| Wylie | e-texts produced with BDRC’s OCR application |
xxx། xxx ་xxx། xxx ་བཤད་སྦྱར་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། བདུད་རྩི་འཛག་པའི་དངོས་གྲུབ་ཀྱི།། ཟླ་ཟེར་ལྷ་དུ ་རྒྱུ་ཡི་ཕྱིར།། ཟླ་བ་ལྟ་བུར་མཁར་ཤར་བ།། རྡོ་རྗེ་མཁའ་འགྲོའི་སྐུ་ཕྱག་འཚལ།། འདི་ཡི་རྒྱུད་ནི་འབདའ་ཞིག་གི། ཀུན་གྱི་ཡན ་ལག་སྙིང་པོ་ཉིད།། རིན་ཆེན་གསེར་གྱི་དངོས་པོའི་སྐུ།། རི་རབ་ལྟ་བུར་གྲུབ་པ་ཉིད།། འདོད་པ་མཚུངས་པའི་ལྕེ་ཡིས་ནི།། སྐད་ཅིག ་ཙམ་གྱིས་རབ་ཏུ་དབྱེ།། ཇི་ལྟར་འདི་ཡིས་རྒྱུད་ཀྱི་ཡང་།། དོན་ཆེན་གསལ་བའི་བློ་ཡིས་ནི།། དེ་ནས་འདིར་ནི་ཅུང་ཟད་ཉིད།། བདག་གིས་དོན་ཆེན་གསལ་བར་བཤད།། ཇི་ལྟར་བླ་མ་ཇི་ལྟར་བློས ་ཇི་ལྟར་བསྟན་བཅོས་ཇི་ལྟར་དྲན།། རྒྱུད་ལས་བུ་ཡི་མན་ངག་གིས།། རྙེད་པའི་དོན་ནི་ཕུན་ཚོགས་པ།། བྲི་བར་ཡང་ནི་མི་ནུས་ཀྱང་།། དེ་ཡང་བདག་གིས་བརྗོད་པར་བྱ།། འདིར་ངེས་པར ་བརྗོད་པར་བྱེད་པ་ལ་སོགས་པ་བསྟན་དགོས་སོ།། མ་བསྟན་ན་ནི་གང་ཡང་རྟོག་པ་སྔོན་དུ་གཏོང་བ་རྣམས་གང་དུ་འཇུག་པར་འགྱུར་ཏེ། དགོས་པའི་དུའང་སྒྲུབ་ཐབས་ལ་འཇུག ་ན། དེ་ཡང་མངོན་པར་འདོད་པའི་དོན་སྒྲུབ་པ་པོ་རང་གི་མངོན་པར་འདོད་པ་ཡང་བསྒྲུབ་པར་ནུས་སོ།། རྗོད་པར་བྱེད་པ་ལ་སོགས་པ་མ་བསྟན་ན་ནི། དགོས་པོ་རྟོགས་པར ་མི་ནུས་ཏེ། འདི་ལྟར་ཡང་མངོན་པར་འདོད་པའི་དགོས་པ་ནི་མངོན་པར་འདོད་པ་ཉིད་སྒྲུབ་ཐབས་ཀྱིས་སྒྲུབ་པར་བྱེད་དོ།། གཞན་དུ་ན་མཐོ་རིས་འདོད་པས་ར་དཀར་པོ་རྙེད་པ་ཞེས་བྱ་བ་འདི་ལ་ནོ།། སངས་རྒྱས་པ་སྙིང ་རྗེ་དང་ལྡན་པ་རྣམས་ཀྱིས་མངོན་པར་འདོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ།། གལ་ཏེ་ར་དཀར་པོ་ཞེས་བྱ་བ་བསད་པས་མཐོ་རིས་ཞེས་བྱ་བའི་འབྲས་བུ་ཡིན་ཀྱང་། དེ་ལྟར་ཡང་སྙིང་རྗེ་དང་ལྡན་པ་སུ་ཞིག་འདིར་འཇུག་པར་འགྱུར ་དེས་ན་བརྗོད་པར་བྱ་བ་ལ་སོགས་པ་རྟོགས་པར་བྱ་བའི་དོན་དུ་གནས་ཕུན་སུམ་ཚོགས་པ་ལ་སོགས་པ་བསྟན་པའི་སྒོ་ནས། གསང་བ་ཞེས་བྱ་བ་ལ་སོགས་པ་ནས། མཁའ་འགྲོ་ཀུན་དངོས་སེམས་དཔའ་ཡི་རྡོ་རྗེ་མཁའགྲོ ་བདེ་བའི་མཆོག། ཅེས་པའི་མཐའི་ཚིག་གིས། རྡོ་རྗེ་ཕག་མོ་སྡུད་པར་མཛད་མས་དང་པོར་གསུངས་སོ།། གཅིག་པུ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་སེམས་ཅན་གདུལ་བའི་དོན་དུ་དེ་ལྟ་དེ་ལྟར་རོལ་པ་སྟོན་ཏེ། འཆད་པ་པོ་དང་། སྡེད ་པ་པོ་དང་། འཁོར་གྱི་མཚན་ཉིད་དང་དཀྱིལ་འཁོར་དང་། དེའི་གཽཙྪ་བོ་དང་དཀྱིལ་འཁོར་པ་དང་། དངོས་གྲུབ་ཀྱི་སྒྲུབ་ཐབས་ཀྱི་མཚན་ཉིད་དང་། བཤད་པར་བྱ་བའི་ངོ་བོ་ཡང་། རང་ཉིད་ཀྱིས་འཛིན་པར་མཛད་དོ།། གསང་བ་ཞེས་བྱ ་བལ་སོགས་པ་ལ། གསང་བ་ལ་ཞུགས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། ཞེས་བྱ་བ་ནི་འཆད་པར་འགྱུར་བ་དང་སྦྱར་རོ།། གོང་དུ་གསུངས་པ་ཉིད་ཀྱི་བརྗོད་པར་བྱ་བ་ལ་སོགས་པ་ཡང་བཅོམ་ལྡན་འདས་ཡིད་ཀྱིས ་གསུངས་པའི་གཞུང་གི་རྗེས་སུ་འབྲངས་ནས་རང་རྒྱུད་བཅོམ་ལྡན་འདས་མས་སྤང་བར་མཛད་པའོ།། དེ་བས་ན་བཅོམ་ལྡན་འདས་ལས་ཐོས་པ་ཉིད་དེ་ཞེས། རྒྱུད་ཀྱི་བསྡུས་པའོ་ཞེས་བྱ་བ་དགོངསོ།། གལ་ཏེ་ཡང་བཅོམ་ལྡན་འདྲ ་ཉིད་འཆད་པ་པོ་ལ་སོགས་པའི་གཟུགས་ཀྱིས་རྣམ་པར་གནས་པའོ།། དེ་ལྟར་ཡང་བཅོམ་ལྡན་འདས་མའི་གཟུགས་ཀྱིས་ཐ་དད་པར་བདག་ཉིད་རྟོགས་པར་མཛད་དོ།། གསང་བའི་སྒྲས་ནི་དེ་བཞིན་གཤེགས་པ་ཐམས་ཅད། དེ་ལ ་བྱུང་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་ཁྱབ་པར་བྱེད་པ་སྟེ། གསང་བ་ནི་ཆོས་ཀྱི་འབྱུང་གནས་སོ།། དེ་ལ་ཡང་རཱི་རབ་ཀྱི་སྟེང་དུ་གཞལ་མེད་ཁང་བརྩེགསུ་མ་གནས་པའོ།། ཙིཪྵ་འགྱུར་ཞེ་ན། གསང་བཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་མཆོག་ཅེས་བྱ་བ་ནརྀ་ཁྱད་པར་དུ་འཕགས་པ་སྟེ། མཆོག་གི་ཡེ་ཤེས་ཀྱི་ཡུལ་ལིའོ།། དགྱེས་པ་ཞེས་བྱ་བ་ནི་མཆོག་ཏུ་བདེ་བ་བསྐྱེས་པའི་ཡུལ་ལོ།། ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་བདག་ཉིད་ཅན་གྱི་ཕྱིར། ཐམས་ཅད་ཀྱི་བདག་ཉིད་དེ་གསང་བུའོ།། ཡང་ན་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ནྡན་གྱི་ཕྱིར། ཐམས་ཅད་བདག་ཉིད།། ཡང་ན་ཐམས་ཅད་ཀྱི་སྒྲས་ནི་རྡོ་རྗེ་འཛིན་པ་སྟེ། དེའི་འདོག་ཉིད། ་ཅན་གྱི་ཕྱིར་དེ་ནི་དེ་ལྟ་བུ་སྟེ། འདིས་ནི་གནས་ཕུན་ཚོགས་གསུང་སོ།། རྟག་ཏུ་བཞུགས་ཞེས་བྱ་བ་ནི། ཐོག་མ་མེད་པའི་དུས་ནས་གང་དུའང་མི་འགྲོ་པོ། དེའི་རང་བཞིན་གྱི་ཕྱིར་སྣ་ཚོགས་ཏེ། རྟེན་ཅིང་འབྲལ་བར་འབྱུང་བའི་རང་བཞིན་གྱིས་མཚམས་མེད་ཅིང། ་རྒྱུན་མྦུ་འཆུད་པར་རྟག་ཏུ་ཆོས་སྐུ་ལ་སོགས་པའི་ངོ་བོས་འདིར་བཞུགས་སོ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཅིར་འགྱུར་ཞེ་ན། སྨྲས་པ་མཁའ་འགྲོ་ཀུན་གྱི་སྒྲ་ཡིས་ནི་རབ་གཏུམ་མ་ལ་སོགས་པའི་ལྷྭ་མ ་རྣམས་ཏེ། དེ་གང་གི་རང་བཞིན་ཡིན་པ་འདི་ནི་མཁའ་འགྲོ་ཀུན་དངོས་སོ།། འདིས་ནི་འདི་དག་གསུངས་པ་ཡིན་ནོ།། མཁའ་འགྲོ་མ་ཀུན་གྱི་འཁོར་གྱིས་བསྐོར་བའི་བཅོམ་ལྡན་འདས་ཀྱིས་གསུངས་པ་སྟེ། དེ་ཡང་འཁོར་ཕུན ་ཚོགས་པ་བརྗོད་པའོ།། སེམས་ཅན་གྱི་དོན་མཛད་པར་ནུས་པའི་ཕྱིར་སེམས་དཔའོ།། རྡོ་རྗེ་ནི་མི་ཤེས་པའི་རི་བོ་འདྲལ་བའི་ཕྱིར་ཏེ། མི་ཤེས་པ་ཡང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཞེས་བྱ་རྣམས་ལ་གཟུངས་པ་ལ་སོགས ་པར་མངོན་པར་ཞེན་པས་ཡེ་ཤེས་ཀྱི་ཤེས་བྱའི་སྒྲིབ་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ་ཤེས་རབ་ཀྱི་ངོ་བོའོ།། མཁའ་འགྲོ་ཞེས་བྱ་བ་ནི་འཕུར་ཞིང་སྤྲུལ་པས་ན་མཁའ་ལ་འགྲོ་བ་སྟེ། ཁྱབ་པའི ་ཕྱིར་མཁའ་འགྲོའོ།། སྤྲུལ་པ་ཡང་མཁའ་འགྲོ་མའི་གཟུགས་ཏེ། དངོས་པོའི་རང་བཞིན་ནོ།། རྗེ་ཡང་ཡིན་ལ་མཁའ་འགྲོ་ཡང་ཡིན་པ་དེ་ནི་རྡོ་རྗེ་མཁའ་འགྲོ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། བྱང་ཆུབ་ཀྱི ་སེམས་ཀྱི་རང་བཞིན་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ།། མཁའ་འགྲོ་ཀུན་དངོས་ཞེས་བྱ་བའི་ཁྱད་པར་ནི་འཁོར་ལ་བརྙོགས་སོ་ཞེས་བྱ་བའི་དོན་དོ།། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནི་ཐབས་དང་ཤེས ་རབ་ཀྱི་བདག་ཉིད་ཅན་ཉིད་དོ།། ཞེས་བྱ་བར་བསྙེགས་སོ་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་དེ་ནི་བདེ་བའི་གཟུགས་སོ་ཞེས་བྱ་བ་འདི་ཉིད་གསུངས་པ། བདེ་བའི་མཆོག་ཅེས་བྱ་བ་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། དེ་ཡང་བསྒྲུབ་པར ་བྱ་བ་མཆོག་གི་མཐར་ཐུག་པར་གྱུར་པ་ཞེས་པའི་དོན། འགྲོ་བ་དྲུག་ཏུ་འཁོར་བ་རྣམས་ཀྱིས་ཀྱང་བདེ་བ་ཉིད་བསྒྲུབ་པར་བྱ་བ་སྟེ། འདི་ལྟར་ཡང་བྱིས་པ་རྣམས་ཀྱི་ནི་ཟག་པ་དང་བཅས་པའོ།། འཕགས་པ་རྣམས་ཀྱི་ནི་ཟག་པ་མེད་པ་སྟེ། དེ་ལྟར་ཡང་བདེ་བ་ལས ་ཕ་རོལ་གཞན་དུ་བསྒྲུབ་པར་བྱ་བ་ཡོད་པ་མ་ཡིན་ཞིང་བདེ་བ་ཉིད་དོན་དུ་གཉེར་བས་སྒྲུབ་ཐབས་སྣ་ཚོགས་བཅལ་བར་བྱའོ།། ཡང་ན་བྱིས་པ་རྣམས་ཀྱི་ཇི་སྲིད་དུ་རང་བཞིན་ཡོངས་སུ་དག་པ་ཉིད་དེ། རང་ཉིད་ཟག་པ་དང་བཅས་པའི་ཕྱིར་དེ་ཡང་ཟག་པ་དང་བཅས ་པ་བལྟ་བུར་འདོད་དེ། མངོན་པར་ཞེན་པ་དང་བཅས་པའི་ཕྱིར་རོ།། དེས་ན་བདེ་བའི་རང་བཞིནི་འདི་ནི་དེ་ལྟར་ཡང་གསུངས་པ་བདེ་བས་བདེ་བ་བསྒྲུབ་པར་བྱ་ཞེས་བྱ་བ་ལ། བདེ་བས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པས་སོ།། བདེ་བ་ཞེས་བྱ་བ་ནི་ཟག་པ་མེད་པའོ།། ་རྟག་ཏུ་བཞུགས་ཞེས་བྱ་བ་ལ་སོགས་པ་ནས་མཆོག་ཅེས་བྱ་བའི་མཐའི་ཁྱད་པར་གྱི་སྐྱེས་པ་རང་དང་གཞན་གྱི་དོན་ཕུན་ཚོགས་པའི་སྒོ་ནས་བལྟ་བར་བྱའོ།། འདི་ནི་ཞེས་བྱ་བ་ནི་རང་དང་གཞན་གྱི་དོན་ཕུན་ཚོགས་པའོ།། དེས་ཅིར་འགྱུར་ཞེ་ན་གསུངས ་པ། རང་འབྱུང་ཞེས་བྱ་བ་ནི་རང་གི་རང་བཞིན་གྱིས་དེ་ལྟ་དེ་ལྟར་གདུལ་བར་བྱ་བ་གདུལ་བའི་དོན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་སྤྲུལ་པའི་གཟུགས་ཀྱིས་འབྱུང་བས་རབ་ཏུ་ཕྱེ་བའོ།། དེ་ལྟར་ཡང་། སེམས་ནི་ཆེན་པོ་གཅིག་ཉིད་ལས།། ལྔ་ཡི ་གཟུགས་སུ་མཚོན་པ་ཡིན།། ཞེས་གསུངས་སོ།། སེམས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ།། བཅོམ་ལྡན་འདས་ཞེས་བྱ་ནི་སྐལ་བ་རྣམ་པ་དྲུག་གི་སྦྱོར་བའི་ཕྱིར་རོ།། གཅིག་པུ་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོས་དོན་དམ་པར ་བདེན་པའི་ཚུལ་ཞེས་བྱ་བའི་དོན་ཏོ།། ལྷག་པའི་ལྷ་ཞེས་བྱ་བ་ནི་གསལ་བར་བྱེད་པས་ན་ལྷ་སྟེ་སྤྲུལ་པའོ།། དེ་རྒྱས་པར་བྱེད་པ་ནི་སྒྲ་ཇི་ཉིད་དེ། རང་གི་དོན་ལ་ཨ་ཎོ་སྟེ་ངེས་པར་བྱས་ཤིང་བཏའོ།། བྱིན་གྱིས་བརླབས་པའི་ལུས་ཀྱིས་ལྷ་ཉིད་ནི་ལྷག་པའི ་ལྟ་སྟེ། ཕྱག་དང་ཞལ་གྱི་རྣམ་པའི་གཟུགས་ཅན་ཞེས་བྱ་བའི་དོན་ཏོ།། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྟེང་དུ་གྱུར་པའི་ཕྱིར་ལྷག་པའི་དོན་གྱིས་ཀྱང་བལྟ་བར་བྱ་ཞིང་དེས་ནི་ཀུན་རྫོབ་ཀྱི་བདེན་པས་ཞེས་བྱ་བར་ཏེ། ཀུན་རྗེབ་ནི་དོན་དམ་པའི་ངོ ་ས་ནུས་བྱེ་བའི་དོན་ཏོ།། ཡང་ན་བཅོམ་ལྡན་འདས་ཉིད་མཁའ་འགྲོ་ཀནྣ་ཞེས་བྱ་བའི་ཚིག་གི་རྐང་པས་ནི་རྣམ་པར་སྣང་མཛོད་ལ་སོགས་པའི་གཟུགས་ཉིད་དུ་བརྗོད་དེ་དེ་ཉིད་ཀྱི་ཕྱིར་རང་འབྱུང་ངོ་།། ལྷག་མཱ་ནི་སྔ་མོ་བཞིན་ནོ།། རང་དང་གཞན་གྱི་དོན ་ཕན་ཚོགས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་རང་བཞིན་གྱིས་འབྱུང་བ་ཞེས་བྱ་བ་བདེན་པ་གཉིས་ཀྱི་ཚུལ་གྱིས་བཅོམ་ལྡན་འདས་ཀྱིས་བཤད་པའོ།། ད་ནི་བསྐྱེད་འི་རིམ་པའི་ཚུལ་གྱིས་བཅོམ་ལྡན་འདས་བསྟན་པར་བྱ ་ཕྱིར་གསུངས་པ། བྱུང་ཞེས་བྱ་བ་ལ་སོགས་པའི་དངོས་པོ་ཐམས་ཅད་ཡང་དག་པར་དབྱེ་ཞིང་འབྱུང་བ་འམ། ཕྱེ་བ་སྟེ་འདིར་འབྱུང་བ་ནི་སྟོང་པོ་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་གྱི་སེམས་སོ།། བྱུང་ཞེས་བྱ་བ་ནི་ལྕིབ་ཕྱིས་པས་ལྔ་པ་སྟོ། བྱང ་ཆུབ་ཀྱི་སེམས་བརྟན་པར་བྱས་པ་ནི་བཏོན་ཞེས་བྱ་བར་སྦྱར་རོ།། གང་ལས་ཤེས་ན་སྒྲའི་ཚུལ་ལས་ཤེས་གསུངས་སོ།། སྒྲ་ནི་སྐད་དོ།། ཚུལ་ནི་གང་དག་གི་སྒྲའི་ཚུལ་ལུས་ཏེ་དེ་ནི་ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་དང་། གཞན་ཡང་སྔགས་རྣམ་སོ།། ་བཏོན་ཞིང་ཞེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་གཟུགས་ཀྱིས་བཏོན་ཅིང་བསམ་པ་དང་། བརྗོད་པ་ཞེས་བྱ་བར་དགོངས་སོ།། དམ་ཚིག་ཅེས་བྱ་བ་ནི་ཟླ་བ་གཉིས་སོ།། སྤྱོད་པ་ནི་ས་བོན་ནོ།། སྤྱོད་ཡུལ་ནི་མཚན་མའོ།། འདིས་ཀྱང་བཏོན་པ་ཞེས་བྱ་བའོ།། ་འདིར་འདི་སྐད་དུ་ཡིན་ཏེ། མདུན་དུ་བླ་མ་དང་སངས་རྒྱས་མཆོད་པ་དང་། ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱ་སྟེ། སེམས་ཀྱི་འཕྲུལ་པ་འགྲོ་བ་འདི་དག་ནི། སེམས་ལས་གཞན་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཡིད་ལ་བསམས་ནས། ཨོཾ ་ཨཱདྱ་ནུཏྤནྟུ། སརྦ་དྷརྨཱཿཔྲ་ཀྲྀ་ཏི་པྲ་བྷཱ་སྨཱ་ར། སརྦ་དྷརྨ་ཞེས་བྱ་བའི་སྔགས་བརྗོད་དེ། དེའི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པར་བྱའོ།། ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་པའི་སྔགས་བརྗོད་ནས་དེ་ལ་ཟླ་བའི་དཀྱིལ་འཁོར་དུ་ཞུགས་ཏེ། ་སངས་རྒྱས་ཀྱི་ཡོན་ཏན་གྱིས་གཟུགས་ཀྱི་སི་ཨེ་ལ་སོགས་པ་བསམ་པར་བྱས་ཤིང་དེའི་འོད་ཟེར་གྱིས་བསྐུལ་བས། སྐར་མ་འཕོ་བའི་རིམ་པའི་རྣམ་པས་གཞན་སྡེའི་དེ་བཞིན་གཤེགས་པ་རྣམས་པ་དེ་ཉིད་དུ་ཞུགས་པར་བསམ་པར་བྱའོ།། ཡུང ་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོམས་ནས། ཨོཾ་བོ་དྷི་ཙིཏྟ་མུཏྤཱ་ད་ཡཱ་མི་ཞེས་བྱ་བའི་སྔགས་བརྗོད་ནས། འདིར་ཡང་ཀ་ལ་སོགས་པའི་ཡིག་འབྲུ་རྣམས་དེ་ཉིད་དུ་བསམ་པར་བྱའོ།། དེའི་སྟེང་དུ་ས་བོན་ལས་སྐྱེས་པ་རང་གི་མཚན་མ་བསྒོམ ་པར་བྱས་ནས། བདག་དེའི་གཟུགས་སུ་བསྒོམ་པར་བྱས་ནས་ཀྱང་། ཨོཾ་ཏིཥྛ་བཛྲ་ཞེས་བརྗོད་པར་བྱ་སྟེ། ཡང་སྤྲོ་བ་དང་བསྡུ་བ་ཡང་གོང་མ་བཞིན་ནོ།། ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་ང་རྒྱལ་བྱའོ།། དེ་ནས་ཟླ་བ་ལ་སོགས་པ་ཡོངས་སུ ་གྱུར་པས་རང་གི་ལྷ་བསྒོམ་པར་བྱས་ནས། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་གཱ་ཏཱ་ཧཾ་ཞེས་བརྗོད་པར་བྱའོ།། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་བསྟན་པ་སྟེ། བཅོམ་ལྡན་འདས་དེ་ནི་འདི་ལྟ་བུ་གཟུགས་སོ་ཞེས་བྱ་བར་དགོངས་སོ།། རྙེད་པར་དཀའ་ཞེས་བྱ་བ་ལ་སོགས་པ་ནི་དེ ་ལྟ་བུའི་བཅོམ་ལྡན་འདས་རྙེད་པར་དཀའ་བའོ།། གང་དུ་ཞེ་ན་འཇིག་རྟེན་གསུམ་དུ་ཞེས་བྱ་བ་སྨོས་ཏེ། ཁྱབ་འཇུག་དང་འཕྲོག་པ་དང་། ནོར་གྱི་སྙིང་པ་རྣམས་ལ་འམ། འདོད་པ་ལ་སོགས་པ་གཞན་གྱི་མིང་འཛིན་པ་རྣམས་ལའོ།། དེ་ལྟར་ཡང་སྤྱོད་པ་སེང ་གེར་ཡང་དགྲ་བཤད།། སེམས་ནི་ཐམས་ཅད་པ་རུ་གྲགས།། ཚངས་པ་ཐར་པ་ཞེས་བྱར་བརྗོད།། འཇིག་རྟེན་གསུམ་དུ་འདི་རྣམས་གསུངས་ཤེས་གསུངས་སོ།། མཱ་ནིང་དུ་བསྟན་པ་ནི། ལུང་གི་ཕྱིར་རོ།། ཡང་ན། འདོད་ཆགས་བུད་མེད་སྐྱེས་བུ་ནི། ཞེ་སྡང ་གཏི་མུག་གཉིས་སྤངས་པའོ་ཞེས་བྱ་བའི་ཚིགས་བཅད་ཕྱེད་པོ་འདིའི་དོན་ནི། འདོད་ཚོགས་རྣམ་དག་ཡན་ལག་ཅན།། ཞེ་སྡང་དེ་བཞིན་སྐྱེས་བུ་ཉིད།། གཏི་མུག་གཉིས་ནི་སྤངས་པ་སྟེ།། དེ་ལྟར་ཁྱད་འཕགས་འདོད་པའི་སེམས།། ད་ལྟར་ཡང་གསུངས་སོ།། ་འདོད་པ་སེམས་ཞེས་བརྗོད་པ་སྟེ། འདོད་ཆགས་ཞེ་སྡོང་མུན་པར་ལྡན།། ཞེའོ། འཇིག་རྟེན་ཞེས་བྱ་བ་ནི་དེ་ལྟར་ཁྱད་པར་འཕགས་པའི་སེམས་སྣང་བར་བྱེད་པའོ།། སྙིང་རྗེ་ཡང་འཇིག་རྟེན་ཏེ། གཟིགས་པར་བྱེད་ཅིང་འདིས་སེམས་ཅན་གྱི་དོན་མཛད་པས། ་ཆོས་ཀྱི་དབྱིངས་དང་འཇིག་རྟེན་ནོ།། གཅིག་ལ་སོགས་པའི་རང་བཞིན་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཐིམ་པར་བྱེད་ཅིང་འཇིག་པར་བྱེད་པས་འདིར་བྱས་པ་སྟེ། གསུམ་པོ་འདི་རྣམསུ་རྙེད་པར་དཀའ་བའོ།། ཅི་ཞེ་ན། མགོ་གཡོ་བས་རྟོགས་པར་བྱ་སྟེ། འདིས ་ནི་རང་རིག་པ་ཙམ་ཉིད་བཅོམ་ལྡན་འདས་ལ་བརྙེགས་སོ་ཞེས་བྱ་བའོ།། དེ་ལྟར་ཡང་གསུངས་པ། རྟག་ཏུ་འདོད་པ་བསྟེན་པར་གྱིས།། ཆུ་ཡི་མཆོག་ནི་བཏུང་བར་གྱིས།། ཆོས་ལ་བསྙེན་ཅིག་ཆོས་མིན་མིན།། འདི་གསུམ་སྐྱེས་བུའི་བརྟུལ་ཞུགས་ཉིད་ཅིའོ།། ་ཡང་ན་གུས་པ་མེད་པའི་བདུན་པ་སྟེ།། འཇིག་རྟེན་ནི་འཇིག་པར་བྱེད་པ་སྟེ། ལུས་རྡོ་རྗེ་ལ་སོགས་པའོ།། རྙེད་པར་དཀའ་ཞེས་བྱ་བ་ནི་དེ་ལ་གུས་པ་མེད་པས། སྡུག་བསྔལ་གྱིས་རྙེད་ཅེས་བྱ་བ་སྟེ། ལུས་ལ་སོགས་པའི་བདག་ཉིད་ཕུང་པོ་དང་ཁམས་དང་། སྐྱེ་མཆེད ་རྣམས་སྤངས་ནས་གང་དུ་བདེ་བ་ཆེན་པོའི་གཟུགས་ཅན་གྱི་མཚན་བཅོམ་ལྡན་འདས་རྙེད་པར་སླ་ཞེས་བརྗོད། དྲིས་པ་ལུས་ལ་སོགས་པ་སྤངས་ནས་སྡུག་བསྔལ་གྱི་རྙེད་པར་མིང་རྙེད་དོ་ཞེས་བྱ་བ་དེ་ལྟར་ན་དེ་བས་ན་ཡུལ་ཡོད་པ་ཉིད་དོ་ཞེས་སྙམ་པ་ལ། ་དཀའ་བ་ཞེས་བྱ་བའི་སྒྲ་ནི་དགག་པའི་ཚིག་མ་ཡིན་པར་བལྟ་བུར་བྱའོ།། ཡང་དག་གནས་ཞེས་བྱ་བ་ནི། འཇིག་པ་མེད་པའོ།། ཐོགས་མ་དབུས་མཐའ་ཞེས་བྱ་བ་ནི། གཅིག་ཉིད་དང་གཉིས་ཉིད་དང་མང་པོ་ཉིད་ཀྱི་མཚན་ཉིད་དེ། གང་དུ་ཐོག་མ་དབུས ་མཐའ་ཡང་དག་གནས་ཞེས་བྱ་བ་ནི་གཞན་གྱི་མཐར་ལྷག་མ་ནི་ཚིག་གི་ཕྲད་དོ།། རང་བཞིན་གྱིས་རྟག་པས་བསྐྱེད་པ་དང་གནས་པ་དང་། འཇིག་པ་རྣམས་དང་པོ་ལ་སོགས་པའི་སྒྲའི་ཚིག་གིས་དབྱིབས་ལ་མི་འཇིག་པས་གནས་སོ་ཞེས་བྱ་བ་ནི། ཐོག་མོ ་དབུས་མཐར་ཡང་དག་གནས་ཞེས་བྱ་བ་འདིའི་དོན་ཏེ། ཐམས་ཅད་དུ་བཅོམ་ལྡན་འདས་ཉིད་ཁྱད་པར་དུ་བྱས་པའོ།། དབུ་མ་རྟོགས་པའི་སྒོ་ནས་ཁྱད་པར་ནི་འདོད་ཆགས་མེད་ཅིང་ཞེས་བྱ་བ་གསུངས་སོ།། འདོད་ཆགས་ནི ་འཁོར་བའོ།། འདོད་ཆགས་དང་བྲལ་བ་ནི་མྱ་ངན་ལས་འདས་པ་སྟེ། དམིགས་པར་མི་འགྱུར་རོ་ཞེས་བྱ་བར་སྦྱར་རོ།། འདོད་ཆགསྡེ་དང་འདོད་ཆགས་བྲལ་བ་དག་གིས་སྤངས་པ་རྟོགས་པ་དམིགས་པར་མི་འགྱུར་ཏེ། དབུ་མ་རྟོགས་པའི་རང་གི་ངོ་བོ་བཅོམ ་ལྡན་འདས་དེ་ལྟ་བུའི་ངོ་བོ་ནི་རྡོ་རྗེ་འཛིན་པ་སྟེ་བརྗོད་བྱའོ།། ད་ནི་ཤེས་རབ་ཀྱི་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་རྟོགས་པར་བྱ་བའི་ཕྱིར་གང་ཞིག་གཙོར་གྱུར་པ་དེ་ཉིད་བུད་མེད་ཀྱི་རང་གཟུགས་ཉིད་རྟོགས་པར་བྱ་བའི་ཕྱིར་ཀུན་ཅེས་བྱ་བ་ལ་སོགས ་པ་གསུངས་སོ།། བུད་མེད་ཀུན་ནི་ལྷ་མོ་ཐམས་ཅད་དེ། དེ་ཉིད་སྒྱུ་མའོ།། ཕྱག་རྒྱ་ཞེས་བྱ་བ་ནི་དེ་ཉིད་གནས་པ་དང་གཡོ་བའི་འགྲོ་བ་ཕྱག་རྒྱས་འདེབསྡུ་བ་སྟེ། རིགས་ལ་གཅིག་གི་ཚི་གོ།། སྒྱུ་མའི་སྒྲ་འདི་ནི་སྒྱུ་མའི་སྒྲའི་དོན་ཏོ།། འདདི་ནི་ཞེས་བྱ་བ་ནི ་རབ་གྲུབ་བོ།། འདི་གསུངས་པོ། བདེ་བ་ཆེན་པོ་རྟོགས་པའི་ཕྱིར།། བཅོམ་ལྡན་ཉིད་ནི་བུད་མེད་སྦྲུ་ལ།། བདེ་པའི་དྷུ་རྱ་བ་རྟོགས་བྱེར།། བུདུ་མེད་སྒྲ་མའི་ཕྱག་དེ།། སྤྱན་རྫོབས་ཀྱི་ནི་གཟུགས་དང་ནི།། དེ་ན་དམི་པབ་ཕྱུག་རྒྱུ་ཉིད།། ཅེ་འོ། གཉིས་མེད ་ཡེ་ཤེས་བྱ་བ་ནི་དེའི་མཆོག་ཏུ་ཤེས་པར་བྱ་བའི་ཡེ་ཤེས་སོ།། གང་དག་གི་གདུག་པ་རྣམས་དང་སྐྱོན་རྣམས་དང་། ཉོན་མོངས་པ་རྣམས་ལ་སྤྱོད་པའི་ངང་ཚུལ་དེ་ནི་སྤྱོད་པར་དཀའ་བ་སྟེ། དེ་ཡང་རྣལ་འབྱོར་པ་རྣམས་ལའོ།། འགྲུབ་པར་འགྱུར་ཞེས་བྱ་བ་ནི ་དོན་དམ་པའི་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བར་འགྱུར་ཞེས་བྱ་བའང་དགོངས་ཏེ། རྣལ་འབྱོར་པའང་དེ་ལ་དོན་དམ་པའི་ཡེ་ཤེས་སྟེར་བར་འགྱུར་རོ་ཞེས་བྱ་བའང་བལྟ་བར་བྱའོ།། འདིའི་སྒྲའི་དོན་ནི་རེ་ཞིག་སྐྱེས་བུས་ཚེགས་ཆུང་ངུས་གྲུབ་པར་འགྱུར་ཞེས་བྱ་བར ་དགོངས་སོ།། ཇི་ལྟར་འགྲུབ་ཅེ་ན་ཀུན་གྱི་ཞེས་བྱ་བ་གསུངས་ཏེ། ཕུང་པོ་ལ་སོགས་པ་རྣམས་ཀྱིའོ།། རྙེད་པ་ཞེས་བྱ་བ་ནི། རང་གི་ངོ་བོའི་ཡེ་ཤེས་ཏེ་རྙེད་པ་ཐམས་ཅད་དོ།། དེས་བདེ་བ་ནི་ཡིད་དང་ལྡན་པ་སྟེ། དེའི་ཁྱད་པར་དུ་འཕགས་པའོ།། ཐམས་ཅད་ལས ་མཆོག་གི་མཆོག་ཏུ་གྱུར་པ་ལ་ཞེན་པ་བསྐྱེད་པ་དེ་རྣམས་ཀྱི་བྱེད་པར་གྱུར་པ་དེ་རྣམས་ཀྱིས་ཐབས་དང་ཤེས་རབ་སྙོམས་པར་འཇུག་པ་ལས་སྐྱེད་པའི་བདེ་བས་ཞེས་བྱ་བར་དགོངས་སོ།། ལྷ་མོ་རྣམས་ཀྱི་མཚན་གཞན་དུ་རྗེས་སུ་འགྲོ་བའི་སྒོ་ནས་བསྟན ་པ་གསུངས་པ། ཀུན་ཏུ་ཞེས་བྱ་བ་ནི་གང་དག་ལ་ཕྱི་རོལ་གྱི་དོན་གྱི་གོ་སྐབས་འབྱེད་པ་དེ་ནི་ནམ་མཁའ་ཀུན་ཏུ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ་འཁོར་ལོ་སྒྱུར་བ་དྲུག་པོ་རྣམས་སོ།། དེ་རྣམས་དང་ལྷན་ཅིག་སྤྱོད་པ་ཞེས་བྱ་བ་དེ་ནི་དེ་ལྟ་བུའོ།། རིགས་ཙམ ་ལ་གཅིག་གི་ཚིག་གོ། རྣམ་པར་སྣང་མཛད་ལ་སོགས་པ་སྒྲུབ་པོ་ཞེས་བྱ་བའི་དོན་ཏེ། དེས་ཡང་འདིས་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བྱའོ།། དེ་ཉིད་གང་ཞིག་ཁྱབ་པ་སྟོང་པ་ཉིད་ཀྱི་ངང་ཚུལ་གང་ལ་ཡོད་པ་དེ་ནི་མཁའ་འགྲོ་མ་སྟེ་ཤེས་རབ་ཀྱི་ཕ་རོལ ་པའི་རང་གི་ངོ་བོའི་ཕྱིར་རོ།། དེ་ལྟར་ཡང་གསུངས་པ། ཌཾ་བཾ་ཧཱ་ལ་འགྲོ་བའི་སྐད་ཀྱི་དབྱིངས་འདིར་རྣམ་པར་བརྟགས་པ་ཞེས་བྱ་བ་ནི་ཌཾ་བཾ་ཧཱ་ཡ་འགྲོ་བ་ནི་སྟོང་པ་ཉིད་མངོན་དུ་བྱེད་པའོ།། ཞེས་ཤེས་བྱ་བ་ནི་གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་འདིས ་འགྲོ་ཞིང་རྣམ་པར་འཇིགས་པའོ་ཞེས་ཤེས་བྱ་བ་འམ། མཁའ་འགྲོ་མ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའི་ཚིག་གོ་ཞེས་ཁ་ཅིག་ཟེར་རོ།། འདི་ཉིད་ནི་བུད་མེད་ཀྱི་ཐུན་མོང་གི་མིང་སྟེ། ཅིའི་ཕྱིར་ཡང་ཐུན་མོང་ཞེ་ན་དེའི་ཕྱིར་སྨྲས ་བ་རབ་ཏུ་འགྲུབ་པར་འགྱུར་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བར་རབ་ཏུ་འགྲུབ་ཅིང་འགྲོ་བར་འགྱུར་ཞིང་ཐབས་དང་བཅས་པར་མཁའ་འགྲོ་མ་འགྲུབ་པར་འགྱུ་རོ་ཞེས་བྱ་བར་དགོངས་སོ།། ཀུན་ལས་ཞེས་བྱ་བ་ནི་ཕྱོགས་བཅུ་རྣམས་སུའོ།། སྣ་ཚོགས་ཞེས ་བྱ་བ་ནི་ཕུང་པོ་ལ་སོགས་པ་སྟེ། ཕྱག་རྒྱས་འདེབས་པ་ནི་ཀུན་ལས་སྣ་ཚོགས་ཕྱག་རྒྱ་སྟེ་ལྷ་མོའོ།། སྨྲས་པ་འདིར་འགྱུར་ཏེ། ལྷ་མོ་རྣམས་ནི་རབ་ཏུ་མ་མ་ལ་སོགས་པ་འམ་འཁོར་ལོ་སྒྱུར་བ་དྲུག་པོ་རྣམས་སུ་བལྟ་བར་བྱའོ།། སྟེ་ཞེས་བྱ་བའི་སྒྲ་ནི་ཁྱད་པར ་དུ་བུད་མེད་ཀྱི་གཟུགས་ཉིད་ལྷ་མའི་གཟུགས་ཀྱིས་ཁྱད་པར་དུ་འཕགསོ་ཞེས་བྱ་བའི་དོན་ཏོ།། མཁའ་འགྲོ་མ་མེད་པར་ཐབས་ཀྱིས་ཀྱང་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བར་བསྟན་པའི་ཕྱིར། ཀུན་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར ་པའི་ཐམས་ཅད་ལ་སོགས་པའི་ཆོ་གའི་ཁྱད་པར་འཕགས་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ།། ཅིས་ཤེས་ན། ཀུན་ལས་ཏེ་གཟུགས་ལ་སོགས་པའི་ཡུལ་ཉེ་བར་ལངས་སྤྱོད་པ་ཆོ་ག་སྣ་ཚོགས་པས་ལུས་དང་ཡིད་ཀྱི་བདེ་བ་རྣམས་ཀྱིས་རྣལ་འབྱོར ་པ་འགྲུབ་པར་འགྱུར་རོ།། ཅིར་གྱུར་པས་ཤེ་ན་མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་བ་ཞེས་གསུངས་ཏེ། མཁའ་འགྲོ་མ་ཐམས་ཅད་རྣམས་ཀྱིསསམ། འཁོར་ལོ་སྒྱུར་བ་དྲུག་པོ་དཀྱིལ་འཁོར་དུ་གནས་པ་རྣམས་ཀྱིས་སམ། ལྷ་མོ་རྣམས་ཀྱིས་མཉམ་པར་སྦྱོར་བ ་སྟེ། དེ་ཡང་འདི་ནི་རྡོ་རྗེ་ཡང་ཡིན་ལ་མཁའ་འགྲོ་ཡང་ཡིན་པ་དེ་ནི་དེ་ལྟ་བུའོ།། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། རྡོ་རྗེ་འཛིན་པ་ལ་སོགས་པ་གཞན་མཆོག་གི་གཟུགས་ཀྱི་རང་རང་གི་མཁའ་འགྲོ་མའི་འཁོར་གྱིས་སོ།། རབ་ཏུ་འགྲུབ་ཅེས་བྱ། ་བ་ནི་བདག་ཉིད་རྣལ་འབྱོར་པ་བསྐྱེད་པར་བྱའོ།། ད་ནི་ཕྱི་རོལ་གྱི་འཕར་མར་དམིགས་པས་བྱ་བའི་རྒྱུད་ཀྱི་ཆོ་གས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་མཚན་ཉིད་མི་འདོད་པས། དེ་ཉིད་མེད་ཅེས་གསུངས་ཏེ། དོན་དམ་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར ་མེད་པའི་ངོ་བོས་དེ་ལས་ཕྱིན་ཅི་ལོག་ནི་དེ་ཁོ་ན་མ་ཡིན་ཏེ། གཟུང་བ་ལ་སོགས་པར་མངོན་པར་ཞེན་པས་དེ་ཉིད་མེད་པའོ།། བསམ་ཞེས་བྱ་བ་ནི་གནས་ཏེ་གང་གི་ཡུལ་ལ་དེ་ནི་དེ་ལྟ་བུའོ།། རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ་སེམས་རྩེ་གཅིག་པའོ།། ་གང་དག་ལ་དེ་ཁོ་ན་ཉིད་མེད་པའི་བསམ་པའི་རྣལ་འབྱོར་ཡོད་པ་ད་ནི་དེ་ལྟ་བུའོ།། ལྷ་ཞེས་བྱ་བ་ནི་རང་འདོད་པ་སྟེ་དེའི་དམིགས་པནི་དགོས་པའོ།། ལྟ་བུ་ཞེས་བྱ་བའི་སྒྲས་ནི་མཚན་ཉིད་ལ་འམ་འདོད་པ་ལའོ།། གཟུགས་བརྙན་ཞེས་བྱ་བ་ནི་རང་གི ་གཟུགས་ལས་གཞན་པའི་གཟུགས་ཏེ་གཟུགས་བརྙན་ནོ།། དེའི་དངོས་པོའི་རྣལ་འབྱོར་ཞེས་བྱ་བར་སྦྱར་རོ།། དབང་བསྐུར་ལ་སོགས་ཞེས་བྱ་བ་དེ་ན་དབང་བསྐུར་བ་སྟེ། བྲིས་པ་དང་ལུགས་མ་ལ་སོགས་པ་རྣམས་ལ་སྐྱེ་བར་འགྱུར། འདིས་ནི་ཕྱག ་རྒྱ་ཆེན་པོ་དངོས་གྲུབ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བར་དགོངས་སོ།། རང་གི་གཟུགས་ལྷའི་གཟུགས་ཀྱི་ཚུལ་གྱིས་རྫོགས་པ་ནི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བར་བརྗོད་དོ།། དེ་ཉིད་ནི་བྱང་ཆུབ་སེམས་ནི་རྣལ་འབྱོར་ཆེ་ཞེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་སྟོང ་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་སེམས། དེ་ཉིད་ཐབས་ཆེན་པོས་ལྷའི་གཟུགས་སུ་སྦྱར་བར་བྱའོ།། དེ་ལ་དབང་ཕྱུག་ནི་གཉིས་སུ་མེད་པ་ཉིད་ཀྱིས་ཡེ་ཤེས་ཏེ་གཙོ་བོའོ།། དེ་ལས་ལྷག་པ་འཐུང་བའི་ཕྱིར་དེ་ནི་དེ་ལྟ་བུའོ།། ཇི་ལྟར ་ཞེ་ན། རང་ཞེས་གསུངས་པ་ནི་བདག་ཉིད་དེ་སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཏེ། ལྷའི་གཟུགས་ཀྱི་ཚུལ་གྱིས་རྫོགས་པ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་བསྒོམ་པ་གཅིག་པུ་ཉིད་ནི་ལྷའི ་གཟུགས་བསྒོམ་པའོ།། འདི་ཉིད་གསལ་བར་བྱ་བའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། རྡོ་རྗེ་ཡང་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་ཕྱིར་རོ།། འདི་ཉིད་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀུན་གྱི་ཞེས་གསུངས་ཏེ། རྣམ་པར་སྣང་མཛད ་ལ་སོགས་པའོ།། དེ་རྣམས་ཀྱི་རང་གི་གཟུགས་ཀྱིས་བྱང་ཆུབ་སེམས་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཉིད་དོ།། དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རང་དང་གཞན་གྱི་དོན་ནུས་པའི་ངོ་བོ་དེའི་ཕྱིར་བཅོམ་ལྡན་འདས་དེ་ཉིད་རྣམ་པར ་སྣང་མཛད་ལ་སོགས་པའི་གཟུགས་ཅན་ནོ།། མཆོད་པར་བྱ་ཞེས་བྱ་བ་ནི་མངོན་དུ་བྱེད་པའོ།། ཀུན་ཏུ་རབ་འབད་པས་ཤེས་བྱ་བ་ནི་ཐམས་ཅད་དུ་གུས་པ་དང་བཅས་ཤིང་རྒྱུན་ཏུ་དུས་རིང་པོར་བསླབས་པསོ།། དེས་ན་དེ་ལྟར་གྱུར་པའི་བཅོམ་ལྡན་འདས ་ཉིད་བརྗོད་པར་བྱ་བར་རྟོགས་པ་ཡིན་ཏེ། བརྗོད་པར་བྱ་བ་དང་དགོས་པ་དེ་ཉིད་མངོན་དུ་བྱེད་པའོ།། རང་དང་གཞན་གྱི་དོན་བྱེད་པའི་ངོ་བོ་ཉིད་ཀྱང་སྨྲས་པ། འགྲོ་བ་ཤིན་ཏུ་གཉེན་ལྟ་བུའི་རང་བཞིན་ཏེ་ངེས་སོ།། སྣ་ཚོགས་ཞེས་བྱ་བ་ནི་བརྟན་པ་དང་གཡོ ་བའོ།། ཁྱབ་པ་ནི་བདག་ཉིད་དུ་བྱས་པའོ།། རྣམ་པ་སྣ་ཚོགས་པའི་སྤྲུལ་པ་རྣམས་རང་གི་ངོ་བོ་ཤེས་ནས་རྣམ་པར་གནས་པ་སྟེ། དེ་མཆོད་པར་བྱ་ཞེས་བྱ་བ་གོང་མ་དང་སྦྱར་རོ།། རང་དང་གཞན་གྱི་དོན་གྱི་དངོས་གྲུབ་ཉིད་ནི་དགོས་པའི་འང་དགོས་པའོ།། དེ ་ཉིད་ནི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།། བདག་ཉིད་སངས་རྒྱས་ཐམས་ཅད་དང་ཕྱི་རོལ་གྱི་དོན་ཐམས་ཅད་ཉིད་ཅེས་པའོ།། ཀུན་ལ་ཤིན་ཏུ་ཕན་པ་ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་ལྟ་བུར་བྱས་ནས་བསྒྲུབ་པར་བྱའོ།། ཇི་ལྟར་ཞེ་ན་རང ་གི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཕྱིར་བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་སྒྲུབ་པར་བྱའོ་ཞེས་བྱ་བར་དགོངས་སོ།། རང་དང་གཞན་གྱི་དོན་འདི་ནི་དགོས་པའོ།། གཞན་གྱི་དོན་གྱི་དགོས་པ་ནི་འདིས་ནི་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདིས་ནི ་བརྗོད་པར་བྱ་བ་མངོན་དུ་བྱས་པ་སོ།། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཇི་ལྟར་ཡང་ལེའུ་བཞི་བཅུ་རྩ་གཉིས་པ་ལས་འཆད་པར་འགྱུར་རོ།། དེ་ཉིད་དུ་དོན་གྱི་འདི་དག་གིས་ཀྱང་བསྟན་པར་བྱའོ།། འདིར་བརྗོད་པར་བྱ་བ་ལ་སོགས་པ ་དེའི་རང་གི་ངོ་བོས་བཅོམ་ལྡན་འདས་ཉིད་བཞེད་པར་མཛད།། ད་ནི་བདག་གིས་ཀྱང་བསྟན་པར་བྱའོ།། སྡུད་པར་བྱེད་པས་རྟོགས་པར་བྱ་བའི་ཕྱིར།། དེ་སྐད་ཅེས་བྱ་བ་ལ་སོགས་པ་གསུང་སོ།། དེ་སྐད་ཅེས་བྱ་བ་ནི་བརྗོད་པར་བྱ་བ་ལ་སོགས་པ་སྟེ། དཔལ ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྟོན་པ་པོའོ།། དེ་བཞིན་ཉིད་དུ་ཕྱིན་ཅི་མ་ལོག་པར་བཅོམ་ལྡན་འདས་རྟོགས་པ་ཞེས་བྱ་བ་དེ་ནི་དེ་བཞི་ནོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ནོ།། ད་ནི་རྒྱུད་ཀྱི་བརྗོད་པར་བྱ་བའི་རྣམ་པ་དང་བྱེ་བྲག་གི་དབྱེ ་བས་བསྟན་པའི་ཕྱིར་ན་མཁའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའ་ཉིད་ནི་རང་བཞིན་མོང་པ་ལ་སོགས་པའི་མཚན་ཉིད།། མཚན་ཉིད་ནི་གང་གི་རྡོ་ཛ་སྟེ་ང་ནི་དེ་ལྟ་བུའོ།། དུ་རྒྱའི་ཕྱིར་ཞན་ཐམས་ཅད་ཅེས་གསུངས་ཏེ། ་དེའང་ཕུང་པོ་ལ་སོགས་པའོ།། ནམ་མཁའ་ཡང་སོ་སོར་བཅོམ་པས་རྫས་བསལ་བ་ཙམ་གྱི་མཚན་གྱི་ཕྱིར་མཚན་ཉིད་མེད་པ་སྟེ། མིང་ཙམ་ཡོངསུ་བརྟགས་པའི་ཕྱིར་རོ།། ཅི་སྟེ་བྱ་བ་བྱེད་པས་ཕུང་པོ་ལ་སོགས་པ་རྟོགས་པ་ཇི་ལྟ་བུ་ཞེས་སྙམ་པ་ལ། ་སྒྱུ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ནི་ཡོད་པ་མ་ཡིན་པའི་འང་གཟུགས་ཏེ། དོན་གྱི་བྱ་བ་བྱེད་པ་ཡང་སྒྱུ་མའི་གཟུགས་ཀྱིས་བྱེད་དོ།། ཞེས་བྱ་བར་བལྟ་བར་བྱའོ།། དེ་ལྟ་བུ་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་ཉིད་།། འང་གི་སྒྲས་ནི་ངེས་པར་གཟུང ་བའོ།། ཕུང་པོ་ལ་སོགས་པ་ཙམ་ཉིད་དོ།། ཞེ་ན། དེ་ལྟར་མ་ཡིན་ནོ།། དེ་ལྟ་མེད་ཀྱི་ཁམས་གསུམ།། དེ་ཡང་ཕྱོགས་ཅིག་ཙམ་ནི་མ་ཡིན་ཏེ། དེ་ཉིད་ནི་མ་ལུས་པ་ཞེས་གསུང་སོ།། གང་ལ་ལྷག་མ་ཡོད་པ་མ་ཡིན་པ་དེ་ནི་མ་ལུས་པའི་འགྲོ་བ་སྟེ། དང ་པོའི་མཐར་ཏ་ཤི་ལའོ།། འགྲོ་བ་སྒྱུ་མ་ལྟ་བུར་གསལ་བར་བསྟན་པའི་ཕྱིར་མཐོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐོང་བ་ཞེས་བྱ་བ་ནི་ཉམ་སུ་མྱོང་བའོ།། ཇི་ལྟ་བུ་ཞེ་ན་རེག་པ་ཞེས་གསུངས་ཏེ། གང་ཞིག་དབང་པོ་རྣམས་ཀྱིས་གཟུངསའི་དེ་ཅི ་ཞེ་ན། འགྲོ་བ་གནས་པ་ནི་ཞེས་བྱ་བ་གསུངས་པ་ནི་ཐ་སྙད་ཅེས་བྱ་བའི་དོན་ཏོ།། ཐམས་ཅད་ཅེས་བྱ་བ་ནི་རྣམ་པ་དང་བྱེ་བྲག་ལ་སོ།། འོན་ཀྱང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་དམིགས་པ་ཉིད་དུ་མི་འགྱུརརོ།། ཅི་དང་མཚུངས་ཤེ་ན། ཇི་ལྟར་སྒྱུ་མ་ཞེས་བྱ ་བ་ལ་སོགས་པ་གསུངས་སོ།། གང་གི་ཕྱིར་སྒྱུ་མས་གཅིག་ཉིད་ལ་སོགས་པ་ནི་དེ་ཁོ་ན་མ་ཡིན་ནོ།། གང་གི་ཕྱིར་འདི་སྐད་དུ་འགྲོ་བ་སྒྱུ་མ་ལྟ་བུ་དེའི་ཕྱིར་ཞེས་བྱ་བར་དགོངསོ།། འདིས་ནི་ཞེས་བརྗོད་པས་ནི་སྟོང་པ་ཉིད་ཀྱི་ངོ་བོསོ།། ཕྱག་རྒྱས་ཞེས་བྱ་བ་ནི་ཤེས ་རབ་དང་ལྷན་ཅིག་པའོ།། རྣལ་འབྱོར་ནི་ཕྱག། དང་ཞལ་ལ་སོགས་པའི་རྣལ་འབྱོར་ཏེ། གང་ལ་ཡོད་པ་དེ་ནི་རྣལ་འབྱོར་པའོ།། དེས་ཅི་བྱེད་པར་འགྱུར་ཞེ་ན། གནས་གསུམ་པོའང་བཟའ་བར་བྱ་ཞེས་གསུངས་ཏེ། ལུས་ལ་སོགས་པ་དེའི་ཕལ་པའི ་གཟུགས་བཅོམ་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་འདི་སྐད་དུ་དངོས་པོའི་ཆའི་རྣམ་པར་རྟོགས་པ་དང་བཅས་པའི་བཅིང་བའི་རྒྱུའི་ཕྱིར་ཞེས་བྱ་བ་ནི་གང་གིས་གསུངས་ཏེ། དངོས་པོའི་ཆ་ཡི་སོ།། རྨོངས་པ་ནི་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་ལྡན་པའོ།། ་བཅིང་བ་ཉིད་ནི་སྡུག་བསྔལ་གྱི་བཅིང་བས་བཅིང་བར་འགྱུར་བའོ།། དེ་ཉིད་ཀྱིས་མཁས་པར་རོལ་པར་འགྱུརརོ་ཞེས་བྱ་བར་སྦྱརོ།། གསལ་བའི་མང་བའི་ཕྱིར་མང་པོའི་ཚིག་གོ། དེས་ནི་ཞེས་བྱ་བ་ནི་དངོས་པོའི་ཆ་ཉིད་ཀྱིས་ཞེས་བྱ་བར་དགོང་སོ།། མཁས་པ ་ཞེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་ལས་གྲོལ་བ་སྟེ། མངོན་པར་ཞེན་པ་མེད་པ་ཞེས་བྱ་བའི་དོན་ཏོ།། འདི་ཉིད་རོལ་པ་ནི་སེམས་ཅན་གྱི་དོན་བྱེད་པའི་རྒྱུར་གཟུགས་སྣ་ཚོགས་འཛིན་ཅིང་དེའི་རང་བཞིན་ཡོངསུ་ཤེས་པས་ཀྱང་རྩེ་བ་སྟེ། གང་གི་ཕྱིར་ཆོས ་ཉིད་མི་ཞི་།། འདི་པོན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ས་རོ།། སྟོང་པ་ཉིད་བསྒོམ་པ་འབ་ནིག་གིས་ཇི་ལྟར་ཡང་བྱང་ཆུབ་སྒྲུབ་པར་མི་འརྒྱ་ཆེ་ཞེས་བྱེ་བ་ནི། དེས་ནི་ནས་བྱ་བ་ནི་ལ་སོགས་པ་གསུངས་ཏེ། དེ་ནི་ཡང་རྣལ་འབྱོར་བའོ།། གང་མེད་རྣལ་བརྒྱ ་གྱིས་ཞེས་བྱ་བ་ནི་དངོས་པོ་སྤངས་པའི་ཕྱིརརོ།། གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་སོ།། འགྱུར་ཏེ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་སྟེ། རང་གི་དོན་ཡང་རྙེད་པར་མི་འཇུར་ཞེས་བྱ་བའི་དོན་ཏོ།། ཅི་དང་འདྲ་ཞེ་ན། མར་མེ་བཞིན་ཞེས་གསུངས་ཏེ། ་མར་མེ་ནི་འབྲུ་མར་གྱི་སྦྱོར་བ་ལས་སྣོད་ལ་ན་མཁའི་མཐིལ་དུ་འབར་བར་འགྱུར་རོ།། དེའི་དངོས་པོ་མེད་པས་སྟོང་པ་ཉིད་ལ་གཅིག་ཏུ་གནས་པའི་ཕྱིར་རེ་ཞིག་གཞན་གྱི་དོན་ལྟ་འོག་གི་བདག་ཉིད་ཀྱང་གསོ་བར་ནུས་པར་མི་འགྱུརརོ།། འཁོར་ལོ་སྒྱུར་བ་དྲུག་གི་རང ་བཞིན་གྱི་རྣལ་འབྱོར་ཉིད་བསྟན་པར་བྱ་བའི་ཕྱིར་གསུངས་པ། གཟུགས་ནི་དབང་པོ་ལྔ་པོ་རྣམས་དང་དོན་ལྔའོ།། རྡོ་རྗེ་ཉི་མ་ནི་རིན་ཆེན་འབྱུང་གནས་སོ།། ཚོར་བ་ནི་བདེ་བ་ལ་སོགས་པ་ཉམ་སུ་མྱོང་བའི་ངོ་བོའོ།། པདྨ་གར་དབང་ཕྱུག་ཅེས་བྱ་བ་ནི་འོད་དཔག་དུ་མེད་པའོ།། ། ་འདུ་ཤེས་ནི་མཚན་མར་འཛིན་པའི་བདག་ཉིད་ཅནོ།། འདུ་བྱེད་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ཅ་ནོ།། རྡོ་རྗེ་རྒྱལ་པོ་ནི་དེ་ན་ཡོད་གྲུབ་པའོ།། རྣམ་ཤེས་ནི་ཡུལ་རྣམ་པར་རིག་པའོ།། རྡོ་རྗེ་སེམས་དཔའ་ཉིད་ནི་མི་བསྐྱོད་པའོ།། སྐྱེ་བར་བསྡུ ་པ་ཀུན་ཞེས་བྱ་བ་ལ་སོགས་པ་གསུང་སོ།། འདི་ཞེས་བྱ་བ་ནི་རྣལ་འབྱོར་པའོ།། གཟུགས་ལ་སོགས་པའི་ཕུང་པོ་ལྔ་པོའི་ངོ་བོ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ་དེ་བཞིན་གཤེགས་པ་ལྔ་པོ་རྣམསོ།། དེའི་རང་བཞིན་ནི་རྡོ་རྗེ་མཁའ་འགྲོ་སྟེ་དེ་ལྟར་འགྲུཅི ་པར་འགྱུརརོ་ཞེས་བྱ་བར་དགང་སོ།། འབྱུང་བ་ཆེན་པོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་གཟུགས་ཏེ་ལྷན་ཅིག་སྐྱེས་པའི་གཟུགས་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ནི་དགའ་བ་ལ་སོགས་པ་རབ་ཏུ་སྦྱིན་པ་པོའོ།། རྡུལ་མེད་ཅེས་བྱ་བ་ནི་ཉོན་མོངས་པ་བ ་བྲལ་བའོ།། རྡུལ་ཞེས་བྱ་བ་ནི་སེམས་ཅན་རྣམསུ་བྱས་པས་འཚེད་པའོ།། སྒྱུ་མ་ཆེན་པོའི་རང་བཞིན་ཞེས་བྱ་བ་ནི་བདག་ཉིད་དེའི་དངོས་པོ་ནི་དེའོ།། ལྟུང་བར་བྱེད་མ་ཞེས་བྱ་བ་ནི། འཇིག་རྟེན་པ་རྣམས་ལྟུང་བར་བྱེད་པ་དང་། དེ་དག་འདུལ་བར་བྱེད་པའོ།། ་ས་ནི་སྙིང་རྗེའི་རང་བཞིན་དང་སྤྱན་ནོ།། གསོད་པར་བྱེད་མ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་བྱེད་པ་དང་གསོད་པར་བྱེད་པའོ།། ཆུའི་ཁམས་ནི་བྱམས་པའི་རང་བཞིན་དང་མཱ་མ་ཀཱིའོ།། མ་ཞེས་བྱ་བ་ནི་དགའ་བའི་རང་བཞིན ་དང་གོས་དཀར་མོའོ།། དེ་ཉིད་འགུགས་བྱེད་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རླུང་ནི་ཞེས་བྱ་བ་ནི་བཏང་སྙོམས་ཀྱི་རང་བཞིན་དང་སྒྲོལ་མའོ།། འགུགས་པ་དང་སྐེམས་པར་བྱེད་པ་ཞེས་བྱ་བའི་ལས་གཉིས་པའོ།། དེ་ཉིད་རླུང་ཞེས་བྱ་བ་ལ ་སོགས་པ་གསུངས་སོ།། ཕུང་པོ་ལྔ་པོ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའོ།། ས་ལ་སོགས་པ་རྣམས་ལ་སྤྱན་ལ་སོགས་པ་རྣམས་དགོད་དོ།། སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི་པདྨ་འབར་མའོ།། ངང་གིས་འགྲོ་ཞེས་བྱ་བ་ནི། རང་ལ་རྡོ་རྗེ་མཁའ་གྲོའི ་སྐུའི་ན་མཁར་འགྲོ་བའོ།། ལཱུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། རྡོ་རྗེ་གཙོ་མོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་ལྷན་ཅིག་མི་ཕྱེད་པར་བཞུགས་ས་ཞེས་བྱ་བའི་དོན་ཏོ།། མག་ལ་གཏི་མུག་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་མིག་ལ་སོགས་པ ་བྱིན་གྱིས་བརླབ་པ་གསུངསོ།། དེ་ཡང་གོ་སླའོ།། ཁ་ཞེས་བྱ་བ་ནི་ལྕེའོ།། སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ནི་བདུན་པ་ཕྱིས་པའོ།། འདིར་སྐྱེ་མཆེད་ཐམས་ཅད་མཉམ་པར་སྦྱོར་བའི་ཡིད་ནི་དེར་སྐྱེ་མཆེད་ཐམས་ཅད་མཉམ་པར་སྤྲོ ་བ་སྐྱེ་རྡོ་རྗེ་མཁའ་འགྲོའོ།། འདི་དག་ཀུན་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ།། ཡིག་གིས་ཞེས་བྱ་བུ་ནི་སེམས་ཀྱིས་ཏེ་གང་གི་ཕྱིར་གཟུང་བ་ལ་སོགས་པའི་རྣམ་པར་རྟོག་པ་སྤངས་པའི་རྣམ་པར་མི་རྟོག་པའི་མིག་ན ་དགོས་པ་མེད་པ་ཞེས་བྱ་བ་ནི་གཉིས་དང་བྲལ་བའོ།། ཉེ་བར་སྡུ་བ་ནི་དེ་ལས་ཤེས་བྱ་བ་ལ་སྩོགས་པ་གསུང་སོ།། དེ་ལས་ཞེས་བྱ་བ་འདིའི་དོན་བསྡུ་བར་རྡོ་རྗེ་མཁའ་འགྲོ་བསྐྱེད་པའི་རྣལ་འབྱོལ་གྱིས་བསྐྱེད་ནས་སྟོང་པ་འང་དང་བཅས་པས་འབྱིག་པའི་ཕུང ་པོ་ལ་སོགས་པ་བྱིན་གྱིས་བརླབས་པར་བྱང་ཆུབ་སྒྲུབ་པོ་ཞེས་བྱ་བར་དགོངསོ།། ལྷའི་རིམ་པ་དང་རིམ་པས་བརྗོད་པར་བྱའོ།། སྡུད་པར་བྱེད་པས་རང་གི་རྒྱུད་སྤང་བའི་ཕྱིར་དེ་སྐད་ཅེས་བྱ་བ་ལ་སོགས་པའོ།། ད་ནི་བསྒོམ་པའི་རིམ་པ་གསུངས་པ། དེ་བཞིན ་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་བཞིན་ཉིད་དུ་གཤེགས་པའི་ཕྱིར། གདོན་མི་ཟ་བོ་ཞེས་བྱ་བ་ནི་འབྲས་བུ་དང་བཅས་པའི་ཕྱིར།། མི་ཤིགས་པ་ཞེས་བྱ་བ་ནི་ཡེ་ཤེས་ཙམ་ཉིད་ཀྱིསོ།། དམ་ཚིག་ནི་སྔོན་ལམ་སྟེ་དེ ་བཞིན་དུ་དམིགས་པའོ།། ཏིངེ་འཛིན་ནི་རིམ་པ་སྟེ། དེ་ཡང་བདེ་བ་ཆེན་པོ་འགྲོ་བ་ཐམས་ཅད་བདེ་བ་ཆེན་པོས་སྒྲུབ་པའི་སྒྲའི་ཕྱིརརོ།། རིམ་པ་ནི་ཁྱད་པརོ།། འདི་གསུངས་སོ་ཞེས་བྱ་བ་ནི་སྟོན་པའོ།། སྨོན་ལམ་ལ་སེམས་རྩེ་གཅིག་ཏུ་བྱས་ཏེ་འཆད་པར ་འགྱུར་བ་འདི་བརྗོ་དོ།། ཞེས་བྱ་བར་དགོངས་སོ།། ཇི་སྲིད་ཅེས་བྱ་བ་ལ་སོགས་པའོ།། འཁོར་བ་ཞེས་བྱ་བ་ནི་ཕུང་པོ་ལྔ་པོ་ལས་དང་ཉོན་མོངས་པའི་དབང་གིས་འགྲོ་བ་གཞན་དང་གཞན་དུ་འཁོར་བའོ།། དེ་ལ་གནསུ་ནི་གནས་པར་གྱུར་པ་ན་ཞེས་བྱ་བ་ནི་དེས ་ན་དེའི་དོན་དུ་རྣམ་པར་གནས་ཤིང་གང་དུ་ཡང་མི་འགྲོ་བའོ།། དམ་བཅས་པ་དང་ལྡན་པ་འམ་བཅའ་བ་ཡང་འགྲོ་བའི་དོན་དུ་སྒྲུབ་པའི་ཕྱིརརོ།། དཔའ་མཆོག་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ།། མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ ་བྱེད་པར་ནུས།། ཞེས་བྱའོ།། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ངལ་མེད་ཅེས་བྱ་བ་ནི་ཕྱིར་མི་ལྡོག་པ་བསྟན་ཏོ།། བརྩོན་འགྲུས་ཞེས་བྱ་བ་ནི་བརྩོན་འགྲུས་ལ་བྱང་ཆུབ་རབ་ཏུ་གན་སོ་ཞེས་བྱ་བར་དགོངས་སོ།། ནམ་མཁའི་མཐར་ཐུག་པར ་དུ་གནས་ཞེས་བྱ་བ་ནི། ན་མཁའ་ལྟ་བུར་ཕུང་པོ་ལྔ་པོའོ།། མཐར་ཐུག་ནི་གནས་པ་སྟེ། གང་ལ་འདིའི་ན་མཁའི་མཐར་ཐུག་པར་གནས་པ་དེ་ལ་དེ་ནི་དེ་ལྟ་བུའོ།། ཅིའི་དོན་དུ་དེ་ལྟར་འགྱུར་ཞེ་ན། སྨོན་ལམ་ཞེས་བྱ་བ་ལ་སོགས་པ ་གསུང་སོ།། སྨོན་ལམ་རྟོགས་པར་བྱ་བའི་ཕྱིར་གསུངས་པ་སེམས་ཅན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དོན་དུ་ཞེས་བྱ་བ་ནི་དགོས་པའོ།། དེ་ཉིད་ཅི་ཞེ་ན། ཐམས་ཅད་ཅེས་བྱ་བ་གསུངས་ཏེ། འདོད་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད ་ནི་དགོས་པ་སྟེ། སེམས་ཅན་གྱི་དོན་ཏོ།། འདོད་ཆགས་རྣམ་པར་དག་པའི་མཚན་ཉི་དུ་བྱའོ་ཞེས་སྨོན་ལམ་བཏབ་པའོ།། དེ་རྣམས་ཆོས་བསྟན་པ་ཡང་བྱའོ།། ཞེས་བསྟན་པར་བྱ་སྟེ། སྦྱིན་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ།། བརྟན་པ་རྒྱས་པ ་ས་བྱ་བ་ནི་བརྟག་པའི་ཚོགས་ཏེ། དུས་ཀྱི་ལམ་གཅིག་ཏུ་སྦྱོར་བ་ཞེས་བྱ་བ་གཉིས་པའོ།། དེ་རྣམས་ལ་ཅི་ཞིག་སྦྱིན་པར་བྱ་ཞེ་ན། ཐོག་མཐའ་མེད་པ་ཞེས་བྱ་བ་སོགས་པ་གསུངས་སོ།། དང་པོ་ཅེས་བྱ་བ་ནི་ཆོས་ཁྱད་པར་དུ་འཕགས་པ་སྟེ། བསྐལ ་པ་ཀུན་གྱི་དང་པོར་ཆོས་བཤད་པ་ཉིད་དོ།། ཆོས་ཀྱི་གཏམ་བཤད་པ་བྱུང་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་མཁའ་འགྲོའོ།། ཤིན་ཏུ་དགའ་བ་ནི་རྫ ་རྗེ་སེམས་དཔའོ།། སེམས་ཅན་ཐམས་ཅད་ཡང་དག་འབྱུང་ཞེས་བྱ་བ་ནི། འདིའི་ཕྱིར་སེམས་ཅན་ཐམས་ཅད་ཡང་དག་འབྱུང་བའོ།། འདིས་ནི་དཀྱིལ་འཁོར་པའི་ལྷ་མོ་རྣམས་བསྐྱེད་དོ།། ཞེས་བྱ་བར་བསྙེགས་སོ།། ལྷག་མ་ནི་གོ་སླའོ།། མཆོད ་པ་དང་སྡིག་པ་བཤགས་པ་ལ་སོགས་པ་དང་ཁང་པ་རྩེག་མར་གདན་ལ་བཀོད་མ་ཐག་ཏུ། ཟླ་བ་དང་མཚན་མ་ལ་སོགས་པར། ཨོཾ་མ་ཧཱ་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་ཞིང་བསྒོམས་པས་བཞེངས་པར་བདག་ཉིད་རྡོ་རྗེ་མཁའ་འགྲོའི ་གཟུགས་སམ། རྡོ་རྗེ་སེམས་དཔའི་གཟུགསུ་བསྒོམ་པར་བྱའོ།། ཁ་ཅིག་ན་རེ་ནི་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྡོ་རྗེ་སེམས་དཔའ་གོང་དུ་ཁུ་བར་གྱུར་པ་རྡོ་རྗེ་མཁའ་འགྲོར་བསྐྱེད་ཞེས་ཟེར་རོ།། བསྐུལ་བར་མཛད་པ་ཙམ་གྱིས་ཞེས་བྱ་བ ་ལ་སོགས་པས་ནི། རྡོ་རྗེ་སེམས་དཔའ་བསྐྱེད་པའི་ཕྱིར་གསུངས་པ། དཀྱིལ་འཁོར་ཆེ་སྦྱོར་བས་ཞེས་བྱ་བ་ནི་འཕར་མ་མང་བའི་ཕྱིར་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ།། དེའི་ཞེས་བྱ་བ་ལ་སོགས་པའོ།། དེ་ལ ་དང་པོ་རང་གི་སྙིང་གར་དབྱངས་ཀྱི་དང་པོ་ལོས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་བསྒོམ་པར་བྱའོ།། དེའི་འོད་ཟེར་རྣམས་ཀྱིས་མདུན་དུ་བླ་མ་དང་རྡོ་རྗེ་སེམས་དཔའ་དམིགས་པ་ལ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པ་དང་། སྔོན་དུ ་སྡིག་པ་བཤགས་པ་ལ་སོགས་པ་དང་། ཚངས་པའི་གནས་བཞི་ཡིད་ལ་གཟུགས་ཏེ། ཆོས་ཐམས་ཅད་བདག་མེད་པར་བྱས་ནས། ཨོཾ་ཨཱ་དྱ་ནུཏྤ་ནྟུ། སརྦ་དྷརྨཱཿཔྲ་ཀྲཱྀ་ཏི་པྱཱ་བྷ་སྭ་རཿསརྦ་དྷརྨཱཿཞེས་བཟླས་ཤིང་། དེ་ཉིད་རང་བཞིན ་གྱིས་འོད་གསལ་བའི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམ་པར་བྱའོ།། ཨོཾ་ཙིཏྟ་པྲ་ཏི་བྱ་དྷཾ་ཀ་རོ་མི་ཞེས་ཡིད་ཀྱིས་སྔགས་བརྗོད་ཅིང་། དེ་ནས་ཡང་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱའོ།། ཨོཾ་བོ་དྷི་ཙཏྟ་མུཏྤཱ་ད ་ཡཱ་མི་ཞེས་སྔགས་བརྗོད་ཅིང་གོང་མར་ཟླ་བའི་དཀྱིལ་འཁོར་ལ་ཨ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་ཞུགས་པར་བྱའོ།། དེ་བཞིན་དུ་གཉིས་པར་ཀ་ལ་སྩོགས་པ་བསྒོམ་པར་བྱ་ཞིང་། དེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོའི་ལྟེ་བ ་ལ་དེ་བྱིན་གྱིས་བརླབ་ཅིང་བསམས་ནས། ཨོཾ་ཏིཥྛ་བཛྲ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་བྱས་ནས། དེ་ནས་བདག་ཉིད་རྡོ་རྗེར་བསྒོམ་པར་བྱའོ།། ཨོཾ་བཛྲ་ཨཱཏྨ་ཀོ་ཧོ་ཞེས་བརྗོད་པར་བྱའོ།། དེ་དག་ཐམས་ཅད་ཡོངསུ་གྱུར ་པས་འཛུམ་ཞིང་ཟླ་བའི་ཁ་དོག་དང་ཉི་མའི་འོད་ཀྱིས་འཀྱིལ་འཁོར་དང་སངས་རྒྱས་ལྔའི་དབུ་རྒྱན་དང་རྒྱུན་ཐམས་ཅད་དང་། སྤྱན་གསུམ་པ་རུལ་པ་འཛིན་པ་དཀར་པོ་དང་དཀར་པོ་མ་ཡིན་པ་དང་། སེར་པོ་དང་དམར་པོ་དང་རྩ་བ་དང ་གཡས་པ་དང་། གཡོན་པའི་ཞལ་བཞི་ནི་ཞི་བ་སྟེ། གཡས་པའི་ཞལ་ནི་ཞི་བའི་ཕྱིར་རོ།། རྩ་བ་དང་གཡོན་པ་དང་རྒྱབ་ཀྱི་ཞལ་ནི་གཙིགས་པའི་ཕྱིར་རོ།། སུམ་ཅུ་རྩ་གསུམ་པ་འཇིགས་པར་མཛད་པ་རྡོ་རྗེ་དང་། རལ་གྲི་དང་དྲིལ་བུ་དང་། ་ཐོད་པ་གཡས་པ་དང་གཡོན་པའི་ཕྱག་བཞི་ཡིས་འཛིན་པ་ཐོད་པར་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ། འཆད་པར་འགྱུར་བའི་གཞལ་མད་ཁང་དུ ་བཞུགས་ཤིང་དཀྱིལ་འཁོར་གྱི་ལྷ་རྣམས་དང་བཅས་པར་མྱུར་བར་བདག་ཉིད་རྡོ་རྗེ་སེམས་དཔའི་གཟུགསུ་བསྒོམ་པར་བྱའོ།། དེ་ནས་ཧཱུཾ་ཡོངས་སུ་གྱུར་པ་ལས་ཉི་མར་གནས་པའི་རྡོ་རྗེའི་ལྟེ་བར་ངེས་བྱིན་གྱིས་བརླངས་ནས། དེའི་འོདི ་ཟེར་རྣམས་ཀྱིས་རྡོ་རྗེ་ར་བ་ལ་སོགས་པ་བསམ་མོ།། དེ་ལ་ཧཱུ~ཾ་སུཾ་ཧཱུཾ་རྫོགས་པ་དང་རི་རབ་ཀྱི་སྟེང་དུ་ཆོས་ཀྱི་འབྱུང་ག་ན་སོ།། དེ་ལ་སྣ་ཚོགས་པདྨ་རྡོ་རྗེའི་སྟེང་དུ་བྷྲཱུཾ་ཡོངསུ་གྱུར་པའི་རྣམ་པར་སྣང་མཛད་དོ།། དེ་ཡོངསུ་གྱུར་པ་ལས་གྲུ ་བཞི་པ་ལ་སོགས་པ་དང་ལྡན་པར་སོ་སོར་ཐོད་པའི་གདན་གྱིས་མནན་པར་ཁང་པ་རྩེག་མ་བསམ་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་དེའི་དབུ་སུ་པདྨའི་སྟེང་དུ་ཟླ་བར་གནས་པའི་ཐོད་པ་ལ་ཟླ་བའི་དཀྱིལ་འཁོར་བལྟས ་ནས་འདི་ལ་ཨ་ལ་སོགས་པ་ཡང་ཞུགས་ཤིང་སངས་རྒྱས་ལ་སོགས་པ་ཡང་བསམ་པར་བྱའོ།། ཨོཾ་ཙིཏྟ་པྲྀ་ཏི་བྱ་དྷི་ཀ་རོ་མི་ཞེས་བྱིན་གྱིས་བརླབ་པར་བྱའོ།། དེ་བཞིན་དུ་ཟླ་བ་གཉིས་པ་བསམས་ལ། ཨོཾ་བོ་དྷི་ཙིཏྟ་མུཏྶཱང ་ཡཱ་མཾ་ཞེས་བྱིན་གྱིས་བརླབས་ཤིང་། གྱིས་བོན་ཡོངསུ་གྱུར་པ་ལས་རྡོ་རྗེའི་ལྟེ་བར་དེས་བྱིན་གྱིས་བརླབ་ཅིང་བལྟ་བར་བྱའོ།། ཨོཾ་ཏིཥྛ་བཛྲ་ཞེས་བྱིན་གྱིས་བརླབས་ལ། དེ་ནས་བདག་ཉིད་རྡོ་རྗེ་ཙམ་དུ་ཤེས་པར་བྱས་ནས། ཨོཾ ་ཏྨ་ཀོ་ཧཾ་ཞེས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་ཞེས་བྱ་བའི་སྔགས་ཀྱིས་རང་གི་སེམས་ཀྱི་རྣམ་པར་རྟོག་པ་ལས་བཞེངས་པར་བསྐུལ་ཞིང་དེ་དག་ཐམས་ཅད་རྫོགས་པ་དང་རྡོ་རྗེ་སེམས་དཔའ ་གོང་དུ་གསུངས་པའི་གཟུགསུ་བདག་ཉིད་བསམ་པར་བྱའོ།། ཨོཾ་ཡཱ་ཐཱ་སརྦ་ཏ་ཐཱ་ག་ཏ་སྟ་ཐཱ་ཧཾ་ཞེས་བྱིན་གྱིས་བརླབས་ཏེ་མངོན་པར་བྱང་ཆུབ་པ་ལྔའི་རྣམ་པ་རྫོགས་པའོ།། ཨོཾ་ཧ་ཞེས་བྱ་བ་འདིས་ནི་རྡོ་རྗེ་སེམས་དཔའ་ནི་སྙིང་ཁར་རོ།། ན་མཿཧི་ཞེས་བྱ། ་བྱ་བ་འདིས་ནི་རྣམ་པར་སྣང་མཛད་དེ་སྤྱི་བོ་ལའོ།། སྭཱ་ཧཱ་ཧུ་ཞེས་བྱ་བ་འདིས་ནི་པདྨ་གར་གྱི་དབང་ཕྱུག་སྟེ་ཁ་ལའོ།། བོ་ཥ་ཊ་ཧེ་ཞེས་བྱ་བ་འདིས་ནི་ཧེ་རུ་ཀ་སྟེ་དཔུང་པ་ལའོ།། ཧཱུཾ་ཧཱུཾ་ཧཱུ~ཾ་ཞེས་བྱ་བ་འདིས་ནི་རྡོ་རྗེ་ཉི་མ་སྟེ་མིག་གཉིས་ལའོ།། ཕཊ་ཧཾ་ཞེས ་བྱ་བ་འདིས་ནི་རྟ་མཆོག་སྟི་ཡན་ལག་ཐམས་ཅད་ལ་མཚོན་ཆའོ།། འདི་རྣམས་ཀྱི་སྐུ་མདོག་དང་ཕྱག་འཚན་ལ་སོགས་པ་ནི་འདི་ཉིད་དུ་དཀྱིལ་འཁོར་དུ་བཤད་པར་བྱའོ།། ཨོཾ་བཾ་ཞེས་བྱ་བ་འདིས་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ།། ཨོཾ་ཧཾ་ཡོཾ ་ཞེས་བྱ་བ་འདིས་ནི་འགྲོ་བྱེད་མ་སྟེ་སྙིང་ལའོ།། ཨོཾ་ཧྲཾ་མཾ་ཞེས་བྱ་བ་འདིས་ནི་རྨོངས་བྱེད་མ་སྟེ་ཁ་ལོའོ།། ཨོཾ་ཧཱུ~ཾ་ཧྲིཾ་ཞེས་བྱ་བ་འདིས་ནི་སྐྱོང་བྱེད་མ་སྟེ་སྤྱི་བོ་ལའོ།། ཨོཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་འདིས་ནི་སྐྲག་བྱེད་མ་སྟེ་སྤྱི་གཙུག་ཏུའི།། ཨོཾ་ཕཊ་ཕཊ་ཞེས་བྱ་བ ་འདིས་ནི་གཏུམ་མོའི་རྒྱུ་སྟི་ཡན་ལག་ཐམས་ཅད་ལ་མཚོན་ཆའོ།། འདི་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་ལེའུ་གཞོན་དུ་ཤེས་པར་བྱའོ།། གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད།། ཚོར་བ་ལ་རྡོ་རྗེ་ཉི་མའོ།། འདུ་ཤེས་ལ་པདྨ་གར ་དབང་ཕྱུག་གོ། འདུ་བྱེད་ལ་རྟ་མཆོག་གོ།། རྣམ་པར་ཤེས་པའི་ཕུང་པོ་ལ་དཔྲལ་ཧེ་རུ་ཀའོ།། སྐྱེ་མཆེད་ཐམས་ཅད་ལ་རྡོ་རྗེ་སེམས་དཔའོ།། ས་ལ་ནི་སྤྱན་ནོ།། ཆུ་ལ་ནི་མཱ་མ་ཀཱིའོ།། མེ་ལ་ནི་ཀོས་དཀར་མའོ།། ་རླུང་ལ་ནི་སྒྲོལ་མའོ།། ན་མཁའ་ལི་ནི་པདྨ་འབར་མའོ།། འདི་རྣམས་ཀྱི་སྐུ་མདོག་ལ་སོགས་པའང་འདི་ཉིད་ལས་དཀྱིལ་འཁོར་དུ་བརྗོད་པར་བྱའོ།། པདྨ་འབར་མ་ནི་མཱ་མ་ཀི་ལྟ་བུའོ།། གོ་ཆ་ལ་སོགས་པར་བྱིན་གྱིས་བཱརླབས་ནས། རང་གི་ལུས ་ལས་འོད་ཟེར་གྱིས་མཁའ་འགྲོ་མའི་གཟུགསུ་སྤྲོས་པས་དེ་རྣམས་ཀྱིས་དེ་བཞིན་གཤེགས་པ་བཀུག་པ་དང་དེའི་སྐུ་ལས་འོད་ཟེར་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་བུམ་པའི་ཕྱག་གིས་བདག་ཉིད་དབང་སྐུར་ཏེ། མི་བསྐྱོད་པ་ལ་སོགས ་པའི་དེ་བཞིན་གཤེགས་པ་ལྔས་རལ་པའི་ཅོད་པན་ལ་བརྒྱན་པ་ཡི་ནོ།། དེ་ནས་མདུན་ལ་སོགས་པའི་ཐོད་པ་རྣམས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་ཚོགས་བསམ་པར་བྱའོ།། མདུན་དུ་ཐོད་པར་ཟླ་བ་ལ་བྷྲཱུཾ་ལས ་བྱུང་བའི་རྣམ་པར་སྣང་མཛད་དཀར་ཞིང་ཞི་བ་ཕྱག་བཞི་པ། གཡས་དང་གཡོན་ན་འཁོར་ལོ་དང་དྲིལ་བུ་དང་ཐིད་པ་དང་ཞགས་པ་འཛིན་པར་བསྒོམ་པར་བྱའོ།། གཡས་སུ་ཐོད་པར་ཟླ་བ་ལ་ཨཾ་ལས་བྱུང་བའི་རིན་ཆེན་འབྱུང་གནས་སེ ་པོ་ཕྱག་བཞི་པ། གཡས་པ་ལ་སོགས་པ་ན། རིན་པོ་ཆེ་དང་ལྕགས་ཀྱུ་དང་ཐོད་པ་དང་ཞགས་པ་འཛིན་པའོ།། ནུབ་ཏུ་ཐོད་པར་ཟླ་བ་ལ་ཧྲིཿལས་བྱུང་བའི་པདྨ་གར་གྱི་དབང་ཕྱུག་སྐུ་མདོག་དམར་པོ་ཕྱག་བཞི་པ། གཡས་པ་ལ་སོགས་པ ་ཕྱག་ན་མདའ་དང་པདྨ་དང་གཞུ་དང་ཞགས་པ་འཛིན་པའོ།། བྱང་དུ་ཐོད་པར་ཟླ་བ་ལ་ཁཾ་ལས་བྱུང་བའི་རྟ་མཆོག་སྐུ་མདོག་ལྗང་ཁུ་ཕྱག་བཞི་པ། གཡས་པ་ལ་སོགས་པ་ན་རྡོ་རྗེ་དང་ལྗགས་ཀྱུ་དང་དྲིལ་བུ་དང་ཐོད་པ་འཛིན་པའོ།། དེ་བཞིན ་གོཤེགས་པ་ཐམས་ཅད་ནི་རལ་པའི་ཅོད་པན་ཅན་ཞལ་གཅིག་པའོ།། དབང་ལྡན་དུ་ཐོད་པར་ཟླ་བ་ལ་བྷྲཱུཾ་ལས་བྱུང་བའི་སྤྱན་མ་དཀར་མོ་སྤྱན་གསུམ་མ། ཞལ་གཅིག་མ་ཐོང་པའི་ཕྲེང་བས་རལ་པ་བརྒྱན་པར་མཛད་པ། ཕྱག ་བརྒྱད་མ་འཁོར་ལོ་དང་རྡོ་རྗེ་དང་རལ་གྲི་དང་མངའ་དང་། ཐོད་པ་དང་དྲིལ་བུ་དང་ཞགས་པ་དང་གཞུ་འཛིན་པར་བསྒོམ་པོར་བྱའོ།། མྱེར་ནི་ཐོད་པར་ཟླ་བ་ལ་ཧཱུཾ་ལས་མཱ་མ་ཀཱི་སྔོན་མ་སྤྱན་གསུམ་མ་ཞལ་གཅིག་མ་ཐོད་པའི་ཕྲེང་བ ་རལ་པའི་ཅོད་པན་བརྒྱན་པར་མཛད་པ་ཕྱག་བཅུ་གཉིས་མ་གཡས་དང་གཡོན་ན་མདའ་དང་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་། རིན་པོ་ཆེ་དང་པདྨ་དང་གཞུ་དང་ལྕགས་ཀྱུ་དང་། དྲིལ་བུ་དང་ཞགས་པ་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན ་མའོ།། བདེན་བྲལ་དུ་ཐོད་པར་ཟླ་བ་ལ་ཧྲིཿལས་བྱུང་བའི་གོས་དཀར་མོ་ཐོད་པའི་ཅོད་པན་བརྒྱན་པར་མཛད་མ། སྐུ་མདོག་དམར་པོ་ཕྱག་བརྒྱད་ཀྱིས་སྤྲོས་པ། གཡས་པ་ལ་སོགས་པ་ན་མདའ་དང་པདྨ་དང་རལ་གྲི་དང་རྡོ་རྗེ་དང ་གཞུ་དང་། ཐོད་པ་དང་ཞགས་པ་དང་དྲིལ་བུ་འཛིན་པའོ།། རླུང་དུ་ཐོད་པར་ཟླ་བ་ལ་ཏཱཾ་ལས་བྱུང་བའི་བྱུང་བའི་སྒྲོལ་མོ་སྐུ་མདོག་ལྗང་གུ་སྤྱན་གསུམ་མོ་ཕྱག་བརྒྱང་མ་གཡས་པ་ལ་སོགས་པ་ན་ཨུཏྤ་ལ་དམར་པོ་དང་རལ་གྲི ་དང་ལྕགས་ཀྱུ་དང་མདའ་དང་འཁོར་ལོ་དང་ཞགས་པ་དང་ཐོད་པ་དང་གཞུ་འཛིན་མ་བསྒོམ་པར་བྱའོ།། དེ་ནས་འཕར་མ་གཉིས་པ་ལ་མདུན་དུ་ཐོད་པར་ཟླ་བ་ལ་ཨཾ་ལས་སྐྱེས་པའི་རྡོ་རྗེ་དྲག་མོ་ཕྱག་བཞི་པ་གཡ ་པ་ལ་སོགས་པ་ན། མདའ་དང་ལྕགས་ཀྱུ་དང་ཁུ་གཞུ་དང་ཁུ་བས་གང་བའི་ཐོད་པ་འཛིན་མའོ།། གཡས་མཐོད་པར་ཟླ་བ་ལ་སཱི་ཡས་སྐྱེས་པའི་རྡོ་རྗེ་གཟུགས་ཅན་མ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན། རྡོ་རྗེ་དང་མདུང་ཐུང་དང་ཞགས་པ ་ངདང་ཁྲག་གིས་གང་བའི་ཐོད་པ་འཛིན་མོའོ།། ནུབ་ཏུ་ཐོད་པར་ཟླ་བ་ལ་ཨི་ལས་སྐྱེས་པའི་རྡོ་རྗེ་འདོད་ཆགས་མོ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་རལ་གྲི་དང་རྡོ་རྗེ་དང་ཆུ་ཡིས་གང་བའི་ཐོད་པ་དང་དྲིལ་བུ་འཛིན་མའོ།། བྱང་དུ་ཐོང་བུར་ཟླ་བ ་ལ་ཨཾ་ལས་སྐྱེས་པའི་རྡོ་རྗེ་ཞི་བ་མ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་གཏུན་ཤིང་གི་འཕན་དང་། རྡོ་རྗེ་དང་རལ་གྲི་དང་ཐོད་པ་འཛིན་མར་བསྒོམ་པར་བྱའོ།། འདི་དག་རིམ་པ་ཇི་ལྟར་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའོ།། དབང ་ལྡན་དུ་ཐོད་པར་ཟླ་བ་ལ་ཨུཾ་ལས་སྐྱེས་པའི་རྡོ་རྗེ་གནོད་སྦྱིན་མོ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་རྡོ་རྗེ་དང་ཨུཏྤ་ལ་དང་ཐོད་པ་དང་ཅང་ཏེ་འཛིན་མའོ།། མེར་ནི་ཐོད་པར་ཟླ་བ་ལ་ཨཱཾ་ལས་སྐྱེས་པའི་རྡོ་རྗེ་མཁའ་འགྲོ་མ་ཕྱག་བཞི་པ་གཡས་པ ་ལ་སོགས་པ་ན་པདྨ་དང་མེ་ལོང་དང་ཚལ་བུས་གང་བའི་ཐོད་པ་དང་དགྲ་སྟ་འཛིན་མའོ།། བདེན་བྲལ་དུ་ཐོད་པར་ཟླ་བ་ལ་ཨཾ་ལས་སྐྱེས་པའི་སྒྲའི་རྡོ་རྗེ་མ་ཕྱག་བཞི་པ་གཡས་པ་ལ་སོགས་པ་ན་འཕང་མདུང་དང་དུང་དང་འཁོར་ལོ་དང་ཁྲག་གིས ་གླསྤང་བའི་ཐོད་པ་འཛིན་མའོ།། རླུང་དུ་ཐོད་པར་ཟླ་བ་ལ་ཨཿལས་སྐྱེས་པའི་སའི་རྡོ་རྗེ་མ་ཕྱག་བཞི་པ། གཡས་པ་ལ་སོགས་པ་ན་བུམ་པ་དང་རྡོ་རྗེ་དང་རྫས་ཀྱིས་གང་བའི་སྐྱེས་པའི་པགས་པས་བཀབ་པའི་ཐོད་པ་དང་དྲིལ་བུ་འཛིན་མའོ།། ་འདི་དག་རིམ་པ་ཇི་ལྟ་བར་དཀར་སེར་དང་དམར་སེར་དང་སྟོ་དམ་རོ་དང་ལྗང་སྐུ་སྟེ་ཁ་དོག་གཉིས་གཉིས་དང་ལྡན་པའོ།། འཕར་མ་གསུམ་པ་ལ་མདུན་དུ་ཐོད་པར་ཟླ་བ་ལ་རྀ་ལས་སྐྱེས་པའི་སྒེག་མོ་གཡོན་པ་རྐེང་པར་གནས་པ་གཡས ་པ་གར་གྱི་ཚུལ་གྱི་ལག་པའོ།། གཡ་སུ་ཐོད་པར་ཟླ་བ་ལ་རཱི་ལས་སྐྱེས་པའི་ཕྲེང་བ་མ་ལག་པ་གཉིས་ཀྱིས་ཕྲེང་བ་འཛིན་མའོ།། ནུབ་ཏུ་ཐོད་པར་ཟླ་བ་ལ་ལྀ་ལས་སྐྱེས་པའི་གླུ་མ་གླུ་ཡིས་གང་བའི་ཁར་ལག་པ་གཉིས་ཀྱིས་རིམ་པས་ཁ ་འགེབས་པར་བྱེད་པའོ།། བྱང་དུ་ཐོད་པར་ཟླ་བ་ལ་ལཱྀ་ལས་སྐྱེས་པའི་གར་མ་ལག་པ་གཉིས་གར་གྱིས་བྲེལ་བའོ།། འདི་རྣམས་རིམ་པ་ཇི་ལྟ་བས་རྡོ་རྗེ་དྲག་མོ་ལ་སོགས་པའི་ཁ་དོག་གོ། མེ་ལ་སོགས་པའི་ཐོད་པའི་ཟླ་བ་རྣམས་ལ་ཨཻ་ཨཽ ་ཨོཾ་ཨོཾ་ཞེས་བྱ་བའི་ས་བོན་ལས་སྐྱེས་པའི་གླིང་བུ་མ་དང་པི་བོང་མ་དང་མུ་ཀུན་དཱ་དང་རྫ་རྔ་མ་ནི་རིམ་པ་ཇི་ལྟ་བས་ལྷ་མོ་རྣམས་ཕྱག་གཉིས་ཀྱིས་རང་གི་མིང་གི་མཚན་མ་འཛིན་མ་རིམ་པ་ཇི་ལྟ་བར་རྡོ་རྗེ་དྲག་མོ་ལ་སོགས་པའི་ཁ་དོག་གོ།། འཕར ་མ་བཞི་པའི་སྣམ་བུ་ལ་མེ་ལ་སོགས་པའི་ཐོད་པར་ཟླ་བ་རྣམས་ལ་རིམ་པ་ཇི་ལྟ་བར་སྒེག་མོ་ལ་སོགས་པའི་ས་བོན་ལས་སྐྱེས་པ་རྡོ་རྗེ་དྲག་མོ་ལ་སོགས་པའི་མདོག་མ། མེ་ཏོག་མ་དང་བདུག་པ་མ་དང་། མར་མེ་མ་དང་དྲི་མ་རྣམས་རང་གི་མིང ་གི་མཚན་མ་འཛིན་མ། ཕྱག་གཉིས་མའོ།། འདི་རྣམས་རྡོ་རྗེ་དྲག་མོ་ལ་སོགས་པ་ནས་དྲི་མའི་མཐར་རལ་པའི་ཙད་པན་དང་བརྒྱན་ཐམས་ཅད་འཛིན་མའོ།། རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ནི་སྐྱིལ་ཀྲུང ་ཕྱེད་པའི་གར་གྱིས་བཞུགས་པ་དང་། ཉི་མའི་འོད་དོང་གོས་བཟང་པོ་ཅན་ནོ།། གཡས་པ་ལ་སོགས་པའི་སྒོར་ཐོད་པར་སྣ་ཚོགས་པདྨ་ཉི་མའི་དཀྱིལ་འཁོར་རྣམས་ལ་རིམ་པས་ཛ་ལས་སྐྱེས་པའི་རྡོ་རྗེ་ལྕགས་ཀྱུ་མ་ཞལ་གསུམ་མ་ན་མཁའི་སྡེ ་བསངས་མ་དང་ནག་མོ་དང་དཀར་མོ་སྟེ། རྩ་བ་དང་གཡས་པ་དང་གཡོན་པའོ།། ཕྱག་དྲུག་པ་གཡས་པ་ལ་སོགས་པ་ན་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ་དང་ཞགས་པ་དང་སྡིགས་མཛུབ་དང་དྲིལ་བུ་འཛིན་པའོ།། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཞགས ་པ་མ་ནི་ཕྱག་དྲུག་པ་དཀར་སེར་ལྟ་བུ་དང་དགར་མིན་སེར་བ་ལྟ་བུ་དང་ནག་པོ་དང་དམར་པོའོ།། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་པ་ཞགས་པ་དང་རྡོ་རྗེ་དང་རལི་གྲི་དང་འཁོར་ལོ་དང་དྲིལ་བུ་དང་སྡིགས་མཛུབ་ཀྱིས་གཟུང་བའི ་ཞགས་པ་འཛིན་མའོ།། བཾ་ལས་སྐྱེས་པའི་རྡོ་རྗེ་ལྕགས་སྒྲོག་མ་ཕྱག་དྲུག་མ་དམར་པོ་དང་དམར་པོའི་མདོག་དང་དམར་ནག་དང་དཀར་པོ་ནི་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་པ་གཡས་པ་ལ་སོགས་པ་ན་ལྕགས་སྒྲོག་དང ་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུ་རྣམས་ཀྱིས་བརྒྱན་པར་བྱས་པའོ།། ཧོཿལས་སྐྱེས་པའི་རྡོ་རྗེ་དྲིལ་བུ་མ་ནི་ཕྱག་དྲུག་བལྗང་གུ་དང་ནག་མོ་དང་དཀར་པོ་སྟེ། རྩ་བ་དང་གཡས་དང་གཡོན་གྱི་ཞལ་གསུམ་པ་རྡོ་རྗེ་དང་རས ་གྲེ་དང་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ།། འདི་རྣམས་ནི་སྒྲ་སེར་པོ་གྱེན་དུ་འབར་བ། གཡས་བརྐྱང་བས་བཞུགས་པ་ཉི་མའི་དཀྱིལ་འཁོར་གྱི་འོད་ཅན་སྟག་གི་པགས་པའི་ཤམས་མནབས་པ། ཕྱག་རྒྱ་དྲུག་གིས ་རྣམ་པར་བརྒྱན་མའོ།། དེ་ནས་ཛཿཧཱུ~ཾ་བཾ་ཧོཿཞེས་བརྗོད་པས་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་རྣམས་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་གཞུགས་པ་དང་བཅིང་བ་དང་དབང་དུ་ཡང་བྱེད་དོ།། གོ་ཆ་གཉིས་ཀྱི་ལྷ་ཐམས་ཅད ་ཚོགས་ཀྱི་ཡན་ལག་ལ་དགོས་པ་བྱས་ནིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྒྱུར་བྱིན་ཏེ། དེ་བཞིན་གཤེགས་པ་ལྔའི་ཅོད་པན་དུ་བྱའོ།། ཨོཾ་མ་ཧཱ་སུ་ཁྱཱ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧཱུ~ཾཿས+འུ་ར་ཏྣ་སྟྭཾ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི ་སྔགས་སོ།། ཨོཾ་བྷྱ་ས་ཧཱ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི། ཨོཾ་ཨཱཾ་སྭཱ་ཧཱ་ཞེས་བྱ་བ་ནི་རིན་ཆེནའི་བྱུང་གནས་ཀྱིའོ།། ཨོཾ་ཛྲིཾ་སྭཱཧཱ་ཞེས་བྱ་བ་ནི་འོད་དཔོག་ཏུ་མེད་པའི་འོ།། ཨོཾ་ཥཾ་སྭཱ་ཧཱ་ཞེས་བྱ་བ་ནི་དོན་ཡད་གྲུབ་པོའིའོ།། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ ་བ་ནི་མི་བསྐྱོད་པའོ།། ཨོཾ་ཨཱཿལོ་ཧ་སྭཱ་ཧཱ། ཞེས་བྱ་བ་ནི་སྤྱན་གྱིའོ།། ཨོཾ་ཨཱ་གྣི་ཧེ་སྭཱ་ཧཱ་ཞེས་བྱ་བ་ནི་མཱ་མ་ཀཱིའོ།། ཨོཾ་ཀ་ཊཾ་བི་ཀ་ཊེ་ནི་ཀ་ཊི་ཀ་ཊཾ་ཀ་ཊེ་ཧྱེས་ཧཱ་ཞེས་བྱ་བཱ་ནི་གློསྱཱ་དྲ་ཀཪྵ་མེའིའོ།། ཨཱ~ཾ་ཏཱ་རེ་དུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་བྱ་བནྡི་སྒྲོལ་མཥྚིའོ།། ཨོཾ་ཨཱཿ ་མ་ཧེས་ཀྱོ་ནས་བྱ་བ་ནི་རྡོ་རྗེ་དག་མའི་ལ།། ཨོཾ་ཨཱཿཱ་ཧི་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་གཟུགས་ཅན་མའི་ལེ། ཨོཾ་ཨཿོཾ་ཧ~ཾ་སྭཱ་ཧ~ཾ། ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མའིའོ།། ཨོཾ་ཨ་འི་ཀྱིས་ཡྀཉིས་བྱེ་བ་ནི་རྡོ་རྗེན་པོ་མའི་།། ཨོཾ་ཨཱཿདྲྀ ་ཧ་ཞེས་བྱ་བཱ་ནི་རྡོ་རྗེ་གནོད་སྦྱིན་མིའིའོ།། ཨོཾ་ཨཱཿཱུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའིའོ།། ཨོཾ་ཨཱཿ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་སྠ་རྡོ་རྗེ་མཱའིའོ།། ཨོཾ་ཨཱཿཱ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་སའི་རྡོ་རྗེ་མའི་འོ།། ཨོཾ་ལཱ་སྱེ་རྀ་ཧ~ཾ་སྭ་ཧཱ་ནེ་ལ ་བྱཱ་བ་ནི་སྒེག་མོའིའོ།། ཨོཾ་མཱ་ལཻ་རྀ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་ཕྲེང་མའི་འོ།། ཨ~ཾ་གི་ཏཱི་ཁ~ཾ་ཧི་སྭཱ་ཧཱ་ཞེས་བྱ་བ་ནི་གླུ་མའིའོ།། ཨོཾ་ནཱི་ཏྱཻ་ལི་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་གུར་མའི་འོ།། ཨེ་ཨཱཿརྀ་ཧཾ་སྭཱ་ཧཱ་ཞེས་བྱི་བ་མེ་རྟག་མེའི་འོ།། ཨོཾ་ཨཱཿརེ་ཧི་སྭཱ་ཧཱ་ཞེས་བྱ་བ་ནི་བདུག་པ་མཥྚའོ།། ་ཨོཾ་ཨཱཿལྀ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་བྱུག་པ་མིའི་འོ།། ཨཾ་ཨཱཿལཱྀ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་མར་མེ་མའིའོ།། ཨོཾ་ཨཱ~ཾཿོཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་གླིང་བུ་མའིའོ།། ཨོཾ་ཨཱཿོཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་པི་བད་མའི་འོ།། ཨོཾ་ཨཱཿོཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་མུ་ཀུན་མའིའོ།། ཨོཾ་ཨཱཿོཾ་ཧཾ་ས ་ཧཱ་ཞེས་བྱ་བ་ནི་རྫ་རྔ་མའི་འོ།། ཨོཾ་ཨཱཿབཛྲ་ཨཾ་ཀུ་ཤི་ཛཿཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་མའི་འོ།། ཨོཾ་ཨཱཿབཛྲ་པཱ་ཤ་ཧཱཾ་ཧ~ཾ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་ཞགས་པ་མའི་འོ།། ཨོཾ་ཨཱཿབཛྲ་ཤྲི་ཁ་ལེ་བཾ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་མའི་འོ།། ཨོཾ་ཨཱཿབཛྲ་གྷཎྜེ ་ཧོཿཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་དྲིལ་བུ་མའིའོ།། སྔགས་ཀྱི་ཚོགས་འདིས་དཀྱིལ་འཁོར་གྱི་བསྟོད་པ་བྱས་ནས། དེ་རྣམས་བདུད་རྩི་ལྔ་པོ་དེས་མཆོད་པར་བྱའོ།། དེ་ནས་ཡང་གཏུམ་མོའི་རྣལ་འབྱོར་གྱི་མཐར་སྔགས་བཟླ་བར་བྱ་སྟེ། ཨོཾ་མ་ཧ་སུ་ཁ་ཞེས་བྱ་བ ་ལ་སོགས་པའི་སྔགས་བཟླས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྒོམ་པའི་ཆོགའོ།། དེའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་རྡོ་རྗེ་སེམས་དཔའ་བསམ་པར་བྱའོ།། དམར་ཞིང་འབར་འཁྱིལ་ཞེས་བྱ་བ་ནི་ཉི་མའི་འོད་ཟེར་རོ།། སངས་རྒྱས་ཕྲེང་བས་རྣམ་པར་སྨྲས་ནས ་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་ཡིས་ཅོད་པན་བརྒྱན་པའོ།། ལྷག་མ་གོ་སླའོ།། རིག་མ་བཞི་དང་ཞེས་བྱ་བ་ནི་སྤྱན་ལ་སོགས་པའི་ལྷ་མོ་རྣམ་སོ།། སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། གཡས་པ་དཀར ་མིན་ཞི་བ་དང་ཞེས་བྱ་བ་ལ་དཀར་པོའི་སྒྲས་ནི་སྐྱ་བོ་སྟེ་ནག་པོ་ཞེས་བྱ་བར་བརྗོད་དོ།། འདི་ལ་དཀར་པོའི་སྒྲའི་ཚིག་སྐྱའོ་ཞེས་བྱ་བར་བློ་ལ་བརྟོན་པར་བྱས་ནས་དེ་ལས་བཟློག་པ་ཞལ་ནག་པོ་ཞེས་བྱ་བར་བརྗོད་དོ།། གཡས་པའི་ཞལ་ཞི་བའི་ཕྱིར་གཞན་པ་རྣམས ་ཀྱི་ནི་རྣམ་པར་གཙིགས་པའོ།། འདི་ཉིད་ཀྱི་ཕྱིར་སུམ་ཅུ་རྩ་གསུམ་པ་འཇིགས་པར་མཛད་པའོ།། མཁའ་འགྲོའི་འཁོར་ལོ་ཞེས་བྱ་བ་ནི་རྡོ་རྗེ་དྲག་མོ་ལ་སོགས་པའོ།། སྐྱོབ་པ་པོས་ནི་སྣ་ཚོགས་ཞེས་བྱ་བ་ནི་གཟུགས་སྣ་ཚོགས་པས་རང་གི་སྐུ་ལས་སྤྲོས་པའི་དེ ་བཞིན་གཤེགས་པ་རྣམས་ཀྱིས་མཚོན་ཏོ།། བཅོམ་ལྡན་འདས་དང་བདག་དབྱེར་མེད་པར་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ།། ཡང་ན་སྐྱོབ་པ་པོས་ནི་སྣ་ཚོགས་ཤེས་བྱ་བ་ནི་ཡུད་ཙམ་གྱིས་རི་རབ་ལ་གཞལ་མེད་ཁང་ལ་སོགས་པའི་དབུས་སུ་བཞུགས ་པའི་བཅོམ་ལྡན་འདས་ཀྱི་གཟུགས་སུ་བདག་ཉིད་བསྒོམ་པའམ། དེ་བསྐྱེད་པའི་རིམ་པས་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་གཟུགསུ་བདག་ཉིད་བསྒོམ་པར་བྱའོ།། གང་ཞིག་མ་གྲུབ་པ་སྒྲུབ་པར་བྱེད་ན་ནི་དེ་མ་གྲུབ་པར་འགྱུར་ཏེ། སྔོན་དུ་མངོན་པར ་འདུ་མ་བྱས་པའི་ཕྱིར་ན། འདུས་མ་བྱས་པ་ནི་རང་ཉིད་འཁོར་བར་འཁོར་བའི་ཕྱིར། དེ་ཇི་ལྟར་འདུས་བྱས་པའི་གཟུགས་སུ་སྤྲུལ་པར་རིགས། དེ་ནི་རང་བཞིན་གྱིས་གྲུབ་པ་སྟེ། སོ་སོ་སྐྱེ་བོའི་སྤྱོད་ཡུལ་ནི་མ་ཡིན་ཏེ་གཟུགསུ་བརྟགས་པ་དེས་གཞན ་རྣམ་པར་དག་པ་བསྐྱེད་པར་བྱའོ།། རྣམ་པར་དག་པས་ནི་རྣམ་པར་དག་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་མན་དག་གོ།། འདི་ལྟར་ཡང་རྒྱུ་ལས་རིས་མཐུན་པའི་འབྲས་བུ་ཐམས་ཅད་དུ་ངེས་པར་མཐོང་སྟེ། ཕལ་ཆེར ་ནི་རིས་མཐུན་པ་ཉིད་ཀྱིས་རིས་མཐུན་པ་སྐྱེས་པར་བྱེད་དེ། གཞན་དུ་ན་ནི་ཧ་ཅང་ཐལ་བར་འགྱུར་རོ།། འབྲས་བུའི་རིས་མཐུན་པའང་དེ་ཉིད་ཀྱིས་སྐྱེས་པར་བྱེད་པར་ངེས་ཤིང་། རྒྱུའི་རིས་མཐུན་པས་དེ་ཉིད་ཀྱིས་བསྐྱེད་པར་བྱེད་པ་པོར་ངེས་པའང ་ནུས་པར་འགྱུར་རོ།། ཇི་སྲིད་འདུས་བྱས་པའང་རྣམ་པར་མ་དག་པ་སྟེ་མངོན་པར་འདུ་བྱ་བ་མངོན་པར་འདོད་པའི་གཟུགས་སུ་དགོད་པ་ཡང་གཞན་དུ་འགྱུར་རོ།། གལ་ཏེ་དེ་ལྟར་ནི་རང་བཞིན་གྱིས་ཡོངསུ་དག་པོ་ཞེས་བྱ་བར་ཇི་ལྟར་འགྱུར ་ཏེ། འདིར་མངོན་པར་འདོད་པའི་ཡོན་ཏན་གྱི་དགོད་པ་ཡང་མེད་པར་འགྱུར་རོ།། དེ་ལྟ་མོད་ཀྱི་རང་བཞིན་གྱིས་གྲུབ་པ་ཉིད་དོ།། དཔེར་ན་འོ་མ་ལ་སོགས་པའི་ཡོན་ཏན་དཀར་པོ་ཡོད་པ་མངོན་པར་འདོད་པའི་གཟུགས་དང་ལྡན་པའང་རྣམ་པར་དག ་པར་བརྗོད་ཅིང་གློ་བུར་བའི་གཟུགས་སོན་པ་ཡང་གསལ་བས་རང་གི་གཟུགས་གསལ་བར་འགྱུར་རོ།། འདི་ཉིད་གཞན་དུ་ན་དངོས་པོ་མེད་པར་ཡང་འགྱུའོརོ།། རྣལ་འབྱོར་པས་གང་ཞིག་དེ་ལྟར་བསྒོམ་པ་དེ་ཇི་ལྟ་བུ་ཞེ་ན། ཀུན་ཅེས་བྱ་བ་ལ་སེས ་པ་གསུངས་ཏེ་ཡུད་ཙམ་གྱིས་རི་རབ་ལ་ཁང་པ་རྩེག་མ་ལ་སོགས་པར་བཞུགས་པའི་དེ་བཞིན་གཤེགས་པ་དང་སྤྱན་ལ་སོགས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། བདེ་བའི་མཆོག་ཅེས་བྱ་བ་ནི་བདེ་བ་དམ་པའི་རྣམ་པ་སྟེ། འདི་ཡང་དངོས་པོརྗེ ་ཁྱད་པར་རོ།། དེ་སྐད་ཅེས་བྱ་བ་ལ་སོགས་པ་ནི་སྡུད་པར་བྱེད་པས་རང་རྒྱུད་སྤངས་པའོ།། ཇི་ལྟ་བུ་ཞེ་ན་སྨྲས་པ། དེ་བཞིན་གཤེགས་ཞེས་གསུངས་ཏེ། དེ་བཞིན་བློ་ལ་གནས་པར་བྱས་ནས། ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བར་གཤེགས་པའོ།། ་ད་ནི་གཉི་སུ་མེད་པའི་དེ་ཁོ་ན་བསྟན་པའི་ཕྱིར་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྟའི་ཤ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། མཆེ་བ་ཙན་དང་སྐྱེས་པ་དང་ཁྱི་དང་རྣམ་པར་སྣང་མཛད་ལ་སོགས་པ་ཡང་གཟུང་སྟེ། འདི་རྣམས་དང་མིག་གི་དྲི ་མ་ལྷན་ཅིག་པ་བཅུའི་བདག་ཉིད་ཀྱི་དམ་ཚི་གོ། བཟའ་བར་བྱ་ཞེས་བྱ་བ་ནི་འཆད་པར་འགྱུར་བ་རྣམ་པར་སྦྱང་བས་སོ།། དོགས་པ་མེད་པ་ཞེས་བྱ་བ་ནི་སྐྱུག་བྲོ་བ་སྤངས་པ་སྟེ། སེམས་ཀྱི་རྡོ་རྗེས་སྨད་མི་བྱ་བའི་ཐ་ཚིགོ། གཡོན་པས་སྤྱད་ཅེས་བྱ་བ་ནི ་གང་ལ་གཡོན་པས་སྤྱད་པ་ཡོད་པ་དེ་ནི་གཡོན་པས་སྤྱོད་པའི་རྣལ་འབྱོར་པའོ།། གཡོན་གྱིས་བསྒྱུར་བས་ལུས་ཐམས་ཅད་ཀྱི་ལུས་བྱེད་པའོ།། གཡོན་པ་ས་འཐོར་འཐུང་བཟའ་བར་བྱ་ཞེས་བྱ་བ་ནི། གཡོན་གྱིས་ལྷ་མོ་རྣམས་ཀྱི་འཐོར་འཐུང་དང ་གཡོན་གྱིས་རང་བཟའ་བར་ཡང་བྱའོ།། དེ་ཅིའི་ཕྱིར་ཞེ་ན། གཡོན་ཞེས་བྱ་བ་ལ་སོགས་པ་ག་སུངས་ཏེ། གཡོན་དུ་གང་གི་ཕྱིར་དེ་བཞིན་ཉིད་དེ་ལས་བྱུང་བའི་འགྲོ་བ་ནི་དེ་བཞིན་ཉིད་ཀྱི་དངོས་པོའི་ཕྱིར། གང་གི་ཕྱིར་ཆོས་ཀྱི་དབྱིངས་སྤངས ་ནས་ཆོས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། གཡོན་པ་ནི་འཇིག་རྟེན་གྱིས་སྨད་པ་སྟེ། སྐྱུག་བྲོ་བ་སྤང་བའི་ཕྱིར་དེ་ཉིད་བསྟེན་པར་བྱའོ།། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ནི། སྔགས་ལ་སོགས་པ་དང་ལྡན་པའི་གཙོ་མོ་གསུངས་སོ།། ་ཡང་ན་ལྷན་ཅིག་སྐྱེས་ན། འམ་ཞིང་སྐྱེས་མ་འམ། སྔགས་སྐྱེས་མ་ཐམས་ཅད་བརྗོད་དོ།། འདོད་པ་ཞེས་བྱ་བ་ནི་གཞན་དུ་འདོད་པས་སོ།། རྨོངས་པས་སྐྱེས་པ་དེ་ནི་དེ་ལྟ་བུ་སྟེ། ཕོ་ཉ་སྤངས་ནས་འགྲུབ་པར་མི་འགྱུརོ།། ་ཞེས་དགོངས་སོ།། དེ་བས་ན་ཕོ་ཉ་མོ་ལ་ཆགས་པ་ནི་བདེ་བ་ལོ་འདུ་བར་བྱེད་པ་སྟེ་འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ་ཞེས་བྱ་བའི་ཐ་ཚིག་གོ། ཕོ་ཉ་ནི་ཤེས་རབ་བོ།། ཆགས་པས་ཞེས་བྱ་བ་ནི་དེ་བས་ཏེ། དམ་པ་རྣམ་པར་རྟོག་པ་རྣམས་ལས ་གྲོལ་བ་དང་བཅོམ་པ་ཞེས་བྱ་བའོ།། ཕོ་ཉ་ལ་ཆགས་པ་ནི་རྟག་ཏུ་ཐར་པ་ཞེས་བྱ་བའི་ཚིག་གི་དོན་ཏོ།། ཇི་ལྟ་བུ་ཞེ་ན། བརྟུལ་ཞུགས་མིན་བཅོམ་ཞེས་བྱ་བ་ནི།། འཇིག་རྟེན་པའི་བརྟུལ་ཞུགས་བཙམ་པའོ།། བརྟུལ་ཞུགས་གང་ཞེས་བྱ་བ་ནི་འཆང ་པར་འགྱུར་བའི་དཀའ་ཐུབ་ཀྱིས་གང་བ་སྟེ། བརྟུལ་ཞུགས་མ་ཡིན་པ་བཅོམ་ཞིང་བརྟུལ་ཞུགས་ཀྱིས་གང་བ་ཞེས་བྱ་བའི་དོན་ཏོ།། སྒྲུབ་པ་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་པོའོ།། བྱས་པར་བརྩོན་པ་ཞེས་བྱ་བ་ནི་བྱས་པ་ལ་འགྲོ་བའི་དོན་བྱེད ་པ་ལ་བརྩོན་པ་སྟེ། དེ་ནུས་པའོ།། དམ་ཚིག་ཅེས་བྱ་བ་ལ་སོགས་པ་ལ། དམ་ཚིག་ནི་རྣལ་འབྱོར་མ་དང་རྣལ་འབྱོར་པའི་འདུ་བའོ།། དེ་ལ་རིགས་ནི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ཀྱིའོ།། སྤྱོད་ཅེས་བྱ་བ་ནི་འདོད་པའོ།། དེ་ལ་གཅིག ་ཏུ་བྱས་ནས་སྣོད་གཅིག་ཏུ་ལྷག་མ་ཟ་བ་ཞེས་བྱ་བ་དེ་ནི་དེ་ལྟ་བུའོ།། ཅིའི་ཕྱིར་ཞེ་ན། ལྔ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྲམ་ཟེ་དང་རྒྱལ་རིགས་དང་རྗེའུ་རིགས་དང་། དམང་རིགས་དང་མཐའ་ཁོ་བ་ལས་སྐྱེས་པ་རྣམས་ཀྱི་རིགས་རྣམ ་ཀུན་འདུས་པས་སྤྱོད་པ་ནི་གཅིག་ཏུ་བྱེད་པ་ཉིད་དེ། དེ་ལ་རིགས་གཅིག་ཏུ་བརྟགས་པར་བྱ་སྟེ། སྣ་ཚོགས་ཉིད་ནི་ཡོད་པ་མ་ཡིན་ཞེས་བྱ་བར་དགོངས་སོ།། བདུད་རྩི་ལྔ་བསྟན་པའི་ཕྱིར་སྦྲང་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྦྲང་རྩི་ཁྲག་ཅེས ་བྱ་བ་ནི་འཚེང་པར་བྱེད་པ་སྟེ་འོད་དཔག་ཏུ་མེད་པའོ།། ག་བུར་ནི་དོན་ཡོད་གྲུབ་པའོ།། ལྷན་ཅིག་དེས་སྤྱོད་པ་ནི་ག་པུར་དང་བཅས་པ་སྟེ། སྦྲང་རྩི་དང་ཁྲག་གོ། དམར་པོ་ནི་རིན་ཆེན་འབྱུང་གནས་སོ།། ཙན་དན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ།། རིགས་ཀྱི ་བདག་པོའི་ཆུ་ཞེས་བྱ་བ་ནི་མི་བསྐྱོད་པ་སྟེ། འདི་དག་ཐམས་ཅད་ནི་བདུད་རྩི་ལྔར་བརྗོད་དོ།། ཐམས་ཅད་ཅེས་བྱ་བ་ནི་འཇིག་རྟེན་པ་རྣམས་དང་འཇིག་རྟེན་ལས་འདས་པ་རྣམས་ཀྱི་དངོས་གྲུབ་སྒྲུབ་པ་པོ་སྟེ། དེ་ལ་སྤྱོད་པས་ནི་བར་ཆད་རབ་ཏུ་ཞི་བར་འགྱུར ་རོ།། སྤྱོད་པ་གསུངས་པ་སྲིན་ལག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཞི་བའི་བཏུང་བ་ཞེས་བྱ་བ་ལ། ཞི་བའི་ཞེས་བྱ་བ་ནི་ཟླ་བ་ཡིས་ཏེ་བྱང་ཆུབ་སེམས་ཀྱི་བཏུང་བའོ།། དེ་ཡང་དབང་བ་གཉིས་སྙོམས་པར་ཞུགས་པའི་པདྨར་གནས་པ་ཉིད་ཀྱི་བྱང་ཆུབ ་སེམས་ཀྱི་བཏུང་བའོ།། དེ་ལྟར་ཡང་གསང་བ་མཛོད་ཀྱི་རྒྱུད་ལས་གསུངས་པ། བྷ་གའི་དབུས་སུ་བདག་ཉིད་རྣལ་འབྱོར་པ་བསྒོམ་པར་བྱའོ།། དེ་མི་ནུས་ན་འཛག་པའི་རྩ་བསྒོམ་པར་བྱའོ།། དེ་མི་ནུས་ན་ཡང་དེ་བྱའོ།། ཡང་ན་ང་ཡང་མི་ནུས་ན། དེ་ལྟར ་ཡང་རང་གི་གཟུགས་ཙམ་དུ་རིམ་པས་དེ་རྣམས་བུད་མེད་རྣམས་ལྷ་མོའི་གཟུགས་སུ་བསམས་ན། བུད་མེད་དེའི་ཁུ་བ་བཏུང་བའམ་འཐུང་དུ་གཞུག་པར་བྱའོ།། དེ་བས་ན་ངེས་པར་སངས་རྒྱས་ཉིད་དུ་བྱེད་པར་འགྱུར་རོ།། དེ་དག་ཅེས་བྱ་བ་ལ་སོགས་པ ་ནི་གོ་སླའོ།། ཐབས་བཅས་ཞེས་བྱ་བ་ལ་སོགས་པས་ནི་བརྟུལ་ཞུགས་བསྟན་ཏོ།། ཐབས་བཅས་ཞེས་བྱ་བ་ནི་སྦྱང་བ་དང་བཅས་པའོ།། ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི། དྲག་པོ་དང་དྲག་པོ་མ་ཡིན་པ་རྣམས་སྤྱོད་པའོ།། ཇི ་ལྟར་ཞེ་ན། གསུངས་པ་མི་རྟོག་པའི་ཞེས་བྱ་བ་ནི་བསམ་པས་སོ།། རྣམ་པར་མི་རྟོགས་པ་ཉིད་ཀྱིས་བྱ་བ་ཐམས་ཅད་དང་སྤྱོད་པ་དང་། བརྟུལ་ཞུགས་འདི་དག་སེམས་ཀྱི་སྒོ་ནས་བསྟན་ཏོ།། མི་རྟོག་པ་ཞེས་བྱ་བ་ལ་སོགས་པ་ནི། ངག་གི་སྒོ་ནས་སོ།། ཡུལ ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ལུས་ཀྱི་སྒོ་ནས་སོ།། སྐྲ་ཤད་འཛིངས་པ་ཞེས་བྱ་བ་ནི་ཕུང་པོའོ།། རྗེས་མཐོང་བས་ཞེས་བྱ་བ་ནི་འདྲ་བ་སྟེ། རྗེས་ཀྱི་སྒྲས་ནི་འདྲ་བའི་ཚིག་གོ།། དཔེར་ན་ལྷས་བྱིན་གྱིས་རྗེས་སུ་བྱེད་པའི་ཕྱིར་དེ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི ་དོན་ཏོ།། དེ་ཡང་གནས་ཀྱི་དངོས་པོ་སྟེ་རྗེས་སུ་འདྲ་བའི་དངོས་པོ་ནི་རྗེས་སུ་མཐོང་བའོ།། ཇི་ལྟར་རབ་རིབ་ཀྱིས་ཉམས་པའི་མིག་གི་ནམ་མཁའ་ལ་སྐྲ་ཤེད་ཀྱི་ཕུང་པོ་ཉེ་བར་རྟོགས་པ་དེ་བཞིན་དུ་ཡུལ་ལས་སྐྱེས་པ་རྣམས་ཀྱང་གཟུངས་པ་ལ་སོགས་པར་མངོན ་པར་ཞེན་པས་སོ།། དྲིས་པ་སྐྲ་ཤད་ཀྱི་ཕུང་པོ་དེ་ལྟར་གྱུར་པས་དོན་གྱི་བྱ་བ་བྱེད་པ་ཡོད་པ་མ་ཡིན་ཡང་ཡུལ་རྣམས་རྟོགས་པ་ཡོད་ན་དེ་ཇི་ལྟར་འདི་རྣམས་ཡོད་ན་དེ་ལྟར་འདི་རྣམས་ཡོད་པ་མ་ཡིན་ཞེས་སྙམ་པ་ལ། ཡོད་པ་མ་ཡིན་ཀྱང་རྨི་ལམ་དམིགས ་པའི་དངོས་པོས་འདོད་པ་མ་ལ་སོགས་པའི་མཚན་ཉིད་ཀྱིས་འདོད་པ་བྱེད་པས་ཤིན་ཏུ་དགའ་བའི་ཁམས་ཁྱད་པར་འཕགས་པ་ལ་སོགས་པའི་མཚན་ཉིད་དོན་གྱི་བྱ་བ་སད་པའི་དུས་སུ་དམིགས་པ་ཉིད་དོ།། དེ་བས་ན་དངོས་པོ་ཇི་ལྟར་དམིགས ་པ་གཅིག་ལ་སོགས་པའི་གཟུགས་ཀྱི་བག་ཆགས་ཀྱིས་དཀྲུགས་པས་རྟོགས་པའི་འང་ཚད་མས་སུན་ཕྱུང་བའི་ཕྱིར་ཡོད་པ་མ་ཡིན་ཡང་འདི་དག་ཐམས་ཅད་སེམས་ཙམ་ཉིད་དེ་དོན་དུ་སྣང་བ་སྐྱེ་བར་འགྱུར་རོ།། བག་ཆགས་ཀྱིས་དཀྲུགས་པའི་ཕྱིར། ་དེའི་རྣམ་པ་ཡང་ཡོད་པ་མ་ཡིན་པ་དེ་ནི་དེ་ལྟ་བུའོ།། དེ་ཉིད་དབྱིག་གཉེན་གྱི་ཞལ་སྔ་ནས་གསུངས་པ། འདི་དག་རྣམ་པར་རིག་ཙམ་ཉིད།། ཡོད་པ་མ་ཡིན་དོན་སྣང་ཕྱིར།། དཔེར་ན་རབ་རིངབ་ཅོན་དག་གིས།། སྐྲ་ཤད་འཇིངས་སོགས་མཐོང་བ ་བཞིན།། ཞེའོ།། ཀྱེ་རྒྱལ་བའི་སྲས་དག་གང་ཞིག་ཁམས་གསུམ་པ་ཉིད་དག་ནི་སེམས་ཙམ་མོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། སེམས་ཀྱི་མིང་གི་རྣམ་གྲངས་ནི་རྣམ་པར་རིག་པ་དང་སེམས་དང་ཡིད་རྣམ་པར་ཤེས་པ་དང་། ་རྣམ་པར་རིག་པ་ཞེས་བྱ་བ་ནི་མིང་གི་རྣམ་གྲངས་ཞེས་བྱ་བའི་ཐ་ཚིག་གོ།། གང་ཞིག་དོན་དམ་པར་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡོད་པ་མ་ཡིན་ཡང་གདུལ་བའི་སྐྱེ་བོའི་དོན་དུ་གཟུགས་ལ་སོགས་པ་བསྟན་པ་བཅོམ་ལྡན་འདས ་ཀྱིས་མཛད་དོ།། དེ་བཞིན་དུ་ཡང་གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི།། དེས་འདུལ་བ་ཡི་སྐྱེ་བོ་ལ།། དགོངས་པའི་དབང་གིས་གསུངས་པ་སྟེ།། རྫུས་ཏེ་བྱུང་བའི་སེམས་ཅན་བཞིན།། ཞེས་ཟེར་རོ།། འོན་ཀྱང་ཅུང་ཟད་དཔྱད་པར་བྱ། ་སྟེ། དེ་ཅི་གཟུགས་ལ་སོགས་པའི་རྣམ་པར་རིག་པའི་ཡུལ་གཟུགས་ལ་སོགས་པ་གཅིག་པུའང་།། དུ་མ་ཞིག་ཡིན་ཞེ་ན། གང་ཞིག་རྣམ་པར་ཤེས་པ་ལས་ལོགས་ཞིག་ན་གཟུགས་ལ་སོགས་པ་དེ་རེ་ཞིག་དེ་གཅིག་པུ་རྣམ་པར་ཤེས ་པའི་ཡུལ་དུ་རིགས་པ་དང་མི་འཐད་དོ།། ཇི་ལྟར་བྱེ་བྲག་པ་རྣམས་ཀྱི་ཡན་ལག་ཅན་གྱི་གཟུགས་རགས་པ་ཁྱོན་ཆེ་བ་དབང་པོ་བློའི་གཟུང་བར་འདོད་དེ། དེའི་ཆ་ཤས་ཅན་གྱི་རྫས་ནཱ་ཤས་མ་གཏོགས་པར་གཞན ་གང་ལ་ཡང་མི་འཛིན་ཏོ།། བུམ་པ་དང་སྣམ་བུ་ལ་སོགས་པ་ཐམས་ཅད་ལ་ངོས་ཆ་དང་རྒྱུ་སྤུན་ལ་སོགས་པའི་ཆ་ཤས་ཉིད་ལ་འཛིན་གྱི། དེ་དག་ལས་གཞན་དུ་བུམ་པ་དང་སྣམ་བུ་ལ་སོགས་པར་མི་འཛིན་ཏོ།། དེ་བས་ན་གཅིག་པུ ་ཞེས་བྱ་བའི་རྫས་ཅུང་ཟད་ཀྱང་ཆ་ཤས་ཞེས་བྱ་བ་ལ་ཡོད་པ་མ་ཡིན་ནོ།། དུ་མ་ཕྲག་ཅན་དུ་གནས་པ་ཡང་ཡུལ་མ་ཡིན་ཏེ། གང་ཞིག་རྡུལ་ཕྲ་རབ་སོ་སོ་ལ་འཛིན་པར་ཁས་མི་ལེན་གྱི། འདི་ལྟར་རྣམ་པར་ཤེས་པ་ལྔའི་ཚོགས་ནི་བསགས ་པ་ལ་དམིགས་སོ་ཞེས་གཞན་དག་གིས་ཁས་བླངས་པའི་ཕྱིར་རོ།། རྡུལ་ཕྲ་རབ་ཕན་ཚུན་ནས་ཉེ་སྟེ་བར་མེད་པས་གནས་པའང་ཡུལ་མ་ཡིན་ཏེ། གང་གི་ཕྱིར་རྡུལ་ཕྲ་རབ་ཉིད་རྫས་གཅིག་ཏུ་མ་གྲུབ་པའི་ཕྱིར་རོ།། གལ་ཏེ་རྡུལ་ཕྲ ་རབ་ཉིད་རྫས་སུ་ཡོད་ནཱ་ནི་དེའི་ཚེ་ནི་དེ་དག་ཕྲག་ཅན་དུ་གནས་པ་འམ། འདུས་པ་ཡུལ་ཡིན་ཞེས་བསམ་པར་བྱ་ན། དེ་བཞིན་དུ་ཡང་། དེ་ནི་གཅིག་ན་ཡུལ་མིན་ལ།། ཕྲ་རབ་རྡུལ་དུ་དུ་མའང་མིན།། དེ་དག་འདུས་པའང་མ་ཡིན ་ཏེ། གང་ཕྱིར་རྡུལ་ཕྲན་མི་འགྲུབ་ཕྱེར།། ཞེས་ཟེར་རོ།། གང་གིས་ན་གང་གི་ཚེ་དབུས་ན་གནས་པའི་རྡུལ་ཕྲར་རོལ། ཕྱོགས་དྲུག་ནས་འོངས་པའི་རྡུལ་ཕྲ་རབ་རྣམས་ཀྱིས་སྦྱོར་བཻ་རྡོའི་ཚེ། ཅི་གཞན་དང་གཞན་གྱི་ཕྱོགས་ནས་སམ། ་ཅི་ཅིག་པོ་ཁོ་ན་སྦྱོར་ཞེས་བརྗོད་པར་བྱའོ།། གལ་ཏེ་རེ་ཞིག་ཕྱོགས་གཞན་དང་གཞན་ནས་རྡུལ་ཕྲ་རབ་དྲུག་པོ་རྣམས་ཀྱིས་ཅིག་ཅར་སྦྱར་བ་དེའི་ཚེ། དབུས་ན་འདུག་པའི་རྡུལ་ཕྲ་རབ་ཆ་དྲུག་ཏུ་འགྱུར་རོ།། དེ་ཅིའི་ཕྱིར་སྙམ་པ་ལ་གང་ཞིག ་དབུས་སུ་གནས་པོའི་རྡུལ་ཕྲ་རབ་ཀྱི་ཕྱོགས་ཀྱི་ངོས་ལ་འདུག་པའི་རྡུལ་ཕྲ་རབ་གཅིག་གིས་ནོན་པ་དེ་ལ་རྡུལ་ཕྲ་རབ་གཞན་གྱི་གོ་སྐབས་མེད་དེ། དེའི་ཕྱིར་དེ་གཞན་དུ་གཞན་གྱིས་གནས་པ་ཁོ་ནར་བྱ་དགོས་སོ།། དེའི་ཕྱིར་ཡང་རྡུལ ་ཕྲ་རབ་ཆ་དྲུག་ཏུ་གྱུར་པའི་ཕྱིར་རྫས་སུ་ཡོད་པར་ག་ལ་འགྱུར། ཡང་ན་གང་ཞིག་དབུས་སུ་གནས་པའི་རྡུལ་ཕྲ་རབ་ཀྱི་གོ་དེ་ཉིད་གལ་ཏེ་ངོས་ལ་འདུག་པའི་དྲག་པོ་རྣམས་ཀྱི་ཡང་ཡིན་ན་ནི། དེའི་ཚེ་རྡུལ་ཕྲ་རབ་ཐམས་ཅད་གོ་གཅིག ་པའི་ཕྱིར་གོང་བུ་ཐམས་ཅད་རྡུལ་ཕྲ་རབཱ་ཙམ་དུ་འགྱུར་ཏེ། འདི་ལྟར་ཁམས་གསུམ་ཡང་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་རོ།། ཅིའི་ཕྱིར་སྙམ་པ་ལ་རྡུལ་ཕྲ་རབ་ནི་ཕན་ཚུན་ཐ་དད་པ་མེད་པའི་ཕྱིར་དེས་ཀྱང་གོང་བུའང་མཐོང་བར ་མི་འགྱུར་རོ།། དེ་བཞིན་དུ་ཡང་། དྲུག་གིས་ཅིག་ཅར་སྦྱར་བ་ལས།། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།། དྲུག་པོ་དག་ནི་གོ་གཅིག་ཕྱིར།། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར།། ཞེས་ཟེར་རོ།། ཆ་ཤས་དང་བཅས་པར་ཕྱིར་རྫས་སུ་ཡོད་པ་མ ་ཡིན་ནོ།། ཆ་ཤས་མེད་པའི་ཕྱིར་བསགས་པའི་དངོས་པོ་ཡང་མེད་པར་འགྱུར་རོ།། གང་ཞིག། འབྱར་བ་དང་ནི་བསྐོར་བ་དང་།། བར་མེད་རྣམ་པར་གནས་ཀྱང་རུང་།། དབུས་གནས་རྡུལ་ཕྲ་རྡུལ་གཅིག་ལ།། བལྟས་པའི་རང་བཞིན་གང ་ཡིན་པ།། རྡུལ་ཕྲན་གཞན་ལ་བལྟས་པ་ཡང་།། དེ་ཉིད་གལ་ཏ་ཡིནཱ་བརྗོད་ན།། ད་ལྟ་ཡན་ན་ཇི་ལྟར་ཡང་།། ས་ཚུལ་སོགས་རྒྱས་འགྱུར་རམ།། ནས་།། འདི་ལྟར་རྡུལ་ཕྲ་རབ་རང་བདན་མང་པས། མིག ་གཟུགས་ལ་སོགས་པ་རང་བཞིན་མེད་པར་འགྱུར་རོ།། དེ་ཉིད། རྡུལ་ཕྲན་རང་བཞིན་མེད་གྲུབ་པ།། དེ་ཕྱིར་མིག་དང་རྫས་ལ་སོགས།། བདག་དང་གཞན་སྨྲས་མང་པོ་དག། རང་བཞིན་མེད་པར་མངོན་པ་ཡིན་ཞེས་ཟེར་རོ།། ་དེ་བཞིན་དུ་ཡང་རྡུལ་ཕྲ་རབ་བསགས་པ་གཟུགས་ལ་སོགས་པ་ལྔ་དང་། མིག་ལ་སོགས་པ་ལྔ་དང་། མིག་ལ་སོགས་པ་ལྔ་པོ་ཡུལ་དང་དབང་པོ་རྣམས་ཏེ། དེ་ལ་དམིགས་ཤིང་བརྟེན་པའི་རྣམ་པར་ཤེས་པ་ལྔའི་ཚོགས་སོ།། ་དེའི་དངོས་པོ་མེད་ནི་ཅི་ལ་དམིགས་ཤིང་ཅི་ལ་བརྟེན་ཏེ་ཡང་སྐྱེ་བར་འགྱུར། དེ་ཡོད་པ་མ་ཡིན་ན་དེའི་མཚུངས་པ་དེ་མ་ཐག་པའི་རྐྱེན་མེད་པས་ཡིད་ཀྱི་རྣམ་པར་ཤེས་པ་ཡང་སྐྱེ་བར་མི་འགྱུར་ཏེ། རྣམ་པར་ཤེས་པ་ཡོད་པ་མ་ཡིན་ན ་དེའི་འགགས་མ་ཐག་པའི་རྣམ་པར་ཤེས་པ་ཡིད་དུ་ངས་ན་འགྱུར་བར་མི་རིགས་སོ།། དྲུག་པོ་འགགས་མ་ཐག་པའི་རྣམ་པར་ཤེས་པ་དྲུག་པ་དེ་ཉིད་ནི་ཡིད་ཅསྣ་བྱ་བ་ཐ་ཚིག། སེམས་དང་འདུ་ཤེས་དང་སེམས་ལས་ཟུང ་ལ་སོགས་པའི་ཆོས་རྣམས་གནས་པ་མ་ཡིན་ནོ་ཞེས་བྱ་བར་ཤེས་སོ།། རྣམ་པར་རིག་པ་ཙམ་ཡང་མེད་པས་འཐུང་བ་ཆེན་པོ་ཉེ་བར་དྲངས་ནས་རྡུལ་ཕྲ་རབ་ཀྱང་ཡོད་པ་མ་ཡིན་ལ། འཐུང་བ་ཆེན་པོ་ཡང་དངོས་པོ་མེད་པའི་ཕྱིར་རམ། བདེན ་པ་མ་ཡིན་པ་སྟེ། སེམས་ཀྱི་འཁྲུལ་པའང་གང་ཞིག་བཅིང་བ་ཉིད་དེ། དགེ་བ་དང་མི་དགེ་བ་དང་འབྱུང་བ་ཆེན་པོ་ཉེ་བར་བླངས་ཤིང་དེ་དག་རྣམ་པར་རིག་པ་ཙམ་ཡང་མེད་པར་བརྗོད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་གཟུགས་ལ་སོགས་པའི་གཟུང ་བ་ལ་སོགས་པའི་ངོ་བོའི་ཆ་མེད་པས་བཀག་པའོ།། རྡུལ་ཕྲ་རབ་གཉིས་ལ་སོགས་པའི་ཡང་ཆ་ཤས་ཅན་རྡུལ་ཕྲ་རབ་ནས་བརྩམས་ཏེ། དེའི་ཆ་ཤས་དངོས་པོ་མེད་པར་བཀག་པའོ།། གཟུགས་དང་རོ་ལ་སོགས་པའི་ཡང་དེའི་ཡོན་ཏན་དང་དེའི ་འགྲོ་བ་ལ་སོགས་པ་དང་། དེའི་བྱ་བ་དང་རང་བཞིན་དང་སྤྱི་དང་ཁྱད་པར་དང་དེ་དག་དང་ལྡན་པ་ཡང་བཀག་པའོ།། དེ་ཉིད། དེ་ཡི་རང་བཞིན་དེ་བརྩམས་དང་།། དེ་ཡི་ཡོན་ཏན་དེ་ལས་བདག། དེ་ཡི་སྤྱི་དང་ཁྱད་པར་དང་།། དེ་དག་དེ་དང་ལྡན་པ ་ཅན་ཞེས་ཟེར་རོ།། ན་མཁའ་དང་དུས་དང་ཕྱོགས་དང་། བདག་དང་ཡིད་རྣམས་རྟགས་ཏེ་རང་བཞིན་དང་བྲལ་བ་ཉིད་ཁོ་ནའོ།། ཕྱོགས་ཐ་དད་པ་དང་འདྲེས་པའི་ཕྱིར་ཁྱབ་པའི་གཅིག་པུའང་ཅིའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། གང་ཞིག་ཕྱོག ་ཐ་དད་པ་རྣམས་སུ་བུམ་པ་ལ་སོགས་པ་རྣམས་དང་འདྲེས་པ་དེ་ནི་ངེས་པར་གཅིག་པུའི་རང་བཞིན་མ་ཡིན་ཏེ། ཇི་ལྟར་སྣ་ཚོགས་པའི་གནས་སུ་གནས་པའི་བ་ད་རཱ་རྣམས་ནི་ཕྱོགས་ཐ་དད་པ་དང་འདྲེས་པའི་ཕྱིར་རོ།། ནམ་མཁའ་ལ་སོགས ་པའི་དངོས་པོ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་སྟེ། ངེས་པར་གཅིག་གི་རང་བཞིན་ཉིད་གཅིག་པུ་ཁྱབ་པར་བྱེད་པའོ།། དེ་དང་འགལ་བ་ནི་ཕྱོགས་ཐ་དད་པ་རྣམས་དང་བུམོ་པ་ལ་སོགས་པར་འདྲེས་པ་སྟེ། འདི་ལྟར་ངེས་པར་གཅིག་གི ་རང་བཞིན་གྱི་ཁྱབ་པར་བྱེད་པ་ལོག་པས་ཀྱང་འདིའི་གཅིག་པུ་ཉིད་ལྡོག་གོ།། དུ་མ་ཡང་གཅིག་སྔོན་དུ་འགྲོ་བའི་ཕྱིར་དེ་ཡོད་པ་མ་ཡིན་ན་དེ་ཡོད་པ་མ་ཡིན་ཏེ། གང་གི་གཅིག་ཡོད་པ་མ་ཡིན་པ་དེའི་དུ་མ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ ་བའི་ཐ་ཚིག་གོ།། རགས་པ་ཡང་གོང་ཉིད་དུ་རྡུལ་རབ་ཆ་ཤས་མེད་པས་བཀག་པའོ།། གང་ཟག་གི་ཡང་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་དང་བྲལ་བའི་ཕྱིར། རང་བཞིན་མེད་པར་འབད་པ་མེད་པར་གྲུབ་པའོ།། སྐད་ཅིག་མས་ཀྱང་ཕྱི་མ་ཕྱི་མའི ་རང་བཞིན་འབྱུང་བའི་ཕྱིར་དུ་མ་ཉིད་དོ།། སྐད་ཅིག་མ་མ་ཡིན་པས་ཀྱང་མཐར་ཕྱི་མའི་རང་བཞིན་མི་འབྱུང་བའི་ཕྱིར་སྔོན་གྱི་རང་བཞིན་མི་འཇིག་པའི་ཕྱིར་གཅི་གོ་ཉིད་ཡིན་ནོ།། དངོས་པོའི་མཚན་ཉིད་ནི་དོན་བྱེད་པར་ནུས་པ་སྟེ། དེ་ཡང་སྐད་ཅིག་མ་ཁོ ་ནས་རི་མ་དང་ཅིག་ཆར་དག་གིས་ཁྱབ་པའོ།། སྐད་ཅིག་མ་མ་ཡིན་པའི་ཡང་དེའི་ཁྱབ་པར་བྱེད་པ་དེ་དག་གི་ཁྱབ་པར་བྱེད་པ་ལོགས་པས། དེའི་ཁྱབ་པར་བྱ་བ་དོན་གྱི་བྱ་བ་བྱེད་པ་ཡང་ལྡོག་སྟེ། རྒྱུ་ལོག་པས་ཁྱབ་པར་བྱེད་པའི་རང་བཞིན་ལྡོག་ཅིང ་རང་གི་འབྲས་བུ་ཁྱབ་པར་བྱ་བའི་རང་བཞིན་ལྡོག་སྟེ། དེ་ཡང་སྐད་ཅིག་མ་མ་ཡིན་པ་ཡང་མ་ཡིན་པ་དང་། སྐད་ཅིག་མ་ཡང་མ་ཡིན་ནོ་ཞེས་ཁས་བླངས་པའི་ཕྱིར་རོ།། དེ་བཞིན་དུ་ཡང་། སྐད་ཅིག་སྐད་ཅིག་མ་ཡིན་པས། གང་ཟག་བསྟན་དུ་མི་རུང་བས། ་གཅིག་དང་དུ་མའི་རང་བཞིན་དང་།། བྲལ་བར་གསལ་བར་རབ་ཏུ་ཤེས་ཞེས་བརྗོད་དོ།། དངོས་པོ་ཐམས་ཅད་དང་དེའི་གནས་སྐབས་སུ་གནས་པ། ཇི་ལྟ་བུ་ཞེས་སྙམ་པ་ལ། དོན་དམ་པར་ཆོས་ཐམས་ཅད་ཡོད་པ་མ་ཡིན་ནོ།། དེ་ལྟ་མོད་ཀྱི་གཟུང ་བ་ལ་སོགས་པའི་ངོ་བོས་ཡོད་པ་མ་ཡིན་པ་ཡང་སྤྱོད་ཡུལ་མ་ཡིན་པའི་ངོ་བོ་ཁོ་ནའོ།། དེ་བཞིན་དུ་ཡང་དབྱིག་གཉེན་གྱི་ཞལ་སྔ་ནས་གསུངས་པ། གལ་ཏེ་ཡིན་མོད་ཀྱི་ཐམས་ཅད་དུ་ཆོས་རྣམས་ཡོད་པ་མ་ཡིན་པ་དེའི་འང་རྣམ་པར་རིག་པ་ཙམ་གྱི ་མིང་ཡང་ཡོད་པ་མ་ཡིན་ན། ཇི་ལྟར་ན་དེ་རྣམ་པར་གཞག། ངེས་པར་ཐམས་ཅད་དུ་ཆོས་རྣམས་ཡོད་པ་མ་ཡིན་པ་ནི་མ་ཡིན་ཏེ། འདི་སྐད་དུ་ཆོས་རྣམས་ནི་བདག་མེད་པར་འཇུག་པར་འགྱུར་རོ།། ཡིན་མོད་ཀྱི་གང་ཞིག་བྱིས་པ་རྣམས་ཀྱིས ་བརྟགས་པའི་བདག་དང་། དེས་ཆོས་རྣམས་ཀྱི་རང་བཞིན་ཀུན་ཏུ་བརྟགས་པ་དེའི་ཕྱིར་ཀུན་ཏུ་བརྟགས་པའི་བདག་སྟེ། དེས་རྣམས་ནི་བདག་མེད་པ་མི་འདོད་ཅིང་། གང་ཞིག་སངས་རྒྱས་པ་རྣམས་ཀྱི་ནི་བདག་ཡུལ་མ་ཡིན་ནོ་ཞེའོ།། དེ་བས ་ན་སེམས་ཙམ་ཁོ་ན་སྟེ། སྣ་ཚོགས་སུ་སོ་སོར་སྣང་བ་སྐྱེ་བར་འགྱུར་རོ།། བློ་ཆུང་བ་རྣམས་ཀྱིས་དེ་ལས་ལོགས་ཤིག་ན་དོན་སྣང་ངོ་སྙམ་དུ་འདོད་དོ།། དེ་བཞིན་དུ་དཔལ་འདུས་པ་ལས་གསུངས་པ། དངོས་པོ་ཐམས་ཅད་དང་བྲལ་ཞིང་།། ་ཕུང་པོ་ཁམས་དང་སྐེ་མཆེད་ཀྱི།། གཟུང་དང་འཛིན་པ་རྣམ་སྤངས་པ།། ཆོས་ལ་བདག་མེད་མཉམ་ཉིད་པས།། རང་སེམས་གདོད་ནས་མ་སྐྱེས་པ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེའོ།། ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་བྱིས ་པས་རྣམ་བརྟགས་པའི།། ཕྱི་རོལ་དོན་ནི་ཡོད་མ་ཡིན།། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས།། དོན་དུ་སྣང་བ་རབ་ཏུ་སྐྱེ།། ཞེའོ།། དེ་ཁོ་ན་བསྡུས་པ་ལས་ཀྱང་རིགས་ཀྱི་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ་བ་སྟེ། ཇི་ལྟར་དེ ་ཡོངས་སུ་སྦྱངས་པས་དེ་དེ་ལྟར་འགྱུར་རོ།། འདི་ལྟ་སྟེ་ཡང་གོས་དཀར་པོ་དམར་པོར་འཚེད་པ་དེ་བཞིན་དུ་ཡང་སེམས་འདི་ནི་འོད་གསལ་བ་སྟེ། རང་བཞིན་གྱིས་གློ་བུར་བའི་དྲི་མས་ཞེས་གསུངས་སོ།། གཅིག་དང་དུ་མ་ལས། ་ལོགས་ཤིག་ན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གང་ཞིག་རང་རང་གི་དངོས་པོ་དང་དངོས་པོས་འབྱུང་བར་འགྱུར་རོ།། གཅིག་དྲུང་དུ་མ་དག་གིས་ནི་དངོས་པོ་ལ་ཁྱབ་པ་ཞེས་བྱ་བའི་ཐ་ཚིག་གོ། གཟུགས་བརྙན་དུ་བརྗོད་པ་ལ་ཆོས་གཉིས ་རྗེས་སུ་འགྲོ་བ་ཡང་མ་གྲུབ་པ་ཡང་མ་ཡིན་ཏེ། མེ་ལོང་ལ་སོགས་པར་རང་བཞིན་གྱིས་གཟུགས་བརྙན་འདི་ནི་བཞིན་ལ་སོགས་པ་ཞུགས་ཏེ། གནས་པ་ནི་མ་ཡིན་ཏེ་ཐལ་བར་འགྱུར་བའི་ཕྱིར་རོ།། གཟུགས་བརྙན་དང་འདྲ་བས་ནི ་གཟུགས་བརྙན་འབྱུང་བར་འགྱུར་ཏེ། གཞན་དུ་ན་དེའི་གཟུགས་བརྙན་ཉིད་མ་ཡིན་ནོ།། གལ་ཏེ་མིག་གི་འོད་ཟེར་རྣམས་མེ་ལོང་ལ་སོགས་པ་ནས་ཕྱིར་ལོག་ནས། སོ་སོར་འབྲས་བུར་གྱུར་པ། རང་གི་བཞིན་ལ་སོགས་པ་དང་འབྲལ ་བ་དེའི་མཚན་མ་འཛིན་པ་ཐོབ་པར་འགྱུར་རོ།། དེ་བཞིན་དུ་ཡང་བྱང་ཕྱོགས་སུ་ཁ་བལྟས་པས་མེ་ལོང་ལ་བལྟ་བ་ཡང་། བྱང་ཕྱོགས་སུ་ཁ་བལྟས་པོ་ཁོ་ནའི་གཟུགས་བརྙན་མཐོང་བར་འགྱུར་རོ།། མེ་ལོང་གི་ཚད་ཆུང་ལྔ་བཞིན ་གྱི་ཚད་ཆེན་པོའི་གཟུགས་བརྙན་ཆེན་པོ་ཁོ་ན་མཐོང་བར་འགྱུར་ཞིང་། ཚུ་ལ་ཡང་ཆུ་བའི་འགྲམ་དུ་གནས་པ་རྣམས་ཀྱི་ཤིང་ལ་སོགས་པ་རྣམས་སྟེང་དུ་གནས་པའི་འདབ་མ་དང་རྩེ་མོ་ལ་སོགས་པ་མཐོང་བར་འགྱུར་རོ།། འདི་ལྟར་ཡང ་དེའི་གཟུགས་བརྙན་གྱི་རྣམ་པར་ཤེས་པ་ནི་བཞིན་ལ་སོགས་པའི་འཛིན་པ་པོ་མ་ཡིན་ཏེ། དེའི་མཚན་ཉིད་ཀྱི་རྣམ་པ་དང་བྲལ་བའི་ཕྱིར་རོ།། གཟུགས་གཞན་ནུས་བྱ་བ་ཡང་མ་སྦྱར་ཏེ། ལུས་རྣམས་གནས་པར་མི་བཟད་པའི་ཕྱིར་རོ།། ་མངོན་པར་ཞེན་པ་མེད་པས་ཡུལ་རྣམ་ལ་ལོངས་སྤྱོད་པ་ནི་དཀའ་འཐུབ་ཅེས་བྱ་བར་དགོངས་ཏེ། དེ་ཡང་གཅིག་ཏུ་ངེས་པའི་ཕྱིར་རོ།། དཀའ་བར་གནོད་ཞེས་བྱ་བ་ནི་སྡུག་བསྔལ་གྱི་སོ་གནོན་པ་ཞེས་བྱ་བ་ནི་དཀའ་ཐུབ་ཀྱིས་གནོན་པས་ཞེས ་བྱ་བས་སོ།། གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། ཞེས་རབ་ཅེས་བྱ་བ་ནི་ཐོས་པ་དང་བསམ་པ་དང་བསྒོམ་པའི་དངོས་པོའི་ཤེས་རབ་ཀྱིས་སོ།། ཐམས་ཅད་ནི་ལུས་ལ་སོགས་པའི་ལས་རྣམས་ཏེ། རྣམ་པར་དཔྱད་ནས་བྱ་བའོ།། དེ་ཡང ་ཞེས་བྱ་བ་ནི་ཤེས་རབ་བོ།། སྟོང་པའི་གནས་སུ་ཞེས་བྱ་བ་ནི། རྒྱུ་ལ་སོགས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ལའོ།། སྦྱར་ཞེས་བྱ་བ་ནི་ཏིང་ངེ་འཛིན་ནོ།། བདག་ཆེན་ཞེས་བྱ་བ་ནི། རང་དང་གཞན་གྱི་དོན་བྱེད་པའོ།། ཤེས་རབ་གསལ་བའི་གཟུགས ་ཅན་མ་ཞེས་བྱ་བ་ནི། ཤེས་རབ་ལྟ་བུར་གསལ་བར་བྱེད་པ་དང་། སྣང་བར་བྱེད་པ་ནི་ཤེས་རབ་གསལ་བའི་གཟུགས་ཅན་མ་སྟེ་དངོས་པོའོ།། རྣམ་པར་མི་རྟོག་སེམས་ཀྱི་ཞེས་བྱ་བ་དང་། སྦྱར་ཞེས་བྱ་བའི་བྱ་བར་འབྲེལ་ཏོ།། དེགས་པ ་མེད་ཅེས་བྱ་བ་ནི་འཇིགས་པ་མེད་པའོ།། སྤྱོད་པ་ནི་རྣམ་པར་གནས་པའོ།། དེ་བས་ན་ཀུན་ཏུ་སྤྱོད་པ་ནི་གང་ཞིག་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པར་གནས་པ་དེ་ནི་དཀའ་ཐུབ་བོ།། ཤེས་རབོ་དང་ཐབས་ཀྱི་བདག་ཉིད་ནི། སྟོང་པ་དང་སྙིང ་རྗེའི་བདག་ཉིད་ཅན་གྱི་སེམས་སོ།། མེད་གཞན་དག་ཏུ་མི་འཕོ་ན་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། དེ་ནི་ངེས་པར་དཀའ་ཐུབ་ཅེས་བྱ་བའི་དོན་ཏོ།། བྱང་ཆུབ་ཆེན་པོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། མཆོག་ཏུ་ཟག ་པ་མེད་པའི་བདེ་བའི་རང་བཞིན་ནོ།། དེ་རབ་ཏུ་སྦྱིན་ནོ་ཞེས་བྱ་བ་ནི། དེ་དེ་ལྟ་བུའི་དཀའ་ཐུབ་སྟེ། ཐབས་དང་ཤིས་རབ་ཀྱི་བདག་ཉིད་ཅན་གྱི་སེམས་ངེས་པ་ཁོ་ནར་དཀའ་ཐུབ་ཅེས་བྱ་བར་དགོངས་སོ།། བརྩོན་འགྲུས་ཀྱིས་བྱང་ཆུབ་པོ་ཞེས་རྒྱས ་པར་བསྟན་པའི་ཕྱིར། རྣལ་འབྱོར་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རིགས་པ་ཅན་ཞེས་བྱ་བ་ནི་བྱང་ཆུབ་ཏུ་བྱས་པའི་བརྩོན་འགྲུས་རྣམས་ཀྱིའོ།། རྣམ་པར་མི་རྟོག་སོ་ཅེས་འགྲོ་བའི་ཞེས་བྱ་བ་ནི། རྣམ་པར་རྟོག་པ་ལས་བྱུང་བའི ་རྣམ་པར་རྟོག་པའི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་བས་ན་དངོས་པོའི་ཆའི་རྗེས་སུ་འགྲོ་ཞིང་འདྲ་བའི་ངང་ཚུལ་གང་ལོ་ཡིད་དེ་དེ་ལྟ་བུའོ།། དེ་རྣམས་ཀྱི་དེ་ལྟར་གྱུར་པ་ནི་རྣལ་འབྱོར་པ་རྣམས་ཀྱིའོ།། ཀུན་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ ་རྣམས་སོ།། འབྱུང་བ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ། དོན་དམ་པའི་ངོ་བོ་ཅན་ཞེས་བྱ་བ་ཇི་སྙེད་པའོ།། ཅིའི་ཕྱིར་ཞེ་ན་གསུངས་པ། ཤེས་རབ་ཅེས་བྱ་བ་ནི་སྟོང་པ་ཉིད་དོ།། དེའི་ཕ་རོལ་ནི་མཐར་ཐུག་པ་སྟེ། རང་བཞིན་མེད་པ་ལ་སོགས ་པའི་ངོ་བོའོ།། ཕྱིན་པ་ནི་སོན་པའོ།། ཡང་ན་ཕ་རོལ་གྱི་སྒྲས་ནི་སྙོམས་པར་འཇུག་པར་ཤེས་པར་བྱ་སྟེ། འདི་ཉིད་ནི་ཤེས་རབ་ཅེས་བྱ་བའི་དོན་ཏོ།། ཤེས་རབ་མེ་ལོང་ལྟ་བུ་ཞེས་བྱ་བ་ནི། ཤེས་རབ་ཀྱི་མེ་ལོངས་ལ་གསལ་བར་བྱེད་པ་ནི་ཤེས་རབ་ཀྱི ་མེ་ལོངས་ལྟ་བུ་སྟེ་ཐམས་ཅད་དོ།། དེའི་རྣམས་པ་འདུས་བྱས་ཉིད་ཅེས་བྱ་བ་ནི། རྒྱུ་དང་རྐྱེན་གྱིས་ཡང་དག་པར་བྱུང་བར་བྱེད་པ་ནི་འདུས་བྱས་ཏེ། དེ་ཡང་དེའི་རྣམ་པའོ།། ཤེས་རབ་ཀྱི་རྣམ་པ་ཀུན་རྫོབ་དང་དོན་དམ་པ་དག་མི་ཕྱེད་པའི་ཕྱིར། དེ་ལྟར་ནི་དེ ་ཤེཤེས་རབ་ཀྱི་བྱེད་པ་སྟེ། དཔྱད་པས་ཀུན་རྫོབ་ཀྱིས་གསལ་བར་བྱེད་པར་འགྱུར་རོ།། གང་གིས་དེ་དེའི་རྣམ་པ་ཐམས་ཅད་དུ་འདུས་བྱས་པ་ནི་གང་གིས་མཐོང་བ་ཞེས་པའི་བྱ་བ་དགོད་པའོ།། དེ་རྣམས་ཀྱི་ཤེས་རབ་ནི་ཐོས་པ་དང་བསམས་པ་དང་བསྒོམས་པ་ལྔ ་བྱུང་བ་སྟེ། བློའི་དབང་གིས་དོན་ཇི་ལྟ་བ་བཞིན་དུ་རྟོགས་པའོ།། གང་དག་གི་རྣམ་པར་མི་རྟོག་པའི་རང་གི་ངོ་བོ་སེམས་དེ་ནི་དེ་ལྟ་བུའོ།། དོན་ཇི་ལྟ་བ་བཞིན་དུ་ཤེས་ནས་བློས་བཙལ་བས་ཐབས་ཀྱིས་ཇི་ལྟར་བའི་དོན་རྙེད་པར་འགྱུར་རོ།། དེས་ན་ཡང་བློ་དང ་ལྡན་པའི་སྒྲུབ་པ་པོས་ཐམས་ཅད་སྒྲུབ་པར་ནུས་སོ་ཞེས་བྱ་བར་དགོངས་སོ།། ཀུན་རྫོབ་དང་དོན་དམ་པ་དག་མི་ཕྱེད་པར་རྟོགས་པ་ཁོ་ནར་དཔེས་བསྟན་པར་བྱ་བའི་ཕྱིར་མེ་ལོང་ཞེས་བྱ་བ་ལ་སོགས་པ་ནི་འདིའི་དོན་ནི་གོང་ཉིད་དུ་རྟོགས་པའི་ཕྱིར་རོ།། འདི་ལྟར ་ཡེང་བརྫུན་པའི་ཆ་ལ་སོགས་པའི་གླང་པོ་དང་རྟ་ལ་སོགས་པའི་སྒྱུ་མ་ལ་སོགས་པས་གང་དམིགས་པ་དེ་དོན་དམ་པ་བ་མུ་ཡིན་ནོ།། ཆུ་བུར་ཞེས་བྱ་བ་ནི་མི་རྟག་པའི་དཔེར་བྱས་པའོ།། སྒྱུ་མ་ཞེས་བྱ་བ་ནི་བརྫུན་པའི་ཆ་ལ་སོགས་པ་སྟེ། གླང་པོ་དང ་ལ་སོགས་པའོ།། ལྟར་ཞེས་བྱ་བའི་སྒྲས་ནི་སོ་སོ་སྟེ། དེ་བས་ན་མོ་ལོང་གི་གཟུགས་བརྙན་ལ་སོགས་པ་ལྟ་བུ་ཞེས་བྱ་བའི་དོན་ཏོ།། མིག་འཕྲུལ་འདྲི་བ་ཞེས་བྱ་བ་འདི་ནི་དེ་ལྟ་བུའོ།། འགྲོ་ག་ཙི་ཞེས་བྱ་བ་ནི་གང་གིས་འགྲོ་བ་དེ་ལྟར་མཐོང་བ་དེ་ནི་འགྲོ་བའི ་གཙོ་བོ་སྟེ། ཇི་ལྟར་དོན་ཤེས་པས་རབ་ཏུ་བྱུང་ཞེས་བྱ་བའི་དོན་ཏོ།། རྣམ་སྨིན་ཞེས་བྱ་བ་ནི། ལས་དང་ཉོན་མོངས་པའི་བག་ཆགས་ཀྱི་གཞིར་གྱུར་པ་སྟེ། ཀུན་གཞི་རྣམ་པར་ཤེས་པའོ།། ཉིད་ཅེས་བྱ་བ་ནི་འདྲ་བའི་དོན་ཏེ་སོ་སོར་མངོན་པར ་སྦྱར་རོ།། དེས་ན་གློག་འདྲ་བ་ཞེས་བྱ་བ་ནི་མི་རྟག་པས་སོ།། དྲི་ཟའི་གྲོང་ཁྱེར་འདྲ་བ་དང་། རྣམ་པར་སྨིན་པ་ལྟ་བུ་ནི་ཇི་ལྟར་འབྲས་བུ་དང་རྒྱུའི་རྣམ་པའི་དངོས་པོ་དང་བྲལ་བས་དོན་དམ་པར་འདུས་མ་བྱས་པ་སྟེ། ཇི་ལྟར་དོན་དམ་པ་ལས་རྒྱུའི་རྐྱེན་གྱིས ་འབྱུང་བར་བྱེད་པ་ནི། འདུས་བྱས་ཀྱི་གཟུགས་སུ་བྱེད་པ་ཡང་རྟོགས་པར་འགྱུར་རོ།། གཞན་དུ་ན་ཡང་གཅིག་ལ་སོགས་པའི་ངོ་བོ་དོན་དམ་པ་ཞེས་བྱ་བར་དགོངས་སོ།། དེ་ལྟར་གང་གིས་མཐོང་བ་ནི་འགྲོ་བ་དེའི་འོ།། ཤེས་རབ་དབང་གིས་ཞེས་བྱ་བ་ནི། ་ཐོས་པ་ལ་སོགས་པའི་དངོས་པོའོ།། རབ་ཀྱི་སྒྲས་ནི་རབ་ཆའི་རྣམ་པའི་དོན་ཏོ།། དེས་ན་ཞེས་བྱ་བ་ལ་སོགས་པ་ནི་བསྡུ་བ་གསུངས་པའོ།། གང་དུ་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་ཀྱིའོ།། མངོན་པར་ཞེན་པ་ནི་སྐབས་སོ།། འགྱུར་བ་ཞེས་བྱ་བ ་ནི་ཡོད་པའོ།། གལ་ཏེ་རང་བཞིན་མེད་པའི་དངོས་པོ་ཁོ་ན་ཡིན་ན་འདི་རྣམས་ཀྱིས་དོན་གྱི་བྱ་བ་མི་བྱེད་དོ་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་ན་ཡང་འདི་འབྱུང་བས་སོ།། དེ་ཉིད ་ཀྱི་དོན་གསུངས་པའང་སྒྱུ་མ་ལྟ་བུ་ཞེས་བྱ་བ་ལ། འང་གི་སྒྲས་ནི་གལ་ཏེ་ཞེས་བྱ་བའི་དོན་ཏོ།། ཐམས་ཅད་ཀྱིས་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་ངོ་བོ་རྣམས་ཀྱིས་སོ།། ཁྱོད་འཕགས་ལོངས་སྤྱོད་རྫོགས་པ་སྐྱེས་ཞེས་བྱ་བ་ནི། ལས་དང་ཉོན ་མོངས་པ་རྣམས་ཀྱིས་ཁྱད་པར་དུ་བྱས་ཤིང་ཁྱད་པར་དུ་འཕགས་པའི་སེམས་ཅན་རྣམས་ཏེ་དེ་རྣམས་ཀྱིས་སོ།། སྐྱེས་ཞེས་བྱ་བ་ནི་ལོངས་སྤྱོད་པའི་དོན་ཏོ།། དེ་ཡང་འདིར་སྐྱེས་ཞེས་བྱ་བའི་ལྷག་མ་ནི་གཞན་གྱི་མཐར་ཚིག་ཕྲད། སྐྱེས་པ་ནི་དོན ་དམ་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་སྐྱེས་ཤ་ན། བདེ་བ་ལ་སོགས་པ་གསུངས་སོ།། བདེ་བས་ཡོངས་སུ་གྱུར་པ་ནི་འགྲོ་བ་མགྲོན་དུ་གཉེར་པོ་སྟེ། དེས་བདེ་བ་ཆེན་པོའི་རྣམ་པ་ཁྱད་པར་དུ་འཕགས་པའི་ལོངས་སྤྱོད་རྫོགས་པའོ།། ཅི་འོད་ཁྱད་པར ་འཕགས་པའི་འབྲས་བུ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་རྣམ་པ་སྟེ། འདི་ཉིད་ཀྱིས་ནི་འདི་གསུངསོ།། གལ་ཏེ་ཕུང་པོ་ལ་སོགས་པ་སྙིང་པོ་མེད་པ་འདི་རྣམས་ཀྱིས། གཞན་གྱི་དོན་དང་རང་གི་དོན་གྱི་སྙིང་པོ་འཐོབ་པོ།། དེའི་ཚེ་ན་ཅིས་མི་འདོད་པ ་ཅེས་བྱ་བ་ནི་འདོད་པར་འགྱུར་བའང་ཉིད་དོ།། ཡང་ན་ཁྱད་འཕས་ལངས་སྤྱོད་རྫོགས་པ་ཞེས་བྱ་བ་ནི་འདུ་བྱེད་པ་སྟེ་དེས་སོ།། སྐྱེས་ཞེས་བྱ་བ་ནི། སྐྱེས་པའི་འབྲས་བུ་སྟེ་དེ་ཡང་ཁྱད་པར་དུ་འཕགས་པའོ།། ཇི་ལྟར་ཞེ་ན་བདེ་བ་ཡོངས་སུ་གྱུར་པ ་ཡིས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་རྣམ་པར་མ་དག་པ་ནི་སྡུག་བསྔལ་གྱི་རང་བཞིན་མོ་ན་སྟེ། ཕུང་པོ་ནི་སྡུག་བསྔལ་གྱིས་འཁོར་བ་ཅན་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་བདག་མེད་པས་རྣམ་པར་དག་པས་ལྷའི་གཟུགས་ཅན་རྣམས་ཀྱང་བདེ ་བ་ཆེན་པོས་རབ་དང་གཞན་དག་གི་དོན་བསྐྱེད་པར་ཡང་ནུས་པ་ཁོ་ནའོ།། མངོན་པར་འདུ་བྱེད་པའི་ཁྱད་པར་གྱིས་ཁྱད་པར་དུ་འཕགས་པའི་འབྲས་བུའི་དངོས་པོ་སྐྱེ་བར་འགྱུར་ཏེ། གང་ཞིག་འོ་མ་ལ་སོགས་པས་བཅུས་པའི་སྐྱུར་པོ་ལ་སོགས་པའི ་འབྲས་བུ་མངར་པོར་སྐྱེ་བར་འགྱུར་རོ།། ལྷག་མ་ནི་གོང་མ་བཞིན་ནོ།། འདི་རྣམས་ཀྱི་སྙིང་པོ་མེད་པ་ཉིད་ཅིའི་ཕྱིར་ཞེ་ན། མེད་པ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་ཉིད་འདིར་གསུངས་པ། གལ་ཏེ་ཞེས་བྱ ་བ་ལ་སོགས་པ་ནི་འདི་ལྟར་ཤེས་པར་བྱ་སྟེ། གཟུང་བ་ལ་སོགས་པར་མངོན་པར་ཞེནྡྲ་པ་ལས།། སྡུག་བསྔལ་ལྡིང་འཁོར་བ་རོ་སྒྲུབ་པར་བྱེད་པ་དེ་ཉིད་བདག་མེད་པ་བྱུང་བར་དུ་འཕགས་པས། བང་བ་ཁྱད་པར་དུ་འཕགས་པའི་འབྲས ་བུ་སྐྱེད་པར་བྱེད་པ་ལ་ཉེས་པ་ཅི་ཡོད། བདེ་བ་ཞེས་བྱ་བ་ནི་ལུས་ཅན་གྱི་བདེ་བའོ།། ཡིད་བཟངས་ཞེས་བྱ་བ་ནི་ཡིད་ཀྱི་བདེ་བ་སྟེ་ཡུལ་རྣམ་པར་དག་པའོ།། ལྷའི་རྣམ་པ་བསྒོམས་པས་བདེ་བ་སྐྱེ་བར་འགྱུར་ཏེ། བླ་མེད་འབྲས་བུ་ཐོབ་པ་ལ།། ་རྒྱུ་ཞེས་བྱ་བ་རྒྱུ་ནི་འགྱུར་བའོ།། བཅོམ་ལྡན་འདས་ལྷ་མོ་ཞེས་བྱ་བ་ནི་ཀྱེ་བཅོམ་ལྡན་འདས་མ་ལྷ་མོའོ།། དེ་བས་ཞེས་བྱ་བ་ལ་སོགས་པ་ནི་བསྡུ་བའོ།། གང་ཞིག་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་འགྲོ་བ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི ་བདག་ཉིད་ཅན་གྱི་ཕྱིར། དེ་ནི་དེ་ལྟ་བུའི་ཀུན་ཏུ་འགྲོ་བ་ནི་རྡོ་རྗེ་འཛིན་པའི་སྐུའོ།། མཆོད་པར་བྱ་བ་ནི་འདོད་པའི་ཡོན་ཏན་གྱི་ལོངས་སྤྱོད་ཀྱིས་མངོན་སུམ་དུ་བྱེད་པའོ།། བདེ་བས་བདི་ཉིད་སྒྲུབ་ཅིང་། དེ་ལས་མ་གཏོགས་པའི་སྡུག་བསྔལ་གྱིས་སྡུག་བྱེད་ཅེས ་བྱ་བ་ལ་སོགས་པ་གསུངས་སོ།། དཀས་ཐུབ་ལྔ་སྡུག་བྱེད་ནི་དཀའ་ཐུབ་ལྔ་ལ་སོགས་པ་རྣམས་ཀྱིས་སོ།། བརྟུལ་ཞུགས་ནི་ཟས་ཀྱི་ངེས་པ་རྣམས་ཀྱིས་སོ།། མི་བཟད་པ་ནི་རི་ལ་མ་ཆོང་བ་ལ་སོགས་པ་རྣམས་ཀྱིས་སོ།། ལུས་ནི་སྐུའོ།། བསྐམས་པ ་ནི་ལུས་ཅན་རྣམས་ཀྱིས་སྡུག་བསྔལ་རྙེད་པ་ཞེས་བྱ་བར་དགོངས་སོ།། ལུས་སྡུག་བསྔལ་བ་ལས་ཡིད་སྡུག་བསྔལ་བར་འགྱུར་ཏེ། དེ་ཡང་དཀྲུགས་པས་དོན་ཇི་ལྟར་ཡོངས་སུ་མི་ཤེས་པས་དོན་གྱིས་དངོས་གྲུབ་ཐོབ་པར་མི་འགྱུར་རོ།། རྗེས་སུ་འགྲོ་བའི ་སྒོ་ནས་ཡིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་དང་ལུས་བརྟན་པའི་ཕྱིར་བདེ་བ་ཐམས་ཅད་བརྟེན་པ་ཡིན་ནོ།། སྡུག་བསྔལ་གྱིས་ནི་གཡོ་བ་འབྱུང་ཞེས་བྱ་བ་ནི། བརྩམས་པས་ཉམས་པར་འགྱུར་རོ།། དེ་ཡང་ཅི་ཞེ་ན་གསུངས་པ། འགོག་པའི ་འབྲས་བུ་རྙེད་པར་འགྱུར།། ལུས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དུས་མིན་འཆི་བ་ན་ཞེས་བྱ་བ་ནི། ཐབས་མེད་པས་འབྲས་བུ་ཚོལ་བའི་ཕྱིར་དམ་པའི་ཆོས་ལ་སྨད་དེ། དེ་བས་ན་དུས་མ་ཡིན་པ་ནི་འཚེ་བ་མ་རྫོགས་པར་རོ།། ཤི་ནས་དམྱལ་བར ་འཚེད་པར་འགྱུར་ཏེ། ངེས་པ་ནི་ཐེ་ཚོམ་མེད་པའོ།། མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་བསོ།། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ནི་ཞེས་བཤད་པའོ།། འོ་ཞེས་བྱ་བ་ནི། ལེའུ་ཡོངས་སུ་རྫོགས་པའོ།། རྡོ་རྗེ་མཁའ་འགྲོའི་རྒྱུད་ནི་རྗོད་པ་དང་བརྗོད ་པར་བྱ་བའི་བདག་ཉིད་ཅན་ནོ།། མཆོག་གི་དེ་ཁོ་ན་ནི་ཆོས་དང་གང་ཟག་ལ་བདག་མེད་པའི་འོ།། གཟིགས་པ་ཞེས་བྱ་བ་ནི་ངེས་པའོ།། ཡུལ་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ལའོ།། འཇུག་པ་ནི་འཇུག་པར་སྤྱོད་པའོ།། དེའི་ཡེ ་ཤེས་ནི་རྟོགས་པའོ།། དེ་དག་གི་རྗོད་པར་བྱེད་པ་པོ་སྟེ། ལེའུ་ནི་གཞུང་དུམ་བུར་བཅད་པའོ།། དེའང་དང་པོའོ།། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་སྟེ་ལེའུ་དང་པོའོ།། ། དེ་ནས་ཞེས་བྱ་བ་ནི། མཆོག་གི་དེ་ཁོ་ན་གཟིགས ་པ་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་དེ་མ་ཐག་ཏུའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལའོ།། ཕྱག་འཚལ་ཏེ་ཞེས་བྱ་བ་ནི་ཕྱི་དང་གསང་བས་མཆོད་པའི་འབར་རོ།། སྐུ་དང་གསུང་དང་ཐུགས་ཀྱིས་ཀུན ་ནས་བསླང་བའི་ལས་རབ་མཆོག་རྣམས་ཀྱིས་ས་ལ་གཏུགས་པས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ།། འདི་སྐད་ཅེས་ཞེས་བྱ་བ་ནི། འཆད་པར་འགྱུར་བའོ།། གསོལ་ཏོ་ཞེས་བྱ་བ་ནི་ཞུས་པའོ།། གསོལ་པའི་སྒྲས ་ནི་མི་ཟད་པའི་བྱ་བའི་ཐ་ཚིག་གོ།། གཅིག་དང་གཉིས་དང་མང་པོ་རྣམས་སུ་བལྟ་བར་བྱ་སྟེ། མི་ཟད་པ་ནི་དུ་མའི་དོན་གྱི་ཕྱིར་རོ།། དཔེར་ན་པྲཱ་ཡའི་སྒྲ་ནི་གཞན་ལ་དང་། འདི་ལ་དང་འདིར་ཞེས་བྱ་བའི་དོན་དུ་སྤྱོད་པའོ།། བཅོམ་ལྡན་འདས ་མས་ཞུས་པ་ནི། བཤད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཐམས་ཅད་ཅེས་བྱ་བ་ནི་ལུས་ལ་སོགས་པས་སྨོད་པར་བྱེད་པའོ།། དེའང་གདུག་པ་ཐམས་ཅད་དེ་དེ་རྣམས་རབ་ཏུ་དབྱེ་བས་བཅོམ་ཞིང་གདུག་པ་ཐམས་ཅད ་རབ་ཏུ་འཇོམས་པ་ནི། ཧེ་རུ་ཀ་སྟེ་དེའི་སྙིང་པོའི་སྔགས་སོ།། ལུང་ལས་སྙིང་པོའི་སྔགས་ཞེས་གསུངས་སོ།། གདུག་པ་ནི་ཞེས་གསུངས་སོ།། གང་གིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདུལ་བར་བྱེད་ཅེས་ཞེས་བྱ་བ་ལ་སོགས་པ་ཚིག་རྐང ་གསུམ་ནི་ལུས་ལ་སོགས་པའི་དབྱེ་བས་སོ།། ལྟུང་བར་བྱེད་པ་ཞེས་བྱ་བ་ནི་ཇི་ལྟར་རང་གི་བསྟན་པ་ལ་སྦྱོར་བར་བྱེད་པ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཤེས་བྱ་བ་ནི་ཞུས་མ་ཐག་ཏུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང ་ཐུགས་རྡོ་རྗེའི་བདག་པོ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའོ།། དབྱངས་ཞེས་བྱ་བ་ནི་གླུའི་དོན་གྱི་སྔགས་གཟུང་ངོ་ཞེས་བྱ་བར་དགོངས་སོ།། དང་པོར་གོ་ཆའི་སྔགས་གསུངས་པ། ཨ་ཨིཊྲ་ཨ་པ་རོ་ཨ་ཎ་ཞེས་བྱ་བ་ནི་དང་པོར་རྣམ་པར་སྣང་མཛད་དེ་ཨོཾ ་གྱི་རྣམ་པའོ།། ཏ་སུ་ཝརྒ་ནེ་ཏཱི་ཨི་ཞེས་བྱ་བ་ནི། དེ་ལ་གང་ཞིག་སྡེ་ཚན་གྱི་མཐའི་ཡིག་འབྲུ་སྟི་དེའང་ཧའི་རྣམ་པའོ།། ཏཱ་ཨི་ཞེས་བྱ་བ་ནི། དེ་ལ་སྡེ་ཚན་གྱི་མཐའ་ལ་སྟེ་དེར་ཞེས་བྱ་བའི་དོན་ཏོ།། ཏ་ཧ་པ་ཧཾནྟེ་ཞེས་བྱ་བ་ལ་ཏ་ཧ་ཞེས་བྱ་བ་ལི་ཏའི་སྡེ་ཚན་གྱི་དྷའོ།། པ་ཧཱ ་ཞེས་བྱ་བ་ནི་པའི་སྡེ་ཚན་གྱི་བྷའོ།། ཏ་དང་པ་དག་གི་སྡེ་ཚན་དག་མཚོན་པར། དྷ་དང་བྷ་དག་གི་མཐར་གྱུར་པ་དག་གི་ན་དང་མ་དག་གོ།། འདིར་ཡང་སྔགས་ནི་འདི་གཉིས་སོ།། དེ་ལ་ཅི་ཞེ་ན། ས་བ་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ས་ཝ་རེ་ཞེས་བྱ་བ་ནི། སའི ་ཕ་རོལ་ཏེ་ཧའོ།། ཏི་ཨ་ས་ར་སི་ར་སི་བྷཱ་སི་ཨོ་ཞེས་བྱ་བ་ནི་དབྱངས་ཀྱི་གསུམ་པས་སྤྱི་བོ་བརྒྱན་པ་ཞེས་བྱ་བའི་དོན་ཏོ།། ས་ཨཱ་ར་མནྡེ་ཞེས་བྱ་བ་ནི། སའི་རྣམ་པ་མཐར་རོ།། དེ་ཡང་ལ་ས་མཛྙཱ་ས་ཎོ་ཞེས་བྱ་བ་ནི། ལ་དང་ས་དག་གི་དབུས་སུ་ཝའི་ས་བོན་ནོ།། ་དེ་ཉིད་འདིའི་གདན་ཏེ་དེ་ནི་དེ་ལྟ་བུའོ།། དེ་ཡང་ཇི་ལྟར་འགྱུར་ཞེ་ན། བེརྞྞ་པཱ་ཎ་པ་རི་ཨོཾ་སི་ཨ~ཾ་ཞེས་བྱ་བ་གསུངས་སོ།། བེ་ཎྜེ་ཞེས་བྱ་བ་ནི་གཉིས་པའོ།། པཱ་ཎ་ཞེས་བྱ་བ་ནི་གླུའི་སྐད་དོ།། དབྱངས་ཀྱི་སྒྲས་ནི་གང་ཞིག་ཤ་དེའི་གོར་ས་བྲིས་པའོ།། སཱ་རའི་སྒྲ་ཡང་གང ་ཞིག་སྭའི་སྒྲ་དེའི་ཝ་ཕྱིས་ལ་ས་རའོ།། མིང་མཐུན་པའི་ཕྱིར། ས་རོ་དང་བཱ་ཏ་ཞེས་བྱ་བ་ནི་སྒྱུ་ཐབས་ཀྱིས་མིང་གི་རྣམ་གྲངས་ཏེ། དེ་བས་ན་དབྱངས་ཀྱི་གཉིས་པ་རིང་པོའི་ཨས་ཡོངས་སུ་མཉེས་པ་ནི། དེས་ན་སྭའོ།། ཨཱ་ཨཱ་ར་ས་ར་པ་རི་སཻཊཾ་ཨཽ་ས་ཝ་རོ་ཞེ ་བྱ་བ་ནི། དེས་ནུ་ཧཱ་ཞེས་བྱ་བ་ནི། པུ་ཎོ་བི་ས་པ་རོ་པཉྩ་བཱ་ཎཱ་ས་ཎྜོ་ཞེས་བྱ་བ་རི། ཨུའི་སྟན་ཏོ།། ཁརྞྞ་བནྡྷ་བིནྣ་སོ་བྷཱི་ཏཿཞེས་བྱ་བ་ནི། དེས་ན་ཧཱ་ནེའོ།། ལཱ་ས་མཛྫ་ནཱ་ཨ་བི་ཨོ་ཞེས་བྱ་བ་ནི། ལ་དང་ས་དག་གི་དབུས་སུ་གནས་པ ་ནི་ཝའི་ས་བོན་ནོ།། ད་ཧིཾ་བྷ་ཎ་པ་རི་ཨོ་སི་ཨོ་ཞེས་བྱ་བ་ནི། མདའ་བཅུ་པ་སྟེ། ཨོཾ་དེས་ཡོངས་སུ་མཉེས་པ་ནི་དེས་ན་བཽ་ཞེས་བྱ་བའོ།། ས་ས་མཛྙཱ་ཊྚ། ཨོཾ་ཞེས་བྱ་བ་ནི་ཤའི་གོ་ར་ས་བྲིས་པ་སྟེ། རྐན་གྱི་ཤ་ཉིད་ས་ཞེས་བྱ་བ་ཡི་ནོ།། དེ་བས་ན་འདིའི་དོན ་ཏོ།། ཤ་དང་སའི་དབུས་སུ་གནས་པ་ནི་ཥ། ཏི་ཨ་བ་ཨ་ཎོ་ཞེས་བྱ་བ་ནི། ཊ་སྟེ་རྒྱབ་ཏུ་ཞལ་གཉིས་དང་། གཡས་པའི་ཞལ་གཅིག་ཅེས་བྱ་བེ་ནཽ་ཞལ་གསུམ་པའོ།། པ་བ་ན་དི་ཨ་ཞེས་བྱ་བ་ནི། ཧ་སྟེ་སྔགས་བཏུ་བའི་འཁོར་ལོ་ལ་རླུང་གི་ཕྱོགས ་སུ་དེའི་གནས་པའོ།། རུ་དྷེ་ཨ་ཞེས་བྱ་བ་ནི། དབྱངས་ཀྱི་བཅུ་ཅིག་པཱ་སྟེ། དེས་ཧེ་ཞེས་བྱ་བའོ།། ཧཱུཾ་ཧཱུ་ཞེས་བྱ་བ་ནི། རང་གི་གཟུགས་སུ་གནས་པའོ།། ཧལླེ་ཨི་ཞེས་བྱ་བ་ནི། ཧ་རྙེད་པ་སྟེ་དབྱངས་ཀྱི་དགུ་པས་སོ།། པ་རི་པུ་རི་ཨ་ཨི་ཞེས་བྱ་བ་ཎཾ། ་ཡོངས་སུ་དགང་བ་སྟེ། དེ་སཱ་ན་ཧོ་ཞེས་བྱ་བ་ཡིན་ནོ།། ཕ་ཎ་ཨ་ལ་ཨེ་བི་དྷྱ་ཞེས་བྱ་བ་ནི་ཕཊ་རྙེད་པའོ།། སཾ་ས་ཧེ་བ་ཨ་པ་རི་པཱུ་རི་ཨ་ཞེས་བྱ་བ་ནི། ལྷག་མ་ཧའི་ཚིག་རྐང་སྟེ། དེ་ཡང་ཡོངསུ་དག་པོའོ།། ཅིའི་ཕྱིར་ཞེ་ན་གསུངས་པ། ཉའི་སྟེང་དུ་ཐིག་ལེ་སྟེ་དེས ་ན་སྦྱར་བར་བྱ་ཞིང་། འདིས་ནི་ཧཾ་ཞེས་བྱ་བ་གནས་པའོ།། དེ་ཡང་ལྷ་རྣམས་བསྐྱེད་ནས། ཨོཾ་ཧ་ཞེས་བྱ་བ་འདིས་ནི་རྡོ་རྗེ་སེམས་དཔའ་སྟེ་སྙིང་ག་ལའོ།། ན་མཿཧི་ཞེས་བྱ་བ་འདིས་ནི། རྣམ་པར་སྣང་མཛད་དེ་སྤྱི་བོར། སྭཱ་ཧཱ་ཧུ་ཞེས་བྱ་བ་འདིས་ནི་པདྨ་གར་གྱི ་དབང་ཕྱུག་སྟེ་ཁ་ལའོ།། བཽ་ཥ་ཊ་ཧེ་ཞེས་བྱ་བ་འདིས་ནི་ཧེ་རུ་ཀ་སྟེ་དཔུང་པ་ལའོ།། ཧཱུཾ་ཧཱུཾ་ཧོཿཞེས་བྱ་བ་འདིས་ནི་རྡོ་རྗེ་ཉི་མ་སྟེ་མིག་གཉིས་ལའོ།། ཕཊ་ཧཾ་ཞེས་བྱ་བ་འདིས་ནི། རྟ་མཆོག་སྟེ་ཡན་ལག་ཐམས་ཅད་ལ་མཚོན་ཚྭའོ།། ཨོཾ་ཧ་ན་མཿཧིས ་ཧཱ་ཧུ། བཽ་ཥ་ཊ་ཧེ། ཧུཾ་ཧུཾ་ཧོཿཕཊ་ཧཾ་སྭཱ་ཧཱ་ཞེས་བྱ་བ་ནི་ཀུན་བསྡུས་པའི་བཟླས་པའོ།། འདིར་མན་ངག་གི་ལས་སྭཱ་ཧཱ་སྟེ། འདི་ནི་དཔའ་བོ་དྲུག་གི་ཆོ་གའི་སྔགས་སོ།། པཉྩ་མཛྙཱ་ཊཱི་ཨོ་ཏཏྟོ་ཞེས་བྱ་བ་ནི། བ་སྟེ་ལྔ་པའི་སྡེ་ཚན་གྱི་དབུས་སུ་གནས་པའི ་ཕྱིར་རོ།། ཧ་ཛོ་ཨེ་ཨི་ཞེས་བྱ་བ་ནི་མཚན་ཉིད་མཚོན་པ་སྟེ། ཧ་ཞེས་བྱ་བ་ཡང་སྦྱར་བར་བྱ་སྟེ། འདི་ཉིད་ཀྱིས་རྟོགས་པར་བྱའོ།། ལའི་གནས་སུ་ཛ་བྲི་བར་བྱ་སྟེ་ཀླུའི་སྐད་ཀྱི་ཕྱིར་རོ།། གཞུང་གོ་བས་ནི་ཡ་ཁོ་ན་གཟུང་ངོ་།། སྦྱར་བ་ནི་ཚིག་རྐང་གི་དོན ་ཏཱཾ་རབ་ཏུ་གྲགས་པའི་ཕྱིར་རོ།། དེ་ཡང་ཧ་ནི་རངས་པ་སྟེ། ཨོཾ་ཨི་ཞེས་བྱ་བ་ནི་འདི་དག་གོ། ཧྲྀ་ཡཽ་ཞེས་བྱ་བའི་སྒྲས་འདི་དག་ལ་རླུང་སྦྱོར་རོ་ཞེས་བྱ་བར་དགོངས་སོ།། དྲིས་པ་ཧཱ་ཡོ་ཞེས་བྱ་བའི་སྒྲ་འདི་དག་ཏུ་འགྱུར་བ་ནི་ཅིའི་ཕྱིར་མ་ཡིན་ཞིང་། ཅིའི་མཚན ་ཉིད་མཚོན་པ་ཡིན་ཞེ་ན། བདེན་པར་སྦྱོར་བ་ནི་མཚན་ཉིད་ཀྱི་ཡའི་རྣམ་པའི་ཕྱིར། མཚོན་པའི་ཡང་ཡའི་རྣམ་པར་གྲུབ་པའི་ཕྱིར་རོ།། གལ་ཏེ་ཡང་མན་ངག་ལས་དེ་བཞིན་དུ་བཟང་པོ་རྟོགས་པར་འགྱུར་རོ།། ས་བ་རྀ་ར་བཏྟཱ་རུ་ཌྷོ་ཨི་ས་ར་སི་ར ་ཨཾ་ཊྚི་ཨོ་ཞེས་བྱ་བ་ནི་ཧཱིའོ།། པུ་ཎོ་བི་པོ་ཧནྡོ་ཞེས་བྱ་བ་ནི་མའོ།། ན་བ་ས་ར་ཞེས་བྱ་བ་ནི། དགུ་པའི་དབྱངས་ནི་དགུའི་དབྱངས་ཏཽ། མའི་རྣམ་པ་ཕྱིས་པའོ།། དེ་ནི་ཨོའི་རྣམ་པ་སྟེ། དེ་ཡང་མོ་ཞེས་བྱ་བའོ།། སོ་ཞེས་བྱ་བ་ནི། འདིའོ།། ས་བ་རོ་ར ་ཝརྡྷཱ་རུནྟྲྀ་ཨ་ཨཱར་ཀཱརྞྞ་བྷཱ་ར་ཎི་ཞེས་བྱ་བ་ནི་ཙྲརཽ།། ཨོཾ་ས་ར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ཡང་ཅིའོ།། པྲ་ཎ་བི་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། ད་ལ་ཙཱ་ནཱས་པཱའོ།། པྲ་རྞོ་བི་ས་ཧཱ་ལ་ཏཏྟཱ་ཝཱར་ཞེས ་ཞེས་བྱ་བ་ནི་དྭཱ་།། པ་ར་ཎ་ཨི་རའི་དྷཱ་སྱཱ་ཏ་ས་སོ་ཞེས་བྱ་བ་ནི། སྔགས་ཀྱི་ལྷག་མ་སྟེ་མུ་གོ་ཁ~ཾ་ན་རིན་པོ་ཆེ་ནི་མགོ་རིན་པོ་ཆེ་སྟེ་གསལ་བར་བྱེད་པའི་ཕྱིར་རོ།། རྣམ་པར་སྣང་མཛད་ནཱི་ཨཾ་མོ།། བི་བཱིདྡྷ་བ་ཨ་ཝ་ར་ཞེས་བྱ་བ་ནི་རྗེས ་དབྱངས་ཀྱི་གཟུགས་ཅན་ནོ།། གང་ཞིག་མེད་པ་རྣམ་པ་སྣ་ཚོགས་པར་དེ་རྣམས་ནི་དེ་ལྟ་བུའོ།། དཔེ་མེད་པ་ཞེས་བྱ་བའི་དོན་ཏེ། དེས་དེ་ཡང་ཡོངས་སུ་གང་བའོ།། ཇི་ལྟ་རི་ཞེ་ནཾ། བི་ཧི་ཎ་ཞེས་བྱ་བ་ནི་ཚོགས་ཕཊ་གཉིས་དང་། ཟླ་བ་ཕྱེད ་པ་དང་། རྣམ་པར་སྣང་མཛད་ཀྱི་སོ་སོར་སྦྱར་རོ།། སྔགས་ཀྱི་སོ་སོའི་ཆ་ནི་དེ་ཡང་ཨོཾ་བཾ་ནི་རྡོ་རྗེ་ཕག་མོ་སྟེ་ལྟེ་བ་ལའོ།། ཨཱི་རྦཱ་བཽ་ནི་འགྲོ་བྱེད་མ་སྟེ་སྙིང་ལའོ།། ཨོཾ་ཧཱ་མོ་ནི་རྨོངས་བྱེད་མཱ་སྟེ་ཁ་ལའོ།། ཨཱ~ཾ་ཧྲ་ཧྲི་ནི་བསྐྱོད་བྱེད་མ་སྟེ་སྤྱི་བོ་རོ།། ཨོཾ ་ཧཱུཾ་ཧཱུཾ་ནི་སྐྲག་བྱེད་མ་སྟེ་སྤྱི་གཙུག་ཏུའོ།། ཨོཾ་ཕཊ་ཕཊ་གཏུམ་མོ་སྒྱུ་མ་སྟ་ཡན་ལག་ཐམས་ཅད་ལ་མཚོན་ཆའོ།། ཨོཾ་བཾ་ཧཱུཾ་ཡོཾ་ཧྲིཾ་མོཾ་ཧཱི་ཧེ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བ་སྟེ་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔག་སོ།། དྲུག་ཅེས་བྱ་བོ་ལ་སོགས ་པ་ནི་དཔའ་བོ་དྲུག་གོ།། དྲུག་དང་མཉམ་པར་སྦྱོར་བ་ཞེས་བྱ་བ་ནི་འདུས་པའོ།། མཁའ་འགྲོ་མ་ཞེས་བྱ་བ་ནི་རྨོངས་བྱེད་མ་ལ་སོགས་པ་སྟེ། དེ་རྣམས་དང་དེ་རྣམས་ཀྱིའོ།། དྲ་བ་ནི་སྤྲུལ་པའོ།། སྡོམ་པ་ཞེས་བྱ་བ་ནི་སྡོམ་པར་བྱེད་པའི་ཕྱིར་དེ་ལྟ ་བུ་སྟེ་སྟོན་པ་པོའོ།། སྡུག་གཉིས་ལ་སེམས་རྩེ་གཅིག་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། གང་ཞིག་རེ་ཞིག་དཔའ་བོ་དྲུག་གི་གོ་ཆའི་སྔགས་དེ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་བཟླས་པར་བྱའོ།། རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ནི། རྡོ་རྗེ་ཕག ་མོའི་རྣལ་འབྱོར་གྱིས་སོ།། དེར་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་བོ།། དེའི་སྟེང་དུ་སྣ་ཚོགས་པདྨར་སྣ་ཚོགས་རྡོ་རྗེ་དང་། རྡོ་རྗེའི་ར་བ་དང་། གུར་དང་ཆོས་ཀྱི་འབྱུང་གནས་ཀྱི་ནང ་དུ་སྣ་ཚོགས་པདྨར་གནས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་རྣམ་པར་སྣང་མཛད་ཡོངསུ་གྱུར་པའི་ཁང་པ་བརྩེགས་མའི་ནང་དུ་སྣ་ཚོགས་པདྨའི་ཟེ་འབྲི་ལ་ཉི་མའི་སྟེང་དུ་སྒྲུབ་ཐབས་ཀྱི་རིམ་པས། ཨཱ་ལི་ཀཱ་ལི་རྣལ་འབྱོར་གྱི་མཐར་ཟླ་བ་གཉིས ་བསྒོམ་པར་བྱའོ་ཧཱུ~ཾ་ལས་བྱུང་བ་ཞེས་བྱ་བ་གསུངས་ཏེ། ཧཱུཾ་ལས་བྱུང་བ་ནི། སྣ་ཚོགས་རྡོ་རྗེ་ཞེས་བྱ་བར་བལྟ་བར་བྱའོ།། གང་དུ་ཞེ་ན་གསུངས་པ། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ནི་ལས་ཀྱི་རྡོ་རྗེ་སྟེ། དེ་ར་ཧཱུཾ་ལས་སྐྱེས་པ་སྣ་ཚོགས་རྡོ་རྗེ་ལ། ཧཱུཾ་གི ་དེ་ཁོ་ན་བསྒོམ་པར་བྱ་ཞིང་རྡོ་རྗེའི་ར་བ་ལ་སོགས་པའང་བསྒོམ་པར་བྱའོ།། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ཞེས་བྱ་བར་བསྙགས་སོ།། ངེས་ཞེས་བྱ་བའི་སྒྲ་ནི་ཁོ་ན་ཞེས་བྱ་བའི་དོན་ཏོ།། དེའི་རྡོ་རྗེའི་ལྟེ་བ་ལ་ཧཱུ~ཾ ་གི་དེ་ཁོ་ན་བསྒོམ་པོར་བྱའོ།། ཧཱུཾ་ལས་མཁའ་འགྲོ་མའི་ཚོགས་སྤྲོ་བར་བྱའོ།། འོད་ཟེར་འབར་བ་དུ་མ་ཅན་ཞེས་བྱ་བ་ནི། འོད་ཟེར་འབར་བའི་གཟུགས་དུ་མས་གཟུགས་སྤྲོ་བར་བྱའོ།། ཞེས་བྱ་བར་དགོངས་སོ།། དེ་བས་ན་སྦུབས་ཐབས་ཀྱི་རིམ་སྐྱེ ་ཁང་པ་ཅོག་མའི་དབུས་སུ་ཧྲཱི། ལ་སོགས་པ་ལས་སྐྱེས་པ་རྡོ་རྗེ་ཕག་མོ་བསྒོམ་པར་བྱའོ།། དེ་ཉིད་ནི་ཕྱག་གཉིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བས་ན་ས~ཾ་ཙཏྟ་པྲ་ཏི་བྱ་དྷི་ཀ་ར་རྨ། མ་རྦཛྲི་ནི་ཏྱ་མུ་ཏྭཱ་ད་ཡཱ་མི། ཛྲ ་ཏིཥྛ་བཛྲ། ཨོཾ་བཛྲ་ཏྨ་ཀོ་ཧཾ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་གཽ་ཏ་སྟ་ཐཱ་ཧཾ་ཞེས་མངོན་པོར་བྱང་ཆུབ་པ་རྣམ་པ་ལྦ་ལ་བསྙེགས་སོ།། གང་ལ་ཕྱག་གཉིས་པ་དེ་ནི་ཕྱག་གཉིས་པ་དང་ཞལ་གཅིག་པ་སྟེ། དེ་ནི་སྐྱེས་བུ་ལྟ་བུར་ཕྱག་གཉིས་པ་དང་ཞལ་གཅིག་པའོ།། ་མདུང་རྩེ་རྣམ་པ་ཞེས་བྱ་བ་ནི། སྐྱིལ་ཀྲུང་ཕྱེད་པས་གནས་པའི་ཕྱིར་རོ།། འཇིགས་པའང་ཞེས་བྱ་བ་ནི་གང་གི་ཕྱིར་འཇིགས་པ་སྟེ། བདེ་བྱེད་ལ་སོགས་པའོ།། དེ་དག་ཀྱང་འཇིགས་པར་མཛད་མའོ།། ཕྱག་ཀཽ་གུག་དང་ཐོད་པར་ཡང་འབྲེལ་བར ་ཡང་བསྒོམ་པར་བྱ་སྟེ། མཁའ་འགྲོ་མ་ལ་སོགས་པ། རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་འཆད་པར་འགྱུར་བ་མན་ངག་ལས་དཀྱིལ་འཁོར་བ་དེ་དག་བལྟ་བར་བྱའོ།། འདི་ལྟར་ཡང་རབ་གཏུམ་མ་ལ་སོགས་པ་དཔའ་བོ་དང་བྲལ་བའོ།། ཡན་ལག་ལ ་དགོད་པ་ལ་སོགས་པ་གསུངས་པ་ནི་འཆད་པར་འགྱུར་བའི་རིམ་པས་བལྟ་བར་བྱའོ།། མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་བ།། རྡོ་རྗེ་མཁའ་འགྲོར་རབ་ཏུ་གྲུབ།། ཅེས་བྱ་བ་ནི། རྡོ་རྗེ་ཕག་མོའི་སྒོམ་པ་པོ་ཡང་རྡོ་རྗེ་མཁའ་འགྲོ་ཡང་འདྲ་བར ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ད་ནི་རྡོ་རྗེ་མཁའ་འགྲོའི་སྔགས་གསུངས་པ། པུ་བྷཙྪི་ཨ་ཀམྦནྟཾ། ཞེས་བྱ་བ་ནི། དང་པོ་ཁོ་ནའི་ཀཽའི་ཡིག་འབྲུའི་སྔགས་སོ།། མིའི་རྣམ་པ་གཉིས་དང་ཨའི་རྣམ་པའི་སྦྱོར་བ་ཡང་འདོད་རིས་ཀྱི་ཕྱིར་རོ།། ཅིར་འགྱུར ་ཞེ་ན། བ་ཧྣི་ས་མ་ཞེས་གསུངས་སོ།། བ་ཧཱི་ནི་ར་སྟི་དང་མཉམ་པ་ཀའི་རྣམ་པ་ནི་སྔགས་ཏེ། དེ་བས་ན་ཀ་ར་ཞེས་བྱ་བ་ཡིན་ཞིང་། ཀ་ར་ཞེས་བྱ་བ་ནི་སྔགས་སོ།། ཇི་ལྟ་བུ་ཞེ་ན། གསུངས་པ་བེརྟྟི་བྷ་ཎི་ཨ་ཞེས་བྱ་བ་ནི་གཉིས་བཏོན་པ་སྟེ། གང ་གི་ཀ་ར་ཞེས་བྱ་བའི་སྔགས་དེའི་གཉིས་བཏོན་པ་ནི་ལན་གཉིས་བརྗོད་པར་བྱ་བའི་དོན་ཏོ།། འདིའི་དོན་གཞན་དུ་ཡང་གོ་བར་བྱ་སྟེ། སྔོན་གྱི་མཚམས་མེད་པ་ལྔ་ལ་སོགས་པའི་ལས་མཐར་བྱེད་པ་དེའི་རང་གི་ངོ་བོ་མེད་དང་མཉམ་པ་ལན ་གཉིས་གསུངས་པ། ཤིན་ཏུ་ཡང་ཞེས་བྱ་བའི་དོན་ཏོ།། འདི་ཉིད་ཀྱིས་པུ་བྷཱ་ཞེས་བྱ་བ་ལ་སོགས་པ་ནི། ཀ་ར་ཀ་རའི་སྒྲ་འདིའི་བྱེ་བའི་ཚིག་བུད་མེད་དེ་ཕྱག་རྒྱ་ལ་སོགས་པ་ཐུན་མོང་པ་རྣམས་བསྐྱེད་ནས་དེ་ཉིད་ཀྱིས་ལས་རྣམས་མཐར་བྱེད་ཅིང་།། ་ལས་རྣམས་ཡང་དག་པར་སྦྱོར་བར་བྱེད་དོ།། དེ་ཡང་པུཔྤནྟི་ཨ་ཀམྨནྟཾ་བ་ཧཱ་ས་མཽ་བེཎྜི་བྷ་ཎི་ཨཾ། ཀ་ར་ཀ་ར་ཞེས་བྱ་བ་དེ་ལ་སྨད་པར་མི་བྱའོ།། དེ་ནི་ལས་ཞེས་བྱ་བའི་དོན་ཏེ། བ་ཧྣི་ས་མ་ཞེས་བྱ་བ་ནི། སྡུག་བསྔལ་གྱི་རྣམ་པར་སྨིན་པའི ་ཕྱིར་རོ།། ཡང་ན་འདིར་ཀ་ར་ཀ་ར་ཞེས་བྱ་བའི་དོན་མི་སྦྱར་ཏེ། འདི་ལྟ་བུའི་ལིས་འགལ་བ་ཞེས་བྱ་བ་རྟོགས་པར་བྱ་བ་ཙམ་ཉིད་དོ།། ཀུ་རུ་ཀུ་རུ་སཏྟ་བི་ཨཽ་ཨཾ་ཞེས་བྱ་བ་ལ། སེམས་ཅན་ནི་བོད་པའོ།། བི་ཨོ་ཨཾ་ཞེས་བྱེ་བ་ནི་སྦྱར་བ་དང་བྲལ་བའོ།། ་ཀུ་རུ་ཀུ་རུ་ཞེས་བྱ་བ་ནི་གུས་པས་ལན་གཉིས་སུ་གསུངས་པའོ།། སྡུག་པ་དང་ལྷན་ཅིག་སྤངས་པར་ཤེས་པར་བྱའོ།། འདི་ནི་འདི་དག་གསུངས་པ་སེམས་ཅན་ཁྱོད་ད་ནི་སྡུག་པ་འདི་དག་སྦྱོར་བ་དང་བྲལ་བར་མཛོད་ཅིག་མཛོད་ཅིག་ཅེས་བྱ་བ ་སྟེ། དམ་པ་མ་ཡིན་པའི་ལས་བྱེད་པའི་དེའི་རྩ་བར་གྱུར་པའི་ཕྱིར་རོ།། སྔགས་བཏུ་བ་ར་ཀུ་རུ་ཀུ་རུ་ཞེས་བྱ་བ་དེས་ཅི་བྱེད་ཅེ་ན། ཡང་དོགས་པ་བསུ་ནས་སྨྲས་པ་ཀུ་རུ་ཀུ་རུ་ཞེས་བྱ་བའི་ཚིག་རྐང་ཉིད་ཀྱི་མཚན་ཉིད་ཀྱིས་མཚོན་པའི ་ཕྱིར་རོ།། འདིའི་དོན་ཅི་ཞེ་ན་གསུངས་པ། སཏྟ་བི་ཨོཾ་ཨཾ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པ་ཞེན་པའི་སྦྱོར་བ་དང་བྲལ་བར་མཛད་ཅིག་མཛོད་ཅིག་ཅེས་བྱ་བ་སྟེ། ཀུ་རུ་ཀུ་རུ་ཞེས་བྱ་བའི་སྔགས་ཀྱི་ཚིག་རྐང་གི་དོན་ཏོ།། བནྟེ་ཧི་ཛ་ཊ་ཀུ་ཊཱི་ལ་སུ་བྷ་ཧཾ་ཞེས ་བྱ་བ་ལ། བན་དྷེ་ཧི་ནི་བཅིང་བའོ།། དེ་ཅི་ཞེ་ན་གསུངས་པ། བན་དྷེ་ཧི་ཞེས་བྱ་བ་ནི། ཀུན་ཏུ་བླངས་ནས་དམིགས་པས་བཅིང་བའི་ཆ་མན་ངག་ལས་སྦྱར་བར་བྱའོ།། བན་དྷེའི་སྔགས་ཀྱི་ཚིག་རྐང་གི་དོན་ཅི་ཞེ་ན་གསུངས་པཾ། ཛ་ཊ་ཞེས་བྱ་བ་ལ་སོགས ་པ་ནི་རལ་པ་གྲངས་མེད་སྟེ་བསྡམས་པས་མཛེས་པ་ཡང་སྒྲའོ།། དེ་ལྟ་བུའི་ཕྱིར་དེ་བཞིན་གཤེགས་པའི་རིགས་ཀྱིའང་རལ་པ་མཛེས་པ་ཉིད་ནི་དེ་རྣམས་ཀྱི་ཀུན་རྫོབ་ཀྱིས་དོན་དམ་པར་གྱུར་པའི་ཕྱིར་སྟོན་པ་པོས་དོན་དམ་པའི་བདོག་མེད་པའི ་འཁོར་ལོར་མཛད་ནས་བཤད་པའོ།། འདིར་གང་གི་མཛེས་པའི་རྩེ་ཁོ་ན་སྟེ་དེ་ཡང་འདི་ནི་སྨད་པའི་བསྟོད་པའོ།། རལ་པ་མཛེས་པ་ལྟ་བུའི་བསྡམས་པ་ཞེས་བྱ་བའི་བསྡུ་བ་ཇི་སྙེད་པའོ།། སུ་བྷ་ཊྭཱཾ་ཞེས་བྱ་བ་ནི་གསལ་བ་སྟེ། ཇི་ལྟར་བྱ་བའི་ཁྱད་པ ་གྱི་རལ་པ་ཡང་སྤྱི་བོར་གནས་པ་སྟེ། སངས་རྒྱས་ལ་གུས་པས་སྤྱི་བོར་འཛིན་པའོ།། དེ་ཡང་འགལ་བར་མི་བྱའོ་སྙམ་པ་སྟེ། དེའི་ཚེ་དེ་བཞིན་གཤེགས་པ་རྣམས་བསྟེན་པར་བྱའོ།། ཨེ་ཨོཾ་པུ་ཎི་བི་བྷཱ་ཎོ་ཨ་བྷྲཱུཾ་ཞེས་བྱ་བ་ནི། བན་དྷེ་ཞེས་བྱ་བ་འོང ་སྔགས་ཀྱི་ཚིག་རྐང་གདོན་པར་བྱ་སྟེ། དེ་བས་ན་བན་དྷ་བནྡྷ་ཞེས་བྱ་བ་ཡིན་ནོ།། གང་གི་ཚེ་དེ་བཞིན་གཤེགས་པ་ཕྱག་དང་ཞལ་གྱི་རྣམ་པའི་གཟུགས་ཅན་ཡིན་པ་དེའི་ཚེ་དེའི་རྗེས་སུ་འབྲང་བའི་ཕྱིར། འཁོར་བ་ཉིད་དོ་ཞེ་ན། ཨ་ལི་ཨཾ་ཞེས་བྱ ་བ་ལ་སོགས་པ་གསུངས་སོ།། བརྫུན་པ་ནི་བཟུང་བ་ལ་སོགས་པའི་ངོ་བོའོ།། སྤྱིར་བརྗོད་པའོ།། དེ་ཅི་ཡིན་ཞེ་ན་གསུངས་པ་ཏཱ་སི་ཨ་ཞེས་བྱ་བ་ལ་སོགས་པ་ནི། འཇིག་རྟེན་ཡང་སྐྲག་པ་བསྐྱེད་པས་མི་དགའ་བའོ།། གང་དུ་ཞེ་ན་གསུངས ་པ་རུ་ཨ་བིག་ཨེ་ཞེས་བྱ་བ་ལ། གཟུགས་ལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ལོའོ།། བྲལ་ཞེས་བྱ་བ་ནི་ཚང་མས་སུན་ཕྱུང་བས་འཇིག་རྟེན་པ་སྐྲག་པ་བསལ་བའི་ཕྱིར་ཀུན་རྫོབ་བསྟན་པོར་བྱའོ་ཞེས་བྱ་བར་དགོངས་སོ།། ཨེ་ཨཾ་ས ་ཧཱ་བྷ་ཎི་ཨཾ་ཞེས་བྱ་བ་ནི། དངོས་པོ་དང་ལྷན་ཅིག་དངོས་པོ་དང་བཅས་པས་ཟུང་ལྟ་བུར་དེ་ཡིས་སོ།། ཨ་ཨཾ་ཞེས་བྱ་བ་ནི་དེའི་ཚིག་རྐང་བཏོན་པའོ།། དེ་བས་ན་འདིའོ་མན་དགྲ་ལས་ཏྲཾ་ས་ཡ་ཏྲཱ་ས་ཡཱ་ཞེས་བྱ་བ་སྟེ། དོན་དམ་པ་འབའ ་ཞིག་གིས་འཇིག་རྟེན་པ་སྐྲག་པར་བྱེད་དོ་ཞེས་བྱ་བར་དགོངས་སོ།། ཡཏྣ་ན་ཨ་ལྀ་ཨཾ་ཞེས་བྱ་བ་ནི། ཨ་ལི་ཀ་ལི་ནི་ཕྱོགས་སུ་བརྗོད་པས་ཏེ་དེ་ཡང་བྱོལ་སོང་དང་ཆོས་མཐུན་པའི་ཕྱིར་དང་། མི་ཤིས་པའི་ཕྱིར་འཇིག་རྟེན་པ་ཁོ་ན་བྱོལ་སོང ་སོ།། གཞན་ནི་གོང་མ་ཡིན་ནོ།། ཀ་སྤྲྀ་ཀྵ་ཞེས་བྱ་བ་ནི། ས་ལ་ཥའི་རྣམ་པ་བྲིས་པའོ།། གང་དུ་ཡི་གེ་ལ་ཀ་དང་ཥ་སྟེ་དེ་དག་བཤད་པར་བྱའོ།། དེ་ནི་ཀ་ཥ་ཞེས་བྱ་བར་རྟོགས་པར་བྱ་སྟེ། དེ་དག་འདུས་པ་ལ་ཀྵ་ཞེས་བྱ་བའི་དོན་ཏོ།། དེ་ཡང ་དབྱངས་ཀྱི་ཨོ་དང་ལྡན་པ་སྟེ། དེ་ནི་ཀྵོ་ཞེས་བྱ་བ་ཡིན་ནོ།། གདོན་པའི་དོན་དུ་ཐམས་ཅད་ལ་ཨཱ་སྦྱིན་པར་བྱ་སྟེ། དོན་དམ་པར་ཕྱེད་པ་ཁོ་ན་གཟུང་ངོ་།། དེ་ལྟ་བུ་ཞེ་ན། བྷཱ་ཡ་ཞེས་གསུངས་སོ།། དེ་ནས་བྷ་ཡའི་སྒྲ ་སྦྱར་བར་བྱའོ།། དེ་བས་ན་ཀྵོ་བྷ་ཡ་ཞེས་བྱ་བ་ཡིན་ནོ།། པཱ་སཊི་ཨི་ཨཻ་ས་བྷ་ཎི་ཨ་བྷྲཾ་ཞེས་བྱ་བ་ནི། འདི་ལྟ་བུ་ཉིད་ཀྱི་ཚི་ག་རྐང་། ཀླྀ་བྷ་ཡའི་སྒྲའི་ངོས་སུ་གནས་པའོ།། གདོན་པར་བྱ་བ་ཞེས་བྱ་བ་ནི་བརྗོད་པར་བྱའོ།། དེ་བས་ན་ཀྵོ་དྷ ་ཡ་ཀྵོ་བྷ་ཡཾ་ཞེས་བྱ་བའི་སྔགས་སོ།། མཚན་ཉིད་དང་མཚོན་པ་དག་གིས་གཞན་དུ་རྟོགས་པར་བྱ་བའི་ཕྱིར། ཀ་ཥ་ཀྵ་ཞེས་བྱ་བ་ནི་བརྡར་ཏེ་བིདེར་རྡོའོ།། དེ་ལྟར་གང་གི་མཛེས་པ་ཞེས་བྱ་བ་དེའི་ཀུན་རྫོབ་ཀྱི་ངོ་བོ་དེ་ལ་ནི་དོན་དམ ་པར་བཏགས་པའོ།། དེས་ཅིར་འགྱུར་ཞེ་ན། ཨོཾ་ཨ་ས་རཱ་སྭཾནྠི་ཞེས་བྱ་བ་ནི་ཨོའི་རྣམ་པ་སྟེ། ཅི་ལྟར་ཆ་གཉིས་ཀྱིས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་ཕྱིར་རོ།། ཨ་ར་སཾ་ནི་ཉམས་སུ་མྱོང་བ་དང་བཅས་པའོ།། འདིར་ཡང ་ཤེས་རབ་ཀྱི་ཆ་དང་ལྡན་པའོ།། འདི་ཉིད་ནི་བྷ་ཨ་པཱ་ས་ཊཱི་ཨཽ་ཞེས་བྱ་བ་གསུངས་སོ།། བྷ་ག་ཡིས་ཤེས་བྱ་བ་ནི། ཤེས་རབ་ཀྱི་བྷ་གྲཝའི་འོ།། དངོས་སྒྱུ་འདྲེ་བས་གནས་པ་ནི་ཀུན་རྫོབ་སྟེ་དཔྱད་པ་མི་བཟོད་པ་སྟོང་པ་ཉིད་ཀྱི་ཕྱིར་ཀུན ་རྫོབ་དང་དོན་དམ་པ་དག་མཚུངས་པའོ།། དོན་དམ་པར་གསེར་བརྟག་པ་ཙམ་ཁོ་ནས་ཀུན་རྫོབ་ཏུ་འདར་བའོ།། ཡང་ན་མཚན་མ་ནི་ཀ་ཥ་ཞེས་བྱ་བའོ།། དེ་ལ་ཚད་མ་ཤེས་པས་འདིར་བར་བྱེད་པ་དང་བྱུག་པར་བྱེད་པ་དང་། དོ་པྱོད་པར ་བྱེད་པ་ཞེས་བྱ་བ་ཇི་སྙེད་པའོ།། གསེར་གྱི་ཐུར་མས་ཟད་པ་ཁོ་ནས་བདག་མེད་པའི་རི་མོ་ལ་ཚད་མས་བདར་རྡོར་བརྗོད་པ་སྟེ། རང་དང་དབྱེར་མེད་པའི་ངོ་བོར་རང་བཞིན་དག་པས་འཕེལ་ཞིང་ཀུན་རྫོབ་གསལ་བར་འགྱུར་རོ།། ཚད་མ་འབའ ་ཤིག་མ་ཡིན་པར་གསུངས་པ་ཨོཾ་ཨཱ་ར་ས་ར་ས་སཾ་ཞེས་བྱ་བ་ནི་འཇུག་པ་དང་དཔྱོད་པས་དང་པ་སྟེ་འདིར་ལུང་ལ་འཇུག་པའོ།། དེ་བས་ན་རོ་དང་བཅས་པ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། འདི་ཉིད་ཀྱི་ཕྱིར་ལྡན་པའོ།། བྷ་ཨ་པཱ་ས་ཊི ་ཨཾ་ཞེས་བྱ་བ་ནི། ཥྚི་བུ་དང་ཀྵི་བུས་རོ་མེད་པར་འདིས་སྲིད་པའི་ཞགས་པ་འཇིག་པར་བྱེད་པ་ནི། སྲིད་པའི་ཞགས་པ་ཉིད་ཀ་ཥ་ཞེས་བྱ་སྟེ། ཨོཾའི་གོར་ཨེ་བྲིས་ཤིང་བརྗོད་པའོ།། ལྷག་མ་ནི་གོ་སླའོ།། དེ་བས་ན་གཟུང་བ་ལ་སོགས་པ ་དངོས་སུ་ཕུང་པོ་ལ་སོགས་པའོ།། ཀྵོ་བྷ་ཡ་ནི་དགག་པའི་ཞེས་བྱ་བའི་སྔགས་ཀྱི་དོན་ཏོ།། རཱ་བཱི་ཨཱ་ས་ན་ཞེས་བྱ་བ་ལ་སོགས་པ་ནི་ཧྲྀ་ཧྲྀ་ཞེ་སི་བྱ་བ་ཡིན་ནོ།། ཉིན་བྱེད་ཅེས་བྱ་བ་ནི་རེ་ཕ་སྟེ། ལྷག་མ་ནི་གོ་སླའོ།། དེ་བས་ན་ཧྲཿཧྲཿཞེས་བྱ་བ ་ཡིན་ནོ།། གོང་དུ་གསུངས་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་དེ་ཁོ་ན་རྟོགས་པར་བྱ་བའི་ཕྱིར། ར་བི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་བཤད་པར་བྱའོ།། ར་བི་ཞེས་བྱ་བ་ནི་རྡོ་རྗེ་སྟེ་ཡེ་ཤེས་ཀྱི་སྣང་བར་བྱེད་པའི་ཕྱིར་རོ།། ་དེ་ཡང་བསྟན་ཏེ་གང་གི་ཆ་ཆོས་ཀྱི་འབྱུང་གནས་སུ་གནས་པ་མི་མཐོང་བར་གྱུར་པ་དེའི་ཚེ། ས་བ་རོ་ཞེས་བྱ་བ་ནི། སའི་ཕ་རོལ་ཏེ་ལུས་ཐམས་ཅད་འགེགས་པའི་ཕྱིར་དེ་དང་མཉམ་པ་ཉིད་དེ། དེའང་བྱང་ཆུབ་ཀྱི་སེམས་སུ་བརྗོད་དོ།། ཅི་བྱེད། ་པ་ཡིན་ཞེ་ན། གསུངས་པ། དྲ་ཧ་ཞེས་བྱ་བ་ལ་སོགས་པ་ནི་བཅུ་སྟེ་དབང་པོ་ལྔ་པོ་རྣམས་དང་དེན་ལྟའོ།། པཱ་ཎ་ཞེས་བྱ་བ་ནི་ཕུང་པོ་ལྔ་དང་འབྱུང་བ་རྣམས་སོ།། ཁཱདྦྷ་ནི་དབྱེ་བ་སྟེ་གཉིས་ཉིད་དང་ཡོང་པོ་ཉིད་དོ།། ་ཨིནྡྲ་ནི་གནས་ཀྱི་དོན་གཅིག་པུའོ།། དེ་ནི་དབང་པོ་དང་ཕུང་པོ་ལ་སོགས་པ་གཅིག་དང་གཉིས་དང་མང་པོ་ལ་སོགས་པའོ།། བིནྣ་ཏ་ཞེས་བྱ་བ་ནི་སྟོང་པ་ཉིད་དེ་ངེས་ཡོངས་སུ་གང་བའོ།། ཐིག་ལེ་ནི་ཏ་ཞེས་བྱ་བའི་སྒྲ་ཕྱིས་པའོ།། གང་གི་ཚེ ་རྗེའི་ནོར་བུར་བྱང་ཆུབ་སེམས་སོན་པར་གྱུར་པ་དེའི་ཚེ། རྣམ་པར་རྟོགས་པ་ཐམས་ཅད་ནུབ་པའི་ངོ་བོ་ལྷན་ཅིག་སྐྱེས་པ་རྟོག་སོ།། ཞེས་བྱ་བར་དགོངས་སོ།། ད་ལྟར་གྱུར་ན་ཡང་ཐམས་ཅད་སྟོང་པ་ཉིད་ལ་ཡང་ཅི་ཞོག་གནས་ཤེ་ན། ཀཿ། ་ཨཾ་ཞེས་བྱ་བ་ནི་གསུངས་ཏེ། ཀཾ་ནཱི་བདེ་བའོ།། དེ་ཡང་ཨི་ནི་ཕན་པ་སྟེ་དེ་ནི་གང་ཞིག་འོང་བའོ།། གང་ཡང་ཕན་པ་ནི་འདར་བ་སྟེ་དྭེ་ན་སའི་ཕ་རོལ་ཏེ་ཕྱིན་ནས་པདྨར་ལྷུང་བའོ།། ཇི་ལྟར་བྱ་ཝཱ་ན་དི་ཎ་ཞེས་བྱ་བ་ལ་སོགས་པ་གསུང ་སོ།། ཉིན་ཕྱེད་ནི་རྡུལ་ལོ།། ལྷན་ཅིག་ཅེས་བྱ་བ་ནི་ཐབས་གཅིག་པའོ།། དེས་ཡོངས་སུ་མཉེས་པ་ནི་གནས་པར་ལྡན་པའོ།། བི་སརྒ་ས་ཧ་ཏི་ཞེས་བྱ་བ་ནི། པདྨ་རོ་འབྱིན་ཅེས་བྱ་བའི་དོན་ཏོ།། བེཎྜཾ་ཞེས་བྱ་བ་ནི་ཉེ་བའི་མཚན་ཉིད།། ་དེས་ན་ཤིན་ཏུ་ཞེས་བྱ་བས་གུ་ཎི་ཏ་བྱ་ནི་བསླབ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། འདི་ཉིད་ནི་སྔགས་ཀྱི་དོན་ཏོ།། སྔགས་བཏུ་བ་ལས་གསལ་བསམ་བཀྲོལ་ཏོ།། ཕེ་ཀ་ལ་སོགས་པ་ནི་ལངས་པའི་བྱིས་པའི་ཟླ་བ་ཐིག་ལེས་གསལ་བའོ།། ་ཕེ་ཀཱ་ར་པུ་ཎོ་བི་བྷྲ་ཎཱི་ཨ་ཞེས་བྱ་བ་གོ་སླའོ།། ཕི་ཕེཾ་ཞེས་བྱ་བ་ཡིན་ནོ།། དེ་ནས་དོན་གཞན་དུ་ཕེཾ་ཞེས་བྱ་བ་ནི་མངོན་པར་ཞེན་པ་མེད་པ་སྟེ། འདི་ལ་རྣམ་པར་དབྱེ་བ་ཕྱིས་པའོ།། དེ་ཡང་དམ་པ་དང་བྲལ་བ་སྟེ། ལྷག་པར་བསྒྲུབས་པ་དང་རྟོག ་པའོ།། རྟོགས་པ་ནི་ཡིན་མོད་ཀྱི། ཇི་ལྟར་གྲོང་གི་དངོས་པོ་འཕྲོག་པར་ནུས་ཤེས་བརྗོད། བྱིས་པའི་ཟླ་བ་ནི་ཚེས་གཉིས་ཀྱི་ཟླ་བའོ།། ཐིག་ལེ་ནི་སྐར་མའོ།། དེ་རྣམས་ཀྱི་གསལ་བས་གསལ་བར་བྱེད་པ་འདིའང་ཅིའི་དོན་ཞེ་ན། དེ ་ལྟར་ན་ཇི་ལྟར་རང་སྣང་བར་བྱེད་ཀྱི་གཞན་ནི་དེ་ལྟར་མ་ཡིན་ནོ།། དེ་ཤེས་པས་ཀྱང་འགྲོ་བ་མུན་པས་ཁེབ་པར་ཤེས་པར་འགྱུར་ཏེ། མུན་པ་ཡང་དེའི་མིག་གི་སྤྱོད་ཡུལ་འགྱུར་རོ།། མུན་པ་བསལ་བའི་མཚན་ཉིད་ཀྱི་དོན་གྱི་བྱ་བ་བྱེད ་པར་ཡང་མི་རིགས་སོ།། ཟླ་བ་ཉི་གང་བ་གཅིག་གིས་ནི་མུན་པ་ཐམས་ཅད་སེལ་བར་བྱེད་དོ།། འདིས་ནི་འདི་དག་བརྗོད་དེ། དེ་ལྟར་ནི་མ་ཡིན་ནོ།། བདག་མེད་པོ་དང་ལྷན་ཅིག་དེ་ལ་མངོན་པར་ཞེན་པའི་ཕྱིར་ལྷ་རྣམས་དང་། ཇི་ལྟ་བ་བཞིན ་དུ་དོན་བྱེད་དེ། ཇི་ལྟར་བདག་མེད་པ་གཅིག་གིས་ཀྱང་ཡོངས་སུ་གང་བས་མངོན་པར་ཞེན་པ་མེད་པ་དང་། ལྷ་རྣམས་ཀྱང་དེའི་རྗེས་སུ་ཕིག་པ་རྣམས་ཀྱི་སངས་རྒྱས་ཉིད་ལ་སོགས་པའི་དོན་སྒྲུབ་པར་འགྱུར་རོ།། ཇི་ལྟར་བྱིས་པའི་ཟླ་བ ་དང་སྐར་མས་བདག་ཉིད་འབའ་ཞིག་གསལ་བར་བྱེད་ཀྱི་གཞན་ནི་མ་ཡིན་ནོ།། ཟླ་བ་ཉ་གང་བ་གཅིག་པུ་ཉིད་དང་དེའི་རྗེ་སུ་འབྲང་བའི་སྐར་མ་རྣམས་ཀྱིས་མ་ལུས་པའི་མུན་པ་བསལ་བ་སྒྲུབ་པར་བྱེད་དོ།། ཡང་བཏོན་ཏོ་ཞེས་བྱ་བའི ་དོན་ཏེ། འདི་ནི་སྔགས་ཀྱི་དོན་ཏོ།། ང་རྒྱལ་གྱི་སྒྲས་མཛེས་པ་སྟེ། བརྗོད་པའི་དོན་དུ་ཨ་ཞེས་བྱ་བ་ནི་ཕཊ་ཞེས་བྱ་བ་ལ་སོགས་པ་འདིའི་དོན་ཏེ།། དེ་ཡང་ཕཊ་ཕཊ་ཞེས་བྱ་བའི་སྔགས་སོ།། སྔགས་ཀྱི་དོན་ན ་ཨ་ཊོ་པ་ཞེས་བྱ་བ་ནི། ཁས་བླངས་པ་སྟེ། གྲུབ་པའི་མཐའ་ལས་མི་གཡོ་བའོ།། དེ་བས་ཕཊ་ཞེས་བྱ་བ་འདི་ཉིད་བདག་མེད་པའི་དེ་ཁོ་ན་ཞེས་བྱ་བའི་སྐད་ཀྱི་གསང་མཐོང་བའོ།། དེ་བས་ནི་འགྲོ་བ་སྦྲེངས་པས་ཞེས་བྱ་བར་ཤེས་པར ་བྱའོ།། ཨོཾ་སྭ་བྷ་བ་ཤུདྡྷ་དྷཱ་སརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ་ཧེ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱི་སྐད་ཀྱི་གཟགས་ཏེ། ཊངྐཿཥོ། ས་ཨ་ལཾ་ཞེས་བྱ་བོ་ལ་སོགས་པ་ནི་གོ་སླའོ།། ཌཱ་ཨི་ཎཱི་སམྦཱ་རུ་ཞེས་བྱ་བོ་ནཾ་བཅོམ་ལྡན་འདས་ལ་བོད ་པའོ།། ད་ཧ་ཧ་ཞེས་བྱ་བའི་སྔགས་སོ།། པུཉྫ་ཞེས་བྱ་བ་ལ་སོགས་པ་ནི། སྡེ་ཚན་ལྔ་པ་ནི་སྡེ་ཆེན་ལའོ།། བེརྞྞ་ཞེས་བྱ་བ་ནི། སྡེ་ཚན་ཞེས་བྱ་བོའི་རྗེས་སུ་སྤྱོད་པའི།། བི་ཏཱི་ཞེས་བྱ་བ་ནི་གཉིས་པ་བརྗོད་པའོ།། དྲི་བས་ན་སྡེ་ཚན་གཉིས ་པ་ནི་སྡེ་ཚན་གཉིས་ཏེ། སྡེ་ཚན་ཞེས་བྱ་བའི་དོན་ཏོ།། སཽ་ཡུཏྟོ་ཞེས་བྱ་བ་ནི་སྔགས་སོ།། གང་ཞིན་གསུངས་པ། ཨེ་ཨ་བཀྐ་པ་ཧཱ་ཎཾ་ཞེས་བྱ་བ་ནི། སྡེ་ཚན་འདི་དག་གི་གཙོ་བོ་སྟཾ་པ་ཙ་ཞེས་བྱ་བའི་ཡི་གེ་གཉིས་སོ།། དེ་ཡང་ཡང ་བཏྲོནཱ་པ་དེ་ནཱི་པ་ཙ་པ་ཙ་ཞེས་བྱ་བའི་སྔགས་སོ།། འདིའི་དོན་ནི་པཉྩ་བོགྷྣཿཞེས་བྱ་བ་ནི། སངས་རྒྱས་ལྔའོ།། སྡེ་ཚན་གཉིས་ནི་སྐུ་དང་གསུང་སོ།། སྡེ་ཚན་འདི་རྣམས་ཀྱི་གཙོ་ནི་སེམས་ཏེ། རྡོ་རྗེ་སེམས་དཔའོ།། འདི་རྣམས་ཀྱི་པ་ཙ་པ ་ཞེས་བྱ་བ་ནི། སྒྲུབས་ཤིག་སྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ།། བྷཀྵ་ཞེས་བྱ་བ་ལ་སོགས་པ་ནི། བཀྵ་བཀྵ་པ་ས་རུ་དྷི་རཱ་ནཱ་མཱ་ལཱ་བ་ལམྦྷི་ནེ་གྲིཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷཱ་ཛངྒ་སརྦམྦྷ་ཏརྫ་ཡ་ཏརྫ་ཡ་ཞེས་བྱ་བ་འདི་ནི་སྔགས་སོ།། ་བ་ས་ཞེས་བྱ་བ་ལ་སོགས་པ་ནི། བཞི་པ་འམོ་བོད་པའོ།། བདུད་སེམས་ཀྱི་རྣམ་པར་རྟོགས་པ་ལ་ཞོན་པ་ནི་གསོལ་ཞིག་གསོལ་ཞིག་ཞེས་བྱ་བར་དགོངས་སོ།། ས་བྷཱ་ཞེས་བྱ་བ་ནི་རྒྱས་ཤིང་འཕེལ་བ་སྟེ། རྐང་འོག་བདུན་དུ ་སོན་པའི་རྣམ་པར་རྟོགས་པ་ལ་ཞོན་པའི་ས་ལ་འགྲོ་བ་རྣམས་ཀྱི་རྒྱས་པ་དང་བྲལ་བའོ།། བ་ནི་བསྡུ་བའོ།། ཨ་ཨཱ་ར་ཞེས་བྱ་བ་ན་ཨའོ།། ཀཱ་བརྟྟ་ཞེས་བྱ་བ་ནི་ཀའོ།། ཏི་ཨ་ཏི་ཨ་ཙ་ཨུཏྶཱ་ཞེས་བྱ་བ་ནི། སྡེ་ཚན་གསུམ་པའི ་གསུམ་པ་པ་དང་། བཞི་པའི་ཌ་དང་ཌུ་སྟེ་དེ་དག་ལྡན་པའོ།། ཨེ་ཨནྟེ་སཾ་ཛོ་ཨཱ་བྷ་ཎི་ཨཾ་ཞེས་བྱ་བའི་ཐ་ཚིག་གོ། པཱ་པ་ཎ་སཾཊྚ་ཨཾ་ཞེས་བྱ་བ་ནི་རླུང་སྟ་ས་ཡའོ།། གནས་པ་ནི་ཉེ་བར་གནས་པའོ།། ཏེ་ཞེས་བྱ་བ་ནི་ཌེ་དང་དྷཱ་དེ་དག་གི་སྦྱོར ་བས་བརྗོད་པར་སྟེ། ཇི་ལྟར་གྱུར་པ་དེ་ལྟར་གཟུང་བར་བྱའོ།། ཞེས་བྱ་བར་དགོངས་སོ།། ཨཱ་ཀཽཌྜྷྱ་ཨཱ་ཀཌྜྷྱ་ཞེས་བྱ་བའི་སྔགས་སོ།། འདིའི་དོན་གྱི་རྣམ་པ་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་ཀྱི་བདག་གིར་བྱས་པ་ནི། སྔགས ་པ་སྟེ་དེ་ནི་དེ་ལྟ་བུའོ།། དེ་ཅི་ཞེ་ན་གསུངས་པ། གསུམ་པ་ནི་ལུས་དང་ངག་དང་སེམས་སོ།། དེའི་གཅིསུམ་པོ་ནི་སེམས་ཏེ་རྣམ་པར་ཤེས་པའོ།། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་རྣམ་པར་རིག་པོ་ཞེས་བྱ་བའི་ཐ་ཚིག ་གོ།། གང་གིས་རྣམ་པར་ཤེས་པ་རྣམ་པ་དང་བཅས་པར་འདོད་པ། དེའི་གཞུང་ལ་བརྟེན་ཏེ་དེས་སྨྲས་པ། དེ་ལ་རྣམ་པ་དང་རྣམ་པར་ཤེས་པ་དག་དེའི་བདག་ཉིད་དེ། རྣམ་པ་ཡང་བེམས་པོའི་ཕྱིར་རྣམ་པར ་ཤེས་པའང་བྱེ་བྲག་ཕྱེད་པ་མེད་པའི་བདག་ཉིད་ཅན་ཡིན་ནོ།། རྣམ་པ་མེད་པའི་ཕྱོགས་ལ་ཡང་ཡུལ་དང་རྣམ་པར་རིག་པ་འབྲེལ་བའི་དངོས་པོ་མེད་པའི་ཕྱིར། ཡུལ་ཀྱང་རྟོགས་པར་མི་འགྱུར་བ་ཁོ་ནའོ།། མར་མེ་ལྟ་བུར་རྣམ་པར་ཤེས ་པས་དོན་བྱེ་བྲག་ཕྱེད་པ་མ་ཡིན་ནོ།། དེ་ལྟ་མིན་མོད་ཀྱི་དེའི་བདག་ཉིད་ཀྱིས་གང་གི་ཕྱིར་འདི་ནི་ཆོས་ཉིད་དེ། དེ་ཡང་གཉི་གའི་སེམས་ཁྲག་ཅིག་ཁུག་ཅིག་ཅེས་བྱ་བར་གནས་པའོ།། དེའི་ཚེ་ཅི་འདྲ་བའི་སེམས་ཤེ་ན་གསུངས་པ། བཞི་པ ་ཞེས་བྱ་བ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་རྣམས་ཀྱི་རང་བཞིན་རྣམ་པ་བཞི་པ་སྟེ། རང་བཞིན་གྱིས་འོད་གསལ་བའི་རང་གི་ངོ་བོའོ།། དེ་བས་ན་རང་བཞིན་གྱིས་འོད་གསལ་བའི་རང་གི་ངོ་བོའི་སེམས་སྐྱེ་བར་འགྱུར་རོ་ཞེས ་དགོངས་སོ།། དེ་ལྟ་བུ་དེ་གང་ལ་ཞེ་ན་གསུངས་པ། ཐོས་པ་རྣམས་དང་རིགས་པའི་ལུང་རྣམས་དང་། རྣལ་འབྱོར་པ་རྣམས་ལ་ཡང་དག་པ་ཕྱིན་ཅི་ལོག་པའི་དེ་ཁོ་ནས་ངེས་པར་གནས་པའོ།། འདི་ཉིད་ནི་དེས་ན་འདི་སྐད་དུ་རྒྱུ་དང་དབྱིབས་ཀྱིས ་དོན་དམ་པར་མ་ཡིན་པའི་ཚུལ་གྱིས་ཕྱག་དང་། ཞལ་ལ་སོགས་པའི་མཚན་ཉིད་ཀྱིས་སྦྱོར་བར་བྱེད་པ་ནི་སྦྱོར་བའོ།། དེ་ཉིད་ཀྱི་སེམས་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅེས་བྱ་བར་དགོངས་སོ།། སྭཱ་ཧཱ་ཞེས་བྱ་བ་ལ་སོགས་བོན་གོ་རཱམ། ་དེ་བས་ན་ཧཱུ~ཾ་ཧྲིཾ་ཞེས་བྱ་བ་ཡིན་ནོ།། དོན་གཞན་དུ་བཤད་པར་བྱ་སྟེ་ཉི་མའི་སྟན་ལ་རྒྱུ་བ་དང་མི་རྒྱུ་བའི་འགྲོ་བ་སྡོམ་པར་བྱེད་པ་ནི་ས་བ་རའོ།། འདི་ཅི་ཞེ་ན་གསུངས་པ། མངའ་བཞི་ནི་དཔལ་ཧེ་རུ་ཀའི་ཡིག་འབྲུའོ།། དེ་རྣམས་ཀྱིས་གང་བ་ནི་བསྒྲགས་པ་སྟེ། @ ་སྐུའི་དོན་གྱི་སྐད་ཀྱི་དབྱིངས་སོ།། ཡང་བཏོན་པ་ནི་ཤེས་རབ་ཀྱི་ཆས་རང་ཉིད་ཐབས་སུ་གྱུར་པའི་ཕྱིར། དཔེལ་ཧེ་རུ་ཀ་རུ་དེ་ལྟར་གྱུར་པ་ཞེས་བྱ་བ་ནི་སྔགས་ཀྱི་དོན་ཏོ།། ཀ་ས་ཞེས་བྱ་བ་ལ་སོགས་པ་ནི། ཀྲཱྀ་ཀྶཾ་ཞེས་བྱ་བའི་སྔགས་སོ།། གང་གི་ཕྱིར་སྡེ། ་ཚེན་ལྔའི་མཐའ་མ་ནི་མའོ།། ཨ་དང་ཐིག་ལེ་སྟེ་འདི་ཉིད་ཀྱི་ཚིག་རྐང་ཡང་གདོན་པར་བྱའོ།། པུ་ཎོ་ཨི་ཞེས་བྱ་བ་ནི་རྗེས་སུ་སྤྱོད་པའོ།། སྔགས་ཀྱི་དོན་ནི་ཀཾ་ནི་བདེ་བ་སྟེ་བདེ་བའི་རང་བཞིན་བདག་གི་གཟུགས་སོ།། རང་རིག་པའི་ངོ་བོ་དེའི་གནས་ཀྱི་དོན ་ཞེས་བྱ་བ་ནི། རང་རིག་པའི་བདེ་བ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་དེ་སྭཱ་ཅ་ན་སྨྲས་པ། ལྔ་ནི་སྤྲོས་པ་དང་བཅས་པའི་ལྷའི་གཟུགས་ཏེ། དེས་གཟུང་བ་ལ་སོགས་པའི་སྡེ་ཚན་གྱིའོ།། མཐར་ཞེས་བྱ་བ་ནི་འཇིག་རྟེན་པའོ།། འདིར་ནི་དེ་ནི་དེ་ལྟ་བུའོ།། ་སྤྲོས་པ་ཉིད་ཀྱང་སྤྲོས་མེད་བྱ་ཞེས་བྱ་བའི་ཐ་ཚིག་གོ། གང་ལ་གནས་ཤཾ་ན་གསུངས་པ། བསྟ་ནི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་འདིར་བདེ་བ་ཡོད་པའོ།། དེ་ལ་ངེས་པར་གནས་པའོ།། ཡང་འདི་ཇི་ལྟ་བུ་ཞེ་ན། གསུངས་པ། ཨ་དང་ཐིག་ལེ་ནི ་སྟོང་པ་ཉིད་དོ།། ལྡན་པ་ཞེས་བྱ་བ་ནི་འདུས་པ་སྟེ། དཀའ་བ་དང་བྲལ་བའི་ཕྱིར་རོ།། དེ་ལྟར་འདི་བཏོན་པ་ཞེས་བྱ་བ་ནི་འགྲོ་བ་བདེ་བ་ཆེན་པོའི་དངོས་པོའི་སྒྲར་རྣམ་པར་བརྟགས་པའོ།། དྲི་མ་གོས་པས་དེ་རྣམས་ཀྱི་དེ་བཞིན་གཤེགས་པར་མི ་འགྱུར་རོ།། ས་བ་རོ་ཞེས་བྱ་བ་ལ་སོགས་པ་ལ་སའི་ཕ་རོལ་ནི་ཧའོ།། བེརྟྟི་པཱ་ཎ་ཞེས་བྱ་བ་ནི་ཨའོ།། མ་དའ་གསུམ་པ་ནི་ཨིའོ།། མངའ་ལྔ་པ་ནི་མདའ་ལྔ་སྟེ། མདའ་ལྔ་པ་སྟན་དུ་བྱས་པའོ།། འདི་དག་ཐམས་ཅད་ཅེས ་བྱ་བ་ནི་ཧ་ལ་སོགས་པ་ཟླ་བ་ཕྱེད་པ་ལ་སོགས་པ་དང་ལྡན་པའོ།། འདི་དག་ཡང་དང་ཡང་དུ་གུ་ཎི་ཨཾ་ཞེས་བྱ་བ་ནི་འགྱུར་དུ་བྱའོ།། འདི་ལྟ་སྟེ་ཧཾ་ཧཱཾ་ཧིཾ་ཧཾ་ཧུཾ་ཧཱཾ་ཞེས་བྱ་བའི་སྔག་སོ།། དོན་གཞན་དུ་བསྒྲགས་པར་བྱ་སྟེ། སའི་ཕ་རོལ་ནཱི་ཧའོ།། ་མདའ་གཉིས་ནི་རྩ་གཉིས་སོ།། ཏི་ཨ་ཞེས་བྱ་བ་ནི། གསུམ་པ་ཉིད་གསུམ་པ་པོར་བརྗོད་དོ། ཧ་དང་ཟླ་བ་ཕྱེད་པ་དང་ཐོག་ལ་རྣམས་ནི་གསུམ་པའོ།། གང་བ་ཞེས་བྱ་བ་ནི་བྱིས་པ་སྟེ་དེའང་ཐིག་ལེའོ།། ཇི་ལྟར་ཀུན་ལས་བསྡུས་ནས་སའི་ཕ་རོལ་ཞེས ་བྱ་བ་ནི་ཧཾ་ངོ་།། འདིར་ཡང་དཔྱད་པ་ནི་སེམས་སོ་སོར་རྟོགས་པའི་དོན་ཏོ།། མདའ་ལྔའི་བདག་ཉིད་ཅན་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་གྱི་ཕྱིར་ཧའི་འོ།། ཡང་ན་ཐབས་དང་ཤེས་རབ་ལ་སོགས་པའི་གསུམ་མ་མ། ཡེ་ཤེས་ལྔའི ་བདག་ཉིད་ཅན་ཕྱིར་རོ།། ཨ་ཨཾ་སབྷྱཱཾ་ཞེས་བྱ་བ་ནི་ཨཽ་དང་ཧཱ་དང་དེའི་འཁོར་ཏེ་ཁཎྜ་ཞེས་བྱ་བ་ནི་ཨོའོ།། ཐིག་ལེ་ནི་རྗེས་ཀྱི་དབྱངས་སོ།། མོ་ལཾ་ཞེས་བྱ་བ་ནི་ཟླ་བ་ཕྱེད་པའོ།། དེ་བས་ན་འདིའི་དོན་ནི་ཨཾ་ཞེས་བྱ་བའི་སྔགས་ཀྱི་དོན་ཏོ།། ཀ་ས་ཙ ་དྷི་ས་ར་ཝ་ར་དྷ་ར་ཞེས་བྱ་བའོ།། དྷི་ཞེས་བྱ་བ་ནི་སོ་སོ་སྟེ། ཨིའི་དབྱིངས་མཆོག་ཅེས་བྱ་བ་ཡང་། སོ་སོ་བའོ།། དེ་ཡང་ཀ་ཨིའི་དབྱིངས་ཀྱི་མཆོག་འཛིན་པ་དང་། ས་ཨཽའི་དབྱངས་ཀྱི་མཆོག་འཛིན་པ་དང་། ཙ་ཨིའི་དབྱངས་ཀྱི་མཆོག་འཛིན་པ་ནི། ་ཀ་སི་ཙི་དྷི་ཞེས་བྱ་བ་གནས་པའོ།། ཨེ་ཞེས་བྱ་བ་ནི་འདི་དག་ཐམས་ཅད་དོ།། རེ་རེའི་མཐར་ལིའོ།། འདི་དག་ཐམས་ཅད་ཀྱི་གཟུགས་ནི་ཡང་ཡང་བཏོན་ཏོ་ཞེས་བྱ་བ་ནི་ལན་གཉིས་སུ་བཏོན་ཏོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་ཀི་ལི་ཀི་ལི། སི་ལི ་སི་ལི། ཙི་ལི་ཙཽ་ལི། དྷི་ལི་དྷི་ལི་ཞེས་བྱ་བ་ནི་ཀུན་ནས་བསྡུས་པའོ།། ཀཾ་ཞེས་བྱ་བ་ནི་བདེ་བའོ།། ས་ཙ་ནི་བསགས་པ་སྟེ་མཉམ་པའོ།། འདིས་ཀ་ས་ཙ་ཡོངས་སུ་དག་པའི་དྷིའོ།། དབྱངས་ནི་སྐད་དོ།། དེ་ཡང་མཆོག་གི་ཕྱིར་སྔགས་ཀྱིས་བྲིས ་པའི་གཟུགས་ཀྱིའོ།། ཅི་འདི་ཀ་ས་ཙ་དྷི་དབྱངས་ཀྱི་མཆོག་འཛིན་ཅེས་བསྡུས་པ་ལ། ཀི་ལི་ཀི་ལི་ལ་སོགས་པའི་སྔགས་སོ།། གཟུགས་ནི་རང་གི་གཟུགས་སོ་ལྷག་མ་ནི་གོ་སླ་སྟྭ~ཾ།། འདི་ནི་སྔགས་ཀྱི་དོན་ཏོ།། ས་བ་རོ་ཞེས་བྱ་བ་ལ་སོགས ་པ་ནི་གོ་སླའོ།། དེ་ལ་ཧཱུཾ་ཧཱུཾ་ཞེས་བྱ་བ་ཡིན་ནོ།། ཨུའི་དབྱངས་ཞེས་བྱ་བའི་ཐིབས་ཀྱི་ཆ་དང་། ཁརྞྞ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཆ་ཡིས་སོ།། ཕ་ཎ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། མཐར་སྭཱ་ཧཱ་སྦྱིན་པར་བྱ་སྟཽ་སྔགས་མང ་པོའི་མཐར་སྭཱ་ཧཱའི་ཕྱི་རོ།། ཆ་དང་ཞེས་བྱ་བ་ནི་ཨ་ལ་སོགས་པའོ།། ཆ་མེད་ཅེས་བྱ་བ་ནི་ཀ་ལ་སོགས་པའི་ཡིག་འབྲུའོ།། ཆ་དང་ཆ་མེད་པ་ཉིད་ཀྱི་མེ་ཏོག་རྣམས་ཏེ་དེ་རྣམས་ཀྱིས་བླངས་པ་འདི་ནི་ཕྲེང་བའི་སྔགས་སོ།། ཕྲེང་བ་ལྟ་བུའི་ཕྲེང ་བའོ།། ཇི་ལྟར་མེ་ཏོག་སྣ་ཚོགས་པའི་ཚོ་གས་ཕྲེང་བ་བྱེད་པ། དེ་བཞིན་དུ་འདིའི་ཡང་སྣ་ཚོགས་པའི་ཆོ་གས་སྔགས་ཀྱི་མེ་ཏོག་གིས་སྔགས་ཀྱི་ཕྲེང་བའོ།། སྔགས་ཀུན་ནས་བླངས་པས། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བནྡ་བནྡ་ཏྲ་ས་ཡ་ཏཱ་ས་ཡ་ཀྵོ་བྷ་ཡ ་ཀྵོ་བྷཱ་ཡ། ཧྲཱི་ཧིཾ་ཧཿཧྲཿཕེཾ་ཕེཾ་ཕཊ་ཕཊ། ད་ཧ་ད་ཧ་པ་ཙ་པ་ཙ་བྷཀྵ་བཀྵཱ་བ་སུ་རུ་དྷི་རནྟུ་མཱ་ལཱ་ཝ་ལམྦི་ནི་གྲྀཧྞ་བྲྀཧྞ་སཔྟཱ་པཱ་དཱ་ལ་ག་ཏ་བྷུ་ཛངྒ་སརྦ་མཱ་ཏརྞ་ཡ་ཏརྫ་ཡ་ཨཱ་ཀཌྜྷྱ་ཨ་ཀནྟ་ཧཾ་ཧྲྀཀྵཾ་གྷྲཾ་ཧཱཾ་ཧྲྀ་ཧཾ་ནི་ཧཱཾ་ཧཱུཾ། ཀི་ལི་ཀི་ལི་སི ་ལི་སི་ལི་ཙི་ལི་ཙི་ལི་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་སོ།། ཨོཾ་ནི་དང་པོར་རོ།། སཱ་ཧཱ་ནི་མཐར་ཞེས་བྱ་བའི་ཐ་ཚིག་གོ།། འདི་ཞེསཾ་བྱ་བ་ལ་སོགས་པ་ལ། སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི། ཀྱེ་སྒྱུ་མ་ཆེན་མོ་ཞེས་བྱེ་བ་དོན་འདིར་ནི་ཞེས་པའོ།། ཉམས ་ཅད་ཅེས་བྱ་བ་ནི་གནས་པ་དང་། གཡོ་བ་གནོན་པ་ལ་སོགས་པའི་མཚན་ཉིད་འཇིག་རྟེན་པའི་དང་། སངས་རྒྱས་ལ་སོགས་པའི་མཚན་ཉིད་འཇིག་རྟེན་ལས་འདས་པའི་དངོས་གྲུབ་པོ།། སྒྲུབ་པ་པོ་རྣམས་ལ་རབ་ཏུ་སྒྲུབ་པ་དང་སྐྱེད་པར་བྱེད་པ་ནི ་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་སྟེ་འདིའི་སྔགས་སོ།། འདིའི་མཐུས་ལྷག་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁོ་ན་གཡོ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་སྐྲག་ཅེས་བྱ་བ་ནི་མི་དགྱེས་པ་དང་། ཆོས་ཉིད་ཀྱིས་མངོན་སུམ་དུ ་མཛད་པར་ཡང་བལྟ་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་། བྱང་ཆུབ་མངོན་པར་རྫོགས་སངས་རྒྱས་ཞེས་བྱ་བ་ནི་ཆོས་ཉིད་རྟོགས་པ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། འདི་ནི་ལྷག་པར་ཡང་བརྗོད་དོ།། དུལ་དང་ཞེས་བྱ་བ་ལ་སོགས ་པས་ནི་ལུས་ལ་སོགས་པའི་དབྱིབས་སོ།། ད་ནི་རྡོ་རྗེ་མཁའ་འགྲོའི་སྒྲུབ་པའི་ཐབས་བརྗོད་པར་བྱའོ།། སྙིང་གར་ཉི་མའི་སྟེང་དུ་ཧཱུ~ཾ་བལྟ་སྟེ་དེའི་འོད་འོད་ཟེར་རྣམས་ཀྱིས་བླ་མ་དང་། རྔ་བཙུན་མཁའ་འགྲོ་མས་བསྐོར་བའི་རྡོ་རྗེ་མཁའ་འགྲོ་སྣང་བ ་བྱས་པས་ལས། དེའི་ས་བོན་ལས་བྱུང་བའི་མེ་ཏོག་ལ་སོགས་པ་དང་། བདུད་རྩི་ལྔ་ལ་སོགས་པའི་གཟུགས་ཀྱི་མཆོད་པས་ཡང་དག་པར་མཆོད་ནས། དེ་དག་གི་མདུན་དུ། དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པའི་ཚིགས་བཅས་ཡིད་ལ་ལན ་གསུམ་བཏོན་ཏོ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་བ་ཤུདྡྷོ&་ཧཾ་ཞེས་བྱ་བ་བརྗོད་ནས། ཆོས་ཐམས་ཅད་བདག་མེད་པར་རིག་པར་བྱའོ།། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨ་བཛྲ་ཤུདྡྷ&ཧཾ་ཞེས་བྱ་བ་བརྗོད་པར་བྱའོ།། དེ་ནས་སྣ་ཚོགས་པདྨའི་སྟེང ་དུ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དེས་བྱིན་གྱིས་བརླབས་པའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་ར་བ་ལ་སོགས་པ་བསམས་ཏེ། ཡཾ་ཡོངསུ་གྱུར་པའི་རླུང་གི་དཀྱིལ་འཁོར་རོ།། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་བཾ ་ཡོངས་སུ་གྱུར་པའི་ཆུའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ལཾ་ཡོངསུ་གྱུར་པའི་སའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་རི་རབ་བལྟས་ལ། དེའི་སྟེང་དུ་རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་སྣ་ཚོགས་པདྨར་རྡོ་རྗེས་མནན་པའི་དབུས་སུ་ཆོས་ཀྱི་འབྱུང་གནས ་ཀྱི་ནང་དུ་སོན་པ་པདྨ་དམར་པོ་མནན་པའི་ནང་དུ་གྲུ་བཞི་པ་ལ་སོགས་པ་དང་ལྡན་པར། ཉི་མའི་གདན་སུམ་ཅུ་རྩ་བདུན་ལ་པདྨའི་ཕྱི་རོལ་དུ་རྡོ་རྗེ་དང་། པདྨ་དང་འཁོར་ལོའི་ཕྲེང་བས་བསྐོར་བའི་གཞལ་མེད་ཁང་རྩེག་མ་བསྒོམ་པར་བྱའོ།། དེའི ་དབུ་སུ་གདན་ལ་ཟླ་བ་གཉིས་ལ་རིམ་པ་ཇི་ལྟ་བར་ཨ་ལ་སོགས་པ་དང་། ཀ་ལ་སོགས་པའི་ཡིག་འབྲུ་རྣམས་ཞུགས་པ་ལ་ཧཱུཾ་ལ་ལོས་སྐྱེས་པའི་རྡོ་རྗེ་ཁུ་ཚུར་ལ་དེས་བྱིན་གྱིས་བརླབས་པས་དེ་དག་ཡོངསུ་གྱུར་པ་ལ་རྡོ་རྗེ་མཁའ་འགྲོ་བསྒོམ་པ ་བྱའོ།། ཨོཾ་ཙིཏྟ་པྲ་ཏེ་བྱཱ་དྷཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པའི་བདག་ཉིད་ཅན་མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་འང་ཤེས་པར་བྱའོ།། བཅོམ་ལྡན་འདས་ཇི་ལྟ་བུ་ཞེས་སྙམ་པ་ལ། སྐུ་མདོག་ནག ་ཞལ་གྱི་མཆེ་བ་གཙིགས་པ་ཁྲོ་བ་དང་བཅས་པོའི་བཞད་པ། ནག་པོ་དང་དཀར་པོ་དང་སེར་པོ་དང་དམར་པོའི་རྩ་བ་དང་གཡས་པ་དང་རྒྱ་བ་དང་། གཡོན་པའི་ཞལ་བཞི་པོ་བདུད་བཞི་མནན་པ། གཡས་པ་ལ་སོགས་པ་ཕྱག་དྲུག་ན་འབར ་བའི་རྡོ་རྗེ་དང་། གཤོར་དང་མངའ་དང་ཁ་ཊྭཱཾ་ག་དང་ཐོད་པ་དང་གཞུ་འཛིན་པ། ཤེས་རབ་ནི་ཕྱག་གིས་གྲི་གུག་དང་ཐོད་པ། དམར་མོ་དགའ་བ་དང་བཅས་པས་འཁྱུད་པའོ།། ཐོད་པའི་ཕྲེང་བས་བརྒྱན་པར་མཛད་པ། སྒྲ་གྱོན་དུ་གསལ་བ ་སྤྱན་གསུམ་པ་གཡས་བརྐྱང་བས་ཉི་མ་ལེ་བཞུགས་པ་ཉི་མའི་འོད་དང་ཞལ་བཞི་པས་སྔགས་ཀྱི་རྐང་པ་བཞི་བཏོན་པས་ཧཱུཾ་གིས་སྨིན་མའི་དབུས་སུ་སྣང་བའོ།། ཤར་གྱི་འདབ་མ་ལ་ལྟུང་བྱེད་མ་དཀར་ཞིང་སྔོ་བ་གཡས་པ་ལ་སོགས ་པོའི་ཕྱག་བཞི་ན། ཐོད་པ་དང་རྡོ་རྗེ་དང་དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པར་མཛད་མའོ།། བྱང་དུ་གསོད་བྱེད་མ་མ་ར་ཀ་ཏ་དང་། དཀར་བ་ལྟ་བུ་གཡས་དང་གཡོན་པའི་ཕྱག་བཞིན་ཅང་ཏེའུ་དང་། ཐོད་པ་དང་ཁ་ཊྭཱཾ་ག་དང་ཞགས་པ་གནས་པའི ་ནུབ་ཏུ་འགུགས་བྱེད་མ་དམར་ཞིང་དཀར་བ་ལྟ་བུ་གཡས་པ་དང་གཡོན་པའི་ཕྱག་བཞིན་མདའ་དང་སྣ་ཚོགས་པདྨ་དང་གཞུ་དང་ཐོད་པ་གནས་མའོ།། གཡས་སུ་གར་གྱི་དབང་ཕྱུག་མ་དཀར་ཞིང་སེར་བ་ལྟ་བུ་གཡས་པ་དང་གཡོན ་པའི་ཕྱག་ན་འཕན་དང་ཐོད་པ་ཏྲི་ཤཱུ་ལ་རྩེ་གསུམ་པ་དང་རིན་པོ་ཆེ་གནས་པའོ།། འདི་རྣམས་ཀྱི་ཐོད་པ་རྣམས་སུ་རིམ་པ་ཇི་ལྟར་བར་གླང་པོ་དང་ལྕེ་སྤྱང་དང་མི་ངང་བ་ལང་བལྟ་བར་བྱའོ།། འདི་དག་ཞལ་གཅིག་མ་སྤྱན་གསུམ་མ་དབུ་སྐྲ་སེར་པོ ་གྱེན་དུ་འབར་མ་རྒྱན་ཐམས་ཅད་མ་གཡས་བརྐྱང་བས་ཉི་མ་ལ་བཞུགས་མའི་འོད་ཟེར་མའོ།། དབང་ལྡན་ལ་སོགས་པའི་ཕྱོགས་དང་བྲལ་བ་རྣམས་སུ་བདུད་རྩི་ལྔའི་ཐོད་པ་སངས་རྒྱས་ལྔའི་གཟུགས་དང་ལྡན་པའོ།། པདྨའི་ཕྱི་རོལ་གྱི་རི་མོའི་མཐར ་ཐུགས་ཀྱི་འཁོར་ལོ་ནི་རྩིབས་བརྒྱད་པ་ནག་པོ་རྡོ་རྗེའི་ཕྲེང་བས་བསྐོར་བ་སྟེ། ཤར་གྱི་རྩིབས་ལ་པུལླི་ར་མ་ལ་ཡར་ཐོད་པའི་དུམ་བུ་ཅན་གྱིས་འཁྱུད་པའི་རབ་གཏུམ་མའོ།། བྱང་དུ་འབར་བ་འཛིན་པར་སྒལ་ཚིགས་ཆེན་པོ་དང་། གཏུམ་མིག་མའོ།། ་ནུབ་ཏུ་ཨུ་རྒྱུན་དུ་སྒལ་ཚིགས་དང་འོད་ལྡན་མའོ།། གཡས་སུ་ཨརྦུ་དར་མཆེ་བ་གཙིགས་མ་དང་སྣ་ཆེན་མའོ།། མེ་ར་ནི་བའི་མཆོག་སྦྱིན་དུ་ལྷའི་དགྲ་དང་དཔའ་བོའི་བློ་མའོ།། བདེན་བྲལ་དུ་དགའ་བའི་དབང་ཕྱུག་ལ་འོད་དཔག་ཏུ་མེད་པ་དང་མི་ཐུང་མའོ།། ་རླུང་དུ་ལྷ་མོའི་མཐར་ལ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མའོ།། དབང་ལྡན་དུ་མཱ་ལ་བར་རྡོ་རྗེའི་ལུས་དང་ཤིང་གྲིབ་མའོ།། གསུང་གི་འཁོར་ལོ་ནི་དམར་པོའི་པདྨ་དམར་པོའི་ཕྲེང་བས་བསྐོར་བ། ཤར་གྱི་རྩིབས་ལ་འདོད་པའི་གཟུགས་སུ་མྱུ་གུ ་ཅན་དང་ས་སྲུངས་མའོ།། བྱང་དུ་ཨོ་ཊེར་རྡོ་རྗེ་རལ་ཅན་དང་འཇིགས་བྱེད་ཆེན་མོའོ།། ནུབ་ཏུ་ཏྲི་ཤ་ཀུ་ནེར་དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་མའོ།། ལྷོ་རུ་ཀོ་ས་ལར་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ།། མེར་ནི་ཀ་ལིང་གར་ཤིན་ཏུ་བཟང་པོ་དང་ལྷ་མོ་སྔོ་བསང ་མའོ།། བདེན་བྲལ་དུ་ལམ་པཱ་ཀར་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ།། རླུང་དུ་ཀཱཉྩིར་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མོའོ།། དབང་ལྡན་དུ་ཁ་བའི་གནས་སུ་མི་བཟང་དང་ཁྭ་གདོང་མའོ།། སྐུའི་འཁོར་ལོ་ནི་དཀར་པོ ་འཁོར་ལོ་དཀར་པོའི་ཕྲེང་བས་བསྐོར་བའི་ཤར་ཕྱོགས་ཀྱི་རྩིབས་ལ་ཡི་དགས་ལྷག་པར་གནས་པར་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་མའོ།། བྱང་དུ་ཁྱིམ་གྱི་ལྷར་རིན་ཆེན་རྡོ་རྗེ་དང་དུ་མ་སྐྱེས་མའོ།། ནུབ་ཏུ་སཽ་རཱཥྚ་ར་རྟ་མགྲིན་དང་ཆང་འཚོང ་མའོ།། ལྷོ་རུ་གསེར་གླིང་དུ་ན་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ།། མེར་ནཱི་ན་ག་ར་ར་དཔལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མའོ།། བདེན་བྲལ་དུ་སིནྡྷུ་ར་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མའོ།། རླུང་དུ་མྱ་ངམས་སུ་རྣམ་པར་སྣང་མཛད་དང་འཁོར་ལོ ་གོ་ཆའོ།། དབང་ལྡན་དུ་ཀུ་ལ་ཏཱ་ར་རྡོ་རྗེ་སེམས་དཔའ་དང་བརྩོན་ཆེན་མའོ།། འདི་དག་ཐུགས་དང་གསུངས་དང་སྐུའི་འཁོར་ལོ་སྒྱུར་བ་རིམ་པ་ཇི་ལྟ་བར་ལྷ་རྣམས་ནི་ནག་པོ་དང་དམར་པོ་དང་དཀར་པོའོ།། ཞལ་གཅིག་མ་གཡས་པ་དང་གཡོན་པའི ་ཕྱག་གཉིས་ན་ཐོད་པ་དང་སྡིགས་མཛུབ་དང་བཅས་པའི་གྲི་གུག་གི་མཚན་མ་གནས་པའོ།། སྤྱན་གསུམ་མ་དྲག་མོའི་གཟུགས་མ་སྐྲ་སེར་པོ།། སྟེང་དུ་འབར་བ་མ་ཕྱོགས་ཀྱི་གོ་ཅན་མའོ།། ཐོད་པའི་དུམ་བུ་ཅན་ལ་སོགས་པའི་དཔའ་བོ་རྣམས་ནི ་ཞལ་གཅིག་པ་རལ་པའི་ཅོད་པན་ཅན་དཔའ་བོའི་ཐོད་པ་དང་བཅས་པ་ལྷ་མོ་ལོ་འཁྱུད་པས་གནས་པ། དེའི་གཡས་པ་དང་གཡོན་པའི་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་འཛིན་པ། གཞན་པའི་གཡས་པ་དང་གཡོན་པའི་ཕྱག་ན་ཅང་ཏེའུ་དང ་ག་འཛིན་པ་འཛིན་པ་ཕྱོགས་ཀྱི་གོས་ཅན་ནོ།། འདི་ལྟར་ཡང་ལྷ་རྣམས་ཐམས་ཅད་ནི་ནོར་ལྷ་དང་ལག་གདུབ་དང་དཔུང་རྒྱན་དང་། རྣ་ཆ་དང་ཚངས་པའི་སྐུད་པ་དང་ཐོད་པའི་མགོ་བོའི་ཕྲེང་བ་དང་རྐང་གདུབ་ཀྱིས་བརྒྱན་པར་བྱས་པ། གཡས ་བརྐྱང་བས་སྟན་ལ་གནས་པ་ཉི་མའི་གདན་གྱི་འོད་ཅན་ནོ།། ཤར་གྱི་སྒོ་ལ་གཤིན་རྗེ་མཆེ་བ་མ། བྱང་གི་སྒོ་ལ་གཤིན་རྗེ་ཕོ་ཉ་མའོ།། ནུབ་ཀྱི་སྒོ་ལ་གཤིན་རྗེ་མཆེ་བ་གཙིགས་མའོ།། ལྷོའི་སྒོ་ལྔ་གཤིན་རྗེ་སྲུབ་མའོ།། མོར་ནི་ཁྭ་གདོང་མའོ།། ་བདེན་བྲལ་དུ་འུག་པའི་གདོང་མའོ།། རླུང་དུ་ཁྱིའི་གདོང་མའོ།། དབང་ལྡན་དུ་ཕག་གདོང་མའོ།། འདི་དག་ནི་སྤྱན་གསུམ་མ་སྐྲ་སེར་པོ་སྟེང་དུ་འབར་མ་ལྗང་གུ། གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་མ་རྒྱན་ཐམས་ཅད་མ་གཅེར་བུ་མ་ཞལ་གྱི ་མཆེ་བ་གཙིགས་མ། དབུ་ལ་ཐོད་པའི་ཕྲེང་བས་བརྒྱན་པར་མཛད་མ་ཇི་སྲིད་དུ་རྣལ་འབྱོར་མ་རྣམས་ཡིན་པ་དེ་སྲིད་དུ་ཕྱག་གཉིས་མ་ཉིད་དོ།། ལུས་དང་ཚེར་བ་དང་ཆོས་དང་སེམས་རྗེ་སུ་དྲན་པའི་ངོ་བོ་ནི་རིམ་པ་ཇི་ལྟ་བུར་ལྟུང་བར་བྱེད ་མ་དང་གསོད་པར་བྱེད་མ་དང་འགུགས་པར་བྱེད་མ་དང་། གར་གྱི་དབང་ཕྱུག་མ་རྣམས་སོ།། འདུན་པ་དང་བརྩོན་འགྲུས་དང་དཔྱོད་པ་དང་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའི་རང་གི་ངོ་བོ་ནི་རིམ་པ་ཇི་ལྟ་བར་རབ་རབ་གཏུམ་མ་དང་གཏུམ་མིག་མ ་དང་། འོད་ལྡན་མ་དང་སྣ་ཆེན་མ་རྣམས་སོ།། དད་པ་དང་བརྩོན་འགྲུས་དང་དྲན་པ་དང་། ཏིང་ངེ་འཛིན་གྱི་དབང་པོའི་རང་གི་ངོ་བོ་ནི་དཔའ་བོའི་བློ་གྲོས་མ་དང་། མི་ཐུང་མ་དང་ལང་ཀའི་དབང་ཕྱུག་མ་དང་ཤིང་གྲིབ་མ་རྣམས་སོ།། དད་པ་དང་བརྩོན་འགྲ ་དང་དྲན་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་སྟོབས་ཀྱི་རང་བཞིན་ནི་རིམ་པ་ཇི་ལྟ་བར་འཇིགས་བྱེད་ཆེན་པོ་དང་། རླུང་གི་ཤུགས་མ་དང་། ཆང་འཐུང་མ་དང་ལྷ་མོ་སྔོ་བསངས་མ་དང་། ཤིན་ཏུ་བཟང་མོ་རྣམས་སོ།། ་ཏིང་ངེ་འཛིན་དང་བརྩོན་འགྲུས་དང་། དགའ་བ་དང་ཤིན་ཏུ་སྦྱངས་པ་དང་ཆོས་རྣམ་པར་འབྱེད་པ་དང་། དྲན་པ་དང་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གི་རང་བཞིན་ནི་རྟ་རྣམ་དང་མཁའ་འགྲོ་གདོང་མ་དང་། འཁོར་ལོའི་ཤུགས་མ་དང ་དུ་མ་སྐྱེས་མ་དང་ཆང་འཚོང་མ་དང་འཁོར་ལོའི་གོ་ཆ་མ་དང་ཤིན་ཏུ་དཔའ་མོ་རྣམས་སོ།། ཡང་དག་པའི་ལྟ་བ་དང་ངག་དང་རྟོག་པ་དང་ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་དྲན་པའི་རང་གི་ངོ་བོ་ནི་རིམ་པ་ཇི་ལྟ་བར་སྟོབས་ཆེན་མ་དང་འཁོར ་མའི་གོ་ཆ་མ་དང་བརྩོན་ཆེན་མ་དང་ཁྭ་གདོང་མ་དང་འུག་གདོང་མ་དང་། ཁྱི་གདོང་མ་དང་ཕག་གདོང་མ་རྣམས་སོ།། ཡང་དག་པའི་ཏིང་ངེ་འཛིན་གྱི་རང་བཞིན་ནི་དཔལ་ཧེ་རུ་ཀའོ།། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། དགེ་བའི་ཆོས ་སྐྱེས་པ་རྣམས་སྲུང་བ་དང་། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བ་དང་། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་རང་བཞིན་ནི་རིམ་པ་ཇི་ལྟ་བར་གཤིན་རྗེའི་མཆེ་བ་མ་དང་། གཤིན་རྗེའི་ཕོ་ཉ་མ་དང་གཱཤི་ནོ་རྗེ་མཆེ་བ་གཙིགས་མ ་དང་གཤིན་རྗེ་སྲུབ་མའོ།། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམས་ཀྱིས་ལྷ་རྣམས་ཀྱི་རྣམ་པར་དག་པ་བསྟན་པའོ།། པུལླི་མ་ལ་ཡར་སྤྱི་བོར་རབ་གཏུམ་མའོ།། འབར་བ་འཛིན་པ་སྤྱི་གཙུག་ཏུ་གཏུམ་མིག་མའོ།། ཨོཾ་ཌི་ཡ་ན་ནཱ་བ ་གཡས་པར་འོང་ལྡན་མའོ།། ཨརྦུ་དུ་མགོ་བོའི་རྒྱབ་ཏུ་སྣ་ཆེན་མ་སྟེ་གནས་སོ།། བའི་མཆོག་སྦྱིན་རྣ་བ་གཡོན་པར་དཔའ་བོའི་བློ་གྲོས་མའོ།། དགའ་བའི་དབང་ཕྱུག་སྨིན་མའི་དབུས་སུ་མི་ཐུང་མའོ།། ལྷ་མོའི་མཐར་ཏེ་མིག་ལ་ལང་ཀའི་དབང་ཕྱུག་མའོ།། ་མཱ་ལ་བར་ཕྲག་པ་གཉིས་སུ་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ།། ཐུགས་ཀྱི་འཁོར་ལོ་སྟེ་འདི་དག་ནི་ན་མཁའ་ལ་སྤྱོད་པའི་གནས་སོ།། འདོད་པའི་གཟུགས་མཚོན་ཁུང་དག་ཏུ་ས་སྲུངས་མའོ།། ཨོཾ་དྲེ་ནུ་མ་ཟུང་ལ་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་།། ཏྲི་ཤ ་ཀུ་ནེ་ལྟེ་བ་ལ་རླུང་ཀི་ཤུགས་མའོ།། ཀོ་ཤ་ལར་སྣའི་རྩེ་མོ་ལ་ཆུང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་།། ཀ་ལིངྒ་ཁ་ལ་ལྷ་མོ་སྔོ་བསངས་མའོ།། ལམ་པཱ་ཀར་མགྲིན་པ་ལ་ཤིན་ཏུ་བཟང་མོ་སྟེ་ཚནྡོ་ཧའོ།། ཀཉྩིར་སྙིང་ལ་རྟ་རྣ་མའོ།། ཁ་བའི་གནས་སུ ་དབང་པོའི་རྩ་བར་མཁའ་འགྲོའི་གདོང་མ་སྟེ་ཉེ་བའི་ཚནྡོ་ཧའོ།། འདི་དག་ནི་གསུང་གི་འཁོར་ལོ་སྟེ་ས་སྤྱོད་མ་ལྟ་བུའོ།། ཡི་དགས་ཀྱི་གྲོང་ཁྱེར་དུ་རྟགས་ལ་འཁོར་ལོ་གོ་ཆ་མའོ།། ཁྱིམ་གྱི་ལྷར་བཤད་པའི་ལམ་དུ་མ་སྐྱེས་མ་སྟེ་འདུ་བ ་སོ་རཱཥྚ་བརླ་ཟུང་ལ་ཆང་འཚོང་མའོ།། གསེར་གླིང་དུ་བྱིན་པ་གཉིས་ལ་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་འདུ་བའོ།། ན་གཱ་རཱ་ར་སོར་མོ་རྣམས་ལ་ཤིན་ཏུ་དཔའ་མོའོ།། སི་དྷུར་རྐང་པའི་རྒྱ་བ་ལ་སྟོབས་ཆེན་མ་སྟེ་དུར་ཁྲོད་ངོ་།། མྱ་ངམས་སུ་རྐང ་པའི་མཐེ་བོང་དག་ལ་འཁོར་ལོའི་གོ་ཆ་མའོ།། ཀུ་ལ་ཏཱ་ར་པུས་མོ་ལ་བརྩོན་འགྲུས་ཆེན་མོ་སྟེ་ཉེ་བའི་དུར་ཁྲོད་དོ།། འདི་ནི་སྐུའི་འཁོར་ལོ་སྟེ་རྐང་འོག་གནས་པ་ལྟ་བུའོ།། འཁོར་ལོ་གསུམ་གྱི་རྣལ་འབྱོར་མའི་ཚོགས་ཐབས་དང་བཅས་པ་རྩ ་ཉི་ཤུ་བཞིའི་གནས་རྣམས་སུ་ཡུང་ཙམ་གྱིས་དགོད་པས་ལུས་སྦྱང་བར་བྱའོ།། ཨཾ་ཨཱཿཧཱ་ཨཾ་སརྦ་ཏ་ཐཱ་ག་ཏཱ་ཡོ་གི་ནི་ཀཱ་ཡ་བཱཀྩིཏྟཱ་སྭཱ་ཐཱ་བཱཏཱ་ཀོ་ཧ། ཨོཾ་བཛྲ་ཤུདྡྷཿསརྦ་དྷརྨཱ་བཛྲ་ཤུདྡྷཱ་ནཱ་འདས་བྱིན་གྱི་སྣ་བརླང། ་པར་བྱའོ།། དེ་ནས་གོ་ཆ་གཉིས་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་གཞུགས་པ་བཙང་བ་དང་དབང་དུ་བྱའོ།། དེ་ནས་ཇི་ལྟར་བལྟམས་པ་ཙམ་གྱིས་ན། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ།། ལྷ་ཡི་ཆུ་ནི་དག་པ་ཡིས། ་དེ་བཞིན་དག་ཀྱང་ཁྲུས་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡ་ཧཱུཾ་ཞེས་པའོ།། འདིས་ནི་དབང་བླངས་ནས། སངས་རྒྱས་ལྔའི་ཅོད་པན་དུ་བྱའོ།། དེ་ནས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བའི་མཐར་རྐང་པ་བརྒྱད་པ་ལ་སོགས ་པའི་སྔགས་ཅི་འདོད་པ་བཟླ་བར་བྱའོ།། བསོད་ནམས་ཡོངས་སུ་བསྔོས་ནས་ལངས་ཏེ་རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱིས་གནས་པར་བྱའོ།། གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གཟི་བརྗོད་ཆེ་ཞེས་བྱ་བ་ནི་པདྨ་སྟེ་འོད་ཟེར་གྱི ་ཚོགས་སྤྲོ་བར་བྱའོ།། དེ་ཡང་ནམ་ངག་ལས་འདབ་མ་བརྒྱད་པའོ།། ཕྱི་རོལ་དུ་རི་མོ་རྣམས་ཀྱིས་བསྐོར་ཞེས་བྱ་བ་ནི། པདྨ་ལས་ཕྱི་རོལ་དུ་དཀྱིལ་འཁོར་ཟླུམ་པོའི་རི་མོས་བསྒྲིབས་པ་གསུམ་པོ་ཇི་ལྟ་བུའི་རིམ་པས་རྡོ་རྗེ་དང་པདྨ་དང་། ་འཁོར་ལོའི་རབ་གསུམ་པོ་དེ་ནི་རྩིབས་བརྒྱད་དང་བཅས་པའོ།། ཞལ་གཞིས་རྣམ་པར་བརྒྱན་པའོ།། མཆེ་བ་ནི་རྣོ་བ་དང་ཁབ་ཀྱི་རྩེ་མོ་དང་རིང་བ་སྟེ་ཚེམས་ཀྱི་ཁྱད་པར་རོ།། ཅུང་ཟད་ཅེས་བྱ་བ་ནི་མཆུ་བ་བྱུང་བའོ།། གཙིགས་ཤེས་བྱ་བ་ནི ་བར་སྣང་ལ་བྱུང་བའོ།། གང་གི་ཁྲོ་བ་དང་བཅས་པ་དང་བཞད་པ་དེ་ནི་དེ་དང་འདྲའོ།། གང་གི་རྩ་བའི་ཞལ་ནག་པོ་དེ་ནི་དེ་ལྟ་བུའོ།། གཡས་པ་དཀར་ཞིང་ཞི་བ་དང་། གཡོན་པ་དམར་པོ་འཇིགས་ཆེན་པོ།། ཞེས་བྱ་བ་འདི་ཡང་གཙིགས་པའི་ཕྱིར་རོ།། ་རྒྱུ་བ་ནི་སེར་པོ་ལྟ་བུའོ།། རིག་མ་བཞི་དང་ཞེས་བྱ་བ་ནི་ལྟུང་བར་བྱེད་མ་ལ་སོགས་པའི་རིག་མ་རྣམས་སོ།། ཕྱག་བཞིས་ཞེས་བྱ་བ་ནི་གཞུ་དང་མངའ་དང་ལྡན་པའི་ཕྱག་གཉིས་སྤངས་པ་སྟེ། དོན་དམ་པར་ནི་བཅོམ་ལྡན་འདས་ནི་ཕྱག་དྲུག་པ་ཁོ་ནའོ་། ་མེ་ལ་སོགས་པའི་པདྨའི་མང་བ་མར་གནས་པ་བདུད་རྩི་ལྔ་གང་བའི་ཐོད་པར་གནས་པ། སངས་རྒྱས་གཟུགས་བརྙན་ཉེ་བར་བརྒྱན་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དཔའ་བོ་ཞེས་བྱ་བ་ནི་ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་ཕྱིར་རོ།། སྔོན་པོ ་འབར་བའི་བདག་ཅེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་དངོས་པོ་སྤྲོས་པའི་ཕྱིར་རོ།། སེམས་དཔའ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་ངོ་བོའི་ཕྱིར་རོ།། དཀྱིལ་འཁོར་དམར་པོ་འབར་འདྲ་བ་ཞེས་བྱ་བ་ནི་ཉི་མའི་འོད་ཟེར་རོ།། ཅི་དང ་འདྲ་ཞེ་ན་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་པ་ཆེན་པོ་མཉམ་པའི་དུས་ཏེ་འགྲོ་བ་འཇིག་པའོ།། དེའི་དུས་ནི་དེར་རོ།། ཆེན་པོ་ནི་མཐོན་པོའོ།། དུར་ཁྲོད་མེ་ཞེས་བྱ་བ་ནི་དེ་དང་འདྲ་བར་མཐོ་བ་སྟེ་ནམ་མཁའ་ལ་ཁྱབ་པར་གནས་པའོ། ་གས་པ་ལ་ཞེས་བྱ་བ་ནི་གནས་པ་བསྲེགས་པ་སོ།། ཆེན་པོ་ནི་སོལ་བའི་ཕུང་པོའོ།། ལྷ་དང་ལྷ་མ་ཡིན་དང་མི་ལ་སོགས་པ་བསྲེགས་པས་དུར་ཁྲོད་ཉིད་འཐོབ་པ་སྟེ། གཟུགས་བརྙན་ལྟ་བུ་ནག་པོ་ཉིད་དང་ཆེན་པོ་ཉིད་ན་མཁར་འོད་ཀྱི ་དཀྱིལ་འཁོར་ཉིད་ཀྱིས་ཁྱབ་པས་འོག་ཏུ་ལྟུང་ཞིང་སོལ་བའི་ཕུང་པོའོ།། སྟེང་དུ་རྣམ་པར་རྒྱས་པའི་འོད་ཟེར་འབར་བས་འཇིགས་པའི་དུས་ཀྱི་རབ་ཏུ་འབར་བ་ལྟ་བུ་ནི་བཅོམ་ལྡན་འདས་སོ།། དུར་ཁྲོད་ནི་འཇིགས་པ་འབྱུང་བ་ཁོ་ན ་སྟེ་གྲུབ་པའོ།། འདི་ཉིད་ཡང་གསུངས་པ། གཟི་བརྗིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་ནི་མགོ་བོའི་ཕྲེང་བའི་ངོ་ཤལ་བསྟན་པའོ།། རོ་ལངས་ཚོགས་དང་ཞེས་བྱ་བ་ནི་མགོ་བོའི་ཕྲེང་བའོ།། ཕྱོགས་ལ་སོགས་པའི ་ངེས་པ་མེད་པ་བསྟན་པ། ཐམས་ཅད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཞེས་བྱ་བ་ནི་གང་དུ་ཡིད་ལ་འདོད་པ་ཡོད་པའོ།། ཐམས་ཅད་ནས་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ཉེ་བར་ལོངས་སྤྱོད་པ་ལས་སོ།། ཐམས་ཅད་ཅེས་བྱ་བ ་ནི་ཕུང་པོ་ལ་སོགས་པ་སྟེ་འདི་ཡང་བྱ་བའི་ཁྱད་པར་རོ།། རྣམ་པ་ཐམས་ཅད་དང་ཞེས་བྱ་བ་ནི་ལྷག་མོ་དང་ལྷག་མ་མ་ཡིན་པ་ཞེས་བྱ་བའི་རྣམ་པས་སོ།། ཐམས་ཅད་དུ་དུས་སུ་ཞེས་བྱ་བ་ནི་ཐུན་ཚོད་ཀྱི་ངེས་པའི་དངོས་པོ་མེད་པསོ།། རང་གིས་ཞེས ་བྱ་བ་ནི་བདག་ཉིད་རྣལ་འབྱོར་པས་འགྲུབ་པར་འགྱུར་བའོ།། ཅི་འདྲ་བར་གྱུར་པས་ཤེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། ཇི་ལྟར་དེ་ལྟ་བུ་ཡིན་ཞེ་ན། བསམ་གཏན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བཟླས་པ་དང ་བོསམ་གཏན་གྱི་ཐུན་ཚང་པོ་ནིས་རྣལ་འབྱོར་པ་སྔོན་དུ་བསླབས་པས་ཏེ། དེ་ཅུང་ཟད་ཁྱད་པར་དུ་གྱུར་པ་ཐོབ་པོས་དུས་ཀྱི་ངེས་པ་མེད་པས་བསླབས་པས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ།། ཅི་འདྲ་བ་བསྒོམ་པར་བྱ་ཞེ་ན། སྡོམ་པ ་མཆོག་ཅེས་བྱ་བ་སྨོས་ཏེ་ལུས་དང་ངག་དང་ཡིད་སྡོམ་པར་བྱེད་པའི་ཕྱིར་སྡོམ་པའོ།། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་རྣལ་འབྱོར་ཏེ། དེས་འཁོར་བ་ལས་སྒྲོལ་བའི་ཕྱིར་དེ་ནི་མཆོག་སྟེ་དེ་ལྟ་བུའོ།། གང་བ་ཞེས་བྱ་བ་ལ་སོགས་པ་ལ་ཀ་ར་ཀ་རཱ་ལ ་སོགས་པའི་སྔགས་ཀྱི་བཟླས་པ་འབུམ་གང་བའོ།། རྡོ་རྗེ་ཆེ། ཁྲོ་བོ་རྒྱལ་པོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་སྟེ་དེ་དང་མཉམ་པ་ཡིན་ནོ།། མཉམ་པ་ནི་ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་འཛིན་པ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་འཛིན ་པའི་ཕྱིར་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེ་རྣམས་ཀྱི་ཚེའོ།། མདོག་ཅེས་བྱ་བ་ནི་གཟི་བརྗིད་བཟང་བའོ།། ལང་ཚོན་ལོའི་གནས་སྐབས་སོ།། གཟུགས་ནི་རྣམ་པར་མཛེས་པའོ།། སྟོབས་ནི་ལུས་ཅན་གྱི་ནུས་པའོ།། གནོད་པ་ནི་སེམས་ཀྱི་སྤྲོ་བའོ།། དངོས་གྲུབ་ཆེན ་བོ་ནི་བུག་པར་འཇུག་པ་ལ་སོགས་པའི་དངོས་གྲུབ་བོ།། རྫུ་འཕྲུལ་ནི་ན་མཁའ་ལ་འགྲོ་བ་ལ་སོགས་པའི་མཚན་ཉིད་དོ།། མི་ཟད་སེམས་ཅན་དོན་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་མངོན་པར་འདོད་པ་སྟེ། དེ་རྣམས་ཀྱི་མི་ཟད་པ་ནི་མི་ཉམས་པའོ།། ་དེའི་བྱེད་པ་སྐྱེ་བ་སྟེ་མི་ཤིགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ་ཞེས་བྱ་བ་ནི་རྒྱུའི་དོན་ཏོ།། གང་གི་ཕྱིར་གོང་དུ་གསུངས་པའི་བསྟོང་པར་གྱུར་པའི་རྣལ་འབྱོར་པ་དེའི་ཕྱིར་མ་བསྒྲུབས་ཀྱང་སྔགས་པ་ལས་བརྒྱ་བྱེད་དོ་ཞེས་བྱ་བར་སྦྱར་རོ།། ཡང་ནའི་སྒྲས ་ནིའང་ཞེས་བྱ་བའི་སྒྲའི་དོན་ཏེ། དེ་ཡང་མ་བསྒྲུབས་པར་ཡང་ཞེས་བྱ་བ་ལ་སོགས་པའི་རབ་སྦྱོར་བ་དང་བྲལ་བའང་ཞེས་པའོ།། ལན་ཅིག་བཟླས་པས་ཞེས་བྱ་བ་ནི་རིས་འགའ་བཟླས་པས་འབུམ་བཟླས་པའོ།། སྔགས་པས་ཞེས་བྱ་བ་ནི་སྟོང་པ་ཉིད ་སྙིང་རྗེའི་བདག་ཉིད་ཅན་གྱི་ཡེ་ཤེས་ནི་སྔགས་ཏེ། དེའི་རྣལ་འབྱོར་དང་སྔགས་ཁོ་ན་འདི་ལ་ཡོད་པ་ནི་སྔགས་པའོ།། ལུས་བརྒྱ་ནི་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ། འདི་ཞེས་བྱ་བ་ནི་ལས་བརྒྱའོ།། མྱུར་ནས ་བ་ནི་བསྟན་པའོ།། གནོད་པ་ནི་འཇིགས་པའོ།། ལྟུང་བ་ཞེས་བྱ་བ་ནི་ས་ལ་གནས་པར་བྱེད་པའོ།། གཡོ་བ་ཞེས་བྱ་བ་ནི་འདར་བའོ།། དབུགས་འབྱིན་པ་ཞེས་བྱ་བ་ནི་ལྷག་པར་ཡང་དབུགས་འབྱིན་པའི་ཚིག་གོ།། རྒྱས་འདེབས་པ་ཞེས་བྱ་བ་ནི་ཡན་ལག ་ངང་ཉིང་ལག་མི་གཡོ་བར་བྱེད་པའོ།། ལྐུགས་པ་ཞེས་བྱ་བ་ནི་ཡང་སྨྲ་བར་མི་ནུས་པའོ།། རེངས་པ་ནི་མི་གཡོ་བར་བྱེད་པའོ།། དབུགས་འབྱིན་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་བརྒྱལ་བའི་རྣམ་པར་ཤེས་པ་བསླང་བར་བྱེད་པའོ།། རྨོངས་པ་ཞེས་བྱ་བ ་ནི། འཁྲུལ་པར་བྱེད་པ་དང་བཅས་པའོ།། བཅིངས་པ་ཞེས་བྱ་བ་ནི་མཁརའ་འགྲོ་མ་ལ་སོགས་པས་བཅིང་བའོ།། འགག་པ་ཞེས་བྱ་བ་ནི་གང་གིས་ཕིག་པའི་ཁྲག་འཛག་པར་འགྱུར་བའོ།། བྱེད་པ་དང་བྲལ་བ་ཞེས་བྱ་བ་ནི་གནས་སྣ་ཚགསུ་བྱེད་པོའོ།། ་རྣམ་པར་འཇིགས་པ་ཞེས་བྱ་བ་ནི། འོག་ཏུ་ཁྱེར་བའོ།། སྨྱོན་པར་བྱེད་པ་ཞེས་བྱ་བ་ནི། བྱ་བ་དང་བྱ་བ་མ་ཡིན་པ་ངེས་པ་མེད་པར་བྱེད་པའོ།། རྣམ་པར་གཅོད་པ་ཞེས་བྱ་བ་ནི། ཡན་ལག་དང་ཉིང་ལག་གཅོད་པའོ།། བསྐྲད་པ་ཞེས་བྱ་བ་ནི་གནས་ལས ་བསྐྱོད་པའོ།། སྡང་བ་ཞེས་བྱ་བ་ནི་དགའ་བ་མ་དགའ་བར་བྱེད་པའོ།། འཇིག་པ་ཞེས་བྱ་བ་ནི་རྫས་རྫས་སུ་མ་ཡིན་པར་བྱེད་པའོ།། དོན་འཕྲོག་པ་ཞེས་བྱ་བ་ནི་དོན་འགུགས་པའོ།། ངུ་བར་བྱེད་པ་ཞེས་བྱ་བ་ནི་གང་གིས་ངུ་ཞིང་གནས་པ་དེའི་ལས་ནི། དུང ་བྱེད་པ་ཞེས་བརྗོད་དོ།། འོན་པར་བྱེད་པ་ཞེས་བྱ་བ་ནི་ངག་ལོག་པར་བྱེད་པའོ།། བཅིང་བ་ཞེས་བྱ་བ་ནི་བློ་བུར་དུ་ལྕགས་ལ་སོགས་པས་བཅིངས་པའོ།། བདག་རྡུང་བ་ཞེས་བྱ་བ་ནི། བདག་གི་སྒྲ་ནི་ཡན་ལག་གི་ཚིག་སྟེ་ཡན་ལག་བློ་བུར་དུ ་འཆད་པའོ།། གསོད་པར་བྱེད་པ་ཞེས་བྱ་བ་ནི་བདུད་སྦྱོར་བའོ།། ལོང་བར་བྱེད་པ་ཞེས་བྱ་བ་ནི་མིག་དང་བྲལ་བར་བྱེད་པའོ།། ས་བོན་འཇིག་པ་ཞེས་བྱ་བ་ནི། སོ་བ་ལ་སོགས་པའི་ས་བོན་འཇིག་པའོ།། རིམས་ནད་དང་དུག་གིས་གཟུང་བར་བྱེད ་པ་ཞེས་བྱ་བ་ནི། རིམས་ལ་སོགས་པ་སྦྱོར་བའོ།། སར་བྱིང་བར་བྱེད་པ་ཞེས་བྱ་བ་ནི་སར་ནུབ་པར་བྱེད་པའོ།། དམྱལ་བར་ལྟུང་བ་ཞེས་བྱ་བ་ནི་དམྱལ་བར་ཁྱེར་བའོ།། བྱོལ་སོང་གི་སྐྱེ་གནས་སུ་སྒྱུར་བ་ཞེས་བྱ་བ་ནི། བྱོལ་སོང་མིར་བྱེད ་པའོ།། སྐྱེས་བུ་བུད་མེད་དུ་ཞེས་བྱ་བ་ནི། སྐྱེས་བུ་བུད་མོད་ཀྱི་གཟུགས་ཀྱིས་བསྒྱུར་བའོ།། བུ་མ་བྱིན་པ་ལྟུང་བ་ཞེས་བྱ་བ་ནི་རབ་ཏུ་གྲགས་སོ།། བྷ་ག་བཅིང་བ་ཞེས་བྱ་བ་ནི། བྷ་གཱ་བ་ཅི་བོ་རྣམ་པར་བཅིང་བའོ།། ཉུག་རུ་མ་བྱེད་པ་ཞེས་བྱ་བ ་ནིམ་ནིང་དུ་བྱེད་པའོ།། འདོད་པའི་འདོད་ཆགས་སྐྱེད་པར་བྱེད་པ་ཞེས་བྱ་བ་ནི། རབ་ཏུ་གྲུབ་བོ།། གསོད་པ་ཞེས་བྱ་བ་ནི། གསོད་པར་བྱེད་པའོ།། རང་ངམ་གཞན་གྱིས་གསོད་པ་ཞེས་བྱ་བར་རབ་ཏུ་གྲགས་སོ།། མཚོན་ཆ་འཛིན་པ་ཞེས་བྱ་བ་ནི། ་མཚོན་ཆ་བཟློག་པ་སྟེ་རང་ངམ་ཞེ་འམ། འདི་ལ་ཡང་བལྟ་བར་བྱའོ།། བྱ་བོ་བྱེད་པ་དང་། རབ་ཏུ་ལྷུང་ཞེས་བྱ་བ་ནི། བྱ་བའི་བྱེད་པ་དང་རབ་ཏུ་ལྟུང་བའང་འཇིག་པའོ།། ཅེར་བུར་བྱེད་ཅེས་བྱ་བ་ནི། བུད་མེད་དང་སྐྱེས་བུའི་གོས་དང་བྲལ་བར་བྱེད ་པའོ།། བྷ་ག་དང་བཤང་བའི་ལམ་དག་གི་ལུ་གུ་རྒྱུད་གཅིག་པ་ཞེས་བྱ་བ་ནི། བྷ་ག་ནི་ཆོས་ཀྱི་འབྱུང་ནས་དང་རྔ་རྗེ2།། བཤང་བའི་ལམ་ནི་རབ་ཏུ་གྲགས་ཏེ། རྡོ་རྗེ་དང་པདྨ་དག་འབྱུར་བ་དང་། བཤང་བའི་ལམ་ཡང་གྲོལ ་བར་དཀར་བའོ།། བྷ་ག་དང་བཤད་པའི་ལམ་བྱིང་བར་བྱེད་པ་དང་རྒོད་པར་བྱེད་པ་དང་ཁྲག་དང་ཁུ་བ་འབབ་པ་དང་། ནད་དང་འཇོམས་པ་ཞེས་བྱ་བ་ནི་བྷ་ག་དང་བཤད་པའི་ལམ་ངག་མི་བསལ་བའི་ཐ་ཚིག་གོ།། དེ་བཞིན་དུ་རྒོད་པ་ཉིད་དོ།། ཁྲག ་དང་ཁུ་བ་དག་འབབ་པ་ནི་འཛག་པའོ།། དེ་ཉིད་ནི་ནང་དེ་རབ་ཏུ་འདྲལ་བ་ཞེས་བྱ་བའི་དོན་ཏོ།། འཇོམས་པ་ཞེས་བྱ་བ་ནི། བྷ་ག་དང་བཤད་པའི་ལམ་ཆད་པའོ།། ཁྲག་དང་མཛེ་ལ་སོགས་པའི་ནད་བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ ་སྒྲས་ནི་རིམས་ལ་སོགས་པའོ།། མྱ་ངན་ཞེས་པ་ནི་ཡིད་ཀྱི་གདུང་བའོ།། སྡུག་བསྔལ་ཞེས་བྱ་བ་ནི་ལུས་ཅན་གྱི་གདུང་བའོ།། བརྡུང་བ་ཞེས་བྱ་བ་ནི་དབྱིགས་པ་ལ་སོགས་པས་བརྡུང་བའོ།། བཅིང་བ་ཞེས་བྱ་བ་ནི་རྒྱལོ་པོ་ལ་སོགས་པས་བྱས ་པའོ།། དུམ་བུར་ཞེས་བྱ་བ་ནི། རྐང་ལག་ལ་སོགས་པ་གཅོད་པར་བྱེད་པའོ།། ལུས་ཐམས་ཅད་ཕྱེ་མར་བྱེད་པ་ཞེས་བྱ་བ་ནི། ཕུར་བུས་འདེབས་པས་སོ།། གསོད་པར་བྱེད་པ་ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པས་མགོ་བཅད་པ་ལ་སོགས ་པ་བྱས་པའོ།། ཐམས་ཅ་རྗེས་སུ་ཆགས་པ་ཞེས་བྱ་བ་ནི།། སྐྱེ་བ་ཐམས་ཅད་ཆགས་པའོ།། འགུ་གོས་པ་ཞེས་བྱ་བ་ནི་ཐམས་ཅད་ང་གྲགས་པའོ།། གཞུག་པ་ཞེས་བྱ་བ་ནི་བདག་ཉིད་ཀྱི་དབང་དུ་བྱང་བའོ།། གཡོ་བ་ཞེས་བྱ་བ་ནི་གཞན་དུ ་པའོ།། གར་བྱེད་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་སོ།། ལེན་པར་བྱེད་ཅེས་བྱ་བ་ནི། གང་གི་ལས་ཀྱིས་ལེན་པ་དེ་ནི་ལེན་པར་བྱེད་པའོ།། རྒོད་པར་བྱེད་པ་ཞེས་བྱ་བ་དེ་ནི་གང་གིས་རྒོད་པ་དེའི་ལས་ནི་རྒོད་པར་བྱེད་པའོ།། སེམས་ཅན་ཐམས ་ཅངད་སྨྲ་བར་བྱེད་པ་ཞེས་བྱ་བ་ནི། མི་ལ་སོགས་པ་ལྷག་པར་སྨྲ་བར་བྱེད་པ་སྟེ། བྱོལ་སོང་ལ་སོགས་པ་ཡང་སྨྲ་བར་བྱེད་པ་ཁོ་ནའོ།། སྔོན་མེད་པའི་ཞེས་བྱ་བ་ལ་སོགས་པ་ལ་མཚན་མ་ཞེས་བྱ་བ་ནི་སུན་འབྱིན་པའོ།། སྟོན་པ་ཞེས་བྱ། ་བ་ནི་དམིགས་པའོ།། རབ་ཏུ་རྙེད་པ་ཞེས་བྱ་བ་ནི་གང་གིས་སྦྱར་བ་རྙེད་པའོ།། ལྷག་མ་ནི་གོ་སླའོ།། སྔོན་མེད་པའི་མཚན་མ་ནས་ཁོལ་མོར་བྱེད་པ་ཞེས་བྱ་བའི་མཐར་ལས་རྣམས་བལྟ་བར་བྱའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། འབྱུང ་པོ་ཞེས་བྱ་བ་ནི་ཡི་དགས་སོ།། མ་མོ་ཞེས་བྱ་བ་ནི་མ་མོ་བདུན་པོ་རྣམས་སོ།། མཁའ་འགྲོ་མ་ཞེས་བྱ་བ་ནི་རབ་ཏུ་གྲུབ་བོ།། འདུལ་བ་ཞེས་བྱ་བ་ནི། འབྱུང་པོའི་གཙོ་བོའོ།། མཆོག་སྦྱིན་ཞེས་བྱ་བ་ནི་གདུལ་བར་དཀའ་བ་ལ་སོགས་པའོ།། ལྷ་ལ ་སོགས་པ་ཐམས་ཅད་དཀའ་ཡིས་ལས་ཐམས་ཅད་བྱེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བ་འགེགས་པ་ཞེས་བྱ་བ་ནི་ཉན་ཐོས་ལ་སོགས་པའོ་སངས་རྒྱས་རྣམས་ཀྱི་འཁོར་བ་ལ་འདོད་ཆགས་དང་བྲལ ་བ་འཇིག་པའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་བ་ལ་སྐྱོ་བ་འཇིག་པ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་བ་ལ་སྐྱོ་བ་སྟེ། དེའི་ལམ་ཤེས་པས་འཇིག་པའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནས། ་འཁོར་བ་ལ་སྐྱོ་བ་འཇིག་པ་ཞེས་བྱ་བའི་བར་གྱིས་ནི་གཞུང་རྣམ་པར་དབྱེ་བ་མེད་པའོ།། དེ་སྐད་བསྒྲགས་པ་ཞེས་བྱ་བ་ནི་འདི་ནི་ཞེས་བྱ་བས་ལས་བརྒྱ་རྫོགས་པའོ།། དེ་སྐད་ཅེས་བྱ་བ་ནི་རིམ་པའི་དོན་ཏོ།། འདི་ཞེས་བྱ ་བ་ནི། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་སོ།། འདི་ལས་ཕ་རོལ་ཏུ་མ་བྱུང་འབྱུང་བ་རོ་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་བསྡུད་པར་བྱེད་པས་རང་གི་རྒྱུད་སྤོང་བར་བྱེད་པའོ།། སྒྱུ་མ་ཐམས་ཅད་མཉམ་སྦྱོར་བ།། མཁའ ་འགྲོ་མ་ཞེས་རབ་ཏུ་གྲགས།། ཞེས་བྱ་བ་ནི་སྒྱུ་མ་ཐམས་ཅད་དང་མཉམ་པར་སྦྱོར་བ་འདི་ནི་མཁའ་འགྲོ་མ་སྟེ་དེ་ནི་དེ་ལྟར་རྡོ་རྗེ་མཁའ་འགྲོའོ།། ལས་ཐམས་ཅད་རབ་ཏུ་རྒྱས་པའི་ཚིག་ནི་ཆོ་གའི་ཐབས་སོ།། དེ་ཉིད་སྒྱུ་མོ་ཆེན་པོ་ནི་རྡོ་རྗེ ་མཁའ་འགྲོའི་འོ།། རྣམ་པར་མཛད་པ་ནི་སྤྲོ་བའོ།། དེའི་དོན་གྱི་སྔགས་ཀྱི་ཆོ་ག་ནི། དེའི་རྗོད་པར་བྱེད་པ་སྟེ་ལེའུ་གཉིས་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་འགྲེལ་ལས་ལེའུ་གཉིས་པའོ།། །། ད་ནི་སེམས ་ཅན་རྣམས་ཀྱི་མོས་པ་སྣ་ཚོགས་པའི་ཕྱིར་སྔགས་སྣ་ཚོགས་པའི་ལས་རྒྱས་པ་གསུངས་པ། དེ་ནས་ཞེས་བྱ་བ་ནི། ཀ་ར་ཀ་ར་ཞེས་བྱ་བ་ནི་སྔགས་བཤད་པའི་མཐར་རོ།། དེ་བས་ཞེས་བྱ་བ་ནི་གང་གི་སེམས་ཅན་བསམ་པ་སྣ་ཚོགས ་པ་ལ་གསང་བ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དེ་ཡང་སྔགས་ལས་སྐྱེས་པ་བཅོམ་ལྡན་འདས་མས་ཞུས་པའི་མཐར། བཅོམ་ལྡན་འདས་ཀྱིས་ཚིག་འདི་མདོར་བསྡུས་པ་ཞེས་བྱ་བ་ནི་གཞུང་བསྡུས་པའི་ཕྱིར་རམ། གཅིག ་ཏུ་བསྡུས་པའི་ཕྱིར། གཞུང་བསྡུས་པ་ལ་དོན་བསྡུས་པ་མ་ཡིན་པར་བལྟ་བར་བྱའོ།། དཔེར་ན་ཤིང་ཞེས་བརྗོད་པ་ལ་ལོ་མ་ལ་སོགས་པ་དང་ལྡན་པའི་ཁྱད་པར་ཏུ་འཕགས་པའི་དོན་རྟོགས་པར་འགྱུར་ཏེ། གཞུང་རྒྱས་པ་ལ་ཡང་དོན ་རྒྱས་པར་འགྱུར་བ་ནི། ཇི་ལྟར་འབྲས་བུ་དང་མེ་ཏོག་གིས་གུག་པའི་འདབ་མཾ་དང་རྩེ་མོ་ནི་ཤིང་ཞེས་བརྗོད་དོ།། མིན་ཞེས་བྱ་བ་སྟེ་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་ལའོ།། དེ་བས་ན་དོན་བསྡུས་པ་ནི་མ་ཡིན་པ་ཁོ་ནའོ།། དེ་ལྟར་ཅིའི་ཕྱིར ་སྙམ་པ་ལ། རྒྱས་པར་ཞེས་བྱ་བ་ལ་སོགས་པ་གསུང་སོ།། གལ་ཏེའང་གཞུང་བསྡུས་པས་ཀྱང་དེ་བཞིན་དོན་ཀྱང་བསྡུ་བར་ནི་མི་ནུས་སོ།། མ་བརྗོད་ཀྱང་དོན་འདུ་བའི་ཕྱིར་ཏེ། འདོད་རིས་ལ་མིན་ངག་མང་བའི་ཕྱིར་རོ།། འདི་ལྟར་ཡང་གཞུང ་ཉུང་བའང་དོན་མང་པོ་དཔེར་ན་ཁྱི་རྒྱུག་གོ་ཞེས་བྱ་བ་ནི། ཁྱི་འདིར་རྒྱུག་པ་ལ་ཁྱི་འང་རྒྱུག་གོ་ཞེས་བྱ་བའོ།། ཁྱི་འདིར་འགྲོ་བའམ་སྐྱེས་བུའོ་རྒྱུག་པའོ།། བཅོམ་ལྡན་འདས་ནི་ཚིགས་བཅང་མཁན་པོ་པས་གཞུང་བསྡུས་པ་ལའང་དོན ་ཆེན་པོ་བྲི་ལ་འགལ་བ་མེད་དོ།། ཚིག་བཅད་འདི་རྐང་པ་གཉིས་སོ།། ཅི་ནུས་ཤེ་ན། གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། སྒྱུ་མ་ཐམས་ཅད་མཉམ་སྦྱོར་བས་ཤེས་བྱ་བ་ནི། སྒྱུ་མ་ཐམས་ཅད་ཀྱི་རྣལ་འབྱོར་མ་རྣམས་ཀྱིས ་མཉམ་པར་སྦྱོར་བའོ།། ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི། གཞན་དང་གཞན་ལ་སོགས་པར་གང་གི་བྱེད་པར་འགྱུར་ཞེས་བྱ་བའི་སྤྲུལ་པ་སྟེ། དེ་ནི་ལས་ཐམས་བྱེད་པའོ།། ཕྱིས་རྐང་པ་གཅིག་པའོ།། སྒྱུ་མ་ཐམས་ཅད་ཅེས་བྱ་བ་ནི།། ལྷ ་ལ་སོགས་པའི་སྤྲུལ་པའོ།། ང་དང་ལྷན་ཅིག་ཆེན་པོ་ནི་གང་ལ་ཆེ་བ་དེ་ནི་སྒྱུ་མ་ཆེན་མོ་ཐམས་ཅད་དོ།། འཕྲུལ་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པ་ལ་འགྲོ་བ་སྟེ། དེས་ཀུན་གྱི་དབང་ཕྱུག་ཅེས་བྱ་བ་ནི། གང་གི ་ཁྱབ་པར་བྱེད་པ་དེ་ནི་རྫུ་འཕྲུལ་ཐམས་ཅད་ཀྱི་དབང་ཕྱུག་གོ།། གང་གིས་དེ་ལྟར་གྱུར་པའི་རྣལ་འབྱོར་པས་འགྲུབ་པར་འགྱུར་ཏེ། དེ་ནི་གསང་བ་བཤད་པར་བྱ་ཞེས་བྱ་བར་དགོངས་པའོ།། ད་ནི་སྡུད་པར་བྱེད་པའི་ཚིག་ནི་འབྱུང་པོ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། འབྱུང་པོ་ནི་སྲོག་ཆགས་རྣམས་སོ།། གདོན་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་སྟེ། དེ་རྣམས་ཀྱི་རིག་པ་ཆེན་མོའི་སྔགས་ཀྱི་རྐང་པོ་རྣམས་སོ།། དེ་ཡང་དང་པོའི་སངས་རྒྱས་ཀྱི་ས་ཀྵཎྜ་བཀུག་ནས་བཅོམ་ལྡན་འདས ་ཀྱིས་སྤྲོས་པར་ཤེས་པར་བྱའོ།། དེ་ནས་ཤེས་བྱ་བ་ནི་ཞལ་གྱིས་བཞེས་མ་ཐག་ཏུ་སྔགས་སྣ་ཚོགས་བཤད་པ་ལ་སོགས་པའི་རྣམ་པར་སེམས་རྩ་གཅིག་ཏུ་མཛད་ནས། བཅོམ་ལྡན་འདས་ཀྱི་རིག་རིགས་བཤད་ཟེར་བ་འདུག་པ་རྟག་མ ་བཤད་ངོ་ཞེས་བྱ་བར་དགོངས་སོ།། འདི་ཉིད་ཀྱི་རིམ་པ་ནི་ཧི་མནྟ་སྨ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་པོར་རེ་ཞིག་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་སྔགས་ཐམས་ཅད་འབུམ་བཟླས་པར་བྱའོ།། འདིས་ནི་ཞེས་བྱ་བ་ནི་ཧི་མ་བནྡྷ་སྒྲ ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་སོ།། ཁྱིམ་གྱི་སྟེང་དུ་བཞག་པར་བྱ་ཞེས་བྱ་བ་ནི་ཤ་ཟའི་ཤིང་ངོ་།། དེ་ལ་འདི་སྐད་དུ་ཡིན་ཏེ་མར་གྱི་ངོའི་བརྒྱད་པའམ་ནག་པོའི་བཅུ་བཞི་པའི་མཚན་མོ་ལ་རོ་བསྲེགས་པ་ལ་དྲུལ་བའི་དབྱུག་པའི་ཤེང ་བུ་སོར་བརྒྱད་པ་བླངས་ལ་སེར་མོའི་རྭའི་ནང་དུ་བཅུག་ནས་དེ་ལ་དུར་ཁྲོད་ཀྱི་མེ་ར་ར་གཞུག་པར་བྱའོ།། རྭ་བསྲེགས་པས་ཡང་ཇི་ལྟར་ཤིང་དེ་ལ་ཐལ་བར་མ་གྱུར་པ་དེ་ལྟར་བླངས་པར་བྱ་སྟེ། མིང་དང་བཅས་པར་བཟུང་ནས་གོང་མ་ལན ་བདུན་དུ་མངོན་པར་བསྔགས་པ་དེ་ཁྱིམ་གྱི་སྟེང་དུ་གཞུག་སྟེ་ཇི་ལྟར་གསུངས་པ་བཞིན་དུ་བྱེ་དོ་ཞེས་བྱ་བའི་མན་ངག་གོ། འདི་ལྟར་ཡང་དེའི་དེ་ལྟར་བསྲེགས་པ་ཁོ་ནའི་རྭའི་ཤ་དང་ཚེར་མས་སྦུ་གུ་ཅན་དགང་སྟེ། དེའི་ཉིན་པར་ཁོ་ན ་དེ་ལྟར་ཁྱིམ་གྱི་ཁང་ཐོག་གི་སྟེང་དུ་བཅུག་ན་ཤ་ཟས་གཙེས་པ་དང་རྗེད་བྱེད་ཡང་འབྱུང་བར་འགྱུར་རོ།། བ་ས་ཧཱ་ཏོ་ལ་ཨི་མ་ཊྭཱ~ཾ་ཨི་ཞེས་བྱ་བ་འདི་གླང་ལ་སོགས་པའི་གཞུང་དང་སྦྱར་རོ།། བ་ལང་གི་གདོང་ཞེས་བྱ་བ་ནི་བ་ལང ་གི་རཱ་ས་གཏོར་བའི་ས་མ་དག་སྟེ། སྔགས་འདིས་རབ་ཏུ་སྦྱོར་བར་འགྱུར་རོ་ཞེས་བྱ་བར་དགོངསོ།། ན་མཿས་བ་ར་ཎཾ་ཞེས་བྱ་བ་ནི། སོ་སོ་འམ་ཀུན་བསྡུས་པའི་སྔགས་ཏེ། འདིས་ཀྱང་ཞིང་བསྲུངས་པར་བྱེད་པར་འགྱུར་རོ།། བཀས་སྤྲིན ་བཟློག་པ་གྲུབ་པ་ཞེས་བྱ་བ་ནི། བཀས་གང་གི་སྤྲིན་བཟློག་པ་གྲུབ་པ་དེ་ནི་དེ་ལྟ་བུའོ།། འདིས་ནི་ཞེས་བྱ་བ་ནི། འཆད་པར་འགྱུར་བས། ཨིནྟསྶ་ཏཽཎྜི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སྤྲིན་བཟློག་པ་འགྲུབ་པར་འགྱུར་རོ།། ཞེ ་བྱ་བའི་དོན་ཏོ།། རཏྣ་དགའ་མ་ཞེས་བྱ་བ་ལ་དགའ་མའི་སྒྲ་འདི་ནི་དོན་མེད་པའོ།། རཏྣའི་སྒྲ་ལས་ཕ་རོལ་ཏུ་བཛྲའི་སྒྲ་གཉིས་སོ།། ཕྱི་ནས་ཧྲཱིཿཕཊ་ཏཽ།། རཏྣ་ལས་སྔོན་དུ་ཕྱག་འཚལ་བའོ།། དེ་བས་ན་ཨོཾ་རཏྣ་བཛྲ་བཛྲ་ཧྲཱིཿཕཊ་ཅེས་བྱ ་བའི་སྔགས་སོ།། དེ་བཞིན་དུ་ཡང་བཤད་པར་བྱ་སྟེ། རཏྣ་བཛྲ་དགའ་མ་སྟེ། ཕྱི་ནང་ཨཾ་བཛྲ་ཞེས་བཀླག་པར་བྱའོ།། དེ་ནས་ཧཱཿཕཊ་དུ་བཅས་པའི་སྔགས་འདི་ནི་དཔུངས་རེངས་པར་བྱེད་དོ།། སྔོན་དུ་དེ་ལྟར་ཐམས ་ཅད་བྱས་ནས་ཕྱི་ནས་ཨཽ་སྟེ། རཏྣའི་སྒྲ་ལས་སྔོན་དུ་སྦྱིན་པར་བྱའོ་ཞེས་དགོངས་པའོ།། འདི་རབ་ཏུ་སྦྱོར་བ་ཡང་འདི་ཉིད་དུ་རྟོགས་པར་བྱའོ།། ཨཾ་ཨ་ལླི་པེལླི་བ་ར་ཙུལླི་ཞེས་བྱ་བ་ནི་སོ་སོའི་སྔགས་སོ།། ཙཽ་རཽ་བ་གྷ་ཀཎྛ་སཔྤ་ཞེས་བྱ་བ་ལ ་སོགས་པ་སྭཱ་ཧཱའི་སྔགས་ན་གཞན་པའི་སྔགས་སོ།། སྔགས་གཉིས་པོ་འདི་དག་ནི་གཅིག་ཏུ་སྔགས་པ་འདི་ནི་བ་ལང་གདོང་གི་ཆོ་གའོ།། བ་ས་ཧ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་ཀྱིས་བ་ལང་གི་གདོང་ཞེས་བྱ་བའོ།། ཀ་རའི་ལྕུག་མ་ཞེས ་བྱ་བ་ལ་སོགས་པ་ནི། ཀ་ར་བཱ་རའི་ལྕུག་མ་སྟེ་ཀ་རའི་ལྕུག་མའོ།། དེས་རྣལ་འབྱོར་པས་ཆར་པ་ལ་སོགས་འཛིན་པར་བྱེད་དོ།། ཆོ་ག་འདིས་ཞེས་བྱ་བ་ནི། ཨིནཱསྨ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཆོ་གའོ།། འདི་ལ་དེའི་སྔགས་འདི་བྲི ་བར་བྱ་སྟེ། སྤྲིན་ལ་ཁ་བལྟས་ནས་བསྐོར་ན་ཇི་སྐད་གསུངས་པར་འགྱུར་རོ།། ཨོཾ་ཛིམྦྷོ་ལི་ཨེ་ཞེས་བྱ་བ་ནི། ཀུན་བསྡུས་པ་ཏ་ལ་དིའི་སྔགས་ནི་གཅིག་པོའོ།། བ~ཾཛྫི་སུ་ཊི་ད་སི་སུ་ཊཱི་དཱ་སི་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་གཞན་ནོ།། སྔགས་འདི ་གཉིས་ནི་འབྲས་བུ་ཐུན་མོང་པའོ།། ན་ཨ་མོ་ཞེས་བྱ་བ་ལ་སོགས་པའི་སྔགས་གསུམ་གྱིས་ནི། ན་མོ་བྷ་ག་བ་ཏི་བཱི་རི་ཤཱ་ཡ་ཞེས་བྱ་བ་ལ་སོགས་པས་ནི་རྐང་པ་བརྒྱད་པའི་སྔགས་དང་། ཨཾ་ཨཊོ་བཊོ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་། ་ཨཽ་པིངྒ་ལ་ཞེས་བྱ་བ་ལ་སོགས་པའི་སྔགས་གསུམ་པ་ཐུན་མོང་དུ་བསྔགས་པའོ།། འདི་རྣམས་གསལ་བར་འགྱུར་བ་ནི་ལེའུ་སུམ་ཅུ་རྩ་གསུམ་པ་ལས་ཤེས་པར་བྱའོ།། སོ་ཧ་ཞེས་བྱ་བ་ལ་སོགས་པ་ལ། ཨཊྚ་ཙ་ལ་ཎ་ཞེས་བྱ་བ་ནི་རྐང ་པ་བརྒྱད་པའི་སྔག་སོ།། ཨོཾ་ཨ་ར་ཨརྡྷནྡྲ་བིནྡྷ་མཎྜི་ཨོཾ་ཞེས་བྱ་བ་ནི་ཨོཾ་ལེ་ཡང་ཟླ་བ་ཕྱེད་པ་དང་ཐིག་ལེ་སྟེ་དེ་རྣམས་ཀྱིས་བརྒྱན་པའོ།། འདིས་ནི་ཟླ་བ་ཕྱེད་པ་དང་ཐིག་ལེ་སྟེ། དེས་བརྒྱན་པའི་ཨོཾ་ནི་དེས་ཡང་དང་པོར་གནས་པས་རྐང་པོ་བརྒྱད ་པ་བརྒྱན་པའོ།། ཕཊ་ཨནྟནྟ་བི་ཧི་ཀ་ཨི་ཝཱ་ར་ཞེས་བྱ་བ་ནི་ཕཊ་ཀྱིས་མཐའ་དང་མཐར་ཆོ་ག་དང་ཚོ་གས་གང་གི་ལན་གཉིས་བྱས་པ་ནི་བཏུས་པ་སྟེ་གཙོ་བོ་དེ་ལྟ་བུའོ།། ཡང་ན་ལན་གྱི་སྒྲས་ནི་དུས་ཏཾ་གང་གི་ཆོ་ག་དང་ཚོ་གས་ལན་གཉིས་སུ ་བཏོན་པར་བྱས་པ་དེ་ནི་དེ་ལྟ་བུའོ།། ཕཊ་ཀྱིས་གཉིས་སུ་བརྗོད་པ་སྟེ་དེས་ལྡན་པ་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་གོང་མ་བཞིན་ནོ།། སྭཱ་ཧཱ་བ་བྷི་ཨོཾ་ཞེས་བྱ་བ་ནི། སྭཱ་ཧཱ་ས་ནི་ལྷག་མ་བསྒོམས་ཏེ་སྐྱེ་བའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། ཨོཾ ་ཨ་ར་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ནི་སྔགས་གསུམ་ཁོ་ན་རྟོགས་པར་བྱ་སྟེ། རྐང་པ་བརྒྱད་པ་ནི་ཉེ་བར་མཚོན་པའི་ཕྱིར་རོ།། དེ་ལ་འདི་ནི་རིག་པའི་རྒྱལ་པོའི་འཁོར་ལོ་སྒྱུར་བའི་སྔགས་ཀྱི་རབ་ཏུ་སྦྱོར་བའོ།། དེ་ལ་ཞེས་བྱ་བ་ནི་སྔགས་གསུམ ་བསྒྲགས་པར་གྱུར་པའོ།། འདི་ནི་ཞེས་བྱ་བ་ནི་བློ་ལ་གནས་པའོ།། དེ་ཉིད་ཅི་འོ་ན་གསུངས་པ། རིག་པའི་རྒྱལ་པོའི་སྔགས་ཀྱི་རབ་ཏུ་སྦྱོར་བ་ཞེས་བྱ་བ་ལ། རིག་པའི་རྒྱལ་པོའི་སྔགས་ནི་རྐང་པ་བརྒྱད་པའོ།། དེའི་རབ་ཏུ་སྦྱོར་བ་ནི་ལྷའི་བསྒོམ་པ་དང་། ་འཁོར་ལོའི་བྲི་བ་ལ་སོགས་པའི་མཚན་ཉིད་དོ།། དེ་ལ་ལྷ་ཉིད་གསུངས་པ། རང་གི་ཞེས་བྱ་བ་ལ་སོག། ས་པ་ནི་བདག་གོ།། རླུང་དང་མ་དག་གི་དཀྱིལ་འཁོར་ལ་གནས་ཞེས་བྱ་བ་ནི། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ ་མེའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་རི་རབ་བོ།། དེའི་སྟེང་དུ་ཁང་པ་རྩེག་མ་སྟེ། དེའི་དབུས་སུ་སྒྲུབས་ཐབས་ཀྱི་རིམ་པས་བསྔགས་པ་རྡོ་རྗེ་ཧཱུཾ་མཛད་དུ་བསིམ་པར་བྱའོ་ཞེས་བྱ་བ་ནི། འཆད་པར་འགྱུར་བའི་རིམ་པས་བདག་ཉིད་ཀྱིས་བདག་ཉིད ་རྡོ་རྗེ་དུ་མཛད་དུ་བསམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ཉིད་གསུངས་པ། བཞི་ཞེས་བྱ་བ་ལ་སོགས་པ་ནི་ལེའུ་བཅུ་གཉིས་པར་གསུངས་པའི་ཚོགས་འདིར་གསུངས་པའི་སྐུ་མདོག་ལ་སོགས་པ་དང་ལྡན་པར་རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱིན ་ཡན་ལྡོག་ཉིད་ལག་ཐམས་ཅད་ལ། རྡོ་རྗེ་མཁའ་འགྲོ་མ་བསྒོམ་བྱ།། ཞེས་བྱ་བ་ནི། ཉིད་ཀྱི་སྐུ་ལས་རྡོ་རྗེ་མཁའ་འགྲོ་མ་སྤྲོས་ནས། གནས་ཇི་ལྟར་རྣམ་པར་བསྒོམ་པར་བྱའོ།། རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད ་པར་འདིར་བསྟན་པའོ།། འདིས་ནི་ས་བོན་གཅིག་གིས་བསྐྱེད་པ་ཞེས་བྱ་བར་ཤེས་པར་བྱ་སྟེ། ལྟུང་བར་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་དང་ཐོད་པ་བཞི་ཕྱོགས་དང་ཕྱོགས་དང་བྲལ་བར་གནས་པའོ།། ཧཱུཾ་ལས་བདག་ཉིད་རྡོ ་རྗེ་ཧཱུཾ་མཛད་དུ་བསྐྱེད་པར་བསྟན་པ་ཞེས་བྱ་བར་དགོངས་པའོ།། ཧཱུཾ་ནི་རྣམ་པ་བཞི་ཡི་སྔགས།། ཞལ་པོཞི་ལ་ནི་རྣམ་པར་དགོད་ཅེས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། འདི་སྐད་དུ་རྣལ་འབྱོར་པས་བཟླས་ནས་རིག་པ་ཉིད་ལ ་ལོ་ལ་སོགས་པའི་བྲི་བར་བྱེད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནས་ཞེས་བྱ་བ་ནི་འབུམ་བཟླས་མ་ཐག་ཏུ་གལ་ཏེ་ཆར་དབབ་པར་འདོད་ན། དེའི་ཚེ་རྩ་བ་ནག་པོ་མེད་པའི་ཁམ་ཕོར་གཉིས་བླངས་ཏེ། འོག་གི་ཁམ ་ཕོར་ལ་རླུང་གི་དཀྱིལ་འཁོར་དང་ཁམ་ཕོར་སྟེང་མ་ལས་ཡང་མེའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ཉིད་གསུངས་པ་རླུང་དང་མེ་ཡིས་གསལ་བར་བྱ་ཞེས་པ་ནི། ཁམ་ཕོར་གཉིས་རླུང་དང་མེའི་དཀྱིལ་འཁོར་གྱིས་གསལ་བར་བྱ་བར ་ཤེས་པར་བྱ་ཞིང་དེ་ལ་ཁམ་ཕོར་ཞེས་བྱ་བ་ནི། རིགས་གཅིག་པའི་ཚིག་སྟེ། དེ་དག་ནི་ཁམ་ཕོར་དག་ཅེས་བྱ་བར་བལྟ་བར་བྱའོ།། ལྡོང་རོས་ཀྱི་སོ་ནི་ཞེས་བྱ་བ་ནི། དོན་ཤེས་པར་བྱ་བ་འམ། དེ་བས་ན་ཡུང་བའང་ཞེས་བྱ་བར་གྲུབོ།། ་རླུང་དང་མེའི་འཁོར་ལོ་ནི་ཞེས་བྱ་བ་ནི། ཁམ་ཕོར་འོག་མ་ལ་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་འཕན་གྱིས་མཚན་པའོ།། ཁམ་ཕོར་སྟེང་མ་ལ་མེའི་དཀྱིལ་འཁོར་གྲུ་གསུམ་རྩེ་མོ་བདུན་པ་ཞེས་བྱ་བ་ནི། གོ་རིམས་བཞིན་དུ་རྟོགས ་པར་བྱའོ།། རང་གི་མཚན་མས་མཚན་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། དེ་དག་གི་དཀྱིལ་འཁོར་དོག་གི་དབུས་སུ་ཀླུ་རྣམས་བྲི་བར་བྱ་བ་ཇི་ལྟར་བྷི་ཞེས་བྱ་བ་ལ་སོགས་པ་ལ་བརྒྱད་ཅེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་བརྒྱད་པོ ་རྣམས་ཏེ་རེའུ་མིག་རྣམས་ཐིག་བཞི་བཏབ་པས་གང་གི་དབུས་སུ་རེའུ་མིག་དེའི་དཀྱིལ་འཁོར་བརྒྱད་དོ།། དེའི་སྦྱོར་བ་ནི་བྲི་བའི་མཚན་ཉིད་དོ།། ཀླུའི་དགོད་པ་གསུངས་པ། དབུས་སུ་ཞེས་བྱ་བ་ལ་སོགས་པ་ནི་རེའུ་མིག་དབུ་མ ་མགོ་བློ་བདུན་ལ་སོགས་པའི་ཁྱད་པར་གྱིས་ཀླུ་རྣམས་བྲིས་ཏེ། དེའི་བརླ་གཡོན་པའི་སྟེང་དུ་ཀླུའི་བུ་མོ་བྱའོ་ཞེས་བྱ་བར་སྦྱརོ།། དེ་ཡང་མགོ་གསུམ་མ་སྟེ་ལྷག་མ་ནཱི་གོ་སླའོ།། ཕྱི་རོལ་དཀྱིལ་འཁོར་དུ་ཞེས་བྱ་བ ་ནི་ཤར་ལ་སོགས་པའི་རེའུ་མིག་རྣམས་ལ་སྟེ། གོ་རིམ་བཞིན་དུ་མཐའ་ཡས་ལ་སོགས་པ་འཆད་པར་འགྱུར་བའི་གཟུགས་མགོ་བོ་བདུན་པོ་ལ་སོགས་པའི་ཁྱད་པར་གྱིས་ཀླུ་རྣམས་བྲིས་པའོ།། ཀུན་གྱི་གཡས་པས་རལ་གྲི་འཛིན ་ཅེས་བྱ་བ་ནི། གཡོན་གྱིས་ཀླུའི་བུ་མོ་མགོ་གསུམ་མ་འཁྱུད་པར་སྦྱོར་བའི་ཕྱིར་རོ།། དབུས་སུ་གནས་པ་ནི་འདབ་མ་ལ་གནས་པའི་ཡང་ཁྱད་པར་ཐམས་ཅད་ཀྱིས་སྐྱེས་པ་ཞེས་བྱ་བ་འདི་ཉིད་དོ།། དེ་ནས་སྔགས་འདིས་བསྐོར་བར་བྱ་ཞེས ་བྱ་བ་ནི། ཨོཾ་ཧྲཱིཿཞེས་བྱ་བའི་སྔགས་ཀྱིས་འཁོར་ལོ་བསྐོར་བར་བྱའོ།། ཨ་ནི་ལ་ཏ་རཱ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཀྱང་དགུག་པ་ཞེས་བྱ་བའི་དོན་ཏོ།། འོ་ཞེས་བྱ་བ་ནི་སྔགས་རྫོགས་པའོ།། ལྷག་མ་ནི་གོ་སླའོ།། མཐོ་བོ་ཞེས ་བྱ་བ་ལ་སོགས་པ་ནི། སྔགས་མཛུབ་དང་མཐེ་བོང་རྒན་པོ་དག་ཕྱི་རོལ་དུ་ཁ་སྦྱར་ཅིང་སོར་མོ་ལྐོག་མ་མགོར་འཛིན་པའོ།། འདི་དག་ནི་སྔགས་དང་ཕྱག་རྒྱ་དག་དགུག་པ་ལ་སོགས་པར་བྱ་སྟེ། སྔགས་ཀྱི་མཐར་ཛཿཧཱུཾ་བཾ་ཧོཿདགུག་པ་དང ་གཞུག་པ་དང་བཅིང་བ་དང་། མཉེས་པར་བྱེད་པའི་དོན་ཏེ། གོ་རིམ་བཞིན་དུ་སོ་བོན་བཞི་བལྟ་བར་བྱའོ།། དེ་ཉིད་ནི་ཛཿཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྡོང་བུ་ཞེས་བྱ་བ་ནི། པདྨ་དཀར་པོའི་སྐུད་པས་དཀྲིས་ཤིང་བདུད་རྩི་ལྔས་བསྒོས ་པ་འམ། ཨརྐའི་བལ་གྱིས་སྤྲས་པའི་སྟོང་བུའོ།། དེ་དང་ཞེས་བྱ་བ་ནི། དེ་ལ་ཡང་ཞེས་བྱ་བའི་དོན་ཏེ། དེ་ལ་སྟེང་དུ་ཁམ་ཕོར་ལ་རི་རབ་བསམ་པར་བྱ་བའི་ཕྱིར། བྲི་བར་བྱ་ཞེས་གསུངས་པ་ནི་བསམ་པར་བྱ་ཞེས་བརྗོད་པ་སྟེ་བསྒོམ་པར ་བྱ་བའང་རི་རབ་ཀྱི་དོན་བསྟན་པའོ།། དེའི་སྟེང་དུ་ཉི་མར་གནས་པའི་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཚོགས་སྤྲོ་བར་མཛད་པར་བྱའོ།། དེ་ཉིད་ནི་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། བསམ་པར་བྱ་ཞེས་བྱ་བ་ནི་རང་གི་གཟུགས ་ཤེས་བྱ་བའོ།། འདི་ལྟར་ཁམ་ཕོར་གཉིས་མཉམ་པར་སྦྱར་ནས། ཀ་ར་ཀ་ར་ལ་སོགས་པའི་སྔགས་སམ་རྐང་པ་བརྒྱད་པའི་སྔགས་སམ་སྔགས་དག་དང་རྐང་པ་བརྒྱད་པ་བསྲེས་པས་གནས་པ་དག་ཅིག་བཟླས་པར་བྱའོ།། དེ་ཉིད་ནི་རྡོ་རྗེ ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དང་ཞེས་བྱ་བ་ནི་ངེས་པར་གཟུང་བའོ།། བཞིའི་ནང་ནས་སྔགས་ཅིག་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་བཞི་པའི་རྣལ་འབྱོར་གྱིས་སྔགས ་གསུམ་མམ། ཕྱགས་དྲུག་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཀཱ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་སྟེ། སྔགས་གསུམ་པོ་ལ་ནི་མ་ཡིན་ནོ།། དེ་དང་ཁམ་ཕོར་ཁ་སྦྱོར་གྱི་ཚོགས་བཞག་པར་བྱ་བ་ནི་ཕྱི་རོལ་ཏུ་མཐོན་པོའི་གནས་སུ་མཆོད་པ་ལ་སོགས ་པ་མདུན་དུ་བཞག་པར་བྱའོ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ།། ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ན་མཁའ་ཐམས་ཅད་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་གྱིས་ཁྱབ་པར་བསམས་པ་ལ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསམ་ཞེས་བྱ་བར ་སྐཱ་རཱ།། ཛཱ་རྡྷ་དྷ་མཛད་ཀྱི་གང་དག་ག་དང་བན་མྦྷ་ཅན་སྐ་མཛད་ལ་སོགས་པ་སྟེ། དྷོཿཧཱུཾ་མྱདད་ཀྱི་གཟུགས་ཀྱི་འོད་བྱེད་ནམས་སོ།། རང་གི་ཡན་ལག་གི་བླུགས་གཟན་ནས་བྱ་བ་ན་རྡོ་རྗེ་མཁའ་འགྲུས་མན ་མས་མཚན་པ་ངེས་སོ།། རྡོ་རྗེ་ཉི་མོའི་ཞེས་བྱ་བ་ནི་ཁམ་ཕོར་གྱི་སྟེང་དུ་བསྣམ་པའི་རྡོ་རྗེ་མཁའ་འགྲོའི་ཚོགས་ཀྱིའོ།། བླུགས་ཤེས་བྱ་བ་ནི། ཚུའི་སྦྱིན་སྲེག་བྱའོ་ཞེས་བྱ་བར་བསམས་པའོ།། སྔགས་བརྒྱ་བརྩ་བརྒྱད་བཟླས ་པའི་མཐར་ཚིག་འདིས་ངེས་པར་འཆར་འབབ་བོ།། མངོན་པར་འདོད་པའི་གནས་སུ་ཆེར་དབབ་པའི་དོན་དུ་སྦྱོར་བ་ནི་རང་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ཞོལ་བཞིར་རྣམ་པར་དགོད་ཅིང་དུ་ལས་བྱུང་བར་བས་མོ།། ་ཞེས་བྱ་བ་ནི། དེས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པས། ཞལ་བཞི་ལས་སྒྲུ་བཞི་པོ་རྣམས་བཏོན་པར་བསམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་མཛད་པ་ཡང་ཅིཞེ་ན། ཧཱུཾ་མཛད་ཀྱི་ཕྱག་རྒྱས་སྡིགས་མཛུབ་ཀྱི་རྩེ་མོ་ལ་ད ་པ་ཧཱུཾ་གཽ་འོད་ཟེར་ཞེས་བྱ་བ་གསུངས་སོ།། ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་སྟེ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སོ།། སྤྲིན་འཇིག་པར་ཞེས་བྱ་བ་ནི། འདོད་པའི་གནས་སྤངས་པ་སྟེ་མེ་ལྟ་བུར་སྤྲིན་འཇིག་པའོ།། དེས་ཕྱག་རྒྱ་བཅིང་བར་གནས་པས ་སྡིགས་མཛུབ་གཉིས་ཀྱི་རྩེ་མོར་དགོད་པའི་ཧཱུཾ་གི་འོད་ཟེར་དག་བསམས་པས་སོ།། ཕྱག་རྒྱ་དེ་དང་སྡིག་མཛུབ་གཉིས་དང་། མཐེ་ཆུང་གཉིས་ཕན་ཚུན་དུ་བཅིངས་པར་གནས་པ་ཞེས་པའོ།། བསམ་ཞེས་བྱ་བ་ནི་འདི་སྐད་དུ་བདག་ཉིད་རྡོ་རྗེ་མཁའ ་འགྲོའི་གཟུགས་སུ་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་མོད་ཀྱི་བསམ་གཏན་འབའ་ཞིག་ནི་མ་ཡིན་ཏེ་སྔགས་ཀྱང་བཟླས་པར་བྱའོ།། དེ་ཉིད་ནི་སྔགས་བཟླས་པར་བྱའོ་ཞེས་བྱ་བ་གསུངས་སོ།། ལྷག་མ་ནི་གོ་སླའོ།། རྐང་པ་བརྒྱད་པའི ་བདག་ཉིད་ཅན་གྱི་སྔགས་འདིས་ནི་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་གང་ཞིག་རིག་པའི་རྒྱལ་པོ་སྟེ། རྐང་པ་བརྒྱད་པའི་སྔགས་དེ་བཟླས་པར་བྱའོ།། ན་མ་ཞེས་བྱ་བའི་སྒྲ་ལས་ནི། ཀ་ར་ཀ ་ར་ལ་སོགས་པ་ཡང་བཟླས་པ་ཁོ་ནར་བྱ་ཞེས་བྱ་བའོ།། བཟླས་པ་ངེས་པར་བྱའོ་ཞེས་བསྟན་པའི་ཕྱིར། སྦྱོར་བའི་དེ་མ་ཐག་དུ་དཀྱིལ་འཁོར་ཆེན་པོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི། རླུང་ལ ་སོགས་པའི་དཀྱིལ་འཁོར་རྣམས་ཏེ། དེ་རྣམས་ཀྱི་རྣལ་འབྱོར་ནི་སྟེང་གི་སྟེང་དུ་བསྒོམས་པས་ཀུན་ཏུ་གནས་པའོ།། ཕྱི་རོལ་དཀྱིལ་འཁོར་ཞེས་བྱ་བ་ནི། འབབ་པ་དང་འཛིན་པ་དང་། བཞི་ཞེས་བྱ་བ་སྟེ། ཕྱི་རོལ་གྱི་གནས་སུ་གྱུར་པ་ཞེས ་བྱ་བའི་དོན་ཏོ།། དེ་དང་དཀྱིལ་འཁོར་དང་ཞེས་པ་དེ་ནི་དེ་ལྟ་བུའོ།། དེ་ཡིས་བྱ་བ་ནི་དཀྱིལ་འཁོར་གྱིའོ།། ཉི་མའི་དཀྱིལ་འཁོར་དབུས་གནས་པར་ཡེ་ཤྲཱིས་ས་བོན་ཞེས་བྱ་བ་ལ་ཡེ་ཤེས་ས་བོན་ནི་ཧཱུཾ་ངོ་།། འདིས་ནི་རྡོ་རྗེ་ར་བ་ལ་སོགས་པར་བསྙེགས ་སོ།། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི། རླུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་རོ།། ཟླ་བ་རྡོ་རྗེ་ཆོ་ག་ཡིས་ཞེས་བྱ་བ་ནི། མངོན་པར་བྱང་ཆུབ་པ་རྣམ་པ་ལྔ་ཞེས་བྱ་བར ་བསྙགས་སོ།། འདས་ན་འདི་བརྗོད་དུ་སྟེང་དང་སྐྱེང་དུ་བསྒོམས་པས། རླུང་དང་མེ་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་རི་ར་བའོ།། དེའི་སྟེང་དུ་སྣ་ཚོགས་པདྨ་རྡོ་རྗེས་མཚན་པ་དེའི་ནང་དུ་ཆོས་ཀྱི་ནང་དུ ་གནས་པ་སྟེ། རྣམ་པར་སྣང་མཛད་ཡོངས་སུ་གྱུར་པ་གྲུ་བཞི་པ་ལ་སོགས་པ་དང་ལྡན་པའོ།། གྲུ་བཞི་པ་ལ་སོགས་པ་ནི་འཆད་པར་འགྱུར་བའི་ཕྱིར། ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ་ཞེས་བྱ་བ་དང་སྦྱར་རོ།། དེའི་དབུས་སུ་ཞེས་བྱ ་བ་ལ་སོགས་པའི་གཞུང་དང་ད་ནི་སྦྱར་བར་བྱའོ།། དེ་དང་དེའི་ཁང་པ་རྩེགས་མའི་དབུས་སུ་པདྨ་དཀར་པོའོ།། ད་ནི་པདྨའི་སྟེང་དུ་དང་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཟླ་བའི་ཆོ་གས་རྡོ་རྗེ་མཁའ་གྲོ་མ་བསྒོམ་པར་བྱའོ།། ཞེས་བྱ་བར ་སྦྱར་རོ་ཞེས་བྱ་བར་དགོངས་སོ།། དེ་ཉིད་གསུངས་པ། ཕྱག་བཞི་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཧྲཱིཿལས་བྱུང་བ་ཞེས་བྱ་བ་ནི་དེ་དང་ཧྲིཿཡོངསུ་གྱུར་པའི་རལ་གྲིའི་ཁུ་ཚུ་རཱ་ལ་དེས་བྱིན་གྱིས་བརླབས་པ་ཡོངསུ་གྱུར་པའོ།། ་འཆད་པར་འགྱུར་བའི་ཕྱིར་འདི་ནི་རྡོ་རྗེ་མཁའ་འགྲོ་མའི་འཁོར་ལོའོ།། དེ་ཉིད་ནི་མཁའ་འགྲོ་མའི་འཁོར་ལོ་ཞེས་གསུང་སོ།། འཇིགས་པ་ཡང་ནི་འཇིགས་མཛད་མ་ཞེས་བྱ་བ་ནི། འཇིགས་པར་བྱེད་པ་ནི་གང་གི་ཕྱིར་འཇིགས་པ ་སྟེ། བདེ་བྱེད་མ་ལ་སོགས་པའོ།། དེ་དག་ཀྱང་འཇིགས་པར་མཛད་པའི་མཁའ་འགྲོ་མའི་འཁོར་ལོ་བསྒོམ་པར་བྱའོ།། དེ་ཉིད་གསུངས་པ་གྲུ་བཞི་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདིར་ཡང་མན་ངག་ནི་རྟ་བབས་མེད ་པའོ།། ཆར་གྱི་སྒྲུབ་ཐབས་ཀྱི་དོན་གསུངས་པ། ཕྱི་མ་དེ་མ་ཐག་ཏུ་ཡང་ཞེས་བྱ་བ་སྟེ། ཀླུ་ལ་སོགས་པའི་དགོད་པ་ལ་སོགས་པའོ།། དེའི་ཀླུང་གི་མཚམས་སུ་རྫིང་བུ་བྱའོ་ཞེས་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཉན ་རྣམས་འཚེད་པར་བརྩོན་ཞེས་བྱ་བ་ནི། ཉ་རྣམས་གཙོད་ཅིང་དུམ་བུ་ར་ཟ་ཞེས་བྱ་བ་ཇི་སྙེད་པའོ།། རྒྱ་མཚོ་སྐད་ཅིག་འཁྱིལ་བ་དང་། རླབས་དང་དཔའ་རླབས་ཅ་ཅོ་དང་། ཞེས་བྱ་བའི་མཐར་རྫིང་བུའི་ཁྱད་པར་རོ།། ཐམས་ཅད་དུ་འདི ་ལ་འདོད་རིས་ཀྱི་ཕྱིར་ཚནྡོའི་ཚིག་མ་མཐོང་ངོ་།། རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་བྲི་བ་དང་བསྒོམ་པ་སྟེ། རང་གིས་ནི་མཆོད་པ་ལ་སོགས་པར་བལྟ་བར་བྱའོ།། ཆོ་ག་འདིར་ནི་ཞེས་བྱ་བ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་བའི་ཆོ་ག ་ནི་རིག་མ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་མ་ཆེན་མོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མ་སྟེ། དེ་དང་འཁོར་ལོའི་དབུས་སུ་མཁའ་འགྲོ་མའི་འཁོར་ལོ་ཞེས་གོང་དུ་གསུངས་པའི་ཕྱིར་རོ།། ཀླུའི་རྒྱལ་པོ་དེ་ནས་དགོད་ཅེས་བྱ་བ་ནི། ་རིགས་ཀྱི་གཅིག་གི་ཚིག་གོ།། དགོད་ཅེས་བྱ་བ་ནི། ཤར་ལ་སོགས་པའི་ཕྱོགས་རྣམས་དགོད་པ་སྟེ། མཐའ་ཡས་ལ་སོགས་པ་དགོད་དོ་ཞེས་བྱ་བའི་དོན་ཏོ།། མགོ་གཉིས་ཞེས་བྱ་བ་ལ་སོགས་པ་ནི། སྒོ་བཞི་པོ་རྣམསུ་ཀླུ་གཉིས་གཉིས་ཀྱི ་མགོ་བོ་གཉིས་ཀྱི་མགོ་བོ་གཉིས་དང་མགོ་བོ་གཉིས་སུ་འདོད་དོ་ཞེས་བྱ་བར་བལྟ་བར་བྱ་སྟེ། མགོ་བོ་གཉིས་གཉིས་ཤེས་བྱ་བའི་དོན་ཏོ།། དེ་ཡང་རྒྱལ་བ་ལ་སོགས་པའི་ཀླུ་རྣམས་དེ་བཞིན་དུ་སྒོ་རྣམས་སུ་དང་མཐའ་མ་མཚམས་རྣམས ་བསྐོར་བར་བྱ་ཞིང་། ཀླུ་གཉིས་གཉིས་ཀྱི་སྦྲུལ་མགོ་གཉིས་གཉིས་བཏེག་པ་སྒྲོ་དང་སྐོར་བཞག་པའོ།། ཐ་མ་ཞེས་བྱ་བ་ནི་ཐ་མའི་རྔམ་དག་གིས་མཚམས་དང་མཚམས་སུ་ཕར་དུན་དུ་དཀྲི་བར་བྱའོ་ཞེས་བྱ་བར་དགོངས ་སོ།། དེ་ལ་ཡང་ཤར་གྱི་སྒོར་རྒྱལ་བ་དང་བཟང་པོའོ།། བྱང་དུ་དཔལ་དང་དགའ་བའོ།། ནུབ་ཏུ་བཟང་པོའི་ཆར་དང་སྡུག་པའོ།། ལྷོ་ལ་མྱུར་བ་དང་དབྱངས་སོ།། འདི་ཡང་མཐའ་ཡས་ལ་སོགས་པའི་མངག་སྟེར་བར་གྱུར་པའོ།། རྒྱལ་བ་དུང་དཔ ་དང་དགའ་བ་དང་ཆར་བཟང་པོ་དང་སྡུག་པ་དང་མྱུར་བ་དང་དབྱངས་དང་བཟང་པོ་དག་ཕན་ཚུན་རྔ་མ་དཀྲིས་པའོ།། ཤར་དུ་ཞེས་བྱ་བ་ནི། པདྨའི་དབུས་སུ་རྡོ་རྗེ་མཁའ་འགྲོ་མས་མནན་པའི་ཤར་གྱི་འདབ་པ་ལའོ།། མཐའ་ཡས་སྦྲུལ་མགོ ་བདུན་པའི་གདོང་ཅན་ཞེས་བྱ་བ་ནི། ཀླུ་རྣམས་ཅད་ལ་ཡང་མཚུངས་སོ།། ཀླུ་མོ་གཉིས་སུ་གནས་པ་ཞེས་བྱ་བ་ནི། ཀླུ་མོ་རྣམས་སོ་སོར་ཀླུ་རྣམས་ཀྱི་ངོས་གཉིས་སུ་གནས་པ་ཞེས་བྱ་བའི་དོན་ནོ།། འདི་རྣམས་ཀྱང་སྦྲུལ་མགོ་གསུམ ་ཉིད་དེ་དེ་ཡང་གོང་དུ་གསུངས་པ་ཁོ་ནའོ།། ལག་པ་དག་མཚོ་སྐྱེས་ཀྱིས་བྲེལ་བ་ཞེས་བྱ་བ་ནི། གང་དག་གི་ལོག་པ་མཚོ་སྐྱེས་ཀྱིས་བྲེལ་བ། དེ་དག་གི་ལག་པ་དག་མཚོ་སྐྱེས་ཀྱིས་བྲལ་བ་ཞེས་བྱ་བའི་དོན་ཏོ།། བྱང་དུ་ཞེས་བྱ་བ་ལ་སོགས་པ ་ནོ། ནོར་རྒྱས་ཀྱི་བུ་ལ་སོགས་པའི་དགོང་པ་གསུངས་ཏེ། དེ་ཡང་ག་སླའོ།། སྔོན་དུ་གསུངས་པའི་རིམ་པས་བྲི་བར་བྱའོ།། ཇི་ལྟར་མཐའ་ཡས་སྦྲུལ་མགོ་བདུན་པ་སོགས་པ་དང་ལྡན་པ་དེ་བཞིན་དུ་ནོར་རྒྱས་ཀྱི་བུ་ལ་སོགས་པ་ཡང་འདི ་དོན་ཏོ།། ཀླུ་བརྒྱད་པོ་རྣམས་ཀྱིས་ཞེས་བྱ་བ་ནི། ཀླུ་བརྒྱད་པོ་རྣམས་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། སྤྲིན་གྱི་དབང་ཕྱུག་གི་རྒྱལ་པོ་ཆེན་པོ་ཕྱོགས་བརྒྱད་ནས་བཀུག་ཅེས་བྱ་བ་ནི། ཤར་ལ་སོགས་པའི་ཕྱོགས་བརྒྱད་པོ་རྣམས ་སུ་སྦྱིན་གྱི་རྒྱལ་པོ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ།། བཀུག་ཅེས་བྱ་བ་ནི། འདིའི་དོན་ནི་རྣམ་པར་དཔྱད་ཅེས་བྱ་བའི་དོན་ཏོ།། ལྷ་གང་ཞེ་ན་སྒྲ་སྒྲོགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་གྱི་སྒོ་ལ་སྒྲ་སྒྲོགས་སོ།། བྱང་གི ་སྒྲོ་ལ་ནི་རྒྱལ་བ་དང་། ནུབ་ཏུ་ནི་འཇིགས་པའོ།། ལྷོ་ལ་ནི་འགུགས་པའོ།། འདི་རྣམས་ཀྱང་མཐའ་ཡས་ལ་སོགས་པ་རྣམས་དང་། སྟོབས་ཀྱི་རྒྱུའི་མཐར། གོ་རིམ་བཞིན་དུ་དེའི་འདོག་དང་བཅས་པའོ།། དབང་ལྡན་དུ་ནི་གཏུམ་པོའོ།། ་མེར་ནི་ཆར་པའོ།། བདེན་བྲལ་དུ་སྔོན་གྱི་རབས་སོ།། རླུང་དུ་གཡོ་བའོ།། འདི་རྣམས་ཀྱང་གོ་རིམ་བཞིན་དུ་དུང་སྐྱོང་ལ་སོགས་པའི་མདོག་གོ།། སྟེང་དུ་སྦྲུལ་མགོ་གཅིག་པ་སྦྲུལ་གྱི་རྣམ་པའོ།། འོག་ཏུ་ནི་སྤྲིན་གྱི་ལུ་སོ།། རྒྱལ་བ་ལ་སོགས་པ ་ནས་དབྱངས་ཀྱི་མཐར། ཀླུ་གཉིས་གཉིས་ཀྱི་སྒོར་བ་ཞག་པར་བྱ་སྟེ། དེས་ནི་སྤྲིན་གྱི་རྒྱལ་པོའི་ནང་དུ་འཇུག་པར་བརྗོད་དོ།། ཞེས་མན་ངག་གི་དོན་ཏོ།། ཀླུ་ནི་རྒྱལ་བ་ལ་སོགས་པའོ་ཞེས་གསུངསོ།། དེ་ཡང་རྣམ་པར་དབྱེ་བ་མེད་པའོ།། ་དབྱངས་ཤེས་བྱ་བ་ནི་སྒྲའོ།། གཞན་ལ་ཡང་དེ་ལྟར་ཨའི་རྣམ་པའི་མཐའོ།། སྤྲིན་གྱི་རྒྱལ་པོ་ཞེས་བྱ་བ་ནི་གོ་སླའོ།། རྒྱལ་བ་ལ་སོགས་པ་གཉིས་གཉིས་ཀྱི་གོ་རིམ་བཞིན་དུ་གཟུང་ནས་དཀྱིལ་འཁོར་གྱི་ཤར་ལ་སོགས་པ་སའི་མདོག། ་གང་དྲུག་སུངས་པ་དགུག་སྡུགས་དང་ཕྱག་ཏུངགགས་ཀུརྣམས་དང་བླན་རྣམས་དདུག་པ་ས་ལགས་པབྱདང་། ཁམཔ་བྱའམ་བསྒྱང་མུན་པར་དྲུག།། མརྟག་དང་བདུག་པ་མ་མགས་འམཚང་བ་ལ་ཡང ་ཨོཾ་བྷ་དྷཱུ་བཿས་ཧཱ་ཞེས་བྱ་བའི་སྔགས་ཀྱིས། རིམ་ཟེ་བྱེད་པའི་ཐམས་ཅད་ལ་གསོང་གཏོར་བྷའོ།། བདག་ཉིད་དུང་འཐོར་འཐུང་བྱའོ།། མཐའ་ཡས་ལ་སོགས་པའི་ཀྵ་བནྡྷ་ལ་པྟཱཀཱརྦྷ་སྦྱིན་པར་བྱ་སྟྭ~ཾ། ཇི་ལྟར་ལག་པ་གཡོན་པའི་ཁྲུ་ཚུར་ལ ་མཉྫུ་བོ་དང་མྱཉེ་ཆུང་བརྐྱང་བ་ལ་ལག་པ་གཡས་པའི་གྲུ་མོ་བཞག་སྟེ་གཡས་པའི་ལག་པ་སྦྲུལ་མགོའི་རྣམ་པར་གཟུང་བའོ།། སྤྲིན་གྱི་ཕྱག་རྒྱ་ནི་ལག་པ་གཉིས་དག་གིས་འདོང་པ་བསྐོར་བར་བྱ་སྟེ། ཕྱོགས་བརྒྱད་དུ་བསྟན་པའོ།། ་འདིའི་སྔགས་ནི་ཨོཾ་གྷི་ལི་གྷི་ལི་བ.