིན་མོ་དང་། སྲིན་མོ་དང་། ཤ་ཟ་མོ་གང་ཡིན་པ་དེ་དག་ཀྱང་འདུ་ཞིང་ཞེས་པ་ནི་ཚོགས་པའོ།། གཅིག་ཏུ་མཐུན ་པ་ཡོངསུ་རྫོགས་པའི་དཔུང་དང་བཅས་པ་ནི་ཡན་ལག་གི་སྟོབས་བཞིའོ།། འཁོར་དང་བཅོས་པ་ནི་རྗེསུ་འབྲང་བ་དང་བཅས་པའོ།། སྲུང་བ་དང་སྐྱོབ་པ་དང་སྦེད་པ་ཐམས་ཅད་བྱེད་པར་འགྱུར་རོ།། མདོངས ་དང་སྟོབས་དང་གཟི་བརྗིད་མཆོག་ཀྱང་དེའི་ལུས་ལ་འཇུག་པར་བྱེད།། ནད་མེད་པ་དང་སྟོབས་དང་ཚེ་ནུར་བ་ཡང་འགྲུབ་པར་བྱེད་ཞེས་པ་ནི་རྗེ་སུ་འདོགས་པར་བྱ་བའི་དོན་ཏོ།། འཁོར་ལོ་བཞི་པའི་ཡོན ་ཏཱན་ཏེ་དེའི་ཚིག་རྣམས་ནི་གྲངས་བཅུ་དགུའོ།། དེ་ནས་ད་ནི་འཁོར་ལོ་ལྔ་བའི་ཡོན་ཏན་གྱི་དབང་དུ་བྱས་ནས་གསུངས་པ། ལྷག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་སོགས་པ་སྟེ། གཞན་ཡང་མཚན་གྱི་གཙུག ་ག་ནོར་བུ་གང་གིས་ཉིན་གཅིག་བཞིན་དུ་ཞེས་པ་ན་ཉི་མ་རེ་རེའོ།། དུས་གསུམ་དུ་མ་ཉམས་པར་ཡི་དམ་དུ་ལན་གསུམ་དུ་ནི་སུམ་འགྱུར་དུ་བྱས་པའོ།། ཁ་ཏོན་དུ་འདོན་ནམ་གླེགས་བམ་དུ་བྱས་པ་ཀློག། ་ཅིང་བརྗོད་པ་ནི་ཀློག་པའོ།། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཟུགས་ཡིད་ལ་དམིགས་ཤིང་། གཟུགས་དང་མཐུན་པར་སེམས་ཏེ། དེའི་གཟུགས་དང་མཐུན་པར་བསམ་གཏན ་བྱེད་པ་ནི་ཞེས་པ་ནི་གློང་དུ་གསུངས་པའི་རིམ་པས་གཟུགས་རྣམ་པ་གསུམ་དུ་རྗེསུ་བསམས་ནས་བཀླག་པར་བྱའོ།། འདུལ་བའི་དབང་གི་ཕྱིར་རིང་པོ་མི་ཐོགས་པ་དེ་ཉིད་སྤྲུལ་པའི་གཟུགས་ཀྱི་ལུས་མཐོང ་བར་འགྱུར་རོ་ཞེས་པ་ནི་སེམས་ཀྱི་བསམ་པའི་དབང་གིས་མཐོང་ངོ་།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་རྣམ་པ་སྣ་ཚོགས་དང་ལྡན་པ་ན་མཁའི་དཀྱིལ་ན་བཞུགས་པ ་དག་ཀྱང་མཐོང་བར་འགྱུརརོ།། སེམས་ཅན་ཆེན་པོ་དེ་ནི་ནམ་ཡང་ཇི་ལྟར་གྱུར་ཀྱང་ངན་འགྲོ་ངན་སོང་དུ་ལྟུང་བར་མི་འགྱུར་རོ།། རིགས་ངན་དུ་སྐྱེ་བ་རི་མི་འགྱུར་རོ།། ཞེས་པ་ནི་གདོལ་པ་ལ་སོགས་པའོ།། ་ཡུལ་མཐའ་འཁོབ་དུ་སྐྱེ་བར་མི་འགྱུར་ཞེས་པ་ན་གྲང་གི་མཐའ་གང་ན་སངས་རྒྱས་ཀྱི་སྒྱུ་མ་ཤེསྟྲ་པ་དེར་སྐྱེ་བར་མྱི་འགྱུ་རོ།། དབང་པོ་མ་ཆང་བར་སྐྱེ་བར་མི་འགྱུརརོ།། ་མི་ལོང་བ་དང་། འོན་པ་དང་། གླེན་པ་ལ་སོགས་པའི་ངོ་བོར་མི་འགྱུརརོ།། ལོག་པར་ལྟ་བ་དང་། ལྟ་བ་དྲན་པའི་རིགས་སྐྱེ་བར་མི་འགྱུར་ནོ་ལྟ་བ་ལོག་པ་ནི་མྱེད་པར་ལྟ་བ་སྟེ། ལྟ་བོ་ཐམས་ཅད ་རྩང་ནས་འབྱིན་པའོ།། དེའི་རིགས་ནི་ལྟ་བུ་ལོག་པའི་རིགསོ།། དེ་དེ་ལ་མི་སྐྱེ་བར་འགྱུར།། སངས་རྒྱུས་མི་བཞུགས་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་མི་འགྱུརརོ།། སངས་རྒྱས་བཞུགས་ན་ཡང་དེས ་བསྟན་པའི་ཆོས་སྤོང་བ་དང་སྐོལ་བར་མི་འགྱུ་རོ།། སངས་རྒྱས་འབྱུང་པོ་དང་མི་མཇལ་བ་དང་དེ་ཡིས་བསྟན་པའི་ཆོས་དང་མ་ཕྲད་པར་མི་འགྱུརརོ།། ལྷ་ཚེ་རིང་པོ་རྣམས་ཀྱི་ནང་དུ་སྐྱེ་བར་མི་འགྱུར།། ་མུ་གི་དང་ནང་དང་མཚོན་གྱི་བསྐལ་པའི་ནང་དུ་སྐྱེ་བཱར་མི་འགྱུ་རོ།། དེ་ལྟར་ཡང་ཆོས་མངོན་པ་མཛོད་ལས་གསུངས་པ། བསྐལ་པ་མཚོན་དང་ནད་དང་ནི།། མུ་གེས་ངེས་པར་མཐ་རོ་འབྱིན།། ཞག ་རྣམས་དང་ནི་ཟླ་བ་དང་།། ལོ་བདུན་དག་ཏུ་གོ་རིམ་བཞིན་ཞེསོ།། དེ་རྣམས་ལ་ཡང་སྐྱེ་བར་མི་འགྱུར་པའོ།། སྙིགས་མ་ལྔའི་དུ་སུ་ཡང་སྐྱེ་བར་མི་འགྱུ་རོ་ནི་སྙིགས་མ་ལྔ་ནི་སེམས་ཅན་དང་། ཚེ་དང་ལྟ ་བ་དང་། བསྐལ་པ་དང་། ཉོན་མོངས་པ་ལ་སོགས་པ་ཉིད།། སྙིགས་མའི་དབྱིངས་ནི་སྙིགས་མའི་ཕྱིར་དང་། གཟིར་བའི་ཕྱིར་ནི་སྙིགས་མ་ཞེས་གསུངསོ།། དེའི་དུས་ལ་ཡང་སྐྱེ་བར་མི་འགྱུར་རོ།། རྒྱལ་པོ ་དང་དགྲ་དང་ཆོམ་རྐུན་གྱི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ།། ཅི་ནས་ཀྱང་དམན་པ་དང་དབུལ་བའི་འཇིགས་པ་ཡང་འབྱུང་བར་མི་འགྱུར་རོ།། གོས་ལ་སོགས་པའི་ཡོ་བྱད་ཐ་མས་ཅད་དང་བྲལ་བའི་དབུལ ་པའི་འཇིགས་པ་དེ་ཡང་འབྱུང་བར་མི་འགྱུར་རོ།། དྲི་ངས་དང་། སྐུར་བ་དང་། སྨད་པ་དང་། མི་སྙན་པ་དང་། གཏམ་ངན་གྱི་འཇིགས་པ་འབྱུང་བར་མི་འགྱུར་རོ།། དྲི་ངས་ལ་སོགས་པ་ནི་བཤད་ཟིན་ཏོ།། དེ་ཡང་བསྐལ ་པ་སྟོང་གི་བར་དུ་ཡང་དེའི་འཇིགས་པ་འབྱུང་བར་མི་འགྱུ་རོ།། རྒྱུད་དང་རུས་དང་། རིགས་བཟང་པོ་དང་ཡང་ལྡན་པར་འགྱུར་རོ།། ཀུན་ནས་མཛེས་པ་དང་གཟུགས་དང་ཁ་དོག་དང་ལྡན་པར་འགྱུར་རོ་ནི་ཀུན་ནི་ཐམས ་ཅད་དོ།། དེ་རྣམས་ཀྱིས་ལྡན་པར་འགྱུར་རོ།། འཇིག་རྟེན་རྣམས་ལ་སྡུག་པ་ནི་ཚིག་འཇམ་པའོ།། ཡིད་དུ་འོང་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་ལ་ཁྱབ་པའོ།། འགྲོགས་ན་བདེ་བ་ནི་སྡུག་བསྔལ་མེད་པའི་ཕྱིརོ།། ་མཐོང་བ་དགའ་བར་འགྱུར་ནི་མཛེས་པའི་གཟུགས་ཉིད་ཀྱི་ཕྱིརོ།། སེམས་ཅན་གྱི་འཇིག་རྟེན་རྣམས་ལའོ།། སྐལ་པ་དང་ལྡན་པ་དང་། ཚིག་བཙན་པར་ཡང་འགྱུརརོ་ནི་གང་དགེ་བའི་སྐལ་པ་དང་ལྡན་པ་དང ་ཚིག་བཙན་པ་དེ་དེ་ལྟར་སྦྱ་རོ།། གང་དང་གང་དུ་སྐྱེ་བ་དེ་དང་དེར་ཡང་ཚེ་རབས་དྲན་པར་འགྱུར་རོ།། ལོངས་སྤྱོད་ཀྱི་གཞི་ཆེན་པོ་ནི་ནོར་དང་འབྲུ་ལ་སོགས་པ་རྣམས་ཀྱིསོ།། འཁོར་མང་བ་ནི ་བྲན་གཡོག་དང་སྐྱེ་བོ་མང་པོ་ཕུན་སུམ་ཚོགས་པའོ།། ལྗོངས་སྤྱོད་ཀྱི་གཞི་མ་ཟད་པ་དང་འཁོར་མི་ཟད་པར་འགྱུར་ནི་ཛི་ཙམ་འཚོའི་བར་དུ་རྒྱུན་མི་འཆད་པའི་ཕྱི་རོ།། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ནི་མདུན ་དུ་འགྲོ་བའོ།། ཡོན་ཏན་གྱི་མཆོག་དང་ལྡན་པར་འགྱུར་རོ་ནི་འབྱོར་པ་ཉིད།། རང་བཞིན་གྱིས་ཀྱང་ཕ་རོལ་ཕྱིན་པ་དྲུག་གི་ཡོན་ཏན་དང་ལྡན་པར་འགྱུར་རོ།། ཚངས་པའི་གནས་གཞི་ལ་ཡང་གནས་པར་འགྱུར་རོ།། དྲན ་པ་དང་ཤེས་བཞིན་དང་ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་དང་ལྡན་པར་འགྱུར་རོ་ནི། དེ་དག་གི་དོནྡ་གོ་བར་ཟད།། བསྟན་བཅོས་ཐམས་ཅད་ལ་འཇིགས་པ་མེད་པ་ནི་མི་སྐྲག་པའོ།། སྨྲ་མཁས་པར ་ཡང་འགྱུར་རོ།། མི་བླུན་པ་ནི་ཤེས་རབ་དང་ལྡན་པར་འགྱུར་བའོ།། ཚིག་གསལ་བ་ནི་གསལ་པོར་སྨྲ་བའོ།། སྒྲིན་པོར་ཡང་འགྱུརརོ་ནི་སྤོབས་པ་དང་ལྡན་པའོ།། ཤེས་ཉེན་ཅན་ནི་བྱས་པ་ཀུན་ལ་མོས་པ་དང ་ལྡན་པའོ།། ལེ་ལོ་མེད་པ་ནི་དགེ་བའི་ཕྱོགས་ལ་བརྩོན་པའོ།། ཆོ་ག་ཤེས་པ་ནི་འདོད་པ་ཆུང་བ་ཉིད་ཀྱི་ཕྱིརརོ།། དོན་ཆེ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཉིད་ཀྱི་ཕྱིརརོ།། སྲོད་པ་མེད་པར་ཡང་འགྱུརརོ་ནི ་ཡུལ་ཐམས་ཅད་ལ་མི་ལྟ་བའོ།། སེམས་ཅན་ཐམས་ཅད་ཀྱི་མཆོག་ཏུ་ཡིད་བརྟན་པར་བྱ་བ་ནི་གདོན་མི་ཟ་བར་བྱ་བའོ།། སློབ་དཔོན་དང་བླ་མ་བཀུར་བར་ཡང་འགྱུ་རོ་ནི་བཀུར་འདོད་པའོ།། དེས་སྔོན་མ ་ཐོས་པའི་བཟོ་དང་། སྒྱུ་རྩལ་དང་། མངོན་པར་ཤེས་པ་དང་། བསྟན་བཅོས་ཐམས་ཅད་ཀྱང་དོན་དང་ཡི་གེའི་སྒོ་ནས་ཤེས་པར་འགྱུ་རོ།། དེ་དག་ནི་དོན་གོ་བར་ཟད་།། ཚུལ་ཁྲིམས་དང་། འཚོ་བ་དང་། ཀུན ་ཏུ་སྤྱོད་པ་དང་ཤིན་ཏུ་ཡོང་སུ་དག་པར་སྤྱོད་པ་དང་། ལེགས་པར་རབ་ཏུ་བྱུང་བ་དང་། ལེགས་པར་བསྙེན་པར་རྫོགས་པར་འགྱུ་རོ་ཞེས་པ་ལ། ལེགས་པར་ཡོངསུ་དག་པ་ནི་ཤིན་ཏུ་ཡོང་སུ་དག་པའི་ཚུལ ་ཁྲོ་མོས་དང་ལྡན་པ་དེ་སྣ་འཚོ་བར་གནས་པ་དེ་ཉིད་ཀྱིས་ཡང་དག་པར་སྤྱོད་པའི་ཐ་སྙད་དྲིས་སྤྱོད་པའི་ཚུལ་དང་གང་ལྡན་པ་དེ་དེ་ལྟར་ཏེ། ལྡོག་པར་འཚེ་བ་མེད་པའི་ཕྱིརརོ།། ལེགས་པར་རབ་ཏུ་བྱུང་བ་ནི་ཚུལ ་ཁྲིམས་མ་ཉམས་པའི་ཕྱིརརོ།། ལེགས་པར་བསྙེན་པར་རྫོགས་པར་བྱུང་བ་ནི་ཚུལ་ཁྲིམས་ལ་རལ་བ་མེད་པའོ།། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་མི་བརྗེད་པར་འགྱུར་རོ་ཞེས་པ་ལ། མི ་བརྗེད་པ་ནི་ཐམས་ཅད་མཁྱེན་པའི་བྱང་ཆུབ་ཀྱི་སེམས་དང་གང་ལྡན་པ་དེ་དེ་ལྟརོ།། ཉན་ཐོས་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་ངེས་པ་ལ་ནམ་ཡང་འཇུག་པར་མི་འགྱུར་རོ།། ཉན་ཐོས་དང། ་དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་ངེས་པ་དེའི་བྱང་ཆུབ་མྱུར་བ་རྣམས་ཀྱང་མི་འགྱུར་རོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་ཞེས་པ་ནི་བསྡུས་པའི་སྒོ་ནས་ཡོན་ཏན་རྣམས་ཀྱི་མཐར་གསུངས ་པའོ།། དེ་ལྟར་ཡང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུ་རོ།། གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པ་དེ་ལྟར་ཡང་ཐོབ་པར་འགྱུར་རོ།། གཞན་ཡང་རྣམ་པ་དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་དཔག་ཏུ ་མེད་པ་ནི་དེ་དང་རིགས་མཐུན་པའོ།། གཞན་དང་ཡང་ལྡན་པར་འགྱུར་རོ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་དོན་ངོམ་པའི་མཚན་ཡང་དག་པར་བརྗོད་པ་འདི་ཡང་དག་པར་འཛིན་པའི་སྐྱེས་བུ་གང་ཟག་དེ་ནི་གཙོ་བོ ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྩགས་ཤིང་སངས་རྒྱས་ཀྱི་ཡོན་ཏན་རྣམས་ཤིན་ཏུ་མྱུར་དུ་ནི་ཐོགས་པ་མེད་པའོ།། བསྒྲུབས་པའི་གཟུང ་བའོ།། རིང་པོར་མི་ཐོགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚུང་རྒྱ་བླར་འགྱུར་རོ།། བསྐུལ་པ་མྱུང་པོ་ཡོངསུ་མྱ་ངན་ལས་འདུ་ཌཱིའི་ཆོ་སུ་མི་འགྱུར་བར ་སེམས་ཅན་ཐམས་ཅད་ལ་བླ་ན་མེད་པའི་ཆོས་སྟོན་པ་དང་། ཕྱོགས་བཅུར་དམ་པའི་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོགས་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་འགྱུར་རོ་ཞེསོ།། འཁོར་ལོ་ལྔ་པའི ་ཡོན་ཏན་ཏེ། དེའི་ཚོགས་བཅུད་ཀྱི་གྲངས་ལྔ་བཅུ་རྩ་གཅིག་གོ།། དེ་ནས་ལག་ན་རྡོ་རྗེ་ཞེས་པ་ནས་བརྩམས་ཏེ། ཇི་ཙམ་ཆོས་ཀྱི་རྒྱལ་པོ་ཞེས་པའི་བཱར་དུ་ཡོན་ཏན་རྣམ་པ་གཅིག་ཏུ་བྱས་ཏེ། འཕགས ་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་ཏུ་རྣམ་པར་ལྟ་བ་ལས་ཡོན་ཏན་གྱི་རིམ་པར་ཕྱེ་བ་སྟེ་བཅུ་གཉིས་པའོ།། །། དེ་ནས་ད་ནི་དྲུག་པ ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཤེས་ཀྱི་འཁོར་ལོའི་དང་པོ་སངས་རྒྱས་ཀྱི་ཐུགས་ཀརཱ་བསྒོམས་པ་གང་ཡིན་པ་དེ་ལ་བཀོད་པའི་སྔགས་ཀྱི་དབང་དུ་བྱས་ནས་གསུངས་པ། ཨོཾ་སརྦ་དྷརྨཱ། གྷ་བ། སྭ་ཐཱ་བ། བི་ཤུདྡྷ ་བཛྲ་ཨ་ཨཱ། ཨཾ་ཨཿཞེས་པ་དེ་མཚན་ཡང་དག་པར་བརྗོད་པ་དེའི་རྩ་བའི་སྔགསོ།། པྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨ་ཞེས་པཱ་ནི་ལྷུན་གྱིས་གྲུབ་པ་རང་བཞིན་གྱིས་ཡོངསུ་དག་པ་ནི། པྲ་ཀྲྀ་ཏི་པཱ་རི་ཤུདྡྷ ་དེ་གང་ཞེ་ནུ། སརྦ་དྷརྨྨ་སྟེ། ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་དོ།། ཡ་དུ་ཏཱ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ནཱ་ཀཱ་ཡ་མཉྫུ་ཤྲཱི་བི་རི་ཤུདྡྷི་ཏཱ་ནཾ་ཡོངསུ་དག་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གང་ཡིན་པཱ་དེ། མུ ་པཱ་དཱ་ཡ་ཏི་ནི་ཁས་བླང་།། གཟུང་བར་བྱའོ་ཞེས་པའོ།། ཨ་ཨཱཿོཾ་སརྦ་ཏ་ཐཱ་ག་ཧྲྀ་ད་ཡ། ཧ་ར་ཧ་ར། ཨཽ་ཧཱུ~ཾ་ཧྲི། བྷ་ག་བཱཾ། ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ར། མ་ཧཱ་བཱ་ཙ། སརྦ་དྷརྨ། ག་ག་ནྡ། མ་ལ་སུ་པ་རི་ཤུདྡྷ། ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཛྫཞེས་པ་ནི་འཕགས་པ་མཚན་ཡང་དག་པར་བརྗོད་པའི་སྔགས་ཀྱི་ཕྲེང་བྱའོ།། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང ་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ལས་ཤེས་རབ་ཀྱི་འཁོར་ལོ་ལ་བཀོད་པའི་སྔགས་ཀྱི་རིམ་པར་ཕྱེ་བ་སྟེ་བཅུ་གསུམ་པའོ།། །། དེ་ནས་ད་ནི་བསྡུས་པའི་སྒོ་ནས་བཅོམ་ལྡན་འདས་རྡོ་རྗེ ་འཛིན་པས་ལག་ན་རྡོ་རྗེ་མང་པོ་དང་ལྷན་ཅིག་གིས་མགོན་པོ་ཞེས་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད།། བཅོམ་ལྡན་འདས་ཤེས་པ་ནི་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་རང་བཞིནོ།། དེ་བཞིན་གཤེགས ་པ་ཞེས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ།། རྫོགས་པའི་སངས་རྒྱས་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་གཟུགསོ།། དེ་ལྟར་ཡེ་ཤེས་བཞིའི་བདག་ཉིད་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ནས། ་གསང་བསྟོད་ནས་ནི་ཚིག་བདི་གསོལ་ཞེས་པ་དང་འབྲེལ་ཏོ།། དེའི་ཕྱིར་གསུངས་པ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། དགའ་ཞིང་མགུ་ནས་ཐལ་མོ་སྦྱར།། མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས།། རྫོགས ་སངས་རྒྱས་ལ་ཕྱག་འཚལ་ནས། དེ་ནི་མགོན་པོ་གསང་བའི་བདག། ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ།། སྣ་ཚོགས་གཞན་དང་ལྷན་ཅིག་དང་།། གསང་བསྟོད་ནས་ནི་ཚིག་འདི་གསོལ།། མགོན་པོ་བདག་ཡིད ་རང་ངོ་།། ལེགསོ་ལེགསོ་ལེགས་པར་གསུངས།། བདག་ཅག་ཡང་དག་རྫོགས་པ་ཡི།། བྱང་ཆུབ་ཐོབ་པའི་དོན་ཆེན་མཛད་ཅེས་པ་ནི་དེ་ལ།། ཀྱེ་མགོན་པོ་བདག་ཅག་ཡི་ར་ངོ་།། ལེགསོ་ལེགསོ་ལེགས་པར ་གསུངསོ།། ཤིན་ཏུ་གསུངས་པ་ནི་ལེགས་པར་གསུངསོ།། བདག་ཅག་གི་དོན་ཆེན་བྱསོ།། དོན་ཅི་འདྲ་བ་ཞེ་ན་གསུངས་པ། ཡང་དག་རྫོགས་པའི་བྱང་ཆུབ་འཐོབ་པ་ནི་སངས་རྒྱས་ཐོབ་པར་བྱེད་པའོ།། ་རྣམ་གྲོལ་འབྲས་བུ་འཚལ་བ་ཡི།། འགྲོ་བ་མགོན་མེད་རྣམས་ཀྱི་ཡང་།། སྒྱུ་འཕྲུལ་དྲ་བའི་ཚུལ་སྟོན་པ།། འདི་ནི་རྣམ་དག་ལེགས་པའི་ལམ།། ཞེས་པ་ནི་དེ་ལ་བདག་ཅག་ཉི་ཚེའི་མ་ཡིན་ཏེ། མགྲོན་པོ ་སྒྱུ་འཕྲུལ་དྲ་བའི་ཚུལ་འདི་ནི།། རྣམ་གྲོལ་འབྲས་བུ་འདོད་པ་ཡི།། འགྲོ་བ་མགོན་མེད་རྣམས་ཀྱི་ཡང་དོན་ཆེན་ཡིནོ།། དེ་ཅི་འདྲ་ཞེ་ན། རྣམ་དག་ཅེས་ཏེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཉིད་ཀྱི་ཕྱིརརོ།། ལེགས ་པའི་ལམ་ནི་མྱ་དྲན་ལས་འདས་པའི་རྒྱུ་ཉི་ཀྱི་ཕྱིརརོ།། ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ། དོན་ཆེན་འགྲོ་བའི་དོན་བྱེད་པའོ།། སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི།། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད་ཅེས ་པ་ནི་དེ་ལ་དོན་ཅིའི་ཕྱིར་ན་ཟབ་ཅིང་ཡངས་པའི་དོན་ཆེ་བ་ཡིན་པ་དེའི་ཕྱིར་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། ཉན་ཐོས་ལ་སོགས་པ་གཞན་རྣམས་ཀྱི་ནི་མ་ཡིན་ན། དེ་ཅི་འདྲ་ཞེ་ན། འགྲོ་བའི ་དོན་བྱེད་པ་ཞེས་པ་སྟེ། སྙིང་རྗེ་ཆེན་པོས་ཡོངསུ་བཟུང་བ་ཉིད་ཀྱི་ཕྱིརརོ།། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད་ཅེས་པ་ནི་དུས་གསུམ་ལ་གནས་པའི་རྫོགས་པའི་སངས་རྒྱས་རྣམས་ཀྱིས་འདི་བཤད་པ་ཡིན།། ་འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསུང་སྔགས་ཀྱི་དོན་ཏུ་རྣམ་པར་ལྟ་བ་ལས་བསྡུས་པའི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ།། ། བདག་གི་བློ་གྲོས་འདྲ་བའི་ནུས་པས་མཚན་ཡང ་དག་པར་བརྗོད་པའི་ཚུལ་ལ་ནི། བློ་གྲོས་ཞན་པས་གཟུང་བར་དཀའ་བའི་རིམ་པས་རྣམ་པར་གྲོལ་པ་བྱས་པ་ཡིན། དེ་ཡི་དགེ་བས་དྲི་མ་མེད་པ་གྲངས་མེད་ཐོབ་པས་སེམས་ཅན་སྡུག་བསྔལ་བའི།། སྲིད་པའི་འདོད། ་ཆགས་ཞི་བར་བྱས་ནས་མཆོག་གི་བྱང་ཆུབ་དམ་པ་ཐོབ་གྱུར་ཅིག། འཕགས་པ་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་འགྲེལ་པ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཞེས་བྱ་བ་རྒྱ་གར་གྱི་མཁན་པོ་སྒེག ་པའི་རྡོ་རྗེ་ཉི་མ་ཅན་གྱི་རིན་པོ་ཆེ་གླིང་ན་བཞུགས་པ་དཔལ་ལྡན་བྱང་ཆུབ་མཆོགི་སྐལ་པ་དང་ལྡན་པ་གང་གི་མཚན་དཔལ་སྣ་ཚོགས་གཟུགས་ཅན་དུ་གྲགས་པ་དེས་མཛད་པ་རྫོགསོ།། །། རྒྱ་གར་གྱི་མཁན་པོ་སྨྲྀ་ཏི་ཛྙཱ་ན ་ཀཱི་ར་ཏིས་བསྒྱུར་ཏེ་བཤད་པ་གཏན་ལ་ཕབ་པའོ།། །། ཕྱིས་རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང་། ཀློག་ཀྱི་ཤེས་རབ་བརྩིགས་ཀྱིས་བཅོམན་གཏན་ལ་ཕབ་པའོ།། འདི་ལ་གཞུང་ཚད་ཤླཽ་ཀ་ཉི་སྟོང་ལྔ་བརྒྱའོ།། ། ཕྱིས་གཉན་གྱིས་བཅོས་པའོ།། ་