རཱ་བཪྵ་པ་ཡ་ཧཱུཾ་ཧཱུཾ་ཧཱུ་ཧོ་ཧོ་ཧེ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱ་བ་ནི་འདིའི་ཕྱག་རྒྱ་གཉིས་ཀྱི་སྔགས་སོ།། ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་དམ་ཚིག་གི་མཁའ་འགྲོ་མ་རྣམས་ལ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བས ་གཞུག་པ་ལ་སོགས་པ་བྱས་ནས་སྔགས་བཟླ་བར་བྱའོ།། ཨོཾ་བཛྲ་ཌཱ་ཀི་ནི་བཪྵ་བཪྵ་པ་ཡ་ཧཱུཾ་བྷུ་སྭཱ་ཧཱ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་མའི་སྔགས་སོ།། ཨོཾ་གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པས་ནི་སྤྲིན་རྣམས་ཀྱིས་འདི་ལྟར་ཆར ་འབེབས་པར་འགྱུར་རོ།། ཡང་ན་ཕྱག་རྒྱ་མ་བྱས་པར་སྔགས་བཟླས་པར་བྱའོ།། མཁའ་འགྲོ་ཐམས་ཅད་མཉམ་སྦྱོར་བ།། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་ཅེས་བྱ་བ་ནི་གོ་སླའོ།། རྣལ་འབྱོར་གཞན་གསུངས་པ། བྱིན་ཟ་ཞེས་བྱ་བ་ལ ་སོགས་པ་ནི་བུད་མེད་ཀྱི་ཐོད་པ་གཉིས་ལ་འགིའུ་ཝང་གིས་མེའི་དཀྱིལ་འཁོར་གྲུ་གསུམ་རྩེ་མོ་བདུན་པ་ཅན་གཉིས་བྲི་བར་བྱའོ།། འདི་ཉིད་གསུངས་པ། བུད་མེད་ཅེས་བྱ་བ་ལ་བུད་མེད་ཡང་དག་པར་ཤེས་པར་བྱ་བ་ནི། བུད་མེད ་ཅེས་བྱ་བ་སྟེ་དེ་ནི་རང་གི་དོན་ཅན་ནོ།། སྟེང་དང་འོག་གི་དབྱེ་བས་ཞེས་བྱ་བས་ནི། སྟེང་དང་འོག་དག་སྟེ། དེ་དག་གི་དབྱེ་བ་ནི་སོ་སོར་འགྱུར་ཞིང་སྟེང་དང་འོག་གི་ཐོད་པ་དག་ལ་བྲི་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ནས་ཁྲག་ནི ་བ་ལང་གི་འགིའུ་ཝང་གིས་བྲིས་མེའི་དཀྱིལ་འཁོར་གཉིས་ཀྱི་གྲུ་གསུམ་རྣམས་ལ་ཀྵཾ་བྲི་བར་བྱའོ།། དཀྱིལ་འཁོར་གྱི་ནང་དུ་ཕྱོགས་དང་མཚམས་སུ་ཧྲིཿབརྒྱད་བྲི་བར་བྱའོ།། དེ་ཉིད་གསུངས་པ། ཀྵ་དང་ཧྲིཿའི་རྣམ་པ་ཕྱོགས་སུ ་ཞེས་བྱ་བ་ནི། མཚམས་ཀྱི་ཕྱོགས་སུ་ས་བོན་དགོད་པ་ནི་མནྡ་ངག་ལས་ཤེས་པར་བྱའོ།། ཧྲཱིཿབརྒྱད་ཀྱི་དབུས་སུ་ལྷ་བྱིན་མ་ཁུག་ཅིག་ཅེས་བསྐུལ་བའི་ཚིག་རྐང་ངོ་།། དེ་ཉིད་གསུངས་པ། དབུས་སུ་སྒྲུབ་བྱའི་བུད་མེད་ཀྱི ་མིང་ཀུན་ཞེས་བྱ་བ་ནི། དབུས་སུ་བདུན་པ་མཆིས་པའོ།། ཕྱི་རོལ་དུ་རི་མོ་གསུམ་གྱིས་བསྐོར་བ་ཞེས་བྱ་བ་ནི་མེའི་དཀྱིལ་འཁོར་གཉིས་ཀྱི་ཕྱི་རོལ་དུ་རི་མོ་གསུམ་གྱིས་བསྐོར་བའོ།། ཕྱི་རོལ་ཞེས་བྱ་བ་ནི་ཕྱིས་ཏེ་རྣམ་པ ་དབྱེ་བ་མེད་པ་ཅན་ནོ།། རི་མོ་གསུམ་གྱིས་བསྐོར་བ་ནི། མོ་ཛེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ལྷག་མ་ནི་གོ་སླའོ།། ཡུངས་མར་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་རྡོ་རྗེ་སེམས་དཔའ ་དང་སྦྱར་རོ།། དབེན་པ་ཞེས་བྱ་བ་ནི་སྐྱེ་བོ་དང་བྲལ་བའི་གནས་སོ།། འདིས་ནི་འདི་བརྗོད་དེ་རྡོ་རྗེ་སེམས་དཔའ་ཡུངས་མར་གྱིས་བྱུགས་ཏེ་བརྡུངས་ལ་དབྱེན་པའི་ཕྱོགས་སུ་བསམ་ཞིང་རང་ཡང་དེ་ཉིད་དུ་གནས་ཏེང ་རྒྱལ་དང་བཅས་པར་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པས་ལྷའི་རྒྱལ་པོ་ཆེར་འབེབས་པར་འགྱུར་རོ།། ཇི་ལྟར་བཟླས་ཤེ་ན། ཀུན་ཅེས་བྱ་བ་ལ་སོགས་པ་གསུས་སོ།། རྗེས་སུ་འབྲང་ཞེས་བྱ་བ་ནི་ལས ་ཀྱི་རྡོ་རྗེ་སྟེ། གང་གི་རྗེས་སུ་འབྲང་བ་ཀུན་ཞེས་པ་དེ་ནི་དེ་ལྟ་བུའོ།། རྗེས་སུ་འབྲང་བའི་ཕྱོགས་ལ་ཡང་དོན་འདི་ཉིད་དོ།། བོས་པས་ཞེས་བྱ་བ་ནི་ང་རྒྱལ་དང་བཅས་པའོ།། འདོད་པ་ཞེས་བྱ་བ་ནི་ཆར་སྟེར་བའི་སེམས་སོ།། ཆུ་སྦྱིན ་ཕྱོགས་སུ་ཞེས་བྱ་བ་ནི་གང་གི་ཁ་ཤར་ཕྱོགས་ལས་ཅུང་མེའི་མཚམས་སུ་དམིགས་པ་དེ་ནི་དེ་ལྟ་བུའོ།། འདིར་ཡང་དབང་པོས་ཆར་འབེབས་པར་འགྱུར་ཞེ་ན། དབང་པོ་ལ་སོགས་པ་གསུངས་ཏེ། སྤྲིན་དུ་གྱུར་པས་དབང་པོ་ཆེར ་འབེབས་སོ་ཞེས་བསྟན་པའི་ཕྱིར་རོ།། གལ་ཏེ་ཆར་མི་འབབ་ན་དེའི་ཚེ་ཕྱག་ན་རྡོ་རྗེའི་སྔགས་བཟླ་བར་བྱའོ།། དེ་ཉིད་ནི་མིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་ཕྱག་ན་རྡོ་རྗེའི་སྔགས་ཏེ། ཕྱག་ན་རྡོ་རྗེ་སྟེ་སྔགས་དང་ལྷ ་ངག་ཐ་མི་ངད་པའི་ཕྱིར་རོ།། ཡང་ན་དོན་ཇི་ལྟ་བ་བཞིན་དུ་དེས་བསྒོམ་པ་དང་བཟླས་པས་ཀྱང་སྔགས་ཀྱི་གཟུགས་ཀྱིས་དེ་ཆར་འབེབས་སོ་ཞེས་བྱ་བར་དགོངས་འདི་ཉིད་གསུངས་པ། བཟླས་ཞེས་བྱ་བ་ལ་སོགས་པའོ།། དེའི་སྔགས ་ཞེས་བྱ་བ་ནི། དཔལ་ཕྱག་ན་རྡོ་རྗེ་དེའི་སྔགས་ཏེ། དེའི་སྔགས་བཟླས་པར་བྱའོ།། དེ་ནས་ཇི་སྐད་གསུངས་པར་འགྱུར་རོ།། སྔགས་ནི་ཨོཾ་ན་མོ་ནཱི་ལ་ཞེས་བྱ་བ་ལ་སོགས་པའོ།། དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་ནག་པོ་ཧཱུཾ་ལས་བྱུང་བ་ཕྱག་གཉིས་ན། ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ། འདོད་པའི་གཟུགས་འཛིན་ཅིང་། སྔགས་ལས་གསུངས་པའི་གཟུགས་སོ།། གླང་པོའི་དབང་པོ་ཞེས་བྱ་བ་ལ་སོགས་པ་ནས་སྔགས་བཟླས་ཞེས་བྱ་བའི་མཐར་ཚིགས་བཅང་གཅིག་གིས་རབ་ཏུ་སྦྱོར་བ ་གཉིས་སོ།། གླང་པོ་དབང་པོ་ཞེས་བྱ་བ་ནི། སྦྲུལ་གདོང་གཉིས་པའོ།། དེའི་ལུས་ནི་ཤ་སྟེ། དེའི་ཤ་དང་ཁྲག་དང་དེས་ཁམ་ཕོར་ལ་ཀླུ་མཐའ་ཡས་ལ་སོགས་པས་གོང་མ་བཞིན་དུ་མངོན་པར་བྲིས་པའོ།། དེ་ཉིད་གསུངས་པ། ཁམ་ཕོར ་ཞེས་བྱ་བ་ནི་རྫའི་སྣོད་ངོ་།། གང་དུ་བཞག་ཅིང་གདུང་བར་བྱ་ཞེ་ན། ན་མཁར་ཞེས་གསུངས་ཏེ་བར་སྣང་ལ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་སོལ་བ་ལ་སོགས་པའི་སྦྱོར་བ་མེད་པར་གྱུར་པ་དེ་བཞིན་དུ། ཁམ་ཕོ་ར་ལ་ཀླུ་བྲི་བར་བྱས་ཏེ། ཀ་དམྦྷ ་ཤིང་གི་མེས་སྒྲུབ་ཅིང་གདུང་བ་ཞེས་བྱ་བ་ལ་སོགས་པར་དགོངས་སོ།། ཅིའི་དོན་དུ་ཞེ་ན་གསུངས་པ། ཆར་པ་ལ་ཞེས་བྱ་བ་ནི་རྒྱུ་མཚན་གྱི་བདུན་པའོ།། ཅིང་འགྱུར་ཞེ་ན། སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒོང་པ་བརྒྱད་པ ་ལ་སོགས་པའི་སྔགས་སམ་གཞན་བཟླས་པར་བྱ་བའི་ཕྱིར། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། མེ་ཏོག་རྙིང་པས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་དང་འབྲེལ་བའི་སྤྲིན་རྣམས་ལ་བདུག་པར་བྱ་བའི་ཕྱིར། སྤྲིན ་ལ་ཁ་བལྟས་ཏེ་བདུག་པ་སྤྱད་པར་བྱུ་ཞེས་བྱ་བ་དུན་ཏོ།། ཇི་ཝཱ་ཞེ་ན།། ཁྱམ་འས་བྱུང་ལ་སྔགས་པ་ཀླས་ས་ཏྭ། ལྷྭམ་གྱི་སྐྱེང་དུ་བདུགས་ནས་ཕྱུགས་ཀྱིགས་དང་ས་འཇུག་པར་ཥྚསྨན་སྣ་སྔག་ས་དྡྷ ་བྱཱསྟེ། དེ་ནས་ཆར་འཆང་པར་འགྱུར་རོ་ཞེས་བྱ་བའི་དོན་ནོ།། དུག་ལ་སོགས་པས་ཞེས་བྱ་བ་ནི་ཁམ་ཕོར་སོ་ལ་བཏང་བ་གཉིས་ལ་མེའི་དཀྱིལ་འཁོར་རོ།། དེ་ནས་རླུང་གི་དཀྱིལ་འ། པནས་དབ་ཆེན་གྱི་དཀྱིལ་འཁོར་ཏེ། ་རཾ་དང་ཡཾ་དང་ལམ་ལས་རྫོགས་པ་རྣམས་གོ་རིམ་བཞིན་དུ་ཤེས་པར་བྱའོ།། དཀྱིལ་འཁོར་གསུམ་གྱི་དབུས་སུ་ཡང་ཆུའི་དཀྱིལ་འཁོར་གྱི་དབུས་སུ་སོན་པ་ཆུ་སྐྱེ་དབ་མ་བརྒྱད་པ་བྲི་བར་བྱས་ནས། སྙིང་པོའི་འདབ་མ་བརྒྱང་ལ་ཧཱུཾ ་གཉིས་ཀྱིས་གཟིར་བ་ནི། ངོས་གཉིས་པོ་རྣམས་སུ་ཀླུའི་ས་བོན་ནཱ་དགུ་རྣམས་ཏེ། ཧཱུཾ་ནི་བརྒྱད་དོ།། མཚོ་སྐྱེས་ཀྱི་ཕྱི་རོལ་ཏུ་རི་མོ་གཉིས་བྱས་ལ། དེའི་དབུས་སྐུ། ཨོཾ་བཛྲ་ཀྲ་དྷ་ཞེས་བྱ་བ་ལ་སོགས་པའི་སྟོབས་པོ་ཆེའི་སྔགས་བྲི་བ ་བྱའོ།། དེ་ནས་ཁམ་ཕོར་གཉིས་ལ་སྟོབས་པོ་ཆེའི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་བྱས་ནིས། མེ་ཏོག་ནག་པོ་ལ་སོགས་པས་མཆོད་ཅིང་། སྐུད་པ་སྔོན་པོས་དཀྲིས་ཏེ་ཀུའི་གནས་སུ་གཞུག་པར་བྱའོ།། དེ་ཉིད་ནི་བྲི་བར་བྱ་ཞེས་བྱ་བ ་ལ་སོགས་པ་གསུངས་སོ།། དུག་ལ་སོགས་པ་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་རིམས་དང་ཀླུ་འདུལ་བ་ལ་སོགས་པའི་ཁུ་བའོ།། ས་བོན་གྱིས་ཞེས་བྱ་བ་ནི་ནཱཾ་ལ་སོགས་པ་རྣམས་ཀྱིས་སོ།། ཧཱུཾ་ད་གུའི་ཆོ་ག་དག་གིས་ནཽ་ཞེས་བྱ་བ་ནི ་གལ་ཏེ་ངོས་གཉིས་སུ་གནས་པས་ཧཱུཾ་བཅོ་བརྒྱད་དེ།། དེ་བཞིན་དུ་ངོས་ཅིག་ཏུ་གནས་པའི་ཧཱུཾ་རྣམས་ཀྱི་གྲངས་མཛད་པའོ།། ཇི་ལྟར་གསུངས་པ་ཞེས་བྱ་བ་ནི་ལེའུ་བཞི་པར་གསུངས་པ་སྟེ། སྟོབས་པོ་ཆེའི་རྣལ་འབྱོར་གྱིས་འདི་དག ་ཐམས་ཅད་བྱའོ།། མན་ངག་ཧཱུཾ་ལས་ལས་སྐྱེས་པའི་སྟོབས་པོ་ཆེ་ཕྱག་དྲུག་པ་རྩེ་མོ་གསུམ་དང་རལ་གྲི་དང་པདྨ་དང་རིན་པོ་དང་། རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། ཉི་མ་ལ་བཞུགས་པ་ཉི་མའི་འོད་ཟེར་ཅན། གདན་ལ་གཡས ་བརྐྱང་བས་བཞུགས་པ་ཞལ་གསུམ་པའི་རྩེ་བ་དང་། གཡས་པ་དོང་གཡོན་པ་ནི་གནག་པ་དང་། དཀར་ནག་དང་དམར་པོ། སྤྱན་གསུམ་པ་དབུ་སྐྲ་སེར་པོ་གྱེན་དུ་འབར་བ། སྦྲུལ་གྱི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་དང ་ལྡན་པར་བསྒོམ་པར་བྱའོ།། གཏུམ་པའི་ས་བོནྡ་ཞེས་བྱ་བ་ནི་སྐེ་ཚེའི་ས་བོན་ནོ།། ལྷག་མ་གོ་སླའོ།། ད་ནི་ཕྱག་ན་རྡོ་རྗེའི་སྔགས་གསུངས་པ། ཨོཾ་ན་མོ་ནཱི་ལ་ལ་སོགས་པའོ།། འདིའི་སྔགས་ནི་གོ་སླའོ།། ཀླུ་ཐམས་ཅད་འགུགས་པ་སྟེ་དེ ་ཡང་སྔགས་དང་ཕྱག་རྒྱ་ལ་སོགས་པའི་མཚན་ཉིད་དོ།། དེའི་རྗོད་པར་བྱེད་པ་པོ་ནི་ལེའུ་སྟེ་གསུམ་པའོ།། ། རྡོ་རྗེ་མཁའ་འགྲོའི་རྣམ་འགྲེལ་ཏེ་ལེའུ་གསུམ་པའོ།། ། དེ་ནི་མ་གསུངས་པ་རྟོགས་པར ་བྱ་བའི་དོན་དང་། གསུངས་པའི་ཡང་ལས་རྒྱས་པ་ཁ་བསྐང་བའི་དོན་དུ་ལེའུ་བཞི་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེའི་ལས་རྒྱས་པར་བཤད་མ་ཐག་པའི་མཐར་རོ།། བཅོམ་ལྡན་འདས་ཞེས་བྱ ་བ་ནི། བཅོམ་ལྡན་འདས་ལ་ཞེས་གཉིས་པའི་དོན་ལ་དང་པོ། ཡང་ཞེས་བྱ་བ་ནི། ལས་རྒྱས་པ་གོང་དུ་གསུངས་པ་གསལ་བར་རོ།། འདི་སྐད་ཅེས་བྱ་བ་ནི། འཆད་པར་འགྱུར་བའོ།། དེ་ནས་བཅྡོཾས་ལ་ཕྱག། ་ཚལ་ཏེ། སྡོ་མ་འཆད་པར་འགྱུར་བ་ཞུས་པའོ།། ཅི་མཛད་ཅེ་ན་ཞེས་བྱ་བ་ལ་སོགས་པ་ལ་མཆོད་པ་ནི་ཕྱི་རོལ་དང་གསང་བའི་ངོ་བོ་གསོལ་ཏོ།། ཞེས་བྱ་བ་ནི་འདིའི་དོན་ཞུས་པའོ།། བཤད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་ནི ་ཆར་དབབ་པ་དང་གོང་བུ་དགུག་པ་ལ་སོགས་པའི་ལས་ཀྱི་ཚོགས་སོ།། དེ་ནས་ཞེས་བྱ་བ་ནི་ཞུས་མ་ཐག་ཏུའོ།། རིག་རྒྱལ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ།། རིག་པ་རྣམས་ནི་ཆར་དབབ་པ་ལ་སོགས་པའི་སྔགས་ཏེ། བསྟན་པས ་རྒྱལ་པོ་ཞེས་བྱ་བར་བྱས་པའོ།། གྷི་ལི་གྷི་ལི་ལ་སོགས་པའི་མཚན་ཉིད་དུ་བརྗོད་དེ། ཟུར་བཅག་པས་ལེགས་པར་སྦྱར་བ་མཚོན་པའོ།། དེ་ཡང་འཆད་པར་འགྱུར་བའོ།། དེ་ཡང་གྷི་ལི་གྷི་ལེ་ཞེས་བྱ་བ་ལ་སོགས་པ་དང་། ་བཛྲཱ་ཌཱ་ཀི་ནི་བྲྀ་རི་སཱ་བ་རཱི་སཱ་བཱ་ཨི་ཧུཾ་བ་བྷཱུ་སྭཱ་ཧཱ་ཞེས་བྱ་བཟུང་བ་དང་། གྷི་གྷི་ལཱི་བ་རི་སཱ་བ་རི་སཱ་པ་ཡཱ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཋ་ཋ་ཐ་སཱ་སཱ་སྭཱ་ཧཱ་ཧཱ་ཧཱ་ཞེས་བྱ་བ་འདི་ནི་ལྷག་མ་ཡིན་ནོ།། ཋ་གསུམ་ནི་ཕཊ་གསུམ་གྱི་བརྡར་བརྗོད་དོ།། སཱ་ལས ་མཚན་མེམ་གཉིས་ཀྱིས་ནི་སའི་གཉིས་རྟོགས་པར་བྱ་བའི་དོན་ཏོ།། དེ་ལྟར་ཧའི་ཡང་མཚན་མ་གཉིས་སོ།། ཁཎྜཱནྡྲ་ཞེས་བྱ་བ་ནི་ཕྱག་འཚལ་བ་བཏུས་པའོ།། དེ་ནས་གསུངས་པ། ཏི་ལ་ཨ་བ་རི་ཨོཾ་སི་ཨོ་ཞེས་བྱ་བ་ནི་ཐིག ་ལེས་ཟླ་བ་ཕྱེད་པའི་སྟེང་དུ་གནས་པ་དེས། ཐིག་ལེ་ཡོངས་སུ་གསོས་པ་དང་བརྒྱན་པའོ།། འདི་ཅི་ཞེ་ན་གསུངས་པ། ཨོཾ་ཞེས་བྱ་བ་ནི། ཨོཾའི་རྣམ་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་འདིར་འགྱུར་ཏེ། ཨོཾ་གྷི་ལི་གྷི་ལི་བཪྵ་བཱ་ཪྵ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ ་ཕཊ་ཕཊ་སཽ་ཧཱ་ཞེས་པའོ།། གྷི་ལཱི་ཞེས་བྱ་བ་ནི་སྤྲིན་གྱི་མིང་སྟེ། འདི་ནི་སྤྲིན་བརྒྱད་པོ་རྣམས་ཀྱི་སྔགས་སོ།། དེ་ནས་གསུངས་པ། ཛཱ་ཧ་རུ་ཨནརྀ་ཨོཾ་ཞེས་བྱ་བ་ནི་ཆུ་འཛིན་པ་བརྒྱད་པ་སྟེ། དེ་ལ་གནས་པ་ནི་རྟག་ཏུ་སྤྱད་ཅིང་དེའི ་འབྲེལ་པའི་ཕྱིར་རོ།། ཨོཾ་བཛྲ་ཌཱ་ཀཾ་ནི་བཪྵ་བཪྵཱ་པ་ཡ་ཧུཾ་བྷཱུ་སྭཱ་ཧཱ་ཞེས་བྱ་བའོ།། འདི་ནི་རྡོ་རྗེ་མཁའ་འགྲོ་མའི་ཆར་འབབ་པའི་རྒྱུ་མཚན་གྱི་སྔགས་སོ།། དེ་ནས་ཌཱ་ཀི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་རྣམ ་ཀྱི་སྔགས་ནི་མཁའ་འགྲོའི་མའི་སྔགས་སོ།། མ་ཧཱ་མཱ་ཡཱཾ་སི་ཧོ་ཞེས་བྱ་བ་ནི་འདི་སྒྱུ་མ་ཆེན་མོ་སྟེ་མཁའ་འགྲོ་མ་ཐམས་ཅད་ཁོ་ན་དེའི་རང་བཞིན་གྱིས་སྔགས་སོ།། ཟུར་བཅག་པ་གཅིག་གི་མཚན་ཉིད་ཀྱིས་ལེགས་པར་སྦྱར་བ ་གཉིས་མཚོན་ཏོ།། ཨོཾ་གཅིག་གིས་ཀྱང་སྔགས་གཉིས་སུ་བལྟ་བར་བྱའོ།། ད་ནི་གོང་བུ་དགུག་པ་གསུངས་པ། ནམྦྷ་ཞེས་བྱ་བ་ལ་སོགས་པའོ།། ནག་པོ་ཆེན་པོ་རྗེ་སུ་འབྲང་བ་ཞེས་བྱ་བ་ནི། ནག་པོ་ཆེན་པོ་དང་ལྷན་ཅིག་སྤྱོད་པ ་ཕྱིར་ལྷ་ཆེན་པོའི་རྗེས་སུ་འབྲང་བའོ།། ན་མེ་དང་པོ་ནས་ཏདྱ་ཐཱ་ཞེས་བྱ་བའི་མཐར་གཞུང་འདི་ནི་སྔགས་མ་ཡིན་ནོ།། ཨོཾ་ཙ་ལ་པྲ་ཙ་ལ་ཞེས་བྱ་བ་ལ་སོགས་པ་ནི་དགུག་པའི་སྔགས་སོ།། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་སྔོན་གྱི་བསྟྲ། ་པ་འདིའི་སྔགས་ཁྲི་བཟླས་པ་བྱས་ནས། ལྷ་ཆེན་པོའི་དབྱིབས་དང་ཉེ་བར་སོང་སྟེ། བསྒྲུབ་བྱ་རླུང་གི་དཀྱིལ་འཁོར་ལ་ཞོན་ཞིང་རང་གི་སྙིང་ག་ནས་ཕྱུང་བའི་སྔགས་ཀྱི་འོད་ཟེར་དམར་པོ་རྣམས་ཀྱིས་དཀྲིས་ནས ་བཀུག་པར་བསམ་པར་བྱ་སྟེ། དེའི་སྔགས་མཚན་ཕྱེད་ན་བཟླས་པས་ངེས་པར་ཁུགས་པར་འགྱུར་རོ།། འདིར་བསྒྲུབ་པ་པོ་རྡོ་རྗེ་མཁའ་འགྲོ་དམར་པོའི་རྣལ་འབྱོར་པས་ཐུན་ཚོད་གསུམ་དུ་བདུན་རྣམ་བཅུ་གསུམ་མམ་བདུན་གསུམ ་གྱི་ཉི་མར་བཟླས་པ་ཡིན་ནོ།། ཡང་ན་ཇི་སྲིད་དུ་བསྒྲུབ་བྱ་མ་འོངས་པ་དེ་སྲིད་དུ་ཟླས་པར་བྱའོ།། ཨོཾ་ཙ་ལཱ་པྲཱ་ཙ་ལ་ལཾ་ལ་ལ་ལཱ་ཡ་དེ་བལླཱི་དེ་བ་དཏྟ་མཱ་ན་ཡ་སྭཱ་ཧཱུ~ཾ་ཞེས་ནང་དུ་གཞུག་གོ།། གཟུང་ཞེས་བྱ་བ་ནི་ཉེ་བར་གཟུང་སྟེ་འོང་བའི ་དོན་ཏོ།། གོང་བུ་དགུག་པ་ཞེས་བྱ་བ་ནི། གོང་བུའི་ལུས་དགུག་པའོ།། གང་ལ་བསྒྲུབ་བྱ་བ.རརོ་སྣང་ནས་རླུང་གི་དཀྱིལ་འཁོར་ལ་ཞོན་ནས་འོང་བ་དེ་ནི་གོང་བུ་དག་ཀཱ་པའོ།། ཨོཾ་ཙཱ་མུཎྜ་ཞེས་བྱ་བ་ལ་སོགས་པ་ནི་གཏུམ་མགོ་མའི་སྔག་སོ།། ་འདི་ལའང་རྡོ་རྗེ་འཁའ་འགྲོའི་རྣལ་འབྱོར་གྱིས་རྐང་པ་གཡོན་པའི་མཐིལ་དུ་ཨ་ལ་ཀ་ཏིའི་ས་རི་རབ་བྲིས་ཏེ། དེའི་ནང་གི་མཚམས་རྣམས་སུ་ཧྲིཿབཞིའི་དབུས་སུ་སོན་པར་བསྒྲུབ་བྱ་སྔགས་ཀྱི་ནང་དུ་སོན་པར་བྲིས་ནས་རྐང ་པ་དེས་ཚོང་གསུམ་དུ་ལྔ་ཆེན་པོའི་དབྱིབས་མནན་ཅིང་། དེ་བཞིན་དུ་དེ་ཉིད་ཀྱི་སྔགས་བཟླས་ཤིང་སྒྲུབ་པར་བྱ་བ་དགུག་པར་བྱའོ།། དབང་དུ་བྱེད་པ་ནི་ལྷ་བྱིན་བདག་གི་དབང་དུ་མཛོད་ཅིག་ཅེས་ནང་དུ་བཅུག་པའོ།། དབུག་པ ་ཅེས་བྱ་ནི་རྐང་པས་དགུག་པའོ།། དབང་དུ་བྱེད་པ་ཞེས་བྱ་བ་ནི་ནོར་དང་ལུས་ཀྱིས་སོ།། ད་ནི་མངོན་སྤྱོད་གསུངས་པ། སྐྱེས་བུ་ཡིས་ཞེས་བྱ་བ་ལ་སོགས་པ་ནི། གྲང་ཁོ་ནའི་རྫ་ངར་གྱི་སྟེང་གི་ཆང་ཉིད་ཀྱི་རུས་པ་སྟེ། དེ་ལ་སྟེ། ང་གི་ཚུ་ལ་ནི་ཚོགས ་ཀྱི་བདག་པ་གསུངས་པའི་མཚན་ཉིད་བསྐོས་ཏཱཾ། ཇི་སྐད་དུ་གསུངས་པའི་རྫས་རྣམས་ཀྱིས་གཅེས་ནས། སྔོན་དུ་ཁྲི་བཟླས་པ་བྱས་པས་སྟོབས་པོ་ཆེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པ་བྱས་པས་དེའི་རུས་པ་ཕུར་བར་བྱས་ཤིང་འོག་ཏུ་མདུང ་རྩེའི་རྣམ་པ་གང་གི་ཁྱིམ་གྱི་སྒོར་སྦས་པ་དེའི་བྱས་པ་ནི། དེ་བྱས་པ་སྟེ། བྱས་པའི་སྒྲས་ནི་ནད་ཀྱི་ཉེ་བར་འཆེ་བ་རྣམས་སོ།། དེའི་ལྗང་བ་ཞེས་བྱ་བ་ནི་ལངས་པ་དང་ཡང་དག་པར་སྐྱེས་པར་འགྱུར་བ་སྟེ་ཡུན་རིང་པོར་གནས་ཞེས་བྱ་བའི་དོན་ཏོ།། ་ལྷག་མ་ནི་གོ་སླའོ།། སྟོབས་པ་ཆེའི་སྔགས་གསུངས་པ། ཨོཾ་བཛྲཱ་ཞེས་བྱ་བ་ལ་སོགས་པའོ།། ཆུར་དབབ་པ་གསུངས་པ། སྒྲོགེ་མོ་ཞེས་བྱ་བ་ལ་སོགས་པ་ལ་གྲོག་མོ་ནི་རབ་ཏུ་གྲགས་སོ།། དེ་ལས་བྱུང་བའི་ས་ཡང་ཡིན་ལ་གྲོག་མོ ་ཡང་ཡིན་པ་འདི་ནི་གྲོགས་མོའི་སའོ།། བའི་ལྔ་ཞེས་བྱ་བ་ནི། བའི་ཞོ་དང་འོ་མ་དང་། མར་དང་གཅིན་དང་ལྕི་བ་རྣམས་སོ།། ཀ་ར་བཱི་རའི་ལྕུག་མ་ནི། ཀ་ར་བཱི་རའི་ཡལ་གཱའོ།། དཀར་གསུམ་གྱི་གཏོར་མ་ཞེས་བྱ་བ་ནི། ཞོ་དང་འོ་མ་དང ་སཱ་ལུའི་ཟན་ནི་དཀར་གསུམ་ཏེ། དེ་རྣམས་ཀྱི་གཏོར་མའོ།། དེས་ནི་འདི་དག་བརྗོད་པར་འགྱུར་ཏེ། རྡོ་རྗེ་ཧཱུཾ་མཛོད་ཀྱི་རྣལ་འབྱོར་པས་གྲོག་མོའི་ས་ལ་སོགས་པ་གསུངས་པའི་མཚན་ཉིད་ཀྱི་ནོར་རྒྱས་ཀྱི་བུ་སེར་པོའི་ཚད་བྱས་ཏེ། ཀ་ར་བཱི ་རའི་ཡལ་གས་བཀབ་ཅིང་རྒྱུན་མི་འཆང་པར་གུ་གུལ་གྱི་བདུག་པས་བདུག་ཅིང་། གོང་མ་ལྟ་བུར་དཀར་གསུམ་གྱི་གཏོར་མ་སྦྱིན་པ་དང་། ཡང་ནས་ཡང་དུ་ཀ་ར་བཱི་རའི་ཡལ་གས་བླངས་པའི་ཆུས་རྐང་པ་བརྒྱད ་པའི་སྔགས་བཏོན་པས། ཉི་མ་བདུན་ཏུ་གཏོར་བར་བྱའོ།། འདིར་ཡང་ཇི་སྐད་དུ་གསུངས་པ་བཞིན་དུ་འགྱུར་རོ།། ཁ་ཅིག་ན་རེ་ཐུན་ཚོད་གསུམ་དུ་གཏོར་མ་སྦྱིན་ནས། ནོར་རྒྱས་ཀྱི་བུ་དེ་ཁམ་ཕོར་ལ་སོགས་པར་བཞག་ཅིང་། མྱ་ངན ་མེད་པའི་ཡལ་གས་བཀའ་སྟེ། སྟེང་དུ་བུམ་པའི་བུག་པ་ཕྲ་བ་ནས་ཆུའི་རྒྱུན་འབབ་པས་རྒྱུན་མི་འཆང་པར་བླུགས་པ་དང་། གུ་གུལ་གྱི་བདུག་པས་བར་ཏུ་བདུག་པ་དང་། ཀ་ར་བཱི་རའི་ཡལ་གས་གཏོར་རོ་ཞེས་ཟེ་རོ།། ལྷག་མ་ནི་གོ་སླའོ།། ་ཧཱུཾ་བཞིའི་སྔགས་ཀྱིས་དེའི་བཟླས་པས་ཤེས་བྱ་བ་ལ། དེའི་ཞེས་བྱ་བ་ནི་ཆར་དབབ་པའོ།། ད་ནི་ཁ་རེངས་པར་གསུངས་པ། ཨོཾ་ག་ག་ཨཱ་རི་ག་ག་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱི་ས་བོང་བ་ལ་ལན་བདུན་བཟླས་པ་བྱས་པའོ།། གདོང ་བཀྲུས་ནས་ཤེས་བྱ་བ་ནི། སྔགས་འདིས་ཆུ་ལ་མངོན་པར་བསྔགས་པ་དེས། གདོང་བཀྲུས་ནས་བོང་བ་དེས་བྱི་བ་ལ་སོགས་པའི་ཁུང་བུའི་སྒོ་དགག་པར་བྱའོ།། ཇི་ལྟར་ཞེ་ན་གསུངས་པ། ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པ་ནི། ལྷ་སྦྱིན ་གྱི་ཁ་ཆིངས་ཤིག་ཅེས་བྱ་བའི་བསམ་པས་བརྗོད་དོ་ཞེས་བྱ་བའི་དོན་ཏོ།། དེ་ཅི་ཞེ་ན།། ཁ་ཞེས་བྱ་བ་ལ་སོགས་པོ་གསུངས་སོ།། ཡང་ན་གདོང་དཀྲུས་ནས་ཤེས་བྱ་བ་ནི། སྔ་མ་ཁོ་ནར་གདོང་བཀྲུས་ཏེང་བྱའོ་ཞེས་བྱ་བའི་དོན་ཏོ།། གླ་ན ་ལྕི་བ་མ་ལྷུང་བ་བླངས་པས། མུ་ཁ་ཏཥྚཱནྟི་ཞེས་བྱ་བ་ལ་སོགས་པའི་སྔགས་ལན་བདུན་བཟླས་པས། བྱིབས་ཁུང་བུ་གྱེན་དུ་བྱས་པའི་སྒོ་དགབ་པར་བྱའོ།། དེའི་ཁུང་བུ་ཞེས་བྱ་བ་ནི། དེའི་ཁུང་བུ་དེ་གང་གི་སྒོ་དེའི་ཁུང་བུའི་སྒོ་ཁོ་ནའོ།། ་དགབ་པར་བྱ་ཞེས་བྱ་བ་ནི། བཀག་པར་བྱ་ཞེས་བྱ་བའི་དོན་ཏོ།། སྔགས་འདི་དག་ལ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་རོ།། གང་ལས་གདོང་མ་བཀྲུས་པ་ཞེས་བྱ་བའི་ཚིག་རྐང་ནི་གོ་སླའོ།། ཡུངས་མར་ལ་སོགས་པ་བྱུག་པ་གསུངས་པ་ལེའུ ་གསུམ་པར་སོན་པོའི་རབ་ཏུ་སྦྱོར་བའི་སྔགས་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ནི་དང་པོར་ཡང་ཨཱ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ཡིན་ནོ།། ཡང་ཞེས་བྱ་བ་ནི་ཚིག་རྐང་ཡོངསུ་དགང་བའོ།། གལ་ཏེ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ནི་དང་པོ་ཡིན་ན ་ཕྱི་ནས་སརྦ་དྷརྨཱ་ཎཱཾ་ཚིག་རྐང་དུ་གལ་ཏེ་འགྱུར་རོ།། མཐའ་ཡང་རབ་ཏུ་སྦྱོར་བ་ཨཱདྱཱ་ནུཏྐནྨ་ཏཱ་ཏེ་ཞེས་བྱ་བའི་ཚི་གེ་རྐང་ངོ་།། དེ་ནས་ཨཽ་ཞེས་བྱ་བ་མན་ངག་ལས་སོ།། ཨཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱ་མཱ་དྱ་ནུཏྭེནྨ་ཏཱ་ཏ་ཞེས་བྱ་བའི་སྔགས་བཏུ ་བའོ།། བློ་གྲོས་ཆེན་མོ་ཞེས་བྱ་བ་ནི་ལྷ་མོ་ལ་བོད་པའོ།། གང་གི་བློ་གྲོས་ཆེན་མོ་དེ་ནི། དེའི་བློ་གྲོས་ཆེན་མོ་སྟེ་བཅོམ་ལྡན་འདས་མའོ།། གང་མདུན་གནས་ཞེས་བྱ་བ་ནི། སྤྲིན་གྱི་ཕྱོགས་སུ་ཁ་བལྟས་པས་གནས་པའོ།། སྔགས་རབ་ཏུ་བརྗོད ་པ་ཞེས་བྱ་བ་ནི། བཟླས་པའོ།། གལ་ཏེ་བདུན་གྱི་བར་དུ་ཞེས་བྱ་བ་ནི། དེའི་ཚེ་དེ་ཤིན་ཏུ་མང་བའི་ཆུའི་ཆར་བྱེད་དོ་ཞེས་བྱ་བར་བལྟ་བར་བྱའོ།། ན་མཁར་གནས་ཤིས་བྱ་བ་ནི། སྤྲིན་མེད་པར་ཡང་ན་མཁའ་འབའ་ཞིག་ལས་ཆར་འབབ་པོ ་ཞེས་བྱ་བར་དགོངས་པའོ།། ཇི་ལྟར་ཞེ་ན་གསུངས་པ། གོང་གི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། གྱུར་པ་ཞེས་བྱ་བ་ནི། ཡང་རབ་ཏུ་སྦྱོར་བ་གཞན་འདིར་བྱ་བའོ་ཞེས་བྱ་བར་དགོངས་པའོ།། ལྷའི་རྣལ ་འབྱོར་པ་དབེན་པའི་གནས་དང་བླ་གབ་མེད་པ་ལ་སོགས་པར་གནས་ནས། ཆར་འདོད་པ་སཱཾ་སྔགས་འདི་བཟླས་པས། དབང་པོས་ཆར་འབེབས་པར་འགྱུ་རོ་རོ་ཞེས་བྱ་བར་ཤེས་པར་བྱའོ།། སྡེ་ཚན་ཞེས་བྱ་བ་ལ་སོགས་པ་ནི།། ་སྡེ་ཚན་གྱིས་བརྒྱད་པའོ།། མཐར་ཞེས་བྱ་བ་ནི་ཧའོ།། དེ་གཟུང་སྟེ་བདག་པོས་གང་གི་ཆུང་མའི་མིང་ལྟོ་བར་བཞག་པར་བྱེད་པ་ཞེ་སྟེ་བྱ་བ་ནི། བྱ་བ་ནང་དུ་དགོད་པ་སྟེ། དེ་དང་དེ་དགའ་བར་བྱ་བའོ་ཞེས་བྱ་བར་སྦྱར་རོ།། ཧ་ཅིར་གྱུར་པས ་ཤེ་ན། གསུངས་པ་ར་བའི་ལུས་ཤེས་བྱ་བ་ནི་རའི་སྟེང་དུ་ལུས་ཤེས་བྱ་བ་ནི་དེར་ལུས་སོ།། ཐིག་ལ་ཅན་སྤྲོས་པ་ཞེས་བྱ་བ་ནི། འདིའི་རི་མོ་ཅན་ཞེས་བྱ་བ་དེ་ནི་དེ་ལྟ་བུའོ།། གང་གིས་ཤེ་ན་གསུངས་པ། ཐིག་ལེས་ཤེས་བྱ་བ་དང ་སྒྱུ་མས་ཤེས་བྱ་བ་ནི། ཟླ་བ་ཕྱེད་པས་མཚོན་པའི་ཧའི་རྣམ་པའོ།། ཆ་སོ་ཞོན་པ་ཞེས་བྱ་བ་ནི། ཆ་ནི་དབྱངས་ཀྱི་བཞི་པའོ།། དེ་གང་ཞིག་ཞོན་པ་དེ་ནི་དེ་ལྟ་བུའོ།། དེ་ཡང་ཀུན་ནས་བསྡུས་པས་ཧའི་རྣམ་པ་ནི་ཧྲཱི་ཞེས་བྱ་བ་ཡིན་ནོ།། ་རང་གི། ཁྲག་གིས་ཤེས་བྱ་བ་ནི། དབང་དུ་བྱེད་པའི་སྲིན་ལག་གི་ཁྲག་གིས་སོ།། དེ་ལས་ལངས་པའི་ཧྲིཾ་གི་རྣམ་པར་གྱུར་པའི་སྔ་ཚན་གྱི་མཐའི་སྙིང་པོར་བྲི་བར་བྱའོ།། དེ་ཅི་ཞེ་ན་མིང་ཞེས་བྱ་བར་གསུངས་སོ།། གང་གི་ཞེ་ན་གང་གི ་ཆུང་མ་ཞེས་བྱ་བ་གསུངས་པ། ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ།། བདག་པོ་ཞེས་བྱ་བ་ནི་ཁྱོ་སྟེ་གཉེན་པར་བྱེད་པའོ།། མེ་ཏོག་དམར་པོས་ཤེས་བྱ་བ་ནི།། མྱ་ངན་མེད་པ་ལ་སོགས་པའི་མེ་ཏོག་རྣམས་ཀྱིས་སོ།། དེ་མཆོད་པར་བྱ་ཞེས་བྱ་བ་ནི། ་བར་འབྲེལ་བའོ།། གང་དུ་དེའི་ལྟོ་བར་མིང་བྲིས་པར་བྱ་བ་ཞེ་ན་གསུངས་པ། མལ་གྱི་སྤྱི་བོ་ཅན་དུ་ཞེས་བྱ་བ་ནི། མལ་གྱི་སྤྱི་བོ་ལ་སྐྱེས་པའི་མིང་སྟེ། དམག་པ་གང་དུ་ཉལ་བ་དེའི་ལམ་གྱི་སྤྱི་བོའི་གནས་སུ་བདག་པོས་སྟོབས་མེད་པོའི་མིང ་བྲི་བར་བྱ་ཞེས་བྱ་བར་དགོངས་པའོ།། དེ་བཞིན་དུའང་གང་དུ་ཞེ་ན་གསུངས་པ། ས་གཞི་དྲི་དམར་པོར་བྱུགས་ལ་ཞེས་བྱ་བ་ནི། གུ་ར་ཀུམ་ལ་སོགས་པས་བྱུགས་པ་ལའོ།། མལ་གྱི་སྤྱི་བོ་ལྀ་ས་ལ་དེ་བཞིན་དུ་ལྟོ་བར་མིང་བྲི་བར་བྱས་ནས ་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ།། ལམ་གྱི་དུས་ཤེས་བྱ་བ་ནི། ཉལ་བའི་དུས་ལའོ།། རབ་ཏུ་མྱོས་མ་ཞེས་བྱ་བ་ནི། རབ་ཏུ་ཁྱད་པར་དུ་འཕགས་མར་མྱོས་མ་སྟེ། གང་གི་འདོད་པ་དེ་ནི་དེ་ལྟ་བུའོ།། ཆོ་གཱའི་ནུས་པ་ལས་ཤེས་བྱ་བར ་དགོངས་སོ།། བདུག་པ་ཙམ་གྱིས་ཀུན་ཏུ་ཁྱབ་པ་ཞེས་བྱ་བ་ནི། དབང་གི་བདུག་པ་འཆད་པར་འགྱུར་བས་བདག་ཉིད་བདུག་པར་བྱའོ།། དེ་དང་ལྷན་ཅིག་མཉམ་པར་སྦྱོར་བ་ལས། བདུག་པ་ཙམ་གྱིས་ཀུན་ཏུ་བཅིངས་པར་འགྱུར ་རོ།། མལ་གྱི་མགོ་བོའི་གནས་སུ་དྲི་དེ་མར་པོས་བྱུགས་པ་ལ། མྱ་ངན་མེད་པ་ལ་སོགས་པའི་སྨྱུག་བུས་རང་གི་ཁྲག་བླངས་ནས། ཧྲིཾ་མངོན་པར་བྲི་ཞིང་དེའི་ལྟོ་བ་ལ་བཙུན་མོ་གང་གི་མིང་ཆེ་གེ་མོ་བདག་གི་དབང་དུ་མཛོད་ཅིག་ཅེས ་ནང་དུ་བཅུག་སྟེ། མེ་ཏོག་དམར་པོས་མཆོད་ནས་བདག་ཉིད་བདུག་པར་བྱ་ཞིང་། གཏུམ་མགོ་མ་ལ་སོགས་པའི་སྔགས་བཟླས་ཤིང་མཉམ་པར་སྦྱོར་བ་ན། རབ་ཏུ་མྱོས་མདོ་དབདག་པོའི་དབང་དུ་བྱེད་དོ།། འདི་ནི ་ཚིགས་བཅད་ཀུན་བསྡུས་པའི་ངནྡ་ཏོ།། འཁྲུལ་འཁོར་གཞན་གསུངས་པ། ཛཱ་ཏི་ཞེས་བྱ་བ་ལ་སོགས་པ་ནི། ཛི་ཏི་ལྕུག་མའི་སྨྱུག་བུ་བླངས་པས་སོ།། རྡོ་རྗེ་སོའི་རྨ་སྐྱེས་ཀྱིས་བསྒྲུབ་བྱའི་མིང་རོས་ལ་སོགས་པ་ལ་བྲིས་ཤེས་བྱ་བ་ནི། བྱ་བ ་བཀོས་ནས་སྲང་བུ་དམར་པོས་དཀྲི་བར་བྱའོ་ཞེས་བྱ་བར་སྦྱར་རོ།། སྙིང་ཁར་ཉིན་བྱེད་ལ་ཧཱུཾ་བྱས་ནས་ཁྲོས་པསེ་རང་གི་ལྷ་སྡིག་པའི་ལྷ་འཇིག་རྟེན་གསུམ་ལས་རྒྱལ་བ་ལ་སོགས་པ་ཞེས་བྱ་བའི་གཞུང་གིས། ཁྲོ་བོའི་དཀྱིལ་འཁོར ་ནམཁར་གནས་པ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསྒོམས་ཏེ། རང་གི་ཡན་ལག་གིས་བླུག་སོ་གཟར་གྱིས་ཆུ་བླངས་ནས་རྡོ་རྗེ་ཉི་མའི་སྟེང་དུ་བླུགས་པར་བསམ་མོ་ཞེས་བྱ་བའི་གཞུང་ལེའུ་གསུམ་པ་ལས་གསུངས་པར་དང་སྦྱར་རོ།། འདིར ་དོན་ནི་འདི་སྟེ། སྙིང་ཁར་ཉིན་བྱེད་ཀྱི་ཞེས་བྱ་བ་ནི། ཉི་མའི་སྟེང་དུ་ཧཱུཾ་གཟུང་བའོ།། རང་གི་ལྷག་པའི་ལྷ་ནི་གཟུགས་སོ།། འཇིག་རྟེན་གསུམ་ལཾས་རྣམ་པར་རྒྱལ་བ་ལ་སོགས་པ་ནི། རྡོ་རྗེ་ཧཱུ~ཾ་མཛད་ལ་སྩོགས་པའོ།། རང་གི་ཡནི་ལག་གི ་བླུགས་གཟིར་གྱིས་ཤེས་བྱ་བ་ནི། རྡོ་རྗེས་མཚན་པའི་བླུགས་གཟིར་གྱིས་ཆུ་བླངས་ནས། བླུགས་སོ་ཞེས་བྱ་བ་འདིའི་དོན་འདིར་མི་སྦྱོར་ཏེ། མན་ངག་གིས་ཡང་དེ་ཉིད་དུ་བརྗོད་པར་བྱའོ།། རྡོ་རྗེ་སོའི་རྨ་སྐྱེས་ཀྱིས་ནི་ཞེས་བྱ་བ་ནི ་རྗེ་སོའི་སྒྲས་ནི་སྡིག་མཛུབ་སྟེ། གང་གིས་རྡོ་རྗེའི་མཆེ་བ་ཞེས་བྱ་བ་ནི་དེའི་མིང་ངོ་།། རྡོ་རྗེ་སོ་ཞེས་བྱ་བ་ནི་ཡང་རང་གི་རྟགས་ཀྱིས་ཀུན་ཏུ་གནས་པ་སྟེ། དེའི་ཁྲག་གོ།། བསྐུལ་ཞེས་བྱ་བ་ནི་སྐུལ་བར་བྱེད་བའི་ཕྱིར་བསྐུལ་བ་སྟེ། བསྒྲུབ་པར་བྱ་བའི ་མིང་ངོ་།། གང་ལེ་གང་གིས་ཤེ་ན། གསུངས་པ། རླུང་གི་མའོ་ཞེས་བྱ་བ་ནི་ཡཱའོ།། དེའི་དབུས་སུ་ཧཱཾ་ཊཀྐི་ཛདྷའོ།། གཉིས་ཀྱི་བར་དུ་ཞེས་བྱ་བ་ནི་ཨོཾ་ཊཀྵྨཱི་ཛཿཧཱུཾ་ཞེས་བྱ་བའི་སྔགས་ཏེ། དེ་དག་གཉིས་ཀྱིས་བར་དུ་ཞེས་བྱ་བ་ནི་དབུས་སུའོ།། ་གང་གི་བར་དུ་ཞེས་བྱ་བ་ནི་སྐབས་སུ་སྟེ། དེ་ལ་ཧཱཾ་ཊཀྲཱྀ་ཛཿགཉིས་ཀྱི་བར་དུ་མིང་ངོ་།། ཨོཾ་ནི་མན་ངག་ལས་ཤེས་པར་བྱའོ།། དགུག་པ་ཞེས་བྱ་བ་ནི་གོ་སླའོ།། རླུང་ལོ་ཞེས་བྱ་བ་ནི། རླུང་གི་དཀྱིལ་འཁོར་ལ་ཞོན་པའི་བསྒྲུབ་པར་བྱ་བར་ཤེས ་པར་བྱའོ།། སོ་ཕག་གི་དབུས་སུ་ཞེས་བྱ་བ་ནི། སོ་ཕག་ཁ་སྦྱོར་གྱིས་དབུས་སུའོ།། དེ་ལ་གྲོ་ག་ལ་སོགས་པའི་འཁྲུལ་འཁོར་སཽ་ཕག་ཁ་སྦྱར་བའི་དབུ་སུ་གནས་པར་བྱས་ནསྭ་སྲང་བུ་དམར་པོས་བསྐོར་བར་བྱའོ་ཞེས་བྱ་བར་དགོངས། ་དེ་མནན་པ་ཞེས་བྱ་བ་ནི། སོ་ཕག་ཁ་སྦྱོར་དུ་བྱས་པ་དེའོ།། བཟླས་པར་བྱའོ་ཞེས་བྱ་བ་ནི། འདོད་པའི་རྒྱལ་པོའི་སྔགས་སོ།། འདིས་ནི་འདི་གསུངས་པ་ཧཱུཾ་ལས་སྐྱེས་པའི་འདོད་པའི་རྒྱལ་པོ་ཞལ་གཡས་དང་རྩ་བ་དང་། གཡོན་ན ་དཀར་བ་དང་གནག་པ་དང་། དམར་བ། མཛེས་པའི་སྐུ་ལྕགས་ཀྱུ་དང་ཞགས་པ་དང་། རོལ་གྲི་དང་རིན་པོ་ཆེ་འཛིན་པ། ཕྱག་གཉིས་ཀྱིས་རང་དང་མཚུངས་པ་ལ་འཁྱུད་པོ། སྤྱན་གསུམ་པ་སྣ་ཚོགས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར ་ལ་གཡོན་བརྐྱང་བས་བཞུགས་པར་བཟང་པོའི་རྒྱན་དུ་གྱུར་པའོ།། གྲོ་གཱ་ལ་སོགས་པ་ལ་སྡིགས་མཛུབ་ཀྱི་ཁྲག་གིས་སྣག་ཚ་བླངས་ནས། ཛཱ་ཏིའི་ལྕུག་མའི་སྨྱུ་གུས་ཡའི་དབུས་སུ། ཨོཾ་ཙུཿཛཿཧཱུཾ་ལྷས་བྱིན་མཁྲུག་ཅིག། ཨ ་ཊཀྐི་ཛཿཧཱུཾ་ཞེས་བྲིས་ནས། དེའི་འཁྲུལ་འཁོར་ས་ཕག་ཁ་སྦྱོར་དུ་གནས་པར་བྱས་ནས། སོ་ཕག་ཁ་སྦྱོར་དེ་སྲད་བུ་དམར་པོས་དཀྲི་བར་བྱ་ཞིང་། གཡོན་བརྐྱང་བས་གནས་པས་གཡས་པའི་ཞབས་ཀྱིས་མནན་ཅིང་བསྒྲུབ་པར་བྱ་བ་རླུང་གི་དཀྱིལ ་འཁོར་ལ་ཞོན་པ་དང་། འདོད་པའི་རྒྱལ་པོས་ཞགས་པས་མགྲིན་པོ་ནས་བཅིངས་པ་དང་། ལྕགས་ཀྱུ་སཽ་སྙིང་ནས་བཀུག་པར་སྤྲོ་ཞིང་བསམ་པར་བྱའོ།། དེ་ཉིད་དེ་བཞིན་དུ་གྱུར་པར་སྔགས་བཟླ་ཞིང་བཀུག་པར་བྱའོ།། འཁྲུལ་འཁོར་འདིས ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་རྡོ་རྗེ་ལྕགས་ཀྱུས་རང་གི་སྙིང་ཁ་ནས་སྤྲོས་པས། དེ་ལྟ་དེ་ལྟར་གྱུར་པའི་བསྒྲུབས་པར་བྱ་བ་བཀུག་པར་བསམ་ཞིང་། གཏུམ་མགོ་མའི་སྔགས་བཟླས་པར་བྱའོ།། གལ་ཏེ་འཁྲུལ་འཁོར་མ་བཏོན་ན ་དེའི་ཆེ། འདོད་པའི་གནོསུ་བསྒྲུབ་པར་བྱ་བ་མཾ་གནས་སོ་ཞེས་བྱ་བར་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། རྒྱ་མཚོ་མཐཱར་སའི་མཐིལ་ཏྱཱ་ཞེས་བྱ་བ་ནི་རྒྱུ་མཚོའི་མཉྫུའ་ལ་སཥྚི་མཐིལ་དུ་ཞེས་བྱ་བའི་དོན་ཏོ།། སྔགས་ཀྱི་སྒྲུབ ་པའི་འཁྲུལ་འཁོར་ནི་དེ་ནི་ཕྱི་མོའི་དུས་སུའང་ལན་ཅིག་བསྐོར་བའི་བུམ་པའི་འཁོར་ལོ་ལྟར་ངོན་བྱིང་ངོ་ཞེས་བྱ་བར་དགོངས་སོ།། འདི་ལྟར་ཡང་དུས་ཇི་སྲིད་དུ་བསྔགས་བཟླས་པའི་དུས་དེ་སྲིད་ཁོ་ནར་ང་སྒྲུབ་པར་བྱ་བ་བདག་ཉིད་གནས ་པར་ཡིན་ན་ནཱི། ཐམས་ཅད་དུ་སྔགས་ཀྱི་བཟླས་པ་ཡང་མི་ནུས་པའི་ཕྱིར། སྔགས་མ་བཟླས་པར་ཡང་འཁྲུལ་འཁོར་མ་བཏོན་ན་ཡང་བསྐྲད་པ་ཁོ་ན་ཡོན་ནོ།། རབ་ཏུ་སྦྱོར་བ་གཞན་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་ཧཱུཾ ་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས། སྔོན་དུ་རྐང་པ་བརྒྱད་པའི་སྔགས་བཟླས་ནས། ད་ནི་མི་གིས་བདག་ཉིད་བུད་མེད་ཀྱི་གཟུགས་སུ་བསྐྱེད་ནས། སྙིང་གཱར་མཾ་ཁ་དོག་དམར་པོ་དང་། སྤྱི་བོར་ཨོཾ་ཁ་དོག་དམར་པོ་བསམ་པར ་བྱའོ།། བཀུག་པའི་བུད་མེད་དང་ཁ་དོག་དམར་པོར་དེ་བཞིན་ཁོ་ནར་བསྐྱེས་ནས། མཾ་ཨོཾ་གྱི་ས་བོན་དག་སྙིང་ག་དང་སྤྱི་བོ་ལས་གཡས་པའི་སྣའི་བུ་གོ་ནས་ཕྱུང་སྟེ། དེའི་གཡོན་པར་ཞུགས་ནས་ལུས་དང་ངག་དང་སེམས་བླངས་ནས་འོངས ་པ་དང་། རང་གི་སྣ་བུག་གཡས་པས་བདག་ཉིད་ཀྱི་སྤྱི་བོ་དང་སྙིང་གར་ཞུགས་པར་བསམ་ཞིང་། དེ་སྐད་དུ་འགྲོ་བ་དང་འོང་བ་བསམ་ཞིང་སྔག་སྲི་བཟླ་བར་བྱའོ།། ཨོཾ་མཾ་ལྷ་བྱིན་མ་བདག་གི་དབང་དུ་མཛོད་ཅིག། ཨོཾ་མཾ་ཞེས་བཟླས་པར་བྱའོ།། ་འདི་ཉིད་ནི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། བདག་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་པའོ།། སྙིང་གར་མཾ་གྱིས་བུད་མེད་ཀྱི་གཟུགས་ཀྱིས་བསྒྲེད་པར་བྱའོ།། མི་གྱི་ཁ་དོག་ནི་མཾ་གྱི་ཁ་དོག་དམར་པོར་ཞེས་བྱ་བ་གསུངས་ཏེ་གོ་སླའོ།། ་ཨོཾ་ཡང་སྤྱི་བོར་ཁ་དོག་དམར་པོ་བུད་མེད་ཀྱི་གཟུགས་ཞེས་བྱ་བ་ནི། བུད་མེད་ཀྱི་གཟུགས་སུ་བདག་ཉིད་བྱས་ཏེ་བསྒོམ་པའི་སྤྱི་བོར་ཕྱག་འཚལ་བ་བསམ་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ནིའི་སྒྲས་ནི་མིང་སྙིང་གར་བསམ་པར་བྱའོ་ཞེས ་ཤེས་པར་བྱའོ།། བསྒྲུབ་པའི་བུད་མེད་ཀྱི་སྙིང་ལ་མཱཾ་དང་སྤྱི་བོར་ཨོཾ་མོ།། བུད་མེད་ཀྱི་གཟུགས་ལས་ཞེས་བྱ་བ་ནི། བསྒྲུབ་བྱའི་ལུས་ལས་སོ།། ཁར་ཞེས་བྱ་བ་ནི། སྣའི་བུག་པར་རོ།། ད་ལྟར་ཡང་བཤད་དོ།། ཕྲེང་བའི ་རྣམ་པས་ཤེས་བྱ་བ་ནི། སྔགས་ཀྱི་འགྲོ་བ་དང་འོང་བ་དག་གིས་ཚི་ག་བཞིན་ནོ།། གོང་མ་བཞིན་དུ་ཉེ་བར་བསྟན་པའོ།། འཁྲུལ་འཁོར་གཞན་ཡང་གསུངས་པ། བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་ནི། བསྒྲུབ་བྱའི་བུད་མེད་ཀྱི་གཅི་ན་ས ་དང་གཅིག་ཏུ་བྱས་པ་ཞེས་བྱ་བ་ནི། དེ་གང་དང་གང་དུ་གཅིག་པ་དེ་དང་དེའི་ས་ཡང་དག་པར་བླངས་ཏེ་འདུ་བར་བྱ་ཞེས་བྱ་བའི་དོན་ཏོ།། བདག་ཉིད་ཀྱི་ལིང་ག་ལ་ལན་བདུན་བཟླས་ཞེས་བྱ་བ་ནི་གཏུམ་མགོ་མེ་ལྀ་སོགས་པ་སྔགས་བཟླ་བར ་བྱའོ།། བདག་ཉིད་ཀྱི་ལིང་ག་ལ་ལན་བདུན་དུ་བཟླས་པ་བྱས་ནས་དེའི་ཆོས་ཀྱི་འབྱུང་གནས་ལ།། བཙོས་ནས་དེའི་བདག་ཉིད་ཀྱི་ལིང་ག་ལ་གཏུམ་མགོ་མའི་སྔགས་ཀྱིས་ཡང་བརྒྱ་རྩ་བརྒྱད་བཟླས་པར་བྱའོ་ཞེས་བྱ་བར་དགོངས་སོ།། ་དེའི་ལྟར་ཐུན་ཚོད་གསུམ་དུ་བྱའོ།། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་པར་བྱའོ།། ལྷག་མ་ནི་གོ་སླའོ།། འཁྲུལ་འཁོར་གཞན་ཡང་གསུངས་པ། སྐྱེས་པའི་ཐོད་པ་ཞེས་བྱ་བ་ལ་སོགས་པའོ།། དེའི་མིང་ཞེས་བྱ་བ ་ནི་བསྒྲུབ་པར་བྱ་བའི་མིང་ངོ་།། སྔགས་ཀྱི་ནང་དུ་གཞུག་པར་ཞེས་བྱ་བ་ནི། འགུགས་པ་དང་དབང་དུ་བྱེད་པའི་སྔགས་བསྐུལ་བ་དང་ལྡན་པ་སྟེ། ལྷས་བྱིན་ཁུག་ཙོག་ཅེས་བྱ་བ་དང་། ལྷས་བྱིན་མོ་བདག་གི་དབང་དུ་མཛོད་ཅེས་བྱའོ།། རིག་པ ་དེ་ཉིད་ཅེས་བྱ་བ་ནི། འགུགས་པ་དང་དབང་དུ་བྱེད་པའི་རིག་པ་སྟེ། དེ་ཡང་གཏུམ་མགོ་མ་ལ་སོགས་པའི་སྔགས་སོ།། ལྷག་མ་ནི་གོ་སླའོ།། ལྷའི་འཇིག་རྟེན་ཞེས་བྱ་བ་ནི་ལྷ་རྣམས་ཀྱིས་བལྟས་པ་སྟེ། ལྷའི་བུད་མེད་ཅེས་བྱ་བའི་དོན་ཏོ།། དེ་ལྟར ་ལས་ཀྱི་ཆོ་ག་ཡང་བྱའོ་ཞེས་བྱ་བ་ནི། དགུག་པོའི་ཆོ་ག་དེ་ལྟ་བུ་འབའ་ཞིག་བྱ་བ་ནི་མ་ཡིན་ཏེ། དེ་ལྟར་ཡིནཱ་མོད་ཀྱི་དབང་དུ་བྱེད་པའི་ཆོ་གའི་ཞེས་བྱ་བའི་དོན་ཏོ།། ཁ་ཅི་ག་ན་རེ། ཧི་མ་བནྡྷ་སྱཻ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་རྐང་པས་ལྷས ་བྱིན་སྐྲོད་ཅིག་ཅེས་བྱ་བ་ལ་སོགས་པའི་ནང་དུ་ཆུད་པར་བྱའོ།། དུག་དང་སྐྲ་ཚོ་ལ་སོགས་པའི་སྣག་ཆས་བྲི་ཞིང་ཐོད་པ་དྲི་མི་ཞིམ་པའི་ཆུས་བྱུག་པ་དང་། དྲི་མི་ཞིམ་པའི་འདག་པས་བྱུགས་ཏེ། ཧི་མོ་བནྡྷ་སྱ་ཞེས་བྱ་བ་ལ་སོགས་པའི་སྔགས ་བཟླས་པས་འདི་ལྟར་སྐྲོད་པ་ལ་སོགས་པ་སྒྲུབ་པར་ཞེས་བྱ་བ་དེ་ལྟར་ཞེས་བྱ་བ་ལ་སོགས་པའང་འདི་ཞེས་བྱ་བའི་དོན་ཏོ་ཞེས་ཟེར་རོ།། དེ་ཡང་དེ་ལྟར་ཞེས་བྱ་བ་འདིས་དགུག་པ་ལ་སོགས་པར་བློ་ལ་གནས་པར་བྱས་ནས། ལས་བགྲོ ་པ་དེ་ཉིད་ནི་ཡང་ཞེས་བྱ་བས་མ་གསུངས་པ་བསྡུད་པའོ།། འདི་ཉིད་དུ་ཐོད་པ་ལ་སོགས་པའི་ཆོ་ག་དང་། ལས་བྱའོ་ཞེས་བྱ་བར་སྦྱར་རོ།། བགྲོད་པར་བྱེད་པ་གསུངས་པ། དུག་སྦྱིན་ཞེས་བྱ་བ་ནི་སྦྲུལ་ནག་པོའོ།། གནོད་སྦྱིན་སྨྱོན་པ་ཞེས་བྱ ་བ་ནི། ཁྱི་སྨོན་པའོ།། སྦས་ཞེས་བྱ་བ་ནི། བསྐྲད་པའི་སྔགས་ཀྱིས་མངོན་པར་སྔགས་པའོ།། ལས་ཀྱི་དུས་སུ་ཞེས་བྱ་བོ་ནི། བསྐྲད་པའི་ལས་ཀྱི་དུས་ལའོ།། ཀཱ་ཀཱ་ཀྵི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས། ལན་བརྒྱ་རྩ་བརྒྱད་མངོན་པ ་བསྔགས་པའི་ཁམ་གྱི་དང་པོ་ལྷའི་རྣལ་འབྱོར་པ་ཁྲོས་པས་བསྐུར་བར་བྱའོ།། ཟས་ཟ་བ་ཞེས་བྱ་བ་ལ་སོགས་པ་འདི་ངན་ན། ནག་པོ་ཆེན་པོའི་རྣལ་འབྱོལ་དང་ལྡན་པས། ནག་པ་ཆེན་པོའི་སྔགས་ཀྱིས་མངོན ་པར་བསྔགས་པའི་འདབ་མེར་ལྷུང་བའི་བཟའ་བ་བསྒྲུབ་པར་བྱ་བར་རྣམ་པར་བསམས་ནས། དེའི་སྤྱི་བོའི་ཆ་ལག་པས་བླངས་ཏེ། ཁྲོས་པས་ལྷ་བྱིན་གྱི་མགོ་བོ་བཟའ་བར་བྱའོ་ཞེས་བྱེད་ཁ་རུ་བཅུག་སྟེ་མནན་ནས། ཕྱེད་བསྒྲུབ་བྱ་ལ ་ཁ་བལྟས་ཏེ། ཉི་མ་བདུན་དུ་བསྒྱུར་ནས། དེ་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། ཁ་ཅིག་ན་རོ་གསོད་པར་འགྱུར་རོ་ཞེས་ཟེར་རོ།། དེ་ཡང་སྐྲོད་པར་བྱེད་པའོ།། མ་ལྷུང་བ་ཞེས་བྱ་བ་ལ་སོགས་པས་ནི། རེངས་པར་བྱེད་པ་གསུངས ་པ་སྟེ། གཟུགས་བརྙན་ཞེས་བྱ་བ་ནི་བསྒྲུབ་བྱའི་ཁ་དོག་འཛིན་པ་ཅན་ནོ།། དུར་ཁྲོད་ཀྱི་རས་ལ་ཞེས་བྱ་བ་ནི་ཏཱ་ལའི་འདབ་མ་ལ་སོགས་པའོ།། དེའི་མིང་ཞེས་བྱ་བ་ནི་ཨོཾ་ཨོཾ་ལླི་བལླི་བ་རོ་ཙུལླི་ལྷས་བྱིན་རེངས་པར་མཛོད་ཅིག་སྭཱ་ཧཱ་ཞེས་ནང ་དུ་བཅུག་པ་ཞེས་བྱ་བའི་དོན་ཏོ།། བདུན་དུ་བཟླས་པས་ཞེས་བྱ་བ་ནི། འདི་ཉིད་ཀྱི་སྔགས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་གཏུན་ཤིང་ལ་ལན་བདུན་དུ་བཟླས་པ་བྱས་ནས། གཏུན་ཤིང་དེས་ལན་བདུན ་དུ་བརྡུང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཡང་ན་ལེའུ་དྲུག་པ་ལས་གསུངས་པས། ཨོཾ་ཛམྦྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་དེ་བྱས་ན། དེ་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ ་བུ་མོ་དེ་འོང་བར་འགྱུར་བ་ཞེས་བྱ་བ་དང་སྦྱར་རོ།། ཅི་ཡིས་གྱུར་ཞེ་ན། གསུངས་པ། རྣམ་པར་སྤྲས་པ་ཞེས་བྱ་བ་ནི། གང་གི་ཡན་ལག་དང་ཉིང་ལག་རྣམས་ཏེ། དེ་ནི་དེ་ལྟ་བུའོ།། གང་གིས་ཤེ་ན། གསུངས་པ། རི་མོར་བྲིས་པ་ཞེས་བྱ ་བ་ནི། རི་མོར་བྱ་བ་དང་། བྲི་བར་བྱ་བའི་གཟུགས་དང་ཁ་དོག་རྣམས་རི་མོར་བྱེད་པ་དང་འབྲི་བར་བྱེད་པའོ།། གང་ལས་ཤེ་ན་གསུངས་པ། ཁ་བལྟས་པས་ཞེས་བྱ་བ་ནི་དགྲ་བོ་ལ་མངོན་པར་ཕྱོགས་པར་འགྱུར་བས་ཤིང་བ་ནི་དཔའ ་བོའོ།། དེས་རས་ནི་གོས་སོ།། གང་ཞིག་དེ་ལ་ཡན་ལག་ཅན་རྣམས་པར་སྤྲས་པ་ནི་མདུན་དུ་འོང་བར་འགྱུར་ཞིང་དབང་དུ་བྱེད་པར་འགྱུར་རོ།། གང་ལས་ཤེ་ན་གསུངས་པ། བ་ལང་གི་རྡུལ་དང་། སའི་པཱ་ཊེ་ལཱའི་རྩ་བ་ལས་ཞེས་བྱ་བ ་ནི། བ་ལང་རྡུལ་ཞེས་བྱ་བ་ལ་མཐར་ཨ་ཙ་སྟེ། དེའང་བ་ལང་གཱི་བ་སྥུའོ།། སའི་པཱ་ཊ་ལཱ་ཞེས་བྱ་བ་ནི། བྷཱུ་པཱ་ར་ལི་ཞེས་བྱ་བ་སྟེ། གང་ལ་རབ་ཏུ་གྲགས་པའོ།། དེ་ཡང་ས་ལ་འབྱོར་པའི་ལྕུག་མ་སྟེ་ལུས་སོ།། པཱ་ཊ་ལཱའི་མེ་ཏོག་ཁ ་གུག་པ་ཉིད་དོ། ཐང་ལས་སྐྱེས་པ་སྟེ་དེའི་རྩ་བའོ།། འདིས་ནི་འདི་བརྗིད་དེ་མངོན་པར་འདོད་པའི་སྐྱེས་མ་དེ་བཞིན་ཁོ་ནར་གཟུགས་ཇི་ལྟ་བ་བཞིན་དུ་གསལ་བར་བྲིས་ནས། གོང་དུ་གསུངས་པའི་གཏུམ་མགོ་མའི་སྔགས་ལན་བརྒྱ ་རྩ་བརྒྱད་དུ་མངོན་པར་བསྔགས་པས། ཀོ་ར་ཙ་དང་བྷཱ་པ་ཊ་ལཱ་མུ་ལའི་བདུག་པས་བདུག་ཅིང་། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་པའི། དབང་དུ་བྱ་བ་དང་མདུན་དུ་འོང་བར་འགྱུར་རོ།། རེངས་པར་བྱེད་པ་ནི། རས་ཞེས་བྱ་བ་ལ ་སོགས་གསུངས་སོ།། ཁྲོ་བོའི་སྐུ་གཟུགས་ཞེས་བྱ་བ་བ་ནི། གཤིན་རྗེའི་དགྲ་བོའི་སྐུ་གཟུགས་སོ།། ཁ་དོག་ཐམས་ཅད་གཅིག་པ་ཞེས་བྱ་བ་ནི། གང་གི་ཁ་དོག་ཐམས་ཅད་གཅིག་ཏུ་གྱུར་པ་དེ་ནི་དེ་ལྟ་བུའོ།། ཁ ་དོག་ཐམས་ཅད་གཅིག་ཏུ་བྱས་པ་བླངས་ནས། པིར་གྱིས་རི་མོ་བྱ་སྟེ། དེ་བས་ན་དབྱིབས་ཇི་ལྟ་བ་དང་ཁ་དོག་ཇི་ལྟ་བའི་རི་མོ་བྱའོ།། ཞེས་བྱ་བ་ནི་མན་ངག་གོ།། གཡས་བརྐྱང་བས་གནས་པ་ཞེས་བྱ་བ་ནི། ཉི་མ་ལ་གནས་པའི་སྣ ་ཚོགས་རྡོ་རྗེའི་ལྟེ་བ་ལ། རིམོ་པ་ཇི་ལྟར་བར་མཐོང་ལྔར་བརྐྱང་ང་སྟེ་གཡས་པ་མ་བསྐུམ་པའི་ཕྱིར་ཞབས་བརྐྱང་བས་གནས་པོའོ།། གཡས་ཀྱིས་ཞེས་བྱ་བ་ནི། ཕྱག་གཡས་ཀྱིས་ཞེས་བྱ་བར་བལྟ་བར་བྱའོ།། ཐོ་བ་ཞེས་བྱ་བ་ནི ་གཉིས་པའི་གཅིག་གི་ཕྱིས་པར་གྱུར་པའོ།། གཟུང་ཞེས་བྱ་བ་ནི་བྱ་བ་དགོད་པའོ།། གཡོན་གྱིས་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། མན་ངག་ལས་ཕྱག་ན་ལ་གྲི་དང་ཀཽཏུན་ཤིང་། དགྲ་སྟ་དང་ཞགས་པའོ།། ངོ་བས་ན་ཕྱག་དྲུག་པའི ་གཡས་པ་ལ་སོགས་པར་ཐོ་བ་དང་རལ་གྲི་དང་ཞགས་པ་དང་། ཀླུའི་ཞགས་པ་དང་། གཏུན་ཤིང་དང་དགྲ་སྟ་འཛིན་པའོ།། ལྟེ་བ་འཕྱང་བ་དེ་ལྟ་བུའི་སྐུ་གཟུགས་བྲིས་ནས་དེའི་ཀླུའི་ཞགས་པའི་ལྟོ་བ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ ་འབྱོར་པས། ཨོཾ་རཏྣ་བཛྲ་བཛྲ་ཧྲིཿཕཊ་ཅེས་བྱ་བའི་སྔགས་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་རོ་བསྲེགས་པའི་སོལ་བ་དེས་ངོགྲ་བོའི་མིང་བྲིས་ནས། མེ་ཏོག་སེར་པོ་ལ་སོགས་པས་མཆོད་དེ་བཞག་པར་བྱའོ།། སྔགས་དེ་ཉིད་ཀྱི་ནང ་དུ་བཅུག་པ་དང་བཅས་པར་སྟོང་ངེས་པར་བཟླས་པར་བྱེད་ན། དགྲ་བོ་རངས་པར་བྱེད་དོ།། ཡིད་ཀྱིས་ཀྱང་ཞེས་བྱ་བ་ནི། རེ་ཞིག་ཡིད་ཀྱི་བྱ་བ་ལྟ་ཞོག་གོ། ལུས་དང་ངག་གི་བྱ་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་འང་གི་སྒྲའི་དོན་ཏོ།། གལ་ཏེ ་བག་མེད་པས་སྒྲུབ་པ་པོ་ལ་འགལ་བར་སྤྱོད་པར་བྱེད་ན། དེའི་ཚེ་འབྱུང་པོ་ལ་སོགས་པ་རྣམས་ཀྱིས་དགྲ་བོ་ཉེ་བར་འཚེ་བར་བྱེད་དོ།། ལྷ་ཐམས་ཅད་ཀྱིས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་འདི་རྣམས་ཀྱིས་རྩེ་བར་བྱེད་པའི་ཕྱིར་ལྷ ་ཐམས་ཅད་དེ་སྲོག་རྣམས་སོ།། དེ་རྣམས་ཀྱིས་སྤོང་བར་འགྱུར་ཞེས་བྱ་བ་ནི། འཆི་བར་འགྱུར་ཞེས་བྱ་བའི་དོན་ཏོ།། ནང་དུ་བཅུག་པ་ཞེས་བྱ་བ་ལ་སོགས་པ་ནི། ཕ་རོལ་གྱི་སྡེ་རྣམས་རེངས་པར་བྱེད་པ་ལ་རེ་ཞིག་འདི་དག་བྱ་བ་སྟེ། ་གཞན་དུའང་བྱ་བའོ།། གཡུལ་གྱི་སར་རྒྱལ་མཚན་གྱི་རྩེ་མོ་ལ་གྲོ་ག་ལ་སོགས་པ་ལ་བྲི་བ་བྱས་ནས་བྷྲྀས་སྐུ་བཏགས་ཏེ་སློབ་དཔོན་དེ་རྟ་ལ་སོགས་པ་ལ་ཞོན་ཏེ། རི་རབ་སྣ་ཚོགས་རྡོ་རྗེས་མཚན་པས་ཕ་རོལ་གྱི་སྡེ་རྣམས་མནན་པར ་བསམ་ཞིང་སྔགས་འདི་བཟླས་ཤིང་ཇི་ལྟར་གསུངས་པ་བཞིན་དུ་བསྒྲུབ་པར་བྱའོ།། ཕྱི་མ་ཞེས་བྱ་བ་ནི་འདི་ཁོ་ནའི་སྔགས་ཀྱི་ཕྱི་མའི་རབ་ཏུ་སྦྱོར་བ་བསྒྲགས་སོ་ཞེས་བྱ་བར་དགོངས་སོ།། ཚར་གཉིས་འདབ་མ་ལ་སོགས་པ་ཞེས་བྱ་བ ་ནི་ཏཱ་ལའི་འདབ་མ་འམ། གྲོ་ག་ལ་སོགས་པར་སྔགས་ཀྱི་ཚར་གཉིས་བྲིས་པའོ།། འོག་གི་ཚར་དུ་ཡི་གེའི་བར་རྣམས་སུ་ཞེས་བྱ་བ་ནི། འོག་གི་ཚེར་ལ་སྔགས་ཀྱི་ཡི་གེའི་བར་རྣམ་སུ། ཇི་ལྟར་ཨོཾ་ལྷས་བྱིན་རེངས་པར་མཛོད ་ཅིག་དུ་རྱ་ལྟས་བྱིན་རངས་པར་མཛད་ཅིག། ཅེས་བྱ་བ་ལ་སོགས་པའོ།། དེ་ལྟར་སྔགས་ཕྱི་མཚམ་གེའི་བར་དུ་བསྒྲུབ་བྱའི་མིང་བལྟ་བར་བྱའོ།། ཡང་ན་ཨོཾ་ལྷས་བྱིན་ར་ཞེས་བྱ་བ་ལ་སོགས་པའི་ཡི་གའི་བར་དུ་ནི་བསྒྲུབ་བྱར ་མིང་གི་ཡི་གེ་རྣམས་སོ་སོར་སྔགས་ཀྱི་ཡི་གེའི་སོ་སོའི་བར་རྣམས་སུ་ནི་བྱ་བར་ནི་མི་རིགས་ཏེ་མི་ནུས་པའི་ཕྱིར་རོ།། སྔགས་ཀྱི་ཡི་གེ་དང་མཉམ་པའི་མིག་གི་ཡི་གེ་ཐམས་ཅད་ཁོ་ན་ནི་ཡོད་པ་མ་ཡིན་ནོ།། གང་གི་ཚེ་མང་པོ་རྣམས་ནི་རེངས ་པར་བྱེད་པ་དེའི་ཆ་ཇི་ལྟར་བྱེད་པར་འགྱུར། འདི་ཉིད་ནི་བཟང་བ་སྟེ་ཡཱི་གེའི་བར་ཉིད་ནི་ནང་དུ་བཅུག་པའོ།། སྔགས་ཀྱི་ཡི་གེ་བར་རྣམས་ཞེས་བྱ་བ་ནི་གང་ཝཱ་ན། བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཅིངས་ཤིང་ཞེས་བྱ་བ ་ནི། སྲས་བུ་སེར་པོས་སོ།། ཁམ་ཕོར་ལ་ཞེས་བྱ་བ་ནི། ཁམ་ཕོར་གྱི་རྩ་བ་ལ་ནག་པོ་མེད་པ་ལའོ།། བཤང་བ་བྱས་ཤིང་ཞེས་བྱ་བ་ནི་གློང་གི་བདག་པོ་དོར་བ་སྟེ་བཞག་པའོ།། བ་ལང་གི་ལྕི་བའི་ཐལ་བ་ཞེས་བྱ་བ་ནི་གྲོང་གི་བདག་པོ ་སྟེང་དུ། བ་ལང་གི་ལྕི་བ་སྐམ་པོའི་ཐལ་བས་བཀང་བས་གཞན་པའི་ཁམ་ཕོར་གྱིས་བཀབ་པའོ།། ས་བརྐོས་པ་ཞེས་བྱ་བ་ནི། བརྐོས་པའི་ཁུང་བུའོ།། ཁམ་ཕོ་ར་ཁ་སྦྱར་དེ་ཡང་། རླུང་བཀགས་པས་བཅུག་ནས་དེའི་སྟེང་དུ་ས་གཡོགས ་ནས་བརྡུང་བར་བྱ་བའོ།། འདིས་ནི་འདི་དག་བརྗོད་དེ། འདབ་མ་ལ་སོགས་པ་དེ་ཁམ་ཕོར་ལ་བཞག་ནས། ལྷས་བྱིན་ལ་སོགས་པ་རེངས་པ་ཞེས་བྱ་བར་བློ་ལ་གནས་པར་བྱེད་ཅིང་། དེའི་སྟེང་དུ་གྲོང་གི་བདག་པོ་དོར་བར་བྱས་ཏེ། ལྕི་བའི ་ཐལ་བས་བཀང་ཞིང་། ཁམ་ཕོར་ཕྱི་མ་བཀབ་ལ། གོང་མ་ལྟ་བུར་བྱས་པ་དང་། ས་བརྐོས་པར་བཞག་སྟེ། སས་བཀབ་སྟེ་བརྡུང་བར་བྱ་ཞིང་སྔགས་འདི་དེ་བཞིན་ཁོ་ནར་བཟླས་ན། ཇི་སྐད་དུ་གསུངས་པ་བཞིན་དུ་བྱེད་དོ།། དགྲ་རྣམས་རེངས ་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། དགྲ་བོ་རེངས་པའི་བྱ་བ་བྱེད་དོ་ཞེས་བྱ་བར་སྦྱར་རོ།། སྔགས་བཏུ་བ་གསུངས་པ། རྀཏྣ་བཛྲ་རེ་ཏི་ཞེས་བྱ་བའོ།། ཕྱི་ནས་ཞེས་བྱ་བ་ན། སྔོན་དུའོ།། ར་ཏི་ཞེས་བྱ་བའི་སྐུ་ནི་དོན་མེད་པའོ།། ་བཛྲ་ཞེས་བྱ་བ་ནི་མི་ཕྱེད་པའོ།། དེ་ནས་ཕྱི་ས་རཏྣ་བཛྲའི་སྒྲ་ལས་དང་པོར་ཨོཾ་མི་ཕྱེད་པའི་རང་བཞིན་བཀླག་པར་བྱའོ།། ར་ཏིའི་སྒྲ་ནི་སྦྱོར་བ་ཁོ་ནའོ།། དོ་ནས་ཧྲིཿའི་རྣམ་པའོ།། ཨ་རཏྣ་བཛྲའི་སྒྲ་ལས་ཕྱི་མོཾ་བཛྲའི་སྒྲའོ།། དེ་ནཱས་ཧྲིཿའོ། ་ཕཊ་དང་བཅས་པ་སྦྱིན་པར་བྱའོ།། ཨོཾ་རཏྣ་བཛྲ་བཛྲ་ཧྲིཿཕཊ་ཞེས་བྱ་བའི་སྔགས་སོ།། ཧྲཱིཿལས་ཕ་རོལ་ཏུ་ནང་དུ་བཅུད་པར་བྱའོ།། ལྷག་མ་ནི་གོ་སླའོ།། འཇིམ་པ་ནག་པོས་ཞེས་བྱི་བ་ལ་སོགས་པ་ནི་རྟོགས་པར་སླའོ།། མིང་བ་ལང ་གི་གིའུ་ཝང་གིས་ཞེས་བྱ་བོ་ནི། གྲོ་ག་ལི་སོགས་པ་ལ་བ་ལང་གི་གིའུ་ཝང་གིས། ཨོཾ་ན་མོ་བྷ་ག་པ་ཏི་ཙྪ་མུཎྜེ་ཤུཥྐ་མཱུ་ཁ~ཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་རྐང་གི་ནང་དུ་བཅུག་པ་ལྷ་བྱིན་བདག་གི་དབང་དུ་མཛོད་ཅིག་གམ ་རེངས་པར་མཛོད་ཅིག་ཅེས་པ་བྲིས་པའོ།། ཁ་ཞེས་བྱ་བ་ལ་སོགས་པ་ནི་བཅིང་བར་བྱ་བ་དེ་ཉིད་ཀྱི་སྔགས་བཟླས་ཤིང་། རང་འདོད་པའི་ལྷ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་ཁ་བཙོངས་པ་ལ་སོགས་པ་དང་དབང་དུ་བྱ་བ ་ཡང་བྱེད་དོ།། དེ་ནས་གསུངས་པ་ཁ་བཅིངས་པ་ཞེས་བྱ་བ་ལ་སོགས་པ་ལ་ཁྭ་ཞེས་བྱ་བ་ནི། ཉེ་བར་མཚོན་པའི་ཕྱིར་ཏེ། ལུས་ལ་སྩོགས་པའང་རེངས་པ་ཡིན་ནོ།། འདི་ལྟར་ཡང་རེངས་པའང་གོས་སེར་པོ་དྲག ་བདང་མཆོད་པ་ལ་སོགས་པའོ།། དབང་དུ་བྱེད་པ་ལ་ནི་དམར་པོའོ།། ཡང་དགུག་པ་ནི་ཁམ་ཕོར་ཞེ་སོ་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། འདི་ལྟར་བྱས་ནས་ཨོཾ་ན་མོ་བྷ་ག་བ་ཏི་ནརྀ་སྱཎྜེ་པུཥྐ་མུ་ལླི་ཞེས་བྱ་བ་ལ་སོགས ་པའི་སྔགས་ཟླ་བ་གཟས་ཟིན་པ་ན་བཟླས་ཏེ། ཟླ་བ་མ་གྲོལ་གྱི་བཱར་དུ་སྡིགས་མཛུབ་དང་བསྒྲུབ་པར་བྱའོ།། གཞན་པའི་བུད་མེད་ཀྱི་བྷ་ག་ཞེས་བྱ་བ་ནི། མངོན་དུ་སྐྱེས་མའི་བྷ་ག་ཞེས་བྱའིའི་དོན་ཏེ། འདི་ལྟར་ཡོང་དེ་ནི་ཀར ་མཱར་མེ་ཞེས་བྱ་བ་མནྟ་ངག་གོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྡིགས་མཛུབ་ཀྱི་དུས་ལོའང་དེ་ཉིད་ཀྱི་སྔགས་སྷོ།། གླང་ལ་སྔགས་ཀྱི་ཁྱད་པར་ལྷའི་རྣལ་འབྱོར་ལྷོང་མོ་ཡིན་པ་དེ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས ་པའི་རྣལ་འབྱོར་རོ།། འདི་གྲུབ་པོ་ཞེས་བྱ་བ་ནི། ཐེ་ཚོམ་བསལ་བ་ཞེས་བྱ་བའི་དོན་ཏོ།། ནོམ་པ་ཞེས་བྱ་བ་ལ་སོཀྐས་པ་ནི། ཨོཾ་མུ་ཎྜི་ཀ་ས་ཨི་མུ་ཎི་བ་ས་ཨི་མུ་ཎི་ཧ་ཏྟཱ་ལངྒ་ལེ་ཧིཾ་ཕཱ་ཌེ་ཨི་ཨ་མུ་ཀ་མུཙྩ་ཊཱ་ཡ་སཱ་ཧཱ་ཞེས་བྱ་བ ་ནང་དུ་བཅུག་པ་དང་ལྷན་ཅིག་སྔགས། རྣམ་པའི་འདབ་མ་ལ་དུག་ལ་སོགས་པས་བྲིས་ནས། སཱ་ལུ་བོ་ཏགས་པའི་རི་ལུར་བཅུག་སྟེ། གང་གི་ཚེ་ཁ་ཁྱིམ་དུ་འགྲོ་བར་འདོད་པར་འགྱུར་ཞིང་། མི་འོང་བ་དེའི་ཁྭ་རྣམས་ཀྱི་ཁོ་ནར ་དེ་སྔགས་གོང་མ་ལྟ་བུར་བཏོན་པས། རི་ལུ་བརྒྱ་རྩ་བརྒྱད་ཇི་སྲིད་དེ་ལྟར་ཉི་མ་བདུན་གྱི་བར་དུ་བྱིནཱ་ན། སྐྲོད་པར་འགྱུར་རོ།། རང་གི་ཁྲག་ཅེས་བྱ་བ་ནི་སྒྲུབ་པ་པོའི་སྲིན་ལག་གི་ཁྲག་གོ།། ཁཱ་ཉལ་བ་ན་ཞེས་བྱ་བ་ནི། ཁང་པར་ཁ་རྣམས ་སོང་བར་གྱུར་པ་ནའོ།། རྩིག་པ་ལ་ལྗོང་རོས་ལ་སོགས་པ་དང་། གུར་ཀུམ་གྱིས་སོ།། ཀ་ལ་སོགས་པ་བླིས་ནས་དེའི་སྙིང་པོ་ལ་རེངས་པར་བྱེད་པ་དང་དབང་དུ་བྱེད་པ་དང་། ལྷན་ཅིག་བསྒྲུབ་བྱའི་ནང་དུ་ཆུང་པར་བྲི་བར་བྱའོ།། དེ་ནས་ཀེ་དེ ་བཞིན་དུ་གྱུར་པ་ནི་ཧའི་ནང་དུ་ཕྱིན་པ་དང་དེ་བཞིན་དུ་ཧ་ནི་ཕའི་ནང་དུ་ཕྱིན་པ་དང་། དེ་བཞིན་དུ་ཕ་ནི་མ་མོ་ཐམས་ཅད་རྣམས་ཀྱིས་བསྐོར་བ་དང་། དེ་དག་ཐམས་ཅད་ཝཾའི་ནང་དུ་ཕྱིན་པར་བྱའོ།། དེ་ཡང་གང་གིས་ན་བཀབ་ཅིང་། རེངས ་པའི་སྔགས་སམ། དབང་དུ་བྱེད་པའི་སྔགས་བཟླས་པར་ཞེ་ན། དེ་ཉིད་གསུངས་པ་ཀའི་མཐའ་ཞེས་བྱ་བ་ལ་སོགས་པ་ལ། ཀའི་རྣམ་པས་མཐའ་ཞེས་བྱ་བ་ནི། ཀའི་མཐའ་སྟེ་དབུས་སུ་གནས་པ་ཅན་དུ་བྱས་པའོ།། དེ་ཡང་བསྒྲུབ་པར ་བྱཱབྱ་བའི་མིང་ངོ་།། ཧྱའི་མཐར་འགྲོ་བ་ཞེས་བྱ་བ་ལ། མཐིར་སྒྲས་ནི་རང་གི་ངོ་བོའི་ཚིགཅན་ནོ།། ཕའི་མཐའ་ཡང་སྐོར་བ་ཞེས་བྱ་བ་ལ། སྟོར་བ་ནི་དབུས་སུ་གནས་པ་ཅན་དུ་བྱེད་པའོ།། ཋའི་མཐར་ཞེས་བྱ་བ་ནི་ཐའ། དབང་དང་རེངས་པར ་བྱེད་དོ་ཞེས་བྱ་བ་ནི་དབང་དུ་རིགས་པའི་ལས་ནི་དབང་དང་། རངས་པ་ཞེས་བྱ་བ་ནི་དབང་དང་རེངས་པ་སྟེ། ཡང་དག་པར་བསྡུ་པོའོ།། རྒྱུ་ལ་གསུམ་པའོ།། འདི་དག་ཐམས་ཅད་དབང་དང་རེངས་པས་རྒྱུར་བྱའོ་ཞེས་བྱ་བར་སྦྱར་རོ།། བཀབ ་ཅེས་བྱ་བ་ནི་གཡོགས་ཞེས་བྱ་བའོ།། གཞུག་པར་བྱ་ཞེས་བྱ་བ་ལ། འོའི་སྒྲ་ནི་གནས་སྐབས་ཀྱི་རྫོགས་པའོ།། ང་ནི་འཆི་བ་འཚོ་བ་གསུངས་པ། མིང་གི་ཡི་གེ་ཞེས་བྱ་བ་ལ་སོགས་པ་ནི། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པ་འམ ་སྤྱན་གྱི་རྣལ་འབྱོར་པས་རྒྱལ་བའི་སྙིང་ཁར་ངོའི་མིང་གི་ཡི་གེའམ། ཨ་ཁ་དོག་དམར་པོ་པདྨ་འདབ་མ་བརྒྱད་དང་བཅས་པའི་ནང་དུ་སོན་པ། སྤྱན་གྱི་སྔགས་ཀྱིས་ཡོངས་སུ་བསྐོར་བར་བྱས་ནས། དེའི་པདྨ་ཞུགས་པས་བཅིང་ཞིང་། དེའི་སྐུ ་ཀྱི་འོད་ཟེར་རྣམས་ཀྱིས་བདུད་རྩིའི་རྒྱུན་འབབ་པས། དབང་བསྐུར་ཏེ་སྤྱན་ལ་སོགས་པས་སྔགས་བཟླས་ནི་འཚོ་བར་འགྱུར་རོ།། རང་དང་གཞན་དག་གི་དེ་ལྟ་བུའི་ཆོ་གའོ།། གོང་དུ་གསུངས་པ། རྒྱས་པར་བྱ་བའི་ཕྱིར། ཨ་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། འཚོ་བ་རང་ཕྱག་རྒྱ་ཞེས་བྱ་བ་ནི། ཨའི་རྣམ་པ་ཁོ་ན་འཚོ་བ་ཞེས་བྱ་བའི་དོན་ཏོ།། རྣམ་པར་སྣང་མཛད་ཀྱི་འམ་སྤྱན་གྱི་ཕྱག་རྒྱའི་དབྱིབསཱ་ནཱི་དེ་ལྟ་བུའོ།། ཡང་དག་པར་གཟུངས་སྟེ་ནགས་པས་ཞེས་བྱ་བའི་དོན་ཏོ།། འཚོ་བ་བསྲུང ་སོགས་རྒྱུའི་ཕྱིར་ཞེས་བྱ་བ་ནི། སོགས་པའི་སྒྲས་ནི་ནད་མེད་པ་ཡང་ངོ་།། ཡང་ན་འོ་ཚེ་བ་བསྲུངས་ལ་སོགས་ཞེས་བྱ་བ་ནི། པུལ་དུ་བྱུང་བའི་རྒྱུའོ།། དེའི་ཕྱིར་རྒྱུར་དྭ་སྐད་དུ་བྱའོ་ཞེས་བྱ་བའི་དོན་ཏེ།། འདིའི་རབ་ཏུ་སྦྱོར་བ་གཞན་གསུངས་པ ་རྡོ་རྗེ་ནས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁ་སྦྱོར་ལྟར་གནས་པ་ཞེས་བྱ་བ་ནི། རྡོ་རྗེ་དཀར་པོ་དག་མཉམ་པར་སྦྱོར་བ་སྟེ། དེའི་ལྟ་བ་ནི་སྙིང་པོ་ལའོ།། གནས་པ་ཞེས་བྱ་བ་ནི་དེང་ལྟོ་བུའོ།། གང་ཞེ་ན་ཨ་ཞེས་གསུངས་སོ།། ཁ་བའི་འོད་ཅེས་བྱ་བ་ནི ་དཀར་པོའི་འོད་ཟེར་རོ།། ཞགས་ཐགས་གིས་ཞེས་བྱ་བ་ནི། སྙིང་གི་པདྨའི་སྟེང་དུ་རྡོ་རྗེ་ཁ་སྦྱོར་དག་གིས་ཡང་དག་པར་སྦྱོར་བ། ཨའི་རྣམ་པ་བསམས་ནས། རྡོ་རྗེ་ཁ་སྦྱོར་གྱི་མཐའ་གཉིས་ཞགས་པ་དག་གིས་བཅིངས་ཤིང་ཨ་དང་རྡོ་རྗེའི་འོད ་ཟེར་རྣམས་ཀྱིས། ལུས་ཐམས་ཅད་ཚིམ་ཞི་གོང་མོ་བཞིན་དུ་སྔགས་བཟླས་པར་བྱའོ།། འཚོ་བ་བསྲུངས་པ་མཆོག་ཅེས་བྱ་བ་ནི་ཚིགས་བཅས་ལས་ཐ་དད་པའི་ངོག་གོ། འཚོ་བ་བསྲུང་བ་མཆོག་ཅེས་བྱ་བ་ནི་གང་གི་ཕུལ་དུ་བྱུང་བའི ་ལས་དེ་ནི་དེ་ལྟ་བུའོ།། རབ་ཏུ་སྦྱོར་བ་གཞན་གསུངས་པ་བཾ་ཞེས་བྱེ་བ་ལ་སོགས་པ་ནི། སྙིང་ལ་བཾ་ཁ་འོག་ཏུ་བལྟས་ཤིང་། པདྨར་གནས་པའི་ཟླ་བར་གནས་པ་ནི། ཕྱི་མའི་པདྨས་བཀབ་པ་སྟེ། བདུག་རྩི་དཀར་པོ་འཛག་པ་དང་དེ་བཞིན ་དུ་ཨ་ཡང་པདྨའི་ལྟེ་བའི་ཟླ་བར་གནས་པ་སྟེ། པདྨ་ཕྱི་མས་བཀབ་ཅིང་ནས་ཀྱི་ཚད་ཙམ་དུ་བསམ་པར་བྱ་བ་དང་། འདིས་ནི་ཐམས་ཅད་དུ་བདུད་རྩི་འཛག་པས་བསྒྲུབ་བྱའི་ལུས་གང་བར་བསམས་ཏེ་སྔགས་བཟླ་བར་བྱའོ།། དེ་ནས་སྤྱན ་ལ་སོགས་པ་རྣམས་ཀྱིས་བལྟས་པར་དེ་བསམ་པར་བྱའོ།། འདི་ལས་ཞེས་བྱ་བ་ནི་ལུས་ལའོ།། དབང་བསྐུར་ཞེས་བྱ་བ་ནི་དབང་བསྐུར་བར་བྱེད་པ་སྟེ་བཾ་དང་ཨཾ་བསམ་པར་བྱའོ།། གལ་ཏེ་ཡང་པདྨ་སོ་སོར་གོང་དུ་གསུངས་པ་དེ་བཞིན་དུའང་། ་པདྨ་མཉམ་སྦྱོརརེ་ཡང་དག་གནས་ཞེས་བྱ་བའི་ཁྱད་པར་འདིས་ནི་དེ་ལ་པདྨ་ཁ་སྦྱོར་ཁོ་ནར་ཤེས་པར་བྱའོ།། འཚོ་བ་བསྲུངས་དང་ཞེས་བྱ་བ་ནི། འདིས་ནི་འཚོ་བ་བསྲངས་པར་འགྱུར་རོ།། དབང་དང་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་རྣམས་ཀྱིས ་སྦྱིན་པར་བྱའོ།། ཇི་ལྟར་དབང་བསྐུར་ཞེ་ན། སྙིང་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྙིང་ཞེས་བྱ་བ་ནི་སྙིང་ལ་གནས་པའི་སྤྱན་ལ་སོགས་པའི་སྔགས་སོ།། དེ་བས་ན་སྙིང་པོ་ལ་ཡོད་པའི་སྤྱན་ལ་སོགས ་པའི་སྔགས་ལས་བྱུང་པོ་རྣམས་ཀྱི་དབང་བསྐུར་བར་འགྱུར་ཏེ། སྤྱན་དང་རྣམ་པར་སྣང་མཛད་ལ་སོགས་པའི་ཚོགས་ཀྱིས་ཤེས་བྱ་བའི་དོན་ཏོ།། ལྐོག་མ་ནི་གོ་སླའོ།། འཆི་བ་བླུ་བ་གསུངས་ནས། ཡང་རབ་ཏུ་སྦྱོར་བ་གཞན་གསུང ་པ་གཿཞེས་བྱ་བ་ལ་སོགས་པ་ནི། ཏཱ་ལའི་འདབ་མ་ལ་ཚེར་མ་ས་གཿོཾ་ལྷས་བྱིན་རེངས་པར་གྱིས་ཤིག། ཨོཾ་གཿཞེས་བསྒྲུབ་བྱའི་མིང་ནང་དུ་བཅུག་ནས། དུར་ཁྲོད་ཀྱི་སོལ་བའི་ཕྱེ་མས་བཀའ་ཞིང་སྐོང་བུ་ཁ་སྦྱར་ལ་སོགས ་པར་སྤྲ་ཚིལ་ལམ་ལ་ཆ་ལ་སོགས་པ་རྣམས་ཀྱིས། དེའི་ཁ་དགབ་པར་བྱའོ།། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས་བུམ་པ་ཅན་གྱིས་བསྒྲུབ་པར་བྱ་བའི་བློར་བྱས་ནས། མི་གཙང་བར་དེ་ཉིད་གཞུག་པར་བྱ་ཞིང ་དེ་བཞིན་དུ་དེ་ཉིད་དམ་གཞན་པ་རེངས་པ་ལྷག་པར་བྱས་ནས་བསླས་པར་བྱའོ།། རངས་པ་བྱེད་པ་གསུངས་པ། ཉི་མོཾ་ཞེས་བྱེ་བ་ལ་སོགས་པ་ལ། ཉི་མ་ནཱི་ཨརྐའི་ཤིང་ངོ་།། བཀུག་ནས་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ ་གཞུག་པའོ།། དམ་ཚིག་ལ་སོགས་པ་ཞེས་བྱ་བ་ནི། མཆོད་ཡོན་ལ་སོགས་པའོ།། ནག་པོ་ཞེས་བྱ་བ་ནཻ་པི་པི་ལིང་ངོ་།། ཕུག་མ་ཞེས་བྱ་བ་ནི་བ་རུ་རའོ།། ཆུ་ཞེས་བྱ་བ་ནི་བྷ་ལ་ཀའོ་ལུས་བྱུགས་པ་འམ་ཞེས་བྱ་བ་ནི། གོང་དུ་གསུངས་བཱི ་རྫས་འབའ་ཞིག་གིས་ཕུབ་མ་ལ་སོགས་དང་ལྷན་ཅིག་པས་སམ་ཞེས་བྱ་བའི་དོན་ཏོ།། ལག་པ་བཞི་པ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་ལུང་ལས་རབ་ཏུ་གྲགས་པའི་མཚན་མ་དང་ལྡན་པའོ།། གཤིན་རྗེའི་གདོང་ནི་ལྷོ་རུ་ཁ་བལྟས ་པའོ།། ཁྱིམ་གྱི་ཆུ་ཞེས་བྱ་བ་ནི་སིངས་པོའོ།། སྔགས་པས་ཞེས་བྱ་བ་ནི་རེངས་པའི་སྔགས་ཟློས་པའོ།། འདིའི་ཡང་བསྐྱེད་པའི་ས་བོན་ནི་གཾ་ངོ་།། གཞན་མ་ནི་གོ་སླའོ།། སྟོབས་པོ་ཆེའི་སྔགས་ཀྱིས་བསྐྲད་པ་ལ་སོགས་པ་ནི། ་སོ་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། ཀུན་འདར་གྱི་རས་ལ་ཞེས་བྱ་བ་ནི། ཟླ་མཚན་འཛག་པའི་རས་ལའོ།། ཤོ་ཟའི་ཤིང་ཞེས་བྱ་བ་ནི་ཨུ་དུཾ་བཱ་རའི་ཤིང་ངི། ཤཾ་ཀོ་ཊ་ཀའི་ཤིང་ངོ་།། ཁ་ཅིག་ནེ་རེ་བ་ཧུ་བཱ་ར་ཤིང་ངོ ་ཞེས་ཟེ་རོ།། བསྐྲད་པ་ཞེས་བྱ་བ་ལ་སོགས་པ་ནི། བསྐྲད་པ་ལ་སོགས་པར་ཕྱོགས་ངེས་པར་བྱས་པའོ།། རེངས་པ་ལ་ནི་ཡང་དབང་ལྡན་དུ་སྤྲོ་བའོ།། དེ་ནས་འདི་ནི་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། འོ་མ་ཞེས་བྱ་བ་ནི ་ཆུ་ལའོ།། རིམ་པ་བཞིན་དུ་ཞེས་བྱ་བ་ནི་གོང་དུ་རིམ་པ་ལས་བཟློག་པར་བཟློས་ལ་བརྙེགས་སོ།། གྲོ་ག་ལ་སོགས་པ་ལ་གཡོན་པའི་ལག་པས་བ་བླའི་ནག་ཚ་བླངས་ནས། མྱ་ངན་མེད་པའི་ཤིང་གི་སྨྱུག་གུས་བསྒྲུབ་པར་བྱ་བའི ་གཟུགས་བརྙན་དུ་ལྷག་པར་མོས་པས་བྲིས་པའོ།། དེ་ཉིད་ཀྱི་སྔགས་ཀྱིས་ལྷག་པར་དབང་དུ་བྱེད་པས་སམ་སྔགས་གཞན་གྱིས་བསྒྲུབ་པར་བྱ་བའི་མིང་ནང་དུ་བཅུག་ཅིང་དེའི་སྙིང་གར་བྲིསནས་སྤྲ་ཚིལ་གྱི་སྟོང་དུ་མར ་མའི་སྣོད་ལ་གནས་པའི་ཏིལ་མར་གྱི་མཱ་ར་མཱཥྚི་རྩེ་མོ་ལ་འམ། དེ་བཞིན་དུ་མྱུར་གྱི་མར་མེའི་རྩེ་མོ་ལ་དེ་བདུག་བཱར་བྱཱ་ནིང་ཐུན་ཆང་གསུམ་དུ་སྔགས་བཟླས་ཏེ་གསུངས་པ། བསྒྲུབ་པར་བྱའོ།། སྐྲོད་པར་བྱུང་བ་ལ ་མ་ཉལ་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཁམ་གཅིག་བྱིན་ནས་ཞེས་བྱ་བ་ནི་ཀཱ་ཀི་མུ་ཀཽ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སོ།། དགུག་པའི་སྟེང་དུ་བཅིངས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིའི་དགུག ་པའི་སྔགས་ཀྱིས་རབ་ཏུ་སྦྱོར་བའོ།། གཞན་ནི་གྲོ་སླའོ།། གྲོང་གནོས་པར་བྱེད་པ་ནི། དེ་ནས་ཞེས་བྱ་བ་ལོ་སོགས་པ་གསུངས་སོ།། རྡོ་རྣོན་པོ་ཞེས་བྱ་བ་རི། ལ་བརྡར་གྱི་རྡོའོ།། ཀླུའི་རྒྱལ་པོ་ཞེས་བྱ་བ་ནི་རྡོ་བ་དེས་སྔོན་དུ་གསུངས་པ ་བྱ་བར་བྱའོ།། སྣོད་ནག་པོརོ་ཞེས་བྱ་བ་ནི། འཇིམ་པ་ནག་པོའི་སྣོད་ནག་པོའོ།། རྒྱས་གདབ་པར་བྱ་བ་ཞེས་བྱ་བ་ནི། རེངས་པར་ལྷག་པར་བྱེད་པའི་སྔགས་ཀྱིས། སོར་རྡི་བ་ལ་སོགས་པར་བརྐོས་པས་འཇིམ་པ་ནག་པོ་བཏག་པ ་ནི་དེ་རྒྱས་བཏབ་པ་ཞེས་བྱ་བའི་དོན་ཏོ།། སྟོང་ལས་ལྕུག་པཱའི་རྒྱ་ཞེས་བྱ་བ་ནི། རེངས་པ་ལྷགྶ་པར་བྱས་ནས་སྔགས་ཀྱི་རྐང་པ་བརྒྱད་པ་འམ། དེ་བཞིན་དུ་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། ཁྲོས་པའི ་དགུག་པ་ནི། བྲོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེའི་སྔགས་ཞེས་བྱ་བ་ནི། དགུག་པོའི་སྔགོས་ཏེ། སྟོབས་པོ་ཆེའི་སྔགསོ་སམ། རྐང་པ་བརྒྱད་པའི་སྔགས་ས་མོ། ཀ་ར་ཀར་ལ་སོགས་པའི་སྔགས་སོ།། བུ་རམ་ལ ་ཡོངས་སུ་བཟླས་ཏེ་ཞེས་བྱ་བ་ནི། ཨོཾ་ཨིནྣེ་ཎ་ཧ་ད་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་སམ། སྟོབས་པོ་ཆེ་ལ་སོགས་པའི་སྔགས་ཀྱིས་སོ།། རྫ་མཁན་གྱི་ལག་པ་དྲིལ་བའི་རྫའི་སྣོད་དུ་ཞེས་བྱ་བ་ནི། བུམ་པ་བྱེད་པའི་ལག་པ ་དྲིལ་བའི་འཇིམ་པ་དོར་བ་སྟེ། ལག་པ་ཕྱིས་ཏེ་དོར་བ་ནི་མ་ཡིན་ནོ།། དེ་ལས་སྣོད་དུ་བྱའོ།། སྔགས་ཀྱང་འདི་ལ་ལྷག་པར་རེངས་པར་བྱེད་པའོ།། དེ་བཞིན་དུ་སྣོད་དུ་བཞག་པར་བྱས་ན་གྲོང་གནས་པར་འགྱུ་རོ་རོ་ཞེས་བྱ་བར་སྦྱོར་རོ།། དེ་ནས་ནཱི ་བྱ་བ་ལ་སོགས་པ་ནི། འདི་ལ་རྐང་པ་བརྒྱད་པ་ལ་སོགས་པའི་བྱ་བ་སྟེ། ཐ་མས་ཅད་ནི་གོ་སླའོ།། ཉི་ཤུའི་ཕྱེད་ཅེས་བྱ་བ་ལ། རྫས་བཅུ་ནི་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་གནས་དང་། འོད་དཔག་ཏུ་མེད་པ་དང་། མི་སྐྱོད་པ་ཞེས ་བྱེ་བ་བཞི་པོ་རྣམས་དང་། རིགས་ཀྱི་བདག་པོའི་དྲི་མ་དང་བཅས་ཞེས་བྱ་བ་ནི་ལྔ་པའོ།། གྷོ་དང་ཀུ་དདྨ་ད་དང་ཧ་དོང་ན་ཞེས་བྱ་བ་ལྔའོ།། འདི་ལྟར་ཁཱ་ཙ་གུ་ན་ར~ཾ། བནྡྷ་ནཱི་སྐྱུགས་པ་དང་ལྷན་ཅིག་བཅུའོ་ཞེས་ཟླ་རོ།། ཁ་ཆེའི་སྒྲ་སྭཱ་ནཱི་གུ་ར་ཀྲོ་མོ།། དེ་རྣམ ་ཐམས་ཅད་ཆེ་མཉམ་པར། རྐང་པ་བརྒྱད་པའི་སྔགས་ཀྱིས་སཱ་མོ། དབང་དུ་བྱེད་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་བཟླས་པར་བརྗོད་པ་ཡིན་ནོ།། མ་ལ་ཡ་སྟྭཾ་སཾ་ནི་ཏནྡ་ནོ།། ཁྲག་སྐྱེས་ཤེས་བྱ་བ་ནི་གུར་ཀུ་མོ།། མཱཾ་ཀྵཾ་ནི་སྦྲང་རྩིའོ།། ནད ་ཀྱི་དབང་པོ་ཞེས་བྱ་བ་ནི་རུ་རྟའོ།། མཚན་མོ་ནི་ཡུང་བའོ།། ལྷག་མ་ནི་གོ་སླའོ།། རྩ་བའི་སྔགས་ནི་ཞེས་བྱ་བ་ནི། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་སོ།། དེར་འབུམ་བཟླས་པ་བྱས་པས། སྔགས་ཀྱིས་ཀྱང་ལས་བྱེད་པ་ནི་འགྲུབ་པར ་འགྱུར་ཏེ། འདིར་བརྗོད་པ་འདིར་ནི་རེ་ཞིག་འགྲུབ་པར་འགྱུར་རོ།། སྔགས་གཞན་གྱིས་ཀྱང་མ་བཟླས་ཀྱང་འགྲུབ་པར་འགྱུར་རོ།། ཞེས་བྱ་བ་ནི་ལྷག་མའོ།། དེ་ནས་གཞན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་སྔགས་མ་བཟླས་ཀྱང་གང་ཞིག་གཙོར་ལས་རྩོམ་པར་བྱེད་པ་དེ་མ་གྲུབ་པས། དམ་པའི་ཆོས་ལ་སྨད་པས་དམྱལ་བར་འགྲོ་བར་འགྱུར་རོ་ཞེས་བྱ་བར་དགོངས་པའོ།། འདི་སྐད་གསུངས་ཞེས་བྱ་བོ་ལ་སོགས་པ་ནི། གསུང ་ཚང་མ་ཞེས་བྱི་བར་བརྟགས་སོ།། གཞན་ནི་བཤད་ཟིན་ཏོ།། འདི་ནི་འདི་སྐད་ཅེས་བྱ་བའི་དོན་ལའོ།། ལས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཆར་དབབ་པའི་སྒྲུབ་ཐབས་ལ་སོགས་པའི་མཚན་ཉིད་རྣམས་ཀྱིའོ།། རབ་ཏུ་རྒྱས་པ་ནི་ཚོགས་ཏེ ་ཆོ་ག་སྣ་ཚོགས་ཀྱིས་ཀུན་ཏུ་གནས་པའོ།། དེའི་འབྱུང་བ་ནི་གང་དུ་དེ་ལྟ་བུའོ་ཞེས་བྱ་བ་ནི་ཕྱེ་བའོ།། ཅི་དེ་ལྟ་བུ་ཞེ་ན། ཆོ་ག་ཞེས་བྱ་བ་གསུངས་ཏེ། འདིས་ཆོ་གར་བྱེད་པ་དང་། ལས་སྐྱེད་པར་བྱེད་པ་སྟེ་སྔགས་ཀྱི་ཚོགས་སོ།། དེའི་རྣམ ་པར་རྒྱས་པ་ནི་སྐད་སྣ་ཚོགས་ཀྱི་དགོད་པའི་ངོ་བོ་ཉིད་དེ། དེའི་རྗོད་པར་བྱེང་བ་པོ་སྟེ་ལེའུ་བོཞི་པའོ།། ། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་བ་ལྟོས་ལེའུ་བཞི་པའོ།། ། ད་ནི་རྡོ་རྗེ་མཁའ་འགྲོ་ཕྱག ་བརྐྱང་པའི་རྣལ་འབྱོར་གྱིས། ལས་རྒྱས་པ་བསྟན་པའི་ཕྱིར་ལེའུ་ལྔ་པོ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི། ངེས་པ་མེད་པའི་རྣལ་འབྱོར་གྱིས་ལས་རྒྱས་པ་བཤད་མ་ཐེག་པར་རོ།། མཐོ ་དབྱིངས་ནང་སོན་པ་ཞེས་བྱ་བ་ནི། སྔོན་དུ་གསུངས་པའི་སྒྲུབ་ཐབས་ཀྱི་རིམ་པས་གཞལ་མེད་ཁང་རྩེག་མའི་དབུས་སུ་ན་མཁའི་དབྱིངས་ཀྱི་ནང་དུ་སོན་པར་རོ།། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ནི་ར་གྲུ་གསུམ་ལས་སྐྱེས་པའོ།། དེ་ཅིས ་གྱུར་པས་ཤེ་ན། སྨྲས་པ་དཔག་ཏུ་མེད་པ་རྣམས་ཞེས་བྱ་བ་ནི། ཀླུའི་རིགྲཱ་རྣམ་ཏེ་འོད་ཟེར་གྱི་གཟུགས་ཅན་ནོ།། དེ་རྣམས་ཀྱིས་ཀུནྡ་ནི་ཕྱོགས་དང་མཚམས་སུ་ན་མཁར་ཁྱབ་པ་འདིའི་ངང་ཚུལ་དཱི་ནི་དེ་ལྟ་བུའོ།། རོའི་སྟེང་དུ་ཉི་མའི་དཀྱིལ ་འཁོར་གདན་གྱི་སྟེང་ན་ཨ་ལ་སོགས་པ་དང་། ཀ་ལ་སོགས་སུ་གྱུར་པའི་ཟླ་བ་གཉིས་ཀྱི་སྟེང་དུ། ར་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་གང་ཞིག་གོང་དུ་གསུངས་པའི་ཁྱད་པར་ད་ནི་འདིར་དམིགས་པར་བྱའོ།། རང་གི་ས་བོན ་མཚན་གནས་པ་ཞེས་བྱ་བ་ནི། ཧཱུཾ་ཡོངས་སུ་གྱུར་པའི་མཚན་མའི་ལྟེ་བར་དེས་བྱིན་གྱིས་བརླབས་པ་ཞེས་བྱ་བའི་དོན་ཏོ།། དེ་ཅིར་གྱུར་པས་ཤེ་ན་སྨྲས་པ། ཉི་མ་སྟོང་པས་ལྷག་པའི་འོད་ཟེར་ཞེས་བྱ་བ་གསུངས་ཏེ། གང་གི་ལྷག་པ་ཉིད ་དེའི་འོད་ཟེར་ནི་དེ་ལྟ་བུའོ།། དེ་ལྟ་བུ་གང་གི་འོད་ཟེར་ཀླུ་རིགས་ལྡན་ཞེས་བྱ་བས། རྡོ་རྗེའི་མཚན་མ་མཚན་པ་དེའི་དེ་ནི་དེ་ལྟ་བུའོ།། དེས་ནི་ཞེས་བྱ་བ་ནི། ཀླུའི་རིགས་རིགས་ལྡན་ཞེས་བྱ་བའི་གཟུགས་མཚན་མ་ལས་བྱུང་བ་རྣམས་ཀྱིས ་བདུད་ལ་སོགས་པའི་ཚོགས་སྲེགས་པ་ཞེས་བྱ་བ་ནི། བདུད་ནི་ཉོན་མོངས་པའི་བདུད་དེ། དེ་ལ་སོགས་པ་གང་གི་ཕུང་པོ་ལ་སོགས་པའི་བདུད་ཀྱི་ཚོགས་ཀྱི་དེ་ནི་དེ་ལྟ་བུའོ།། བསྲེགས་པས་ཁུ་བའི་ལུས་ལས་བཞེངས་པ་ཞེས ་བྱཱ་བ་དང་སྦྱར།། ང་རྣམས་ཀྱི་ཞེས་བྱ་བ་ནི། ཟླ་བ་ལ་སོགས་པ་རྣམས་ཀྱིས་བསྡུས་པའོ།། གང་བུ་རྣལ་འགྱུར་བྱས་ནས་བྱ་བ་ནི། བསྡུས་པ་དང་སྤྲོས་པའོ།། འདི་ལ་ཞེས་བྱ་བ་ནི་འདིར་ཞུགས་པའོ།། ཞུ་བའི་ལྷས ་ཞེས་བྱ་བ་ནི་ཟླ་བ་ལ་སོགས་པ་འདུས་པ་སྟེ། ཁུ་བའི་དངོས་པོ་ཐོབ་པ་ཞེས་བྱ་བ་ནི་མན་ངག་གོ།། དེ་ཉིད་ཀྱི་ཕྱིར། གོང་བུའི་རྣལ་འབྱོར་ཏེ་ཁུ་བ་འདུས་པ་ནི་རོ་གཅིག་པའི་དངོས་པོའོ།། ཅིར་གྱུར་པས་ཤེ་ན། སྔོན་པོ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ་གྲོ་སླའོ།། ཡང་ཇི་ལྟ་བུར་ཞེ་ན། ལྷ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོའི་དབུས་སུ་རབ་བཞུགས་པ། ཞེས་བྱ་བ་དང་སྦྱར་རོ།། ཅིར་གྱུར་པས་ཤེ་ན། ལྷ་མོའི་ཞེས་བྱ་བ་ནི། ལྟུང་བར་བྱེང་མ་ལ ་སོགས་རྣམས་ཀྱིའོ།། དཀྱིལ་འཁོར་ནི་ཚོགས་སོ།། དེའི་མང་པོ་ནི་ཕྱིན་མ་ཕྱིན་མའི་གཟུགས་ཀྱིས་ཡུན་རིང་དུ་གནས་པ་ཉིད་དོ།། བཞད་པ་ཆེན་པོས་ཞེས་བྱ་བ་ནི་དེས་སྒྲ་ཆེར་བཞད་པ་ནཱ། སྒྲ་ཆེར་བཞད་པས་སོ།། སྤྲོ་བར་མཛད ་པ་ནི་སྤྲོས་པའོ།། ཚེམས་ཀྱི་འོད་ཟེར་ནི། དེས་སྣང་བར་བྱེད་བའོ།། བླ་རཽ་ཞེས་བྱ་བ་ནི་གང་ལ་བཏེག་པ་དེ་ནི་དེ་ལྟ་བུའོ།། དེ་ནི་འདིར་ཨ་ཎི་ཙ་དང་ཨ་ཙ་སྟེ། མ་གྲུབ་བོ།། དྲི་བས་ན་བསྒོམ་པ་དང་བྲི་བ་ལ་ཡང་བླ་རེ་དང་བཅས་པ་ཉིད་དུ་དཀྱིལ ་འཁོར་བལྟ་བར་བྱའོ།། ད་ནི་བཅོམ་ལྡན་འདས་ཀྱི་ཞལོ་དང་སྐུ་མངག་ལ་སོགས་པའི་ངེས་པ་ཡང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་ཕྱག་བཞི་པ་ནི་གང་དག་ལ་སྟེ་ཕྱག་རྣམས་ལ་ཡང་དེ་ཕྱག་བཞིའོ།། འོདིས་ནི ་ཕྱག་བརྒྱད་དུ་འགྱུར་རོ།། དེ་རྣམས་ཀྱིས་ཡང་དག་སྣང་བས་ཞེས་བྱ་བ་ནི་གསལ་བའོ།། སྒྱུ་མ་ཆེན་མོ་ནི་སྔོན་དུ་གསུངས་པའི་རྡོ་རྗེ་མཁའ་འགྲོ་མའི་གཟུགས་ཀྱིས་ཉིད་ཐུགས་ཀར་ལྡན་པའོ།། ཡང་ན་ཡང་གི་སྒྲས་ནི་བཅོམ་ལྡན་འདས་ཀྱི་ཡཱ ་ཁྱད་པར་གྱི་ཚིག་གོ། དེའི་ཕྱག་བཞི་པོ་རྣམས་ཀྱིས་ཡང་དག་པར་སྣང་བའོ།། སྒྱུ་མ་ཆེན་མོ་ནི་རྡོ་རྗེ་མཁའ་འགྲོ་མའོ།། ནུ་མའི་གནས་ཀྱིས་ཞེས་བྱ་བ་ནི། དེས་རྣམ་པར་སྤྲས་པ་ནི་བཅོམ་ལྡན་འདས་སོ།། ཡང་ཇི་ལྟ་བུས་ཤེ་ན། པགས ་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཟླ་མཆོག་ཚོགས་ཀྱིས་ཞེས་བྱ་བ་ནི་གང་གི་ཕྱག་ན་ཟླ་བ་དེ་ནི་དེ་ལྟ་བུའོ།། དེ་ཉིད་ཀྱིས་ཕྱག་གི་ཟླ་བ་དང་སྤྱི་བོར་གནས་པའི་རི་མོ་ཙམ་གྱིས་ཕྱུང་བས་དབང་བསྐུར་ཞིང་བཞད་པའི་འོད་ཟེར་དང ་འདྲེས་པའི་ཕྱིར་ཉིས་འགྱུར་དུ་སྣང་བ་ཉིད་དོ།། ཅིར་གྱུར་པས་ཤེ་ན་གསུངས་པ། པགས་པ་ཞེས་བྱ་བ་ནི། རྒྱལ་བ་མ་ཡིན་པའི་ཀོ་བའོ།། སྟག་གི་ལྕོགས་པའི་ཤམ་ཐབས་འཛིན་པ་ཞེས་བྱ་བ་ནི་སྔར་བསྟེན་པའི་ཕྱིར་རོ།། དེ་ཡང་འདིར ་དྲི་མ་ཁོ་ན་སྒྲིབ་གཡོགས་དང་ཆོས་མཐུན་པའི་ཕྱིར་རོ།། དེའི་གྲོལ་བ་ནི་གང་དུ་དེ་ཡང་མུ་ཏིག་གི་དོ་ཤལ་ཞེས་བྱ་བ་འདི་ནི། ཕྱིས་ཚིག་རྐང་ཚིག་གོ། རབ་འབབ་ཅེས་བྱ་བ་ནི་གཾ་གཱའི་ཆུ་བོ་སྟེ། རབ་ཏུ་འབབ་པའོ།། དེ་དག་ལྟ་བུ་དེས་དྲི ་མ་མེད་པ་ཉིད་དོ།། ཡང་ན་སྟེང་གི་ན་མཁར་རིག་པར་དེ་ལྟར་གྱུར་པའི་ཟླ་བ་ཡང་དག་པར་དཔྱད་པས་དབང་བསྐུར་ན་ཉིད་འགྱུར་དུ་སྣང་བ་ཉིད་དོ།། ཡང་ན་ཅི་འདྲ་བར་འགྱུར་ཞེ་ན། འགུལ་བར་གྱུར་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་རབ་ཆེན་པོའི་དབུས་ས་ཞབས་གཉིས་གཉིས་པས་འགུལ་བར་འགྱུར་ཏེ། དེ་ཡང་བཅོམ་ལྡན་འདས་ཞེས་ཤས་པར་གྱུར།། དེས་རབ་ཏུ་བརྒྱན་པ་ནི་ཉམས་པའོ།། རླུང་ཁུར་གསུམ་རྟག་གི་གདུལ་། ་གྲོང་ནི་དེའི་ཀུན་གྱི་བར་དུ་ཞེས་བྱ་བ་ཇི་སྙེད་པའོ།། གཡོས་པ་ནི་བསྐྱོད་པ་སྟེ། བར་དུ་གཡོ་བའོ།། དེས་གང་རྣ་མེ་རྒྱལ་རབ་འབབ་པ་ནི། རིང་དུ་འགྲོ་བས་དེས་གང་བ་ནཱི་གནས་གསུམ་པོ་དེ་དང་དེ་ལའོ།། དབུགས་འབྱིན་དབུགས་རྒྱ ་སྒྲ་ཡིས་ཏེ། དེས་གང་དུ་ཉེ་བར་བཅོམ་པ་དེ་ནི་དེ་ལྟ་བུའོ།། འདི་སྐད་དུ་ཁྱད་པར་དུ་འཕགས་པའི་གནས་གསུམ་གོཡོ་ཞིང་བསྐྱོད་པར་གྱུར་པ་ནི། ཕ་རོལ་གྱི་དཔུང་གིས་སེམས་དཀྲུགས་པ་ཞེས་བྱ་བར་བལྟ་བའོ་བྱའོ།། མཚན ་ཆ་དུ་མ་ཞེས་བྱ་བ་ཡང་ཕྱིས་གཞན་གྱི་མཐའི་ལྷག་མཾ་སྟེ་ཚིག་གི་ཕྲད་དོ།། མཚན་ཆ་དུ་མ་འཕངས་རྒྱས་ཞེས་བྱ་བ་རྣམས་ཀྱིས་ནི་གང་གི་བཟོད་པར་མི་ནུས་པ་དེ་ནི་དེ་ལྟ་བུའོ།། དེ་ལྟར་བཅོམ་ལྡན་འད་སོ་མ་རོལ་པ་མཛད་དོ།། རྐང་ཐེག ་ལ་སོགས་པར་ཕྱིན་པ་ནི་དེའི་འོད་ཟེར་བསྟན་པའོ།། ད་ནི་ཞལ་དང་སྐུ་མདོག་པ་བསྟན་པ་གསུངས་པུ་རབ་རིབ་ཚོགས་གཙིགས་ལྟ་བུ་ཞེས་བྱ་བ་ལ། རབ་རིབ་ཀྱི་ཚོགས་ཀྱིས་གཙིགས་པ་ནི་མི་སྡུག་པ་སྟེ་མཐོ་བའོ།། དེ་དང་འདྲ་བའི་ཞལ ་དེ་ཡང་ཤར་རོ།། རོལ་པ་ནི་འཆང་བར་འགྱུར་བའི་ཕྱིར་ཞལ་ཞེས་བྱ་བའི་དགོད་པའོ།། མཐོ་རིས་སུ་སོན་པའི་བཅོམ་ལྡན་འདས་ཀྱི་འོད་ཟེར་གསུངས་པ། ཀུན་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་པོའི་བདག་པོ་ནི་བདེ་བྱེད་དོ།། ཤིང་རྟའི་ལྷ ་རིགས་ཀྱི་རྒྱུ་བ་ནི། ཤིང་རྟའི་ལྷ་རིགས་སོ།། ཞབས་ཀྱི་དྲི་མའི་མཐའ་མའི་སྤྱོད་ཡུལ་ལའང་བཟོད་པར་མི་ནུས་ཞེས་བྱ་བ་ནི། ཞབས་ཀྱི་དྲི་མའི་མཐའ་སྟེ་ཉེ་བའོ།། དེ་ཉིད་སྤྱོད་ཡུལ་དེ་གནསོ།། དེའང་བཟོད་པར་མི་ནུས་པའི་ངང་ཚུལ་དེ་ནི། བཟོད་པར་ནུས ་པ་དག་གོ། བཟོད་པར་ནུས་པ་ཁོ་ན་དང་ལྷན་ཅིག་རང་གི་དོན་ཅན་ཏེ་ལའི་རྐྱེན་དང་ཕྱི་ནས་ནི་ན་ཉའོ།། བཟོད་པར་མི་ནུས་པ་ཞེས་བྱ་བ་ནི། རང་གི་རྟགས་ཀྱི་གྲངས་སུ་རྣམ་པར་གནས་པའོ།། ཁ་ཅིག་ན་རེ་རབ་རིབ་ཚོགས་ཀྱི་གཙིགས་པ་སྟེ ་བུ་ཞེས་འདི་ཉིད་ཀྱི་ཚིག་རྐང་ལ་སོགས་པའི་ཁྱད་པར་རོ་ཞེས་ཟེར་རོ།། གླིང་བཞི་ལ་སོགས་པར་ཕྱིན་པའི་འོད་ཟེར་ནི་གཞན་ཡང་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། བགེགས་ཀྱི་ཚོགས་རྣམས་ནི་ཁྱད་པར་རྣམས་ཀྱི ་ཚོགས་སོ།། སྒྱུ་མ་ཞེས་བྱ་བ་ནི། སྒྱུ་མ་དང་ལྡན་པོའོ།། ལྷ་ཞེས་བྱ་བ་ནི་ལྷའི་སྐྱེ་གནས་རྣམསོ།། འདོད་པ་ལས་དཔག་ཚང་འབུམ་ལས། གཞན་དཔག་ཚོང་འབུམ་དང་མཐར་འབུམ་མོ།། དེ་ཡང་དཔག་ཚད་ཀྱང་ཡིན་ལ་མཐར་འབུམ་ཡང ་ཡིན་པ་དེ་ནི། དཔག་ཚད་ཀྱི་མཐར་འབུམ་སྟེ། དཔག་ཚད་འབུམ་ཕྲག་དུ་མའི་གྲངས་ཞེས་བྱ་བའི་དོན་ཏོ།། དེ་རྣམས་ཀྱི་རྩེ་མོ་ནི་མཐར་ཐུགས་པའོ།། དེ་བས་ན་འོད་དཀྱིལ་འཁོར་ཕྱི་རོལ་ཞེས་བྱ་བ་ནི་ནང་མ་ཡིན་པའོ།། དེའི་ཡང་བཟོད་མི ་ནུས་ཞེས་བྱ་བ་ནི་བཟོད་པར་མི་ནུས་པ་རྣམས་སོ།། དེ་དང་ཕྱི་རོལ་དུ་ཅིར་གྱུར་པ་ལྟ་བུར་བལྟ་ཞེ་ན། རྡུལ་དང་དུ་བ་ལྟར་བལྟ་ཞེས་བྱ་བ་གསུངས་སོ།། དཔག་ཚད་འབུམ་ཕྲག་དུ་མའི་མཐར་གནས་པ་སྟེ། དེའི་འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ ་ཏུའང་བལྟ་བར་མི་ནུས་པ་ཞེས་བྱ་བར་དགོངས་པའོ།། རང་གིས་ཅུང་ཟད་ཅེས་བྱ་བ་ནི་བག་ཙམ་མོ།། སྣང་བ་ཙམ་གྱིས་ཞེས་བྱ་བ་ནི་རྣམ་པ་ཙམ་གྱིསོ།། འགྱུར་བ་འམ་འགྱུར་མིན་ཞེས་བྱ་བ་ནི་རི་མོར་བྲིས་པའི་སྐྱེས་བུ་ལ ་སོགས་པ་བཞིན་དུ་སྣང་བ་ཙམ་གྱིས་ནི་ཡོད་དེ། དོན་གྱི་བྱ་བ་ནི་མི་བྱེད་དོ།། དེ་ཡང་འགྱུར་ཞེས་བྱ་བ་ནི་སྣང་བ་ཙམ་གྱིས་ནི་ཡོད་དོ།། འགྱུར་མིན་ཞེས་བྱ་བ་ནི་དོན་གྱིས་བྱ་བ་དང་བྲལ་བས་ཡོད་པ་མ་ཡིན་ནོ།། འདི་ལས་རིང་པོར་གོནས ་པའང་བཅོམ་ལྡན་འདིས་ཀྱིས་འོད་ཟེར་གྱིས་སྐྲག་པ་ཞེས་བྱ་བ་ནི་བྱེ་བར་འོས་པ་བེམས་པོའི་ཕྱིར་དོན་གྱི་བྱ་བ་ཡང་མི་ནུས་པ་ཞེས་བྱ་བར་དགོང་སོ།། རོལ་པ་ཞེས་བྱ་བ་ནི་དབང་པོའི་སྟེ་ཤར་གྱི་ཕྱོགས་ཏེ་དེ་དེ་གཉིས་ཀྱི་གནས་སོ།། དེ་ཡང ་ནི་དེ་གང་ལ་ཡོད་པ་དེ་ཉིད་གཉིས་རྗེས་སུ་སྤྱོད་པའི་ཕྱིར་རོ།། དེ་བས་ན་རོལ་པའི་སྒྲས་ནི་ཤར་གྱི་ཕྱོགས་ཁོ་ནའོ།། རོལ་པ་ཞེས་བྱ་བ་ནི་ཤར་གྱི་ཕྱོགས་སུ་གང་ཞིག་ཞལ་གཟིགས་པ་ཞེས་བྱ་བར་དགོད་པ་སྟེ། དེ་ནི་རབ་རིབ་ཚོགས་གཅིག ་ལྟ་བུ་ཞེས་བྱ་བ་དང་སྦྱར་རོ།། གང་ཞིག་གཞོན་དུ་འཆིད་པ་དེ་དག་གི་གཞུང་གིས་ཀྱང་ཤར་གྱི་ཕྱོགས་སུ་གོང་དུ་གསུངས་པ་ཡིན་ནོ།། གཡོནོ་ཞེས་བྱ་བ་ནི་ཞལ་གྱི་དགོད་པའོ།། འོད་ཟེར་གྱི་ཚོགས་ཞེས་བྱ་བ་ནི། འོད་ཟེར་ཕུང་པོའོ།། ་པདྨ་དམར་པོའི་དངོས་ཞེས་བྱ་བ་ནི། དམར་པོའི་ཕྱིར་རོ།། གང་དུ་མ་ལུས་ཐམས་ཅད་བསྲེགོས་མཚུངས་པར་བལྟ་ཞེས་བྱ་བ། དེ་ནི་ཐམས་ཅད་མཽ་ལུས་པར་བསྲེགས་པར་བལྟ་བར་བྱའོ།། གཞན་གྱི་མཐའི་ལྷག་མ་སྟེ་ཚིག་གི་ཕྲེང་།། ་འོད་ཟེར་ཚོགས་ནི་བལྟ་བར་དཀའ་བའི་ཕྱིར་རོ།། ཕུང་ཆེན་ཞེས་བྱ་བ་ལ་ཕུང་པོ་ནི་རྣམ་པར་རྒྱལ་བའི་གཟུགས་ཅན་ནོ།། ཆེན་ཞེས་བྱ་བ་ནི་དེ་ཉིད་ཀྱི་བསྡུ་བའི་གཟུགས་སོ།། ཇི་ལྟར་ལུས་པ་ནི་དེ་ལྟ་བུ་ཡིན་ནོ།། གདུངས་པ་ནི་མུ་ལུས ་པའི་རིགས་གསུམ་པོ་རྣམས་ཏེ། དེ་ལས་བྱུང་བ་རྣམས་ཀྱང་ངོ་།། དེ་རྣམས་ཀྱི་རྨད་ཆེན་ནི་ཚོགས་ཏེ་དེས་གཟུགས་སུ་བྱེད་པ་དང་མཚོན་པར་བྱེད་པ་ཞེས་བྱ་བ་དེ་ནི་དེ་ལྟ་བུའོ།། འོད་ཟེར་དེ་ཞེས་བྱ་བ་དེ་ནི། དེའི་ཕྱིར་གང་ཞིག་གཡོན་པའི ་ཞལ་ལས་བྱུང་བ་དེའོ།། ཉི་མ་སྟོང་པས་ལྷག་པས་ཞེས་བྱ་བ་ནི། གང་ཞིག་སད་པས་དེ་ནི་དེ་ལྟ་བུའོ།། ཕཊ་ཀྱི་སྒྲ་ཆེན་ཞེས་བྱ་བ་ནི། ཆེན་པོར་བརྩམསོ་པའོ།། བརྙེས་པ་ཉིད་ནི་ཕཊ་ཀྱི་སྒྲ་ཆེན་པོས་གང་བས་རབ་ཏུ་སད་པ་སྟེ། གང་གི ་བསྲེགས་པས་འབར་བའོ།། དེའི་ཕྱིར་འབྱུང་བ་ནི་གང་བས་སྒྲ་ཆེན་པོ་སྟེ་ཕཊ་ཀྱི་སྒྲ་ཆེན་པོའོ།། ངེས་སྐྲག་པ་ནི་ལྷ་རྣམསོ།། འོད་ཟེར་ཞལ་ལས་བྱུང་བའི་ཁྲོ་བོའི་གཟུགས་རྣམས་ཀྱི་ཕཊ་ཀྱི་སྒྲ་ཆེན་པོ་ལས་སྐྱེས་པའི་མེའི་ཕཊ་ཀྱི་སྒྲ ་ཆེན་པོ་ལས་སྐྲག་པ་ཞེས་བྱ་བའི་དོན་ཏོ།། གཡས་པས་ཞེས་བྱ་བ་ནི། གང་ཞིག་གཡས་པས་ཞལ་ཞེས་བྱ་བའི་དགོངས་པའོ།། ཁ་བའི་སྙིང་པོ་ཞེས་བྱ་བ་ནི། ཁ་བའི་རྡོ་རྗེ་སྟེ་དེའི་འོད་ཟེར་གྱི་ཕུང་པོའོ།། ཤེལ་དང་བཻ་ཌཱུརྱའི་རྡོ་ཞེས་བྱ ་བ་ནི། ཤེལ་གྱི་རྡོའོ།། ཁ་བའི་སྙིང་པོ་ལ་སོགས་པ་ལྟ་བུའི་སྣང་བ་ཞེས་བྱ་བ་ནི། དེ་ནི་དེ་ལྟ་བུའོ།། དྲི་མ་མེད་པོ་དང་རྣམ་པ་ཞེས་བྱ་བའོ།། དེ་བས་ན་ཤིན་ཏུ་ཞེས་བྱ་བ་ནི། རབ་ཏུ་ཕྱེ་བའོ།། ཀླུའི་མགོ་བོའི་བར་ཞེས་བྱ་བ་ནི་གོང་གི་ཞལ་རྒྱས ་པ་དེ་ནི་དེ་བཞིན་དུ་བརྗོད་དོ།། དཔེར་བྱེད་པ་གསུངས་པ། དྲི་མེད་རང་རྒྱུད་ཀྱི་བཞོལ་ཚོགས་ཞེས་བྱ་བའོ།། མཚུངས་པ་ནི་དེའོ།། རྒྱལ་བ་ནི་བདུད་ཐམས་ཅད་ལས་རྒྱལ་བའི་ཕྱིར་ཏ་ཁྲོ་བོ་རྣམས་སོ།། དེ་རྣམས་ཀྱི་རིགས ་རྣམས་དང་། དེ་རྣམས་ཀྱི་དཔུང་ནི་ཚོགས་སོ།། དེའི་གཟུགས་ཀྱིས་གསལ་བ་ནི་དེ་རབ་ཏུ་ཕྱེ་བའོ།། རྒྱུབ་ཅེས་བྱ་བ་ནི་ཞལ་དུ་ཤེས་པར་བྱའོ།། བྱེ་བའི་སྤྱན་ཞེས་བྱ་བ་ནི་ཁྱད་པར་གྱི་ཕྱིར། འདི་ཡང་རབ་རིབ་ཚོགས་གཙིགས་ལྟ་བུ་ཞེས ་བྱ་བ་ལ་སོགས་པ་ནི། ཞལ་གྱི་ཁྱད་པར་ཞེས་བྱ་བར་ཤེས་པར་བྱའོ།། གསེར་ཞེས་བྱ་བ་ལ་སོགས་པས་ནི་སེར་པོ་བསྟན་པའོ།། ཉི་མ་ཤར་བའི་འོད་ཀྱི་དངོས་མིད་ལྟ་བྲོ་ཞེས་བྱ་བ་ནོ།། ཉི་མ་སར་པར་ཤར་བའི་འོད་ཟེར་ནི་ཤིན་ཏུ་རྣོ་བ ་ངོ་ཤིན་ཏུ་སེར་བའོ།། དེ་རྣམས་ཀྱི་དངོས་པོ་མེད་པ་ལྟ་བུ་ནི་ནང་འདྲུ་བ་སྟེ། དེ་ལས་རྒྱལ་བའི་ཕྱིར་རོ།། བསྔགས་ཆེན་པོ་ཞེས་བྱ་བ་ནི། བསྲེགས་པའི་ལྕགས་གོང་ངོ་།། འབར་བའི་སྩོལ་བྱ་ཞེས་བྱ་བ་ལྔ་སོགས་པ་རྣམས་ཀྱི་ཕུང་པོ ་བུ་ནི་ཚོགས་ལྟ་བུའོ།། འཇིགས་པ་ཆེན་པོའི་གཟུགས་ཅན་ཞེས་བྱ་བ་ནི། གཟུགས་ནི་གཟུགས་སུ་ཡོད་པ་ཞེས་བསྟན་པ་སྟེ། འཇིགས་པ་ཆེན་པོ་བསྟན་པ་ནི་ཞལ་ཞེས་བྱ་བར་དགོང་སོ།། མ་ལུས་པའི་གནས་ཀྱི་མཐར་རྒྱུ་སྐར་མའི ་ཞེས་བྱ་བ་ནི། འོག་མིན་གྱི་བར་དུའོ།། སྣང་བ་ནི་འོད་ཟེར་ཏོ་དེས་ན་བལྟ་བར་དཀའ་ཞིང་དེའི་ཕྱིར་ཡང་གཟུང་བར་དཀའ་བའོ།། འཇིག་པའི་བྱིན་ཟ་ཞེས་བྱ་བ་ནི་མཐུན་པར་འགྲོ་བ་སོ།། གནས་པ་ནི་ལྡན་པའོ།། ཞལ་ཞེས་བྱ་བ་ནི་རང ་བཞིན་གྱི་སྐར་མའི་སྣང་བས་ཁྱད་པར་དུ་བྱས་པའི་ཕྱིརརོ།། འདི་སྐད་དུ་ཆོ་གས་ཞལ་བཞི་མངའ་བའི་བཅོམ་ལྡན་འདས་གང་ཞེ་ན། དུ་མ་ཞེས་བྱ་བ་གསུངསོ།། རྡོ་རྗེའི་མངའ་ཞེས་བྱ་བ་ནི་རྡོ་རྗེའི་ཚོགས་ཏེ། དེས་གུར་གྱི་མཐར་ཁོར་ཡུག་ཆེན་པོའོ།། ་དེ་ལ་དཔག་ཚང་སྟོང་ཕྲག་དུ་མ་རྒྱས་པ་ནཱི་རྡོ་རྗེའི་གུར་དང་ཁོར་ཡུག་ཆེན་པོའོ།། འདི་རྣམས་ཀྱི་ཞེས་བྱ་བ་ནི། ལྷ་རྣམས་ཀྱི་ཁྱད་པར་རྣམས་ཀྱིའོ།། དེའི་ཕྱིར་ཁ་གདོང་མ་ལོ་སོགས་པ་ཞེས་གསུངསོ།། ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི ་སོ་སོའི་བ་སྤུའི་ཁུང་བུ་ནས་མཁའ་འགྲོ་མའི་དཀྱིལ་འཁོར་སྐྱེ་བར་འགྱུརརོ།། དེ་ཡང་རི་རབ་དུ་མའི་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པར་གང་གི་ཡོངས་སུ་བཅད་པ་དེ་དེ་ལྟ་བུའོ།། ཅིར་གྱུར་པ་དང་འདྲ་ཞེ་ན་གསུངས་པ། རེ་རེའི་བ་སྤུའི་ཁུང་བུའི་ནང་ནས་ཞེས་བྱ་བ་ནི། ་སྙིང་པོ་ལའོ།། གང་གི་ནང་ཞེས་བྱ་བ་ནི་མི་མཐོང་བ་སྟེ་དེ་ནི་དེ་ལྟ་བུའོ།། འདི་ཡང་བློའི་ཁྱད་པར་གྱི་ཆོས་ཉིད་རྟོགས་པར་མཛད་ནས། དེ་ནས་གསུངས་པ། རྡོ་རྗེ་གསུམ་གྱི་རང་བཞིན་ཉིད་ཀྱིས་ཞེས་བྱ་བ་ནི། སྐུ་ལ་སོགས་པ་གསུམ་པོ་རྣམས་ཀྱི་རང་བཞིན་ཏེ། ་རང་བཞིན་མེད་པའོ།། དེ་བཞིན་དུ་ཡང་གསུངས་པ། སྐུ་ཡི་ཡི་གེ་མ་སྐྱེས་པ།། གསུངས་དང་ཐུགས་ནི་མཚན་ཉིད་མེད།། ན་མཁར་རྡོ་རྗེ་བཏགས་གྱུར་པ།། བརྫུན་པའི་བསྡུ་བ་བསྡུས་པ་ཉིད།། ཅེ་སཾ་བྱའོ།། དེ་ལྟར་དུ་ཆོས་ཉིད་བསམས་ནས། སྔགས་པས་འཆད ་པར་འགྱུར་བའི་སྒྲུབ་ཐབས་ཀྱི་རིམ་པས་བསྒྲུབ་པར་བྱའོ།། ལྷག་མ་ནི་གོ་སླའོ།། འདི་ལྟར་ཡང་སྒྲུབ་ཐབས་ཀྱི་རིམ་པས་པདྨ་འདམ་མ་བརྒྱད་པའི་དབུས་སུ། རོའི་སྟེང་དུ་བཅོམ་ལྡན་འང་སོ།། འདབ་མ་རྣམས་ལ་ནི་ལྟུང་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ ་རྣམས་སོ།། དེ་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་འཆད་པར་འགྱུར་བ་དང་གསུངས་པའོ།། དཀྱིལ་འཁོར་གྱི་ཤར་གྱི་སྒོ་ལ་སོགས་པ་རྣམས་སུ་ཁྭ་གདོང་མ་ལ་སོགས་པའོ།། དབང་ལྡན་གྱི་མཚམས་རྣམས་ལ་སོགས་པ་རྣམས ་ནི། གཤིན་རྗེ་མཆེ་བ་མ་ལ་སོགས་པའོ།། འདི་ནི་རྣལ་འབྱོར་མ་བཅུ་གཉིས་ཁོ་ནའོ།། ཉི་ཤུ་བཞི་ཕྱེད་མཁའ་འགྲོས་ཡོངས་སུ་བསྐོར་ཞེས་བྱ་བའི་ཐ་ཚིག་གོ། ཤར་ལ་སོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་ཡང ་མཐའ་ཡས་ལ་སོགས་པའང་སྔོན་དུ་གསུངས་པའི་གཟུགས་དང་། འདིར་གསུངས་པའི་གཟུགས་ཏེ་ཁྭ་གདོངས་མ་ལ་སོགས་པའི་ཞབས་ཀྱི་འོག་རྣམསུ་བལྟ་བར་བྱའོ།། དེ་སྐད་དུ་གཅིག་ཏུ་བསྒོམས་པས་ཀ་ར་ཀཱ་ར་ལ་སོགས་པའི་སྔགས་བཟླས་པར ་བྱས་ན། དེ་ནས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། ཡང་ན་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བ་གཞན་བསྟན་པར་བྱའོ་སྲོགས་ཆགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི། སྐྱེ་བོའི་ཁྱད་པར་དམར་པོ་སྟེ་གང་ཞིག་རྐང་པ་མང་ཞིང་རིང་པོའི་དབྱིབས་དེ་ནི་སྲོགས་ཆགས ་ཀྱིས་རྒྱལ་པོ་ཞེས་བྱ་རྗོད་དོ།། དེ་ཡང་གལ་ཏེ་སྲོག་མ་བཅད་པར་རྙེད་པ་དེའི་ཚེ་དེ་ཇི་ལྟར་རྙེད་པའི་གོས་ཀྱིས་བཀབ་ཅིང་ཉི་མ་ལ་སྐམ་ཞིང་ཕྱེ་བར་བྱའོ།། གོས་ཀྱིས་དགབ་པར་བྱ་ཞིང་ཞེས་བྱ་བ་ནི་སྐམ་པར་བྱ་བའི་དོན་ཏུའོ།། སི་དུ་ར་དང་བསྲེས ་ནས་ཞེས་བྱ་བ་ནི། ཇི་ལྟར་རྙེད་པའི་དོན་གྱིས་སྲོག་ཆགས་ཀྱི་རྒྱལ་པོ་དང་ལྷན་ཅིག། སི་དུ་རི་ཡིས་སོར་བཅུ་གཉིས་པ་མགོ་བོ་བདུན་པ་དུས་དང་མཐུན་པའི་ཀླུའི་གཟུགས་ཀྱི་དབྱིབས་བྱའོ།། དེ་བཞིན་དུ་ཡོང་གསུངས་པ། དབྱར་ཟླ་ཐ་ཆུངས ་སྟོབས་ཀྱིས་རྒྱུ།། སྟོན་ཟླ་ར་བ་དུང་སྐྱོང་ཉིད།། སྟོན་ཟླ་འབྲིང་པོ་འཇོག་པོར་ཤེས།། ཐ་ཆུང་ནོར་བརྒྱས་དེ་བཞིན་ནོ།། འདི་ཉིད་ཀྱིས་ནི་དཔྱིད་ཟླ་ར་བ་ལ་སོགས་པ་རྣམས་ལ། ཇི་ལྟར་གོ་རིམ་བཞིན་དུ་ཆར་འབབ་པར་འགྱུར་རོ།། ཀླུའི་གནས་ཞེས ་བ་ནི། རྡུལ་ཆེན་ལྔའི་ཕྱེ་མས་བྱས་ཏེ། དེ་ཡང་གྲུ་བཞི་པ་ལ་སོགས་པ་དང་ལྡན་པར་རྟ་བབས་དང་བྲལ་བའོ།། དེའི་ནང་དུ་སོན་པ་ཀླུའི་མདོག་དེ་དང་མཐུན་པའི་གཟུགས་ཤར་ལ་སོགས་པར་རྡུལ་ཚོན་བྲི་བར་བྱའོ།། ཉའི་གདོང་ཞེས་བྱ་བ་ནི། ་ཏིའི་ཉིའི་གདོང་ངོ་།། དེའི་དབུས་སུ་ཞེས་བྱ་བ་ལ་སོགས་པ་ནི། དུས་དང་མཐུན་པའི་གླུའི་གཟུགས་ལས་དེ་དང་མཐུན་པའི་གཟུགས་ཏེ། དེའི་ཁ་དོག་ཅེས་བྱ་བར་བསྙེགས་སོ།། ཁ་དོག་སྣ་ཚོགས་ཞེས་བྱ་བ་ནི། ཁ་དོག་ཐ་དད་པ་དང་ཐ་དད་པས། ་ཀླུ་ཐ་དད་པ་དང་ཐ་དད་པ་ཞེས་བྱ་བའི་དོན་ཏོ།། དགུག་པ་ལ་སོགས་པ་ནི་གོང་མ་བཞིན་ནོ།། སྔགས་ཀྱིས་ཞེས་བྱ་བ་ནི། ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱིས་སོ།། ཡོངསུ་བཟླས་ཞེས་བྱ་བ་ནི་དེ་ཉིད་ཀྱི་སྔགས་ཀྱི་སོ།། ཐམས་ཅད་འདོད་པ་པོས ་ནིས་བྱ་བ་ནི། གཟུགས་དང་སྒྲ་ལ་སོགས་པ་རྣམས་ཏེ། འདོད་པ་ཐམས་ཅད་དོ།། དེ་རྣམས་ཀྱི་རྩ་བ་ནི་ཐམས་ཅད་འདོད་པ་པོའི་གཏོར་མའོ།། འདིས་ནི་འདི་བརྗོད་དེ། གཟུགས་ནི་གར་དང་མར་མེའོ།། སྒྲ་ནི་གླུ་ལ་སོགས་པའོ།། དྲི་ནི་བདུག་པ་ལ ་སོགས་པའོ།། རོ་ནི་འོ་མ་དང་འོ་ཐུགས་ལ་སོགས་པའོ།། རེག་བྱ་ནི་གོས་དང་འཕན་ལ་སོགས་པའོ།། འདི་ཉིད་ཀྱི་སྔགས་ཀྱིས་གཏོར་མ་སྦྱིན་པར་བྱའོ།། ཨོཾ་ནི་ཕཊ་ཅེས་བྱ་བའི་སྔགས་ཀྱིས་སོ།། རིག་པ་འཛིན་མ་ཞེས་བྱ་བ་ལ། རིཀ་པ་ནི་ཀ་ར ་ཀ་ར་ལ་སོགས་པའི་སྔགས་སམ་རྐང་པ་སྟེ་མང་དུ་བཟླས་པ་ནི་རིག་པ་ཞེས་བྱ་བའི་དོན་ཏོ།། གནས་ཐམས་ཅད་ཀྱིས་ཞེས་བྱ་བ་ནི། ཀླུའི་གནས་ཐམས་ཅད་བྱས་པའི་ངོས་རྣམས་སུ་འམ་ཡང་ན་རང་གི་ཁྱིམ་ཐམས་ཅད ་བྱིས་སོ།། འདིས་ནི་གྲང་བ་དང་རླུང་ལ་སོགས་པ་འཇིག་པར་འགྱུ་རོ།། ལྷག་མ་ནི་གོ་སླའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རབ་ཏུ་སྦྱོར་བ་གཞོན་གསུངས་པ། དགྲ་བོ་ནི་ལྷན་ཅིག་སྐྱེས་པའི་གཉེན་པོ་ལ་སོགས་པའོ།། སོ་སོའི་དོན་ཅན་ཞེས ་བྱ་བ་ནི་སྤྱིའི་རྫས་ལ་འདོད་པ་ཅན་ནོ།། མི་མཐུན་པའི་གྲོགས་ཞེས་བྱ་བ་ནི། གེགས་དགྲ་རུ་གྱུར་པ་འོ་མ་གང་ཞིག་རང་གིས་དགྲ་བོའི་དངོས་པོས་སྤྱོད་པའི་དགྲ་པོ་དེ་ནི་མི་མཐུན་པོའི་གྲོགས་པོའོ།། བསད་པ་ནི་བཅོམ་པའོ།། ལྷག་མ་ནི ་གོ་སླའོ།། དེ་ཉིད་ཀྱི་སྲོག་ཆགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི། གྲིབ་མ་ལ་བསྐམས་པའི་ཕྱེ་མར་བྱས་ནས་སཽ་དུ་ར་དང་བསྲེས་པའི་སྔགས་ཆགས་ཀྱི་རྒྱལ་པོ་དེ་ནི། མ་སུ་རཱནྟ་སྟེ། དེ་ནི་འདི་ཞེས་བྱ་བའི་དོན་ཏོ།། འདིས་ནི་སཾ་དུ་ར་མེད་པར ་སྤོགས་ཆགས་ཀྱི་རྒྱལ་པོ་བཟུང་བ་ཞེས་བྱ་བ་ནི་མ་བརྗོད་དོ།། ཡང་ན་དེ་ཉིད་གང་ས~ཾ་དཱ་རའི་སྦྱོར་བ་དེ་ནི་སྲོག་ཆགས་ཀྱི་རྒྱལ་པོའོ།། ཁ་ཅི་ག་ན་རེ་གང་ཞིག་ཀློའི་དེ་ཉིད་སྲོག་ཆགས་ཀྱི་རྒྱལ་པོ་ཞེས་ཟེ་རོ།། བཏགས་པར་བྱ་ཞེས་བྱ་བ་ནི། དུག་དང ་ནིམ་པའི་ལོ་མ་ལ་སོགས་པའི་ཁུ་བ་རྣམས་ཀྱིས་སོ།། སྐྱེས་བུ་འམ་བུད་མེད་ཅེས་བྱ་བ་ནི། དྲུག་པའི་དོན་ལ་གཉིས་པའོ།། ཁྲོ་བོ་ཆེན་པོའི་སྔགས་ཀྱིས་ཞེས་བྱ་བ་ནི། ཀ་ར་ཀ་ར་ལ་སོགས་པས་སམ། རྐང་པ་བརྒྱད་པའི་སྔགས་ཀྱིསོ།། ་གསད་པ་ལ་སོགས་པ་ནི་ནང་དུ་བཅུག་པས་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། རིག་པ་འཛིན་པ་ནི་རྣལ་འབྱོར་པའོ།། གཞན་ན་ཞེས་བྱ་བ་ནི་གསུམ་པའི་སྒྲ་གྲུབ་པ་སྟེ། གྱིས་ཕྱིས་པས་ཕྱེད་དུ་འགྱུར་རོ།། གཞན་གྱིས་ཞེས་བྱ་བའི་ཚིག ་ཀྱང་ཁ་ཅིག་ལས་སོ།། བརྒྱ་རྩ་བརྒྱད་བཟླས་ཞེས་བྱ་བ་ནི། དེ་ཉིད་ཀྱི་སྔགས་ཀྱིས་སོ།། ཁྲག་དང་ཡུངས་ཀར་གྱིས་ཞེས་བྱ་བ་ནི། སྲིན་ལག་གི་ཁྲག་དང་བསྲོས་པའི་ཡུངས་ཀཽར་ཏེ་དེསོ་སོ།། ལྷག་མ་ནི་གོ་སླའོ།། འདི་ནི་ཞེས་བྱ་བ་ནི ་རིམ་པ་ནི་རིམས་འདིས་གང་ཞིག་ཀླུ་དགུག་པ་ལ་སོགས་པ། དེའི་ཉེ་བར་མཚོན་པའི་ཕྱིར་ཏེ་བསད་པ་ལ་སོགས་པའང་།། ཆོ་ག་རྒྱས་པ་ཞེས་བྱ་བ་ནི་ཆོ་ག་སྤྲོས་པའོ།། དེ་རྗོད་པར་བྱེད་པ་སྟེ་ལེའུ་ལྔ་པའོ།། ། རྡོ་རྗེ་མཁའ་འགྲོའི ་རྣམ་པར་འགྲེལ་པ་སྟེ་ལེའུ་ལྔ་པའོ།། །། ད་ནི་ཀླུའི་སྔགས་བཏུ་བ་ལ་སོགས་པ་རྒྱས་པར་བསྟན་པའི་ཕྱིར། ལེའུ་དྲུག་པར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་ལྡན་འདས ་ལའོ།། གསོལ་ཞེས་བྱ་བ་ནི་ཞུས་པའོ།། ཀླུའི་སྔགས་ཞེས་བྱ་བ་ནི། ཀླུའི་ཚིག་གིས་གང་ཞིག་སྔགས་གསུངས་པ། གང་ཀླུའི་ངོ་བོའི་སྔགས་དཱ་ནི་ཀྲྀའི་སྔགས་སོ།། སྒྲ་ཆེན་གྱིས་ནི་རྣམ་བྱེད་པ་ཞེས་བྱ་བ་ནི། གསལ་བར་བསྒྲགས་པ ་ཞེས་བྱ་བར་དགོངས་ཏེ་ཚིགས་གསུམ་པོ་འོད་དག་གོ།། ཀཔྶ་རི་དཾཥྚ་ཎི་ཞེས་བྱ་བ་ནི། རྟོག་པའི་དགྲ་སྟེ་གཤིན་རྗེའི་དགྲའོ།། དེ་སྔོན་དུ་འགྲོ་བ་ཅན་ནི་མཆི་བ་གཙིགས་མོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་སའི་རྣམ་པའོ།། རུ་སྦལ་ནི་ཨུ་སྟེ་དེའི ་སྟན་ལ་ཤིན་ཏུ་གནས་པ་ནས་བྱ་བ་ནི། ཀཱརྨྨ་སཎ་སུ་ས་རྡུ་ཨ་ཞེས་བྱ་བ་འདྲ་དན་ཏུ། སའི་རྟགས་གཟུང་ནས་ཀུན་བླངས་པས་སུའོ།། མདྷྱནྟམྨཱ་ཞེས་བྱ་བ་ནི་དབུས་སུ་སྟེ། པའི་སྣ་ཆེན་ན།། དེའི་ནཱ ་དུ་མའོ།། མཐའ་ཡིས་ཞེས་བྱ་བ་ནི་དང་པོའི་དོན་ལ་དྲུག་པའོ།། གང་དུ་ཡང་མཛྫནྡ་ཞེས་བྱ་བའི་ཚིག་ནི་གོ་སླའོ།། མཱཛྫ་ཨ་པུ་ཎོ་བི་ཙཱ་ཨུཏྶ་ཏཱི་ཨོ་ཞེས་བྱ་བ་ནི། དབུས་ཀྱི་བའི་སྡེ་ཚན་གྱི་བཞི་པ་སྟེ་བྷའོ།། དེའི་སྟེང་དུ་གནས་པ་ནི་མ ་སྟྭཾ་ཀུན་ཏུ་བསྡུས་ནཱས་སྟའོ།། ཛྙཱ་དི་ཨཱནྟོ་ཞེས་བྱ་བ་ནི། གཤིན་རྗེའི་ཕྱོགས་ཏེཏིའི་སྡེ་ཚོན་ནོ།། དེའི་སྡེ་ཚན་ལས་མ་ཐའ་ནི་གྲ་ཤིནཿའཾ་ཕྱོགས་ཀྱི་མཐའ་སྟེ་ནའོ།། བྷ་དྲ་ཨུ་ཨིར་པ་རི་ཨོ་སཾ་ཨོ་ཞེས་བྱ་བ་ནི། དེའི་སྟེང་དུ ་བཟང་པོ་སྟེ་ཨི་ཡིས་ཡོངས་སུ་གསོལ་པའོ།། ཡང་ན་བྷ་དྲཱ་ཞེས་བྱ་བ་ནི་གསུམ་པའི་མཐའ་ཚིག་སྟི་དེ་བས་ན་བཟང་པོས་ནི་ནའོ།། སྟེང་དུ་ཡོངས་སུ་མཉེས་པ་ཞེས་བྱ་བ་ཡིན་ཏེ། བསྡུས་པས་ནིའི་རྣམ་པའོ།། ཀུརྨྨ་ཞེས་བྱ ་བ་ནི་ཟུར་བཅག་པས་ཐུང་ངུ་ཉིད་དོ།། ཛ་མ་དཱ་ནས་ཞེས་བྱ་བ་ནི། གཤིན་རྗེ་མཆེ་བ་གཙིགས་མ་སྟེ་འདི་ལ་ཡང་བསྡུས་པས་སུའོ།། ཨམྦྷོཙྪི་ཨ་བ་ཨ་ཎ་སི་ཛུ་ཏྟོ་ཞེས་བྱ་བ་ནཽ། ཨ་ནི་དོན་མེད་པ་ཙ་ནོ།། དེ་ནས་མྦྷ་ཞེས་ལངས་པའི ་ཚིག་གི་སྒྲ་སྟེ་ངེས་ཡང་དག་པར་ལྡན་པའི་སྔགས་སོ།། ཡང་ན་ཛ་མ་ངེས་པ་སཱ་ཧི་ཨོ་ཨ་ཞེས་བྱ་བ་ནི། ངག་བསྡུས་པ་སྟེ། དེ་བས་ནག་ཤི་ནི་རྗེ་མཆེ་བ་མ་རབ་ཏུ་བསྒྲུབས་པ་ཞེས་བྱ་བའི་དོན་ཡིན་ནོ།། ཀ་གཽ་ཙ་ཛ་བྷ་ཞེས་བྱ་བའི ་རབ་ཏུ་སྦྱར་བ་ཕྱིས་པ་ནི་ཟུར་བཅག་པའི་མད་ཡིས་རྩ་ཕྱིས་ན། ཨ་ཞེས་བརྗོད་པར་འགྱུར་རོ།། དེ་བས་ན་ཨམྦྷ་ཙ་མ་ཡིན་ནོ།། ཨུཙྪི་ཨ་ཞེས་བྱ་བའི་ཆོ་ག་ལ་ཡང་ཨུཏ་སྟོན་དུ་བསགས་པའོ།། ཨགྣི་ཞེས་བྱ་བ་ལ་ཨ་གྲི་མ་ནི་ཨུ་སྟེ ་མ་ནི་ཕྱིས་པ་ནིའོ།། ཎཱ་ཧོ་ཞེས་བྱ་བ་ནི་ཧའོ།། དེ་ཡང་བརྟྟི་ནི་གྲངས་གཉིས་ཞེས་བྱ་བའི་དོན་ཏེ་ལན་གཉིས་སུ་ཁ་ཏོན་ཏོ་ཞེས་བྱ་བར་དགོངསོ།། རྀ་ཧོ་ཛྷ་ལོ་ཞེས་བྱ་བ་ནི། རྀ་མི་ཟླ་བ་ཕྱེད་པའི་རེ་ཁཱའོ།། ས་སཽ་ཧོ་ཞེས་བྱ་བ་ནི། སྤྱི་གཙུག་ཏུ་ཐེག ་ལེའོ།། ཕ་ཎ་ཕ་ཎ་པ་ཨ་ཎོ་ཛྫ་ལོ་ཞེས་བྱ་བ་ནི། ཕ་ཎའི་སྒྲའི་ས་ནི་ཕཊ་ངོ་ཕ་ཎ་ཕ་ཎ་ནས་ནི་ཕཊ་ཕཊ་ཀྱི་ཚིག་གིས་སོ།། ཨུཛྙོ་ལ་ཞེས་བྱ་བ་ནི་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུའི་གཟུགས་དེ་ཅི་ཞེ་ན། ཎ་ཧོ་ཞེས་བྱ་བ་གསུང ་ཏེ། མགོན་པོའི་སྔགས་ཏེ། སྐྱེས་བུ་དམ་པའི་དོན་སྒྲུབ་པ་པོའི་ཕྱིར་རོ།། ཐམས་ཅད་བསྡུས་པས་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ་ཕཊ་ཞེས་བྱ་བའི་སྔགས་སོ།། རྒྱུད་གཞན་དང་གཞན་དུ་སྔགས་པ་གསུངས་པ། འདིར་ཡང་ལྷག་པར་བཟླས ་པཱས་བསད་པ་ལ་སོགས་པར་ཡང་བལྟ་བར་བྱའོ།། ཁཱ་གཱ་དྲོང་མའི་སྔགས་ནི་ཀཱ་ཀི་ཞེས་བྱ་བ་ལཱ་སོགས་པ་གསུངས་ཏེ། ཧྲི་ཨ་ཨ་པ་རྀ་ཨོ་སི་ཨོ་ཞེས་བྱ་བ་ནི་པ་རི་ཨོ་སི་ཨོ་ཞེས་བྱ་བའི་སྒྲའི་ཕྱིས་པ་དང་། ཀ་ཧ་ཀ་ཧ་ཧི་ཛྙཱ་ཞེས་བྱ་བ་ལ ་ཨིཛྫའི་སྒྲའི་དང་། ཀཱ་ཀི་ཧྲི་ཨ་ཨ་སནཱི་ཨཾ་ཞེས་བྱ་བའི་སྒྲའི་ཕྱིས་པའི་ལྷག་མ་ནི་སྔགས་སོ།། འདིས་ཐུན་ཚོང་གསུམ་དུ་མང་དུ་བཟླས་པས་བསྒྲུབ་བྱ་ལ་བློ་གནས་པ་ཅན་དུ་བྱས་ནས། ག་ཏོ་རྀ་མ་བྱིན་པས་གསད་པ་དང་བསྐྱོད་པ ་ལ་སོགས་པར་འགྱུར་རོ།། རྡོ་རྗེ་ཕག་མའི་ལྟ་བའི་སྙིང་བ་ནཱ། བྷྲྀདྡྷ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དྷྲྀདྷཱི་བྷཱ་པ་ཎཱཾ་ས་ཁར་ཁརྡྷནྟ་ས་ནི་ཨོཾ་ཞེས་བྱ་བཱ་ལ། ཛྷ་དྷི་ཥས་བྱཱ་བཱ་ནཱ་ཨ་ར།། ས་དབང་ཕྱུག་ནི་ཐིག་ལང། ་ཁརྡྷནྟྲ་ཞེས་བྱ་བ་ནི་ཟླ་བ་ཕྱེད་པ་སྟེ་དེ་དག་གིས་བརྒྱན་པའོ།། ཨོཾ་ཞེས་བྱ་བ་ནི་ཀུན་ཏུ་བླང་བར་བྱའོ།། པུ་ཎྱ་ཛྙཱ་སཾ་གཱ་ཧི་ཨ་ཞེས་བྱ་བ་ནི། ཡང་དབུ་མའི་སྡེ་པའི་སྡེ་ཚན་གྱི་ནང་ནུས་པའི་ཡི་གེ་གཟུང་ངོ་།། ཨུཏྟ་རི་མཛྫ་ཞེས་བྱ་བ ་ནི་བྱིང་གོ་ཙའི་སྟེ་ཆེན་གྱི་ནང་ནཱ་སཾ་ཛའོ།། ར་བི་ཙ་ར་ཎ་ཀ་མ་ལ་སཾ་ཛྙཱཏྟོ་ཨོ་ཞེས་བྱ་བ་ནི། རྐང་པའི་པདྨ་ས་འོག་གི་ཆ་དང་ཡང་དག་པར་ལྡན་པ་སྟེ། ཕྱི་ནས་ནི་ཀཻ་ནའོ།། ཉི་མ་ནི་རའོ།། ཞབས་ཀྱི་པདྨ་དང་ལྡན་པ་ཅན་ནི། གང་གི ་བྱང་གི་དབུ་མ་སྟཽ་ད་ནི་དེ་ལྟ་བྱའོ།། བསྡུས་ནས་ཛྲ་ཞེས་བྱ་བའོ།། ན་ཨོཾ་རྀཏྟ་ཞེས་བྱ་བ་ནི། བདེན་བྲལ་གྱི་ཕྱོགས་སུ་བྱུང་བའི་ཕྱིར་རོ།། བི་མྲྀ་ཏཾ་ཀཱཾ་བིའི་ཡཽ་གེ་སྣེ་ཏཱའི་གཉིས་ཉིད་དོ།། མི་ཀི་ར་ཨཏྨ་སོ་ཧཾ་ཨང་ཞེས་བྱ་བ་ལ། མི་ཀི ་རཾ་ཞེས་བྱ་བ་ནི་ཨོཾ་སྟེ་དེ་ཉིད་ཀྱི་མཚན་མཾ་སྟེ་ངེས་བརྒྱན་པ་ནི་ནི་བའི་ཡི་གཾའོ།། བསྡུས་པས་ནི་བཾ་ཞེས་བྱ་བ་ཡི་ནཽ།། ཛ་ལ་ནྡོ་ཞེས་བྱ་བ་ནི་རའོ།། བྷི་དྭི་ནི་ཨཽའི་རྣམ་པ་སྟེ་རོ་ཞེས་བྱ་བ་ཡིནོ།། ཨུཏྟ་རསྨ་པ་ཧཱི་ཨཽ་ཞེས་བྱ་བ་ནི། ་ཙའི་སྡེ་ཚོན་གྱི་དང་པོ་ཞེས་བྱ་བར་རབ་ཏུ་གྲགས་པ་སྟེ། དང་པོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཡི་གེ་ཙའོ།། ཛ་མ་སྲ་ཨནྟ་ཞེས་བྱ་བ་ནི་ཡི་གེ་ནའོ།། པ་ས་ཧ་ཨུ་ཧི་རི་སི་ནཱི་ཨཾ་ཞེས་བྱ་བ་ནི། གང་གི་ཡི་གེ་ནའི་སྟེང་དུ་བསླང་སྟེ་ཨི་གནས་པ་དེ་ནི ་ལྟ་བུའོ།། བསྡུས་པས་ནི་ཞེས་བྱ་བ་ཡིན་ནོ།། པ་པ་ཎོ་རཎཱ་པ་སཱ་ཧི་ཨོ་ཞེས་བྱ་བ་ལ་རླུང་ནི་ཡའོ།། དེ་ནི་རཎཱ་སྟེ་ཨེའི་རྣམ་པས་བརྒྱན་པའོ།། བསྡུས་པས་ནི་ཡེ་ཤེས་བྱ་བ་ཡིན་ནོ།། གཤིན་རྗེ་མཆེ་བ་གཙིགས་མ་ནཱི་སའོ།། ན་ཨི་རིཏྟི་བེ་ཨིཊི་ཞེས ་བྱ་བ་ནི། ན་ཨི་རྀཏྟི་སྒྲའི་ཏྟི་ཨའི་ཆ་ཕྱིས་པར་གྱུར་ན་ནཽ་ཨི་རི་ཞེས་བྱ་བར་འགྱུར་རོ།། དེ་ཡང་ཝ་སྟེ་དེ་ལ་འདུག་པ་ནི་གནས་པའོ།། དེ་སྐད་དུ་ད་ནི་ཇི་ལྟར་ཞེ་ན། མོ་ཧཱ་བྷ་ར་ཎ་བྷ་རི་ཨཾ་ཞེས་བྱ་བ་གསུངས་ཏེ། གཏི་མུག་ནི་རྨོངས་པར་བྱེད་པ ་སྟེ་དབྱངས་ཀྱི་གཉིས་པའོ།། གཏི་མུག་གི་རྒྱན་གྱིས་གང་བར་ཇི་ལྟར་འགྱུར་བ་དེ་བཞིན་དུ། བདེན་བྲལ་དུ་གནས་པའི་སྟེ་བསྡུས་ནས་སྭཱ་ཞེས་བྱ་བ་ཡིན་ནོ།། ཛ་མ་མ་ཧ་ནི་ཞེས་བྱ་བ་ནི་ཡི་གེ་ཧའོ།། དེ་ཡང་གཏི་མུག་གིས་ཡོངསུ་བསྲོ ་བསྭནརྀ་ཐམས་ཅད་བསྡུས་པས་ནཱ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སོ།། འདིས་རྣལ་འབྱོར་པ་ཐམས་ཅད་བྱིང་ངོ་།། ཀླུའི་ཕྱག་རྒྱ་འདིས་ཞེས་བྱ་བ་ལ། ཕྱག་རྒྱ་ནི་རྡོ་རྗེ་ཕག་མོའོ།། དེའི་སྔགས་ཀྱང་ཕྱག་རྒྱ་སྟེ་མི་ཕྱེད ་པའི་ཕྱིར་རོ།། དེ་བཤད་པ་ཙམ་གྱིས་མཁའ་འགྲོ་མ་ཐམས་ཅད་མཉེས་པར་གྱུར་ཏོ།། སྒྱུ་མ་ཆེན་མོ་བཅུ་དྲུག་འདི།། ཡི་གེ་རྀ་རཾ་ཡང་དག་གནས་ཞེས་བྱ་བ་ནི། སྒྱུ་མཚོན་མོའི་རྣལ་འབྱོར་འདི་ནི། ཡི་གེ་རེ་རེའི་གཟུགས་ཀྱིས་བཅཝ ་དྲུག་ཏུ་ཡང་དག་པར་གནས་སོ་ཞེས་བྱ་བར་དགོངས་སོ།། ཡི་གེ་བཅུ་དྲུག་པོ་ད་ནི་གང་ཡིན་སྙམ་པ་ལ། ཨོཾ་སརྦ་བུདྡྷ་བརྟྟ་ནི་ཡེ་བཛྲ་ཌཱ་ཀི་ནི་སྭཱ་ཧཱ་ཞེས་པའོ།། རྡོ་རྗེ་ཕག་མོའི་ཡི་གཽ་བཅུ་དྲུག་ཅེས་བྱ་བ་སྙིང་པོའི་སྔགས་ཞེས ་བྱཱ་བ་མན་ངག་གིས་བལྟ་བར་བྱའོ།། དེ་བས་ན་འདི་ནི་སྔགས་ཀྱི་ལེའུ་ལས་བཤད་པར་བྱའོ།། ཁ་ཅིག་ན་རེ་དབྱངས་བཅུ་དྲུག་པོ་ཞེས་ཟེར།། ལུས་ཐམས་ཅད་བྱུང་བའང་ཡང་པཱུ་ཨཱ་མ་ཞེས་བྱ་བ་ལ་སོགས་པ ་ལྕུལྷག་མའི་གཏར་མའི་སྔགས་གསུངས་པཾ། པ་ཧིཾ་ཨ་ཀུམྦ་ཞེས་བྱ་བ་ནི་ཨཱའོ།། ཨུཏྟ་རསྨཱ་པ་བྷྱཱ་མཾ་ཞེས་བྱ་བ་ནཱི་ཡི་གེ་ཙའོ།། དཱ་ཧ་བཎྜི་སཱཾ་ཡུཏྟཾ་ཞེས་བྱ་བ་ནི། དེ་བཞིན་དུ་བྱང་ཆུ་གི་བརྟྟི་ཞེས་བྱ་བ་ནི་གཉིས་པ་སྟེ་ཚོའོ།། དེས་ན་འོག ་གཽ་ཆ་དང་ལྡན་པའོ།། དེ་ཡང་བྷཱདྡྷ་ཨུ་ཨ་རི་སཊཱི་ཨཾ་ཞེས་བྱ་བ་ནི། སྟོང་དུ་ཨ་ས་བརྒྒ་ན་པ་སི། ཙྪོ་ཞེས་བྱ་བོ་ཡི་ནོ།། ཛ་མ་དྷཱ་ཨཾ་ཞེས་བྱ་བཱ་ནི། གཾ་ཤིན་རྗེ་ཕོ་ཉ་མའི་སྒྲ་ཡི་སཽ་ཡི་གཻ་ཥའོ།། བ་རུ་ཎཱཾ་ས་ཎ་ཞེས་བྱ་བ་ནི། ཆུ་བདག་ཏུ་ནི་ཐ ་དེའི་སྠཱནཱ་ནིཥྚ་ཞེས་བྱ་བ་ཡཱིནཱ་ནེ།། རཱ་ཨི་ཞེས་བྱཾ་བཱ་ལ་ཉི་མ་ནི་རཿ།། མོ་ཧཾ་བྷ་རི་ཨཾ་ཞྀསྟེ་བྱཱ་ནཾ། རྀའི་ས་བོ་ནུ་ང་ག་ཏ་མུག་གིས་གླང་པོ་ནི་རཱ་ཡིན་ནོ།། པྲཱ་ཎཱ་ཀཱ་སཱཀྵ་ཀཧཾ་ཨཾ་ཝཱས་བྱ་བ་ནི། ཀ་ད་ཥཾ་དགྲ་འདུས་ནོཀྵ་ཞེས་བྱ་བ་ཡིན་ནོ། ་མ་དཥྚི་ཎི་ཞེས་བྱ་བ་ནི། ཡི་གེ་སའོ།། བྷུ་སི་ར་སོ་ནི་མ་ཞེས་བྱ་བ་ནི་བཟང་པོས་གང་གི་སྤྱི་བོར་བརྒྱན་པ་དེ་ནི་དེ་ལྟ་བུ་སྟེ། གཞན་གྱི་མཐར་ལྷག་མ་ནི་ཚིག་གི་ཕྲེང་ངོ་།། པུ་ཎོ་བི་ད~ཾཥྚི་ཞེས་བྱ་བ་ནི་གཤིན་རྗེ་མཚོ་བ་གཙིགས་མ་ཞེས ་བྱ་བའི་དོན་ཏོ།། ནོ་ཨི་རིཏྟི་ཨ་ཨཱ་ས་ཎཾ་ཞེས་བྱ་བ་ནི། ཝའི་སྟན་ནོ།། མོ་ཧ་ས་ཧ་སཾ་ཛུ་ཏཱཾ་ཞེས་བྱ་བ་དེ་ཉིད་ནི། ས་རི་ས་བོན་ཏི་ས་ཞེས་བྱ་བ་ཡིན་ནོ།། ཏ་ཧ་ས་པ་རོ་མོ་ཧ་ས་ཧཱ་ཨ་པ་རི་ཨ་སཽ་ཨོཾ་ཞེས་བྱ་བ་ནི། དེ་ལྟ་ར་ཧཱ་ཞེས་བྱ་བ་ཡིན་ནོ།། བསྡུས ་པས་ནི་ཨུ་དྷིཥྚ་རཀྵ་སྭཱ་ཧཱ། ཞེས་བྱ་བའི་སྔགས་སོ།། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་གྱིས་སྲིན་མོའི་གྲུབ་པ་ནི། འཇིག་རྟེན་འདིའི་འབྲས་བུ་འདོད་པས་སྒྲུབ་པར་བྱེ་།། བུ་མོ་དགུག་པ་ཞེས་བྱ་བ་ནི། དེས་གྲུབ་པས་བུ་མོ་བཀུག་པར་བྱེ་དོ་ཞེས ་བྱ་བར་དགོངས་སོ།། ལྐུགས་པའི་སྔགས་ནི་པུ་བྷྲསྨ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ནུ་པྶ་སྨ་ཨཊ་ཞེས་བྱ་བ་ལ། ཀའི་བརྒྱད་པ་ནི་མ་ཕྱིས་པར་གྱུར་པ་ན་ཡི་གེ་ཛཽའོ།། ག་ཨི་ཨཾ་ཞེས་བྱ་བ་ནི་གཟུང་བ་སྟེ། ཛ་ཞེས་བྱ་བ་ཡིན་ནོ།། མཽཛྫ་ཨནྟ ་ཞེས་བྱ་བ་ནི། དེ་དབུ་མོའི་མཐའ་སྟེ། དེ་ཡང་ཡི་གེ་མའོ།། མཛྫ་ཙ་ཨུཏྤ་སཾ་ཛུཏྶཱ་ཞེས་བྱ་བ་ནི། དེ་ཉིད་ཀྱི་དབུ་མོའི་བཞི་པ་སྟེ། བྷ་དང་ཡང་དག་ལྡན་པའོ།། ཏ་ཧ་རཎཱ་སི་སྭ་ལགྨ་ཞེས་བྱ་བ་ནི། དེ་ལྟར་ཡང་རཎཱ་སྟི་གང་གི་སྤྱི་བོར་བཞག་པ་དེ་ནི ་དེ་ལྟ་བུའོ།། དེ་ཡང་མྦྷེ་ཞེས་བྱ་བ་ཡི་ནོ།། པུ་ཎོ་པི་མཛྫ་ནྟ་ག་ཧི་ཏི་ཨཾ་ཞེས་བྱ་བ་ནི་ཡི་གེ་མོའོ།། བྷི་དྷི་མ་ཨ་ཨནྟ་ཞེས་བྱ་བ་ནི། བྷི་དྲའི་དངོས་པོ་སྟེ་གང་གི་མཐའ་དེ་ནི་དེ་ལྕི་བུའོ།། ཛ་མ་མཽ་ཧཱ་ནི་སཾ་ག་ཧི་ཨཾ་ཞེས་བྱ་བ་ནི། གཤིན་རྗེ་སྲུབ་མ་ཞེས ་བཤད་དོ།། རཎྜ་རྣ་བ་རི་བརྒྱན་པ་ཞེས་བྱ་བ་ནི་གོ་སླའོ།། དེ་བས་འི་ཧེ་ཞེས་བྱ་བ་ཡི་ནོ།། ཨནྟ་ས་ཧཱ་ཨོཾ་ཞེས་བྱ་བ་ནི། གང་གི་སྔགས་ཀྱི་མཐ་ར་སྭཱ་ཧཱ་ཞེས་བྱ་བ་དེ་ནི་དེ་བཞི་ནོ།། བི་ཧི་བ་རི་ཨོ་སཾ་ཨོཾ་ཞེས་བྱ་བ་ལ་ཆོ་ག་ནི་ཚངས་པ་སྟེ། ཨོཾ་དང་བཅས ་པ་ཉིད་དོ།། དེས་དང་པོར་བྱིན་པ་དང་ལྡན་པ་ཞེས་བྱེ་བའི་དོན་ཏོ།། བསྡུས་པས་ནི་ཨོཾ་ཛམྦྷི་མོ་ཧེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སོ།། ཐོད་པའི་ནང་དུ་གནས་པས་རྒྱལ་བར་འགྱུར་རོ།། ཞེས་བྱ་བ་ནི་འདིའི་སྔག་སོ།། ཐོད་པ་ཞེས་བྱ་བ་ནི་མགོ་བོའོ།། ནང ་དུ་ཞེས་བྱ་བ་ནི་དཔྲལ་བ་ཞེས་བྱ་བའི་དོན་ཏེ་གནས་པའོ།། རྒྱལ་བ་ཞེས་བྱ་བ་ནི། ཐམས་ཅད་ཁོ་ན་རྒྱལ་བ་ཞེས་བྱ་བའི་དོན་ཏོ།། འདིས་ནི་འདི་བརྗིད་དེང་བྲལ་བར་ཨེ་བསྒྲུབས་ནས། དེའི་སྟེང་དུ་སྔགས་འདི་ཟླུམ་པོར་ཆར་དུ ་མིད་ཀྱིས་བཀོད་ནས་གང་ལ་བལྟསྨྲ་པ་དེ་རྨོངས་པར་བྱེད་དོ།། འདི་སྐད་དུ་ཡང་ལྕེའི་དྲི་མ་ལོ་སོགས་པས། སྔགས་འདི་བཟླས་པས་ཐིག་ལེ་བྱས་པས་གོང་དུ་གསུངས་པ་ཡིན་ནོ།། གཡུལ་ལ་སོགས་པར་རྣམ་པ་གཞན་གྱིས་ཀྱང་ཇི་ལྟར་མན ་ངག་ལས་རྒྱལ་བར་འགྱུར་རོ།། མུ~ཾ་ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔགས་གཉིས་ལེའུ་སུམ་བཅུ་རྩ་གསུམ་པ་ལས་རྣམ་པར་ཕྱེ་བའོ།། དེ་བཞིན་དུ་ཡང་རྣམ་པར་དབྱེ་བར་བྱ་བ་སྟེ། ཨོཾ་མུ་ཎི་ཀ་ས་ཨི་མུ་ཎི་བ་ས་ཨི་མུ་ཎ་ཧ་ཏཱ་ལངྒ་ལཾ་ཧ~ཾ་ཕཊ ་ཨི་ཨ་མུ་ཀ་སྱཱ་སུ་ཧཱ་ཏཏྟཾ་བནྡྷ་མཾ་སྭཱ་ཧཱ་ཞེས་བྱ་བ་ནི་རེངས་པར་བྱེད་པའོ།། ཨོཾ་ཀཱ་ཀཱ་ཀྵཱི་ཀཱ་ཀཱ་རཱ་ཏྱེ་ཀཱ་ཀ་པིནྣོ་པ་ཧཱ་རི་ཎི་ཨ་ལུ་ཀ་སྱཱ་ཛི་བི་ཏཱཾ་གྲི་ཧྞ་ཨཱ་གཙྪ་ཀྵ་ཀི་ཡ་ཐཱ་སུ་ཁ~ཾ་ཕཊ་ཅེས་བྱ་བ་ནི་སྐྲོད་པར་བྱེད་པའོ།། ཆོ་ག་ཡང་གོང་དུ་གསུངས་ཏེ། ཇི་ལྟར། ་མན་ངག་ལ་སྲོགཞོན་དུ་ཡང་། འདི་ལྟར་ཡང་རྟག་ཏུ་བཟླས་པས་དེར་འགྱུར་རོ།། དེ་ཉིད་ནི་འདི་དགེ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀླུ་ཕྱག་རྒྱུ་ཞེས་བྱ་བ་ལེ་ཀླུའི་གཟུགས་ཀྱི་ཕྱག་རྒྱ་ནི་ཀླུའི་རྒྱ་སྟེ། ཀླུའི་སྔགས་ཞེས་བྱ་བའི་དོན་ཏོ།། ་ཕྱག་རྒྱ་ནི་ལྷ་ཉིད་ཀྱི་དབྱིབས་ཏེ་དེ་མི་ཕྱེད་པའི་དོན་བྱེད་པའི་ཕྱིར། སྔགས་ཀྱང་ལྷ་ཉིད་དོ།། དེ་ལྟར་ན་ཡང་ཁྭ་གདོང་མ་ལ་སོགས་པ་འམ། གཞན་པའི་རྣལ་འབྱོར་གྱིས་ཀླུའི་སྔགས་བཟླས་པར་རབ་ཏུ་སྦྱོར་བའོ།། ཁྭ་གདོང་མས་ནི་རངས ་པར་བྱེད་པའོ།། ཐུག་པའི་གདོང་མས་ནི་ཞི་53།། ཁྱི་གདོང་མས་ནི་རྒྱས་པའོ།། ཕག་གི་གདོང་མསཱ་ནི་སྐྲོད་པར་བྱེད་པའོ།། གཱཤིན་རྗེ་མཆེ་བ་མས་ནི་རེངས་པར་བྱེད་པའོ།། གཤིན་རྗེ་ཕོ་ཉམས་ནི་སྣང་བར་བྱེད་པའོ།། གཤིན་རྗེ་མཆེ་གཅིག ་མས་ནི་གསོད་པར་བྱེད་པའོ།། གཤིན་རྗེ་སྲུབ་མས་ནི་སྐྲོད་པར་བྱེད་པའོ།། གཞན་ཡང་དེ་རྣམས་ཀྱི་མན་ངག་ལས་འདོད་པའི་ཡང་སྒྲུབ་པ་པོས་ལས་ཀྱི་དབྱེ་བསཽ་ཁ་དོག་ལ་སོགས་པའི་དབྱེ་བ་བྱའི།། ཞི་བ་ལ་ནི་དཀར་པོའོ།། རྒྱས་པ་དང ་རེངས་པ་དག་ལ་ནི་སེར་པོའོ།། སྣང་བ་དང་བསྐྲད་པ་དང་གསང་པ་རྣམས་ལ་ནི་ནག་པོའོ།། དབང་དང་དགུག་པ་དག་ལ་ནི་དམར་པོའོ།། དེ་བཞིན་དུ་ཡང་གསུངས་པ། ཞི་ལ་སྤྱན་གྱི་རྣམ་པ་ཉིད་།། རྒྱས་པར་པདྨའི་རྡོ་རྗེ་ཅན།། དབང་ལ་རྣམ ་པབཔར་སྣང་མཛད་གནས།། ཁྲོ་བོ་རྡོ་རྗེ་མངོན་སྤྱོད་ལའོ།། ཞེའོ།། སེམས་ནི་ལས་དང་གསན་པའི་གཟུགས་འཛིན་ཏེ། དེ་བཞིན་དུའང་གསུངས་པ། ཞི་བ་ལ་ནི་ཞི་བའི་སེམས། རྒྱས་ལོ་རྒྱས་པ་ཡི་ནི་ཡིད་།། དབང་ལ་ཆགས་པའི་ཡིད་ཀྱིས་བྱ།། མངོན ་སྤྱོད་ཁྲི་བོས་རབ་ཏུ་སྒྲུབ་ཅེའོ།། ཨོཾ་ཨཱིནྡེ་ཎ་ཞེས་བྱ་བ་ལ་སོགས་པའི་ཀླུའི་སྔགས་ཀྱིས་ནི་ཁ་རེངས་པར་བྱེད་པའོ།། ཨོཾ་ཛམྦྷ་ན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ནི་སྤྱིར་རེངས་པར་བྱེད་པའོ།། དེ་ལྟར་རྣལ་འབྱོར་པའི་ཆོ་གའི་ལས་གསུངས ་པ་ཞེས་བྱ་བ་ལ། དེ་ལས་ཤེས་བྱ་བ་ནི་གཞན་དུ་ཡང་ལས་གསུངས་པའོ།། རྣལ་འབྱོར་པ་ཞེས་བྱ་བ་ནི་འདི་འམ་གཞན་དུ་ཡང་གསུངས་པའི་རྣལ་འབྱོར་ནི་ལྷ་ཉིད་ཀྱི་རྣལ་འབྱོར་ཏེ་དེ་དང་ལྡན་པའོ།། ཆོ་ག་ཞེས་བྱ་བ་ནི། ཇི་ལྟར་མན་ངག་ལས་ཆོ ་གཱ་སྨཱད་ཡང་བྲི་བ་ལ་སོགས་པའི་མཚན་ཉིད་།། བག་ཙམ་གྷི་ཆས་གོད་དུ་གསུངས་པ་ཡང་རིགས་པ་ཅན་རྣམས་ཀྱིས་བཅལ་བར་བྱའོ།། ཨོཾ་ངསྠཱན་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཡང་རྟོགས་པའི་དོན་ཏུ་གྱུར་པན ་ལས་བལྟ་བར་བྱའོ།། ཨོཾ་ན་མ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་གསུངས་པའི་ལམ་མོ།། ཁཾ་བལྟས་པ་ཞེས་བྱ་བ་ལ་སོགས་པས་རྐང་པ་བརྒྱད་པའི་རི་ལུའི་སྒྲུབ་ཐིབས་གསུངས་པ། གཡུལ་དུ་གང་ཁ་བལྟས་པས་འགྱེལ་བའི་དེའི་རླུང ་པའི་མཐིལ་གྱི་ལྤགས་པ་དང་ལྷན་ཅིག་དངོས་པོ་འདི་རྣམས་གཟུང་ངོ་།། མཱ་ན་ཞེས་བྱ་བ་ནི་བྱ་བླའོ།། སོ་ཏྲ་ཞེས་བྱ་བ་ནི་སོ་དྷ་ཨཉྫ་ནའོ།། ཨཉྫ་ཞེས་བྱ་བ་ནི་དྲི་མ་མེད་པའི་མིག་སྨན་ནོ།། རྡོ་བ་ཞེས་བྱ་བ་ནི་དྲིའི་རྡོ་བའོ།། ཙན་དན་ཞེས་བྱ་བ་ནི། ་ཅན་དན་དུ་རབ་ཏུ་གྲགས་སོ།། ཁྲིག་ལས་སྐྱེས་པ་ཞེས་བྱ་བ་ནི་གུར་གུམ་མོ།། པགས་པ་ལ་སོགས་པ་འདི་རྣམས་ཆ་མཉམ་པར་སྐྱེས་པའི་ཁྲག་གིས་བཏགས་པར་བྱ་ཞིང་འདི་ལྟར་ཡང་སྲོ་ཏྲ་ཨཉྫ་ན་སྟེ་ང་ཉིད་ནི་སོ་སོར་བཏག་པར་བྱའོ།། ་ཡང་ཙནྡན་དམར་པོ་ཞེས་བྱ་བ་ནི། ཙན་དན་དམར་པོ་ཆུས་བདར་བར་བྱའོ།། ཞིབ་ཏུ་ཞེས་བྱ་བ་ནི། རྫས་བདུན་པོ་དེ་རྣམས་སྲ་ཏྲོ་ཨཉྫ་ན་དང་། སོ་སོར་ལན་བདུན་དུ་བཏག་པར་བྱའོ།། ཙནྡན་དམར་པོའི་ཆུང་དེ་རྣམས་སུ་བསྐམ་པོར་བྱམ ་ཞེས་བྱ་བའི་དོན་ཏོ།། རློན་པོའི་གོང་བུའི་ནང་དུ་ཞེས་བྱ་བ་ནི། བདུན་པོ་དེ་རྣམས་ཙནྡན་དམར་པོའི་ཆུས་གཤེར་བ་བྱས་ནས། དེ་རྣམས་ཀྱིས་གོང་བུར་བྱའོ།། དེའི་ནང་དུ་རློན་པ་ཞེས་བྱ་བ་ནི། གཤེར་བ་སྟེ་རྣ་བའི་ཨཉྫན་བསྐམ་པར་བྱ་བ ་ནས་། རབ་ཏུ་གཞུག་པར་བྱའོ།། སྦྱར་ཞེས་བྱ་བ་ནི་འདུས་པའོ།། གྲིབ་མ་ལ་བསྒོམ་པར་བྱས་ཤེས་བྱ་བ་ནི་གོས་ཀྱིས་བཀབ་ཅིང་ཉི་མ་ལ་བསྐམས་ནས། རི་ལུ་ལྷག་པར་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཅིར་གྱུར་པས་ཤེ་ན་གསུངས་པ ་ཉི་མ་ཞེས་བྱ་བ་ནི་ཟངས་ཏེ། ར་ཏི་ལཱ་ལས་ལྷག་པ་དང་མཱ་ཥ་བཞིའོ།། ཟླ་བ་ནི་རྡུལ་ཏེ་རྀ་ཏི་གསུམ་ལས་ལྷག་པ་དང་། མཱ་ཥ་གསུམ་མོ།། མེ་ནི་གསེར་ཏེ་ར་ཏི་བདུན་ལས་ལྷག་པ་དང་། མཱ་ཥ་བཞིའོ།། འདིའི་ནང་དུ་གང་བཅུག་པའི་རེ་ལུ ་དེ་ནི་ཞེས་བྱ་བའི་དོན་ཏོ།། གསེར་གྱི་ས་དང་པོར་དཀྲི་བར་བྱའོ།། དངུལ་གྱིས་ནི་གཉིས་པར་རོ།། ཟངས་ཀྱིས་ནི་གསུམ་པ་རོ།། དེ་བཞིན་དུ་ཡང་གསུངས་པ། གསེར་དང་ཟླ་བ་ཉིན་བྱེད་ཀྱི།། རིགས་བྱེད་གསུམ་བཞི་མ་ཥའི་ཚང་།། ཐུབ ་གསུམ་མངའ་ཡི་ར་ཏི་ལྷག། རིམ་པས་རིལ་བུ་བཅིང་བར་བྱ་ཞེའོ།། རྒྱལ་གྱིས་ཞེས་བྱ་བ་ནི། སྐར་མ་རྒྱལ་གྱི་སོ།། ལྷག་པར་གནས་པ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་དང་བཅས ་པར་དེ་བལྟ་བར་བྱའོ།། མེ་ཏོག་ལ་སོགས་པས་མཆོད་ནས། རྡུལ་ཚོན་གྱི་དཀྱིལ་འཁོར་རམ་བྲིས་སྐུར་གྱུར་པ་འམ། བསམ་གཏན་ལས་སྐྱེས་པར་རྐང་པ་བརྒྱད་པའི་སྔགས་ཇི་ལྟར་ནུས་པར་བཟླ་བར་བྱའོ།། འདིར་ཉི་མ་གཞན་ལ་དེ ་རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱི་བདག་ཉིད་ཀྱི་ཁར་བཅུག་ནས། དེ་ལ་གཡོན་པའི་ལག་པས་བཀབ་ནས། དེ་ཉིད་ཀྱི་སྔགས་བཟླ་བར་བྱ་ཞིང་ཉིན་མཚན་གྱིས་གྲུབ་པར་འགྱུར་རོ།། རིག་པའི་རྒྱལ་པོ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་བད ་ཉིད་ཀྱི་རིག་པ་སྟེ། རྐང་པ་བརྒྱད་པའི་སྔགས་ཀྱིས་མཛེས་པ་ཞེས་བྱའོ།། གང་གིས་རིག་པའི་རྒྱལ་པོ་ཡང་རྣལ་འབྱོར་པ་སྟེ། བཟླས་པ་ནི་རིག་པའི་དོན་ཏོ།། ངེས་པ་མེད་པས་ཟླ་བ་དྲུག་ཏུ་བཟླས་པས་ཕྱི་ནས་སྔགས ་འབུམ་ཟློས་པ་ན། མཚན་མ་བཟང་པོ་རྨི་ལམ་དུ་མཐོང་བ་དང་བསྒྲུབས་ན་ཉིན་མཚན་གྱིས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ།། ལྷག་མ་ནི་གོ་སླའོ།། ཡང་ན་རིག་པ་ནི་རྡོ་རྗེ་ཕག་མོའི་སྔགས་ཀྱིས་མཛེས་པའོ།། དེ་དེ་བཞིན་དུ་དེ ་རྣམ་འབྱོར་པས་རཱི་ལུ་བསྒྲུབ་པར་བྱ་བ་ལ་སྐྱོན་ཡོད་པ་མ་ཡིན་ནོ།། ཁ་གཉིས་པའི་རྒྱལ་པོ་བླངས་ཞེས་བྱ་བ་ནི། སྦྲུལ་གྱི་རྒྱལ་པོ་བླངས་པའོ།། ཐམས་ཅིང་སོ་སོར་ཞེས་བྱ་བ་ནི། ཐམས་ཅད་དང་ཐམས་ཅད་བྱས་པ་སྟེ། དུམ་བུ་དུམ་ཐུ ་བྱིས་པ་ཞེས་བྱ་བའི་དཱན་ཏོ།། ཡང་ཇི་ལྟར་བྱོས་ཤེ་ན། སོ་སོ་སོ་སོར་ཤེས་གསུངས་ཏེ། དཀར་པོའི་དུམ་བུ་དུམ་བུ་དང་། ནག་པོའི་དུས་བུ་དུམ་བུར་སོ་སོར་བྱས་ཏེ། དཀར་པོ་དང་ནག་པོ་ཤེས་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དཀར་པོ ་དོང་ནག་པོ་ཞེས་བྱ་བ་ནཱི། དཀར་ནག་གོ།། དཀར་པོ་ཡང་དུམྦྷ་བུ་དུམ་བུ་ར་དང་། ནག་པོ་ཡང་སོ་སོར་བཞག་པར་བྱའོ།། གང་དང་ལྷན་ཅིག་པས་ཤཱ་ན། དུདྷཱ་གྲཱྀ་མེ་ཏོག་དང་ཨ་ཀ་རུ་ནག་པོ་ཞེས་གསུངས་ཏེ། དུང་གི་མོ་ཏོག་ཅེས་བྱ་བ་ནི། ་སྨན་གྱི་ཁྱད་པར་ཏེ་འཇིག་རྟེན་པ་ལས་ཤེས་པར་བྱའོ།། ཇི་ལྟར་ལེའུ་གསུམ་པ་ལས་གསུངས་པའི་དབང་པོའི་ལག་པ་དེ་ནི་ལག་པའི་དབྱིབས་ཀྱི་རྩ་བའི་ཕྱིར། དབང་པོ་དང་ཉེ་བར་གནས་པས་དབང་པོའི་ལག་པ་ད་ན་ཞེས་བརྗོད་དོ།། ་དེ་ཡང་ཁ་ཅིག་ན་རེ་རྟའི་དཱུར་བ་ཞེས་ཟེར་རོ།། ཁ་ཅིག་ཀྱང་དབང་པོའི་མིག་ཅེས་ཟེར་རོ།། ཁ་ཅིག་ན་རེ་ཀ་ཀྲཱ་མལླེ་ཀ་ཞེས་བྱ་བ་ལ་སོགས་པར་རབ་ཏུ་གྲགས་ཏེ། འཇིག་རྟེན་པ་ལུས་ཤེས་པར་བྱའོ།། དུང་གི་མེ་ཏོག་ཅེས་བྱ་བ་ནི། དུང་གི་དབྱིབས ་དང་མདོག་གི་མེ་ཏོག་འདིའི་འོ།། ཨ་ཀ་རུ་ནག་པོ་ནི་རབ་ཏུ་གྲགས་སོ།། དུང་གི་མེ་ཏོག་དང་། དཀར་པོའི་ཆ་མཉམས་པར་བླངས་ཞིང་ཨ་ཀ་རུ་ནག་པོ་དང་ནག་པོའི་ཆ་ཡི་སོ།། སྟོང་ཕྲག་སུམ་ཅུ་རྩ་དགུ་བཟླས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི ་སྙིང་པོའི་སྔགས་སམ། ཉེ་བའི་སྙིང་པོས་དེའི་ཆ་གཉིས་ལ་དེའི་རྣལ་འབྱོར་དང་ལྡན་པས། དེའི་གྲངས་ཀྱི་བཟླས་པས་དེས་ཕྱིས་ནས་བདུག་པར་བྱའོ་ཞེས་བྱ་བའི་རས་ཡུག་ཅེས་བྱ་བ་ནི་ལྷག་མའོ།། ཡང་ཅིའི་བྱས་པས་ཤེ་ན། བརྒྱ ་རྩ་བརྒྱད་མངོན་པར་བསྔགས་པར་བྱས་ལ་ཞེས་བྱ་བ་ནི། སྔོན་དུ་བཟླས་པས་བསྒྲུབས་ནས་དེའི་ཆ་གཉིས་ལ་ཕྱི་ནས་བདུག་པའི་དུས་སུ་ཡང་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་རས་ཡུག་བདུག་པོར་བྱའོ་ཞེས་བྱ་བར ་དགོངས་སོ།། རས་ཡུག་གི་སྒྲུབ་ཐབསོ་ཉིད་ནི། རྒྱལ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རལ་པ་ལ་རྨ་ལོ་བཱ་དང་སྐུད་པ་མཁལ་བ་དང་རས་ཡུག་འཐག་པ་རྣམས་གསུམ་གྱིས་བསྒྲུབ་པར་བྱའོ་དེས་གོན་པོས་ཁྲི་བཟླས་ན ་ཞེས་བྱ་བ་ནི། དེས་རྒྱལ་གསུམ་ལ་བསྒྲུབས་པ་དང་དེ་བཞིན་དུ་བཟླས་པ་ཙམ་གྱིས་དང་། དེ་བཞིན་དུ་བདུག་པ་ཙམ་གྱིས་རས་ཡུག་ལུས་ལ་བཀབ་སྟེ། དེ་ཉིད་ཀྱི་སྔགས་ཁྲི་བཟླས་པར་བྱས་ནི།། དེ་ཡང་མི་སྣང་བར་འགྱུར་རོ།། དེས་ན ་དེ་ནས་བྱ་བ་ལ་སོགས་པ་གསུངས་སོ།། རས་ཡུག་དཀར་བ་དང་ནག་པར་ཡང་བྱལ་ནས་བྱ་བ་ནི། དཀར་ཟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དཀར་བའི་རས་ཡུག་ནི་དཱཀཱ་བའི་ཆུ་དང་དུང་གི་མེ་དྷྲྀགཱ་དང་ལྡན ་པས་ཡར་ངོ་ལ་བདུག་པ་བྱས་ནས་དེས་དེ་བཞིན་དུ་དཀྲིས་ན་མི་སྣང་བར་འགྱུར་རོ།། ནག་པོའི་རས་ཡུག་ནི་ནག་པོའི་ཆ་དང་ཨ་ཀ་རུ་དང་ལྡན་པས་མར་ངོ་ལ་བདུགས་ནས་དེ་བགོས་ནས་དེ་བཞིན་དུ་ཡིན་ནོ།། ཁ་ཅིག་ན་ར་དཀར་པོའི་རས་ཡུག ་ནི་ཡར་ངོ་ལའོ།། ནག་པོའི་རས་ཡུག་ནི་ནག་པོ་ལ་སྟེ། རས་བལ་འདུ་བྱ་བ་ལ་སོགས་པ་བསྐྱེད་པར་བྱའོ་ཞེས་ཟེར་རོ།། གང་འདོད་པ་དེ་ལ་འདོད་པ་སྤྱོད་དོ་ཞེས་བྱ་བ་ནི། གང་ཞིག་རང་འདོད་པ་དེ་རྒྱལ་པོའི་བུ་མོ་ལ་སོགས་པའང་འདོད་པ ་སྤྱོད་དོ་ཞེས་བྱ་བར་བལྟ་བར་བྱའོ།། གལ་ཏེ་དེ་དམ་ཚིག་དང་སྡོམ་པའི་རྗེས་སུ་འགྲོ་བར་གྱུར་ན་ཡིན་ནོ།། དེ་ཉིད་ཅེས་བྱ་བ་ན། སྦྲུལ་གྱི་རྒྱལ་པོའི་ཁོ་སྟེ། སྦྲུལ་གྱི་རྒྱལ་པོའི་ཁར་སྲོ་ཏྲ་ཨཉྫ་ན་བཅུག་པ་དུ་བ་མེད་པར་རོ།། ནང་དུ་བསྲེགས ་པོ་ཞེས་བྱ་བ་དེ་ཉིད་ཀྱི་སྦྲུལ་གྱི་རྒྱལ་པོའི་ཁ་ནས་དེ་བཞིན་དུ་བསྲེགས་པའི་སྐྱོ་དྷ་ཨཉྫ་ན་ངལ་གྱིས་བླང་བར་བྱའོ།། རྡོ་རྗེ་ཕྲག་མའི་སྙིང་པོ་ལ་སོགས་པའི་སྟེགས་ཀྱིས་འབུམ་བཟླས་པར་བྱས་ནས། ངེས་མིག་ངག་མིག་སྨན་གྱིས་བྱུགས ་ནས། མུན་པར་ཕྱིན་ན་ཐམས་ཅད་མཐོང་བར་འགྱུར་རོ།། དེ་ནས་ཁྱིམ་གྱི་མེ་ཏོག་དམ་པ་ཞེས་བྱ་བ་གསུངས་པའོ།། ཁྱིམ་གྱི་མེ་ཏོག་ནི་མར་མེ་སྟེ། མར་མེ་ལྟ་བུར་འདིས་ཐམས་ཅད་མཐོང་ངོ་།། ཞེས་བྱ་བའི་དོན་ཏོ།། དམ་པ་ཞེས་བྱ་བ་ནི། ་མྱ་ངན་ལས་མི་འདའ་བའི་གཟུགས་ཀྱི་ཕྱིར་རོ།། རང་འདོད་པའི་ལྷའི་སྔགས་ཞེས་བྱ་བ་ནི། རྡོ་རྗེ་ཕག་མོའི་སྔགས་ཏེ། རང་འདོད་པས་དེའི་རྣལ་འབྱོར་པ་བསྟན་པའོ།། ཤི་བའི་བུམ་པར་བཅུག་པ་ཞེས་བྱ་བ་ནི། དུར་ཁྲོད་ཀྱི་བུམ་པའི་སྙིང་པོར ་གནས་པར་བྱས་པའོ།། ས་འགྲོའི་རྒྱལ་པོ་ཞེས་བྱ་བ་ནི་སྦྲུལ་གྱི་རྒྱལ་པོའོ།། སྦས་ཞེས་བྱ་བ་ནི་སྦས་པ་སྟེ་སེ་ལ་མི་མཐོང་བར་བྱས་ཞེས་བྱ་བའི་དོན་ཏོ།། སྣོད་ཅེས་བྱ་བ་ནི། ཐོད་པར་བཞག་པའོ།། དེ་ནས་ཟད་པ་ཞེས་བྱ་བ་ནི། དེར་སྦྲུལ་ཟད ་པར་གྱུར་པའོ།། ཅི་ཡིན་ཞེ་ན་དེ་བཏུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུམ་པ་འམ་ཐོད་པ་ལས་བཏུས་པའོ།། དེ་དང་ཐོད་པ་དང་བཅས་པ་ཞེས་བྱ་བ་ནི། དེའི་བུམ་པ་ཐོད་པ་དང་བཅས་པ་སྟེ། གྱོ་མོའི་དུམ་བུ་འམ། ཐོད་པའི ་དུམ་བུ་ལ་བད་ར་ཏེ། ཐིག་ལེ་བྱའོ།། གང་གིས་ཕན་ཚུན་དུ་བདར་བས་ཐིག་ལེ་བྱ་བ་དེ་དེ་བཞིན་ཏེ་དེ་དང་ཐོད་པ་དང་བཅས་པའོ།། གང་ལ་བདར་བས་ཐིག་ལེ་བྱ་ཞེ་ན། དཔྲལ་བའི་འགྲམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་ཉིད ་ཀྱིས་ཅི་བྱེད་ཅེ་ན། གྲིབ་མ་འཇིག་པར་སྐྱེས་བུས་བྱེད་དོ་ཞེས་གསུངས་སོ།། བརྗོད་པ་ནི་འདི་ཡིན་ཏེ། ཕག་མོའི་སྙིང་པོའི་སྔགས་ཀྱིས་འབུམ་བཟླས་པ་བྱས་ནས། དེས་འདི་བྱེད་པར་འགྱུར་རོ།། ང་ནི་སྐྱེ་བ་བདུན་པའི་དངོས་གྲུབ་ནི། ཡང ་ངག་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་ལྡན་པ་ནི་ལྷ་རྣམས་ཀྱིས་མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པར་བརྩོན་པས། བྱས་པའི་རོལ་མོ་དང་དབྱངས་ལ་སོགས་པས་རྒྱལ་བ་རྒྱལ་བར་གྱུར་ཅིག་ཅེས་བྱ ་བ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་ལྡན་པའོ།། གཉིས་སྐུ་འགྲོ་ཞེས་བྱ་བ་ནི། མཐོ་རིས་དགའ་ལྡན་ལ་སོགས་པའི་ལྷའི་གནས་སུ་འགྲོ་བ་ནི་གཉིས་སུ་འགྲོ་བ་སྟེ། འདི་ལྟར་གྱུར་པའི་འཆི་བ་ཞེས་བྱ་བའི་དོན་ཏོ།། ་འབྱུང་བ་ལས་གྱུར་པའི་ལུས་མཆོག་མཐོང་ངོ་ཞེས་བྱ་བའི་དོན་ཏེ། མེ་ཏོག་ལ་སོགས་པའི་མཆོད་པ་མཐོང་བ་དང་། སིལ་སྙན་ལ་སོགས་པའི་སྒྲས་དབེན་པའི་གནས་སུ་ཤི་བས་ན་སྐྱེ་བ་བདུན་པའོ།། ལུས་ཀྱང་འདི་ལྟ་བུར་ཞེས་བྱ ་བར་ཤེས་པར་བྱའོ།། དེ་བཞིན་དུ་ཡང་གང་དུ་ཉི་མ་ལ་དེ་འཆི་བར་འགྱུར་བ་ན། གནམ་རྡོ་ལ་སོགས་པ་ལྟུང་བར་འགྱུར་རོ།། དེའི་མཚན་གཞན་གསུངས་པ། མགོ་སྐྱེས་ཁ་སྦྱོར་བྱས་ཞེས་བྱ་བ་ནི། སྐྲ་དང་ལུས་སྡོམ་པ་ཞེས་བྱ་བའི་དོན ་ཏོ།། ཁ་ཅིག་ན་རྀ་རླབས་ལྟ་བུའི་སྒྲའོ།། ཞེས་ཟེར་རོ།། གང་གིས་ལུས་འདི་ལྟ་བུ་དེ་ནི་སྐྱེ་བ་བདུན་པའོ།། གང་གི་ལུས་ཀྱི་རྡུལ་དྲི་ཞིམ་པ་འབབ་པ་དེའི་ལུས་ཀྱང་སྐྱེ་བ་བདུན་པ་དང་མཐུན་པའི་གཟུགས་ཏེ་གང་གི་གྲིབ་མའི་གྲངས་དེ་ནི་དེ ་བཞིན་ནོ།། དྲི་དང་ལྡན་པའི་ལུས་ནི་དྲིའི་ལུས་སོ།། གང་གིས་ལུས་ཀྱི་ཡང་ཡིན་ལ་ལུས་ཆེན་པོ་མཛེས་པའང་ཡིན་པ་དེ་ནི་ལུས་ཀྱི་གཟི་བརྗིད་དེ། དྲིའི་ལུས་དང་ལུས་ཆེན་པོའོ།། རྨ་དང་རྨ་མེད་ཅེས་བྱ་བ་ནི། རྨའི་སྦྱོར་བ་ལས་རྨ་ནི་རྨ ་ཅན་ཏེ། དེ་བས་ན་རྨི་མེད་པ་ནི་མ་ཅན་ཞེས་བྱ་བའི་དོན་ཏོ།། རྨའི་སྒྲས་ནི་ནང་དུ་མངོན་པར་འདོང་ངོ་།། བདེན་པས་སྨྲ་ཞེས་བྱ་བ་ལ་བདེན་པ་ནི་སེམས་ཅན་གྱི་དོན་དང་མཐུན་པ་སྟེ། གང་གི་ངག་དེ་ནི་དེ་ལྟ་བུའོ།། གང་གི་ཤ་ཡིས་དངོས་གྲུབ ་བྱེད་པའི་ངང་ཚུལ་དེའི་དེ་ནི་གྲུབ་པར་བྱེད་པ་སྟེ། དེ་ཡང་མཁའ་སྤྱོད་ལ་སོགས་པའི་མཚན་ཉིད་དོ།། ལྷ་མོ་གལ་ཏེ་འཆད་པར་འགྱུར་བའི་མཚན་ཉིད་ལས་གཞན་དུ་མ་ཡིན་པ་དེའི་ཚེ་སྐྱེ་བ་བདུན་པ་ཞེས་བྱ་བའི་དོན་ཏོ།། བདེ་དང་ལྡན་ཞེས་བྱ ་བ་ནི་ལུས་ལ་སོགས་པའི་བདེ་བ་ཅན་དང་བཅས་པའོ།། བྱང་ཆུབ་སེམས་དཔའ་ལྟ་བུར་གཞན་ཞེས་བྱ་བ་ནི། གཞན་གྱི་དོན་གྱི་རོས་སྤྲིན་ལ་གཞོན་པ་དང་བཙུག་གི་ནོར་བུ་དང་། ཁྱིམས་པའི་སྟོབས་ལ་སོགས་པ་གཞན་མཆོགེ་ལྟ་བུ་ཞོས ་བྱ་བའི་དོན་ཏོ།། སྦྱིན་པ་ཆེན་པོ་རབ་སྦྱིན་པོ་ཞེས་བྱ་བ་ནི། ལུས་འདི་སེམས་ཅན་ཀུན་ལ་བྱིན།། གང་ཞིག་འདོད་པ་དེ་དག་ལ།། དེ་ནི་འདི་ཡིས་དེ་གྱིས་ཤིག། ལུས་ཀྱི་སྦྱིན་པ་སྤྲིན་ཆེན་པོ་ཞེའོ།། ཤུ་བ་གཟུགས་ཀྱིས་ཡང་དག་གནས ་ཤེས་བྱ་བ་ནི། རོའི་གཟུགས་ཀྱིས་སོ།། ཕན་ལྡན་པ་ཞེས་བྱ་བ་ནི། སྐྱོབ་པ་དང་ལྡན་པའོ།། བདེན་པའི་བྱིན་གྱིས་བརླབས་ཤེས་བྱ་བ་ནི། སེམས་ཅན་རྣམས་ལ་སྔོན་དུ་བྱིན་གྱིས་བརླབས་པ་གནས་པར་བྱས་པའོ།། མྱ་ངན་འདས ་ཤེས་བྱ་བ་ནི་ཤི་བའོ།། ཤཱཀྱ་ལྟ་བུར་ཞེས་བྱ་བ་ནི། ཤཱཀྱ་ཐུབ་པ་ལྟ་བུར་མྱུར་བར་མྱེ་ངན་ལས་འདས་པའི་ཕྱི་རོ།། ཁ་ཅིག་ན་རེ་ལུས་སྦྱིན་པ་བྱིན་པ་འདི་གང་ཡང་སྔོན་དུ་སྐྱེས་པའི་བདག་གི་གང་ཞིག་བསོད་ནུ་མས་དེས་སེམས་ཅན ་ཐམས་ཅད་སངས་རྒྱས་སུ་གྱུར་ཅིག་ཅེས་བསོད་ནམས་ཡོངསུ་བསྔོས་པས། བདེན་པའི་བྱིན་གྱིས་བརླབས་ཡིན་ཞེས་ཟེ་རོ།། གཞན་ཡང་སྐྱེ་བ་བདུན་པ་ཉིད་ཀྱི་རྐྱེན་ནི་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། གྲུབ་པའི་ཡོན་ཏན ་རྣམ་པ་ཀུན།། ཞེས་བྱ་བ་ལ་དངོས་གྲུབ་ཐམས་ཅད་ཁོ་ན་འགྲང་བར་བྱེད་པ་དང་། གོམས་པར་བྱེད་པ་ཞེས་བྱ་བ་ནི་ཡོན་ཏན་ནོ།། གང་དུ་བྱེད་པ་དེ་ནི་དེ་ལྟ་བུ་སྟེ་སྐྱེ་བ་བདུན་པའི་ཤའོ།། ཁཱ་དང་ཞེས་བྱ་བ་ལ་སོགས་པ་ནི། ་གོ་སླའོ།། མདུན་དུ་བསྐོར་ཞེས་བྱ་བ་ནི་མདུན་དུ་བསྔར་བའོ།། འདི་སྐད་ཆོ་ག་ཤེས་པ་ཞེས་བྱ་བ་ནི། དེ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དེ་ལྟར་བྱེད་པ་མཐོང་ནསོ།། སྒྲུབ་པ་པ་ཞེས་བྱ་བ་ནི། དེའི་སྒྲུབ་པ་པོ་སྟེ་རྣལ་འབྱོར་པ་ཡིན་ནོ།། ཤཱི ་ཏུ་མཉམ་པར་བཞག་པ་ཞེས་བྱ་བ་ནི། ཤིན་ཏུ་ཡང་ལུས་དང་ངག་དང་སེམས་བསྡམས་པའོ།། རང་གི་སྙིང་པོའི་སྔགས་བཟླས་པ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའི་སྙིང་པོའི་སྔགས། ཡི་གེ་ཉི་ཤུ་རྩ་གཉིས་པོའོ།། ནམ་མཁའ་ལྡིང ་ཞེས་བྱ་བ་ནི་བྱ་རྒོད་དོ།། ལྷག་མ་ནི་གོ་སླའོ།། གོང་གི་རྣལ་འབྱོར་ཡང་རྡོ་རྗེ་ཕག་མོའི་སྔགས་སྤངས་ལ། རྡོ་རྗེ་མཁའ་འགྲོའོ་ཉེ་བའི་སྙིང་པོས་ཀྱང་སྒྲུབ་པར་བྱས་ཏེ་སྐྱོན་ཡོད་པ་མ་ཡིན་ནོ།། ཐམས་ཅད་དུ་ནི་བསྒོམ་པ་དང་བཟླས་པ་ལ་སོགས་པ ་དང་མངོན་པར་ལྡན་པའི་དད་པ་དང་ལྡན་པ་དང་བློ་གྲོས་དང་ལྡན་པས། གང་དང་ཅིའི་རྣམ་པས་འགྲུབ་པར་འགྱུར་རོ།། ཀླུའི་སྔགས་ཐམས་ཅད་དང་རབ་ཏུ་སྦྱོར་བ་དོང་ལས་ཏེ་དེའི་རྗོད་པར་བྱེད་པ་པོའི་ལེའུ་སྟེ་དྲུག་པའོ།། །། འདི་ནི་རྡོ ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་སྟེ་ལེའུ་དྲུག་པའོ།། །། གང་གིས་རྣལ་འབྱོར་པ་གནས་ལ་སོགས་པས་འཁོར་བའི་དོན་དུ་རྣལ་འབྱོར་མའི་ཕྱག་རྒྱ་ལ་སོགས་པ་ཤེས་པར་བྱས་ཏེ། དེ་རྣམས་ཀྱིས་བསྟན་པ་བརྡ་དང ་བརྡའི་ལན་རྣལ་འབྱོར་པས་བསྟན་པས། དེ་དེ་རྣམས་ལ་མཉེས་པར་འགྱུར་ཞིང་། འདིས་ཀྱང་ལག་པའི་ཕྱག་རྒྱ་ལ་སོགས་པ་བསྟན་པའི་དོན་དུ་ལེའུ་བདུན་པ་གསུངས་སོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་སྔགས་ཀྱི་ནུས ་པ་ལ་སོགས་པ་གསུངས་མ་ཐག་པར་རོ།། དེས་ན་ཞེས་བྱ་བ་ནི་གང་གིས་བརྡ་དགོས་པ་དེས་མཚན་ཉིད་བཤད་པར་བྱའོ་ཞེས་བྱ་བར་སྦྱརོ།། གང་གིས་ཤེ་ན། ལག་པའི་ཕྱག་རྒྱ་ཞེས་གསུངས་པ་ནི། ལག་པའི་ཕྱག་རྒྱའོ་ཞེས་བྱ་བའི་དོན་ཏོ།། ་སྤྱི་གཙུག་འཕྲེང་ཞེས་བྱ་བ་ནི་སྤྱི་གཙུག་གོ། མཇུག་མ་ཞེས་བྱ་བ་ནི་སྣ་མོ།། སྐྱེ་གནས་ཤེས་བྱ་བ་ནི་ཆོས་ཀྱི་འབྱུང་གནསོ།། གལ་ཏེ་སྐྱེས་བུས་སྐྱེས་བུ་ལ་བསྟན་པ་དེའི་ཚེ་མཐེ་བོང་དང་སྡིག་མཛུབ་མཉམ་པར་བྱས་ནས་ཕན་ཚུན་དུ་རྩེ་མོ ་སྦྱར་བ་ལས་སོར་མོ་ལྷག་མ་ནི་བསྡུས་པའི་ཕྱིར་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱར་འགྱུར་རོ།། མཐིལ་ཞེས་བྱ་བ་ན་རྐང་མཐིལོ།། ཉི་མ་ཞེས་བྱ་བ་ནི་ཁ་ཅིག་ན་རེ་གཡས་པའི་ཡན་ལག་གོ་ཞེས་ཟེར་རོ།། ཆུ་བཽ་ཞེས་བྱ་བ་ནི་ལག་པས་ནམ ་མཁའ་ལ་རི་མོ་མཛེས་པའི་རྣམ་པ་དག་གི་སོ།། དེས་ན་རྒྱ་མཚོ་ཞེས་བྱ་བ་གསུངས་པ་ནི་སོ་ར་མོ་དག་བརྐྱང་བས་གཡོ་བ་དག་ནི་རྒྱ་མཚོ་ཡི་ནོ།། དེ་ནཱ་ས་ཞེས་བྱ་བ་ནི། སྠིར་བརྡ་གསུངས་མ་ཐག་ཏུའོ།། གཡོ་ལྡན་མ་ལ་སོགས་པའི་རྣལ ་འབྱོར་མ་རྣམས་ཀྱི་སྟེ། དེ་རྣམས་ཀྱི་བརྡ་བསྟན་པས་རྟོགས་པར་བྱའོ།། གྲོལ་བ་ནི་དེའི་བརྡའི་དེ་མ་ཐག་ཏུ་དེ་དང་མཐུན་པའི་གཟུགས་ཏེ། བརྡའི་ལན་བྱིན་པས་དེ་གཤེགསུ་གསོལ་པའོ།། གཟུང་བའི་མཐར་གྲོལ་བ་ནི། གཟུང་བ ་གྲོལ་བ་སྟེ། དེ་བཤད་པར་བྱའོ་ཞེས་བྱ་བར་སྦྱ་རོ།། འདིས་ནི་འདི་རྣམས་ཀྱི་བྱིན་པའི་བརྡའང་བཤ་།། ཞེས་བྱ་བར་གྲུབ་པོ།། ཡང་ནཱ་གཟུང་བ་དང་གྲོལ་བ་ཞེས་བྱ་བ་ནི། ཕྱི་ནས་ཚིག་གཅིག་གིས་ཏེ་དེའི་འདི་དང་བཛྲ། ་ཕྱག་རྒྱ་བསྒྲག་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཅིར་གྱུར་པོས་ཤེཤི་ན་གསུངས་པ། ཤི་བ་འཚོ་བ་དང་འཚོ་བ་ནང་མེད་པར་འཕེལ་བ་ཞེས་བྱ་བ་ནི། འདི་དག་ཀྱང་བརྡ་བསྟན་པའི་འབྲས་བུ་ཞེས་བྱ་བར་བསྟན་པའོ།། ཤི་བ་ཞེས་བྱ་བ ་ནི་རྒྱལ་བ་རྣམས་ལའོ།། དེ་ཡང་བརྡ་བསྟན་པ་ནི་འཚོ་བར་འགྱུར་རོ།། ཞེས་བྱ་བར་དགོངསོ།། འཚོ་བ་ཞེས་བྱ་བ་ནི། འཚོ་བ་ཁོ་ན་སྟེ་འཚོ་བ་འཕེལ་བ་ཞེས་བྱ་བར་དགོངསོ།། འདིར་འཆད་པར་འགྱུར་བའི་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་ཏོ།། ་ཕྱག་རྒྱའི་ལན་བྱིན་པ་དང་། གཡོན་ལྡན་མ་ལ་སོགས་པའི་ལན་བྱིན་པ་དང་མཐུན་པའོ།། ལྷག་མ་ནི་གཽ་སླའོ།། ཁྲག་ཅེས་བྱ་བ་ནི་སྙིམ་པས་ཁྲག་འཐུང་བའི་ཚུལ་གྱི་སོ།། གཅི་བ་དང་བཤད་པ་དག་སྟེ། དེ་བྱེད་པའི་ཚུལ་གྱིས་བྱིན་པའོ།། ་ཡན་ལག་རྣམས་ལ་རང་བཞིན་གྱིས་གྲུབ་པའི་མཚན་མ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཀ་ཊ་འདི་ཞེས་བྱ་བ་ནི་འགྲམ་པ་ལ་ཕག་གི་སོའི་དབྱིབས་ཀྱི་རི་མོའོ།། ལྟེ་བར་ཤ་ཀ་ཏི་ཞེས་བྱ་བ་ནི། ཤ་ཀ་ཏིའི་མཚོན་ཆའི ་དབྱིབ་སོ།། ཕྱིན་ཅི་ལོག་ཅེས་བྱ་བ་ནི་མི་གཡོ་བའོ།། ཁ་ཅིག་ན་རེ་ངན་པའོ་ཞེས་ཟེ་རོ།། ནུ་མ་བཅིངས་པ་ཞེས་བྱ་བ་ནི། ནུ་མ་དག་མི་མཉམ་པའོ།། ཁ་ཅིག་ན་རོ་མི་ནར་བའོ་ཞེས་ཟོ་རོ།། ལྟེ་བ་དག་པ་ཞེས་བྱ་བ་ནི་ལྟེ་བ་ཕྱེ་བའོ།། ཁ་ཅིག ་ན་རོ་ལྟེ་བ་བྱིང་བ་ཞེས་ཟེར་རོ།། རྣམ་པ་ཞེས་བྱ་བ་ནཱི་དབེན་པཱ་ལ་འམ། སྐྱེ་བོ་འགྲོ་བར་རྒོད་པ་ལ་སོགས་པའི་བྱ་བའི་རྣམ་པ་བཟང་པོ་དང་། དྲན་པའི་བྱ་བའི་རྣམ་པའོ།། འོག་ཏུ་ངན་པའི་རྣམ་པའོ།། འོག་ཏུ་ངན་པའི་རྣམ་པ་དང་། ་རེ་ཁཱ་གསུམ་པ་ཀུན་ཏུ་ཟླུམ་པོ་ཞེས་བྱ་བ་ནི། ལྟེ་བའི་ནང་དུ་རི་མོ་གསུམ་པ་སྟེ་ཀུན་ཏུ་ཟླུམ་པའོ།། ངན་པ་ནི་མ་གྲོགས་པའི་ཕྱི་རོ།། འོག་ཏུ་ཟླུམ་པོའི་རྣམ་པ་ཞེས་བྱ་བའི་ཚིག་ལ་ནི་ལྟ་བ་ལ་བཟླུམ་པོ་ལྟ་བུར་ནར་བའོ།། ཟླུམ་པོའི་རྣམ་པ ་ཞེས་བྱ་བའི་ཚིག་ལ་ཡང་ཟླུམ་པོ་ནི་རིང་པོ་ནས་སྐྱེས་པའི་ཕྱིར། གང་གི་རྣམ་པ་རི་མོ་གསུམ་པ་དེ་དེ་བཞིན་ནོ།། ཡང་ན་ལྟེ་བ་དང་མཐུན་པར་སྤྱོད་པ་ཁོ་ནའོ།། དེ་ཅིར་གྱུར་པས་ཤེ་ན། འོག་ཏུ་ཟླུམ་པོའི་རྣམ་པའོ།། འོག་མ་ཟླུམ་པོའི་རྣམ་པའི ་ཚིག་རྐང་ལ་ཡང་། དེ་སྐད་དུ་རི་མོ་གསུམ་གྱིས་བསྐོར་བས་ཀྱང་བརྒྱན་པར་གྱུར་པ། རི་མོ་གསུམ་པ་ཟླུམ་པོ་ཞེས་བྱ་བའི་དོན་ཏོ།། སྔོན་དུ་བཤོད་པ་ལ་དང་པོའི་མང་པོའི་ཚིག་ཕྱིས་པའོ།། འགྲོ་བ་ན་མཁའ་འགྲོ་མའི་མཚན་མ་འདི་ལྟ་བུ ་མཚན་པར་བྱ་ཞེས་བྱ་བ་ནི་འགྲོ་བ་ན་མཁའ་འགྲོ་མ་འདི་ལྟ་བུ་སྟེ་འཆང་པར་འགྱུར་བའི་མཚན་མ་མ་ཚོན་པར་བྱ་ཞེས་བྱ་བའི་དོན་ཏོ།། མཚན་མ་ནི་སོང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ། ས་ནི་འདོད་པའི་གནས་སོང་བར་གྱུར་ན་མི་ལྡན ་པའོ།། ཅིས་ཤེ་ན། འཆད་པར་འགྱུར་བས་ལྡོག་པ་ཉིད་དོ།། ཇི་ལྟར་ཞེ་ན། གློ་བུར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་རྒྱུ་མེད་པར་ཞེས་བྱ་བའི་དོན་ཏོ།། ཅིས་ཡང་ཞེ་ན། མི་དགའ་བར་ཡང་ཞེས་བྱ་བ་ནི། ཁྲོས་པར་སྨྲ་བར་གྱུར་པས ་དེའི་ས་ནས་ལྡོག་པ་ཞེས་བྱ་བར་དགོངས་སོ།། ལྷག་མ་ནི་གོ་སླའོ།། སྒྱུ་མཚན་མོ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའོ།། དེ་ནས་མཉམ་པར་སྦྱོར་བ་ནི། སྒྱུ་མ་ཆེན་མོ་མཉམ་སྦྱོར་བ། རྡོ་རྗེ་མཁའ་འགྲོ་ཞེའོ།། དེ་ལས་བྱུང་བའི་མཁའ་འགྲོ ་མ་ཞེས་བྱ་བ་ནི། མཁའ་འགྲོ་མ་རྣམས་ཞེས་བྱ་བའི་དོན་ཏེ་དེ་རྣམས་དང་འབྲེལ་བར་བྱའོ།། འདི་རྣམས་ཀྱི་རིགས་ཀྱི་མཁའ་འགྲོ་རྣམས་ནི། མིའི་རྣམ་པར་གནས་པ་རྣམས་མཐོང་བ་ན་བསོད་ནམས་དཔག་ཏུ་མེད་པ་སྐྱེ་བར་འགྱུར་ཞེས ་བྱ་བ་ནི་ལྐོག་མའོ།། ཡང་ན་གང་ཞིག་དེ་ལྟར་གྱུར་པ་སྟེ་དེ་རྣམས་དངོས་གྲུབ་ཐམས་ཅད་སྟོར་བ་པོ་ཞེས་བྱ་བར་དགོངས་སོ།། ལག་པའི་ཕྱག་རྒྱའི་སྦྱོར་བ་གཡོ་ལྡན་མའི་མཚན་མ་ནི། ཤ་ཏི་ལ་སོགས་པའི་གཟུག་སོ།། མཚན་ཉིད་ནི་རེ་ཁཱ་གསུཾ ་པལ་སོགས་པ། གང་གི་གཡོ་ལྡན་མ་ལ་སོགས་པ་མཐོང་བ་ལ་སོགས་དེ་ཉིད་ལ་སོགས་པ་སྟེ། དེ་རྣམས་ཀྱི་མཚན་ཉིད་ལ་སོགས་པའོ།། དེ་རྣམས་ཀྱི་རྗོད་པ་པོ་སྟེ་ལག་པའི་ཕྱག་རྒྱའི་སྦྱོར་བ་གཡོ་ལྡན་མའི་མཚན་མའི་མཚན་ཉིད་ལ ་སོགས་པའི་ལེའུ་སྟེ་བདུན་པའི།། ། འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེབ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཞེས་བྱ་བ་ལ་སོགས་པའོ།། དེ་ནས་ཞེས་པ་ནི་ལྷན་ཅིག་སྐྱེས་མུ་དང་ཞིང་སྐྱེས་མའི་རྣལ་འབྱོར་མ ་རྣམས་ཀྱི་བརྡལ་སོགས་པ་གསུངས་མ་ཐག་ཏུ། སྔགས་སྐྱེས་མ་ནི་རིག་མ་སྟེ་རྣལ་འབྱོར་མའོ།། དེ་ཉིད་སྣ་ཚོགས་ཀྱི་གཟུགས་ཀྱིས་རྩེ་བའི་ཕྱིར་ལྷ་མོའོ།། དེ་རྣམས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་བརྡ་སྟེ་འཆང་པོར་འགྱུར་ཞེས་བྱ་བར ་སྦྱར་རོ།། མངོན་པར་ཕྱག་ནི་འཚལ་བ་ཞེས་བྱ་བ་ནི། ཕྱག་འཚལ་བའོ།། གང་ཞིག་ཅེས་བྱ་བ་ནི་ཐམས་ཅད་ཉི་དུ་སྟེ། གལ་ཏེ་འདིར་ཞེས་བྱ་བའི་དོན་གྱི་ཕྱི་རོ།། བཀྲེ་སོ་ཞེས་བྱ་བ་ནི་ལྟོག་སོ་ཞེས་བྱ་བར་བརྗོད་པ་ཡིན་ནོ།། ཞེས་བྱ་བའི་དོན ་ཏོ། སོར་མོ་ཞེས་བྱ་བོ་ནི་སོར་མོ་གང་ཡང་རུང་བའོ།། ཟས་ཟ་ཞེས་བྱ་བ་ནི་བརྗོད་པ་ཞེས་བྱ་བ་ནི་གོ་སླའོ།། ཤ་ནཽ་ཟི་ཞེས་བརྗོད་པ་ཡིན་ཞེས་བྱ་བ་ནི་སླའོ།། ཁྲོ་གཉེར་ཞེས་བྱ་བ་ནི། སྨིན་མ་ཡོན་པོ་ལ་ལག་པས་བརྡེག་པ་ཞེས་བྱ་བའི ་དོན་ཏོ།། མཁའ་ལྡིང་ཞེས་བྱ་བ་ནི་སྣའོ།། ཁ་ཅིག་ན་རེ་བུས་མོ་གཉིས་གཙུགས་ཏེ། ལག་པ་གཉིས་ཀྱིས་བྱ་ལྷ་བུར་འཕུར་པས་ན་མཁའ་ལ་འགྲོ་བའི་ཚུལ་གྱིས། ན་མཁའ་ལྡིང་དུ་བསྟན་པ་ཞེས་ཟེ་རོ།། གཏོར་མ་ཟ་བར་བྱ་ཞེས ་བྱ་བ་ནི། གཏོར་མེ་བཟའ་བར་བྱ་ཞེས་པའི་དོན་ཏོ།། ངག་གི་ཙྱཻམྦ་ཞེས་བྱ་བ་ནི། རཱྀམྦ་ཅན་ཏེ། ཙྪོམྦའི་བརྡ་ཞེས་བྱ་བའི་དོན་ཏོ།། ཚིག་ཙྪེམྦ་ཅན་ནི་ངག་གི་ཙྪོམྦའོ།། པྲ་ཏི་པཾ་ཏཱངྒཾ་ཞེས་བྱ་བ་ནི། པྲ་ཏི་པོ་ཏིངྒ་སྒྲ་བརྗོད་པས། ་མངོན་པར་ཕྱག་འཚལ་བའི་ལན་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ལུ་མུའི་སྒྲ་འདི་ཡང་མ་ཡིན་ཏེ། ལུམྦིའི་སྒྲའོ།། ཁ་ཅིག་ནཱ་རེ་མན་ངག་ལས་ལུམ་བུ་ཞེས་ཟེ་རོ།། འོང་བ་ཞེས་འདི་སྐད་ཞེས་བྱ་བ་ནི། འོང་བ་ཞེས་འདི་སྐད་ཅེས ་བྱ་བའི་དོན་ཞེས་བྱ་བའི་དོན་ཏོ།། སློང་བ་ཞེས་བྱ་བ་ནི། བྱིན་ཅིག་ཅེས་བྱ་བའི་དོན་ཏོ།། ཙ་ཊུ་ཀཾ་ནི་ཁྱེར་ཅིག་པའོ་ཞེས་བྱ་བ་ནི། སྣོམ་ཞིག་ཅེས་བྱ་བའི་དོན་ལ་ཙ་ཊུ་ཞེས་བྱ་བའི་སྒྲའོ།། ཧྲྀ་ད་ཡཾ་ནི་དཔའ་བོ་ཞེས་བྱ་བ་ལ། ཧྲྀ་ད་ཡཾ ་ནི་དཔའ་བོ་ཞེས་བརྗོད་དོ།། ཀོ་ར་བི་ནི་གཱ་སྣང་བའོ་ཞེས་བྱ་བ་ནི། ཀྲོ་ར་བཱཾ་གསད་པ་ཞེས་བརྗོད་དོ་ཞེས་གསུང་སོ།། ཀརྟྟི་ཀ་ནི་དྲིལ་བུའོ་ཞེས་བྱ་བ་ནཱི། ཀརྟྟི་ཀཱ་ཞེས་རྗོད་པར་བྱེད་པའོ།། ཨ་ལི་ཀ་ཀཱ་ར་ཎ་ནི་སྤྱི་བོ་ཞེས་བྱ ་བ་ནི་མགོ་བོ་ཞེས་བྱའོ།། བ་ར་ཧཱཿསྒྲའོ་ཞེས་བྱ་བ་ནཱི་སྨྲའི་མིང་ངོ་།། མནྟོ་ནི་བདུད་རྩིའོ་ཞེས་བྱ་བ་ནི། བདུད་རྩི་མནྟྲ་ན་ཞེས་བརྗོད།། ས་མཱ་ག་མ་ནི་ཞེས་བྱ་བ་ནི་སྐྱེས་པའི་ཞེས་བྱ་བའོ།། ཏཱ་ལི་ཀཱ་ནི་མཁའ་འགྲོ་མའོ་ཞེས་བྱ་བ་ནི་མཉ ་འགྲོ་མའི་མིང་ངོ་།། པའོ། གནོད་པ་ཞེས་བྱ་བ་ནི་འཇིག་པ་སྟེ། གང་ལ་བདུག་པ་ཐམས་ཅད་གནོད་པ་དེ་ནི་འཁྲུ་ལ་འཁོར་གྱི་ལེའུའོ་ཞེས་བྱ་བ་སྒྲས་འདིའི་དུས་ཀྱིས་ཞུ་བ་རྫོགས་པ་སྟེ། འཁྲུལ་འཁོར་གྱི་ལེའུ་བསྐྱེད་དུ ་གསོལ་ཞེས་བྱ་བར་སྦྱ་རོ།། དངོས་གྲུབ་གྱིའང་བསྐྱེད་པ་ཡིན་ཏེ། གང་གི་ཕྱིར་བདག་ཉིད་མངོན་དུ་བྱེད་པའི་འང་བསྐྱེད་པ་ནི། དཔེར་ན་བུ་བསྐྱེད་པ་ནི་མི་བྱུང་བར་ཡང་བསྐོ་དོ།། དཔེར་ན་བུ་བསྐྱེད་པ་ལྟ་བུར་འདིར་བདག་ཅག་རྣམས ་ཀྱི་འཁྲུལ་འཁོར་གྱི་ལེའུ་བདག་གི་མངོན་དུ་མཛོད་ཅིག་ཅེས་བྱ་བའི་དོན་ཏོ།། དེའི་ཕྱིར་འཁྲུལ་འཁོར་གྱི་ལེའུ་བཅོམ་ལྡན་འདས་ཀྱིས་གྲུབ་པ་ཁོ་ནའོ།། དེ་ནས་ཞེས་བྱ་བ་ནི་ཞུས་མ་ཐག་ཏུའོ།། རིན་པོ་ཆེའི་ཁ་སྦྱོར་ཞེས་བྱ་བ་ནི ་ཞེས་བྱ་བ་ལ། རིན་པོ་ཆེ་ནི་གྲུབ་པའི་རིན་པོ་ཆེ་རྣམ་སོ།། དེ་རྣམས་ཀྱི་ཁ་སྦྱོར་ཅན་ནོ།། དེའི་ཞེས་བྱ་བ་དང་བསྒྲག་པར་བྱེ་ཞེས་བྱ་བ་ནི། སྡུད་པར་བྱེད་པའི་ཚི་གོ། དེ་ཉིད་བསྟན་པར་བྱའོ་ཞེས་བྱ་བ་ནི་བརྗོད་ཀྱིས་ཞེས་བྱ་བ་ལ་སོགས ་པའོ།། རིགས་བདག་རྟའི་འགྲོ་བ་དང་ཞེས་བྱ་བ་ལ་རིགས་བདག་ནི་ཀླུའི་ཁྱད་པར་རོ།། རྟ་དང་དེ་དག་གི་འགྲོ་བ་ནི་གང་ལ་འཁྲུལ་འཁོར་ལ་སྔགས་ཀྱི་དགོད་པ་དེ་ནི། རིགས་ཀྱི་བདག་པོ་དང་རྟའི་འགྲོ་བའོ།། གཤིན་རྗེ་ཡི་དྭགས་དེ ་བཞིན་གཞན་ཞེས་བྱ་བ་ལ། གཤིན་རྗེ་ནི་དབྱིག་པའི་རྣམ་པས་སྔགས་བཀོད་པ་ནི་གཤིན་རྗེའི་འཁྲུལ་འཁོར་རོ།། ཡི་དགས་ཤེས་བྱ་བ་ནི། ཡི་དགས་ཀྱི་རྣམ་པའི་ཕྱིརརོ།། རོ་ལངས་ངག་གི་ཟུང་ཞེས་བྱ་བ་ནི་རོ་ལངས་ཀྱི་ཟུང་གི ་རྣམ་པའི་ཕྱིརརོ།། སྲིན་པོ་ཞེས་བྱ་བ་ནི་སྲིན་པོ་ལྟ་བུར་གཟུགས་ངན་པའི་ཕྱིརརོ།། རིམ་པས་ཕྱི་རོལ་རིམ་པ་དེ་ཞེས་བྱ་བ་ནི། རིམ་པས་ཕྱི་རོལ་གྱི་རིམ་པའི་རི་མོ་སྟེ། གང་གི་སྙིང་པོ་ལ་སོགས་པའི་གཟུགས་དེ་ནི་དེ་ལྟ་བུའོ།། སྟོང་པ ་སྒོ་རུ་གནོད་མཛེས་དང་ཞེས་བྱ་བ་ནི། སྟོང་པའི་རི་མོ་ལས་ཕྱི་རོལ་ཏུ་པདྨོའི་སྒོ་ལ་སྟེ་གནོད་མཛེས་དང་བཅས་པའི་སྒོའོ།། རྡོ་རྗེ་ཕྱེད་པ་མཚམ་སུ་ལྡན་པ་ཞེས་བྱ་བ་ནི། གང་གི་རྒྱས་པའི་འཁོར་ལོའི་རིམ་པ་ལས་མཚམས་རྣམསུ ་རྡོ་རྗེས་མཚན་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་གསུང་སོ།། སྔགས་ཀྱི་ཕྲེང་བས་ཁྱད་པར་དུ་ཞེས་བྱ་བ་ནི། ཨོཾ་ཀ་ར་ཀ་རེ་ཞེས་བྱ་བ་ལ་སོགས་པའི་སྔགས་ནི་འཁོར་ལོ་འདི་གཉིསུ་ལེའུ་གཞན་ལསོ།། བཅུ་གཉིས་འདི་ཞེས་བྱ ་བ་ནི་བཅིང་བ་དང་། རྨོངས་པ་དང་ལྐུགས་པ་དང་རེངས་པ་དང་འཇིག་པ་དང་། རྣམ་པར་སྡང་བ་དང་སྐྲོད་པ་དང་གསོད་པར་བྱེད་པ་དང་། ཞི་བ་དང་རྒྱས་པ་དང་། དབང་དང་དགུགས་པའི་མཚན་ཉིད་ལས་རྒྱས་པ་འདིར་རང་བཞིན ་གྱིས་བཅུ་གཉིས་སྒྲུབ་པར་བྱེད་པའི་འཁྲུལ་འཁོར་འདི་རྣམས་ཀྱི་ཞེས་བྱ་བའི་དོན་ཏེ་འདི་ལྟར་ཡང་གཞན་དུའང་ཤེས་པར་བྱའོ།། འདིས་ན་འཁྲུལ་འཁོར་ཆེན་པོ་བཅུ་གཉིས་འདི། རིམ་པ་འདི་རྣམས་བརྗོད ་པར་བྱ་ཞེས་གསུང་སོ།། རྒྱུས་པ་ནི་གྲུ་བཱཞི་ཞེས་བྱ་བ་ལ་སོགས་པ་གསུངས།། ཆད་མ་མཛེས་པ་ཞེས་བྱ་བ་ནི། ཤིན་ཏུ་རྒྱས་པའི་ཚང་མ་ནི་གང་གི་ཚད་མ་སྟྭ~ཾ། ད་ནི་ཚད་མ་མཛེས་པའི་འཁོར་ལོའོ།། དེའི་ཕྱིར་གསུངས་པ། ་རེའུ་མིག་གི་སྒྲས་ནི་རེའུ་མིག་གོ།། གང་གི་རེའུ་མིག་གཅིག་གིས་དམའ་བའི་ལྷ་བཅུའི་འཁོར་ལོ་དེ་ནི། རེའུ་མིག་བཞི་བཅུ་རྩ་དགུའོ།། རེའུ་མིག་བཞི་བཅུ་རྩ་དགུ་ཅན་གྱིས་འཁོར་ལོ་ཞེས་བྱ་བའི་དོན་ཏོ།། སྔགས་པས ་ཞེས་བྱ་བ་ནི། རིག་པ་ཟློས་པའོ།། མཉམ་པར་གཞག་པས་ཤེས་བྱ་བ་ནི། ལྷའི་རྣལ་འབྱོར་པའོ།། དང་པོར་ཚར་ནི་ཟུང་མཆོག་ལ་ཞེས་བྱ་བ་ནི་རེའུ་མིག་བདུན་བདུན་ལ་ཚུར་གཉིས་ལ་གྱ་ནོམ་པ་དང་། ཚར་གསུམ་པའི ་རེའུ་མིག་གཉིས་ལའོ།། ཨ་ལ་སོགས་པ་ཞེས་བྱ་བ་ནི་དབྱངས་བོཙྪ་དྲུག་གོ། ལྷག་མ་ཞེས་བྱ་བཱ་ལ་སྩོགས་པ་རྟོགས་པར་སླའོ།། རེའུ་མིག་སྟོང་པར་ཞེས་བྱ་བ་ནི། རིའུ་མིག་ཀུན་ཏུ་གཱ་སུམ་གསུམ་བོར་ནས། གང ་ཞིག་རེའུ་མིག་དབུ་མ་སྟེ། དེའི་གང་ཞིག་རེའུ་མིགོ་སྟོང་པ་དེ་ལ་ཡི་གོ་དགོད་པ་རིམ་པ་བཞིན་དུ་མི་བྱའོ།། དེའི་ཕྱིར་ཀ་ཥ་ཞེས་ཞེས་བྱ་བ་གསུངས་པ་ནི་ཀྵ་སྟེ་རེའུ་མིག་དབུ་མའི་སྟོང་པར་བྲི་བར་བྱ་ཞེས་བྱ་བར་སྦྱར་རོ།། ་པ་ནི་དེའི་རྗེས་སུ་ཞེས་བྱ་བ་ནི་ཀླུ་ལས་ཕྱི་རོལ་རེའུ་མིག་དམར་བ་བྲི་བར་བྱའོ།། རེ་ཁཱ་ཞེས་བྱ་བ་ནི་ཕྱི་ནས་གང་གི་རི་མོ་གཉིས་དེ་དེ་བཞིན་ནོ།། འཁོར་ལོ་ཞེས་བྱ་བ་ནི་རང་གི་གཟུགས་ཞེས་བྱ་བ་སྟེ། རི་མོ་གཉིས་ཀྱིས་ཟླུམ་པོའི་རྣམ ་པས་དེ་དང་འཁོར་ལོ་བསྐོར་བར་བྱའོ་ཞེས་བྱ་བར་དགོངསོ།། དེ་བས་ན་རི་མོ་གཉིས་ལས་ཕྱི་རོལ་ཏུ་པདྨ་འདབ་མ་བརྒྱད་པའོ།། དེ་ཉིད་ནི་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཕྱི་རོལ་དུ་གྲུ་བཞི་པ་དང་སྒོ་བཞི་པའི་འཕར ་མའོ།། ཡང་ཕྱི་རོལ་དུ་གྲུ་བཞི་ཞེས་བྱ་བ་ནི་སྒྲོ་རུ་ལྡན་ཞེས་བྱ་བའི་ཐ་ཚིག་གོ། རེའུ་མིག་བཞི་བཅུ་རྩ་དགུ་བསྡུས་ནས་ཕྱི་རོལ་དུ་ཡི་གེ་དགོད་པ་ནི། རེ་ཁ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། རི་མོ་ཟླུམ་པོ་གཉིས་ཀྱི་སྙིང་པོ་ལ ་མ་ནིང་བཞི་སྤངས་ནས་རིམ་པས་དབྱངས་ཀྱི་ཡི་གེ་བཅུ་གཉིསོ་བྲི་བར་བྱའོ།། དབང་པོར་ཀ་དང་ཞེས་བྱ་བ་ལ། ཀཾ་ཞེས་བྱ་བའི་རྣམ་པར་དབྱེ་བ་མེད་པའོ།། དབང་པོའི་ཕྱོགས་ལ་དབང་པོར་བརྗོད་དེ། དབང་པོའི་ཕྱོགས་སུ་གནས་པའི ་པདྨའི་འདབ་མ་ལའང་དབང་པོར་རྗོད་པར་བྱེད་དེ། ཤར་གྱི་པདྨའི་འདབ་མ་ལ་ཀ་ཞེས་བྱ་བར་དགོངས་སོ།། ལུས་ངན་ཙ་ཞེས་བྱ་བ་ནི། དེ་བཞིན་དུའང་བྱང་ཕྱོགས་ཀྱི་འདབ་མ་ལ་ཙའོ།། ཆུ་བདག་ཊ་དང་གཤིན་རྗེའི་ཏ་ཞེས ་བྱ་བ་ནི་ནུབ་དང་ལྷོའི་ཕྱོགས་ཀྱི་འདབ་མ་དག་ལ་གོ་རིམས་བཞིན་དུ་ཊ་དང་ཏ་ངག་ཡིན་ནོ།། དེ་དག་དང་པོ་ནི་དབུས་སུ་ཞེས་བརྗོད་དེ། ཤར་དུ་ཀ་དང་བྱང་དུ་ཙ་དང་ནུབ་ཏུ་ཊ་དང་ལྷོ་རུ་ཏའོ།། ཀ་ལ་སོགས་པ་གཟུང་བས་དེ་སོ་སོར་དེ ་བཞིན་དུའང་མན་ངག་ལས་བརྡའི་ཕྱིར་སྡེ་ཚན་བླངས་པའོ།། འདི་སྐད་ཡ་ར་ལ་ཝ་ཉིད་ཅེས་བྱ་བ་ནི། དེ་སྐད་དུ་མན་ངག་ལས་ཡ་ནི་རླུང་གི་འདབ་མ་ལའོ།། ར་ནི་མེ་ལའོ།། ལ་ནི་དབང་ལྡན་དུའོ།། ཝ་ནི་བདུན ་བྲལ་དུའོ།། འདི་ཅིར་གྱུར་པས་ཤེ་ན། རླུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཆུ་ཞེས་བྱ་བ་ནི་ཆུ་བདག་གོ།། རླུང་དང་མེ་དང་དབང་ཆེན་དང་ཆུའི་དཀྱིལ་འཁོར་རྣམས་ཀྱི་དང་པོར་བྱུང་བའོ།། སོགས་ཤེས་བྱ་བ་ནི་རྒྱུར་གྱུར་པའོ། ་ཞེས་བྱ་བའི་དོན་ཏོ།། འབྱུང་བ་ཆེན་པོའི་ཁམས་སོ་ཞེས་བྱ་བ་ནི་སྭ་ནི་ལའོ།། ཆུ་ནི་ཝའོ།། མེ་ནཱི་རའོ།། རླུང་ནི་ཡཱའོ།། ཡང་ནཱི་ཞེས་བྱ་བ་ནི་ནང་གི་འཕར་མ་ལ་བལྟོས་པའི་ཕྱིར་གྲུ་བཞི་པའོ།། གནས་མེད་མེ་དང་བདུད་རྩི་རོ་ཞེས་བྱ་བ་ནི། ་ཕྱི་རོལ་དུ་གྲུ་བཞི་པའི་འཕར་མ་ལ་གནས་མེད་ནི་ཧ་ཡིན་ཏེ། རླུང་གི་མཚམསྨྲ་གནས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། མཱཾ་ཞེས་བྱ་བ་ནི་ཥ་སྟེ་དེ་ཡང་མེ་རུའོ།། བདུད་རྩི་ན་ཤ་སྟཾ་དེ་ནི་དབང་ལྡན་གྱི་མཚམས་སུའོ།། རོ་ནི་སྭ་སྟ~ཾ་ད ་ཡང་བདེནི་བྲལ་གྱི་མཚམས་སུའོ།། འདི་ཉིད་གསུངས་པ། གཤིནི་རྗེ་སྒྲུབ་མ་ལ་སོགས་པ་སྟེ། ཤ་དང་ཥས་ཧོ་ཞེས་བྱ་བ་ནི།། འདིར་གོ་རིམས་མ་ཡིན་པའོ།། དེ་ཡང་ཤ་ནི་ག་ཤིན་རྗེ་མཆེ་བ་མའོ།། ཥ་ནི་གཤིན་རྗེ་ཕོ་ཉ་མའོ།། ས་ནི་གཤིན་རྗེམ ་བ་གཙིགས་མའོ།། ཧ་ནི་གཤིན་རྗེ་སྲུབ་མའོ་ཞེའོ།། གང་དག་གི་གཤིན་རྗེ་སྲུབ་མ་ལ་སོགས་པ་དེ་ནི་གཤིན་རྗེ་མཆེ་བ་གཙིགས་མ་ལ་སོགས་པ་སྟེ། གཤིན་རྗེ་སྲུབ་མ་ལ་སོགས་པ་འདི་ནི་ཤ་དང་ཥ་ས་ཧའོ།། དང་ནི་བསྡུ་བའོ།། ཤ་ཥ་ས ་ཧ་ནི་གནས་མེད་ལ་སོགས་པའི་མིང་འབའ་ཞིག་ནི་མ་ཡིན་ཏེ། འོན་ཀྱང་གཤིན་རྗེ་སྲུབ་མ་ལ་སོགས་པའི་གང་གི་མིང་མན་ངག་ལས་དེའི་མིང་ཤེས་པར་བྱའོ།། ར་རཱ་ལེ་ལཾ་ཞེས་བྱ་བ་ནི་དབྱུང་སོ།། མ་ནིང་ཞེས་བྱ་བ་ནཱ་ར་རཱྀ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གོ་སླའོ།། མ་ནིང་བཞི་ཞེས་བྱ་བ་ནི། རྣམ་པར་དབྱེ་བ་མེད་པའོ།། སྒོ་རུ་ཞེས་བྱ་བ་ནི་ཤར་ལ་སོགས་པའི་སྒོ་རྣམསུ་གཡོན་སྐོར་གྱིས་སོ།། དེ་ལྟར་ཆོ་ག་སྣ་ཚོགས་ཀྱིས་ཞེས་བྱ་བ་ནི་དེ་སྐད་དུ་རེའུ་མིག་བཞི་བཅུ་རྩ་དགུའི་བདག་ཉིད ་ཅན་གྱི་འཁོར་ལོའི་གྲུ་བཞི་ཞེས་པ་ནི་ཆོ་གའོ།། དེས་ན་ཆོ་ག་ནི་དགོད་པ་སྟེ་གང་གི་སྔགས་ཀྱི་རྒྱལ་པོ་དེ་དགོད་པར་བྱའོ།། རྣམ་པར་སྣང་མཛད་འཛིན་པའི་དགོད་པ་ནི། དབྱེ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་འཁོར་ལོའི་དགོད ་པའི་རིམ་པས་སྔགས་བཏུ་བའང་བཤད་པར་བྱའོ།། འདི་ལས་ཨ་ལ་སོགས་པ་དང་ཀ་ལ་སོགས་པ་དགོད་པ་དགོད་པ་རེའུ་མིག་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་གྱི་ཕྱིར། རྒྱས་པའི་འཁོར་ལོ་ལས་ཡིག་འབྲུ་གཟུང་བ་ཉིད་དང་། གཞན་རྣམ ་སུ་རེའུ་མིག་བཞི་བཅུ་རྩ་དགུའི་བདག་ཉིད་ཅན་གྱི་འཁོར་ལོ་རྣམས་ལ་དགོད་པར་བྱའོ་ཞེས་འཆད་པར་འགྱུར་བ་ཐམས་ཅད་རྟོགས་པར་བྱའོ།། དེ་ཉིད་ནི་དབྱེ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱེ་མ་ན་ཨོཾའོ།། རྨི་ལམ་ནི་རྗེས་ཀྱི ་དབྱངས་སོ།། ཟླ་བ་ནི་རབ་ཏུ་གྲགས་སོ།། དང་པོ་ཞེས་བྱ་བ་ནི་སྔགས་དགོད་པའི་འཁོར་ལོའི་རེའུ་མིག་དང་པོ་སྟེ་ཨོཾ་མོ།། རེའུ་མིག་དང་པོ་ཞེས་བྱ་བའི་དོན་ཏོ།། གཉིས་པ་ཞེས་བྱ་བ་ནི་སྔགས་དགོད་པའི་འཁོར་ལོའི་རེའུ་མིག་གཉིས་པའོ།། ་བདེན་བྲལ་གྱི་ཕྱི་རོལ་ཞེས་བྱ་བ་ནི། རྒྱས་པའི་འཁོར་ལོའི་གྲུ་བཞི་པའི་འཕར་མའི་བདེན་བྲལ་གྱི་མཚམ་སུ་གནས་པ་སྟེ། དེ་ཡང་སའོ།། དེ་ཉིད་ནི་ཕྱི་རོལ་གྱི་མཚམས་སུ་སྟེ། ཕྱི་རོལ་གྱི་འཕར་མར་གནས ་པའི་ཕྱིར། འདི་སྐད་དུ་གཞན་ཡང་བལྟ་བར་བྱའོ།། གཟུང་བས་ཞེས་བྱ་བ་ནི་བླངས་པ་ཉིད་དོ།། རུ་སྠས་ཞེས་བྱ་བ་ནི། བསྡུས་ནས་སུ་ཞེས་བྱ་བ་ཡིན་ནོ།། གུང་དུ་དགོ་དོ་ཙ་ནཱ། གཉིས་པ་ཞེས་གསུངས་ཏེ། སྔགས་དགོད་པའི ་འཁོར་ལོའི་གཉིས་པ་ཞེས་བྱ་བའི་དོན་ཏོ།། རེའུ་མིག་གསུམ་ཞེས་བྱ་བ་ནི། སྔགས་དགོད་པའི་འཁོར་ལོའིའོ།། དེ་ཅི་ཞེ་ནི་དབུས་མཐའ་ནི། གཟུང་ནས་ནི་ཞེས་བྱ་བ་ནི། ཡི་གེ་མའོ།། དེའི་ཞེས་བྱ་བ་ནི། དབུ་མའི་སྟེ་བའི་སྡེ་ཚན ་ཞེས་བྱ་བའི་དོན་ཏོ།། བསྡུས་ནས་མྦྷ་ཞེས་བྱ་བ་ཡིན་ནོ།། བཞི་ཞེས་བྱ་བ་ལ་སོགས་པ་ནི་གོང་མ་བཞིན་དུ་རེའུ་མིག་བཞི་པར་གནས་པའོ།། ལྷོའི་ཞེས་བྱ་བ་ལ་སོགས་པ་ནི། ཏཱའི་སྡེ་ཚན་ལ་སོ།། བཟང་པོ་ཞེས་བྱ་བ་ནི་ཨི་སྟེ། བསྡུས ་ནས་ནཽ་ཞེས་བྱ་བའོ།། ལྔ་ཞེས་བྱ་བ་ལ་སོགས་པས་ནཱི་ཡང་སུའོ།། དྷྲྀགྶ་ཅེས་བྱ་བ་ལ་སོགས་པ་ནིམྦྷའོ།། བདུན་ཞེས་བྱ་བ་ལ་སོགས་པ་ནཱི་ཧཱུཾ་དོ།། བརྒྱད་ཅེས་བྱ་བ་ལ་སོགས་པ་ནི་ཡའོ།། རེའུ་མིག་ཁོ་ན་ནི་རེའུ་མིག་ཏུ་གནས་པར ་བརྗོད་དེ་བརྡའི་ཕྱིར་རོ།། དགུ་ཞེས་བྱ་བ་ལ་སོགས་པ་ནི་གྲིའོ།། དང་པོའི་གསུམ་པ་ཞེས་བྱ་བ་ནི་ཡི་གེ་གའོ།། མ་ནིང་དང་པོས་ཞེས་བྱ་བ་ནི་རི་ཡིས་བསྟན་ཏོ།། དེ་ལ་རི་འོག་ཏུ་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། བཅུ་པ་ཞེས་བྱ་བ་ལ ་སོགས་པས་ནི་ཧཱའོ།། བཅུ་གཅིག་ཅེས་བྱ་བ་ལ་སོགས་པས་ནི་པའོ།། ཉི་ཤུ་གཅིག་སྦྱར་མཆོག་ཏུ་འདོད་ཅེས་བྱ་བ་དེ་ནི་དེ་དེ་བཞིན་དུ་རེའུ་མིག་བཅུ་གཅིག་ཏུ་གནས་པའོ།། བཅུ་གཉིས་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཡཱའོ།། བཅུ ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཧཱུཾ་ངོ་།། བཅུ་བཞི་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཧཱུཾ་ངོ་།། བཅོ་ལྔ་ཞེས་བྱ་བ་ལ་སོགས་པས་ནི་ཡང་བའོ།། བཅུ་དྲུག་ཅེས་བྱ་བ་ལ་སོགས་པས་ནི་བཱའོ།། བཅུ་བདུན་ཞེས་བྱ་བ་ལ་སོགས་པས ་ནིནཱིའོ།། བཅོ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནཱི་དཱའོ།། བཅུ་དགུས་ཞེས་བྱ་བས་ནི་རའོ།། མེ་ཞེས་བྱ་བ་ནི་ར་སྟྭཾ། ཨ་ངོས་བརྒྱན་པ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ར་མེད་ན་ཡོད་པ་མ་ཡིན་ནོ།། ཉི་ཤུ་ཞེས་བྱ་བ་ལ་སོགས་པས་ན་ཡང་ཧཱུཾ་ངོ་།། ་ཉི་ཤུ་གཅིག་ཅེས་བྱ་བ་ལ་སོགས་པ་ནི་ཕའོ།། ཉི་ཤུ་གཉིས་ཞེས་བྱ་བ་ལ་སོགས་པས་ནི་ཧཱའོ།། ཉི་ཤུ་གསུམ་ཞེས་བྱ་བ་ལ་སོགས་པས་ནི་གའོ།། ཉི་ཤུ་བཞི་ཞེས་བྱ་བ་ལ་སོགས་པས་ནཱི་ཊ་སྟེ། ཨ་ཙ་དང་བྲལ་བའོ།། ཉི་ཤུ་དྲུག་ཅེས ་བྱ་བ་ལ་སོགས་པས་ནི་ཛའོ།། ཉི་ཤུ་བདུན་ཞེས་བྱ་བ་ལ་སོགས་པས་ནི་ཕའོ།། ཉི་ཤུ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནཽ་ཡང་གོང་མ་བཞིན་དུ་ཊའོ།། ཉི་ཤུ་དགུ་ཞེས་བྱ་བ་ལ་སོགས་པས་ནི་ཡང་གྲྀའོ།། སུམ་ཅུ་ཞེས་བྱ་བ་ལ་སོགས ་པས་ནི་བྷའོ།། སུམ་ཅུ་གཅིག་ཅེས་བྱ་བ་ལ་སོགས་པ་ནི་ཡང་ཕའོ།། སུམ་ཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་ཡང་ཧཱུཾ་ངོ་།། དེ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་ཡང་ཧཱུཾ་ངོ་།། སུམ་ཅུ་བཞི་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཊ་སྟེ། ཕའི་མཐུ ་ཊ། ཨ་ཙ་དང་བྲལ་བ་འདི་ནི་ཐམས་ཅད་ལའོ།། སྣམ་ཅུ་ལྔར་ཞེས་བྱ་བ་ལ་སོགས་པ་དང་། སུམ་ཅུ་དྲུག་ཅེས་བྱ་བ་ལ་སྔགས་པ་ནི་གོ་སླའོ།། སུམ་ཅུ་བདུན་ཞེས་བྱ་གྶ་ལ་སོགས་པས་ན། རྐོའོ།། སུམ་ཅུ་བརྒྱད ་ཅེས་བྱ་བ་ལ་སོགས་པས་ནི་ཡང་ཡའོ།། སུམ་ཅུ་དགུ་ཞེས་བྱ་བ་ལ་སོགས་པས་ནི་ནའོ།། བཞི་བཅུ་ཞེས་བྱ་བ་ལ་སོགས་པས་ནི་ཨའོ།། བཞི་བཅུ་གཅིག་ཅེས་བྱ་བ་ལ་སོགས་པས་ནི་ཨ~ཾའོ།། བཞི་བཅུ་གཉིས་ཞེས་བྱ་བ་ལ་སོགས ་པས་ནི་གྲིའོ།། བཞི་བཅུ་གསུམ་ཞེས་བྱ་བ་སོགས་པས་ནི་ཊའོ།། བཞི་བཅུ་བཞིར་ཞེས་བྱ་བ་ལ་སོགས་པས་ནི་ཡང་ཕའོ།། བཞི་བཅུ་ལྔར་ཞེས་བྱ་བ་སོགས་པས་ནི་ཡང་ཧཱུཾ་ངོ་།། བཞི་བཅུ་དྲུག་ཅེས་བྱ་བ་ལ་སོགས་པས་ནི་ཡང་ཧཱུཾ་ངོ་།། ་བཞི་བཅུ་བདུན་ཞེས་བྱ་བ་ལ་སོགས་པས་ནི་ཧུའོ།། བཞི་བཅུ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི་གྲཱིའོ།། བཞི་བཅུ་དགུ་རཱ་ཞེས་བྱ་བ་ལ་སོགས་པས་ནི་ཧཱའོ།། རིགས་ཀྱི་བདག་པོའི་ཀླུ་ལྟ་བུར་མཛེས་པའི་འགྲོ་བའི་སྔགས་ཀྱི་དགོད ་པ་ནི། རིགས་ཀྱི་བདག་པོའི་འཁོར་ལོའོ།། འཇོམས་པ་ཞེས་བྱ་བ་ནི་ལྕགས་ཀྱི་དབྱུག་ཏོ་ལྟ་བུར་འཇིགས་པར་བྱེད་པའི་ཕྱིརརོ།། སྦྱོར་བའི་ཆོ་ག་ཞེས་བྱ་བ་ནི། ལས་ཀྱི་རབ་ཏུ་སྦྱོར་བའོ།། བཅིང་བར་བྱེད་པ་ཞེས་བྱ་བ་ནི་ཡི་གེ་བཞི་བཅུ ་རྩ་བརྒྱད་རྣམས་བཀོད་པའི་རེའུ་མིག་དབུ་མ་སྟོང་པ་ལ་ལྷས་བྱིན་ཚངས་ཤིག་རྨོངས་པར་མཛད་ཅིག་ཅེས་བྱ་བ་ལ་སོགས་པོ་དགོད་པར་བྱའོ།། འཁོར་ལོ་ཡང་གྲོ་ག་ལ་སོགས་པ་ལ་གནས་གཉིས་སུ་བྱས་ནས། ལས་དང ་རྗེསུ་མཐུན་པར་འདི་བྱིས་ནས་ཁ་སྦྱོར་བྱས་ཏེ་རྗེས་སུ་མཐུན་པའི་སྲས་བུས་བསྡམས་པས་དེ་ས་ལ་སོགས་པར་གཞུག་པར་བྱས་ཤིང་ཕྱོགས་གཅིག་ཏུ་འམ་དུར་ཁྲོད་ལ་སོགས་པར་བཞག་ནས། ལས་དང་རྗེས་སུ་མཐུན་པར་ཡང ་མཆོད་པར་བྱ་སྟེ། དེ་ཉིད་ཀྱི་སྔགས་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས། ང་རྒྱལ་དང་བཅས་པས་བཟླས་པར་བྱའོ་ཞེས་བྱ་བར་དགོངསོ།། ཁྱད་པར་དུ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའང་རང་གི་བསམ་པའི་ཁྱད་པར་གྱིས ་བསྒྲུབ་པར་བསྟན་པའོ།། དེ་ཡང་ཁ་ཅིག་ན་རེ་ལས་རྣམས་ཀྱིས་གཏམས་པའི་ཕྱིར་འཇོམས་པ་ཞེས་ཟེར་རོ།། ད་ནི་སྲིན་པོའི་ཁའི་རྣམ་པའི་འཁོར་ལོ་གསུངས་པ། ཡང་ཞེས་བྱ་བ་ལ་སོགས་པ་ནི་རེའུ་མིག་བཞི་བཅུ་རྩ་དགུ་འདིའི ་ཡང་ངོ་།། རེའུ་མིག་དང་པོ་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་དོ།། བཅུ་གཅིག་པ་ལ་དེ་ཞེས་བྱ་བ་ནི་ལྷས་བྱིན་ལྐུགས་པར་མཛོད་ཅིག་ལྟུང་བར་མཛོད་ཅིག། ཅེས་བྱ་བ་ལ་སོགས་པས་ནང་དུ་བཅུག་པ་དང་། དེ་ལྟར་ཕྱི་མ་ལ་ཡང ་རྟོགས་པར་བྱའོ།། ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཞི་བོ་ལ་སོགས་པའོ།། ལྐུགས་པ་ཞེས་བྱ་བ་ནི། ལྐུགས་པ་ཡང་སྟེ་འདིས་ནི་བསྒྲགས་ཞེས་བྱ་བར་དགོངས་པའོ།། རིངས་པ་ཞེས་བྱ་བ་ནི་འཇིག་པའོ།། ཆ་བྲལ་ཞེས་བྱ་བ་ནི་ཧའོ།། ་ཆུ་སྲིན་ཞོན་པ་ཞེས་བྱ་བ་ནི་བསྡུས་པས་ཧཾ་ངོ་།། རྡོ་རྗེའི་སྟེང་དུ་ཞེས་བྱ་བ་ནི་རེའུ་མིག་དབུ་མར་ལྷས་བྱིན་གྱིས་དབྱིབས་བྲིས་ནས་དེའི་སྙིང་གར་ཡང་རྡོ་རྗེའི་སྟེང་དུ་ཧཱུཾ་ངོ་།། དེའི་སྙིང་པོ་ལ་བསྒྲུབ་བྱ་གཞུགོ།། དེ་ཉིད་ཅེས་བྱ་བ་ལ་སོགས ་པ་ལ་ད་ཉྞི་ནི་ཧྭགས་དྲན་སྤངས་པ་དང་། རྡོ་རྗེ་སྦྱངས་པར་ཕཊ་ཀྵི་གནས་སུ་ཕཊ་སྤངས་ནས་ཧྭེ་གོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རེ་མིག་འདི་རྣམས་ཞེས་བྱ་བ་ལ་སྔགས་པ་ནི་ག་སྐུའོ།། བསྣུན་ནས་ནི་ནས་བྱང ་ལ་སོགས་པས་ནི་འཁོར་ལོ་དཔའ་བོའི་ཐོད་པ་ལ་སོགས་པ་གཉིས་ལ་རིམ་པ་ཇི་ལྟ་བས་བྲིས་ནས་དུར་ཁྲོད་ལ་སོགས་པར་ཁ་སྦྱོར་དུ་བྱས་ནས་བཞག་གོ།། དེ་ཉིད་ལ་བསྒྲུབ་བྱའི་དབྱིབས་བསམ་ཞིང་ནཱ་ང་དུ་བཅུག་པ་སྔོན ་དུ་འགྲོ་བས་ཁྲོ་བོའི་རྣལ་འབྱོར་དང་ལྡན་པས་སྔགས་བཟླ་ཞིང་། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་འབར་ཞི་འཁྱིལ་བཾ། ལག་པ་གཡས་པར་བསྒོམ་ཞིང་རྡོ་རྗེ་དེས་ཡང་དང་ཡང་དུ་བསྣུན་ན། དེ་ནས་བསྒྲུབ་བྱ་འཆི་བར་འགྱུར་རོ།། ་གྲིབ་མ་འཇིག་པ་ཞེས་བྱ་བ་ནི་འཆི་བ་ཞེས་བྱ་བར་དགོངས་པའོ།། དཔའ་བའི་བུམ་པོ་རློན་པ་འམ་ཞེས་བྱ་བ་ནི། དཔའ་བོའི་པདྨའི་སྣོད་རློན་པ་ལའོ།། ཡང་ཚངས་པའི་བྲ་མ་སྒྲིམ་དུ་ཞེས་བྱ་བ་ལཾ། ཚུངས་པ་ནི་བྲམ་ཟེ ་ཆོ་ག་ཞེས་བྱ་བ་ནི་དུག་དང་ཙི་ཏཱ་ཀའི་ཁུ་བ་ལ་སོགས་པས་སོ།། གཏོར་མ་ཞེས་བྱ་བ་ནི་ཐམས་ཅད་དུ་ལས་རྣམས་ལའོ།། ཡང་ཞེས་བྱ་བ་ལ་སོགས་པས་ནཱི། རྟའི་འགྲོ་བའི་སྔགས་ཀྱི་དགོད་པ་དང་གཤིན་རྗེ་ནི་དབྱུག་པའི་རྣམ་པ་དང་། ་ཡི་དགས་ཀྱི་ཁའི་རྣམ་པའི་འཁོར་ལོའི་ཆོ་ག་གསུངས་པའོ།། འདིས་ནི་སྡང་བར་བྱེད་ཅེས་བྱ་བ་ལ་སོགས་པའོ།། མ་ཧེ་འམ་རྟའི་བུམ་པ་ཞེས་བྱ་བ་ནི་དེའི་ཐོད་པ་གཉིས་ལ། དེ་བཞིན་དུ་ནང་དུ་གཞུག་པ་ལ་སོགས་པ་སྔོན་དུ་འགྲོ ་བའི་སྔགས་བཟླ་བར་བྱའོ།། དཱ་ནི་ཡི་དགས་ཀྱི་ཁའི་རྣམ་པའི་འཁོར་ལོའི་དགོད་པར་བྱ་བ་གསུངས་པ། ཡང་ནི་ཞེས་བྱ་བ་ལ་སོགས་པ་ནི། རྒྱས་པའི་འཁོར་ལའང་ལས་ཐམས་ཅད་བྱེད་པའོ།། ཁྱད་པར་དུ་ཞེས་བྱ་བ་ནི་འཁོར་ལོ་གཞན ་རྣམས་དང་སྐྲགས་པར་བྱེད་པའི་ལས་ཀྱི་དུས་སུ་འང་བལྟ་བར་བྱའོ།། ཞི་བ་ལ་སོགས་པ་ནི། གྲྀ་གའི་འདམ་ལ་སོགས་པ་ལ་བ་ལང་གི་འགིའུ་ཝང་དང་གུར་གུམ་ལ་སོགས་པ་འདི་རྣམས་དང་ལྡན་པས་འདིར་རམ་གཞན་དུའང་བཙལ ་བར་བྱའོ།། གཤིན་རྗེར་ཁ་བལྟས་ཞེས་བྱ་བ་ནི། ལྷོ་ཕྱོགས་སུ་ཁཾ་བལྟས་པའོ།། འབྱུང་པོའི་ཉི་མ་ཞེས་བྱ་བ་ནི། ནག་པོའི་བཅུ་བཞི་པའོ།། གོས་དམར་འཛིན་པ་ཞེས་བྱ་བ་ནི། དབང་དང་དགུག་པ་ལའོ།། སྔོན་པོ་ཞེས་བྱ་བ་ནི་གོས་སྔོན་པོ་ལ ་སོགས་པ་མི་བཟད་པའི་ལས་རྣམས་ལའོ།། རྒྱས་པ་དང་རེངས་པ་དག་ལ་ནི་སེར་པོ་ལ་སོགས་པའོ།། མཽ་བཟད་པའི་ལས་རྣམས་ལ་ནི། གཤིན་རྗེ་ལ་སོགས་པའི་རྣམ་པ་སྒོམ་པས། གསང་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་སྟོང་པར་སྟོང་པའི་པདྨ་ཞེས་བྱ་བ་ལ་སྟོང་པ་ནི་རྒྱས་པའི་འཁོར་ལོ་ལའོ།། སྟོང་པ་ཞེས་བྱ་བ་ནི་རི་མོ་གཉིས་ལས་ཕྱི་རོལ་གྱི་པདྨ་ལའོ།། གནོད་མཛེས་ཞེས་བྱ་བ་ནི་གནོད་མཛེས་གཙོ་བོར་བྱས་པའི་ཕྱིར་ཏེ་འདིའང་ཉེ་བར་མཚན་པའི་ཕྱིར་གཞན ་པའི་ལས་སྒྲུབ་པར་བྱེད་དོ།། སྔགས་ཕྲེང་ཞེས་བྱ་བ་ནི། ཀ་ར་ཀ་ར་ལ་སོགས་པའོ།། ཕྲེང་བ་དེ་བཞིན་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་སྙིང་པོ་དང་། ཉེ་བའི་སྙིང་པོ་ལ་སོགས་པའོ།། སྔགས་ཀྱི་རྐང་པ་བཞི་ཡིས་ཞེས་བྱ་བ་ནི། སུམྦྷ ་ནཱི་སུམྦྷ་ཞེས་བྱ་བའི་སྔགས་ཀྱི་རྐང་པ་བཞི་པོ་རྣམས་ཀྱི་ས་བརྒྱན་པའོ།། འཁྲུལ་འཁོར་ཆེན་པོ་བཅུ་གཉིས་འདི་ཞེས་བྱ་བ་ནི། ལས་ཀྱི་འཁྲུལ་འཁོར་བཅུ་གཉིས་རྣམས་དང་འབྲེལ་ཏོ་ཞེས་བྱ་བར་བསམས་པའོ།། ་འདི་ནི་ཞེས་བྱ་བ་ནི་འདིའི་སྔགས་སོ།། མི་བཟད་པའི་ལས་ནི་བླ་མ་དང་སངས་རྒྱས་ལ་སོགས་པ་གང་དག་ལ་གནོད་པ་བྱེད་པའི་མཚན་ཉིད་དེ་ནི་མི་བཟད་པའི་ལས་ཏེ། དེ་རྣམས་ཀྱི་གཙོ་བོའོ།། དེ་ལ་འདི་ཉིད་ནི་སྐྲག་པར་བྱེད་པའི་ལྷ ་ཀྱིས་ཆོ་ག་བྱེད་པ་ཞེས་བྱ་བར་དགོངས་པ་སྟེ། དེ་ལའང་ཐམས་ཅད་ཏུ་གསད་པར་བྱ་བ་ནི་མ་ཡིན་ནོ།། དེ་ལྟར་ཡིན་མོད་ཀྱི་གསད་པའི་གནས་སྐབ་སུ་ཁྱེར་བས་མི་བཟད་པའི་ལས་ཏེ་དེ་ནི་ཕྱིར་ལྡོག་པར་འགྱུར་རོ།། གང་གིས་གཏོར་མའི ་བྱ་བ་ལ་སོགས་པའི་བྱེད་པ་དེའི་ཤ་རུ་བརྗོད་པ་ནི། དེ་ནས་སྒྲུབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། སྲོག་གཅོད་པ་ལ་སོགས་པའི་ལས་རྣམས་མེད་པར་ཤ་བསྒྲུབ་པར་བྱ་བ་ནི། ཕྱུགས་རྣམས་ཀྱི་ནི་ཞེས་བྱ་བ་ལ་སོགས་པ ་གསུངས་པ་ནི། ཕྱུགས་ཀྱི་རིགས་ལ་བསྣན་པར་བྱས་ཏེ། རྒྱུ་བྲེལ་གྱིས་ནི་ཞེས་བྱ་བ་དང་སྦྱར་རོ།། ཅིའི་ཕྱིར་ཞེ་ན་གང་གིས་ཕྱུགས་རྣམས་ཀྱི་རྒྱུ་དང་བྲལ་བའི་ཕྱིར། གང་དག་ལ་རྒྱུ་ཡོད་པ་མ་ཡིན་པ་ཕྱུགས་དེའི་རྒྱུ་མེད་པ་ཡིན་ནོ།། ་དོན་དམ་པར་བྱ་བ་བྱེད་པའི་དངོས་པོ་བཀག་པའི་ཕྱིར། ཀུ་ནི་རྫོབས་ཏུ་རྒྱུ་དང་བཅོས་པ་ཁོ་ན་སྟེ། ལུས་དང་རིགས་པས་འདོད་པའི་ཕྱིར་རོ།། གོང་མ་ལྟ་བུར་སུན་བྱུང་བའི་ཕྱིར་ཡང་རྒྱུ་ནི་ཚང་མ་དང་ལུང་གིས་སུན་ཟེ་ཏོན་པར་གྱུར་པ ་དེ་ལ་རང་རིག་པ་གང་གིས་སུན་འབྱིན་པར་འགྱུར་ཏེ། དེ་ཡང་ཁམས་གསུམ་རང་གི་སོ་སོར་སྣང་བ་ཙམ་འབའ་ཞིག་ཏུ་ངེས་པར་རྟོགས་སོ་རྒྱུ་བྲལ་བ་ནི་རྒྱུ་མེད་པ་སྟེ། དེ་རྣམས་ཀྱི་དངོས་པོ་ནི་རང་བཞིན་གྱིས་རྒྱུ་དང་བྲལ་བའོ།། དངོས ་པོ་འདི་ཡང་གལ་ཏེ་ངེས་པར་རྒྱུ་དང་བྲལ་བ་སྟེ། མངོན་པར་ཞེན་པ་མེད་པས་རྟོགས་པ་ཡིན་པ་དེའི་ཚེ། ཕྱུགས་ཀྱི་རིགས་བསྣན་པར་བྱ། དེའི་ཕྱིར་གསད་པར་མི་བྱ་བ་ཁོ་ནར་འདོད་དོ་ཞེས་བྱ་བ་ཡིན་ནོ།། མ་ངོན་པར་ཞེན་པ་མེད་ན ་ནི་བསྣུན་པ་པོ་དང་བསྣུན་པར་བྱ་བ་དང་། བསྣུན་པ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་བསད་པ་ཉིད་མ་གྲུབ་པ་ཡིན་ནོ།། རྒྱུ་དང་བྲལ་པས་སྒྲུབ་པ་པོ་རྣམས་ཀྱིས་དེ་ལྟར་གྱུར་པ་རྣམས་ཀྱིསོ།། ཕྱུགས་རྣམས་དགུག་པར་བྱ་བ་ཉིད་ཅེས ་བྱ་བ་ནི། རང་གི་གྲུབ་པའི་མཐའ་ལ་སྦྱར་བར་བྱའོ།། སྔར་གསུངས་རིམ་པས་སྒྲུབ་པ་པོས་ཞེས་བྱ་བ་ནི། ཞི་བ་དང་དྲག་ཤུལ་གྱིས་ལས་རྣམས་གོང་དུ་གསུངས་པ་དེས། རྣལ་འབྱོར་པས་རང་གི་བསྟན་པ་ལ་གདུག་པོ་རྣམས་སྦྱོར ་བར་བྱེད་དོ།། ཕྱུགས་ཞེས་བྱ་བ་ལ་ཕྱུགས་ནི་དེ་བཞིན་ཉིད་དོ།། ལྔ་ཞེས་བྱ་བ་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་། བླ་མ་ལ་གནོད་པ་བྱེད་པ་དང་དམ་པའི་ཆོས་འཇིག་པར་བྱེད་པ་ནི་ཕྱུགས་ལྔའོ།། ལྷག་མ་ནི་གོ་སླའོ།། སོ་ཞེས ་བྱ་བའི་སྒྲས་ནི་འཁྲུལ་འཁོར་གྱི་བཤད་པ་རྫོགས་པའོ།། ཐམས་ཅད་ཅེས་བྱ་བ་ནི་རྒྱས་པ་ལ་སོགས་པའོ།། སྦྱོར་བ་ཞེས་བྱ་བ་ནི་གང་ལ་བསྡུས་པས་ཕུང་པོ་སྟེ་དེ་ནི་དེ་བཞིན་ནོ།། །། ལེའུ་དགུ་པའོ།། །། ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་དགུ་པའོ།། ། ད་ནི་རླུང་གི་དེ་ཁོ་ན་ཉིད་ཀྱི་ལེའུ་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པ་ནི། གང་གི་ཡོན་ཏན་གྱི་སྐལ་པ་ཆེན་པོ་དང་མཐུན་པ་ངན ་སྐུལ་པ་ཆེན་མོའོ།། དབུགས་ཀྱི་ལས་ཀྱི་མཚན་ཉིད་ནི་ཞེས་བྱ་བ་ལ། དབུགས་ནི་འབྱིན་པ་དང་རྔུབ་པའི་རླུང་སྟེ། དེའི་ལས་ནི་འབྱིན་པ་དང་རྔུབ་པ་ལ་སོགས་པའི་མཚན་ཉིད་དོ།། དེའི་མཚན་ཉིད་ནི་རང་གི་ངོ་བོའོ།། འཕྲོག་དང་འཕྲོག ་མིན་ཞེས་བྱ་བ་ལ་འཕྲོག་པ་ནི་འབྱིན་པའོ།། འཕྲོག་མིན་ནི་རྔུབ་པའོ།། དེ་གཉིས་གང་གི་མཆོག་ནི་རབ་སྟེ་དེ་ནི་འཕྲོག་དང་འཕྲོག་མིན་མཆོག་གི་མཚན་ཉིད་དོ།། རྣལ་འབྱོར་ནི་རླུང་ལ་སོགས་པ་སྟེ། འདི་ལ་ཡོད་པའི་རྣལ་འབྱོར་པ ་དེ་ཉིད་དོ།། ཚེ་ལ་སོགས་པ་འཕེལ་བའི་མཚན་ཉིད་གསུངས་པ། ཉི་ཁྲི་དང་ནི་སྟོང་དག་དང་ཞེས་བྱ་བ་ནི་ཁྲི་ཕྲག་གཉིས་དང་སྟོང་ཕྲག་ག་ཅིག་གོ།། དྲུག་བརྒྱ་ཞེས་བྱ་བ་ནི་བརྒྱ་ཕྲག་དྲུག་པ་སྟེ། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲ ་བརྒྱ་ལྷག་པ་རྣམས་སོ།། གང་གིས་ཤེ་ན། དབུགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་འབྱིན་པའི་རླུང་གིའོ།། གང་དུ་ཞེ་ན། ཕུམ་བུ་དྲུག་ཅུ་ཉིད་ཅེས་གསུངས་པ་ནི་ཕུམ་བུ་དྲུག་ཅུ་རྣམས་ལའོ།། ཉིན་དང་མཚན་དུ་ཞེས་བྱ་བ ་ནི། དབུགས་ཀྱི་གྲངས་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པས། ཕུམ་བུ་དྲུག་ཅུ་རྣམས་ལས་བྱུང་བ་ཇི་སྙེད་པ་སྟེ། ཕུམ་བུ་ནི་དབྱུ་གུར་ཉིན་དང་མཚན་དུ་བརྗོད་དོ།། ཅི་ཉིན་མཚན་གཅིག་པུ་ཉིད་ལ་དེ་ཉིད་པའི་དབུགས ་སམ། གཞན་དུ་ཡང་ཞེ་ན། ལེ་ལ་ནི་ཞེས་གསུངས་པ་ནི། བདུན་པའི་དོན་ལ་དང་པའོ།། ལོ་གྲངས་མེད་པ་རྣམས་ལ་གང་དག་ཉིན་མཚནཱ་རྣམས་ཏེ་དེ་རྣམས་ལ་ཡང་དེ་ལྟ་བུའི་དབུགས་ཀྱི་གྲངས་ཞེས་བྱ་བར་དགོངས་སོ།། རྔུབ་པ ་ཞེས་བྱ་བ་ནི་འཕྲོག་པ་མིན་པའོ།། འབྱིན་པ་ཞེས་བྱ་བ་ནི་ཕྱིར་རྒྱུ་བ་སྟེ། དབུགས་ཀྱི་རླུང་བགྲང་བའོ།། འབྱིན་པ་མཚན་པ་ཞེས་བྱ་བ་ནི། འབྱིན་པ་བགྲངས་པས་ཏེ་བགྲང་བར་བྱེད་པའོ།། མཚན་ཞེས་བྱ་བ་ནི་མཚོན་པའོ།། ་དེ་ཅིའི་ཕྱིར་ཞེ་ན། འབྱིན་པར་རྔུབ་པ་ནུབ་པར་འགྱུར་ཞེས་བྱ་བ་གསུངས་པ་ནི། ནུབ་ཙི་དྲ་ཐིམ་པར་འགྲོ་བ་སྟེ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ།། དབུགས་གཉིས་ཀྱིས་ཞེས་བྱ་བ་ནི་འབྱིན་པ་དང་རྔུབ་པའི་དབུས་སུའོ།། ་བློ་དང་ལྡན་པས་ཞེས་བྱ་བ་ནི། བློ་དང་ལྡན་པ་རྣམས་ཀྱིས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཕྱི་རོལ་ཏུ་ཞེས་བྱ་བ་ལ་སོགས་པས་ནི་དབུགས་ཀྱི་ལས་ལྔས་ཕྱི་རོལ་ཏུའོ།། ཕན་ཚུན་དང་ཡན་མན་གྱི་དངོས་པོས་གོ་རིམ ་བཞིན་དེ་སྲད་བུ་གཉིས་གཉིས་ཐིག་བཏབ་ནས་ལྟེ་བ་སྤངས་ཏེ། མཚམས་བཞི་ལ་ཐིག་སྐུད་བཞིའི་སྦྱོར་བ་ལས་ཡང་ལྟེ་བ་སྤངས་པ་ལས་རེའུ་མིག་བཅུ་གཉིས་སུ་འགྱུར་རོ།། དེ་ཉིད་ནི་གནས་བཅུ་གཉིས་རྣམས་ཏེ། ་དེ་རྣམས་ཉིད་དུ་མཚན་མ་དང་མཚན་མ་བཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་རྀ་ཧིཾ་ཏཱ་དང་ཆུ་སྲིན་གསུམ། གཏི་མུག་རུ་སྦལ་དག་ལ་བཞི།། བཟང་པོ་དང་ནི་གླང་ལ་ལྔ།། རཎྜཱ་དང་ནི་འདོད་པ་ལྔ།། བྷི་ཏྲི་བྱཱ་ཀུ་ལི་དག ་དྲུག་མི་རཱི་ར་དང་རྨི་ལམ་བདུན།། ཞེའོ། ཤར་དུ་རེའུ་མིག་ལ་གསུམ་མོ།། མེ་ལ་ནི་བཞིའོ།། ཡང་མེ་ལ་ནི་ལྔའོ།། ལྷོ་རུ་ནི་ཝཱའོ།། བདེན་བྲལ་དུ་ནི་བཞིའོ།། ཡང་བདེན་བྲལ་དུ་ནཱི་གསུམ་མོ།། ནུབ་ཏུ་ནི་ལྔའོ།། ་རླུང་དུ་ནི་བདུན་ནོ།། ཡང་རླུང་དུ་ནི་དྲུག་གོ། བྱང་དུ་ནི་དྲུག་གོ།། དབང་ལྡན་དུ་བདུན་ནོ།། ཡང་དབང་ལྡན་དུ་ནི་ལྔའོ།། དབྱུ་གུའི་མཚན་མེའི་གྲངས་འདི་དག་ཁོ་ན་རོ་ཧྲི་ཏཱ་ལ་སོགས་པའི་སྒྲའི་ཐ་ཚི་གོ། ཉིན་པར་དབྱེ་བ་ཞེས་བྱ་བ་ནི་ཟླ ་བའི་དབྱེ་བས་ར་ཧི་ཏཱ་ལ་སོགས་པའི་ཉི་མའི་གྲངས་ཀྱི་དབྱེ་བས་སོ།། དབྱངས་རྣམས་ཀྱི་ཞེས་བྱ་བ་ནི། མ་ནིང་སྤངས་ནས་ཨ་ལ་སོགས་པའི་དབྱངས་བཅུ་གཉིས་སོ།། གོ་རིམས་བཞིན་དུ་རོ་ཧི་ཏཱ་ལ་སོགས་པའི་སྒྲའི་ཐ་ཚིག་གོ ་ཞེས་བྱ་བའི་དོན་ཏོ།། སྐར་མ་རྣམས་ཀྱི་ཤར་བ་དང་ཞེས་བྱ་བ་ནི། སྐར་མ་རྣམས་ཤེས་པར་བྱའོ།། ཤཱར་ཞེས་བྱ་བ་ནི་འབྱར་བའོ།། དུས་དང་བཙན་དུ་ཞེས་བྱ་བ་ནི་དུས་སུ་ཟིན་པ་ལ་སོགས་པའི་དུགོ། འདི་དག་ཐམས་ཅད་ཀྱི ་རིམ་པ་དང་གང་ཞིག་ཅུང་ཟད་གཞན་དུ་ཡང་རྟོགས་པར་བྱའོ།། དགུན་ཟླ་འབྲིང་པོའི་ཉིན་ཞེས་བྱ་བ་ལ་སོགས་པ་ནི་དགུན་ཟློ་འབྲིང་པོ་ནས་བརྩམས་ཏེ་ཟླ་བ་རྣམས་རོ་ཧི་ཏཱ་ལ་སོགས་པར་བརྗོད་ཅིང་རིམ་པར་ཤེས་པར་བྱའོ།། ་བྱང་དུ་འགྲོ་བའི་དུས་ངག་ཏུ་ཞེས་བྱ་བ་ནི། ཇི་སྲིད་དགུན་ཟླ་ཐ་ཆུང་ནས་བརྩམས་ཏེ། དབྱར་ཟླ་འབྲིང་པོ་དེ་སྲིད་དུ་བྱང་དུ་འགྲོ་བའི་དུས་ཞེས་བྱ་བར་དགོངས་སོ།། ལྷག་མ་ནི་གོ་སླའོ།། འདི་རྣམས་ཀྱི་གྲངས་ཀྱང་ཉི་མ་ཤར་བི་ན་བྱའོ།། ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་འཁོར་ལོ་བཅུ་གཉིས་རྣམས་ཤེས་པར་བྱའོ་ཞེས་བྱ་བ་ནི་གོ་སླའོ།། རོ་ཧཱི་ཏཱའི་ཉི་མ་ལ་ཞེས་བྱ་བ་ནི། རོ་ཧི་ཏཱའི་ཚེས་དང་། རོ་ཧི་ཏཱའི་སྐད་ཅིག་དང་། རོ་ཧི་ཏཱའི་ཟླ་བ་སྤངས་ནས། ཟླ་བ་ཕྱི་མ་དག་ལ ་རི་ཧི་ཏཱའི་ཚེས་བོར་ཏེ། རོ་ཧི་ཏཱའི་སྐད་ཅིག་ཙམ་ལ་སྐྱེས་པའི་སྔགས་པ་ཐམས་ཅད་ཉིད་ནི། རོ་ཧི་ཏཱའི་གསུམ་ལས་སྐྱེས་པ་རྙེད་པ་སྟེ། སྟེགས་པ་ཐམས་ཅད་ཀྱང་རོ་ཧི་ཏཱ་ལ་སོགས་པའི་སྒྲའི་ཐ་ཚིགོ། སྐད་ཅིག་མཽ་ནི་གོང་དུ ་གསུངས་པའི་མཚན་མའི་རིམ་པས་ཤེས་པར་བྱས་ཏེ། དེ་དང་གཅིག་པ་ཉིད་དུ་ཉིན་མཚན་ལ་བཅུ་གཉིས་ཁོ་ན་ཡིན་ནོ།། ཇི་ལྟར་སྔ་བ་རེ་རོ་ཧྲི་ཏཱ་ལ་དབྱུ་གུ་གསུམ་མོ།། དེའི་རྗེས་སུ་གཏི་མུག་མ་ལ་བཞིའོ།། དེ་ནས་ཡང་བཟང་པོ ་ལ་ལྔའོ།། དེ་ནས་དེ་དང་འདྲ་བ་འདི་ནི་གླང་ངོ་།། དེ་ནས་རུས་སྦལ་ལ་བཞིའོ།། དེ་ནིས་ཆུ་སྲིན་ལ་གསུམ་མོ།། དེ་ནས་རཎྜ་ལ་ལྔའོ།། དེ་ནས་ཡང་མི་ཀཻ་ར་ལ་བདུན་ནོ།། དེ་ཡང་འབྱེད་མ་ལ་དྲུག་གོ།། དེ་ནས་དེ་ལྟ་བུ་ནཱི་བྱཱ་ཀུ་ལིའོ།། དེ་ནས ་རྨི་ལམ་ལ་བདུན་ནོ།། དེ་ནས་འདོད་པ་ལ་ལྔའོ།། རོ་ཧཱི་ཏཱ་ནཱི་ལུག་གོ་གཏི་མུག་མ་ནི་གླ་།། བཟང་པོ་ནི་འཁྲིག་པའོ།། གླང་ནཻ་ཀཪྻ་ཊའོ།། རུ་སྦལ་སེངྒེའོ།། ཆུ་སྲིནྡ་ནི་བུ་མོའོ།། རཎྜ་ནི་སྲང་ངོ་།། མི་ཀཱི་ར་ནི་སྡིག་པའོ།། འབྱེད་པ ་ནི་གཞུའོ།། བྱཱ་ཀུ་ལི་ནི་ཆུ་སྲིན་ནོ།། རྨི་ལམ་ནི་བུམ་པའོ་འདོད་པ་ནི་ཉའོ།། སྔ་ར་བ་ལུག་གི་ལོངས་སྤྱོད་དུ་དབྱུ་གུ་གསུམ་ལ་ཐ་སྐར་དང་བྲ་ཉེ་གང་བ་དང་། སྨིན་དྲུག་རྐང་པའི་ཆའོ།། དེ་ནས་གླང་གི་ལོངས་སྤྱོད་དུ་དབྱུ་གུ་བཞི་ལ།། སྨིན ་དྲུག་གི་རྐང་པ་གསུམ་དང་། སྣར་མ་དང་། རི་དགས་ཀྱི་མགོ་བོའི་ཕྱེད་དོ།། དེ་ནས་འཁྲིག་ལོངས་སྤྱོད་དུ་དབྱི་གུ་ལྔ་ལ་རི་དགས་ཀྱི་མགོ་བོའི་ཕྱེད་དང་། ལག་དང་ཡང་ནབ་སོ་ནོར་གྱི་རྐང་པ་གསུམ་མོ།། དེ་ནས་ཡཱ ་དེ་ལྟ་བུའི་དབྱུ་གུ་རྣམས་ལ་ཀརྐ་ཊའི་ལོངས་སྤྱོད་རྣམས་སུ་ནི། ནབ་སོའི་རྐང་པ་དང་རྒྱལ་དང་སྐག་གོ།། དེ་ནས་སེང་གེའི་ལོངས་སྤྱོད་ལ་ཡང་། དབྱུ་གུ་བཞི་ལ་མཆུ་དང་གྲེ་དང་དབོའི་རྐང་པའོ།། དེ་ནས་བུ་མོའི་ལོངས་སྤྱོད་དུ་དབྱུ་གུ ་གསུམ་ལ། དབོའི་རྐང་པ་གསུམ་པ་དང་། མེ་བཞི་དང་ནག་པའི་ཕྱེད་དོ།། དེ་ནས་སྲང་གི་ལོངས་སྤྱོད་དུ་དབྱུ་གུ་ལྔ་ལ་ནག་པའི་ཕྱེད་དང་། ས་རི་དང་ས་གའི་རྐང་པ་གསུམ་མོ།། དེ་ནས་སྡིག་པའི་ལོངས་སྤྱོང་རྣམ་སུ་ནི་ད་བྱི་གུ་བདུན་ལ། ་ས་གའི་རྐང་པ་དང་ལྷ་མཚམས་དང་། ཐུ་བོ་དེ་ནས་གཞུའི་ལོངས་སྤྱོད་དུ་དབྱུ་གུ་དྲུག་ལ་རྩ་བ་དང་། ཆུ་སྟེད་དང་ཆུ་སྨད་ཀྱི་རྐང་པའོ།། དེ་ནས་ཡང་དེ་ལྟ་བུའི་དབྱུ་གུ་ལ་ཆུ་སྲིན་གྱིས་ལོང་སེ་སྤྱོད་ལ་ཆུ་སྨད་ཀྱི་རྐང་པ་གསུམ་དང་། གྲོ ་བཞིན་དང་བྱི་བཞིན་གྱི་ཕྱེ་།། དེ་ནས་ཡང་བུམ་པའི་ལོངས་སྤྱོད་ཏུ་དབྱུ་གུ་བདུན་ལ་བྱི་བཞིན་གྱི་ཕྱེད་དང་། མགོ་བརྒྱ་པ་དང་། ཤར་གྱི་བཟང་པོའི་གོ་འཕང་གི་རྐང་པ་གསུམ་མོ།། དེ་ནས་ཉོའི་ལོངས་སྤྱོད་དུ་དབྱུ་གུ་ལྔ་ལ་ཁྲུམས་སྟོང ་ཀྱི་རྐང་པ་དང་ནམ་གྲུའོ།། འདི་ལྟར་སྐར་མ་གསུམ་གསུམ་ལུག་ལ་སོགས་པའི་ཕུང་པོ་རྣམས་ལ་བལྟ་བར་བྱའོ།། གལ་ཏེ་ཤི་བར་མ་གྱུར་ན་ཞེས་བྱ་བ་ནི། དུས་མ་ཡིན་པར་མཐར་གྱུར་པ་སྟེ་ཤི་བའོ།། དེ་ཡང་ར་ཧི་ཏའི་གསུམ་གྱི་མ ་གང་བས་ན་ངེས་པ་མེད་པའི་ཕྱིརརོ།། གང་དུ་རོ་ཧི་ཏཱིའི་གསུམ་མམ་གཉིས་སུ་གྱུར་པ་དེའི་ཚེ་འཆི་བའི་དངོས་པོ་མེད་པའི་ཕྱིར། འབྲས་བུ་ཐམས་ཅད་དུ་འགྱུར་རོ།། འདོད་པ་ལ་དགའ་ཞིང་ཞེས་བྱ་བ་ནི་ལོ་དགུ་འདས་པ་རྣམས་ལ་རྟོགས ་པར་བྱའོ།། དེ་ནས་རོ་ཧི་ཏཱིའི་གསུམ་མམ་གཉིས་ལ་མ་ཤི་ན། རྟག་ཏུ་བདེ་བ་དང་ལྡན་པ་དང་། ནད་མེད་པ་དང་འདོད་པ་ལ་དགའ་བ་དང་། དྲོང་ཆུང་བ་གོང་དུ་གསུངས་པའི་ཡོན་ཏན་དང་ལྡན་པ་དང་། ལོ་བརྒྱད་ཅུ་རྩ་གཅིག་ཏུ་འཚོ་བར ་འགྱུར་རོ།། སའི་དབང་ཕྱུག་ལ་འཆི་བར་འགྱུར་རོ་ཞེས་བྱ་བ་ནི། ལོ་བརྒྱད་ཅུ་རྩ་གཅིག་གི་མཐུའི་ཟླ་བའི་གང་གིས་སྣའི་དབང་ཕྱུག་གི་ཉི་མ་དེ་ལ་འཆི་བར་འགྱུར་ཏེ། དེ་ལ་ཡང་དེ་ཉིད་དུ་ཉི་མ་ལ་འཆི་བའི་སྐད་ཅིག་ངེས་པར་བྱ་བར་ནུསོ།། ་འདི་སྐད་འབྲས་བུ་ལ་སོགས་པ་ཕྱི་མ་ལ་ཡང་ཤེས་པར་བྱའོ།། སའི་དབང་ཕྱུག་ཅེས་བྱ་བ་ནི་འདོད་པ་ལའོ།། དེ་ཉིད་ཀྱི་ཕྱིར་གཡོན་གྱི་བསྐོར་བས་རོ་ཧི་ཏཱ་ལ་སོགས་པ་རྣམས་ཀྱི་དགོད་པར་བྱའོ།། ཡང་ན་གཡོན་གྱིས་བསྐོར་བས་བརྩི་བར ་བྱའོ།། ཆོས་ཤེས་པ་དང་ཞེས་བྱ་བ་ནི། མཐོ་རིས་ཀྱི་རྒྱུའི་ཚོགས་ཐམས་ཅད་ཀུན་ཏེ་ཆོས་ནི་བསོད་ནམས་སོ།། དེ་ཤེས་པ་དང་སྐྱེད་པར་བྱེད་པ་ཞེས་བྱ་བའི་དོན་ཏེ། ཆོས་ཤེས་པའོ།། ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་བུད་མེད ་དང་། ཆང་ལ་སོགས་པ་ཡོངསུ་སྤངས་པའོ།། མཁས་ཤིང་ཞེས་བྱ་བ་ནི་རྟོག་གེ་དང་ལུང་ཤེས་པའོ།། བཟོ་ཞེས་བྱ་བ་ནི་བཟོ་བོ་སྟེ། གར་དོང་གླུ་དང་རོལ་མོ་ལ་སོགས་པ་དེའི་སྦྱོར་བ་ནི་བཟོའོ།། བསྟན་བཅོས་ཐམས་ཅད་ནི་ལུང་བསྟན་པ ་དང་གཞུང་སྦྱོར་བ་དང་། ཕྱུགས་ཀྱི་དཔྱད་རྣམས་སོ།། དེ་ལ་མཁས་པ་ནི་ལེགས་པ་སྟེ། བསྟན་བཅོས་ཐམས་ཅད་ལ་མཁས་པའོ།། ངས་གསུངས་པ་ལ་ཞེས་བྱ་བ་ནི་བདག་གིས་བཤད་པ་བདེ་ནོ་ཞེས་བྱ་བའི ་དོར་ཏོ།། བཞི་འམ་ལྔའི་ཉི་མ་ལ་ཞེས་བྱ་བ་ནི། གལ་ཏེ་ཉི་མ་བཞི་པ་འམ་ལྔ་པའི་ཉི་མ་ལ་ཤི་བར་མི་གྱུར་ན་ཞེས་བྱ་བ་དང་སྦྱར།། དེ་ཐལ་བསནས་བྱ་བ་ནི། དེ་དག་གི་ཉི་མ་དོག་འདས་ཤིང་ཤིན་ཏུ་སྤངས་པ་སྟེ། ཟླ་བ་བརྒྱད ་ལ་སོགས་པར་གང་གི་ཚེ་ཤི་བར་མ་གྱུར་ན་ཞེས་བྱ་བ་འདི་ལའང་སྦྱར་ཏེ། དེའི་ཚེ་འདི་ཐམས་ཅད་ཀྱི་མཐར་འཆད་པར་འགྱུར་རོ།། ཚིག་རྩུབ་ཅིང་ཞེས་བྱ་བ་ནི། གང་གི་ཚིག་རྩུབ་པར་བརྗོད་པ་དེ་ལྟ་བུའོ།། སྡིག་པའི་བློ་ཞེས ་བྱ་བ་ནི་ངག་འཁྱལ་པ་དང་། ལོག་པར་ལྟ་བ་ཕུན་སུམ་ཚོགས་པའོ།། གཡོ་བ་ཞེས་བྱ་བ་ནི། སྡོམ་པར་བྱེད་པ་མེད་པའོ།། སེང་གེའི་དངོས་པོ་ས་ཞེས་བྱ་བ་ནི། བསྙེན་བཀུར་གྱི་འཆི་བ་དང་། ངེས་རང་གིས་སྐྱེད་པ་ལོངས་སྤྱོད་པའོ།། ་བཞི་པ་འམ་དྲུག་པ་ཞེས་བྱ་བ་ནི། བཞི་པ་ལ་འམ་དྲུག་པ་ལའོ།། སོ་སོར་སྡུག་བསྔལ་བ་དང་ཞེས་བྱ་བ་ནི། དང་པོར་སྡུག་བསྔལ་དང་ལྡན་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་ཡང་ཕྱི་ནས་འཕེལ་བར་ཞེས་བྱ་བ་ལ་འཕེལ་བ་གསུང ་པ་བའི་དོན་ཞེས་ཞེས་བྱ་བ་ནི་གང་གི་བའི་དོན་དེ་ནི་བའི་ནོར་དང་ལྡན་ཞེས་བྱ་བའི་དོན་ཏོ།། ཆུང་མ་གསུམ་གྱི་ཁྱིམ་ཞེས་བྱ་བ་ནི། ཆུང་མའི་སྒྲས་ནི་བཙུན་མོའོ།། དེའི་ཁྱིམ་ནི་ཆུང་མ་གསུམ་ཞེས་བྱ་བའི་དོན་ཏོ།། སྐད་ཅིག་གི ་ཁྲོ་བཱ་ཞེས་བྱ་ནི། སྐད་ཅིག་གིས་ཁྲོ་བ་དང་ལྡན་པའོ།། སྦྲུལ་གྱི་ང་རྒྱལ་དང་ཞེས་བྱ་བ་ནི། གང་ལ་སྦྲུལ་ལྟ་བུའི་ང་རྒྱལ་ད་ནི་དེ་ལྟ་བུའོ།། དགྲ་ཡིས་གཙེ་བས་འཇིགས་པ་ཞེས་བྱ་བ་ནི། དགྲ་ལས་འཚེ་བའི་འཇིགས་པ་ལས་བྱུང་བ་ནི ་དེའི་ཡིན་ནོ།། ཉོ་ཚོང་གིས་ལོངས་སྤྱོད་པ་ཞེས་བྱ་བ་ནི། ཉོ་ཚོང་གིས་དེའི་ལོངས་སྤྱོང་ངོ་།། དེའི་ཚེ་ཞེས་བྱ་བ་ལ་སོགས་པ་ནི་ཤི་བར་མ་གྱུར་ན། ལོ་བཅུ་འདས་མ་ཐག་ཏུ་མ་དང་ཕ་ལ་བསྣུན་པར་བྱེད་དོ།། རྨོངས་ཤིང་སྡིག་པའི ་སེམས་དང་ཞེས་བྱ་བ་ནི། ཚིག་གི་འདུ་བྱ་བ་མ་རྙེད་པ་སྟེ། སྡིག་པ་རྣམས་ཁོ་ན་ལོ་སྤྱོད་པའི་སེམས་སོ།། གདུག་པའི་བདག་ཉིད་ཅེས་བྱ་བ་ནི་ངན་པའི་གནས་སྐབསོ།། རང་གི་རིགས་མ་ཐོ་བར་ཞེས་བྱ་བ་ནི། རང་གི་རིགས ་མཐོ་བར་སྐྱེས་པའི་ང་རྒྱལ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ།། ཁྲིམས་ཀྱི་བསྟན་བཅོས་ཕུན་སུམ་ཚོགས་ཞེས་བྱ་བ་ནི། རྒྱལ་པོའི་བསྟན་པོཅེས་ཀྱི་ཕུན་སུམ་ཚོགས་པའོ།། བཟོ་སྣ་ཚོགས་ཀྱི་རིགས་པས་ཞེས་བྱ་བ་ནི། བཟོ་སྣ ་ཚོགས་ཀྱི་རིགས་པ་རྣམས་ཀྱིས་ཡང་ཕུན་སུམ་ཚོགས་པ་ཞེས་བྱ་བ་དང་སྦྱར་རོ།། བློ་དང་ལྡན་པ་ཞེས་བྱ་བ་ནི། བློ་དང་ལྡན་པ་ཉིད།། ཞེས་བྱ་བའི་དོན་ཏོ།། བྱ་བ་ཐམས་ཅད་ལ་ཡང་ཞིང་ཞེས་བྱ་བ་ནི། བྱ་བ་ཐམས་ཅད་རྣམས ་ལ་སྟེ་ཡང་བ་ནི་མྱུར་བར་སྒྲུབ་པ་པོ་ཞེས་བྱ་བའི་དོན་ཏོ།། བདེ་བ་དང་ལྡན་པ་ཞེས་པ་ནི་ཅུང་ཟད་བདེ་བ་རྙིང་པ་ཞེས་བྱ་བའི་དོན་ཏོ།། རྒྱལ་པོའི་འཆད་པས་བཅད་པའི་བདག་ཉིད་ཅེས་བྱ་བ་ནི། རྒྱལ་པོའི་འཆད་པས་བསྣུ ་ཞེས་བྱ་བའི་དོན་ཏོ།། རོལ་མོའི་བཟོ་ཞེས་བྱ་བ་ནི། རོལ་མོ་ལ་སོགས་པའོ།། སུམ་ཅུ་རྩ་དྲུག་ཅེས་བྱ་བ་ནི། ལོ་སུམ་ཙྪརྩ་དྲུག་གི་ཚེ་ཞེས་བྱ་བའི་དོན་ཏོ།། རྟག་ཏུ་སེམས་པའི་བདག་ཉིད་ཅན་ཞེས་བྱུ་བ་ནཱི། རྟག་ཏུ ་སེམས་པར་བརྩོན་པའོ།། རང་ལ་ཁྲོ་ཞིང་ཞེས་བྱ་བ་ནི། བདག་ཉིད་ལ་ཁྲོ་བའོ།། ཆུང་མ་དང་བུ་རྣམས་ལ་རྡུང་བ་ཞེས་བྱ་བ་ནི། ཆུང་མ་དང་བུ་ལ་ཡང་བསྣུན་པ་སྟེ། དེའི་ཆུང་མ་ལ་བུ་སྐྱེས་པ་ཡང་འཆིའོ་ཞེས་བྱ་བའི་དོན་ཏོ།། ་སེམས་མྱུར་བ་ཞེས་བྱ་བ་ནི་སྦོམ་པོ་མ་ཡིན་པ་འཚོན་པའོ།། བསམ་པ་གཏིང་རིང་བ་ཞེས་བྱ་བ་ནི་གང་གི་སྡུག་བསྔལ་གྱིས་བསམ་པ་ཤེས་པ་དེ་ནི་དེ་བཞིན་ནོ།། ད་ནི་རོ་ཧི་ཏཱ་ལ་སོགས་པའི་ཉི་མ་རྣམས་ལ་ནཱ་བ་རྣམས་ཀྱི ་དགེ་བ་དང་མི་དགེ་བ་བསྟན་པར་བྱའོ།། རོ་ཧི་ཏཱའི་ཉི་མ་ལ་ནད་ཀྱིས་བཏབ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དུག་འཇོམས་པ་བསྟན་པར་བྱ་བའི་ཕྱིར་གསུངས་པ། གང་གི་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཟིན་པའི་འོ།། ་མངོན་ཞེས་བྱ་བ་ནི། ཀུན་ཏེ་འཆི་བའི་དབང་དུ་གྱུར་པའོ།། དེ་ལུང་ལས་འོངས་པ་སྟེ་འབྱུང་བར་ཤེས་པར་བྱའོ།། གཞན་དུ་ཆོ་གྲ་གང་གི་སྦྱོར་བ་ཡིས་ཤེས་བྱ་བ་ནི། ཆོ་གར་བྱས་པའོ།། དུག་བསྡུས་པས་ཞེས་བྱ་བ་ནི། དུག་བསྡུ ་བ་ཅན་ཞེས་བྱ་བའོ།། རྣལ་འབྱོར་གྱིས་ཞེས་བྱ་བ་ནི། ཏིང་ངེ་འཛིན་གྱིས་ཞེས་བྱ་བ་སྟེ། ཇི་ལྟར་འགྱུར་ཞེས་བྱ་བ་དང་སྦྱར་རོ།། དེ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱིའོ།། དེའི་ཕྱིར་ཡང་འགྲུབ་པར་ཞེས་བྱ་བ་ནི། བཀྲ་ཤྲཱི ་པའི་དངོས་གྲུབ་བོ།། ཚེ་ཞེས་བྱ་བ་ནི་འཚོ་བའོ།། ནད་མེད་ཅེས་བྱ་བ་ནི། ཁམས་མ་སྙོམས་པ་མེད་པའོ།། དེ་དག་གི་འཕེལ་བ་ནི་རྒྱས་པའོ།། ཇི་ལྟར་འགྱུར་ཞེས་བྱ་བ་འདི་ལའང་སྦྱོར་བར་བྱའོ།། དུག་བསྡུ་བའི་བཀྲ་ཤིས་ཀྱིས་དངོས ་གྲུབ་ཀྱི་ཚེ་དང་ནད་མྱེད་པ་ཇི་ལྟར་འགྱུར་ཞེས་བྱ་བར་བསམས་པའོ།། ཆུའི་སྦྱིན་སྲེག་ཆོ་ག་ལས་ཞེས་བྱ་བ་ནི། བཀྲ་ཤྲཱིས་ལ་སོགས་པའི་དོན་དུ་ཆུའི་སྦྱིན་སྲེག་བྱའོ་ཞེས་བྱ་བར་དགོངས་པའོ།། དེ་ཉིད་གསུངས་པ། དཀར ་པོ་ཞེས་བྱ་བ་ལ་སོགས་པ་ནི། ཙནྡན་གྱིས་བྱུགས་པའོ་ཀུན་ནས་གྲུ་བཞི་པར། གྲུ་བཞི་པའི་ཚད་ཀྱི་དཀྱིལ་འཁོར་གྱི་སྟེ་གྲུ་བཞི་པ་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་ཐ་ཚི་གོ། དབུས་སུ་ཞི་བའི་ཐབ་ཁུང་གི་རྣམ་པའི་འཇིམ་པའི ་དངོས་པོའི་སྣོད་དུ་ཆུ་དང་འདྲེས་པའི་འོ་མས་བཀང་སྟེ་བཞག་པར་བྱའོ།། ཕྱོགས་བརྒྱད་དུ་བུམ་པ་བརྒྱད་དྲིའི་ཆུས་བཀང་ནས་བཞག་ནས། སྒྲུབ་ཐབས་ཀྱི་རིམ་པས་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྣལ་འབྱོར་དང་ལྡན་པས ་དཔྲ་མའི་སྣོད་ལ་ལོག་པ་གཉིས་ཐལ་མོ་སྦྱར་བས་བྱིས་ནས། དེ་ནས་ཨ~ཾ་ཀཽ་མ་ལཱ་ཡ་སྭཱ་ཧཱ་ཞེས་བརྗོད་པར་བྱའོ།། དེའི་ཕྱག་རྒྱ་བསྟན་པས་བྱ་སྟེ། དེ་ནས་དེ་ལ་པདྨ་བསྐྱེད་པར་བྱའོ།། དེའི་སྟེང་དུ་ཟླ་བའི་དཀྱིལོ་འཁོར་རོ།། ་དེའི་སྟེང་དུ་ཧཱུཾ་གི་ས་བོན་ལས་བསྐྱེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོ།། ཕྱག་གཡས་པ་དང་གཡོན་པས་རྡོ་རྗེས་མཚན་པའི་དབྱིག་པ་གཉིས་འཛིན་པ། སྦྲུལ་གྱིས་བརྒྱན་མ། རྡོ་རྗེའི་སྐྱིལ་ཀྲུང་མ། སྟེང་དུ་གདུགས ་དཀར་མོ་མར་བསྒོམ་པར་བྱས་ལ། ཡེ་ཤེས་སེམས་མ་གཞུག་ཅིང་དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ།། ལག་པ་གཉིས་ཀྱིས་ཁུ་ཚུར་གཉིས་བྱས་ནས་རྒྱུ་བ་གཉིས་སྦྱར་ཅིང་། སྡིགས་མཛུབ་བགུག་པ་དག་གིས ་མདུད་པར་བྱའོ་ཞེས་དམ་ཚིག་ལ་གནས་པོའི་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་སོ།། ཤར་གྱི་བུམ་པ་ལ་རྡོ་རྗེ་མཁའ་འགྲོ་མོ་སྲྀ་གི་ས་བོན་ལས་བསྐྱེད་པའོ།། བྱང་དུ་འཇིགས་མ་ཀྶཾ་གི་ས་བོན་ལས་བསྐྱེད་མའོ།། ནུབ་ཏུ་རོ་ལངས་མ་ཡུམ་གིས ་བོན་ལས་བསྐྱེད་མའོ།། ལྷོ་རུ་གདོལ་པ་མོ་ཧཱུཾ་གི་སཽ་བོན་ལས་བསྐྱེད་མའོ།། དབང་ལྡན་དུ་སེང་གེ་མ་སྨཻ་ཞེས་བྱ་བའི་ས་བོན་ལས་སྐྱེད་མའོ།། མེ་ལ་སྟག་མཽ་ཧཱུཾ་ཞེས་བྱ་བའི་ས་བོན་ལས་བསྐྱེད་མའོ།། བདེན་བྲལ་དུ་ཝ་མོ་ཡྨྼ;ྻུཾ་གཱི་ས་བོན་ལས ་བྱུང་མའོ།། རླུ་ང་དུ་འུག་པ་མ་ཀྶཾ་ཀི་ས་བོན་ལས་བསྐྱེད་མའོ།། འདི་དག་ཐམས་ཅད་གོང་མ་ལྟ་བུ་རཱ་ཡུ~ཾ་དཀར་མོ་སྦྲུལ་གྱི་རྒྱན་ལ་སོགས་པ་དང་ལྡན་པ་མའོ་།། སོ་སོར་ཕྱག་རྒྱ་དབུལ་བར་བྱའོ།། གཡོན་པའི་ཁུ་ཚུར་ཆུ་སྙིང་གར་བཞག ་ནས་གཡས་པའི་ཁུ་ཚུར་དེའི་ཧཱུཾ་སྟེང་དུ་བཞག་པ་ཞེས་བྱ་བ་ནི་ཕྱག་རྒྱའོ།། ཨོཾ་ཛུཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་སོ།། འདི་ལྟར་ཡང་འདི་ཉིད་ཀྱི་སྔ་བྲེས་ལྡན་འབུམ་ཕྲག་གི་སུམ་དུ་བཟླས་ནས། སྔོན་གྱི་བསྙེན་པ་བྱའོ།། དེ་ནས་ལས་བརྩེ ་པར་བྱའོ་ཞེས་བྱ་བ་ནི་མིན་ངག། འདིས་ནི་སྔགས་ཀྱི་མེ་ཏོག་དཀར་པོ་རྣམས་དུ་རྦེ་སི་རེ་བས་རྩ་བསོ་སོར་བཅུག་ནས། དེ་ལ་སྔོན་དུ་གསུངས་པའི་ཆུའི་སྣོད་དུ་བསྒོམས་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མའི་རྡོ་རྗེའི་ཚད་པན་ལ་བརྡུང་ཞིང ་བསྲེགས་བླུགས་བྱའོ།། ཞེས་བྱ་བ་ནི་རྒྱས་པ་ལ་སོགས་པར་འགྱུར་རོ།། དེ་ཉིད་ཀྱི་ཕྱི་རོལ་གོང་དུ་གསུངས་པའི་གྲུབ་པར་ཞེས་བྱ་བ་ལ་སོགས་པའོ།། དེའི་ཕྱིར་དཀར་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། རྩ་བ་ཞེས་བྱ་བ་ནི་འོག་ཏུ་བཅུད ་པའོ།། ནག་པོ་ཞེས་བྱ་བ་ནི་མཐིང་ནག་གོ།། སོགས་པའི་སྒྲ་ལས་ནི་མཆུང་འཕྱང་བ་ལ་སོགས་པའོ།། བུམ་པ་ཞེས་བྱ་བ་ནི་རིགས་ལ་གཅིག་གི་ཚིག་གོ། ཤར་ལ་སོགས་པའི་ཕྱོགས་རྣམས་དང་མཚམས་སུ་ཡང་། བུམ་པ་བརྒྱད ་དགོད་དོ་ཞེས་བྱ་བའི་དོན་ཏོ།། ཅིར་གྱུར་པས་ཤེ་ན། ཆུ་ཡིས་ཡོངས་བཀང་བ་ཞེས་གསུངས་པ་ནི། དྲི་ཡི་ཆུ་ཡིས་བགྲང་ཞིང་ཡལ་ག་དང་བཅས་པའོ།། དབུས་ཀྱི་སྣོད་དུ་འོ་མ་དང་ཆུ་བསྲེས་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཆུ་དང་འོ་མ ་ཁོ་ནའོ།། དེ་བཞིན་དུ་ཡང་གསུངས་པ། བུམ་པ་བརྒྱད་པོ་རྣམས་ཀྱི་ནི།། ཕྱོགས་བརྒྱད་དུ་ནི་བཞག་པར་བྱ།། དྲི་ཡི་ཆུས་ནི་བཀང་བ་ཡིས།། ཡལ་གྲཝ་རྣམས་ཀྱིས་རྣམ་པར་བརྒྱན་ཅེའོ།། དེ་ལ་དབུས་སུ་ཞེས་བྱ་བ་ནི། དེ་རྣམས་ལ། ་ཤར་ལ་སོགས་པའི་ཕྱོགས་སུ་སྟེ། དབུས་ཀྱི་སྣོད་ལའོ།། ལྷ་མོ་ཞེས་བྱ་བ་ནི་དབུས་སུ་ཡཾ་ཤེས་ཀྱི་མཁའ་འགྲོ་མའོ།། ལྷག་མ་ནི་གོ་སླའོ།། པདྨའི་ཕྲེང་བས་རྣམ་པར་སྤྲས་ཞེས་བྱ་བ་ནི། ལྐོག་མ་ནས་འཕྱང་བའི་པདྨའི་ཕྲེང་བ་སྟེ། ་ལྷ་མོ་བསམ་ཞེས་བྱ་བ་དང་སྦྱར་རོ།། མཁའ་འགྲོ་མའི་འཁོར་ལོ་སྤྲོ་ཞེས་བྱ་བ་ནི། ཤར་ཕྱོགས་ལ་སོགས་པའི་བུམ་པ་རྣམས་ལ་རིམ་པས་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའི་ཚོགས་སོ།། གངས་དང་ཀུན་ང་ཟླ་བ་ཞེས་བྱ་བ་ལ ་སོགས་པ་གོང་མ་ལ་ཡང་ངོ་།། ཁྲིའི་སྦྱིན་སྲེག་གིས་ནི་ཚེ་འཕེལ་བར་འགྱུ་རོ།། ནཱ་ག་གེ་སར་གྱི་སྦྱིན་སྲེག་གིས་ནི་ཁྲིའི་གྲངས་ཀྱིས་ཡུལ་དུ་ཞི་བར་འགྱུར་རོ།། དེ་ལ་ཐབ་ཁུང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བསྒོམས་ནས། ་ཆུའི་སྦྱོར་མོ་བརྒྱ་རྩ་བརྒྱད་དབུལ་བར་བྱ་སྟེ། དེ་ནས་རྒྱས་པར་འགྱུར་རོ།། གཏོར་མ་དང་མཆོད་པ་ལ་སོགས་པ་ཡང་རང་གིས་ཤེས་པར་བྱའོ།། དགྲ་གཞོམ་པ་ནི་འོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གོང་དུ་ཟིན་པའི་ཡན་ལག ་རྣམས་ལ་ས་བོན་བརྒྱད་བསྒོམ་པར་བྱ་བ་རྣམས་སོ།། རྡོ་རྗེ་མཁའ་འགྲོ་མའི་རྣལ་འབྱོར་དང་ལྡན་པས་ཟིན་པའི་སྤྱི་བོརཱ་ཀྵཾ་ངོ་།། སྣ་དང་རྣ་བ་དག་ལ་ཡཱཾ་།། མིག་ངག་ལ་ཧཱུཾ་ངོ་།། ལྐོག་མ་ལ་སུཾ་ངོ་།། མགྲིན་པ་ལ་སྨྼ;ྻུཾ་ངོ་། ཕྲག་པ་གཉིས ་ལ་ཧཱུཾ་ངོ་།། སྙིང་ལ་ནི་ཡྨྼ;ྻུཾ་ངོ་།། ལྟ་བ་ལ་ནི་ཀྵུཾ་ངོ་།། གལ་ཏེ་འདི་རྣམས་ཀྱི་ས་བོན་ཁ་དོག་སྣ་ཚོགས་པ་སྟེ་དུག་འཇོམས་པ་ལ་ནི་དཀར་པོའི་ཁ་དོག་རྣམས་སོ།། ཟིན་པའི་ཡན་ལག་ལ་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཆུ་ཞིང་དུག་མེད་པར་བྱའོ།། ་དུག་ལུ་སེམས་ཙམཱ་ཝཾ་ཞེས་བྱ་བར་ཧཱུ~ཾ་བསམ་ཞིང་རྣལ་འབྱོར་པས་བསམ་ག་ཏ་ནི་བྱ་བ་རྣམས་སོ།། དེའི་ཡང་སྙིང་ལ་པདྨ་དཀར་པོར་བདུད་རྩིའི་ཆར་འབབ་པ་གནས་པར་བསམ་པར་བྱའོ།། དེ་ནས་འོ་མ་དང་བསྲེས་པའི་ཆུས ་བཀང་བའི་བུམ་པའི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའོ།། དེའི་ཟེ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་མཁའ་འགྲོ་མ་སུམ་ཡོངསུ་གྱུར་པ་གདུགས་དཀར་པོ་དང་། སྦྲུལ་གྱི་བརྒྱན་དང་། སེམས་དཔའི་སྐྱིལ་ཀྲུང་གིས་གནས ་མ། ཕྱག་གཉིས་ཀྱིས་ཁ་ཊྭཱཾ་ག་དུང་ཐོད་པ་འཛིན་པ། པདྨའི་འདབ་མ་ལ་གནས་པའི་ཀླུ་རྣམས་ཀྱི་ལུས་རྣམས་ཟླ་བའི་འོག་ཏུ་ཞུགས་པའི་མགོ་བོ་རྣམས་མཉམ་པར་མནན་ཅིང་བཞུགས་པར་བསམ་པར་བྱའོ།། དེ་ལ་ཤར་དུ་ནོར་རྒྱས་དཀར ་པོའོ།། བྱང་དུ་འཇོག་པོ་སེར་པོའོ།། ནུབ་ཏུ་སྟོབས་ཀྱི་རྒྱུ་དམར་པོའོ།། ལྷོ་རུ་པདྨ་ནག་པོའོ།། དབང་ལྡན་དུ་པདྨ་ཆེན་པོ་ནགྲ་སེར་རོ།། མེ་ལ་དུང་སྐྱོང་དཀར་ནག་གོ། བདེན་བྲལ་དུ་རིགས་ལྡན་སྐྱོང་བ་དམར་ནག་གོ།། རླུང་དུ་ཧུ་ལུནྟ་ཀ་དམར ་སེར་རོ།། ངོ་ལ་མཆོད་པ་ལ་སོགས་པ་བྱ་ཞིང་། ཨོཾ་ཧྲཱིཿཊ་ཊུ་ཊཱ་ར་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འབུམ་ཕྲག་གསུམ་སྔོན་གྱི་བརྙན་པར་བཟླས་པར་བྱའོ།། ཕྱི་ནས་འདིས་རྨ་བྱའི་མཇུག་སྒྲོ་ལོ་མངོན་པར་སྔགས་ཤིང་དེས་ཟིན་པའི་སྤྱི་བོ ་ནས་བརྩམས་ཏེ། རྐང་པའི་མཐིལ་དུ་བྱབ་ཅིང་བྱབ་ཅིང་བུམ་པ་དེ་ལ་དྲིར་བར་བྱའོ།། གང་གི་ཚེའོ་མ་ནག་པོར་གྱུར་པ་དེའི་ཚེ། མེ་ཏོག་དཀར་པོ་དང་ཡུངས་ཀར་དཀར་པོ་དང་། ཙན་ད་ནཱ་དཀར་པོ་ལ་སྔགས་ཐམས་ཅད་རྣམས་ཀྱིས་མངོན་པར ་བསྔགས་དེ་རྣམས་ཀྱིས་ཟིན་པའི་སྙིང་ཁར་བརྡེག་པར་བྱའོ།། བྱུག་པའི་དུས་སུ་འདི་ལྟར་ནང་དུ་བཞུགས་པར་བྱས་ཏེ། ཨོཾ་བ་སུ་ཀི་ཧྲིཿཊ་ཊཱ་ཎྜ་ར་ལྷས་བྱིན་དྲུག་མེད་པར་མཛོད་ཅིག་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའོ།། འདི་སྐད་དུ ་གཞན་པའི་ཀླུ་རྣམས་ཀྱིའང་མིང་ནང་དུ་གཞུག་པར་བྱའོ།། དེའི་ཕྱིར་ད་ལྟར་འོ་མ་ནག་པོ་ལ་ཞེས་བྱ་བ་གསུངས་སོ།། ཡང་ནི་བདུག་པས་དབབ་པར་བྱ་ཞེས་བྱ་བ་ནི། ཡུངས་ཀར་དཀར་པོ་ལ་སོགས་པས་འབེབས་པ་ན་དེ་ནས་གཡོ་བ་དང་། མིག ་ཕྱེད་པ་དང་། ལག་པ་ལ་སོགས་པ་འདར་བ་སྟེ། དེ་ནས་ཧཱུཾ་གིས་རྣམ་པར་ཤེས་པ་རེངས་པར་བྱའོ།། འདིས་ནི་དུག་མེད་པར་འགྱུར་རོ།། རིམ་པ་དང་ནི་རིམ་པས་བྱ་ཞེས་བྱ་བ་ལ་སོགས་པས་ནི། ཟླ་བ་དང་ཟླ་བ་དང་ཉིན ་མཚན་ལ་དབྱུ་གུ་ངེས་པར་བརྩམས་ཏེ། རོ་ཧི་ཏཱ་ལ་སོགས་པའི་སྒྲའི་ཚིག་རྣམས་དགུན་ཟླ་འབྲིང་པོ་ལ་སོགས་པའི་ཟླ་བ་རྣམས་ཀྱི་རིམ་པ་དང་། རིམ་པས་མཚན་པའི་དབྱུ་གུ་བགྲང་བར་བྱའོ།། ཇི་ལྟར་དུས་ལ་ཞེས་བྱ་བ་ནི། དུས་དང་དུས ་ལ་འདི་ནི་དུས་ཚོད་ཅེས་བྱ་བའི་དོན་ཏོ།། དགུན་ཟླ་འབྲིང་སོགས་རིམས་པ་ཡིས་ཞེས་བྱ་བའི་ཚིག་ནི། དགུན་ཟླ་འབྲིང་པོ་ལ་སོགས་པའི་གོ་རིམ་མོ།། བྱང་དུ་འགྲོ་བའི་དུས་ཞེས་བྱ་བ་ནི། རབ་ཅེས་བྱ་བའི་དོན་ཏོ།། དེ་ཉིད་ནི་བཙུ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། གོ་སླའོ།། བརྒྱད་ཅེས་བྱ་བ་ནི་དབྱུ་གུ་བརྒྱད་དོ།། ཉི་མ་དག་གིས་ཞེས་བྱ་བ་ནི། ཉི་མའི་འོ།། གཉིས་གཅིག་གིས་ཞེས་བྱ་བ་ནི་དབྱུ་གུ་གཉིས་སོ།། མི་མཉམ་ནང་དུ་ཞེས་བྱ་བ་ནི། དཔྱིད་ཟླ་འབྲིང་པོའི་ཉིན་མཚོན་མཉམ་མོ་ཞེས ་བྱ་བའི་དོན་ཏོ།། མི་མཉམ་ནང་དུ་དེ་བཞིན་གཉིས་ཞེས་བྱ་བ་ནི། སྟོན་ཟླ་འབྲིང་པོ་ལ་འོང་ཉིན་མཚན་མཉམ་མོ་ཞེས་བྱ་བའི་དོན་ཏོ།། དྲོ་བྱཱ་གུ་གཱ་ཙོག་ལ་དབུགས་ཀྱི་ངེས་པ་གསུངས་པ། བརྒྒ་ཞེས་བྱ་བ་ལ་སོགས་པ་ལ་དབྱུ་གུ་གཅིག་ལ ་དབུགས་སུམ་བརྒྱ་དང་དྲུག་ཅུ་ལྷག་པའོ།། ཕུམ་བུས་དབུགས་ནི་ཆུ་ཚོད་ལྟར་ཞེས་བྱ་བ་ནི། ཕུམ་བུ་གཅིག་ལ་དབུགས་ཇི་ལྟ་བ་དེ་བཞིན་དུ་ཕྱིན་མའི་ཕུམ་བུ་ལ་ཡང་དབུགས་འདི་རྣམས་ཞེས་བྱ་བའི་དོན་ཏེ། ཉིན་མཚན་ལ་ཕུམ་བུ་དྲུག་ཅུ ་དྲུག་གི་གྲང་སོ།། དེ་ཉིད་ནི་ཕུམ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་རྣམས་ནི་བཤད་ཟིན་པ་དང་འདྲའོ།། ཕུམ་བུ་ལ་དབུགས་རྣམས་ཀྱི་གང་གི་གཱང་སྟེ་དེ་དང་པོར་རབ་ཅེས་བྱ་བའི་དོན་ཏོ།། རིམ་པས་འཕེལ་བ་དང་ཞེས་བྱ་བ་ནི། ་དབུགས་རྣམས་ཀྱི་གྲང་བ་ཞེས་བྱ་བའི་དོན་ཏོ།། འགྲིབ་པ་ཅནཱ་ནི། དབུགས་ཀྱི་ཞེས་བྱ་བ་ན་དབུགས་རྣམས་ཀྱི་ཇི་ལྟར་རིགས་པ་རྣམས་ཀྱི་འགྲིབ་པའོ།། རིམ་པས་གཟུང་བ་ཞེས་བྱ་བ་ནི། རིམས་པས་ཞེས་པའོ།། ལས་དང་ཞེས་བྱ ་བ་ནི་ཚེའི་འོ།། ལས་མིན་ཞེས་བྱ་བ་ནི། མི་གནས་པའི་ལས་ཡིན་ནོ།། ཇི་ལྟར་དབུགས་ཀྱི་འགྲིབ་པ་ཤེས་པར་འགྱུར། ཇི་ལྟར་ཡང་ཚེ་མི་གནས་པར་འགྱུར་ཞེ་ན། ཁྱད་པར་ལས་ཤེས་གསུངས་པ་ནི། འདི་ན་ཉི་མ་དང་ཟླ་བ་དང་ལྷོའི ་ཁྱད་པར་ཞེས་བྱ་བའི་དོན་ཏོ།། དེ་བརྟགས་པ་ནི་དེ་བཞིན་དུ་ཡང་། ཕན་ཚུན་གྱི་ནི་དངོས་པོ་ཡིས།། ཐིག་སྐུང་གཉིས་གཉིས་སྦྱོར་བ་ལས།། རེའུ་མིག་དགུ་པོ་རྣམས་སུ་འགྱུར།། ཕྱི་ནས་རེའུ་མིག་དབུ་མའི་མཐར།། བརྩམས་ནས་ཕྱོགས ་བྲལ་ཐམས་ཅད་དུ།། རི་མོ་རྣམས་ནི་བྲི་བར་བྱ།། མཐའ་རུ་རི་མོ་ཟླུམ་པོ་དག། དེ་ཡིས་དབུས་སུ་གཞན་ལ་ཡང་།། ཇི་ལྟར་འཁོར་ལོ་འཕར་མ་གསུམ།། དེ་ལ་ཕྱི་རོལ་གྱི་འཕར་མའི་རེའུ་མིག་དང་པོ་ལ་ལྔའོ།། གཉིས་པ་ལ་ནི་བཅུའོ།། ་གསུམ་པ་ལ་ནི་བཅོ་ལྔའོ།། བཞི་པ་ལ་ནི་ཉི་ཤུའོ།། ལྔ་པ་ལ་ནི་ཉི་ཤུ་རྩ་ལྔའོ།། དྲུག་པ་ལ་ནི་ཉི་ཤུ་རྩ་དྲུག་གོ། བདུན་པ་ལ་ནི་ཉི་ཤུ་རྩ་བདུན་ནོ།། བརྒྱད་པ་ལྀ་ནི་ཉི་ཤུ་རྩ་བརྒྱད་དོ།། དགུ་པ་ལ་ནི་ཉི་ཤུ་རྩ་དགུའོ།། བཅུ་པ་ལ་ནི་སུམ ་ཙུའོ། 8བཅུ་གཅིག་པ་ནི་སུམ་ཅུ་རྩ་གཅིག་གོ། བཅུ་གཉིས་པ་ལ་ནཱི་སུམ་ཅུ་རྩ་གཉིས་སོ།། དབུ་སུ་ནཱི་སུམ་ཅུ་རྩ་གསུམ་མོ།། འཕར་མ་གཉིས་པའི་རེའུ་མིག་དང་པོ་ལ་ནི་གསུམ་མོ།། གཉིས་པ་ལ་ནི་གཉིས་སོ།། ་གསུམ་པ་ལ་ནི་གཅིག་གོ། བཞི་པ་ལ་ནི་དྲུག་གོ། ལྔ་པ་ནི་གསུམ་མོ།། དྲུག་པ་ལ་ནི་གཉིས་སོ།། བདུན་པ་ལ་ནི་གཅིག་གོ།། བརྒྱད་པ་ལ་ནི་བཅུ་ལྔའོ།། དགུ་པ་ལ་ནི་བཅུའོ།། བཅུ་པ་ལ་ནི་ལྔའོ།། བཅུ་གཅིག་པ་ལ་ནི་གསུམ་མོ།། ་བཅུ་གཉིས་པ་ནི་གཉིས་སོ།། དབུས་སུ་ནི་གཅིག་གོ། ཇི་སྲིད་དུ་ཉི་མ་ལྔ་རྣམས་ལ་ནི་དབུགས་ཕྱིར་ལོག་ན། ལོ་གསུམ་གྱི་བར་དུ་འཚེའོ།། དེ་བཞིན་དུ་ཉི་མ་བཅུ་ལ་ནི་ལོ་བཅུ་གཉིས་ཀྱི་བར་དུའོ།། དེ་བཞིན་དུ་ཉི་མ་བཅོ་ལྔ་ལ་ནི་ལོ ་གཅིག་གི་བར་དུའོ།། ཉི་མ་ཉི་ཤུ་ལ་ནི་ཟླ་བ་དྲུག་གི་བར་དུའོ།། ཉི་མ་ཉི་ཤུ་རྩ་ལྔ་རྣམས་ལ་ནི་ཟླ་བ་གསུམ་གྱི་བར་དུའོ།། ཉི་མ་ཉི་ཤུ་རྩ་དྲུག་རྣམས་ལ་ནི་ཟླ་བ་གཉིས་ཀྱི་བར་དུའོ།། ཉི་མ་ཉི་ཤུ་རྩ་བདུན་ལ་ནི་ཟླ་བ་གཅིག་གི་བར་དུའོ།། ཉི ་མ་ཉི་ཤུ་བརྒྱད་ལ་ནི་ཉི་མ་བཅོ་ལྔའི་བར་དུའོ།། ཉི་མ་ཉི་ཤུ་རྩ་དགུ་རྣམས་ལ་ནི། ཉི་མ་བཅུའི་བར་དུའོ།། ཉི་མ་སུམ་ཅུ་རྣམས་ལ་ནི་ཉི་མ་ལྔའི་བར་དུའོ།། ཉི་མ་སུམ་ཅུ་རྩ་གཅིག་རྣམས་ལ་ནི། ཉི་མ་གསུམ་གྱི་བར་དུའོ།། ཉི་མ་སུམ་ཅུ་རུ ་གཉིས་རྣམས་ལ་ནི་ཉི་མ་གཉིས་ཀྱི་བར་དུའོ།། ཉི་མ་སུམ་ཅུ་རྩ་གསུམ་རྣམས་ལ་ནི། ཉི་མ་གཅིག་གི་མཐུ་རུའོ།། ལྔ་ལས་ཞེས་བྱ་བ་ལ་སོགས་པས་ནི་ཕྱི་ནས་འདིའི་དོན་ཁྱད་པར་དུ་རྟོགས་པར་བྱའོ།། བར་གྱི་ཉི་མ་རྣམས་ལ་ཡང་དེ་ཉིད ་དུ་ཤེས་པར་བྱའོ།། ད་ནི་ཡང་དབུགས་ཀྱི་གྲངས་ཀྱིས་ངེས་པར་གསུངས་པ། མཁའ་འགྲ་ཞེས་བྱ་བ་ལ་སོགས་པ་ལ།། མཁའ་སྨྲས་ན་ཉི་ཤུ་རྩ་བཞར།། འགྲོ་བའི་སྒྲས་ནི་དྲུག་ག། གཉིས་ཞེས་བྱ་བ་ན་ཉི་ཤུ་རྩ་བཞི་དང་དྲུག་གི་མཚན་མ་གཉིས ་སོ་འདུས་བྱས་ལ་ཞེས་བྱ་བ་ནི་དུག་གི་མཚན་མ་གཟུང་ནས་བརྩི་བར་བྱའོ་ཞེས་བྱ་བར་དགོངས་སོ།། འགྲོ་གཉིས་གསུམ་གྱིས་མཚན་པར་བྱ་ཞེས་བྱ་བ་ནི། ཉི་ཤུ་རྩ་བཞིའི་མཚན་མ་དང་། དྲུག་གཉིས་ཀྱི་མཚན་མ་ཡང་གཅིག་ཏུ་བྱས་ནས ་སུམ་ཅུ་རྩ་དྲུག་གི་མཚན་མ་བྱའོ།། དེ་ཆ་གཉིས་ཀྱི་མཚན་མ་བྱས་ནས། དེའི་ཕྱིར་བཅོ་བརྒྱད་གཉིས་སུ་འགྱུར་ཞེས་བྱ་བའི་དོན་ཏོ།། གཉིས་ཀྱི་ས་བཅུ་འགྱུར་བྱས་ནས་ནི་ཞེས་བྱ་བ་ནི། དེ་གཉིས་བཅུ་འགྱུར་དུ་བྱས་བརྩི་བར་བྱའོ་ཞེས་བྱ ་པའི་དོན་ཏོ།། དྲར་བརྒྱ་དུ་ཅུ་ལྷག་པ་དང་བརྒྱད་ཅུ་ལྷག་པར་གྱུར་པ་ནི་ཉིས་བརྒྱར་འགྱུར་ཏེ། དེ་ནས་བརྒྱའི་མ.་ན་མ་གཉིས་གཅིག་ཏུ་བྱས་ནས་བཅུའི་ཆ་ལོགས་སུ་བྱས་ཤིང་བརྒྱད་ཀྱི་མཚན་མ་གཉིས་བཅུ་དྲུག་གི་མཚན་མར་བྱའོ།། དེ་ནས ་འོག་གི་ཐིག་ལེ་དང་སྟང་གཽཅིག་ལེ་ངོས་སུ་སྟོན་པར་བྱའོ།། དེ་བས་ན་ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང་དྲུག་བརྒྱན་རྣམས་ལོ་གཅིག་ལ་པུམ་བུར་འགྱུར།། དེའི་མཚན་མས་སྦྱར་བར་བྱ་ཞེས་བྱ་བ་ནི་དེའི་མཚན་མས་སྟོང་ཕྲག ་ཤུ་རྩ་གཅིག་དང་དྲུག་བརྒྱ་ལྷག་པའི་མཚན་མས་སྦྱར་བར་བྱའོ།། གང་ལས་ཤེ་ན། ཉིན་དང་མཚན་མོས་དབུགས་འབྱུང་བ་ཞེས་གསུངས་པ་ནི། ཉིན་མཚན་གྱི་དབུགས་འབྱིན་པོ་རྣམས་ཞེས་བྱ་བའི་དོན་ཏོ།། ཇི་སྲིད་ཀྱིས་ལོའི་ཕུམ་དུ ་དེ་སྲིད་དུ་ཉིན་དང་མཚན་གྱི་དབུགས་ཞེས་བྱ་བའི་དོན་ཏོ།། ངག་གི་དབང་ཕྱུག་གཟུང་ནས་ནི་ཞེས་བྱ་བ་ནི། འབྲི་བའི་ངག་གི་དབྱངས་བླངས་པའོ།། དེ་རྣམས་ཀྱི་དབྱངས་ཀྱི་མཚན་མ་རྣམས་ཀྱིས་གཞག་ཅེས་བྱ་བ་ནི ་དེ་རྣམས་དྲུག་འགྱུར་ཏུ་བྱས་ཏེ། དྲུག་འགྱུར་དུ་བྱས་པའི་མཚན་མའི་གང་ཞིག་གང་གི་ཆ་ནི་སུམ་འགྱུར་དུ་བྱ་བའོ།། འདི་ལ་ཡང་སུམ་བརྒྱ་དང་དྲུག་ཅུ་ལྷག་པ་གཞུག་པར་བྱས་ཏེ། བཅུ་གཉིས་ཀྱི་མཚན་མས་ཆ་ལ་ཕྲི་བ་ན། གང་ཞིག ་ལྷག་མར་གྱུར་པ་དེའི་མཚན་མའི་དབྱངས་ཀྱི་རྗེས་སུ་བསྔགས་པར་འགྱུར་རོ།། ཡང་ན་གང་ཞིག་གི་ངག་གི་དབྱིངས་གཟུང་བ་དེ་རྣམས་ཀྱི་སུམ་འགྱུར་དུ་བྱ་སྟེ། ཡང་དྲུག་འགྱུར་གྱི་གོང་མའི་ཆ་ནི་མ་ཡིན་ནོ།། ལྷག་མ་ནི་གོང་མ་བཞི་ནོ།། ་དྲུག་འགྱུར་མཚན་མས་ཞེས་བྱ་བ་ལ་སོགས་པས་ནཱི། དེས་འདི་དགང་པར་བྱའོ།། སའི་དབང་ཕྱུག་མངོན་པར་གཞག་ཅེས་བྱ་བ་ལ། ས་རྣམས་ནི་རེའུ་མིགོ་བཅུ་གཉིས་པོ་རྣམས་སོ།། དེ་ལ་དབང་ཕྱུག་ནི་ཨ་ལ་སོགས་པ་སྟེ་དབྱངས ་བཅུ་གཉིས་སོ།། དེའི་ཕྱིར་གསུངས་པ། མ་ནིང་གཉིས་ཀྱི་རྣམས་སྤངས་ནས་ཞེས་བྱ་བ་ནི། མཱ་ནིང་རྣམས་ཀྱི་རྀ་རཱྀ་ལྀ་ལཱྀ་ཞེས་བྱ་བའི་དབྱངས་རྣམས་ཀྱིའོ།། གཉིས་ཀྱི་རྣམས་ཞེས་བྱ་བ་ནི་གཉིས་དག་གོ།། སྤངས་པ་ནི་སྤངས་པ ་རྣམས་སོ།། དབྱངས་རྣམས་བཞག་ཅེས་བྱ་བ་གོང་མ་དང་སྦྱར་རོ།། ཨ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དྲུག་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། སའི་སྒྲས་ནི་བཅུ་གཉིས་ཀྱི་མཚན་མའོ།། ཡང་ན་ཞེས་བྱ་བ་ལ་སོས ་པས་ནི་རང་འདོད་པའི་ལྷའི་སྔགས་ཀྱིས་ཁ་རི་ལ་མངོན་པར་བསྔགས་ནུས་པ་ལང་གི་གཅན་རྣམ་པས་ཇི་སྲིད་དུ་སེམས་མི་ངལ་བདེ་སྲོང་དུ་རོ་མོ་དྲན་པར་བྱའོ།། དེའི་སྟེང་གི་རྩེ་མའི་ཆགས་བགྲང་བའི་མཐར་གང་ཞིག་དབྱངས་སུ་གྱུར་པ ་དེའི་སྔགས་པ་ཡིན་ནོ།། དབྱངས་སོགས་ཞེས་བྱ་བ་ནི་དབྱངས་ལས་འདི་ལ་སོགས་པའི་སྔགས་པ་ཞེས་བྱ་བའི་དོན་ཏོ།། ཡང་ན་མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི་འབྲི་བ་པོའི་ལག་པས་མེ་ཏོག་བྱིན་པ་གང་གི་དབྱངས་ཀྱི་གནས་སུ ་ལྷུང་བའི་མེ་ཏོག་དེའི་བསྔགས་པར་འགྱུར་རོ་ཞེས་བྱ་བར་བསྟན་པར་བྱའོ།། དེ་བཞིན་ལ་སོགས་ཞེས་བྱ་བ་ནི། དགེ་བ་ལ་སོགས་པའོ།། ཡང་ནཱ་བསྟན་པར་བྱ་ཞེས་བྱ་བ་ནི། རོ་ཧི་ཏཱ་ལ་སོགས་པའི་སྐད་ཅིག་རྣམས་ལ། འདྲི་བའི ་དགེ་བ་དང་མི་དགེ་བ་ལ་གོང་དུ་གསུངས་པའི་རིམོ་པས་བསྟེན་པར་བྱའོ་ཞེས་གོ་བར་བྱའོ།། གང་ལོ་ཞེ་ན། སྦྱོར་བའི་བསྟན་བཅྡོཾས་ཞེས་བྱ་བ་ནི། སྔགས་ཀྱི་ཚུལ་ཏེ་དེ་ལ་མཁས་པའོ།། འདི་དག་ཐམས་ཅད་སྔོན་དུ་གསུངས ་པས་བརྩིས་པས་སྔ་བ་ནས་དབྱུ་གུ་གསུམ་དུ་བལྟ་བར་བྱ་བ་ནི། ཉི་མ་ཤཱ་ར་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བརྩི་བ་པོ་ཡིས་ཞེས་བྱ་བ་ནི། བརྩི་བ་པོའི་གྲངས་ཞེས་བྱ་བར་དགོངས་པའོ།། སེམས་བསྐྱེད་པ་ཞེས་བྱ་བ་ལ ་སོགས་པས་ནི། སེམས་ཀྱི་རང་བཞིན་གསུངས་སོ།། ས་ནི་ཞེས་བྱ་བ་ནི། རེའུ་མིག་བཅུ་གཉིས་པོ་རྣམས་ལ། ལག་པས་བྱིན་པ་ལས་སེམས་བསྐྱོད་པ་ཤེས་པར་བྱའོ།། དེ་ཉིད་གསུངས་པ། བདག་བསམ་ཞེས་བྱ་བ་ནི། རོ་ཧི་ཏཱ་ལ་སོགས ་པའི་སྐད་ཅིག་མ་རྣམས་ལ་ཡང་འདྲི་བ་ན་འདི་ཐམས་ཅད་ཤེས་པར་བལྟ་བར་བྱའོ།། རོ་ཧི་ཏཱ་ལ་ནོར་རྒྱས་བུ་ཞེས་བྱ་བ་ལ་སོགས་པས་ནི། ནོར་རྒྱས་ཀྱི་བུ་ལ་སོགས་པའང་། རོ་ཧི་ཏཱ་ལ་སོགས་པར་བརྗོད་དོ་ཞེས ་རྟོགས་པར་བྱའོ།། ས་ལ་ཆར་འབེབས་ཏེ་ཞེས་བྱ་བ་ལ། ས་བཅུ་གཉིས་རྣམས་ནི་རེའུ་མིག་བཅུ་གཉིས་རྣམས་སོ།། ས་ནི་རབ་ཏུ་དགའ་བ་ལ་སོགས་པ་དང་། མོས་པ་ཡང་སྤྱོད་པའི་ས་དང་། སངས་རྒྱས་ཀྱིས་དང་ལྷན་ཅིག ་ས་བཅུ་གཉིས་ལ་ཡང་རོ་ཧི་ཏཱ་ལ་སོགས་པར་བརྗོད་དོ།། ཆར་འབེབས་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ཏེ་དེའང་དེ་བཞིན་ནོ།། འདི་དག་བཅུ་གཉིས་ཞེས་བྱ་བ་ནི། འདི་རྣམས་ནི་རེའུ་མིག་བཅུ་གཉིས་རྣམས་སོ།། རྟེན་ཅིང་འབྲེལ ་འབྱུང་རང་བཞིན་ལས་ཤེས་བྱ་བ་ནི། མ་རིག་པ་ལ་སོགས་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་ལས་ཞེས་བྱ་བའི་དོན་ཏོ།། དེ་སྐད་ས་ནི་མཉམ་ཞེས་བྱ་བ་ནི་མོས་པར་སྦྱོར་བའི་ས་ནཱི་རོ་ཀྲྀ་ཏྟའོ།། རབ་ཏུ་དགའ་བ་ན ་གཏི་མུག་གོ།། དྲི་མ་མེད་པ་ནི་བཟང་པོའོ།། འོད་བྱེད་པ་ནི་གླང་ངོ་།། འོད་འཕྲོ་བ་ཅན་ནི་རུ་ས་སྦལ་ལོ།། སྦྱང་དཀའ་བ་ནི་ཆུ་སྲིན་ནོ།། མངོན་དུ་གྱུར་པ་ནི་རཎྜའོ།། རིང་དུ་སོང་བ་ནི་མི་ཀི་རའོ།། མི་གཡོ་བ་ནི་འབྱེད་མའོ།། ་ལེགས་པའི་བློ་གྲོས་ནི་བྱཱ་ཀུ་ལིའོ།། ཆོས་ཀྱི་སྤྲིན་ནི་རྨི་ལམ་མོ།། སངས་རྒྱས་ཀྱིས་ནི་འདོད་པའོ།། འདི་སྐད་དུ་ནོར་རྒྱས་ལ་སོགས་པའི་གནས་སུ། ཕོ་ཉས་རེག་ན་དགེ་བ་དང་། མི་དགེ་བ་ཤེས་པ་དང་། དུག་འཇོམས་པ་ན ་འཇུག་པ་འམ་ལྡོག་པར་བྱེད་པའོ།། དེ་ནས་དུས་ཀྱི་འགྲོ་བཤད་པ་ཞེས་བྱ་བ་ནི། དགའ་བ་ལ་སོགས་པའི་དུས་ཤེས་པའོ།། དེའི་ཕྱིར་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པ་ནི། དགའ་བ་བདེ་བ་ཅུང་ཟད་དེ། མཆོག་ཏུ་དག ་བ་དེ་ལས་ལྷག་། དགའ་བྲལ་དགའ་བ་ཆགས་བྲལ་ཡིན།། ལྷག་མ་ལྷན་ཅིག་སྐྱེས་དགའ་ཉིད།། ཅེའོ། ཚོགས་བཅད་ཀྱི་དོན་གྱིས། བླ་མས་ཉེ་བར་བསྟན་པས་གོ་སླའོ།། སྐད་ཅིག་མ་ཉིད་ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའི་ངོ་བོའི་མཚན་ཉིད་དོ།། འབྲས་བུ་ཞེས་བྱ་བ་ནི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་། དྲི་མ་མེད་པའི་འབྲས་བུ་རྣམ་སོ།། ་ཡན་ལག་ཅེས་བྱི་བ་ནི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་རམ། རྣལ་འབྱོར་ཆེན་པོའི་མཚོན་ཉིད་རྣམས་སོ།། འགྲོ་བ་ཞེས་བྱ་བ་ནི་བསྙེན་པ་དང་ཉེ་བོའི་བསྙེན་པ་དང་། སྒྲུབ་པ་འམ་སྒྲུབ་པ་ཆེན ་པོའི་མཚན་ཉིད་རྣམས་སོ།། སུམ་འགྱུར་བསྒྱུར་པ་ནི། ཐམས་ཅད་ཅེས་བྱ་བ་ནི་སྙིང་སྟོབས་དང་། རྡུལ་དང་མུན་པ་རྣམ་སུམ་འགྱུར་རོ།། དེ་རྣམས་ཀྱི་བསྒྱུར་བ་ནི་དེ་རྣམས་ཀྱིས་རྣམ་པར་གཞག་པའོ།། དགའ་བ་ལ་སོགས ་པ་གསུམ་གྱི་རྐང་པ་དགང་བ་ཡང་རྐང་པ་བཞི་པའི་ཆས་ལྷན་ཅིག་སྐྱེས་པའི་རང་གི་ངོ་བོས་དགང་ཞིང་བསྐྱེད་པོའི་འབྲས་བུ་ཞེས་བྱ་བའི་དོན་ཏོ།། དགའ་བ་ལ་སོགས་པ་རྣམས་ཀྱི་རིམ་པ་ལས་བྱུང་བས། ལྷན་ཅིག་སྐྱེས ་པའི་དགའ་བ་སྐྱེ་བར་འགྱུར་རོ།། ཞེས་བྱ་བར་དགོངས་པའོ།། མདུད་པ་ཞེས་བྱ་བ་ནི། རླུང་འཕོ་བ་ན་སྨིན་མའི་ནང་དུ་སོན་པའི་རྩ་ཕྱེ་བའོ།། འབྱུང་བ་ཉིད་ཅེས་བྱ་བ་ནི་རླུང་འཕོ་བ་ཉིད་དོ།། དུས་ནི་འདི་དག་ཅེས ་བྱ་བ་ནི་འགའ་བ་སོགས་པ་འབྱུང་བའི་དུས་དང་། རྣམ་པ་སྣ་ཚོགས་པའི་མཚན་ཉིད་དང་། རྩ་ཕྱེ་བོའི་དུས་དང་། རླུང་འཕོ་བའི་མཚན་ཉིད་ཀྱི་དུས་སུ་བཤད་པ་ན། གང་ཞིག་དགའ་བ་ལ་སོགས་པ་བསྒྲགས་པ་དེའི་གནས ་སྐབས་སུ་འོང་བར་བལྟ་བར་བྱའོ།། རོ་ཧི་ཏཱ་ལ་སོགས་པ་རྣམས་ལ་བྱ་བ་བསྟན་པ་གསུངས་པ། ཆད་པ་ཞེས་བྱ་བ་ལ་སོགས་པ་ནི། རྒྱལ་པོ་ལ་སོགས་པའི་སྤྱན་སྔ་ནས་གདུང་བ་དང་། ཆད་པ་ནི་འདུལ་བའོ།། བར་ཆད་ཅེས་བྱ ་བ་ནི་ཚོགས་ཀྱི་ཁྱད་པར་རོ།། གཟའ་ནི་ཉི་མ་ལ་སོགས་པ་འགལ་པོར་འཇུག་པའོ།། འདི་རྣམས་ཀྱི་བཟློག་པོའི་ཆོ་ག་ལ་འཇུག་པ་ནུ་རོ་ཧཱུ~ཾ་ཏཱ་ལ་སོགས་པ་རྣམས་ལ་དགེ་བ་དང་། མི་དགེ་བ་ཤེས་པར་བྱ་བའི་ཕྱིར་དང་། ཕྱི་མ་ལ་ཡོད ་བྱ་བ་ཁོ་ནའོ།། གཟེར་ནང་དགྲ་ལ་ལྟུང་བ་དང་ཞེས་བྱ་བ་ནི། དེ་དེ་ཞེས་བྱ་བར་དགོངས་སོ།། ལྟོ་འཕྱེའི་ལྟེ་བ་བརྐོ་བ་ཞེས་བྱ་བ་ནི། ལྟོ་འཕྱེའི་ལྟོ་བུ་ནི་རྐང་འོག་གོ།། དེ་བརྐོས་པ་ནི་རྫིང་བུ་ལ་སོགས་པའོ།། ཁྱིམ་གྱི་ཚོད་དང་ཞེས་བྱ་བ་ནི། ་ཁྱིམ་རྩོམ་པའོ།། འགྲོ་བའི་སྦྱོར་བའི་ཆ་དང་ནི་ཞེས་བྱ་བ་ལ་འགྲོ་བ་ནི་རྒྱུ་བའོ།། སྦྱོར་བ་ཞེས་བྱ་བ་ནི་སྨན་ནོ།། མ་ཞེས་བྱ་བ་ནི་དོན་གྱི་སྐལ་པའོ།། ཚེ་དང་ནད་མེད་འཕེལ་བ་ཞེས་བྱ་བ་ནི། ཆུའི་སྤྲིན་སྲེག་ལ་སོགས་པའོ།། འབྲུ་གདབ ་པ་ཞེས་བྱ་བ་ནི། ས་བོན་གཞུག་པའོ།། ཕྱུགས་ཀྱི་འདུལ་བ་ཞེས་བྱ་བ་ནི། བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པར་བྱེད་པ་ཚར་བཅད་པའོ།། བྲལ་བ་རྫས་སུ་འབྲང་བ་ཞེས་བྱ་བ་ནི། བྲལ་བ་རྗེས་སུ་འབྲང་བ་སྟེ། ཤི་བ་ཡང ་འཚོ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ།། རྒྱལ་པོ་ཞེས་བྱ་བ་ནི་རྒྱལ་པོ་ཉིད་དོ།། རྙེད་པ་སྤངས་ཞེས་བྱ་བ་ནི། འཇིག་རྟེན་འདིའི་རྙེད་པ་སྤངས་པའོ།། དེ་ཅི་ཞེ་ན། ཡིད་འབྱུང་བ་ཞེས་བྱ་བ་གསུངས་ཏེ། ཡིད་ཀྱི་འབྱུང་བ་ནི་ཡིད་ཤར་བའོ།། འདོད ་རིས་ཀྱི་ཕྱིར་འདུས་པ་དང་མ་ནིང་ཁོ་ན་སྟེ། དེ་ཡང་ཏིང་ངེ་འཛིན་ནོ།། མ་རུངས་པ་ཡིས་འཐབ་པ་ཞེས་བྱ་བ་ནི་རབ་ཏུ་གྲགས་པ་ཉིད་དོ།། ཕུང་པོ་སྡོང་བུ་ཞེས་བྱ་བ་ནི། བརྐོས་པའི་ལམ་གྱི་དོན་གྱི་སྡོང་བུ་འདི་ཕུང་པོའི་སྡོང་བུའོ།། དུས ་ཀྱིས་སྐད་ཅིག་ཉི་མ་ཉིད་ཅེས་བྱ་བ་ནཱི། དུས་ཀྱི་ཉི་མའི་དུས་ཞེས་བྱ་བའི་དོན་ཏོ།། འདི་རྣམས་ཀྱི་བྱ་བ་རྣམས་ནི་རོ་ཧི་ཏཱ་ལ་སོགས་པའི་ཉི་མ་ལ་སོགས་པ་རྣམས་ལ་བྱའོ་ཞེས་བསྟན་པའི་ཕྱིར། ཉི་མེའི་དབྱེ་བས་ཉི་མ་རྣམས་ཞེས ་གསུངས་ཏེ། རོ་ཧི་ཏཱ་ལ་སོགས་པའི་ཉི་མ་ལ་སོགས་པའི་དབྱེ་བ་རྣམས་ལ་ཞེས་བྱ་བའི་དོན་ཏོ།། བཅུད་ཀྱིས་ལེན་ཞེས་བྱ་བ་ནི་ལུས་ཀྱི་ཚེ་རྒྱས་པའི་སྨན་གྱིས་སོ།། གཉིས་ཀྱི་བཙུད་ཅེས་བྱ་བ་ནི། གཉིས་ཀྱི་བཅུང་བྱེད་དོ་ཞེས་བྱ་བའི ་དོན་ཏོ།། ཅིའི་དོན་དུ་ཞེ་ན། ལས་ཀྱི་རྣམ་སྨིན་ལས་ཞེས་བྱ་བ་གསུངས་པ་ནི། འབྲས་བུའི་དོན་ནོ་ཞེས་བྱ་བའི་དོན་ཏོ།། གང་དག་གི་གཉིས་ཀྱི་བཅུ་ཅེ་ན། སེམས་ཀྱི་འཕེལ་བ་མཉམ་པ་ཉིད།། སྲིད་དང་ཞི་བའི་རང་བཞིན་ལས ་ཞེས་གསུངས་པ་ལས། སེམས་ཀྱི་དང་ལུས་ཀྱི་འཕེལ་བ་ནི་རྒྱས་པ་སྟེ། གང་གིས་མཚུངས་པ་དེར་འགྱུར་རོ།། སེམས་ཀྱི་འཕེལ་བ་ནི་མྱ་ངན་ལས་འདས་པའོ།། ལུས་ཀྱི་འཕེལ་བ་ནི་སྲིད་པ་སྟེ། གཉིས་ཀྱི ་ཡང་བཅུད་ཀྱིས་ལེན་ཞེས་བྱ་བར་དགོངས་སོ།། བློ་དང་བརྩོན་པས་ཞེས་བྱ་བ་ནི། བློ་དང་བརྩོན་པ་གཉིས་སུ་མེད་པར་ཤེས་པར་བྱའོ་ཞེས་བྱ་བར་དགོངས་སོ།། །། དབུགས་འབྱུང་བ་ཞེས་གང་ལ་བརྗོད་པ་དེ་ནི་དབུག ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་བཅུ་པའོ།། ། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་པའོ།། ། ཕྲ་མོའི་རྣལ་འབྱོར་མེད་པར་བརྒྱ་ཆེ་བ་ཅན་གྱི་རྣལ་འབྱོར་ཡང་དག་པར་མི་སྐྱེ་སྟེ། འདིར་ཕྲ་མོའི ་རྣལ་འབྱོར་གྱི་དོན་དུ་ལེའུ་བཅུ་གཅིག་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་རྒྱ་ཆེ་བ་ཅན་གྱི་རྣལ་འབྱོར་གྱི་དེ་མ་ཐག་ཏུའོ།། དེས་ན་ཞེས་བྱ་བ་ནི་གང་གིས་ཕྲ་མོའི་རྣལ་འབྱོར་མེད་པར་རྒྱ་ཆེ་བ་ཅན་གྱིས ་འགྲུབ་པར་མི་འགྱུར་རོ།། ཡང་རབ་བཤད་ཅེས་བྱ་བ་ནི་ཡང་དག་པར་རབ་ཏུ་སོ་སོར་འཁོར་ལོ་ལ་ས་བོན་གྱི་གཟུགས་ཀྱིས་བཤད་པར་བྱའོ།། མཆོག་ཏུ་གྲུབ་པའི་རིག་མོ་ཞེས་བྱ་བ་ལ། མཆོག་ནི་སངས་རྒྱས་ལ་སོགས་པའི་མཚན ་ཉིད་དེ་འདི་ནི་གྲུབ་པའོ།། དེ་ཉིད་ནི་རིག་མ་སྟེ། ཚོར་བའི་ཕྱིར་ལས་ལ་ཀྱུ་ནའོ།། སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི། རྣམ་པར་རྟོགས་པ་འཇོམས་པར་བྱེད་པ་དང་ཟད་པར་བྱེད་པ་སྟེ། འདིས་ཞེས་བྱ་བ་ནི་སྒྱུ་མ་སྟེ། བྱེད་པ་ལ་གྷ་ཉའོ།། ཆེན ་མོ་འདི་ཡང་མ་ལུས་པའི་རྣམ་པར་རྟོག་པ་འཕྲོག་པའི་ཕྱིར་དེ་ཡང་ཞེས་བྱ་བ་དེ་ནི་དེ་བཞིན་དུའོ་ཞེས་བྱ་བ་ནི་ཕྱེ་བའོ།། གསང་བ་ཆེན་མོའི་དབང་ཕྱུགས་མ་ཞེས་བྱ་བ་ལ། གསང་བ་ཆེན་མོ་ནི་སངས་རྒྱས་སོ།། དེ་རྣམས་ལ་དབང ་ཕྱུག་མ་ནི་དེའི་དངོས་གྲུབ་སྟེར་བའི་ཕྱིར། གསང་བ་ཆེ་ནི་མོའི་དབང་ཕྱུག་མའོ།། དབང་ཕྱུག་ཐམས་ཅད་བྱེད་པ་མ་ཞེས་བྱ་བ་ནི། ལྷ་དང་མི་ལ་སོགས་པ་ཐམས་ཅད་ལ་དབང་ཕྱུག་སྟེ། སྒྲུབ་པ་པོ་ལྔ་གཙོ་བོར་མཛད་པའི་ཕྱིར། ་དབང་ཕྱུག་ཐམས་ཅད་བྱེད་པ་མའོ།། དེ་ཉིད་ཀྱི་ཕྱིར་སེམས་ཅན་ཐམས་ཅད་འདུལ་བ་ཞེས་བྱ་བ་ནི། སེང་གེ་དང་འཕྲོག་མ་ལ་སོགས་པའི་སེམས་ཅན་ཐམས་ཅད་འདིས་འདུལ་བ་རི་མཛད་པའི་ཕྱིར། དེ་ནི་དེ་བཞིན་ནོ།། ་དགའ་ཞེས་བྱ་བ་ནི། ངེས་པར་མངོན་པར་འདོད་པའི་དངོས་གྲུབ་རྩལ་བའི་ཕྱིར། ལུས་དང་ངག་དང་ཡི་དགའ་བའོ།། དེ་སྐད་དུ་གྱུར་པའི་མཆོག་ཏུ་གྲུབ་པའི་རིག་མ་ནི། ཡང་རབ་བཤད་ཅེས་བྱ་བ་དང་སྦྱར་རོ།། དེ་ཅིའི་ཕྱིར་ཞེ་ན།། ་འདི་ནི་རིག་མ་ཆེན་མོ་ཞེས་གསུངས་པ། འདི་ནི་ཞེས་བྱ་བ་ནི་སྒྱུ་མ་ཆེནཱ་མོ་ལ་སོགས་པའི་ཁྱད་པ་རཱ་དང་ལྡན་པའི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ།། རིག་མ་ཆེན་མོ་ཞེས་བྱ་བ་ལ། ཆེན་མོ་ནི་ཡང་དག་པར་རྫོགས་པའི ་སངས་རྒྱས་རྣམས་ཀྱི་ཚོར་བའི་ཕྱིར་རིག་མ་ཆེན་མོ་སྟེ།། མཛོ་བསྡུ་བའི་ནང་དུ་ཆེན་པོ་བསྟན་པའི་ཕྱིར།། ཇི་ལྟར་འདི་རིག་མ་ཆེན་མོ་ཞེ་ན། མཆོག་ཅེས་གསུངས་ཏེ། གང་གིས་ནི་འདིའི་མཆོག་ངས་བཤད་པར་བྱའོ།། དེ་བཞིན ་དུ་ཡང་གསུངས་པ། ཡོན་ཏན་ལྡན་པའི་ཡོན་ཏན་འདི།། འཇིག་རྟེན་ན་ཡང་ཤེས་པར་འགྱུར།། གང་ཞིག་གསོལ་བཏབ་དགྲ་བཅོམ་དེས།། ཕྱིན་ཅི་མ་ལོག་རབ་ཏུ་བཤད་ཅེའོ།། འདིའི་དུས་སུ་ཇི་ལྟར་བདག་ཅག ་རྣམས་ཀྱིས་མི་ཤེས་པར་གྱུར་ཅེ་ན། མིང་ནི་མཆོག་ཏུ་རྙེད་དཀའ་ཞེས་གསུངས་པ་ནི། དེའི་མིང་ཙམ་ཡང་།། མཆོག་གིས་ཀྱང་ཞེས་བྱ་བ་ནི། ཉན་ཐོས་ལ་སོགས་པ་རྣམས་ཀྱིས་སོ།། སྡུག་བསྔལ་གྱིས་རྙེད་པར་དཀའ་བའི་ཕྱི ་མཆོག་ཏུ་རྙེད་པར་དཀའ་བའོ།། དེ་དེའི་མིང་ཙམ་ཡང་སྡུག་བསྔལ་མེད་པར་ཐོས་པས་རྙེད་པར་དཀའ་ཞེས་བྱ་བར་དགོང་སོ།། གང་ལ་ཡང་མཆོག་ཏུ་གྲུབ་པའི་རིགས་མ་ནི་ཞེས་བྱ་བ་ལ་སོགས་པ་རྣམས་ལ་གཉིས་པ་ཡོད་པ ་མ་ཡིན་ནོ།། དེ་ལ་འདི་སྐད་དུ་སྦྱར་བར་བྱ་སྟེ། དེའི་མིང་ཕྱེ་བ་ནི་གསལ་བ་ཞེས་བྱ་བའི་དངོས་པོ་སྟེ་ཡང་དག་རབ་བཤད་ཅེས་བྱ་བ་དང་སྦྱར་རོ།། གང་གི་ཞེ་ན། མཆོག་ཏུ་གྲུབ་པའི་རིག་མ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང ་ཞིག་མཆོག་ཏུ་གྲུབ་པའི་རིག་མ་ནི། སྒྱུ་མོ་ཆེན་མོ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་ལྡན་པ་སྟེ། དེའི་ཞེས་བྱ་བའི་དོན་ཏོ།། ཞིའོ།། ལྷག་མ་ནི་གོང་མ་བཞིན་ནོ།། འདིར་ནི་སྒྱུ་མ་ཆེན་མོ་ཞེས་བྱ་བའི་མཚན་ཡིན་ལ། གཞན་དག ་ཏུ་གཏུ་མོ་ཞེས་བྱ་བའི་མཚན་ཏེ་འདི་ནི་རིག་མའོ།། དེ་ཉིད་ནི། དང་པོར་ཞེས་བྱ་བ་ལ་སོགས་པ་གསུངསོ།། སྣ་ཚོགས་མདུད་པ་ཆེན་འབྱུང་བར་ཞེས་བྱ་བ་ནི་གོང་དུ་གསུངས་པ་བསྒོམ་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ།། ལྟེ་བར ་སྣ་ཚོགས་ཀྱི་གཟུགས་ཀྱི་མདུད་པ་ནི། སྣ་ཚོགས་པའི་མདུད་པའོ།། རྩ་གཅིག་པུ་འདི་ལ་རེ་ཞིག་གཡས་པའི་ཆ་གཡོན་གྱིས་འོངས་ནས་སྟེང་དུ་འགྲོའོ།། གཡོན་གྱི་ཆ་ཡང་གཡས་ཀྱིས་འོངས་ནས་སྟེང་དུ་འགྲོའོ།། དེ་ནི་འཁྱིལ་པར ་གྱུར་པའི་རྩ་བ་སྟེ། དེ་ནི་རྩ་ཡིན་ནོ།། གཞན་ཡང་དེ་བཞིན་དུ་འོག་ཏུ་སོན་པ། ཆ་གཉིས་པོ་འདི་ལྟ་བུ་ཉིད་ནི་སྣ་ཚོགས་མདུད་པ་སྟེ། དེ་ཡང་འདི་ནི་ཆེར་འབྱུང་བའོ།། གང་ལ་དེ་ནི་སེམས་ཅན་ཐམས་ཅད་ཀྱི། སྣ་ཚོགས་མདུད ་པ་ཆེར་འབྱུང་བ་ནི། ཆེར་འབྱུང་བ་སྣ་ཚོགས་འདུད་པ་ཞེས་བྱ་བའི་དོན་ཏོ།། སྐྱེས་བུ་དམ་པ་ལྟ་བུའི་ཁྱད་པར་གཞན་གྱི་ཚིག་གི་ཕྲད་ངོ་།། འདི་ལྟར་ཡང་ཕྱོགས་ཅིག་གིས་ཀྱང་མིང་ཤེས་པར་འགྱུར་ཏེ། དེ་བས་ན་སྣ་ཚོགས ་མདུད་པ་ཆེར་འབྱུང་བ་ཞེས་བྱ་བ་ཡང་ཡིན་ནོ།། ཇི་ལྟར་ཟླ་བའི་ནོར་བུ་ལ་ཡང་ཟློ་བའི་ནོར་བུ་ཞེས་བྱ་བ་ལྟ་བུའོ།། ལྟེ་བའི་ནང་དུ་ཕྱིན་པའི་སྣ་ཚོགས་མདུང་པོ་ལ་ཆོས་ཀྱི་འབྱུང་གནས་བསྣམས་ནས། ཕྱི་ནས་དགོད་བྱ་རྣམ་པར ་འཛིན་ཞེས་བྱ་བ་ལ། དགོད་པར་བྱ་བ་འགོད་པ་ནི། འཇོག་པ་དེ་གང་ལ་ཡོད་པ་སྟེ། དགོད་པར་བྱ་བའི་ས་བོནི་བསྐྱེད་པའོ།། རྣམ་པར་འཛིན་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པའི་རྣམ་པས་འཛིན་པར་བྱེད་པའོ།། དགོད་པོ་ནི། དང་པོ ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཐིག་ལས་ཞེས་བྱ་བ་ནི་མན་ངག་ལས་ཟླ་བ་ཕྱེད་པ་དང་པོའི་དབྱངས་བསྒོམ་པར་བྱའོ་ཞེས་བྱ་བ་སྦྱར་རོ།། གོང་ལ་ཞེ་ན། པདྨའི་ཞེས་བྱ་བ་གསུངས་པ་ནི། ཁ་དོག་སྣ་ཚོགས་འདབ་མ་དྲུག་ཅུ་རྩ ་བཞིའིའོ།། སྟེང་དུ་ཞེས་བྱ་བ་ནི་དབྱིབས་ཀྱིས་ཁྭ་སྟེང་དུ་བལྟས་པས་གནས་པའོ།། དབུགས་ནི་རྒྱུ་ཞེས་བྱ་བ་ནི། རླུང་སྟེང་དུ་འགྲོ་བའོ།། འདི་ཉིད་ཀྱིས་རྒྱས་པར་བསྟན་པ་སྨྲས་པ། དབུགས་ནི་བྱེད་པར་ཞེས་བྱ་བ་གསང ་ཏེདེ་ཉིད་ནི་སྒྱུ་མ་ཆེན་མོ་དང་དང་པོའི་དབྱངས་ཀྱི་གཟུགས་དང་མེའི་གཟུགས་ཀྱིས་སྟེང་དུ་འགྲོ་ཞིང་དབུགས་རྒྱུ་བར་བྱེད་དོ།། རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུའོ།། འབར་བའི་ཕྲེང་བའི་ཚོགས་མཛེས་པ་ཞེས་བྱ་བ་ལ ་འབར་བའི་ཕྲེང་བ་ནི་ཐིག་ལེ་མེ་འདྲ་བས་འབར་བའི་ཕུང་པོ་སྟེ་གཤེར་བའི་ཕྱིར་རོ།། དེས་ཁ་དོག་གི་དཀར་པོས་མཛེས་པ་དང་རྣོ་བ་གང་གི་དང་པོའི་དབྱངས་ཀྱི་དེ་ནི་དེ་བཞིན་དུའོ།། ཀུན་ནས་རྣམ་པར་སྤྲོ་བར་བྱ་ཞེས་བྱ་བ་ནི། འོད ་ཟེར་གྱི་སྦྱོར་བའི་ཕྱིར་རོ།། ཟླ་བའི་དབུས་གནས་ཞེས་བྱ་བ་ནི། ལྕི་བར་གནས་པོའི་སྣ་ཚོགས་མདུད་པ་ལ། པདྨའི་སྟེང་དུ་ཟླ་བ་ལ་དང་པོའི་དབྱངས་རྗེས་ཀྱི་དབྱངས་ཟླ་བ་ཕྱེད་པ་དང་བཅས་པ་དང་། ཤར་ལཱ་སོགས་པའི་འདབ་མ་རྣམས ་ལ་ཨ་ཀཾ་ཙ་ཊ་ཏ་པ་ཡང་ན་ཟླ་བ་ཕྱེད་པ་ཐིག་ལེ་དང་བཅས་པ་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ།། ཟླ་བའི་རྗེས་སུ་སྤྱོད་པ་ཕྱི་མ་ལ་ཡང་གསུངས་པ་དང་འཆང་པར་འགྱུར་བས། ཡང་དག་པར་ཤར་བའི་རྣལ་འབྱོར་གྱིས་ཅི་འགྱུར ་ཞེ་ན། རྙེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཀུན་ཏུ་འགྲོ་བ་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དོ།། དེ་ཉིད་ནི། སངས་རྒྱས་ལྟ་བུ་རྙེད་དཀའ་བ་ཞེས་གསུངས་པ་ནི། འདིའི་བསམ་གཏན་ནི་བསྐལ་པ་མང་པོས་སངས་རྒྱས ་བལྟ་བུར་རྙེད་པར་དཀའ་བའོ།། དེ་ཉིད་རྣམ་བྲལ་བ་ཞེས་བྱ་བ་ནི། དེ་ཉིད་སྐྱོན་དང་བྲལ་བ་སྟེ། ཆོས་ཀྱི་དབྱིངས་ཀྱི་རྔ་བོའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་རྟག་ཏུ་ཡི་གེ་མེད་ཅིང་ཞེས་བྱ་བ་ནི་ངང་གིས་འཇིག་པ་མེད་པའི་ཕྱིར་རོ།། རྙོག་མེད་པ་ཡིས། ་ཞེས་བྱ་བ་ནི། ཉོན་མོངས་པ་དང་བག་ཆགས་དང་བྲལ་བའི་ཕྱིརརོ།། བྱང་ཆུབ་ཅེས་བྱ་བ་ནི་ལྷ་སྟེ། བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱིས་ཆུབ་པ་ཞེས་བྱ་བ་སྟེ་དངོས་པོའི་ཆ་ཞེས་བྱ་བའི་དོན་ཏོ།། སེམས་ནི་དེ་ཉིད་ཀྱི་གཟུང་བ་ལ་སོགས ་པས་སྟོང་པ་སྟོང་པ་ཉིད་དེ། བྱང་ཆུབ་དང་སེམས་ནི་བྱང་ཆུབ་སེམས་ཏེ། སྟོང་པ་དང་སྙིང་རྗེ་དབྱེར་མེད་པའི་སེམས་སོ།། དེ་བཞིན་དུ་ཡང་གསུངས་པ། དངོས་ལས་སྟོང་པ་ཉིད་གཞན་མིན། སྟོང་པ་ཉིད་ནི་ཀུན་རྫོབ་ཉིད་ཅེའོ།། ་འདིའི་རྒྱུར་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། བཤོད་པར་བྱ་ཞེས་བྱ་བ་ནི་རང་གི་ངོ་བོས་སྒྲའི་རང་གི་ངོ་བོས་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་ཡི་གེའི་ངོ་བོ་ཉིད་ཀྱི་ཕྱིར། དངོས་པོའི་ཆའི་གཟུགས ་ཏེ་སྙིང་རྗེ་ཞེས་བྱ་བར་དགོངས་པའོ།། གཅིག་དང་དུ་མ་ལ་སོགས་པའི་སྟོང་པོ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དོ།། དུང་དང་ཟླ་བ་ཀུན་ད་དྲི་མེད་པ་ཞེས་བྱ་བ་ནི། འདིས་འདིའི་ཁ་དོག་གསུངས་པའི་མཐར་དྲི་མ་མེད་པ་ཉིད་བསྒྲགས་པ་ནི། ཆོས་ཀྱི ་དབྱིངས་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་དོ།། སྤྲུལ་པའི་མཐར་ཆོས་གསུངས་པ། རང་སྙིང་ཞེས་བྱ་བ་ལ་སོགས་པའོ།། དེའི་ཞེས་བྱ་བ་ནི། དེའི་པདྨའི་སྟེང་དུ་ཟླ་བ་ལ། དེའི་ནང་དུ་སོན་པའོ།། ས་བོན་ཞེས་བྱ་བ་ནི་ཧཱུཾ་ངོ་།། ཁ་བ་འདྲ ་བ་འཇུག་པར་ཞེས་བྱ་བ་ནི། ཟླ་བནྡྷ་ཤཱུལ་ཏ་འདྲ་བར་དེ་ཡང་ཁ་འོག་ཏུ་བལྟས་པའོ།། ས་ཅན་བཏུ་བ་གསུངས་པ། ཡིག་དགང་པར་བྱ་བ་དགོད་ཅེས་བྱ་བ་ནི། དགང་པར་བྱ་བ་གང་ད་ནས་བྱ་བ་འདོན་དར ་ཞེས་བྱ་བར་དགོངས་པའོ།། ཅི་ཞེ་ན་གསུངས་པ། ཡི་གེའི་ཞེས་བྱ་བ་ནི་ཧཱུཾ་གི་དགོད་པར་བྱ་བ་བཏུ་པའོ།། དེ་ནི་ཧ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མཆོག་ཏུ་ཞེས་བྱ་བ་ནི། ཁྱང་པར་དུ་འཕགས་པའི་ཕྱིར་རོ།། ཞི་བ་ནི་དགེ ་བའི་སྦྱོར་བའི་ཕྱིར་རོ།། དྲུག་ཅེས་བྱ་བ་ལ་སོགས་པས་ནི། ཧ་ཁྱད་པར་དུ་བྱས་པའོ།། སྟེང་དུ་བརྒྱན་པར་ནི་ཞེས་བྱ་བ་ནི་སྟེང་དུ་གནས་པའི་ཕྱིར། སྟེང་དུ་ཡང་ཟླ་བ་ཕྱེད་པའོ།། དེའི་ཕྱི་ར་ཧཱུཾ་ཞེས་བྱ་བར་གྲུབ་བོ།། དབུགས་ནི་ཞེས ་བྱ་བ་ནི། རླུང་གི་འཇུག་པའི་ལམ་གྱིས་གཏུམ་མོའི་འོད་ཟེར་འོག་ཏུ་འགྲོ་བའོ།། དངོས་དང་དངོས་མེད་སྤངས་པ་ཞེས་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པ་དག་གི་མངོན་པར་ཞེན་པ་མེད་པའོ།། དེ་ནི་རང་གི་སྙིང་ལ་པདྨའི་སྟེང་དུ་ཟླ་བ་ལ ་ཧཱུཾ་ཁ་འོག་ཏུ་བལྟས་པ་དང་། ཤར་ལ་སོགས་པའི་འདབ་མ་བཞི་པོ་རྣམས་ལ་དབྱངས་ཀྱི་དང་པོ་དང་གསུམ་པ་དང་ལྔ་པ་དང་བཅུ་གཅིག་པ་རྣམས་ཟླ་བ་ཕྱེད་པ་ཐིག་ལེ་དང་བཅས་པ་ཁ་བ་ལྟ་བུ་འཛག་པ་ཁ་འོག་ཏུ་བིལྟ་སྡེ་པ་དང་། དབང ་ལྡན་ལ་སོགས་པའི་འདབ་མ་བཞི་པོ་རྣམས་ལ་ཡང་དེ་བཞིན་དུ་ཡ་ར་ལ་ཝ་རྣམས་རིམ་པས་སྦྱར་བར་བྱ་བ་རྣམས་སོ།། འདི་ཡང་བཤད་པར་བྱ་སྟེ། ལོངས་སྤྱོད་རྫོགས་པ་གསུངས་པ། ལྐོག་མ་ཞེས་བྱ་བ་ལ་སོགས་པ་ནི་པདྨ་དམར་པོ ་མཉམ་པར་མཛེས་པ་གང་གི་དོན་དེ་ནི་དེ་བཞིན་ནོ།། ལྐོག་མར་པདྨ་དམར་པོའི་སྟེང་དུ་ཟླ་བ་ལ་དབྱངས་ཀྱི་བཅུ་གསུམ་པ་ཐིག་ལེ་ཟླ་བ་དང་ལྡན་པ་ལ་འོག་ཏུ་བལྟས་ཤིང་ཁ་འཛག་པ་དང་། དབྱངས་ཀྱི་གཉིས་པ་དང་། བཞི་པ་དང་དྲུག ་པ་དང་བཅུ་གཉིས་པ་ཟླ་བ་ཕྱེད་པ་དང་། ཐིག་ལེར་བརྙས་པ་ཁ་འོག་ཏུ་བལྟས་ཤིང་ཁཾ་འཛག་པའོ།། དབང་ལྡན་ལ་སོགས་པའི་འདབ་མ་ལ་གནས་པ་ཡང་། དེ་བཞིན་དུ་ཡ་ར་ལ་ཝ་ཉིད་དོ།། དེ་ཉིད་གསུངས་པ། དེ་ཡི་དབྱངས་ནི་བཅུ ་གསུམ་པས། ཟླ་བ་ཐིག་ལེ་ལྡན་པ་ཆེ།། ཞེས་བྱ་བའོ།། དེའི་ཞེས་བྱ་བ་ནི་པདྨ་སྟེང་དུ་བལྟས་པ་ཡིན་ཏེ། སྟེང་དུ་ལངས་པས་ཞེས་བྱ་བའི་དོན་ཏོ།། པདྨ་འདབ་མ་བཅུ་དྲུག་སྟེང་དུ་ཁ་བལྟོས་པར་བལྟའོ་ཞེས་བྱ་བའི་དོན་ཏོ།། དབྱངས ་རྣམས་ཀྱི་ཁ་སྟེང་དུ་བལྟས་པ་ནི་མ་ཡིན་ནོ།། པུ་ལུ་ཏ་ན་དེ་རཿ་གྲགས་ཞེས་བྱ་བ་ནོ། ཨོཾ་གྱི་ས་བོན་གསུམ་བརྗོད་པའོ།། སྤྱི་བོའི་ནང་དུ་ཀླད་པ་ཞེས་བྱ་བ་ལ་ཀླད་པ་ནཱི་ཧེའོ།། སྤྱི་བོའི་ནང་དུ་ཞེས་བྱ་བ་ནི་སྨིནཱ་མའི་ནང་ངུའོ།། ཐིག་ལེའི་གཟུགས། ་ཞེས་བྱ་བ་ནི། ཧཾའི་སྤྱི་བོ་སྟོང་པར་ཐིག་ལེ་དང་ལྡན་པ་སྟེ། ཐིག་ལེ་དང་ཟླ་བའི་གཟུགས་ནི་ཐིག་ལེའི་གཟུགས་སོ།། མི་ཤིགས་པ་ཞེས་བྱ་བ་ནི། མི་ཤིགས་པ་མེད་པ་ནི། ཤིགས་པ་སྟེ་དེ་ལྟ་བུ་མ་ཡིན་པ་ནི་མི་ཤིགས་པའོ།། མགོ་བོ་སྟོང་པ ་ནི་ཧ་སྟཽ། ཇི་ལྟར་ཧཾ་ཞེས་པའོ།། ཨ་ཏ་སིའི་མེ་ཏོག་ལྟར་ཞེས་བྱ་བ་ལ། ཨ་ཏ་སི་ནི་ལྕུག་མའི་བྱེ་བྲག་གོ།། དེའི་མེ་ཏོག་ནི་དེ་ལྟ་བུ་ཧཾ་གི་ས་བོན་ནོ།། དེའི་དེ་དབྱིབས་ཉིད་ཡིན་པའི་ཕྱིར་ཏེ། དེའི་ཁ་དོག་ནི་མ་ཡིན་པའི་ཕྱིརརོ།། འཛག་པ་ནི་གང་ཞིག ་ཁ་བའི་སྙིང་པོའི་གཟུགས་ཉིད་དོ།། འཁོར་ལོ་ཞེས་བྱ་བ་ནི་པདྨ་འང་བ་མ་སུམ་ཅུ་རྩ་གཉིས་ཁ་དོག་སྣ་ཚོགས་སོ།། ཁྱད་འཕགས་དབྱངས་དང་ཡི་གེ་འབྲུ་ཞེས་བྱ་བ་ནི། དབྱངས་ཁོ་ན་བཅུ་དྲུག་གོ། རང་གིས་ཕྱག་རྒྱ ་རྣམས་ཀྱིས་ལྡན་ཞེས་བྱ་བ་ནི་ཐིག་ལེ་ལ་སོགས་པའི་ཕྱག་རྒྱ་དེ་རྣམས་ཀྱིས་ལྡན་པའོ།། སྤྱི་བོ་ནི་སྨིན་མའི་ནང་དུ་པདྨ་འདི་བ་མ་བཅུ་དྲུག་ཁ་དོག་སྣ་ཚོགས་ཁ་འོག་ཏུ་བལྟས་པའི་སྟེང་དུ་ཟླ་བ་ལ་ཧཾ་གཅིག་པུའོ།། གཅིག་པུའི་མཐོ ་རྣམ་སུ་འདབ་མེ་བཅུ་དྲུག་རྣམས་ལ་དབྱངས་བཅུ་དྲུག་འདི་རྣམས་ཐམས་ཅད་དུ་ཁ་འོག་ཏུ་བལྟས་པར་ཁ་བ་ལྟ་བུ་འཛེག་པའོ།། སངས་རྒྱས་བྱིང་ཆུབ་ར་བ་སྦྱིན་མོ་ཞེས་བྱ་བ་ནི། ཐམས་ཅད་དུ་ཧ་ལ་སོགས་པས་བྱང་ཆུབ་སྦྱིན་པའོ། ་ལྟེ་བར་གཏུམ་མོ་འབར་བ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཤིང་། སྨན་ལ་སོགས་པའང་བསྲེགས་ཤིང་། སྤྱན་ལ་སོགས་པའདྲ་བ་སྲོགས་པ་ཡིས།། བསྲེགས་པས་རི་བོང་ཅན་ཧཾ་འཇིག་ཅེས་གསུངས་སོ།། ཨོཾ་གི་ཐིག ་ལོའི་འོད་ཟེར་དང་ཧཱུཾ་གི་ཐིག་ལེའི་འོད་ཟེར་གྱིས། ཧཱུཾ་དང་ཕྱག་འཚལ་བའི་ཐིག་ལེ་འོད་དུ་ཞུ་ཞིང་། ཁུ་བས་ཡང་འོད་ཟེར་སྤྲོས་པས་ཨཾ་གྱི་ཐིག་ལེ་ལ་བཞག་ནས་འདི་ལྟར་ཡང་དང་ཡང་དུ་བསྒོམ་པར་བྱའོ།། རྡོ་རྗེ་མཁའ་འགྲོ་ལ ་སོགས་པ་འམ་གཞོན་པའི་རྣལ་འབྱོར་དང་རྗེས་སུ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་རྫོགས་ནས། དཀྱིལ་འཁོར་བ་དང་བཅས་པ་ཚོགས་བསྒོམ་པར་བྱ་ཞིང་སྔགས་བཟླས་པར་བྱ་སྟེ། གོང་གི་རྣལ་འབྱོར་འདི ་བསྒོམ་པར་བྱའོ།། ཇི་ལྟར་འདོད་པའི་བྱ་བ་ནི། དེ་ཡི་མེད་ཅེས་བྱ་བ་གསུངས་ཏེ། འདིའི་ཕྲ་མོ་དང་རྒྱ་ཆེ་བའི་ངོ་བོའི་རྣལ་འབྱོར་བསྒོམས་པ་ལས་བརྟུལ་ཞུགས་ཀྱི་ངེས་པ་ཡོད་པ་མ་ཡིན་ནོ།། ཕྲེང་བ་མེད་ཅིང་སྔགས་འཛིན་ཅེས་བྱ་བ་ཏེ།། ་ཕྲེང་བས་སྔགས་ཀྱི་འཛིན་པ་དེ་ཡོད་པ་མ་ཡིན་ནོ།། གང་གི་ཚེ་རྣལ་འབྱོར་མི་ནུས་པའི་རྣལ་འབྱོར་པ་ཇི་ལྟར་རེས་འགའ་སྒོམ་པ་པོའི་དེ་ཡོད་པ་ཁོ་ནའོ།། ཡང་ན་འདི་སྐད་དུ་སྦྱར་བར་བྱ་སྟེ། ཕྲེང་བས་སྔགས་ཀྱི་འཛིན་པའི་བཟློས་པ ་ཡོད་པ་མ་ཡིན་ཏེ། གཏུམ་མོའི་རྣལ་འབྱོར་གྱི་སྒོ་ནས་ཨཾ་ལ་སོགས་པའི་སྔགས་འཛིན་པ་ཡང་ཡོད་པ་ཁོ་ན་ཉིད་དེ། གལ་ཏེ་འདི་སྐད་དུ་རྣལ་འབྱོར་གྱི་བཟླས་པ་བྱེད་ན། དེའི་ཚེ་ཕྱི་རོལ་གྱི་སྔགས་བཟླས་པས་ཅི་ཞིག་བྱ་ཞེས ་བྱ་བ་ནི་དགོངས་པའོ།། སྦྱིན་སྲེག་ལས་ནཽ་ཞེས་བྱ་བ་ནི། ཕྱི་རོལ་དུ་གྱུར་པོའི་མར་ལ་སོགས་པར་བརྗོད་པ་ལས་ཟློག་པའོ།། གླང་གི་ཕྱིར་གཽ་ཏུ་མ་མོ་འདིའི་རྡོ་རྗེའི་མེ་སཽ་ཧཾ་གཱི་ཐིག་ལ་ཞུ་བོའི་མར་གྱི་སྦྱིན་སྲེག་ནི་ལྷན་ཅིག་སྐྱེས་པའི་རང ་བཞིན་ཅན་ནོ།། གཞན་དོང་གཞན་དག་ཅེས་བྱ་བ་ནི། གཞོན་དང་གཞན་དག་གི་མར་ཁུ་དང་ཡམ་ཤིང་ལ་སོགས་པའི་ངོ་བོའི་སྦྱིན་སྲེག་གི་ལས་སོ།། འདི་ནི་སྒྱུ་མ་ཆེན་མོའི་རྣལ་འབྱོར་པ་རྣམ་པ་གསུམ་མོ་ཞེས་གསུངས་པ། སྔགས ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ནི་ཨ་ལ་སོགས་པའོ།། དཀྱིལ་འཁོར་ནི་འཁོར་ལོ་བཞི་པོ་རྣམས་སོ།། དེ་རྣམས་ཀྱི་དབྱིབ་སོ་ནི་པདྨ་ལ་སོགས་པའི་གཟུ་རིགས་སོ།། ཆོས་ནི་འཛིན་པ་སྟེ་འོད་ཟེར་འགྲོ་བ་དང་འོང་བ་མཐོང་བའོ།། ་སྔགས་དང་དཀྱིལ་འཁོར་དང་དབྱིབས་དང་ཆོས་ནི་དབུགས་ཀྱི་ཟླ་སྟེ། གང་གཱི་རྣལ་འབྱོར་ང་ནི་དེ་ལྟ་བུའོ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས། བསྟེན་ན་མྱུར་དུ་འགྲུབ་པར་འགྱུར།། རྟག ་ཏུ་ཐབས་ཤེས་ལ་སོགས་པས།། བདེ་ཞིང་རངས་པས་འགྲུབ་པར་འགྱུར།། ཞེའོ།། དེ་བསྟན་པའི་ཕྱིར་བསྟེན་པར་བྱ་བ་ལ་སོགས་པ་གསུངས་པ་ནི། སྲིད་པའི་ལོངས་སྤྱོད་མཆོག་བསྟན་པར་བྱ་ཞེས་བྱ་བར ་སྦྱར་རོ།། རྣལ་འབྱོར་པས་ཞེས་ཤེས་པར་བྱའོ།། ལས་དང་ཉོན་མོངས་པ་ལས་བྱུང་བའི་ཕྱིར་སྲིད་པ་སྟེ་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སྲིད་པའི་ལོངས་སྤྱོད་ནི་སྲིད་པའི་ལོངས་སྤྱོད་དོ།། མཆོག་ཅེས་བྱ་བ་ནི་རབ་སྟེ། ་གང་གི་དེ་ནི་ཡུལ་རྣམས་ཞེས་སྨྲས་སོ།། འདི་དག་ཅེས་བྱ་བ་ནི་རབ་ཏུ་གྲགས་ཏེ་འཁོར་པའི་རྒྱུའོ།། ཇི་ལྟར་བསྟེན་པར་བྱ་ཞེ་ན། བསྟེན་བྱ་ཞེས་གསུངས་ཏེ། བསྟེན་པར་བྱ་བ་ཁོ་ན་འོ་ཞེས་བྱ་བའི་དོན་ཏེ། གྲོལ་བའི ་རྒྱུའི་ཕྱིརརོ་ཞེས་བྱ་བར་དགོངསོ།། བསྟེན་བྱ་ཇི་ལྟར་ཞེ་ན། འབད་པས་དུག་མེད་བྱས་ནུས་ནི། ཞེས་གསུངས་ཏེ། མེངྒ་པའི་སྒྲས་ནི་རབ་ཏུ་དགག་པའོ།། དུག་གི་སྒྲས་ནི་ཡུལ་རྣམས་ཏེ། ཕལ་པ་སོ་སོར་དུག་མེད་ཅིང་། ་དུག་མེད་པ་ནི་དུག་ཡོད་པ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། དུག་མེད་པར་བྱས་པ་ནི་མེད་པའི་ཡུལ་ཅན་དུ་བྱས་པའི་དོན་ཏེ། གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་ལས་ཡུལ་རྣམས་དྲུག་ཏུ་འགྱུར་ཏེ། ཞུ་བ ་སྡུག་བསྔལ་བར་བྱེད་པའི་ཕྱིར། ཡུལ་རྣམས་དུག་མེད་ཅེས་བྱ་བའི་ཐ་ཚིག་གོ།། སྦྱངས་པ་ལོངས་སྤྱད་པ་ནི། བདེ་བ་སྦྱིན་པའི་ཕྱིར་རོ།། དེ་བཞིན་དུ་ཡང་། གང་ཞིག་དེ་ཉིད་མ་མཐོང་བའི།། ཕྱིན་ཅི་ལོག་གི་བློ་ཡིས་དྲུག། དེ་ཡིས་དེ་ཉིད ་མ་ཐོང་བ་ཡི།། མེ་ལོག་བློ་ཡི་དུག་མེད་པ་ཞེའོ།། གལ་ཏེ་ཡང་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་ནི་དུག་སྟེ། གང་ལས་དུག་ཕྱུང་བ་དེའི་ཡུལ་ནི་དུག་མེད་པའོ།། དེ་རྣམས་ཀྱི་དུག་མེད་པ་ནི་དུག་མེད་པར་བྱས་པའོ།། ཇི་ལྟར ་ཞེ་ན། འབད་པས་ཞེས་གསུངས་ཏེ། འབྲད་པ་ནི་ལྷའི་རྣལ་འབྱོར་དང་རང་བཞིན་མེད་པའོ།། བརྩེ་བ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། སྲིད་པའི་སྐྱོན་གྱིས་མོ་གོས་སོ་ཞེས་བྱ་བ་དང་སྦྱར་རོ།། སྲིད་པའི་ལོངས ་སྤྱོད་ཀྱི་ཕྱིར་དུག་མེད་པར་བྱས་པའོ།། འདི་ནི་ཅི་ཞེ་ན། སྲིད་པའི་དངོས་པོ་མཆོག་བདག་ཅེས་བྱ་བ་གསུངས་ཏེ། སྲིད་པའི་དངོས་པོ་ནརྀ་ཡོད་པའོ།། དེའི་མཆོག་ནི་ཕྱིར་ལྡོག་པ་སྟེ་གང་གི་བདག་དེ་ནི་དེ་བཞིན་དུ་སྟེ། རྣལ་འབྱོར་པ་ཞེ ་བྱེ་བ་བར་གྱི་ཚིག་ཕྱིས་པའི་བསྡུ་བའོ།། ཡང་ན་སྲིད་པ་ལ་དངོས་པོ་ནི་མཁས་པ་སྟེ་སྟོང་པ་ཉིད་ལ་སོགས་པའི་ངོ་བོས་དེ་ཤེས་པའི་ཕྱིར་རོ།། དེ་ལྟ་བུའི་མཆོག་ནི་རབ་སྟེ་གང་གི་བདག་དེ་ནི་དེ་བཞིན་ནོ།། ཁ་ཅིག་ན་རཾ་མཆོག་གི་སྒྲས ་ནི་སྲིད་པ་བརྗོད་དོ་ཞེས་ཟེར་རོ།། སྲིད་པ་ནི་སྐྱེ་བ་རྣམས་སོ།། དེ་བཞིན་དུ་ཡང་ཇི་ལྟར་སྲིད་པའི་སྐྱོན་གྱིས་མི་གོས་ཤེ་ན། གསུམ་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། སྔགས་ལ་སོགས་པ་ཡོངས་སུ་ཤེས་པས་སམ། ་གོམས་པས་སོ།། ཡང་ན་སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་སྒོ་གསུམ་ཤེས་བྱས་སོ།། ཅི་ཇི་ལྟར་རེས་འགའ་གོམས་པས་སམ་ཞེས་སྙམ་པ་ལ། འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ་རྟག་པ་ཞེས་བྱ་བ་ནི་ཉི་མ་སོ་སོ་ལའོ།། རྒྱུན་ཏུ་ཞེས་བྱ་བ་ནི། དེ་ལ་ཡང་བར་མེད་པར། འདིར་ཡང་དུས་རིང་པོར་མི་ཐོགས་པར་འགྲུབ་པར་འགྱུར་རོ།། ཞེས་བྱ་བར། ཟླ་བ་དྲུག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ད་ནི་དགུག་པ ་སྨྲ་བར་བྱ་སྟེ། སྒྲུབ་ཐབས་ཀྱི་རིམ་པས་རང་གི་ས་བོན་སྙིང་གར་བསམས་ནས། དེའི་འོད་ཟེར་བཏོན་པ་ལས་མཆོད་པས་བླ་མ་ལ་སོགས་པ་ཡང་དག་པར་མཆོད་པ་དང་། སྡིག་པ་བཤོད་པ་ལ་སོགས་པ་བྱེད་པ་དང་། སྟོང་པ་ཉིད ་བསྒོམས་པས། རི་རབ་ལ་སོགས་པར་གནས་པའི་བྷྲཱུཾ་ལས་སྐྱེས་པའི་ཁང་པ་རྩེག་མའི་ནང་དུ་གནས་པ་པདྨ་འདབ་མ་བརྒྱད་པའོ།། དེའི་ནང་དུ་ཆོས་འབྱུང་གི་སྟེང་དུ་དང་པོའི་དབྱངས་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་རོ།། དེ་ལ ་ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་དང་། མཾ་ཡོངས་སུ་གྱུར་པའི་ཞགས་པ་དེས་བྱིན་གྱིས་བརླབས་པར་བསམས་ཤིང་། དེ་ཐམས་ཅད་ཡོངསུ་གྱུར་པ་ལས་སྒྱུ་མ་ཆེན་མོར་བདག་ཉིད་བསྒོམ་པར་བྱའོ།། དེ་བསྟན་པར་བྱ་བའི ་ཕྱིར་བསྒོམ་པར་བྱ་ཞེས་པ་ལ་སོགས་པ་གསུངས་སོ།། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཨ་ལས་བསྐྱེས་པའོ།། ས་བོན་ནི་ཞེས་བྱ་བ་ནི་མཾ་མོ།། སྡེ་ཞིང་དམར་བ་འདྲ་བའི་འོད་ཅེས་བྱ་བ་ནི་སྔོན་པོ་དང་དམར་པོ་ནི་གང་གི་སྔོན་པོ ་དང་དམར་པོ་འདྲ་བའི་འོད་དེ་ནི་དེ་བཞིན་ནོ།། སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བསྟན་པའོ།། སྔོན་པོ་ཞེས་བྱ་བ་ལ་སོགས་པའོ།། སྟེང་དུ་དབུ་སྐྱེས་སེར་ཞེས་བྱ་བ་ནི། དབུ་སྐྲ་སྟེང་དུ་སེར་པོ་ཞེས་བྱ་བའི་དོན་ཏོ།། འདིར་གསུངས ་པ་དང་འཆད་པར་འགྱུར་བའི་ལྷ་རྣམས་མན་ངག་ལས་གཡོན་བརྐྱང་བའོ།། འདབ་མ་བརྒྱད་པོ་རྣམས་ལ་ལྷ་མྱོ་བརྒྱད་པོ་རྣམས་འདི་ལྟ་བུ་ཉིད་དུ་རྣལ་འབྱོརརྱ་འདི་ལས་གཙོ་མོ་དང་། མན་ངག་ལས་དུས་མཉམ་པར་བསྐྱེད་པར་བལྟ ་བར་བྱའོ།། གོ་ཆ་ལ་སོགས་པ་ཐམས་ཅད་བྱ་བ་ཁོ་ན་སྟེ། ཨོཾ་ཨཱཾ.ཱ~ཾཿམཱཾ་ཧཱུཾ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ།། འདི་སྐད་དུ་གུས་པ་དང་བཅས་ཤིང་རྒྱུནི་མི་འཆད་པར་དུས་རིང་པོ་ནས་བསྒོམ་པ་ལ་སོགས་པས་སྔོན་གྱི་བསྙེན་པ ་བྱས་ནས་འཆད་པར་འགྱུར་བ་བསྒྲུབ་པར་བྱའོ།། འདི་ཉིད་ནི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོའི་སྔོན་པོའི་ཁ་དོག་དང་ལྡན་པར་ཇི་ལྟར་གྱུར་པ་དེ་བཞིན་དུ། དང་པོའི་ཡི་གེ་ནི་ཕྱག་འཚལ་བ་བསྒོམ་པའོ།། ་དེ་ལ་འདི་སྐད་དུ་ཕྱག་འཚལ་བ་རང་གི་སྙིང་གར་ཆོས་ཀྱི་འབྱུང་གནས་སུ་ཟླ་བའི་ནང་དུ་གནས་པ་འོད་ཟེར་ནག་པོའི་ཕྲེང་བ་འཁྱིལ་བ་བསམ་སེ་ཤིང་དེ་ནས་ཁ་དོག་དམར་པོ་སྣ་ཁུང་གཡས་པ་ནས་ཕྱུང་ནས། བསྒྲུབ་པར་བྱ་བའི་སྣ ་ཁུང་གཡོན་པས་སྙིང་ལ་བཅུག་སྟེ། དེར་ཕྱིན་པའི་རྣམ་པར་ཤེས་པ་དམར་པོའི་རྣམ་པ་ནས་ཀྱི་འབྲས་བུའི་ཚད་ཙམ་དང་། རང་གི་འོད་ཟེར་འདྲེ་བར་བྱས་ནས། གཡས་པའི་སྣའི་ཁུང་བུས་དེ་བླངས་ཏེ་ཕྱུང་ནས། རང་གི་སྣ་ཁུང་གི་ཡོན ་པ་ནས་བདག་གི་སྙིང་ལ་བཅུག་ཅིང་། རང་གི་རྣམ་པར་ཤེས་པ་ལ་ལྷག་པར་གནས་ཏེ་སྔགས་བཟླ་བར་བྱའོ།། དུས་མཉམ་པར་བསྒྲུབ་པར་བྱ་བ་རླུང་གི་དཀྱིལ་འཁོར་ལ་ཞོན་ནས་འོང་བར་བསྒོམ་པར་བྱ་ཞིང་ངེས ་པར་སྐྱེས་བུ་འམ་བུད་མེད་དགུག་པར་བྱའོ།། དེའི་ཕྱིར་གང་ལས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རིག་མ་ཞེས་བྱ་བ་ནི། སྒྱུ་མ་ཆེན་མོའི་གཟུགས་ཀྱི་རྣལ་འབྱོར་པ་ཞེས་བྱ་བའི་དོན་ཏོ།། རབ་སྦྱར་བ་ཞེས་བྱ་བ་ནི། གང ་ལའམ་གང་ལ་སྦྱར་བ་དེ་ལྟར་བྱེད་པ་དེ་ནི་མྱུར་དུ་འགུགས་པར་བྱེད་པའོ།། སྐད་ཅིག་ལས་ཞེས་བྱ་བ་ནི་ལྟ་བ་ཕྱིས་པཱས་ལྟ་པའོ།། དགུག་པའི་སྐད་ཅིག་རྙེད་ནས་མཉམ་པར་བཞག་པར་གྱུར་པས་དགུག་པར་བྱའོ་ཞེས་བྱ་བར་དགོད ་སོ།། ཁ་དོག་དམར་པོ་དེ་ནས་བསམ་ཞེས་བྱ་བ་ནི། འདི་ཉིད་ཀྱི་རྣལ་འབྱོར་ཁ་བསྐང་བར་བྱའོ།། འདི་ཡང་བཤད་ཟིན་ཏེ།། འདི་ལྟར་ཡང་ཕྱག་འཚལ་བ་ཁ་དོག་དམར་པོ་བསམས་ཏེ། དེ་དགུག་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ་ཕྱི་ནས་བསམ་གཏན་བསམ་པར་བྱ་ཞེས་བྱ་བ་ནི། སྔོན་གྱི་བསྙེན་པའི་དུས་སུ་བཅོམ་ལྡན་འདས་མ་དམར་ཞིང་དཀར་བ་བསམས་ཏེ། བསྐྱོབ་པའི་དུསུ་སྔགས་ལ་སོགས་པ་དམར་པོར་བསྒོམ་པར་བྱའོ།། ཆ་གཉིས་ཡང་དག ་ལྗོན་པར་ནི་ཞེས་བྱ་བ་ནི། ཆའི་སྒྲས་ནི་ཨའོ།། དེའི་གཉིས་པ་ནི་ཨཱ་སྟེ། དེ་དང་ལྡན་ཅིག་པའོ།། དེ་ཅི་ཞེ་ན། ལྡན་པར་ནི་ཞེས་བྱ་བ་གསུངས་པ་ནི། ཐིག་ལེ་གཉིས་སོ།། དེ་བས་ན་ཨཱཿཞེས་བྱ་བ་ཡིན་ནོ།། དེས་ན་ཅི་འགྱུར ་ཞེ་ན་གནས་གསུམ་པོའང་བསྒོམ་པར་བྱ་ཞེས་གསུངས་པ་ནི། གོང་མ་བཞིན་དུ་རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཨཱཿཁ་དོག་དམར་པོ་བསམས་ན། དེའི་འོད་ཟེར་གྱིས་གནས་གསུམ་དུ་ལུས་ལ་སོགས་པའི་བདག་ཉིད་ཅན་དང་། ་བསྒྲུབ་པར་བྱ་བ་སྣང་བར་དེ་བཞིན་དུ་ཕྱུང་ནས་བསྒྲུབ་བྱ་ལ་འཇུག་པ་ལ་སོགས་པར་བྱེད་ཅིང་སྔགས་བཟླས་པས་ངེས་པར་དབང་དུ་བྱེད་དོ།། དེའི་འདི་ཉིད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་རྣམས་ཀྱི་འམ་གང ་རྣམས་ཀྱི་ལུས་ལས་ས་བོན་གྱི་སྦྱོར་བ་བྱེད་པ་དེ་ནི། ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ་ཞེས་བྱ་བར་གསུངས་སོ།། འདིའི་རྒྱས་པར་བསྟན་པ་ནི་གནས་གསུམ་པོ་ནི་ཐམས་ཅད་དང་ཞེས་བྱ་བ་གསུངས་ཏེ། མཐོ་རིས་དང་ས་སྟེངས ་དང་རྐང་འོག་རྣམས་ནི་གནས་གསུམ་མོ།། ཤིན་ཏུ་རྒྱས་པ་ནི་ཚངས་པ་ལ་སོགས་པའོ།། འདོད་ལྷ་ལ་སོགས་ཞེས་བྱ་བ་ནི། སོགས་པའི་སྒྲ་ལས་འཐབ་བྲལ་ལ་སོགས་པའོ།། ལྷ་ཞེས་བྱ་བ་ནི་གཙོ་བོར་བརྗོད་དོ།། གང་གི་ཕྱིར་མི་ལ་སྩོགས ་པའི་ཡང་ཆུང་མར་བཅས་ཞེས་བྱ་བ་ནི། དེ་ལ་ཡང་འདིས་སྐྱེས་བུ་འབའ་ཞིག་ཁོ་ན་ནི་མ་ཡིན་ཏེ། འོན་ཀྱང་བུད་མེད་ཀྱང་དབང་དུ་བྱེད་དོ་ཞེས་བྱ་བར་དགོངས་སོ།། ཡི་གེ་ཕན་ཚུན་བསྐུལ་བ་ཡིས་ཞེས་བྱ་བ་ལ། ཡི་གེ་ནི་ཧཱུ~ཾ་ངོ་།། དེའི ་ཕན་ཞེས་བྱ་བ་ནི། གཞན་དང་སྟི་ཨ་དང་ཕྱག་འཚལ་བའོ།། དེའི་དོན་ནི་འདི་ལྟ་སྟེ། ཨོཾ་ཨཱཿཧཱུཾ་གིས་སོ།། བསྐུལ་བ་ཡིས་ཞེས་བྱ་བ་ནི། མཽ་གི་ས་བོན་ནང་དུ་བཅུག་པ་སྟེ་བསྒྲུབ་བྱའི་མིང་དང་ལྷན་ཅིགོ། སྔགས་བཟླས་པར་བྱའོ། ་ཞེས་བྱ་བར་དགོངས་པའོ།། ཅིའི་ཕྱིར་འདི་བཟླས་ཤེ་ན། དེ་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱི་ནི། སྔགས་ཀྱི་ཡི་གེ་གསུམ་གྱི་བཅོམ་ལྡན་འདས་མའི་སྤྱོད་པ་སྟེ། བྱ་བ་ཤེས་པའོ།། གར་མཁ། ་ཞེས་བྱ་བ་ནི་ལས་བརྒྱ་པོའི་མཚན་ཉིད་དོ།། དེ་སྦྱིན་མོ་ཞེས་བྱ་བ་ནི་སྒྲུབ་པ་པོ་རྣམས་ལ་དེའི་བསྐྱེད་པར་བྱེད་པའོ།། རྐང་པས་དགུག་པ་སྔར་གསུངས་ནས། ད་ནི་གོང་བུ་དགུག་པ་ནི། དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་དེའི་རྐང་པས་བཀུག་མ་ཐག་ཏུ་གོང་བུ་དགུག་པ་བརྗོད་དོ་ཞེས་ཤེས་པར་བྱའོ།། དེ་ཉིད་ནི་དབུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་བུ་མའི་མཐའ་ནི་མའོ།། དེས་ལྡན་པ་ཞེས་བྱ་བ་ནི། ཇི་ལྟར་གྱུར་པ་དེ་རུ་གོང་བུ་དགུག་པ ་བསྒོམ་པར་བྱ་བ་དང་སྦྱར་རོ།། འདི་ཉིད་ཇི་ལྟར་ཞེ་ན། གསུངས་པ་ཐིག་ལེ་སྒྲ་ཡིས་ཡང་དག་མནན་ཞེས་བྷ་ཐཱ་ནི། ཇི་ལྟར་གྱུར་པ་དེ་བཞིན་དུ། དབུ་མའི་མཐའ་དང་ལྡན་པ་ཡིན།། འདིས་ནི་མཱཾ་གས་གོང་བུ་དགུག་པ་ཞེས་བྱ ་བར་དགོངས་སོ།། བྱེ་བ་གསུངས་པ། སྐུ་གསུངས་ཐུགས་ལ་ཡང་དག་གནས་ཞེས་བྱ་བ་ནི། བསྒྲུབ་བྱ་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་པ་ལ་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་བ་ལས་ངེས་པར་འདི་ལ། ཆུའི ་དཀྱིལ་འཁོར་གྱིས་གཏོར་བ་དང་། དབང་ཆེན་གྱི་དཀྱིལ་འཁོར་གྱིས་མེའི་དཀྱིལ་འཁོར་ལ་མི་གཡོ་བར་བྱས་ནས། ལུས་དང་ངག་དང་སྙིང་དང་ནུ་མ་གཉིས་ཀྱི་བར་དུ། རླུང་དང་ཆུ་དང་མེ་དང་དབང་ཆེན་གྱི་དཀྱིལ་འཁོར ་རྣམས་ལ་མཱ་བསྣམས་ནས། དེ་བཞིན་དུ་ཡི་གེ་གསུམ་བཟླས་པ་དང་། བསྒོམ་པར་བྱ་ཞིང་དགུག་པར་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། མུཾ་དེ་བསྒྲུབ་པར་བྱ་བའི་ལུས་ལ་སོགས་པ་ལ་ཡང་དག་པར་གནས་པར་བསམས་ནས། གོང ་བུ་དགུག་པར་བསྒོམ་པར་བྱའོ་ཞེས་བྱ་བའི་སྒྲའི་དོན་ཏོ།། ཁུ་བ་དགུག་པ་གསུངས་པོ། བྷ་ག་ཞེས་བྱ་བ་ལ་སོགས་པ་ནི། སྒྲུབས་ཐབས་ཀྱི་རིམ་ནཱིཔས་བྷ་གའི་དབུས་སུའོ།། ཡེ་ཤེས་རྒྱ་མཚོ་ནི་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱ་ཞེས ་བར་སྦྱར་རོ།། ཡི་གེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་ཡི་གེའོ།། ཡི་གེ་ནི་ཡི་གེ་ཧཱུཾ་སྟེ་དེ་ལས་བསྙེད་པའི་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱའོ།། ལྷག་མ་ནི་གོ་སླའོ།། གཤོར་ཞེས་བྱ་བ་ནི་ཐོད་པ་ཉིད་དེ་ཉ་ཕྱིས་ཀྱི་རྣམ་པའོ།། རྣལ་འབྱོར་མ ་ལྟུང་བྱེད་མ་ལ་སོགས་པ་བཞི་པོ།། མཚམས་ཀྱི་འདབ་མ་རྣམས་ལ་ཡང་། ཐོད་པའི་དབུས་སུ་བཅོམ་ལྡན་འདས་རྣམ་པ་ལྔའི་རྣལ་འབྱོར་ལས་བྱུང་བ་དང་ངས་མཉམ་པར་བསྒོམ་པར་བྱའོ་ཞེས་བསྡུས་པའི་དོན་ཏོ།། དེ་ནས་སྤྲྀ་ཞེས་བྱ ་བ་གསུངས་པ་ལ། རྣལ་འབྱོར་མི་འཁོར་ལོ་ཞེས་བྱ་བ་ལྷག་མའོ།། དབུགས་ནི་གཡོ་བ་མེད་པར་ཞེས་བྱ་བ་ནི། ཇི་སྙིད་དབུགས་གཡོ་བ་མེད་པ་དེ་སྲིད་དུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རླུང་ཞེས་བྱ་བ་ལ་སོགས་པ་ནི་གོང་མ་ལ ་ཡང་བལྟ་བར་བྱའོ།། དེ་ལ་དེ་ཉིད་དུ་བཤད་པ་ཟིན་ཏོ།། འདི་ལྟར་ཡང་འདི་ལ་མཱཾ་དཀར་པོ་སྐུ་ལ་སོགས་པ་རྣམས་ལ་བསྒོམ་པར་བྱ་ཞིང་། བཅོམ་ལྡན་འདས་མཚན་ནི་གཙོ་བོ་རྡོ་རྗེས་སོ།། བསྒྲུབ་བྱ་དམིགས་པ་ཞེས་བྱ་བ་ལ་ནི། བསྒྲུབ་བྱ ་ཇི་ལྟར་གྱུར་པས་བསམ་ཞིང་རྡོ་རྗེས་སྨིན་མའི་དབུས་སུ་ཕྱེ་སྟེ། དེ་ནཱ་ས་འོངས་པའི་ཁུ་བ་རང་གི་ལྷག་པར་ཕྱིན་པའི་ཐོད་པ་དགང་པར་བསམ་ཞིང་། ཡི་གེ་གསུམ་འདི་དང་ཧཱུཾ་ལྷན་ཅིག་ཏུ་བཟླས་པར་བྱའོ།། ཆང་དགུག་པ ་གསུངས་པ། ཅི་ཞེས་བྱ་བ་ལ་སོགས་པ་ལ། ཅི་ཉིད་ཀྱི་ཡེ་ཤེས་ནི་རྣམ་པར་དག་པའི་ངོ་བོ་སྟེ་དེ་ཡོངས་སུ་གྱུར་པའི་རྡོ་རྗེའི་ལྟེ་བར་དེས་བྱིན་གྱིས་བརླབས་པར་བཅོམ་ལྡན་འདས་བསྐྱེད་པརཾ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། སྡིགས ་མཛུབ་རྡོ་རྗེ་ཞགས་པ་དང་ཞེས་བྱ་བ་ནི། སྡིགས་མཛུབ་ལ་རྡོ་རྗེས་མཚན་པའི་ཞགས་པ་སྟེ། བཅོམ་ལྡན་འདས་དེའི་གཡོན་པར་བསྒོམ་པར་བྱའོ་ཞེས་ཤེས་པར་བྱའོ།། གཞན་ལ་ཡང་མཚན་མ་འདི་སྐད་དུ་སྦྱར་བར་བྱའོ།། རྟའི་རྣམ་པའི ་གདོང་ཞེས་བྱ་བ་ནི། རྟའི་རྣམ་པ་ལྟ་བུས་བཅོམ་ལྡན་འདས་གང་གི་ཞལ་ནི་ལྷན་ཅིག་སྐྱེས་པའི་རྣམ་པའི་གདོང་ངོ་།། དེ་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་སུ་བདག་ཉིད་བསམ་པར་བྱས་ནས་ཞེས་བྱ་བའི་དོན་ཏོ།། གང་གི་ཚེ་གདོང་གི་གཟུགས ་སུ་གྱུར་པ་དེའི་ཆ་ཆང་འགུགས་པར་བྱེད་དོ།། ཁྲག་དགུག་པ་ནི། ར་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། གོ་སླའོ།། ཝའི་གདོང་གིས་རྣམ་པར་གནས་ཤེས་བྱ་བ་ནི། ཝ་ནི་ལྷ་ཉིད་དང་། ཙཾ་སྟང་སྡེ་དེའི་གདོང་ངོ་།། དམར་བ་དང་ནི་དཀར་བའི་ལུས ་ཞེས་བྱ་བ་ནི། ཁ་དོག་དམར་པོའི་སྐུ་སྟེ། རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱའོ།། མཁའ་འགྲོ་མའི་འཁོར་ལོ་སྤྲོ་ཞེས་བྱ་བ་ནི། སྒྲུབ་ཐབས་ཀྱི་རིམ་པས་ཨཱ་ལི་དོང་ཀ་ལི་དང་ར་ཡོངས་སུ་གྱུར་པའི་རྡོ་རྗེ་དེས་བྱིན་གྱིས་བརླབས་པ་ཡོངས་སུ་གྱུར ་པས་ལས་བཅོམ་ལྡན་འདས་དང་མཁའ་འགྲོ་མའི་འཁོར་ལོ་ལྟུང་བྱེད་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱི་ཆགས་ཐོད་པ་དང་། བ་ནཱི་དུས་མཉམ་པར་ཁོ་ནར་སྤྲུལ་ཞེས་བྱ་བའི་དོན་ཏོ།། བཞི་པ་རྙ་ནི་ཞེས་བྱ་བ་ནི། སྒྲུབ་པའི་དུས ་སུ་མཁའ་འགྲོ་མ་དེ་ཡང་ཝཱའི་གདོང་ཅན། རྡོ་རྗེ་ཕྲ་མོས་ཕག་པོའི་རྩ་ལས་སྐྱེས་པ་བཞིབ་པར་བསྒོམ་པར་བྱའོ།། ཞེས་བྱ་བའི་དོན་དོ།། དེའི་ཕྱིར་ཕྲ་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་ཏུ་སོན ་པའི་རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ།། བཅོམ་ལྡན་འདས་ཀྱི་ཕྱག་ཏུ་སོན་པའི་རྡོ་རྗེ་ཕྲ་མོའི་གཟུགས་ཀྱིས་བསྒྲུབ་པར་བྱ་བའི་རྩའི་འཁོར་ལོ་ཕིག་ནས་ཉིད་ཀྱི་ཞལ་ཝའི་གདོང་གི་གཟུགས་ཀྱིས་དང་། མཁའ་འགྲོ ་མའི་འཁོར་ལོའི་ཞལ་དེའི་གཟུགས་ཀྱིས། དེའི་རྩའི་འཁོར་ལོའི་ཁྲག་བཞི་པས་པས་དགུག་པར་བསྒོམ་པར་བྱའོ།། ཞེས་བྱ་བར་དགོངས་པའོ།། འདི་ཐམས་ཅད་དུ་གུས་པ་དང་བཅས་པ་དང་། རྒྱུན་ཏུ་དུས་རིང་པོར་བསྒོམ་པ་དང ་བཟླས་པ་དེ་དག་གིས་འགྲུབ་པར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ།། སོ་ཞེས་བྱ་བ་ལས་ཡོངས་སུ་རྫོགས་པའོ།། སྒྱུ་མ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱིའོ།། རྣམ་པར་བྱེད་པ་ནི་རོལ་པ་སྟེ། གང་གིས་མན་ངག ་གི་ངོ་བོ་བརྗོད་པ་དེ་ནི་སྒྱུ་མ་ཐམས་ཅད་རྣམ་པར་བྱེད་པ་སྟེ་ལེའུ་བཅུ་གཅིག་པོའོ།། །། འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་གཅིག་པའོ།། །། ད་ནི་རྡོ་རྗེ་མཁའ་འགྲོའི་གཞུང་གཞན་གྱིས ་བསྒྲུབ་པ་བསྒྲགས་པའི་ཕྱིར་ལེའུ་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པ་ནཱི། བཅོམ་ལྡན་འདས་ལ་ཞུས་མ་ཐག་ཏུ། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དང་པོ་རོ་ནི་བསྒོམ ་བྱ་བ་ཞེས་བྱ་བ་ནི་མཆོད་པ་དང་བྱང་ཆུབ་སེམས་བསྐྱེད་པ་ལ་སོགས་པའི་མཐར། རི་རབ་ཀྱི་སྟེང་དུ་ཁང་པ་རྩེག་མ་ལ་པདྨའི་སྟེང་དུ་ར~ཾ་བསྒོམ་པར་བྱའོ།། དང་པོ་ཞེས་བྱ་བ་ནི། ཨ་ལེ་སོགས་པ་སྟེ་ཧཱུཾ་ལ་ལྟོས་པའི་ཕྱིར་རོ།། ཆོས་ཀྱི ་དབྱིངས་ཀྱི་བདག་ཉིད་ཅེས་བྱ་བ་ལ། ཆོས་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིའོ།། དབྱིངས་ནི་རང་བཞིན་ཏེ་ཆོས་ཀྱི་དབྱིངས་ནི་སྟོང་པ་ཉིད་དོན་དམ་པར་དངོས་པོ་ཐམས་ཅད་ཀྱི་གཟུང་བ་ལ་སོགས་པ་དང་བྲལ་བའོ།། དེ་ཡང་སེམས ་ཙམ་ཉིད་དེ་དེའི་སོ་སོར་སྣང་བ་ནི་བརྫུན་པའི་ཕྱིར་རོ།། སེམས་འདི་འབའ་ཞིག་ནི། སྔོན་པོ་ལ་སོགས་པར་སྣང་བའི་ཕྱིར་ཕྱི་རོལ་ལྟ་བུར་འདོད་དེ། ཐོག་མ་མེད་པའི་དུས་ནས་སྤྲོས་པའི་བག་ཆགས་ཀྱིས་དཀྲུགས་པའི་ཕྱིར་རོ།། དེ་བཞིན ་དུ་ཡང་གསུངས་པ། གལ་ཏེ་ཤེས་པར་བྱ་བའི་གཟུགས།། ཕྱི་རོལ་ལྟ་བུ་རུ་སྣང་བ་ཉིད།། དེ་དོན་རྣམ་ཤེ་ས་ངོ་བོའི་ཕྱིར།། དེ་ཡི་རྐྱེན་ནི་དེ་ཡིས་ཀྱང་ཞེའོ།། རྣམ་པར་ཤེས་པ་ཐམས་ཅད་རང་གི་ཡན་ལག་དམིགས་པའི་ཕྱིར་རོ།། ་ཡང་གསུངས་པ། ཇི་ལྟར་བྱིས་པས་རྣམ་བརྟགས་པའོ།། ཕྱི་རོལ་དོན་ནི་ཡོད་མ་ཡིན།། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས།། དོན་དུ་སྣང་བ་རབ་ཏུ་སྐྱེ་ཞེའོ།། སེམས་ཀྱི་གཟུང་བ་ལ་སོགས་པ་སྟོང་པ་ཉིད་ནི། དབྱིངས་ཞེས་བརྗོད ་དེ་ཉིད་ནི་ཆོས་རྣམས་ཀྱི་དབྱིངས་ཏེ། ཆོས་ཀྱི་དབྱིངས་ལྟ་བུར་བདག་གི་རང་གི་ངོ་བོ་གང་གི་རོའི་དེ་ན་དེ་བཞིན་ཏེ། རང་གི་དོན་ལ་ཀ་ནའོ།། ཇི་ལྟར་རོ་རང་བཞིན་མེད་པ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཞེས་བྱ་བར་དགོངས་པའོ།། མཁས་པ་ཞེས ་བྱ་བ་ནི། དེ་བཞིན་གཤེགས་པ་ཁོ་ན་སྟེ། ཆོས་ཉིད་རྟོགས་པའི་ཕྱིར་དེ་བཞིན་གཤེགས་པ་ཉིད་དོ།། རྣལ་འབྱོར་པ་ཞེས་བྱ་བ་ནི་སྔར་གསུངས་པའི་མཆོད་པ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པའོ།། དེ་སྟེང་གནས་ཞེས་བྱ་བ་ནི་རོ་མནན ་པའི་གཟུགས་ཀྱིས། དེ་བཞིན་ཉིད་མནན་ནོ་ཞེས་བྱ་བའི་དོན་ཏེ། དེ་བཞིན་ཉིད་འདི་ལས་ཀྱང་སྤྲོས་པ་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་སོ།། གང་དག་སེམས་ཙམ་ཡང་དོན་དམ་པར་མི་འདོད་པ་དེ་རྣམས་ཀྱི་ཉམས་སུ་མྱོང་བ་ཡང་ཡོད་པ ་མ་ཡིན་ཏེ། དེ་བཞིན་དུ་ཡང་དངོས་པོ་ཐམས་ཅད་རྣམས་ཀྱི་སྟོང་པ་ཉིད་དོ།། མཆོག་གི་ག་ནཱི་ས་ནི་ཞེས་བྱ་བ་ནི། མཆོག་གཉིས་སུ་མེད་པའི་ཕྱིར། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་གནས་པར་གྱུར་པའི ་ཕྱིར། གནས་ནི་རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱའོ།། དེ་ཉིད་ནི་ཕྱིས་འཆད་པར་འགྱུར་རོ།། བསྒོམ་པ་རྩོམ་པ་གསུངས་པ། ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་གྱི་ནི་རྡོ་རྗེ་འཛིན་པའི་དེ་ཁོ་ན་སྟེ། ཀུན་དེ་ཁོ་ན་ནི་ཧཱུཾ་ངོ་།། དེའི་དགོད་པ་གང ་ལ་ཞེ་ན། རང་གི་སྙིང་གའི་ཟླ་བའི་དབུས་སུ་ཞེས་གསུངས་པ་ནི། རྣལ་འབྱོར་པའི་རང་གི་སྙིང་གའི་ཟླ་བ་སྟེ། དེའི་དབུས་སུ་ཧཱུཾ་དགོད་པའོ།། དགོངས་པ་མཛད་དུ་གསོལ་ཞེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་བ་གསུངས་པ་དང་སྦྱར་རོ།། ་ཅི་མཛད་པས་ཤེ་ན། ངའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ནི་ཧཱུཾ་གཾའོ།། འོད་ཟེར་ལས་བྱུང་བའི། མཁའ་འགྲོ་མ་སོགས་ཀྱིས་ཤེས་བྱ་བ་ནི། མཁའ་འགྲོ་མ་དང་དེ་བཞིན་དུ་ལཱ་མ་དང་། དུམ་སྐྱེས་མ་དང་གཟུ ་ཅན་མ་འདི་རྣམས་ཀྱིས་བླ་མ་དང་རྡོ་རྗེ་མཁའ་འགྲོ་ཡིད་ཀྱིས་མཆོད་པ་དང་ཕྱག་འཚལ་བའོ།། ཀུན་གྱི་ཞེས་བྱ་བ་ལ་སོགས་པ་བསྡུས་ཏེ་བསྟན་པ་ནི་རྒྱས་པར་བསྟན་པའི་ཕྱིར་གསུངས་པ། སྟན་ཏེ་ར་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ། ་བྱམས་སེམས་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་སྡུག་པ་ནི་བྱམས་པ་སྟེ། དེ་ལས་བྱུང་བ་ནི་བྱམས་པའི་ང་ཡིན་ལ་སེམས་ཀྱང་ཡིན་པ་ནི་བྱམས་པའི་སེམས་སོ།། འདི་ཡང་ཉེ་བར་མཚན་པ་ཙམ་གྱི་ཕྱིར་ཏེ།། ་སྙིང་རྗེ་ལ་སོགས་པའི་སེམས་ཀྱང་ཡོངས་སུ་གཟུང་ངོ་།། བྱས་དེ་ནས་ཞེས་བྱ་བ་ནི། བྱམོས་པ་ལ་སོགས་བསྒོམ་པ་བྱས་ནས་འཆུད་པར་འགྱུར་བ་གསུངས་པ། ཞེས་བྱ་བའི་བྱ་བ་དང་སྦྱར་རོ།། ཕྱི་ནས་ཤེས་བྱ་བ་ནི་སྒྲུབ་པའི་ཐབས ་ཀྱི་རིམ་པས་རི་རབ་ཀྱི་སྟེང་དུ་པདྨ་བསྒོམས་མ་ཐག་ཏུའོ།། དཀྱིལ་འཁོར་ཞེས་བྱ་བ་ནི་ཁང་པ་རྩེག་མའོ།། བྲི་བར་བྱ་ཞེས་བྱ་བ་ནི། རི་མོ་འདྲ་བར་བལྟའོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ནི་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཁ་ཅིག ་ན་རེ་ཕྱི་ནས་ཞེས་བྱ་ནི། མཆོད་པ་ལ་སོགས་པ་བྱས་ཏེ། ཕྱི་ནས་ཁང་པ་རྩེག་མ་བསྒོམ་པར་བྱའོ་ཞེས་ཟེར་རོ།། དེའི་ནང་ཞེས་བྱ་བ་ནི། དེའི་ཁང་པ་རྩེག་མའི་སྙིང་པོ་ལའོ།། རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན་ཅེས་བྱ་བ་ནི་རྡོ་རྗེ་ཕྲེང་བའི་རྒྱ་མོ ་རྡོ་རྗེ་དཀར་པོའི་ཕྲེང་བ་འཁྱིལ་པའི་རྣམ་པས་བལྟ་བར་བྱའོ་ཞེས་བྱ་བར་དགོངས་སོ།། དེའི་ཞེས་བྱ་བ་ནི། རྡོ་རྗེ་དཀར་པོའི་འཕྲེང་བ་འཁྱིལ་བའི་འོ།། ནང་དུ་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པ་དཀར་པོའོ།། དཀར་པོ་ནི་སྐུ་རྡོ་རྗེའི་རང་བཞིན ་གྱི་ཕྱིར་རོ།། དེ་སྟེངས་ཞེས་བྱ་བ་ནི་རྡོ་རྗེ་དཀར་པོའི་ཕྲེང་བ་འཁྱིལ་པོའི་སྟེང་གི་མཐའ་ནི་ཕྱི་རོལ་ཞེས་བྱ་བའི་དོན་ཏོ།། པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོ་ནི་གསུངས་གི་རང་བཞིན་གྱི་ཕྱིར་རོ།། དེ་ཉིད་ནི་མདོག་དམར་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། དེའི་ཞེས་བྱ་བ་ནི་པདྨའི་རྡོ་རྗེའི་ཕྲེང་བ་དམར་པོ་འཁྱིལ་པ་སྟེ། རྡོ་རྗེའི་ཕྲེང་བའི་གྲངས་ཀྱི་བསྲུངས་པས་བསྐོར་བར་བྱའོ་ཞེས་བྱ་བ་ཇི་སྙེད་པའོ།། ནང་དུ་ཞེས་བྱ་བ་ནི། དེ་མ་ཐག་པ་ཡིན་ནོ།། པདྨའི་དེ་ཉིད་ནི་ཡང་ནི་ཞེས་བྱ་བ ་ལ་སོགས་པ་གསུངས་སོ།། དབང་པོ་སྔོན་པོ་འདྲ་བའི་འོད་ཅེས་བྱ་བ་ལ། ནག་པོ་ནི་ཐུགས་ཀྱི་རྡོ་རྗེའི་རང་བཞིན་གྱི་ཕྱིར་རོ།། དེའི་ཞེས་བྱ་བ་ནི་དཀྱིལ་འཁོར་གྲུ་བཞི་པའི་ནང་དུ་པདྨ་ནག་པོ་བྲི་བར་བྱའོ།། ཅི་བྱུང་བས་ཤེ་ན། སྨྲས་པ་རྡོ་རྗེའི་ཕྲེང ་བ་ནག་པོ་འཁྱིལ་པའོ།། རྡོ་རྗེ་ཐམས་ཅང་འདི་རྣམས་ཀྱི་རྩེ་མོའི་མཐའ་རྣམས་ལ་ཐིག་ལེ་ལྔ་པོ་རྣམས་བལྟ་བར་བྱའོ།། དེ་ཉིད་ནི་འདི་སྐད་དུ་རྡོ་རྗེའི་ཀ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀ་བའི་སྒྲས་ནི་རྩེ་མོ་རྣམས་སོ།། དཀྱིལ་འཇོ ་ཞེས་བྱ་བ་ནི་ཐིག་ལེ་རྣམས་སོ།། རྣམ་པར་བརྒྱན་ཞེས་བྱ་བ་ནི་དཀྱིལ་འཁོར་རོ།། རི་རབ་རི་ཡི་སྤྱི་བོར་སོན། པདྨ་ཞེས་བྱ་བ་ནི། དངོས་གྲུབ་རིན་པོ་ཆེ་མང་པོའི་གནས་ཀྱི་ཚོགས་ཕྱིར་དང་། ཕ་རོལ་གྱི་རབ་ཏུ་རྒོལ་བའི་རླུང་རྣམས་ཀྱིས་མི ་གཡོ་བའི་ཕྱིར་ཡང་རི་རབ་བོ།། རིའི་སྒྲས་ནི་སྔགས་ཀྱི་ཐེག་པ་ཆེན་པོའོ།། དེའི་ཡང་སྤྱི་བོ་ནི་སྔགས་ཀྱི་ཐེག་པ་ཆེན་པོ་མཆོག་གོ།། དེ་དང་དཀྱིལ་འཁོར་གྱི་ནང་དུ་སྟེ། དེ་ལ་སོན་པ་ནི་མི་གཡོ་བའི་ཚུལ་གྱིས་གནས་པའོ།། ་དེ་ཅི་ཞེ་ན། པདྨ་ཞེས་བྱ་བ་གསུངས་པ་ནི། སེམས་འདི་ནི་རྣམ་པཱ་ར་དག་པ་སྟེ། འདོད་ཚུགས་ལ་སོགས་པའི་སྐྱོན་གྱིས་མ་གོས་ཤིང་། པདྨ་སྣ་ཚོགས་འདབ་མའི་གཟུགས་ཀྱིས་གནས་སོ་ཞེས་བྱ་བར་དགོངས་ཏེ། དེའི་ཕྱིར་སྣ ་ཚོགས་གཟུགས་ཞེས་གསུངས་སོ།། ཡིད་འོང་ཞེས་བྱ་བ་ནི། འདིར་ཡིད་དགའ་བའི་ཕྱིར་དེ་ནི་དེ་བཞིན་ཏེ། ཀུན་རྫོབ་ནི་དོན་དམ་པའི་ངོ་བོའི་ཕྱིརརོ།། སྨྲ་བ་ནི་དགོངས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དཀྱིལ་འཁོར ་འབྲི་བའི་དུས་སུ་ཡང་བལྟ་བར་བྱའོ།། བྲི་བར་བྱ་ཞེས་བྱ་བ་ནི་དོན་གཞན་དུ་འཇུག་པའི་ཕྱིར་རོ།། དགོངས་པ་མཛད་དུ་གསོལ་ཞེས་བྱ་བ་ནི། རྗེས་སུ་ཡི་རང་བར་མཛད་པ་དང་། ལོགས་པས་བདག་ལྔ་གནང་བར་མཛོད་ཅིག་པའོ།། ་སུ་ལས་ཤེ་ན། གསུངས་པ། སངས་རྒྱས་ཞེས་བྱ་བ་ནི་ཡང་དྲུག་པར་རྫོགས་པའི་སངས་རྒྱས་སོ།། བྱང་ཆུབ་སེམས་དཔའ་ཀུན་ཞེས་བྱ་བ་ལ། བྱང་ཆུབ་ནི་ལྷ་རྣམས་ཀྱི་ཚོགས་སོ།། སེམས་དཔའ་ནི་སེམས་ཙམ་སྟེ། དེའི་བདག་ཉིད ་ཅན་གྱི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་དང་ཀུན་ཞེས་བྱ་བ་དེ་ནི་དེ་བཞིན་ནོ།། མིང་ནི་ཆེ་གེ་མོ་ཞེས་བྱ་བ་ནི། རང་གི་མིང་གཟུང་བས་ཤིན་ཏུ་ཡང་སྣང་བར་མཛད་པ་ལའོ།། དུས་འདི་ཉིད་ནས་གཟུང་ནས་ནི་ཞེས་བྱ་བ་ནི། དེ་ལྟར་གྱི་དུས ་ནས་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ལས་སྐྱེས་པ་གཟུང་བར་བྱས་ནས། རྒྱུར་བྱས་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་ནི་ཇི་སྲིད་ཅེས་བྱ་བའི་སྒྲར་བསྙེགས་ཏེ། བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི་ཞེས་བྱ་བ་དང་སྦྱར་རོ།། དུས ་ཇི་ཙམ་དུ་ཞེ་ན། བྱང་ཆུབ་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བྱང་ཆུབ་སྙིང་པོ་ནི་བཅུད་དེ་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའོ།། དེ་ལ་མཆིས་ཞེས་བྱ་བ་ནི། གནས་པའོ།། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་ཞེས ་བྱ་བ་ནི། བྱང་ཆུབ་སྙིང་པོ་ལ་མཆིས་པའི་མན་རཱ་ཐུག་པར་བྱསྡུ་པ་ཞེས་བྱ་བའི་དོན་ཏོ།། བྱ་བ་གསུངས་པ། བསྐྱེད་པར་བགྷྣཱཾ་ཞེས་བྱ་བ་ལ་སོགས་པའོ།། བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི། སྦྱིན་པ་དང་འཇུག་པའི་ང་བོན།། བླུན ་མོང་པ་ཞེས་བྱ་བ་ནི། བླ་ན་མེད་པ་ཡང་དག་པའི་བྱང་ཆུབ་ཀྱི་འབྲས་བུ་འབྱུང་བའི་ཕྱིར་རོ།། དེ་ལ་བདག་རྡོ་རྗེ་མཁའ་འགྲོར་གྱུར་ནས། སེམས་ཅན་ཐམས་ཅད་རྡོ་རྗེ་མཁའ་འགྲོར་བྱའོ་ཞེས་སྨོན་པ་བྱང་ཆུབ་ཀྱི་སེམས་སོ།། སྦྱིན་པ ་ལ་སོགས་པའི་བྱ་བའི་ངོ་བོ་འཇུག་པ་བྱང་ཆུབ་ཀྱི་སེམས་སོ།། ཇི་ལྟར་ཞེས་བྱ་བ་ལ་སོགས་པའོ།། དུས་གསུམ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་ནི་དུས་གསུམ་མོ།། ལི་མུ་གསུམ་ནི་གཤེགས་པ་དང་མ་བྱོན ་དང་ད་ལྡར་རང་བཞིན་གྱི་ཕྱིར། དེ་རྣམས་ཀྱི་མེད་པའི་ང་གསུམ་མོ།། མགོན་པོ་རྣམས་ཞེས་བྱ་བ་ནི། མགོན་པ་སངས་རྒྱས་རྣམས་པ།། དེས་མཛད་པ་ཞེས་བྱ་བ་ལ་གང་དག་གི་མཛད་པའི་ནི་ཡིད་ལ་བྱེད་པ་སྟེ་སྦྱིན་པ་ལ ་སོགས་པའི་བྱ་བའི་མཚན་ཉིད་ཀྱིའོ།། ངེས་ཞེས་བྱ་བ་ནི་དེ་མ་ལུས་པས་གང་གི་བསགས་པ་ནི་ཕུང་པོའོ།། ཅིའི་དོན་དུ་ཞེ་ན། བྱང་ཆུབ་ཏུ་ནི་ཞེས་བྱ་བ་གསུངས་ཏེ། ཡང་དག་པར་རང་དང་གཞན་གྱི་དོན་ནུས་པ ་འདིའི་བྱང་ཆུབ་ལ་ཞེས་རྒྱུ་མཚན་གྱི་བདུན་པའོ།། ཇི་ལྟར་བྱང་ཆུབ་སེམས་དཔའི་གནས་སྐབས་ལ་སངས་རྒྱས་ཏེ་འདས་པ་ལ་སོགས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་དང་ལྡན་པ་དང་། བསྐྱེད་པར་འགྱུར་བ་དང ་བསྐྱེད་པ་ནི་བྱང་ཆུབ་ཀྱི་དོན་ཡིན་པ་དེ་བཞིན་དུ་བདག་ཀྱང་ཞེས་བྱ་བར་དགོངས་པའོ།། ཡང་ན་སངས་རྒྱས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། སངས་རྒྱས་ཉིད་ལ་སྦྱོར་བ་ལ་སྐྱེས་པའི་ཕྱིར་དང་།། བྱང་ཆུབ་ཀྱི་སེམས ་པའི་ཕྱིར་ད་ལྟ་ཉིད་ན་སངས་རྒྱས་སུ་རྟོགས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ།། སྔོན་དུ་འགྲོ་བའི་སྨོན་པ་དང་འཇུག་པའོ།། དེ་ཉིད་ནི་རེ་ཞིག་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་ལ་འཇུག་པ་དང་མི་དགེ་བ་ལས་ལྡོག ་པ་དང་། དོན་དམ་པར་བྱ་བའི་མཚན་ཉིད་དེ། ཚུལ་ཁྲི་མོས་རྣམས་པ་གསུམ་ཞེས་བྱའོ།། འདི་ཉིད་ཀྱི་ཕྱིར་འདི་བཤད་པ། དགེ་བ་ཞེས་བྱ་བ་ལ་སོགས་པོ་ནི་གོ་སླའོ།། སོ་སོར་གཟུང་བ་ཞེས་བྱ་བ་ནི་རྟག་ཏུ་འཇུག་པས་ཡང་དང་ཡང ་དུ་འཛིན་པའོ།། བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཁོ་ན་ཁས་བླངས་པ་སྟེ། འཁོར་བ་གདོན་ཅིང་སྦྲེལ་བའི་ཕྱིར་ང་རྒྱལ་བྱེད་པའོ།། བརྟན་པོར་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པས་བཀའ་ལས་མི་འདའ་བར་འགྲོ་བ་ཇི་ལྟར་གྱུར་པའི་བྱ། ་བའི་ཁྱད་པར་གྱིས་བྱས་པའི་སྨོན་ལམ་སངས་རྒྱས་ལ་སོགས་པ་ལ་གནས་པར་བྱེད་པ་བསྟན་པར་བྱའོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ཉིད་རྟོགས་པའི་ཕྱིར་སངས་རྒྱས་ཏེ། བག་ཆགས་དང་བཅས་པའི ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བཅོམ་པའི་ཕྱིར་རོ།། ཆོས་ཞེས་བྱ་བ་ནི་ལུང་ཤེས་པའི་རྔ་བོའོ།། དགེ་འདུན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་འཇམ་དཔལ་རྡོ་རྗེ་ལ་སོགས་པ་འདུས་པའོ།། དང་པོར་དཀོན ་མཆོག་གསུམ་ཞེས་བྱ་བ་ནི། དགའ་བ་རྒྱུས་པའི་ཕྱིར་དཀོན་མཆོག་རྣམསོ།། གསུམ་ནི་ཐུགས་དང་གསུང་དང་སྐུའི་རང་བཞིན་རྣམས་ཏེ། དཀོན་མཆོག་རྣམས་སོ།། དཀོན་མཆོག་གསུམ་པོ་ཉིད་ནི། དཀོན་མཆོག་གསུམོ།། ་དེ་ཉིད་ཀྱི་དང་པོ་ནི་རབ་སྟེ་གྲངས་ཀྱི་དང་པོ་ཡིན་པའི་ཕྱིར་རོ།། དང་པོར་དཀོན་མཆོག་གསུམ་གཟུང་ཞེས་བྱ་བ་དང་སྦྱར་ཏེ། བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དང་པོར་གནས་ནས་ཕྱི་ནས་མངོན་དུ་བྱའོ་ཞེས་བྱ་བར་དགོངས ་པའོ།། དང་པོར་དཀོན་མཆོག་གསུམ་ཞེས་བྱ་བ་དེ་ཅི་ཞེ་ན། སངས་རྒྱས་ཆོས་དང་དགེ་འདུན་ཏ་ཞེས་བྱ་བ་དང་སྦྱོར་རོ།། བླ་ན་མེད་ཅེས་བྱ་བ་ནི། མཆོག་རབ་སྟེ་འདི་ལས་གཞན་དུ་ཡོད་པ་མ་ཡིན་པ་ནི་བླ་ན་མེད་པའོ།། བླ་ན ་མེད་པའི་འབྲས་བུ་འབྱུང་བའི་ཕྱིར་རོ།། སངས་རྒྱས་རྣ་བྱོར་ལས་སྐྱེས་པ་ཞེས་བྱ་བ་ནི། ལུས་ལ་སོགས་པའི་བདག་ཉིད་སྡོམ་པའི་ཕྱིར་སྡོམ་པ་ནི་དཀོན་མཆོག་གསུམ་ལ་སོགས་པ་སྟེ། སངས་རྒྱས་རྣམ་པར་སྣང་མཛད ་ལ་སོགས་པའི་རྣལ་འབྱོར་དང་སྦྱར་རོ།། དེ་ཞེས་པ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་སྡོམ་པའོ་ཞེས་བྱ་བར་དགོངས་པའོ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང ་ཞེས་བྱ་བ་ལ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ།། སོ་སོར་གཟུང་ཞེས་བྱ་བ་ནི་ཡང་དང་ཡང་དུ་འཛིན་པའོ།། དེ་ཉིད་ལས་ཞེས་བྱ་བ་ནི་གཉིས་སུ་མེད་པའི་དེ་ཁོ་ན་ལས་སོ།། སློབ་དཔོན་ཡང་ནི་ཞེས་བྱ་བ་ནི། བླ་མ་སྟེ་བླ་མ་སློབ་དཔོན ་ཀྱི་སྒྲས་ནི། མཁས་པ་རྣམས་ཀྱིས་གསུངས་སོ་ཞེས་བྱ་བའི་ཐ་ཚིག་གོ། རྡོ་རྗེ་རིགས་མཆོག་ཆེན་པོ་ལ་ཞེས་བྱ་བ་ནི། མི་བསྐྱོད་པའི་རིགས་ཆེན་པོའི་སྡོམ་པ་ཞེས་བྱ་བའི་དོན་ཏོ།། ཡང་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ལ ་སོགས་པའི་ངམ་ཚིག་གོ།། སློབ་དཔོན་ཡང་ནི་ཞེས་བྱ་བ་ནི་སློབ་དཔོན་གྱི་དབང་ངོ་།། སྦྱིན་པ་རྣམ་བཞི་ཞེས་བྱ་བ་ནི་ཆོས་དང་ཟོང་ཟིང་དང་། མི་འཇིགས་པ་དང་དགའ་བ་ལ་སོགས་པའི་མཚན་ཉིད་རྣམས་ནི་སྦྱིན་པ་བཞི་པོ་རྣམས་། ་ཡང་ན་དན་དང་ལྷག་པའི་དོན་དང་། ཡན་ལག་དང་ལྷོག་པའི་ཡན་ལག་གི་མཚན་ཉིད་རྣམས་སོ།། དོན་ནི་གསེ་ར་དང་དངུལ་ལ་སོགས་པའོ།། ལྷག་པའི་དོན་ནི་བུ་དང་ཆུང་མ་ལ་སོགས་པའོ།། ལྷག་པའི་ཡན་ལག་ནི་མགོ་བོ་དང ་ཆེལ་བུ་དང་གླང་པ་ལ་སོགས་པའོ།། དྲུག་བྱས་ནས་ཞེས་བྱ་བ་ནི་ལན་དྲུག་གོ།། ཉི་མ་ཞེས་བྱ་བ་ལ་སོགས་པས་ནི་ངེས་པར་བསྒོམ་པར་བྱའོ་ཞེས་བསྟན་པའོ།། གང་དུ་དེ་སྐད་དུ་བྱེད་ཅེ་ན། ཆེན་ཞེས་བྱ་བ་ལ་སོགས་པ་གསུངས ་པ་སྟེ། རིན་ཆེན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་བྱུང་བའི་ཕྱིར་རིན་ཆེན་འབྱུང་གནས་སོ།། གོང་མའི་ཕྱེད་ཀྱིས་མིང་བསྟན་པའོ།། དེ་བས་ན་རིན་པོ་ཆེ་དང་རིགས་ནི་རིན་པོ་ཆེའི་རིགས་སོ།། དེའི་ཕྱིར་སྤྲུལ་པ་དུ་མ་འབྱུང་བའི ་ཕྱིར་རོ།། ཅིར་གྱུར་པས་ཤེ་ན། སྦྱོར་བ་ཞེས་བྱ་བ་གསུངས་ཏེ། ཡང་སེམས་རྩེ་གཅིག་ཏུ་བྱེད་པ་འདིས་སྦྱོར་བ་སྟེ་བྱེད་པ་ལ་ཎྱཊའོ།། དམ་ཚིག་ནི་འདའ་བར་དཀའ་བའི་ཕྱིར་རོ།། ཡིད་དུ་འོང་བ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་སྦྱོར ་བའི་ཕྱིར་རོ།། དམ་ཆོས་ཞེས་བྱ་བ་ནི། དམ་པའི་སངས་རྒྱས་ཀྱི་ཆོས་ནི་དམ་པའི་ཆོས་སོ།། ཕྱི་དང་ཞེས་བྱ་བ་ནི་རྒྱུད་དུ་སོན་པའོ།། གསང་བ་ཐེག་པ་གསུམ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་དོང་ཐེག་པ་ཆེན་པོ་རྣམས ་ནི་ཐེག་པ་གསུམ་པོ་རྣམས་སོ།། ཐེག་པ་གསུམ་དུ་སོན་པ་ཉིད་ནི་ཐེག་པ་གསུམ་མོ།། གང་དུ་དམ་པའི་ཆོས་གཟུང་བར་བྱ་ཞེ་ན། ཆེན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། པདྨ་ནི་སོ་སོར་རྟག་པའི་ཡེ་ཤེས་ཏེ། དེ་ལས་བྱུང་བ་ནི ་འདིའི་པདྨའི་འོད་དཔག་ཏུ་མེད་པའོ།། ལྷག་མ་ནི་གོང་མ་བཞིན་ནོ།། དག་པ་ལ་ཞེས་བྱ་བ་ནི་གཟུང་བ་ལ་སོགས་པའི་མངོན་པར་ཞེན་པ་མེད་པའི་ཕྱིར་རོ།། བྱང་ཆུབ་ཆེན་པོ་ལས་བྱུང་བ་ཞེས་བྱ་བ་ནི། འདི་ལས་བྱང་ཆུབ་ཆེན་པོ ་འབྱུང་བའི་ཕྱིར་ཆོས་ཐམས་ཅད་ལ་རང་བཞིན་མེད་པ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག་པ་ནི་བྱང་ཆུབ་ཆེན་པོའོ།། མཆོད་པའི་ལས་ཀྱང་གཟུང་བར་བགྱི་ཞེས་བྱ་བ་དང་སྦྱར་རོ།། དེ་ཉིད་ཁྱད་པར་དུ་བྱ་བ་ནི་སྡོམ་པ་ཞེས་བྱ་བ་ལ ་སོགས་པའོ།། ཐམས་ཅད་ལྡན་པར་ནི་ཞེས་བྱ་བཱ་ལ། ཐུམས་ཅད་ནི་ཕྱི་དང་གསང་བ་རང་གི་ངོ་བོ་ཀུན་དང་ལྡན་པའི་ཕྱིར་རོ།། ཅི་ནུས་ཞེས་བྱ་བ་ནི། ནུས་པ་ལས་ཤིན་ཏུ་མ་འདས་པས་སོ།། གང་དུ་འདི་སྐད་དུ་ཞེ ་ན། ལས་ཀྱི་རིགས་མཆོག་ཆེན་པོ་ལ་ཞེས་གསུངས་ཏེ། ལས་ཀྱི་རིགས་ནི་དོན་ཡོད་གྲུབ་པའོ།། འདི་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་ནི། མུ་རྒལ་བ་དག་བསྒྲལ་བར་བགྱི། ཞེས་བྱ་བ་ལ་སོགས་པ ་དང་སྦྱར་རོ།། བསྐྱེད་པ་ཞེས་བྱ་བ་ལ་སོགས་པ་བྱ་སྟེ། ཚིགས་བཅད་ཀྱི་དོན་ནི་འདིའི་འོ།། མ་རྒལ་བ་དག་ཅེས་བྱ་བ་ནི། ཇི་ལྟ་བ་བཞོན་དུ་ཉན་ཐོས་ལ་སོགས་པ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་ལས་མ་རྒལ་བ ་མ་གྲོལ་བ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པ་རྣམས་སོ།། དབུགས་མ་ཕྱིན་པ་ཞེས་བྱ་བ་ནི། དམྱལ་བ་ལ་སོགས་པའི་འགྲོ་བ་རྣམས་ཏེ། འདི་དག་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་ལའོ།། དེ་སྐད་དུ་བྱས་ཏེ། དེ་ནས ་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བརྗོད་པར་བྱའོ།། སྭ་བྷཱ་བ་ཞེས་བྱ་བས་ནི་རང་བཞིན་གྱིས་དག་པའོ།། སརྦ་དྷརྨཱ་ནི་ཕུང་པོ་ལ་སོགས་པའོ།། ཨ་ཧཾ་ཞེས་བྱ་བ་ནི་རང་གི་ངོ་རྒྱལ་བྱེད་པ་ཡང་རྣམ་པར་དག་པ་ཞེས་བྱ་བར་དགོདངསོ།། ་དེ་ནས་ཞེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་མཐར་རོ།། གནས་ལས་རྣམ་གྲོལ་ཞིང་ཞེས་བྱ་བ་ལ། གནས་ཀྱི་སྒྲ་དེས་ནི་ངེས་པར་གྲོལ་བ་སྟེ་ངག་གི་སྤྱོད་ཡུལ་ཞེས་བྱ་བའི་དོན་ཏོ།། དེ་ཅི་ཞེ་ན། ཐམས་ཅད་ཅེས་བྱ་བ ་ལ་སོགས་པ་གསུངས་སོ།། ཡང་དག་རྗེས་སུ་ཞེས་བྱ་བ་ནི། ཤིན་ཏུ་རིང་བ་མིན་པས་སོ།། དེ་ཉིད་ཅེས་བྱ་བ་ནི་རྣལ་འབྱོར་པའི་སྨོན་ལམ་བྱས་པའོ།། བཅོམ་ལྡན་ཞེས་བྱ་བ་ནི་འཆད་པར་འགྱུར་བ་ལས་བྷ་གའི་སྦྱོར་བའི་ཕྱིར་རོ།། ་རྡོརྗེ་ཙཱན་ནྡན་ཞེས་བྱ་བ་ནི། རྡོ་རྗེ་དང་ལྷན་ཅིག་མི་ཕྱེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་དང་སློབ་དཔོན་འདི་དོག་ནི་གཉིས་སུ་མེད་པ་སྟེ། གཉིས་སུ་མེད་པར་བློས་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། རྡོ་རྗེ་སེམས་དཔེས་ཞེས ་བྱ་བ་ནི། མི་ཕྱེད་པའི་བརྩོན་འགྲུས་སོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། རང་བཞིན་གྱིས་དག་པ་ཐོབ་པ་སྟེ། ཆོས་ཐམས་ཅད་བདགུ་མེད་པར་ཡང་དག་པར་རྗེས་སུ་བལྟའོ།། ཞེས་བྱ་བ་དང་སྦྱར་རོ།། ཡང་ན་ཆོས་ཐམས ་ཅད་བདག་མེད་པར་ཡང་དག་པར་རྗེས་སུ་བལྟ་བ་ནི་ཆོས་རྣམས་ཅད་འདོག་མེད་པས་ལྷན་ཅིག་ཅེས་བྱ་བའི་དོན་ཏོ།། སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་འཆད་པར་འགྱུར་བའི་དབུས་ཀྱི་པདྨོའི་ཟེ་འབྲུ་ལ་རྡོ་རྗེ་མཁའ་འགྲོ་བསྒོམ ་པར་བྱ་ཞེས་བྱ་བའོ།། རོལ་པར་ལྡན་ཞེས་བྱ་བ་ནི། གཡོན་བརྐྱང་བས་གནས་པའོ།། ཡེ་ཤེས་རྒྱ་མཚོ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོའོ།། ཤར་དུ་ཞེས་བྱ་བ་ལ་སོགས་པས་ནི། དབུས་ཀྱི་པདྨའི་ཤར་ལ་སོགས་པའི་འདབ ་མ་བཞི་ལ། ལྷོ་མོ་ལྟུང་བྱེད་མ་ལ་སོགས་པོ་བཞིའོ།། དེའི་མཚམས་ཀྱི་བཞི་ལ་ཡང་ཐོད་པ་བདུད་རྩི་ལྔས་གང་པོ་རྣམས་སོ།། གོང་མ་བཞིན་དུ་ཕྱི་རོལ་དུ་བརྩམས་ནས་རབ་གཏུམ་མ་ལ་སོགས་པ་རྣམས་པདྨ་གསུམ་ལ་གོ ་རིམས་བཞིན་དུ་བལྟ་བར་བྱ།། འཁོར་ལ་ཊཱི་སྒོ་རྣམས་ལ་ཁ་གདོང་མ་ལྔ་སོགས་པའོ།། དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་གཤིན་རྗེ་མཆེ་བ་མ་ལ་སོགས་པ་སྟེ། ལྷག་མ་ཐམས་ཅད་ནི་སྒྲུབ ་ཐབས་ཀྱི་རིམ་པས་བལྟ་བར་བྱའོ།། ལྷ་ལས་མི་ཉུང་མཐོང་བ་ཉིད།། ཅེས་བྱ་བ་ནི་རིགས་ཀྱིས་གཅིག་གི་ཚིག་སྟེ། ཐོད་པ་བདུད་རྩི་ལྔ་པོ་དེས་གང་བ་རྣམས་སོ།། བྱ་བའི་དོན་ཏོ།། དེ་རྣམས་ནི་དབུས་ཀྱི་པདྨའི་ཕྱོགས ་བྲལ་བ་བཞི་པོ་ཐམས་ཅད་དུ་སྟེ། མཚམས་ནི་རྣམ་པ་བཞི་རྣམས་སུ་ཞེས་བྱ་བའི་དེ་མ་ཐག་ཏུ་གསུངས་པའི་ཕྱིར་རོ།། སངས་རྒྱས་ཀྱི་གསོལྔ་བ་བཏབ་པ་དེ་རྣམས་ཀྱང་གང་ཞེ་ན། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུ ་ཏེ་གོ་སླའོ།། བདུད་རྩི་ལ་འདུ་བྱ་བ་ནི། བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའ་ལས་བྱུང་བ་ནི་བཟང་པོ་སྟེ་སྟེང་དུ་གནས་པའི་ཕྱིར་ཐོད་པའོ།། མཆོག་ཅེས་བྱ་བ་ནི། རྡུལ་དང་ལྡན་པའོ།། འདི་ནི་ཉེ་བར་མཚན ་པའི་ཕྱིར། རྣམ་པར་སྣང་མཛོད་དང་། འོད་དཔག་ཏུ་མེད་པ་དང་མི་བསྐྱོད་པ་དང་། དོན་ཡོད་གྲུབ་པ་རྣམས་ཀྱི་གཟུང་ངོ་།། དང་པོའི་ཡི་གེ་ཞེ་ས་བྱ་བ་ནི་ཨོཾ་མོ།། དེས་ཡང་དག་ལྡན་ཞེས་བྱ་བ་དེ་ནི་ཐོད་པའོ།། བསམས་ནས་ན ་བྱ་བ་ནི། ཐོད་པ་ལ་སོགས་པའོ།། དེ་ལྟར་སྒོམ་བྱེད་ན་ཞེས་བྱ་བ་ནི། བུམ་པ་ལ་སོགས་པ་བསྒོམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེས་ཅི་ཡིན་ཞེ་ན། དེའི་སྐད་ཅིག་འབར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདིས་ཅི ་འགྱུར་ཞེ་ན། རྫས་ཀྱི་དངོས་གྲུབ་འབྲས་རབ་སྦྱིན་ཞེས་གསུངས་ཏེ། རྫས་ནི་རྣམ་པར་དབྱེ་བ་མེད་པ་སྟེ། རྫས་ཀྱི་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་གཞུའི་དབྱིབས ་ལྟ་བུ་དང་། རྀ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པའོ།། དེའི་སྟེང་དུ་ཨ་ལས་སྐྱེས་པའི་ཐོད་པའོ།། དེའི་ནང་དུ་བྲུམ་ཨཾ་ཛཱཾ་ཁཾ་ཧཱུཾ་གཽ་ས་བོན་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་དང་བདུད་རྩི་ལྔ་པོ་རྣམས་སོ།། ་དེའི་སྟེང་དུ་ཕྱག་འཚལ་བའོ།། དེའི་སྟེང་དུ་བར་སྣང་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའོ།། རླུང་གིས་བསྐུལ་བའི་མེས་གདུངས་པས་དེ་རྣམས་སྨིན་ཅིང་དེ་གདུངས་པསོ། རྡོ་རྗེ་ཁུ་བར་གྱུར་པས་དེ་ཉིད་དུ་ལྟུང་བར་བསམས་ནསྟྭཾ། ཡི་གེ་གསུམ་གྱིས ་བྱིན་གྱིས་བརླབས་ཤིང་རྫས་རྣམས་སུ་བྱའོ།། དེ་ནས་བདུད་རྩི་ལྔ་འབར་བས་དངོས་གྲུབ་ཀྱི་འབྲས་བུ་རབ་ཏུ་སྦྱིན་པར་འགྱུར་རོ།། སྦྱོར་གྲུབ་རིག་མ་ཆེན་མོ་ནི། ཡིད་ཆེས་བྱེད་ཅིང་འཇུག་པར་འགྱུར་ཞེས་བྱ་བ་ནི། རྣལ་འབྱོར་གྱིས ་གྲུབ་པའོ།། རིག་མ་ཆེན་མོ་ནི་སྔགས་ལ་སོགས་པའི་རིག་མའོ།། ཡིད་ཆེས་བྱེད་ཅིང་ཞེས་བྱ་བ་ནི་འདི་རྣམས་ཡོད་པ་སྟེ། ཡང་དག་པར་ཆ་ཤས་མེད་པར་སྐྱེ་ཞེས་བྱ་བར་དགོངས་པའོ།། བྲུཾ་ལ་སོགས་པ་རྣམས་དང་། ཡི་གེ་གསུ ་པོ་རྣམས་ཀྱང་སྔོན་དུ་མང་དུ་བཟླས་ཤིང་། རྡོ་རྗེ་མཁའ་འགྲོ་བསྒོམ་པར་བྱའོ།། དེ་ནས་གང་ཞིག་གསུངས་པ་དེ་བཞིན་དུ་འགྱུར་རོ།། མི་སྣང་བས་ཞེས་བྱ་བ་ལོ་སོགས་པས་ནི། རྡོ་རྗེ་མཁའ་འགྲོ་བསྒོམ་པ་ལ་སོགས་པའི་འབྲས ་བུ་གསུངས་སོ།། འདི་ལྟར་ཡང་དམ་ཚིག་ནི་ཐུན་མོང་དང་གྲུ་ཞན་པའི་དྲངངོ་སྣ་གྲུབ་རྣམས་ཀྱི་ལྷན་ཅིག་བྱེད་པའོ།། དེའི་ཕྱིར་མི་སྣང་བ་སྭ་ཞེས་བྱ་བ་ལ་སོགས་པ་གསུང་ས་སོ།། ཐམས་ཅད་རྣམས་ཞེས་བྱ་བ་ནི། རི ་ལུ་དང་མིག་སྨན་ལ་སོགས་པ་མི་སྣང་བ་རྣམས་ལ་བདུད་རྩི་ལྔ་ལ་སོགས་པའི་དམ་ཚིག་བྱིན་གྱིས་བརླབས་པས། རྡོ་རྗེ་མཁའ་འགྲོ་བསྒོམོ་པ་ལས་སྐད་ཅིག་ལས་རྒྱལ་པོ་ཐམས་ཅད་ཀྱི་བཙུན་མོའི་འཁོར་ལ་སོགས་པའོ།། རྣལ ་འབྱོར་པས་ནི་མཐོང་ཞེས་བྱ་བ་ནི། རྣལ་འབྱོར་པའི་སྟེ་མི་མཐིང་བས་བཅིང་བའི་དངོས་པོ་མེད་པའི་ཕྱིར་རོ།། སྔོན་གྱིས་བརྙེན་པ་དང་སྒྲུབ་པའི་དུས་སུ་དམ་ཚིག་བྱིན་གྱིས་བརླབ་པར་བྱའོ།། མི་སྣང་བས་དངོས་པོ་བསྟན་པའི་འབྲས ་བུ་ནི། འཕྲོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་འཕྲོགས་པར་འགྱུར་རོ།། གང་ཞེ་ན། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ནི། ལས་ཀྱི་དྲུག་པོའོ།། སངས་རྒྱས་རྣམས་ཀྱི་ཡང་འཕྲོག་པ་ནི། ་ཁྱེར་བ་ན་ཡང་དེ་རྣམས་ཀྱིས་ཀྱང་མི་མཐོང་ངོ་ཞེས་བྱ་བར་དགོངས་པའོ།། ལྷ་མཆོག་ལས་སྐྱེས་ཞེས་བྱ་བ་ནི། ལྷའི་མཆོག་ནི་དབང་པོ་སྟེ། དེ་ལས་སྐྱེས་པ་ཡང་བཀུགས་ནས་དབང་ལ་སོགས་པར་ཉེ་བར་ལོངས་སྤྱོད་པར་ནུས ་སོ་ཞེས་བྱ་བར་དགོངས་པའོ།། ཡང་ན་སངས་རྒྱས་རྣམས་ཀྱི་ཡང་ཡོན་ཏན་འཕྲོག་པས། སངས་རྒྱས་དང་འདྲ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་མི་སྣང་བའི་འབྲས་བུ་ནི་ལྷའི་མིག་གིས ་མཐོང་བ་ནཱི་གཾ་གཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཾ་གཱ་ཞེས་བྱ་བ་ལ་སོགས་པ་ནི་མང་པོའོ།། རྡོ་རྗེ་གསུམ་ནི་མི་ཕྱེད་པ་སྟེ་དམ་ཚིག་མཆོག་གོ།། གནས་ཞེས་བྱ་བ་ནི་ཕུང་པོ་ན།། དེ་རྣམས་ཀྱི་དབྱིབས་ཀྱི་གནས་པའོ།། ་གཾ་གཱ་ཀླུང་གི་བྱེ་མི་སྙེད་ཀྱི་སངས་རྒྱས་ཀྱི་ཕུང་པོ་གཅིག་དང་གཉིས་དང་གསུམ་ཡང་འདི་ལྟར་ཕུང་པོ་གསུམ་དུ་གྱུར་པ་ཞེས་བྱ་བའི་དོན་ཏོ།། དེ་རྣམས་ཀྱང་རྣལ་འབྱོར་པའི་ལྷའི་མིག་གིས་མཐོང་བར་འགྱུར་རོ།། སངས་རྒྱས ་མཐོང་བ་ནི་ཐུན་མོང་མ་ཡིན་པའི་ཕྱིར། དེ་མཐོང་བ་ལས་རྣལ་འབྱོར་གྱི་བདག་ཉིད་ཆེན་པོའོ།། ཡང་ན་རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པ་སྟེ་དེ་རྣམས་ཀྱི་གནས་ན་གཞི་ཏང་དེ་ལྷག་མ་ནི་སྔར་བཞིན་ནོ།། འདིས་ནི་གསལ་བར་བསྟན། ་པ་ཡིན་ནོ།། རྡོ་རྗེ་མིག་གིས་ཞེས་བྱ་བ་ལ། རྡོ་རྗེ་མིག་གིས་ཅི་དང་འདྲ་ཞེས་ན་རང་གི་ལག་པས་ཞེས་གསུངས་པ་ནི། བདུན་པ་ཕྱིས་པའི་ཕྱིར་རང་གི་ལག་པ་ལའོ།། སྐྱུ་རུ་ར་ཅིག་ཇི་ལྟ་བར་གཾ་གཱའི་ཞེས་བྱ་བ་ལ་སོགས་པ་ནི། ་རྫུ་འཕྲུལ་སྣ་ཚོགས་ཀྱི་ཡེ་ཤེས་བསྟན་ཏོ།། བཟློག་པའི་ཞེས་བྱ་བ་ལ་སོགས་པ་ནི། ཡི་གེ་རྣམས་བཟློག་པའོ།། དེ་རྣམས་ཀྱི་སྦྱོར་བ་ནཱི། གང་ལ་སྔགས་ཀྱི་ཡི་གེ་དཽ་གཽ་བཟློག་པའི་སྦྱོར་བ་ནི་སྙིང་པོའི་སྔགས་ཀྱི་ཡི་གེ་ཉི་ཤུ་རྩ ་གཉིས་ཞེས་བྱ་བའི་དོན་ཏོ།། རྒྱུད་ཀྱི་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་ལའོ།། བསྒོམ་པར་བྱ་ཞེས་བྱ་བ་ནི། རྣམ་པ་སྣ་ཚོགས་པའི་དངོས་གྲུབ་ཀྱི་དོན་དུ་བསྒོམ་པར་བྱ་ཞིང་སྦྱར་བར་བྱའོ།། སྔགས་ཀྱི་ཡི་གེ་གོ་བཟློག་པ་ནི ་དངོས་གྲུབ་ཀྱི་སྒོ་ནས། རྡོ་རྗེ་མཁའ་འགྲོའི་སྒོམ་པ་བསྟན་ཏོ་ཞེས་བྱ་བར་དགོངས་པའོ།། ཡང་ན་རྒྱུད་འདིར་ཇི་སྙེད་པའི་སྔགས་དེ་སྙེད་པའི་ཡི་གེ་ཟློག་པའི་སྦྱོར་བ་ནི། མ་ལོག་པར་བྱས་ནས་རྟོགས་པར་བྱའོ།། འདི ་ལ་གུས་པར་བྱའོ་ཞེས་རྟོགས་པར་བྱ་བའི་ཕྱིར། དེ་ལྟར་ཞེས་གསུངས་པ་ནི། རྡོ་རྗེ་མཁའ་འགྲོ་སྟེ་སངས་རྒྱས་བདུད་རྩི་ལྔ་མཛེས་པས་བཤད་པ་ནི། དེ་ལེགས་པར་བསྟན་པའོ།། དེའི་ཕྱིར་ཡང་གུས་པ་དང་བཅོས་པ ་ཞེས་བྱ་བར་དགོངས་པ་ཏེ་ལྷག་མ་ནི་གོ་སླའོ།། གང་ལ་རྡོ་རྗེ་མཁའ་འགྲོ་འབྱུང་བ་དེ་དེ་བཞིན་ཏེ། ལེའུ་བཅུ་གཉིས་པའོ།། ། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་གཉིས་པའོ།། ་རྡོ་རྗེ་མཁའ་འགྲོ་བསྒོམས་པས་སྔགས་མང་དུ་བཟླས་ཤིང་དཔའ་བོ་དང་། གཉིས་སུ་མེད་པའི་རྣལ་འབྱོར་གྱིས་སམ། རྣལ་འབྱོར་མ་རེ་རེའི་རྣལ་འབྱོར་གྷི་ལས་རྒྱས་པ་སྒྲུབ་པར་བྱེད་པ་འདིའི་བརྗོད་པར་བྱེད་པའི་ལེའུ ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནས་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་འབྱུང་བ་གསུངས་པའི་དེ་མ་ཐག་ཏུའོ།། དེས་ན་ཞེས་བྱ་བ་ནི་གང་གི་ཕྱིར། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱི་ང་རྒྱལ་མ་གཏོགས་པར ་ཅུང་ཟད་ཀྱང་མི་འགྲུབ་པ་དེས་ན། དངོས་གྲུབ་ཀུན་སྒྲུབ་པ་ཞེས་བྱ་བའི་རྣལ་འབྱོར་བཤད་པར་བྱ་ཞེས་བྱ་བར་བལྟའོ།། ཀུན་ཞེས་བྱ་བ་ཞི་བ་ལ་སོགས་པའི་ལས་རྣམས་ཀྱི་བསྐྱེད་པ་དང་ཁྱད་པར་དུ་སྒྲུབ་པར་དུ་བྱེད་དོ།། སྒྲུབ ་པ་པོ་རྣམས་ལ་ཞེས་བྱ་བ་ནི་དེ་དེ་བཞིན་ནོ།། དེ་གང་ཞེ་ན། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་ཚོགས་སོ།། རྣམ་པར་ཤེས་པ་ཙམ་གྱིས་ཞེས་བྱ་བ་ནི། རྟོགས་པས་སམ་ཕྱི་ནས་གོམས་པར ་བྱས་པས་སོ།། རེ་ཞིག་ཕྱི་རོལ་གྱི་ཤེས་རབ་དང་སྙོམས་པར་འཇུག་པའི་རྣལ་འབྱོར་གསུངས་པ། ཨ་ནི་ཞེས་བྱ་བ་ནི། མཁའ་འགྲོའི་གདོང་གི་ཁ་རུ་ཟླ་བའི་དབུ་སུ་གནས་པ་དང་། དེ་བཞིན་དུ་རྡོ་རྗེའི་ནོར་བུར་ཟླ་བ་ལ་གནས ་པར་བསྒོམ་པར་བྱའོ།། ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་ཟེ་འབྲུ་ལ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ལ། འཁོར་ལོ་ཀུན་གྱི་རྣལ་འབྱོར་མ་ཞེས་བྱ་བ་ནི་བསྒོམ་པར་བྱ་བའོ།། ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་མང་པོའི ་ཚིག་སྟེ། དེ་སོ་སོརི་གསལ་བར་བློ་ལ་གནས་པར་བྱེད་པའི་ཕྱིར་རོ།། བཅུ་ན་སཽ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྨིན་མའི་དབུས་སུ་ཞེས་བྱ་བ་ནི། སྨིན་མའི་དབུས་ཀྱི་སྟེང་དང་ཉེ་བ་ནའོ།། དེ་ལ་ཅི་ཞེ་ན། སྨྲས་པ། སྐྱོན་འདར་བྱེད ་པའི་ཕྱིར། ཀུནཱ་འདར་མ་ཞེས་སྨོས་ཏེ། གཉིས་སུ་མེད་པའི་སེམས་སོ།། དེའི་གནས་ནི་མིག་གསུམ་པའི་མཚན་མའོ།། ལུས་ཀྱི་ནི་གཡས་པའི་མིག་གོ། ངག་གི་ནི་གཡོན་པའོ།། སེམས་ནི་སྟེང་དུ་ནི་ཐམས་ཅད་ལས་ཁྱད་པར ་དུ་འཕགས་པའི་ཕྱིར་རོ།། འདིས་ནི་བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་མ་ཐམས་ཅད་རྣམས་ཀྱི་སྤྱན་གསུམ་པར་གྲུབ་བོ།། དེ་བས་ན་ཧཱུཾ་གི་ཟླ་བ་ཕྱེད་པ་ལས་གཞན་པའི་ལུས་མིག་གསུམ་པ་ཞེས་བྱ་བར་དགོངས་སོ།། དང་པོ ་ཞེས་བྱ་བ་ལ་སོགས་པས་ནི་གཏུམ་མོའི་རྣལ་འབྱོར་དྲན་པ་སྟེ། རླུང་གིས་བསྐུལ་བའི་མེའི་དཀྱིལ་འཁོར་རོ།། དང་པོ་དབྱངས་དང་ལྡན་པར་ནཱི། བསྣམས་ནཱ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ།། ་སྔར་གྱི་བྱ་བ་ཉིད་དང་སྦྱར་ཞིང་གནས་པར་བྱའོ་ཞེས་བྱ་བར་དགོངས་པའོ།། དེས་ཙཱར་འགྱུར་ཞེ་ན། དེ་ཡིས་སྐད་ཅིག་འབར་ཞེས་གསུངས་ཏེ། དེ་དང་སྐད་ཅིག་འདི་ནི་དེའི་སྐད་ཅིག་གོ།། དེའི་སྦྱོར་བའི་སྐད་ཅིག་རྙེད་ནས ་དང་པོའི་དབྱངས་ཐིག་མི་འབར་བའི་ཕྱིར་ལྔཔ་ཕྱིས་ན་ལྔ་པའོ།། འདིས་ནི་རྒྱ་ཆེ་བའི་རྣལ་འབྱོར་གྱི་མཐར་ཕྲ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་བསྟན་པའོ།། གནས་ཀྱི་དཀྱིལ་འཁོར་གསུངས་པ། འབར་ཞེས་བྱ ་བལ་སོགས་པའོ།། འཁོར་ལོ་ཞེས་བྱ་བ་ནི། ཆོས་འབྱུང་གི་སྟེང་དུ་ཁང་པ་རྩེག་མ་སྟེ། དེ་ཡང་འབར་ཕྲེང་རྒྱ་མཆི་ཞེས་བྱ་བའོ།། འབར་བ་ཉིད་ནི་ཕྲེང་བ་སྟེ། གང་ཞིག་ས་བོནྡྷ་དང་རྒྱུད་ཆོས་མཐུན་པའི་ཕྱིར་རོ།། ་དེ་རྣམས་དང་ཡིག་འབྲུ་འདྲ་བའི་འཁོར་ལོ་ནི་འབར་བའི་ཕྲེང་བའི་རྒྱ་མཚོའོ།། འཁོར་ལོ་ཞེས་བྱ་བའི་ཚིག་ནི་ཁང་པ་རྩེག་མོ་ཞེས་བརྗོད་དོ།། ནང་གི་འཕར་མ་རྣམས་ཀྱི་ཟླུམ་པོ་ཉིང་རྟོགས་པར་བྱ་བའི་དོན་ཏུ་ཡང ་ཇི་ལྟ་བུ་ཞེ་ན། ཀུན་ལས་ཞལ་གྱི་ནི་ཞེས་བྱ་བ་གསུངས་པ་ནི་སྒོ་བཞིའི་ཕྱིར་རོ།། འདིས་ནི་ཀུན་ལས་ཞེས་བྱ་བ་ནི། མཚམས་རྣམས་སུ་ཡང་བལྟ་བར་བྱ་སྟེ། དེ་བས་ནི་གྲུ་བཞི་པའོ།། ལྟེ་བ་ཞེས་བྱ་བ་ལ་སོགས ་པས་ནི། གོ་ཆ་གཉིས་བསྟན་ཏོ།། དཔྲལ་བའི་སྟེང་ཞེས་བྱ་བ་ནི། སྤྱི་བོའོ།། སྤྱི་གཙུག་འཁོར་ལོ་ལ་ཞེས་བྱ་བ་ནི་སྤྱི་གཙུག་དང་འཁོར་ལོ་ནི་བསྡུས་ནས་ཚིག་རྐང་གཅིག་པ་ཉིད་དོ།། སྤྱི་གཙུག་དང་འཁོར་ལོ་ནི་ལུས་ཐམས ་ཅད་ལའོ།། སྔོན་གྱི་སྔགས་ཚོགས་བྱིན་གྱིས་བརླབ་ཅེས་བྱ་བ་ནི། རྣལ་འབྱོར་མ་དྲུག་གི་སྔགས་སྔར་བཏུས་པོ་སྟེ་དེ་རྣམས་ཀྱི་ཚོགས་སོ།། དེ་ལྟེ་བ་ལ་སོགས་པ་རྣམ་སུ་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དཔའ་བོ་དྲུག ་གི་གོ་ཆ་ཡང་བལྟ་བར་བྱའོ།། ཐབས་དང་ཤེས་རབ་ཀྱི་སྦྱོར་བའི་དུས་སུ་ཡང་བྱིན་གྱིས་བརླབས་པ་ནི། ལྟེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་ཞེས་བྱ་བ་ནི་མཐིལ་ལོ།། ལྕེ་ཞེས་བྱ་བ་ནི་ཁ་སྟེ། འདི ་གཉིས་ནི་མཐའི་བདུན་པ་ཕྱིས་པའོ།། གཉིས་ལས་ཞེས་བྱ་བ་ནི། མིག་གཉིས་དང་ཕྲག་པ་གཉིས་སོ།། རིགས་ཀྱི་གཅིག་གི་ཚིག་སྟེ་ལྷན་ཅིག་པའི་དོན་གསུམ་པའོ།། རང་གི་ལྟེ་བ་དང་སྙིང་དང་། སྤྱི་བོ་དང་མིཐིལ་དང ་ཁ་དང་མིག་གཉིས་ཀྱིས་ལྷན་ཅིག་ཧཱུཾ་ཤེས་རབ་དང་མཉམ་པར་སྦྱོར་པའི་དུས་སུ། བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མཁས་པ་ཧཱུཾ་ནརྀ་གོ་ཆའོ་ཞེས་གསུངས་རབ་ལས་སོ།། དེའི་ཕྱིར་དཔའ་བོ་ཉིད། བྱིན་གྱིས་བརླབ་པར ་བྱ་ཞེས་བྱ་བ་གསུངས་པ་ནི། འདིས་ནི་ཚིགས་སོ།། རྣལ་འབྱོར་མ་ཞེས་བྱ་བ་ནི། དཔའ་བོ་དང་གཉིས་སུ་མེང་པའི་དངོས་པོ་ཡིན་ནོ།། དེའི་ཕྱིར་དཔའ་བོ་གཉིས་མེད། ཚོགས་ཞེས་བྱ་བ་གསུངས་པ་ནི། འདིའི་ཕྱི་རོལ་དང ་ནང་དག་གི་ཤེས་རབ་དག་ལ་སྦྱོར་བ་ལ་བལྟ་བར་བྱའོ།། དཔའ་བོ་དང་གཉིས་སུ་མེད་པའི་དངོས་པར་གྱུར་པའི་བྱིན་གྱིས་བརླབ་པ་ཅི་ཞེ་ན། ཟོ་ཆུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པོ་ཆུ་ནི་མྱུར་དུ་འཁྲུར ་བས་འཁོར་ལོ་འདྲ་བའོ།། ཞོན་ནས་ཞེས་བྱ་བ་ནི་གནས་པ་སྟེ། གང་གི་སྐྱེ་བ་དེ་ནི་དེ་བཞིན་ཏེ། ལྷག་པར་དགོད་པ་ཞེས་བྱ་བའི་དོན་ཏོ།། ཟོ་ཆུ་ནི་འཁོར་ལོ་དང་འདྲ་བ་སྟེ་བརྫུན་པའོ།། དེའི་ཕྱིར་འཁོར་བ་ཞེས་གསུངས་པ་ནི ་འཁྲུལ་པ་དང་ལྡན་ཞེས་བྱ་བའི་དོན་ཏོ།། ཟོ་ཆུའི་འཁོར་ལོ་རབ་ཞོན་ནས་ཞེས་བྱ་བ་ནི། མྱུར་བ་ཞེས་བྱ་བའི་ཚིག་རྐང་ལོ་ཡང་འཁོར་ལོ་ཞོན་ནས་མྱུ་རུ་བར་འཁོར་བས་འཁོར་ལོའི་རྣམ་པའོ།། དེ་བས་ན་འཁྲུལ་ཞེས་བྱ་བ ་སྨོས་ཏེ་དཔེར་ན་ཟོ་ཆུའི་འཁོར་ལོ་ཞོན་པ་དེ་བཞིན་དུ་དངོས་པོ་གཉིས་སུ་མེད་པར་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བར་དགོངས་སོ།། ཇི་ལྟ་བའི་སྒྲ་དེ་བཞིན་དུ་ལྷག་པར་དགོད་པའི་ཕྱིར་རོ།། མཁའ་འགྲོ་མ་ནི་དེ་བཞིན་ཞེས་བྱ ་ནི་མཁའ་འགྲོ་མ་ཡང་དཀྱིལ་འཁོར་པ་སྟེ། དེ་བཞིན་དུ་ལྷག་པར་དགོད་པར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཡིད་ཅེས་བྱ་བ་ལ་སོགས་པ་ནི་ཁྱད་བསྐྱེད་པ་འདི་རྣམས་ཉིད་དུ།། ཡིད་མགྱོགས་ཞེས་བྱ་བ་ལ། ཡིད་ཙམ ་ནིསེམས་ཙ་མོ།། མགྱོགས་ཞེས་བྱ་བ་ནི། གང་དག་གི་འཇུག་པའོ།། རིག་མ་ཆེན་མོ་ཉིད་ཅེས་བྱ་བ་ནི། རང་རིག་པར་བྱེད་པའི་ཕྱིར་རོ།། གློག་གི་བེར་མོ་མཉ་མོ་པའི་འོད་ཅེས་བྱ་བ་ནི། སྐད་ཅིག་མའི་ཕྱིརརོ།། དེ་ལྟར་གྱུར་པའི ་མཁའ་འགྲོ་མ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། ཇི་ལྟར་འདི་སྐད་དུ་ཞེ་ན། ལྷའི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། གང་དེའོ།། ཕྱོགས་བཅུ་རུ་ནི་དབྱུང་བར་བྱ་ཞེས་བྱ་བ་ནི་ཁྱབ་པར་བྱེད་པའོ།། ཇི་ལྟར་ལྷ ་རྣམ་པའི་རྣལ་འབྱོར་དགོད་པ་དེ་སྟེ། ལྷའི་རྣལ་འབྱོར་དུས་སུ་ནི། ཞེས་བྱ་བ་གང་ལས་ཚིག་དེ་ལ་ར་ནཱི་ལ་ཉིད་དོ།། ཅིར་གྱུར་པས་དབྱུང་ཞེ་ན། ཕྲ་རབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་ཕྲ་རབ་ཆགས་ཀྱི་གང་ཞིག་དངོས ་པོ་མེད་པ་དེ་ནི་བཞིན་དུའོ།། དྲུག་གིས་ཅོག་ཅར་སྦྱོར་བའི་ཕྱིར། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། དྲུག་པོ་དག་ནི་གོ་གཅིག་ཕྱིར།། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར།། ཞེས་རིགས་པ་ལསོ།། རྡུལ་ཕྲ་རབ་ཀྱི་གཟུགས་ཞེས་བྱ་བ་ནི།། ་རྡུལ་ཕྲ་རབ་ཀྱི་རང་གི་རྡོ་བོའོ།། ཚོགས་ཞེས་བྱ་བ་ནི་གང་རྣམས་ལ་དེ་ནི་དེ་བཞིན་ཏེ་རིགས་པས་ཡང་དག་པར་རིག་པའི་ཕྱིར། ཆུའི་ཟླ་བ་ལྟ་བུ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར། སྣང་བ་མེད་ཅེས་བྱ་བ་ལ། འདིའི་རྒྱས་པར ་བསྟན་པ་ནི། རྣམ་པ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལྟར་གྱུར་པ་བསྒོམས་ནས་ཐམས་ཅད་མཁྱེན་པའི་འབྲས་སྦྱིན་མ་ཞེས་བྱ་བ་ནི། ཐམས་ཅད་མཁྱེན་པ་ཉིད་ཀྱི་འབྲས་བུ་སྟོར་བའོ།། ཁ་ཅིག་ན་རེ་ལྟེ ་བ་ཞེས་བྱ་བ་ནི་ལྟེ་བར་གནས་པའི་པདྨའོ།། དེ་ལ་ཡང་སྙིང་གར་ཞེས་བྱ་བ་ནི། པདྨའི་དབུས་སུ་ཞེས་བྱ་བའི་དོན་ཏོ།། ཅིར་འགྱུར་ཞེ་ན། རྣལ་འབྱོར་མ་ཞེས་གསུངས་ཏེ། དབྱངས་ཀྱི་དང་པོ་ཟླ་བ་ཕྱེད་པ་དང་ཐིག་ལེར ་བཅས་པའོ།། ལྕེ་གཉིས་ཤེས་བྱ་བ་ལ་ལྕེ་ནི་རྩ་གཉིས་སུ་མེད་པའི་དབྱེ་བ་གང་ལ་ཀུན་འདར་གྱི་རྩའི་གཟུགས་ལ། དེའི་ལྕེ་གཉིས་ཏེ། དེས་བྱིན་གྷིས་བརླབ་པར་བྱ་བའོ།། དཔའ་བོ་ཞེས་བྱ ་བ་ནི་སྔགས་ཀྱི་བཟླས་པ་སྟེ། ཀུན་འདར་ལ་སྔགས་དགོད་པ་ཞེས་བྱ་བའི་དོན་ཏོ།། དེ་ཅི་ཞེ་ན། རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད། ཆོ་གས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་རྡོ་རྗེའི་ལ་མོ ་ནས་བཏོན་ཏེ། ལྷ་མོའི་པདྨའི་སྙིང་པོར་བཅུག་ཅིང་ཞལ་གྱིས་ཕྱུང་སྟེ། རང་གི་སྙིང་གའི་ནང་དུ་བཅུག་ནས། ཀུན་འདར་དུ་གནས་ཤིང་། དེ་ནས་རྡོ་རྗེའི་ལམ་གྱིས་དེ་བཞིན་དུ་ལྷ་མོའི་སྐུ་ལ་ཞུགས་པ་དང་། དེ ་བྱུང་བ་ཞེས་བྱ་བར་བལྟ་ཞིང་ཞི་བ་ལ་སོགས་པའི་ཆོ་གས་བཟླ་བར་བྱའོ།། རྒྱུན་མི་འཆད་པ་ཉིད་དུ། ཟོ་ཆུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པས་ནི། དཀྱིལ་འཁོར ་བསྒོམས་པ་བསྟན་ཏོ།། བཤད་པ་ནི་སྔ་མ་བཞིན་ནོ།། འདི་ལྟར་ཡོང་ཞི་བིའི་དང་པོ་དང་ཐ་མ་དག་དུ་ནང་དུ་གཞུག་པའི་དུས་སུ་ཕྱག་འཚལ་བ་དང་། རྒྱས་པ་ལ་སྭཱ་ཧཱ་དཱང་། དྲག་ཤུལ་ལ་ཧཱུཾ་ཞེས་བྱ་བའོ།། ་ཡང་ན་ལྟེ་བ་སྙིང་ཁ་དེ་བཞིན་ཁ་ཞེས་བྱ་བ་ལ་སོགས་པས་ནི། ཆོ་ག་གཉིས་འཆད་པར་འགྱུར་བའི་ཕྱིར། དེའི་དེ་མ་ཐག་ཏུ་ལྟེ་བོ་དང་སྙིང་དང་ཁ་དང་དཔྲལ་བ་དང་། སྤྱི་གཙུག་རྣམསུ་གོ་རིམས་བཞིན་དུ། ་ཨོཾ་སརྦྦ་བུདྡྷ་བཪྵ་ནཱི་ཡེ་བཛྲ་ཌཱ་ཀི་ནི་སྭཱ་ཧཱ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་སྭཱ་ཧཱ། ཨོཾ་ཧྲིཿཧ་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཌཱ་ཀི་ནི་ཛྭ་ལ་སམྦྷ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལཱ་སོགས་པའི་རང་གི ་སྔགས་ཀྱི་ཚོགས་དགོང་པར་བྱ་བའོ།། ལྟེ་བ་ཞེས་བྱ་བ་ལ་སོགས་པས་ནཱི། ལྷ་མོའི་ལུས་ལ་ཡང་དགོད་པ་བསྟན་པའོ།། རྣལ་འབྱོར་མུ་ཞེས་བྱ་བ་ནི་དྲུག་པའི་དོན་ལ་དང་པོའོ།། ལྕེ་ཞེས་བྱ་བ་ནི་ཞལ་ཏེ་བདུན་པའི ་དོན་ལ་དང་པོའོ།། གཉིས་ཅེས་བྱ་བ་ནི་དཔྲལ་བ་དང་སྤྱི་གཙུག་གོ། འདི་ལ་ཡང་བདུན་པའི་དོན་ལ་གསུམ་པ་འམ་ལྷན་ཅིག་པོའི་དོན་ལའོ།། དཔའ་བོ་ཉིད་ཅེས་བྱ་བ་ནི། གཉིས་པ་ཕྱིས་པའི་མང་པོའི་ཚིག་སྟེ ་དཔའ་བོའི་སྔགས་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་མ་དང་དཔའ་བོ་གཉིས་མེད་ཅེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། མེ་ཏོག་ཅེས་བྱ་པོ་ལ་སོགས་པ་ནི་མེ་ཏོག་གི་ཤིང་རྟ་ལ་ཞོན་པའི ་མཁའ་འགྲོ་མ་སེར་མོར་བདག་ཉིད་བསུམས་ནས། མཁའ་འགྲོ་མོ་ཞོན་པའི་མེ་ཏོག་གང་ལ་བྱིན་པའོ།། དེ་ནི་ཕྱག་རྒྱས་བཏབ་པར་ཞེས་བྱ་བ་ནི་ལུས་ལ་སོགས་པ་རེངས་པར་བྱེད་པ་སྟེ། སྔ་མ་བཞིན་དུ་སྔགས ་བཟླ་བར་བྱའོ།། ཨོཾ་ཌཱ་ཀི་ནི་ཧུཾ་ཧཱུཾ་ཕཊ་ཙ་སོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་ལྟུང་བྱེད་མ་གསུངས་པ། ལྟུང་བྱེད་མའི་རྣལ་འབྱོར་གྱིས་བསྒྲུབ་བྱ་ཞལ་དུ་བཅུག་སྟེ། ཚེམས་མན་ནོ་ནས་སྔགས་ཨོཾ་པ་ཏྲ་པཱ་ཏ་ཎཾ་ཧུཾ་ཧཱུཾ། ་ཕཊ་ཅེས་གོང་མ་བཞིན་དུ། རྣལ་འབྱོར་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པ་སྟེ། དམ་ཚིག་དང་ཡེ་ཤེས་སེམས་དཔའ་དག་གཅིག་པ་ཁོ་ནའོ།། མཆོད་ཆེན་ཞེས་བྱ་བ་ནི་མཆོད་པ་ཉིད་རྣམ་པ ་བཞིའོ།། སྔགས་ཀྱི་དགོད་པ་ཞེས་བྱ་བ་ནི། གོ་ཆ་ལ་སོགས་པའི་སྔགས་ཀྱི་དགོད་པའོ།། དཔའ་བའི་མཆོད་ཅེས་བྱ་བ་ནི་སྦྱིན་པའི་མཚན་ཉིད་ངད་མ་ཚོགས་ཀྱི་འཁོར་ལོའི་མཚན་ཉིད་དེ་ལྷག་མ་ནི་གོ་སླའོ།། ་རྒྱུད་འདིར་ཐམས་ཅད་ཕྱིན་ཅི་ལོགས་ཏུ་གསུངས་པ་རྣམས་མན་ངགེ་ལས་ཤེས་པར་བྱ་བ་རྣམས་སོ།། ཚར་གཅོད་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ལས་ཀྱི་ཁ་དོག་ཅེས་བྱ་བ་ནི་ཞི་བ་ལ་སོགས ་པཔོའི་ལས་དང་རྗེས་སུ་མཐུན་པའི་ཁ་དོག་བསྒོམྦྷ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཞི་བ་ལ་ནཱི་དཀར་པོའོ།། རྒྱུས་པ་ལ་ནཱི་སེར་པོར་བལྟ་བར་བྱའོ།། དེ་ཡང་སྔགས་ཀྱི་རྣམ་པར་དབྱེ་བར་བྱ་ཞེས་བྱ་བ་ནི་ཁྱད་པར་དུ ་བྱས་པའོ།། དེ་ཉིད་དབྱེ་བས་ཞེས་བྱ་བ་ནི་རྒྱས་པའི་དེ་ཁོ་ན་ཉིད་ཀྱི་དབྱེ་བས་སོ།། རྩའི་ལམ་ནི་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་ལམ་རྣམ་སུ་གོང་དུ་བརྗོད་པའི་རིགས་པས་སྤྱིར་བར་ཞེས་ཤེས་པར་བྱའོ།། ཐམས་ཅད ་ཞེས་བྱ་བ་ནི། ལས་ཐམས་ཅད་རྒྱས་པ་བསྒྲུབ་པར་བྱ་སྟེ། ཤིན་ཏུ་དགའ་ཆེན་ལས་བྱུང་བ་ཞེས་བྱ་བ་དང་སྦྱར་རོ།། ཤིན་ཏུ་དགའ་བའི་མཉམ་པར་སྦྱོར་བ་བསྐྱེད་པར་བྱ་ཞིང་། འདིའི་རྣལ་འབྱོར་གྱིས་བསྒྲུབ་པར ་བྱའོ།། གང་ཞེ་ན། ལྷ་དང་ལྷ་མིན་མིར་བཅས་རྣམས་ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་དང་མཱི་དང་ལྷན་ཅིག་པས་འཇུག་པ་སྟེ་བྱོལ་སོང་ལ་སོགས་པའོ།། ལྷག་མ་ནི་གོ་སླའོ།། དཔའ་བོའི་མཆོད་པ་ལས་ཐམས་ཅད་ནི ་ཞི་བ་ལ་སོགས་པ་སྟེ་འབྱུང་བ་ནི། གང་དུ་དེ་ལྟ་བུའི་ལེའུ་བཅུ་གསུམ་པའོ།། ། འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་གསུམ་པའོ།། །། འཁོར་ལོ་གསུམ་སྨྲ་བའི་རྣལ་འབྱོར ་མ་རྣམས་ཀྱི་ཕྱི་རོལ་དང་ནང་གི་གནས་བཤད་པའི་དོན་དུ་ལིའུ་བཅུ་བཞི་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དང་ཐམས་ཅད་ཉིད་དུའང་གང་ལ་ཞུ་བ་མ་ཐོས་པ་དེ་ལ། ཞུ་བ་བལྟ་བར་བྱའོ།། ཞུ་བ་མ ་བྱས་པས། བསྟན་པ་འབྱུང་བ་མེད་པའི་ཕྱིར་རོ།། དེ་ནས་ཞེས་བྱ་བ་ནི། དཔའ་བོ་དང་གཉིསུ་མེད་པའི་མཆོད་པ་ལ་སོགས་པ་བཤད་མ་ཐག་ཏུའོ།། སྐུ་ལ་སོགས་པ་ནི་འཁོར་ལོ་དང་སྦྱར་རོ།། གནས་ཀྱི་ནང་གི་ཞེས་བྱ ་བ་ནི། སྤྱི་བོ་ལ་སོགས་པ་རྣམས་སོ།། དཽ་རྣམས་ཀྱི་རབ་ཏུ་དབྱེ་བཱ་ནི་མཱ་ལ་ཡཱ་ལ་སོགས་པའི་རང་གི་ངོ་བོའོ།། དེ་ས་རཱབ་ཏུ་དབྱེ་བ་ནི་གནས་ལ་སོགས་པའི་རང་བཞིན་ནོ།། བཤད་པར་བྱའོ་ཞེས་བྱ་བ་ནི། སྦྱར་བའོད། ་དེ་ཉིད་ནི་སྤྱི་བོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྱི་བོ་ནི་སྒྲའི་སའོ།། སྤྱི་གཙུག་ནི་གཙུག་ཕུད་དོ།། རྒྱབ་ཀྱི་ངོས་ནི་རྒྱབ་ཀྱི་དབུས་སུ་སྟེང་དུ་དབྱི་གུའོ།། མིག་ལ་དེ་བཞིན་ལྷ་མོའི་མཁར་ཞེས་བྱ་བ་ནི། མིག་གཉིས ་ལའོ།། གཞན་དུ་ལྷག་པའི་རྩུ་བར་ནི། མ་ལ་ཝཱར་ཞེས་བྱ་བ་ནི། གཞན་དུ་མཱ་ལ་ཝར་ནི་ཕྲག་པ་གཉིས་སོ།། ཐུགས་ཀྱི་འཁོར་ལོར་རྣམས་པར་གནས་ཞེས་བྱ་བ་ནཱི། སྤྱི་བོ་ལ་སོགས་པ་དང་མཱ་ལ་ཝ། ་ལ་སོགས་པ་ནང་དང་ཕྱི་རོལ་གྱི་ཡུལ་ནི་སེམས་ཀྱི་རང་གི་ངོ་བོས་སོ།། རྣམ་པར་གནས་ཞེས་བྱ་བ་ཡང་ཐ་སྙེད་ཅེས་བྱ་བའི་དོན་ཏེ། གཞན་དུ་སེམས་ནི་སྣ་ཚོགས་ཀྱི་བདག་ཉིད་ཀྱི་ཕྱིར།། མཁའ་སྤྱོད་ཅེས་བྱ་བ་ལ ་མཁའ་ནི་དག་པའི་སེམས་ཏེ་ན་མཁའ་ནི་མི་དམིགས་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིག་གོ།། མཁའ་ནི་ཕྱི་རོལ་གྱི་ན་མཁའ་སྟེ། ན་མཁའ་ལ་རྒྱུ་བའི་ཕྱིར་མཁའ་སྤྱོད་དོ།། གནས་ལ་སོགས་པར་གྱུར་པ་རྣམས་གོང་ཞེ་ན། ་གནས་ཀྱི་ཁྱད་པར་གཟུགས་ཅན་གྱིས་ཞེས་བྱ་བ་ལ། གནས་ཀྱི་ཁྱད་པར་ནི་མཱ་ལ་ཡ་ལ་སོགས་པའོ།། དེའི་གཟུགས་ཅན་གྱི་ཞེས་བྱ་བ་ནི། གནས་ལ་སོགས་པ་རྣམས་སོ།། འདོད་པ་ཞེས་བྱ་བ་ལ་སོགས་པ་ནི་མཚན་ཁུང ་གཉིས་སོ།། ནུ་མ་ཨོ་ཊྭཱཾ་ཞེས་བྱ་བ་ནཱི། ནུ་མ་ཨོཾ་ཊེ་ཞེས་རབ་ཏུ་གྲགས་སོ།། ཞེས་བྱ་བའི་དོན་ཏོ།། འདི་དག་ཅེས་བྱ་བ་ནཱི་གནས་གཉིས་ལའོ།། དབང་རྩཝ་ཞེས་བྱ་བ་ནི། ས་བོན་གྱི་མཛོད་གཉིས་ལའོ།། ཡུལ་རྣམས ་ཐམས་ཅད་ཅེས་བྱ་བ་ནི། འདོད་པའི་གཟུགས་ལ་སོགས་པ་དང་། མཚན་ཁུང་ལ་སོགས་པའོ།། སའི་སྒྲས་ན་ས་ནི་གནས་སོ།། དེ་ཡང་ཐ་སྙད་འདིའི་ཕྱིར་ཡང་ས་ནི་གསུང་ཞེས་བྱ་བའི་དོན་ཏེ། ས་དང་དོག་ས་ཞེས ་བྱ་བའོ།། གནས་ཀྱི་ཁྱད་པར་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་རོ།། ཡང་ན་ཕྱི་དང་ནང་གི་གནས་ཀྱི་དབྱེ་བའོ།། ཡི་དགྲས་ལྷག་པར་གནས་ཞེས་བྱ་བ་ནི། ཡི་དྭགས་ཀྱི་གྲོང་ངོ་།། རྟགས་ལ་ཞེས་བྱ་བ་ནི། རྡོ་རྗེ་ལའོ།། ་གསང་བ་ཞེས་བྱ་བ་ནི་བཤང་བའི་ལམ་མོ།། བཪྻ་ནི་ཞེས་བྱ་བ་ནི་བརླ་གཉིས་སོ།། སོར་མོ་ཞེས་བྱ་བ་ནི་རྐང་པའི་སོར་མོ་རྣམས་སོ།། མཐེ་བོང་ཞེས་བྱ་བ་ནི་རྐང་པའི་མཐེ་བོང་གཉིས་སོ།། པུས་མོ་ར་ཞེས་བྱ་བ་ནི ་པུས་མོ་གཉིས་སོ།། འདི་དང་ལུས་ཀྱི་ཕྱི་རོལ་གྱི་འཛམ་བུ་གླིང་གི་ཡུལ་རྣམས་སྦྱར་བར་བྱ་བ་དང་། གང་གི་ཕྱིར་འདིའི་གླིང་ནི་ལས་ཀྱི་ས་པ་ཉིད་དེ་ལས་ཀྱི་གྲུབ་པ་རྣམས་སོ།། གླིང་གཞན་རྣམ་སུ་ནི་སྔོན་གྱི་ལས ་ཀྱི་འབྲས་བུ་ཉེ་བར་ལོངས་སྤྱོད་པ་ཙམ་དུ་ཟད་དེ། སྔོན་མེད་པའི་ལས་མི་བསྐྱེད་དོ།། རྟོགས་བྲེས་གང་ཞིག་རྣལ་འབྱོར་མ་རྣམས་གཞན་དུ་མི་འགྲོ་སྟེ་འཛམ་བུའི་གླིང་དང་ཉེ་བའི་ཕྱིར་གསེར་གླིང་གཟུང་ངོ་།། ་ཡུལ་དང་རང་ལུས་སྐྱེས་པ་ཞེས་བྱ་བ་ནི། སེམས་ཅན་སོ་སོའི་ལུས་ཐམས་ཅད་འོདི་ནི་འཇམ་བུ་གླིང་སྟེ། སེམས་ཅན་ཐུམྲ་ས་ཅ་ཀྱིས་ལུས་ལྔས་སྐྱེས་པ་ནི་འཛུམ་བུ་གླིང་ཞེས་བྱ་བར་དགོངས་སོ།། རང་གི་ཕྱི་དང ་ཞེས་བྱ་བ་ལ་སོགས་པ་ནི། ཇི་ལྟར་ཕྱི་རོལ་དེ་བཞིན་དུ་ནང་ངོ་།། ཇི་ལྟར་ནང་ལ་དེ་བཞིན་དུ་ཕྱི་རོལ་ཏེ། དབྱེ་བ་བྱས་པའི་ཕྱིར་དེ་ནི་ཕྱི་དང་ནང་ཉིད་དོ།། སེམས་ཀྱི་རྣམ་པར་བཞག་པ་ལས་མ་གཏོགས་པ་ཅུང་ཟད ་ཀྱང་ཡོད་པ་མ་ཡིན་ནོ།། སྐུ་ལ་སོགས་པ་གསུང་སྨྲ་པས་ཕྱི་དང་ནང་དུ་ཁྱབ་པའོ།། རྩཝ་ཡིས་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱིའོ།། འདི་རྣམས་གནས་སུ་ཞེས་བྱ་བ་ལ་སོགས་པ་ནི་གང ་ཞིག་བུ་མོའི་གཟུགས་ཀྱིས་སམ། རྩའི་གཟུགས་ཀྱི་གོ་རིམས་བཞིན་མཱ་ལཱྀ་ཡེ་ལ་སོགས་པ་རྣམས་ལ། རྩ་རྣམས་གནས་པ་ནི་ལུས་ལ་ཞེས་བྱ་བ་དང་སྦྱར་རོ།། འདི་ཡང་སྡུད་པར་བྱེད་པའི་ཚིག་སྟེ། ལྷག ་མ་ནི་གོ་སླའོ།། བསྒྲགས་བྱ་ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདསཱ་ཀྱིས་གསུང་ངོ་།། པུལླཱི་ར་མ་ལ་ཡ་ཞེས་བྱ་བ་ནི། མཱ་ལ་ཡ་ལ་སོ་དང་སེན་མོ་འབབ་པ་ལ་སོགས་པ་སྟེ། རྣལ་འབྱོར་མ་རྣམས ་ཀྱི་བྱ་བའི་སྒོ་ནས་ཁྱད་པར་རི།། སྙིང་གི་སྒོང་སྐྱེས་མ་ཞེས་བྱ་བ་ནི། སྙིང་གི་པདྨ་སྟེ། ལྷག་མ་ནི་གོ་སླའོ།། དེ་ལྟར་བཤད་པ་འདི་ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོའི་ཞེས་བྱ་བ་དང་སྤྱིརོ་ཞེས་བྱ་བར་བཤད ་དོ།། མཁའི་སྤྱོད་དོམ། སྙོམས་པར་ཞུགས་ནས་ཡང་དཔའ་བོ་ཐམས་ཅད་རྣམ་བྱར་གནས་པའོ།། དེ་ལྟར་ཐ་བ་སྣ་གཙོ་བོར་གྱུར་པ་སུ་བཤད་པ་ཙམ་ཉིད་དོ།། དེ་བཞིན་དུ་ཡོང་ཐོང་པོའི་དུམ་བུ་ཅན་ལ་སོཊ། ་པ་སྔར་གསུངས་སོ།། དེ་ནས་རབ་གཏུམ་ལ་སོགས་པའོ།། སྟན་ལ་ནི་ཤེས་རབ་གཙོ་བོས་གནས་སོ།། འདི་སྐད་དུ་ཕྱི་མ་ལ་ཡང་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྐུ་མདོག་དང་ཕྱག་ལ་སོགས་པ་རྣམས་ཕྱི ་ནས་བརྗོད་པར་བྱའོ།། བོང་བུ་མཱར་ཞེས་བྱ་བ་ནི། ལས་ཀྱི་ཁྱད་པར་ལ་བོང་བུའི་རྣམ་པའི་ཕྱིར་རོ།། བདུད་ཀྱི་དགྲ་ཞེས་བྱ་བ་ནི། ཧེ་རུ་ཀའོ།། སྣབས་དུང་སྣ་ཆུ་ཞེས་བྱ་བ་ནི། སོ་སོར་འཛག་པ་དང་སྦུབས ་འབབ་པ་སྟེ། འདིར་བསྐྱེད་པའི་དོན་ནི། རྐྱེན་རྙེད་པས་བསྐྱེད་པའོ།། འོན་ཀྱང་ཐབས་གཙོ་བོར་གྱུར་པས་སོ་དང་།། སེན་མོ་ལ་སོགས་པ་རྣམ་པར་སྦྱོང་བ་ལ། གཞི་སུམ་ཅུ་རྩ་བདུན་རྣམས་ཀྱིས ་དཔའ་བོ་ཉི་ཤུ་རྩ་བཞི་དང་ལྡན་པའི་རྣལ་འབྱོར་མ་རྣམ་པར་དོག་པ་སྟེ་རབ་གཏུམ་མ་དང་། གཏུམ་མིག་མ་དང་། འོད་ལྡན་མ་ཞེས་བྱ་བ་ལ་སོགས་པ་སེན་མོ་ལ་སོགས་པའི་དངོས་པོ་གཉིས ་གཉིས་རྣམ་དྲག་པའོ།། ཞབས་འོག་ཅེས་བྱ་བ་ལ་ལྟུང་བ་ནཱི་པཱ་ཏཱ་སྟེ། འོག་ཏུ་འགྲོ་བའོ།། དེའི་ལ་ནི་ལེན་པར་བྱེད་པ་སྟེ། བདག་གི་དྲངོས་གཞི་ཁྱེར་བ་དང་། ལྷུང་བ་ཐུ་བར་བྱེད་པ་ཇི་སྙེད་པའོ།། ཞབས་འོག ་ནི་སྐུའི་རྡོ་རྗེ་ཉིད་ཀྱི་ཞབས་འོག་སྟེ། འདི་སྐད་དུ་འཛམ་བུའི་གླིང་དང་མཐོ་རཱྀ་ས་ལ་སོགས་པའོ།། ཡུལ་གྱི་དགོད་པ་དཔའ་བོ་དང་གཉི་སུ་མེད་པ་ཞེས་བྱ་བ་ནི།། ཡུལ་གྱི་དགོད་པ་དཔའ་པོ་དང་གཉིསུ་མེད་པ ་ཉིད་དང་དེ་བརྗོད་པར་བྱེད་པ་ལས་ལེའུ་བཅུ་བཞི་པའོ།། །། འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་བཞི་པའོ།། །། དེ་ནས་ཞེས་བྱ་བ་ནི་ཡུལ་གྱི་དགོད་པ་ལ་སོགས་པ ་གསུངས་མ་ཐག་ཏུ། ལས་མཆོག་བཤད་པར་བྱ་བ་དང་སྦྱར་རོ།། ལས་མཆོག་ཅེས་བྱ་བ་ནི། སྤྲུལ་པ་ལ་སོགས་པའི་འཁོར་ལོར་སོན་པའི་ལས་སོ།། རྣལ་འབྱོར་ཀུན་ལས་དམ་པ་ཉིད་ཅེས་བྱ་བ་ནི། ་ལྷའི་རྣལ་འབྱོར་ལ་སོགས་པ་རྣམས་ལས་ཕུལ་དུ་བྱུང་བའོ།། གང་ཞེས་བྱ་བ་ལ་སོགས་པ་ལ་གང་རྣམས་ལྔ་དངོས་གྲུབ་དམ་པ་ཁྱད་པར་དུ་འཕགས་པ་ཡོད་པའི་ངང་ཚུལ་དེ་ནི་དེ་ལྟ་བུའོ།། དེ་རྣམས་ཀྱི་སྔགས་ཀྱི ་དབྱེ་བ་ནི་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ།། ཇི་ལྟར་འབྱུང་བ་དང་ཞེས་བྱ་བ་ནི། ཇི་ལྟར་སྤྲུལ་པ་ལ་སོགས་པའི་འཁོར་ལོར་རབ་ཏུ་སྐྱེས་པའོ།། ཡི་འབྲུ་ཕོ་ཉ་སོགས་ཞེས་བྱ་བ་ནི། གཤིན་རྗེ་ཕོ་ཉ་མ་ལ་སོགས་པའོ།། ་ཡིག་འབྲུ་ནི་ཡི་གེ་རྣམས་ཞེས་བྱ་བའི་དོན་ཏེ།། དེའི་སྔགས་ཞེས་བྱ་བ་ནི་ངོའི་སྔགས་ཏེ་བཱ་རྟིང་པ་བརྒྱད་པ་ལ་སོགས་པའོ།། འདིས་ནི་འདི་བརྗོད་དོ།། ཨོཾ་ཡ་མ་དཱ་ཏི་ཧུཾ་ཧཱུཾ་ཕཊ། སོགས་པའི་སྒྲ་ལས་ཨོཾ་ཡ་མ་དཱ་དྷཱི་ཧྱཾ་ཧཱུཾ་ཕཊ། ་དེ་བཞིན་དུ་ཡང་འདི་སྔོན་དུ་བལྟ་བར་བྱའོ།། ཨོཾ་ཡ་དྲྀཥྚི་ཎི་ཧུཾ་ཧཱུཾ་ཕཊ། ཨཱ་པ་མ་མ་ཐཱ་ནི་ཧུཾ་ཧཱུཾ་ཕཊ་ཙའོ།། དེ་བཞིན་དུ་ཡང་ཨཱཾ་པྲ་ཙཎྜེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སྟེགས་པཾ་ནསྟྲ། ཨོཾ་མ་ཧཱ་བཱིརྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་མཐར ་འཁོར་ལོ་གསུམ་གྱི་རྣལ་འབྱོར་མའི་སྔགས་སྐྱེས་མའོ།། དེ་བཞིན་དུ་ཡང་ཨཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལ་སོགས་པ་ནས། ཨོཾ་ཤུ་ཀོ་རཱ་སྱཻ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་མཐ་རོ།། ཡིག་འབྲུ་ཁ་དོག་ལ་སོགས་ཞེས་བྱ་བར་ཤེས ་པར་བྱའོ།། ཨོཾ་ནཱ་མོ་བྷ་ག་པ་ཏཾ་བཱི་རེ་ཤཱ་ཡ་འདི་ནི་རྐང་པ་བརྒྱད་པའི་སྔགསོ།། ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་ཤྲཱི་ཧེ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཉི་ཤུ་རྩ་གཉིས་ཞེས་བྱ་བ་ལ་སོགས་པ་གང ་ཞིག་དེ་ནི་དེ་དག་གི་སྔགས་སུ་བརྗོད་དོ།། རྐང་པ་བརྒྱད་པ་དང་ཀ་ར་ཀ་རི་ལ་སོགས་པ་མན་ངག་ལས་ཆ་སོ་སོར་མཆོད་པ་ལ་སོགས་པའི་དུས་སུ་བལྟ་བར་བྱའོ།། མདའི་ཤུགས་ཀྱིས་ཡོངསུ་འཁོར་ཞེས་བྱ་བ་ནི་བཟླས ་པའི་དུས་སུ་རང་ལ་སེ་ཤེས་རབ་ལའོ།། དེའི་ཡང་རང་ལས་འཕོ་བ་ནི་ཀུན་ཏུ་འཁོར་བ་སྟེ། མདའ་ཤུགས་ཀྱིས་ཡོངས་འཁོར་བའོ།། ཡིག་འབྲུ་ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ནི་དེའི་སྔགས་རྣམས་མདའ་ཤུགས་ཀྱི ་ཡོངས་སུ་འཁོར་བ་སྟེ་དེ་བཤད་པར་བྱ་ཞེས་གོང་མ་དང་སྦྱར་རོ།། ད་ནི་གང་ཞིག་རབ་ཏུ་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་པའི་སྔགས་དེ་རྟོགས་པར་བྱ་བའི་ཕྱིར་དང་། སྤྲུལ་པའི་སྐུ་ལ་སོགས་པ་འཁོར་ལོའི ་གཟུགས་ཀྱིས་བསྟན་པའི་ཕྱིར། སྦྲུལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་མཉམ་པོར་འགྲོ་བ་ལ་ཕན་པ་སྣ་ཚོགས་པ་རྣམས་མཛད་ཅིང་། སྲིང་པོའི་མཐར་དེ་རྒྱུན་མི་འཆད་པར་ཐུབ་པའི་སྤྲུལ་པའི ་སྐུ་དང་ལྡན་པའོ།། གང་གིསཽ་ཤཱཀྱི་ཐུབ་པ་ལ་སོགས་པའི་གཟུགས་ཀྱིས་འཁོར་བར་འཇིག་རྟེན་གྱི་ཁམས་རྣམས་ཐམས་ཅད་དུ་སེམས་ཅན་རྣམས་ལ་མཉམ་པར་གཞག་པས། དུས་གཅིག་ཏུ་མཉམ་པར ་རྒྱུན་མི་འཆུད་པའི་ཚུལ་གྱིས་དེ་སངྱས་རྒྱས་ཀྱི་སྤྲུལ་པའི་སྒྲས་མ་དང་པ་ཞེས་བྱ་བ་འདིའི་ཚིགས་བཅང་འདིའི་དོན་ཏོ།། བྱང་ཆུབ་ཕྱོགས་མཐུན་ཆད་མེད་རྣམས།། རྣམ་པར་ཐར་དང་གནས་པའི ་སྙོམས་འཇུག་དགུ་ཡི་བདག་ཉིད་དང་།། ཟད་པར་བཅུ་ཡི་བདག་ཉིད་དང་།། ཟིལ་གྱིས་གནོན་པོའི་སྐྱེ་མཆེད་དང་།། རབ་ཏུ་དབྱེ་བ་རྣམ་པ་རྒྱུད་དང་།། ཉོན་མོངས་མེད་དང་སྨོན་མཁྱེན་དང་།། མངོན་ཤེས་སོ་སོ་ཡང ་དྲག་རིག། རྣམ་ཀུན་དག་པ་བཞི་དང་ནི།། དབང་བཅུ་དང་ནི་སྟོབས་བཅུ་དང་།། མི་འཇིགས་པ་ནི་བཞི་དགོ་དང་།། བསྲུངས་པ་མེད་པ་རྣམ་གསུམཱ་དང་།། དགོངས་པ་དྲན་པ་ཉེར་གཞོག་གསུམ།། བསྙེལ་བ་མི་མངའ་ཚས ་ཉིད་དང་།། བབ་ཆགས་ཡང་དག་བཅོམ་པ་དང་།། ཐུགས་རྗེ་ཆེན་པོ་སྐྱེ་བོ་ལ།། ཐུབ་པའི་ཆོས་ནི་མ་འདྲེས་པ།། བཅོ་བརྒྱད་བཤད་པ་གང་ཡིན་དང་།། རྣམ་པ་ཐམས་ཅད་མཁྱེན་པ་ཉིད།། ཆོས་ཀྱི་སྐུར་ནི་མངོན ་པར་བརྗོད།། ལུས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བཞི་པོ་རྣམས་ནས་ཡང་དག་པའི་ངག་ལ་སོགས་པ་འཕགས་པའི་ལམ་ཡན་ལག་བརྒྱད་པར། བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཚད་མེད་པ་རྣམས་ནི ་ཚངས་པའི་གནས་བཞི་པོ་རྣམསོ།། རྣམ་པར་ཐར་དང་ཞེས་བྱ་བ་ནི། ནང་གི་གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ། ཕྱི་རོལ་གཟུགས་རྣམས་ལ་བལྟ་བ་ཞེས་བྱ་བ་གཉིས་པ་དང་། སྡུག་པའི་རྣམ་པར་ཐར ་པ་ལུས་ཀྱི་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པ་ཞེས་བྱ་བ་གཅིག་དང་། ནཱ་མཁའ་དང་རྣམ་པར་ཤེས་པ་དང་ཅི་ཡང་མེད་པ་དང་། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་བཞི་དང་། འདུ་ཤེས ་དང་ཚོར་བ་འགོག་པ་ཞེས་བྱ་བ་རྣམ་པར་ཐར་པ་དང་། གཟུགས་ཀྱི་ཁམས་བསམ་གཏན་བཞི་པོ་དང་། གཟུགས་མེད་པ་བཞི་དང་། འགོག་པའི་སྙོམས་པར་འཇུག་པ་ཞེས་བྱ་བོ་སྙོམས་པར་འཇུག་པ་དགུ་དང་། ས་དང་ཆུ ་དང་མེ་དང་རླུང་དང་། སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་དང་། རྣམ་པར་ཤེས་པ་དང་། ན་མཁའི་རང་གི་ངོ་བོ་ཞེས་ཟད་པ་རྭ་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆོད་དང་། རྣམ་པ་བརྒྱད་དུ་ཞེས་བྱ་བ་ནི ་ནང་གཟུགས་དང་གཟུགས་མེད་པར་འདུ་ཤེས་པ་དག་གི་ཕྱི་རོལ་གྱི་གཟུགས་སོ་སོར་ཀུན་གྱི་རྣམ་པ་རྣམས་སུ་བལྟ་ཞིང་དེ་དག་ཟིལ་གྱིས་མནན་ནས་ཤེས་པ་ཞེས་བྱ་བ་བཞི་དང་ནང་གཟུགས་དང་གཟུགས་མེད ་པཔར་འདྲུགས་ཤིང་སྔོན་པོ་དང་སེར་པོ་དང་དམར་པོ་དང་ངཀར་པོ་དག་ཟིལ་གྱིས་མནན་ནས་མཐོང་ངོ་།། རང་དང་གཞན་གྱི་རྒྱུད་དུ་སོན་པའི་ཉོན་མོངས་པའི་དགྲའི་ཚོགས་རྩ་ནས་བཏོན་པའི་ཏི་ངེ་འཛིན་དེ་ནི་ཉོན་མོངས་པ ་མེད་པའོ།། མཚན་མ་ཐམས་ཅད་ཀྱི་ཚོགས་བཅོམ་པས་ཡང་དག་པར་བྲལ་བ་དང་ཐེ་ཚོམ་བསལ་བར་མཛད་པ་དང་། སྨོན་ལམ་ཡང་དག་པར་འཕེལ་བ་དང་འཁོར་བ་ཇི་སྲིད་པར་མཉམ་པར་གཞག་པའི་གནས ་སྐབས་སུ་འཇུག་པའི་སྨྱོན་པས་མཁྱེན་པ་དང་། མངོན་ཤེས་དྲུག་ནི་ལྷའི་མིག་ལ་སོགས་པའོ།། སོ་སོར་རིག་པ་ནི་ཆོས་སོ་སོར་རིག་པ་ལ་སོགས་པ་བཞིའོ།། རྟེན་དང་དམིགས་པ་དང་། སེམས ་དང་ཡེ་ཤེས་ཡོངས་སུ་དག་པ་བཞིའོ།། དབང་བཅུ་དང་ནི་ཞེས་བྱ་བ་ནི། ཚེ་དང་སེམས་དང་ཡོ་བྱད་དང་ཉོན་མོངས་པ་དང་། ལས་དང་། སྐྱེ་བ་དང་མོས་པ་དང་། སྨོན་ལཱམ་དང་རྣམ་པར་ཤེས་པ་དང་ཆོས་སོ།། སྟོབ ་རྣམས་དང་། མི་འཇིགས་པ་རྣམས་ནི་རབ་ཏུ་གྲགསོ།། ཡོངས་སུ་དག་པ་ནི་སྐུ་དང་གསུངས་དང་ཐུགས་བསྡུས་ནས་སྤྱོད་པ་དང་། དེ་བཞིན་གཤེགས་པ་ཡོད་པ་མ་ཡིན་པ་དང་། ཡོད་པར་ཕྱིན་ཅི་མ་ལོག་པར་བསྡུས ་ནས་སྤྱོད་པས་ཕ་རོལ་ཡོངས་སུ་ཤེས་པས་དེ་སྒྲིབས་པས་དེ་མི་མཐོང་བས་སྲུང་དུ་མེད་པའོ།། ཆོས་བསྟན་ན་ཉན་པར་འདོད་པ་དང་མི་ཉན་པར་འདོད་པ་དང་། གཉིས་དཀར་འདོད་པ་རྣམས་ལྔ། གོ་རིམས་བཞིན ་དུ་དགྱེས་པ་དང་མི་དགྱེས་པ་དང་། གཉི་ག་དང་། དབེན་པ་ཁོ་ནར། བཏང་སྙོམས་ཀྱི་དྲན་པ་དང་ལྡན་པར་གནས་པ་ཞེ་སྣ་བྱུག་དྲན་པ་ཉེ་བར་གཞག་པ་གསུ་མོ།། སེམས་ཅན་གྱི་དོན་མཛད་པའི་དུས་ལྔ་མི་འདའ ་བ་ཞེས་བྱ་བའི་མཚན་ཉིད་ཅེས་བྱ་བ་བསྙེལ་པ་མི་མངའ་བ་རྣམ་པ་གསུམ་མོ།། ཉོན་མོངས་པ་དེང་ཤེས་བྱའི་སྒྲིབ་པའི་ཐེ་ཚོམ་གྱི་ས་བོན་སྤངས་པས་བག་ཆགས་རྩ་ནས་བཏོན་པའི་ཕྱིར་རོ།། སྙིང་རྗེ་ནི་བ ་གྲགས་སོ།། ཆོས་བཅོ་བརྒྱད་དུ་རབ་ཏུ་གྲགས་སོ།། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུའི་བདག་ཉིད་འདི་ནི་ཐུབ་པའི་ལོངས་སྤྱོད་རྫོགས་པའི་སྐུ་རུ་བརྗོད་དོ།། ཐེགས་པ་ཆེནྡ་པོའི་ཉེ་བར ་ལོངས་སྤྱོད་ལས་ས་བཅུ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་མཆོག་ཏུ་སྐྱོན་མེད་པས། ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བོའི་བདེ་བ་ཉེ་བར་ལོངས་སྤྱོད་པའི་ཕྱིར། འདི་ནི་ལོངས ་སྤྱོད་རྫོགས་པའི་སྐུའོ།། ཅིར་གྱུར་པས་ཤི་ན། སྨྲས་པ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བརྒྱད་ཅུས་བརྒྱན་པར་བྱས་པའོ།། གང་ཞིག་ཆོས་རྣམས་ཀྱི་རྣམ་པ་ཐམས་ཅད་རྣམ་པར་དག་པ་ཐོབ་ནས ་ཟག་པ་མེད་པ་ནི། ཐུབ་པའི་ངོ་བོ་ཉིད་ཀྱི་སྐུའོ།། དེ་རྣམས་ཀྱི་རང་བཞིན་གྱི་མཚན་ཉིད་ནི་གང་ཞིག་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡེ་ཤེས་ཀྱི་བདག་ཉིད་དེ་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དབྱིངས ་ཀྱི་རང་གི་ངོ་བོའི་ཕྱིར་དེ་ཟག་པ་མེད་ཅིང་བློ་བྱིར་བའི་དྲི་མས་རྣམ་པ་ཐམས་ཅད་རྣམ་པར་དག་པ་དང་། རང་བཞིན་དང་བྲལ་བའི་མཚན་ཉིད་ཐོབ་པའོ།། དེ་རྣམས་ཀྱི་རང་བཞིན་སྐྱེ་བ་མེད་པའི་ངོ་བོ་ཞེས་བྱ་བ་ནི་སྐུ ་བཞི་པའོ།། སྤྲུལ་པ་ལ་སོགས་པའི་འཁོར་ལོའི་གཟུགས་ཀྱིས་ལྟེ་བ་ལ་སོགས་པ་རྣམ་སུ་རིམ་པས་རྣམ་པར་བཞག་པ་ནི། འདི་ཡང་དང་པོར་ཆོས་ཀྱི་འབྱུང་གནས་ཞེས་བྱ་བ་ལ་སོགས་པས་བཅུ་གཅིག་པར ་གསུངས་པ་རྒྱསྲ་པར་བསྟན་པ་ཡང་སྤྲུལ་པའི་འཁོར་ལོའི་དབུས་སུ་ནི་ཞེས་བྱ་བ་ནི། ཨཾ་སྟེ་པདྨ་འདབ་མ་དྲུག་ཅུ་རྩ་བཞིའི་ཟེ་འབྲུའི་དབུས་སུ་བསྒོམ་པར་བྱ་ཞེས་བྱ་བ་ནི་དགོད་པའོ།། སྡེ་ཚན་ཞེས་བྱ ་བ་ནི་བཤད་ཟིན་པ་དང་འདྲའོ།། འདི་ལྟར་ཡང་དབྱངས་བཅུ་དྲུག་ནི་སྡེ་ཚན་གཅིག་དང་། ཀ་ཁ་གྲྀ་གྷ་དཱ་ཞེས་བྱ་བ་ནི་གཉིས་པ་དང་། ཙྪ་ཛ་ཛྷ་ཉ་ཞེས་བྱ་བ་ནི་གསུམ་པ་དང་། ཊཱ་ཐཱ་ཥ་བྷ་ཎ་ཞེས་བྱ་བ་ནི་བཞི་པ་དེང་། ཏ་ཐ་ད ་དྷ་ན་ཞེས་བྱ་བ་ནི་ལྔ་པ་དང་། པ་ཕ་བ་བླ་མ་ཞེས་བྱ་བ་ནི་དྲུག་པ་དང་། ཡ་ར་ལ་ལྦ་ཞེས་བྱ་བ་ནི་བཞིའི་བདག་ཉིད་ཅན་ཏེ་བདུན་པ་དང་། ཤ་ཥས་ཧ་ཞེས་བྱ་བ་འདི་ཡང་བཞིའི་བདག་ཉིད་ཚོན་ཏེ་བརྒྱད་པའོ།། ཀ་དང ་དངག་གི་སྦྱོར་བ་ལས་ཀྵའི་རྫོགས་པ་ཞེས་བྱ་བ་འདི་ཡང་ཐ་དད་པར་མ་བསྟན་ཏོ།། འདི་རྣམས་ཀྱི་ཡང་བརྒྱད་པོ་རྣམས་ཀྱི་དང་པོའི་ཡི་གེ་རྣམས་ནི་རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པ་རྣམས་སོ།། འདི་རྣམས་ཀྱི་བརྒྱད ་པོ་ཞེས་བྱ་བ་ནི། སྡེ་ཚན་བརྒྱད་པོ་རྣམས་ཀྱིས་འདབ་མ་བརྒྱད་ལ་གནས་པ་རྣམས་ཀྱིསོ།། བསྐོར་ཞེས་བྱ་བ་ནི། དབུ་སུ་གནས་པར་བྱས་པའོ།། སྐྱེད་པར་བྱེད་ཅེས་བྱ་བ་ལ་སོགས་པ་ལ། སྔགས་རྣམས་ཐམས་ཅད་ཅེས ་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་སྟེ་འདིའི་འཁོར་ལོའི་བསྒོམ་པ་རབ་ཀྱི་མཐར་ཐུག་པ་ཐོབ་པ་ན་འབྱུང་བར་འགྱུར་བ་ཡིན་ནོ།། གང་གི་ཕྱིར་འདིར་དེ་རྣམས་ཀྱི་སྤྲུལ་པའི་སྐུ་ཐོབ་པར་འགྱུ་རོ།། ཡང་ན་སྡེ་ཚན་བརྒྱད ་ཀྱི་ཡི་གེ་འགྲོས་པ་ལས་སྔགས་རྣམས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བརྗོད་པའི་སྒྲ་རྣམས་ནི་དེ་ལས་སྐྱེ་བའོ།། གཞན་རྣམས་ཞེས་བྱ་ནི་སངས་རྒྱས་ཉིད་ལ་སོགས་པ་རྣམས་ཏེ། བསྒྲུབ་པར་བྱ་བ་རྣམ་སོ།། གང་རྣམས་དེ ་རྣམས་ཞེས་བྱ་བ་ནི། དམིན་པའི་དངོས་གྲུབ་ཀྱི་མཚན་ཉིད་རྣམ་སོ།། ཡང་ན་བརྟེན་པ་དང་གཡོ་བ་ཞེས་བྱ་བའི་ཐ་ཚིག་གོ། འབྱུང་བ་ཞེས་བྱ་བ་ནི་འདིར་སངས་རྒྱས་ཐམས་ཅད་འབྱུང་བ་དང་འདུ་བའོ།། དེ་བས་ན་ཐམས ་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ལ་འབྱུང་བ་ན་སངས་རྒྱས་ཐམས་ཅད་རྣམས་ཀྱི་སྐྱེ་བ་དང་རབ་ཏུ་ཕྱེ་བ་ཞེས་བརྗོདདོ།། འདི་ཇི་ལྟར་འབྱུང་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་རྣམ་དག་ཅེས་བྱ་བ་ལ་སོགས ་པའོ།། འདི་སྐད་དུ་ངོ་བོ་གང་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་གསུངས་པ་ནི། འཇིག་རྟེན་ན་ཡང་རྟགས་ཞེས་བྱ་བའི་ཚིག་ངེས་པ་མེད། མཱ་ནི་དཱ་ལ་ཡང་སྐྱེན་པོ་མ་ཡིན་ནོ།། འབྱུང་རང་བཞིན་འདི་ཉིད་དུ་ནི་ཞེས་བྱ་བ་ནི། ་སེམས་ཀྱི་རང་བཞིན་འོད་གསལ་བ་ཉིད་རང་གིས་འབྱུང་བཱ་རཱ་བཤད་པ་ནི། རང་འབྱུང་ངོ་།། དེའི་ངོ་བོ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ།། འདི་ཉིད་ནི་ཞེས་བྱ་བོ་ནི། ཐོག་མ་དང་ཐ་མ་མེད་པའི་དུས་སུ་འཇུག་ཅིང་རང་གི་སེམས ་གཟུགས་མེད་པའི་རྡོ་རྗེ་སེམས་དཔའི་འོ།། དེའི་གཟུགས་ནི་འདིས་རྟོགས་པར་བྱ་བའི་ཕྱིར། འདི་ནི་རང་འབྱུང་ཞེས་བྱ་བའི་ཚིག་བཤད་ཟིན་པ་དང་། སྒྲའི་ཚུལ་ལས་བྱུང་ཞེས་བྱ་བ་ལ་སོགས་པ་སྔར་བཤད་ཟིན ་དྷོ། འབྱིན་སྡུད་བྱེད་པ་པོ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་བསྐྱེད་པ་དང་ཉེ་བར་བསྡུ་བར་བྱེད་པ་པོ་ནི་རྡོ་རྗེ་སེམས་དཔའོ།། ཡང་ན་འབྱིན་པ་ནི་བསྐྱེད་པའོ།། སྤྱད་པ་ནི་གནས་པ་སྟེ། ཉེ་བར ་བསྡུས་ཏེ་དྭེ་ནས་འཇིག་པོ་ཞེས་བྱ་བ་ཇི་སྙེད་པའོ།། དེ་དག་བྱེད་པ་ནི་འབྱིན་པ་དོང་སྡུད་པར་མཛད་པ་སྟེ། ཅུང་ཟད་ཀྱི་དོན་ལ་ཀྲཱ་ནའོ།། ཀ་རུ་ལ་ཀ་ནུ་ནི་ཕྱིས་ན་ཀ་ར་ཀའོ།། དོནྡ་དམ་པར་འབྱིན་པ་དང་སྡུད་པ་ཡོད ་པཱ་མི་ཡིན་ནོ།། དྭེ་ལ་ཞེས་བྱ་བ་ལ་དིའི་སྒྲ་དཔྱིད་པསཱ་གནས་པཱའོ།། འདི་སྐད་ཅེས་བྱ་བ་ནཱི། དེ་མ་ཐག་ཏུ་གསུངས་པའི་དོན་ཏོ།། ཡིག་ལཱ་བྲུ་ཕྱོ་ཉ་ལ་སོགས་སྔགས་ཞེས་བྱ་བ་ནི་གཱ་ཤྲིན་རྗེའྀ་ཕོ་ཉ་ལ་སོགས་པའི ་ཡི་གེ་བདག་ཉིད་ཀྱི་སྔགས་སོ།། གལ་ཏེ་ཞེས་བྱ་བ་ནི་ཐེ་ཚོམ་གྱི་དོན་ཏེ། ཉིད་ཅེ་སྟེ་བྱ་བ་ནི་ངེས་པར་གཟུང་བའི་དོནཱ་ཏོ།། ཆ་ཞེས་བྱ་བ་ནི་ཚིག་ཅན་ཀྱི་སྒྲའོ།། སྤངས་ཞེས་བྱ་བ་ནི་དེའི་བདེ་བ་གོང་དུ་གསུངས་པའོ། ་ཨ་ལ་སོགས་པའི་རྟོགས་གྲེ་འདི་རྣམས་ཀྱི་སྤངས་པ་ཞེས་བྱ་བཱར་དགོངས་པའོ།། མཽ་རྟག་ཙྪིདཱ་ཞེས་བྱ་བ་ནི་རྟག་ཏུ་མི་གནསཱ་པའི་ཕྱི་ར་རོ།། གཟུགས་མེད་པཱ་ཞེས་བྱ་བ་ནི་བདེ་བའི་ངོ་བོས་ཉམ་སུ་མྱོང་བའི་ཕྱིརརོ།། ། ་བྷ་གའི་མཐར་ནི་ཞེས་བྱ་བ་ནི་བྷ་གའི་ནང་དང་ལྟེ་བའི་དབུསུ་ཨའི་གཟུགས་ཀྱིས་གནས་པའི་ཕྱིརརོ།། རྟོག་ཏུ་ཞེས་བྱ་བ་ནི་བྱ་བའི་ཚུལ་གྱིས་རྒྱུན་ཏུ་གནས་པའི་ཕྱིརརོ།། གཟུགས་མེད་པ་ཞེས་བྱ་བ་ནི། གཟུགས་ཀྱི ་ངེས་པ་མེད་པའི་ཕྱིར་རམ། གློ་བྱུར་བའི་ཡིག་འབྲུའི་གཟུགས་འཛིན་པའི་ཕྱིརརོ།། སྦྱིན་དབུས་ཟླ་བའི་པདྨ་ལ་ཞེས་བྱ་བ་ནི། སྨིན་མའི་ནང་དུ་སོན་པའི་པདྨའི་དབུས་ཀྱི་ཟླ་བ་ཞེས་བྱ་བའི་དོན་ཏེ།། དབུས་ཞེས་བྱ་བ་ནི ་དགོད་པའོ།། བཅུ་དྲུག་ཅེས་བྱ་བ་ནི་ཆ་བཅུ་དྲུག་པོ་རྣམས་ཀྱིས་མཚན་པའི་སྟེ། ཆ་བཅུ་དྲུག་པོ་རྣམས་ཀྱིས་གང་བ་ཞེས་བྱ་བ་རི་དགོངས་པའོ།། ཐག་པས་ཡོངས་སུ་བསྐོར་ཞེས་བྱ་བ་ནི། ཐག་པ་རྣམས་ཀྱིས་ཏེ་དབྱངས ་བཅུ་དྲུག་རྣམས་ཀྱིས་བསྐོར་བའོ།། དེ་དང་མིག་མེད་ཅིང་ཟླ་བ་ཕྱེད་ཐིག་ལེ་དང་བཅས་པའི་སཾ་བོ་ནཱ་ནི་ཧཱུཾ་སྟེ། བྱང་ཆུབ་སེམསོ་ཞེས་བྱ་བར་བལྟ་བར་བྱའོ།། ཡང་ན་ཐག་པས་ཞེས་བྱ་བ་ནི། དབྱངས་ཀྱི་ཐག་པ་རྣམས་ཀྱིས ་ཞེས་བྱ་བའི་དོན་ཏོ།། བཅུ་དྲུག་ཅེས་བྱ་བ་ནི་འདི་ཉིད་ཀྱི་ཁྱད་པར་རོ།། ཤེས་རབ་ཅེས་བྱ་བ་ལ་སོགས་པ་ས་ནི་འོག་དང་སྡེང་དུ་གང་གི་ས་བོན་བཀོད་པོ་དེའོ།། མཉམ་སྦྱར་བས་ཞེས་བྱ་བ་ནི་བསྟན་པའོ།། འཁྱུང་བ་ཞེས་བྱ ་པ་ནི་རྣམ་པར་དབྱེ་བ་མེད་པའོ།། ལག་པ་གཉིས་ཀྱི་ཞེས་བྱ་བ་ནི། ལག་པ་གཉིས་ཀྱིས་དག་གིས་ཏེ། ས་བོན་གཉིས་ཀྱི་འོད་ཟེར་དག་གིས་སྦྱོར་བ་ནི་འཁྱུད་པའོ།། དེ་དང་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་ནི་རྡོ་རྗེ་དག་གི་ཐབས་དང ་ཤེས་རབ་དག་གིས་ལུ་གུ་རྒྱུད་འདྲ་བ་སྟེ་ལུ་གུ་ལྟ་བུའི་ལུ་གུ་རྒྱུད་ཕན་ཚུན་དུ་ཆགས་པས་དོན་གྱི་བྱ་བ་བྱེད་པའི་ཕྱིར་རོ།། ཕྱི་རོལ་གྱི་ཐབས་དང་ཤེས་རབ་དག་ལ་ཡང་ཡང་དག་པར་སྦྱར་བྱ་བ་ནི་མཉམ་པར་སྦྱོར་བ་སྟེ་ཀུན ་ཏུ་སྦྱོར་བའོ།། འཁྱུད་པས་ཞེས་བྱ་བ་ནི་ཉེ་བར་མཚོན་པའི་ཕྱིར་ཏེ་འོ་ལ་སོགས་པའོ།། འདིས་ནི་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ལ་དྭེ་དང་དགའ་བ་ཞེས་བྱ་བར་གྲུབ་བོ།། འཁྱུད་པ་ཞེས་བྱ་བ་ལ་སོགས་པས ་ནི་ཕྱག་གཉིས་ཀྱིས་ཏཽ་ཁུ་བ་དང་བདེ་བདག་གིས་དགའ་བ་ཞེས་བྱ་བར་བསྙོགས་སོ།། ཡང་ནི་རྣམ་པར་གྲོལ་བྱ་ཡི། ལམ་དུ་ཞེས་བྱ་བ་ལ། གྲོལ་བ་ནཱཾ་ཤེས་པས་ཏེ་འདིས་ནི་གྲོལ་བའོ།། ལམ་ནི་བྱང་ཆུབ་སེམས་སོ།། ་ཚོགས་ཞེས་བྱ་བ་ནི་འདུས་པའོ།། བདེ་བ་རབ་འབབ་པས་ཞེས་བྱ་བ་ནི་འཇུག་པའོ།། གང་ལ་གྲོལ་བའི་ལམ་གྱི་ཚོགས་དག་རབ་ཏུ་འབབ་པ་དེ་བཞིན་ནོ།། དགའ་བ་འདི་ཅིར་གྱུར་པས་ཤྲེ་ན། སྨྲས་པ། དེ་ལས་ལྷག་པའི ་ཁུ་བ་དང་བདེ་བ་བསྐྱེད་པས་གང་གི་མཆོག་ཏུ་དགའ་བས་སྦྱོར་བ་དེ་བཞིན་ནོ།། དེས་ན་མཉམ་པར་སྦྱོར་བའི་མཆོག་ཏུ་དགའ་བས་ཤེས་རབ་ཀྱི་ང་གི་ངོ་བོས་ལྷན་ཅིག་ཏུ་དགའ་བ་ནི་དཔའ་བོའི་ཐབས་ཀྱི་གནས་སུ་གང ་གི་སྦྱོར་བའི་དོན་ཏོ།། དགའ་བ་དང་ནི་དཔའ་བོ་ཉིད།། མཆོག་ཏུ་དགུའ་བ་རྣ་ལྟ་འབྱོར་མཱ་ཞེས་གསུངས་པའི་ཕྱིར་རོ།། མཆོག་ཏུ་དགའ་བ་རྣལ་འབྱོར་མྱ་ཞེས་བྱ་བའི་ཚིག་ལ། གང་གི་གྲོལ་བའི་ལམ་གྱི་ཚོགས་དག་གི་རབ ་ཏུ་འབབ་པ་དེ་ནི་དེ་བཞིན་ཏེ། དགའ་བ་ཁོ་ནའོ།། དེ་བས་ན་དཔའ་བོའི་གནས་ཀྱིས་ལྷན་ཅིག་ཡང་དག་པར་སྦྱོར་བ་ནི་མཉམ་པར་སྦྱོར་བ་ཞེས་བྱ་བར་སྤྱོད་དོ།། གོང་གི་རྣལ་འབྱོར་མ་དེ་ཞེ་ན། མཆོག་ཏུ་ཞེས་བྱ་བ་ལ་སོགས ་གསུངས་ཏེ། གང་ཞིག་དགའ་བའི་རྣལ་འབྱོར་མའི་ངོ་བོའི་རྣལ་འབྱོར་མ་སྟེ། དེའི་དེ་ཞེས་བྱ་བར་དགོངས་སོ།། མཆོག་ཏུ་དགའ་བུ་ཡང་རྣམ་པར་སྨིན་པའི་སྐད་ཅིག་ལ། དང་པོའི་དགའ་བ་རྒྱུར་གྱུར་པས་ཁུ་བ་དང་བདེ ་བའི་རྒྱུད་ལས་སྐྱེས་པ་དག་གི་ཁུ་བ་དང་བདེ་བ་དག་གིས་དེ་ལས་ལྷག་པར་བྱེད་པ་དག་གིས་སྐྱེས་པའོ།། དགའ་བས་བདེ་བ་ཅུང་ཟད་དེ། མཆོག་ཏུ་དགའི་བ་བདེ་བས་ལྷག་ཅེས་གསུངས་པའི་ཕྱིར་རོ།། མཉམ་སྦྱོར་ལུ་གུ ་རྒྱུད་དུ་བརྗོད་ཅེས་བྱ་བ་ནི་བཤད་ཟིན་ཏོ།། ལྟེ་བར་གཞན་དང་གཞན་ནས་བརྒྱུད་པས་དགའ་བྲལ་གྱི་དགའ་བ་སྐྱེའོ།། དེ་ཉིད་དུ་བསྟན་པའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབྱེ་བྱ་ཞིང་ཞེས་བྱ་བ་ནི། ཕྱེ་བར ་བྱ་བའོ།། པདྨ་ཞེས་བྱ་བ་ནི་དུས་མཉམཱ་པཱ་ར་དབྱེ་བ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་སྦྲང་རྩི་འཛིན་པའི་ཕྱིར་པདྨ་དང་མཚུངས་པས་པདྨའོ།། དེ་ཉིད་ཀྱི་གཤོག་ཅན་ནི་བྱང་ཆུབ་ཀྱི་སེམས་སོ།། སྦྲང་རྩི་བྱེད་ཅེས་བྱ་བ་ནི་སྦྲང་རྩི ་བྱེད་པ་སྟེ་དེ་ཉིད་དོ།། དབྱེ་བ་ཞེས་བྱ་བ་ཅི་ཡིན་ཝཱ་ན། སྐོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐོར་བར་བྱེད་པའི་སེམས་ཡུལ་རྣམས་ལས་འགུགས་པར་བྱེདྲ་པ་ནི་སྐོར་བ་སྟེ། འདགའ་བྲལ་གྱི་དགའ་བའི་ཡེ་ཤེས ་དེ་བཞིན་དུ་བསྐྱོད་པའང་དེ་བཞིན་ཉིད་དོ།། དེའི་ཕྱིར་འདི་ཉིད་ནི་ཞེས་གསུངས་ཏེ། མཆོག་ཏུ་དགའ་བ་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བའི་རྒྱུ་དག་གིས་གང་ཞིག་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་དེ་དག་གིས ་སྐྱེས་པ་ནི་དགའ་བྲལ་གྱི་དགའ་བའི་ཡེ་ཤེས་ཞེས་བྱ་བར་ཤེས་པར་བྱའོ།། དེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། དེའི་བདེ་བ་དག་གིས་དགའ་བྲལ་གྱི་དབུའ་བ་རྒྱུར་གྱུར་པའི་བྱང་ཆུབ་ཀྱི་སེམས ་བདེ་བའི་རྒྱུད་ལས་སྐྱེ་བ་དག་གི་ས་ཐབ་ས་སུ་གྱུར་པ་དྲུག་གིས་སོ།། ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་ཀྱིའོ།། རིགས་ཅེ་ས་བྱ་བ་ནི་ཚོར་བ་སྟེ་ལྷན་ཅིག་སྐྱེས་པའི་དགའ་བོའི་ཡེ་ཤེས་ཞེས་བྱ ་དོན་ཏོ།། རྡོ་རྗེས་པདྨ་དྲོ་བྱེ་བ་ཡང་ཇི་ལྟར་ཡིན་ཞེ་ན། ཤིན་ཏུ་བདེ་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་བདེ་དགའི་རང་བཞིན་ལས་ཞེས་བྱ་བ་ནཱི་རྒྱུའི་ལྔ་པའོ།། ཞག་སཱ་པཾ་ཞེས་བྱ་བ་རྡོ་རྗེའོ།། མྱོས་བྱེད་ལྕགས་ཀྱུ་སྭ་ཞེས ་བྱ་བ་ནི་ཀྲྀ་གི་ས་བྱིན་གྱིས་བརླབས་པས་སྡིག་མཛུབ་ཀྱི་རྩེ་མོས་མཁའ་འགྲོའི་གདོང་ལ་བསྐྱོད་པ་ནཱའོ།། བདེ་གཤེགས་ཀུན་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱི་གཟུགསུཾ་དགུག་པར་བྱའོ།། མི་བསྐྱོད་རྡོ་རྗེ་ཡིས་འབྲུ ་བོ་ཞེས་བྱ་བ་ནི་གོང་གིས་རྩཝ་ཐམས་ཅད་ལྕེས་མྱོ་སྟེ་བྱེད་ཀྱི་ལྕགས་ཀྱུས་དེ་ནི་དེ་བཞིན་ནོ།། ག་ཏུན་ཤིང་ཞེས་བྱ་བ་ནི། རྨུགས་པར་བྱེད་པས་ན་རྫོགས་པའོ།། ཕྱི་ན་སྣ་ཨཻ་ན~ཾ་ཡུ་ཡིས་བརྗོད་དོ།། དེ་གཅོད་པའི་ཕྱིར་གཏུན ་ཤིང་ངོ་།། བྱང་ཆུབ་སེམས་ནི་དེ་བཞིན་གཤེགས་པའི་ངོ་བོ་ཞེས་བྱ་བ་ཇི་སྙེད་པའོ།། དེ་ཅིའི་ཕྱིར་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ལའོ།། གང་གི་ཕྱིར་གང ་གིས་ཆགས་སོགས་ཉོན་མོངས་དང་། བག་ཆགས་ཞེས་བྱ་བ་དུམ་བུར་བྱས་པ་ནི། དེ་བས་ན་གཏུན་ཤཱི་།། ཤིན་ཏུ་བདེ་བ་དགའ་བའི་རང་བཞིན་གྱི་རྡོ་རྗེ་ལས་ལྟུང་བྱེད་མཱ་ལ་སོགས་པ་འམ། གཞན་ཕྱག་ན་ལྕགས་ཀྱུ་དང ་ཞགས་པ་མ་བཏོན་ནས། བསྒྲུབ་པར་བྱ་བའི་སྙིང་ལ་པདྨས་ཞུགས་ནས་དེ་ཞགས་པས་བཙི་དཱ་ས་ཤིང་ལྕགས་ཀྱུས་དགུག་སྟེ། དེའི་གཡོན་པའི་སྣེ་བུག་ནས་བྱུང་ཞིང་འོང་བ.རུ་བསྒོམ་པར་བྱའོ།། དྲི་དང་དེའི་སྔགས ་ཀྱིས་འོང་བར་འགྱུར་རོ།། བདེ་རཱ་གཤེགྲོས་ཀུན་གྱི་སྒྲས་ནི་སྙིང་ངོ་།། གཏུན་ཤིང་ཞེས་བྱ་བས་ནི་དེའི་ཡང་དག་པར་འགྲོ་བ་སྟེ་ལྷག་མ་ནི་གོང་མ་བཞི་ནོ།། འདྲུ་བ་བཏུན་ཤིང་ཞེས་བྱ་བ་ནི། ཕྱག་ན་གཏུན་ཤིང་གིས་འདྲུ་བར ་བསྒོམ་པར་བྱ་སྟེ། མགོའི་ཥ་ནི་འདོད་རིས་ཀྱི་ཕྱི་རོ།། ངེས་པར་རྣམ་རྒྱས་ཀུན་རྫོབ་ཏུ་ཞེས་བྱ་བ་ལ་ངེས་པ་ནི་བརྫུན་པའོ།། དེ་གང་ཞེ་ན། རྣམ་རྒྱས་ཞེས་གསུངས་ཏེ། འཁོར་བའི་མཐར་ཐུགས་པར་གནས་པའོ།། ཀུན་ཏུ་ཞེས ་བྱ་བ་ནི། འདི་ནི་འདིས་དེ་ཁོ་ན་ཉིད་འགྲེལ་པར་བྱེད་པ་ཡང་དེ་ནི་དེ་བཞིན་ཏེ། ཕུང་པོ་ལ་སོགས་པའི་ཚོགསོ།། དེའི་ཕྱིར་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དངོས་ཀུན་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམ ་ཀྱིས་ཏེ། འདྲུ་བ་ནི་དཔྱང་མི་བཟོད་པ་ཉིད་དོ།། ཟ་བ་རྡོ་རྗེ་ཞེས་བྱ་བ་ནི་ལྟུང་བྱེད་མ་ལ་སོགས་པ་འམ་གཞན་པ་རྡོ་རྗེའི་ཕྱག་མོས་འདྲུ་བར་བསྒོམ་པར་བྱའོ།། འདི་ཞེས་བྱ་བའི་སྒྲས་ནི་རྒྱུད་གཞན་དང་མཐུན་པར་བརྗོད་དོ།། དེ་བཞི ་དུ་ཡང་ཟླ་བའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། སྐུ་ལ་སོགས་པ་མི་ཕྱེད་པའི་ཕྱིར་རྡོ་རྗེའོ།། བདེ་གཤེགས་ཞེས་བྱ་བ་ནི་དེ་བཞིན་དུ་ཕྱིན་ཅི་མ་ལོག་པར་གཱཤེགས་པ་དང་ལྡན་པ་སྟེ། ་ག་མི་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དོན་ཏོ།། འདི་རྣམས་ཀྱིས་བརྗོད་པ་ནི་ཕྱིན་ཅི་མ་ལོག་པ་ཞེས་བྱ་བར་དགོངས་པའོ།། དེས་ནཱ་འདི་སྐད་གསུངས་པ་ཡིན་ས་བྱ་བ་གསུངས་ཏེ། ཇི་ལྟར་གནས་པའི་དངོས་པོའི་དེ་ཁོ་ན་ཉིད་ནི ་མཁས་པ་རྣམས་ཀྱིས་སྨྲས་པའོ།། ཇི་སྐད་གསུང་སྡུ་པ་ཡིན་ཞེས་བྱ་བ་ནི། འདིའི་དེ་ནི་དེ་བཞིན་དུ་མཁས་པ་རྣམས་ཀྱིས་ངེས་པར་གཟུངས་པའི་ཕྱིརརོ་ཞེས་བྱ་བར་དགོངས་པའོ།། དེ་བཞིན་དུ་ཡང་སྨྲས་པ། གསུངས ་ཞེས་བྱ་བ་ནི་རབ་ཏུ་འཕོ་གས་པའི་སངས་རྒྱས་ཀྱི་བཀའ་སྩལ་པ་ནི་གསུངས་ཞེས་བྱ་བའི་དོན་ཏོ།། འདི་ལྟར་ཡང་ཟ་བ་ནི་བྱང་ཆུབ་སེམས་འཛིན་པའོ།། དེ་ལ་རྡོ་རྗེ་དྲི་མ་མེད་པའི་སེམས་དག་པ་ནི་བློ་སྟེ་རི་བོང་ཅན ་ལྟ་བུའི་རྡོ་རྗེ་ཞེས་བརྗོད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་ཀྱི་ཕྱིར་བདེར་གཤེགས་ཇི་སྐད་གསུངས་པ་ཡིན་ཞེས་བྱ་བ་ནི། ཇི་ལྟར་གསུངས་པའི་ངོ་བོ་ཞེས་བྱ་བ་དེ་བཞིན་དུ་ཡང་ཡིན་ནོ་ཞེས་བྱ་བར་དགོད ་པའོ།། གང་ལ་ཟ་བ་རྡོ་རྗེ་ཞེས་བྱ་བ་ཡང་ཇི་ལྟ་བུས་ཤེ་ན། དེར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནོར་བུ་དེའི་དབུས་སུ་ཡང་ངོ་།། རྟག་ཏུ་སྟོང་ཉིད་ནི་ཞེས་བྱ་བ་ནི། གཟུང་བ་ལ་སོགས་པས་སོ།། འབྱིན་པ་དང ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། དེ་ནི་དེ་ཉིད་ཅེས་བྱ་བ་ལ་དེ་ནི་བཅོམ་ལྡན་འདས་བདེ་བ་ཆེན་པོའི་གཟུགས་ཅན་ནོ།། དེ་ཉིད་ནི་དོན་དམ་པའོ།། རང་འབྱུང་ཞེས་བྱ་བ་ཡང་སེམས་གཅིག་པུ་ཙམ་ཉི་དྲོ ་ཁྱབ་པོ་ཉིད་ཅེ་སྭ་བྱ་བ་ནི། བདག་ཉིད་དུ་བྱེད་པའི་ངང་ཚུལ་གང་ལ་ཡོད་པ་དེ་ནི་དེ་བཞིན་ཏེ་དང་པོའི་དོན་ལ་ཐམས་ཅད་དུ་གཉིས་པའོ།། སངསྭ་རྒྱས་ཀུན་གྱི་དངོས་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི ་རྒྱུར་གྱུར་པའི་ཕྱིར་རོ།། རྒྱུད་གཞན་དུ་གྲུབ་པའི་མཚན་བསྟན་པའི་ཕྱིར་དེ་བཞིན་དུ་ཡང་གསུངས་པ། སངས་རྒྱས་ཀུན་དངོས་སེམས་དཔའ་ནི། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་ཤེའོ།། གྲང་ལ ་སངས་རྒྱས་ཀུན་དངོས་ཞེས་བྱ་བའི་མཚན་འདི་ཡོངསུ་གྲགསོ།། འདི་ཞེས་བྱ་བ་ནི་གང་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ནོ།། གང་དེ་ཐམས་ཅད་བདག་ཉིད་གནས་ཞེས་བྱ་བ་དང་དེ་ནི་དེ་ཉིད་ཡིན་ཞེས ་བྱ་བར་སྦྱོར་རོ།། འདི་ཞེས་བྱ་བ་ནི་འདི་དག་གོ།། ཀུན་འགྲོ་ཞེས་བྱ་བ་ནི་རྩ་ཐམས་ཅད་དུ་འགྲོ་བའི་བྱང་ཆུབ་སེམསཱ་ཀྱི་རོང་གི་ངོ་བོའི་ཕྱིར་རོ།། དཀྱིལ་འཁོར་གྱི་འཁོ་ལོའི་རྣམ་པས་དེ་ཉིད་ཀྱི་སེམས་བསྒོམ་པར་བྱ ་ཞེས་པསྟོན་པའི་ཕྱིར། པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། ཆོས་ཀྱི་འབྱུང་གནས་ཀྱི་ད་བུ་སུའོ།། ལྷན་ཅིག་ཏུ་རྒྱུ་བ་རྣམས་ཀྱིས་ཞེས་བྱ་བ་ནི། ལྷ་རྣམས་ཀྱིས་སོ།། མི་རྒྱུ་བས་ཞེས་བྱ་བ་ལ་ཡང་ཁང་པ་རྩེག ་མུས་ཏེ་སྤྱོད་ཅེ་ས་བྱ་བ་ནི་རྒྱུ་བ་དང་མི་རྒྱུ་བ་དང་བཅས་པའི་སེམས།། ཡིད་ཀྱི་བུ་ཟླས་པ་ཞེས་བྱ་བ་ནི། ཡིད་ལ་བྱེད་པས་ན་ཡིད་དོ།། སྟོང་པ་ཉིད་ལ་སོགས་ཚུལ་གྱི་ཡེ་ཤེས་ཀྱིས་བཟླས་པ་ཉིད ་ཀྱི་བཟླས་པ་ནི་ཡིད་ཀྱི་བྱ་བ་སྟེ་ཡིད་ཀྱིས་བརྗོད་པའོ།། དེས་ནི་ལྡན་ཞེས་བྱ་བ་ནི་སེམ་སོ།། དེས་ཤིང་ཞེས་བྱ་བ་ནི། ཆང་མཱ་དང་ལུང་དག་གིས་གློ་རཱི་མ་ཆོག་པར་རོ།། རྟག་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ ་རྣམས་ཀྱིའོ།། གོ་འཕྱངས་གནས་ཞེས་བྱ་བ་ནི་འདིར་སྲོག་ཡེད་པའི་ཕྱིརརོ་གནས་སོ།། མི་རྟག་གཡོ་བ་ཞེས་བྱ་བ་ནི་རྟག་པའི་འབྲུ་སྟ་བུ་འབབ་པའི་ཕྱིར་རོ།། ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་སྟོང་པ་ཉིད་དང་སྙིང་རྗེ ་དབྱེར་མེད་པའི་ངོ་བོའོ།། རྟག་ཏུ་ཞེས་བྱ་བ་ནི་དྷས་ཐམས་ཅད་དུའོ།། པྲཱ་ཞེས་བྱ་བ་ནི་ཕལ་པ་རྣམས་ཀྱིས་མཚོན་པར་དགའ་བཱའི་ཕྱི་རོ།། དྲི་མུ་མེད་ཙོས་བྱ་བ་ལ། དྲི་མ་ནི་དཱི་མ་སྟེ་འདིར་ནི་ཨ་ཙི་མ་གྲུབ་བོ།། ལས་དང ་ཉོན་མོངས་པ་དག་བཏོན་པ་ནི་འདིར་སེམས་ཀྱི་དྲི་མ་མེད་པའོ།། དེའི་ཕྱིར་ཡེ་ཤེས་སྐུ་དང་ཞེས་གསུངས་ཏྭེ། ཡེ་ཤི་པ་ཉིད་ཀྱི་སྐུ་ནི་ཕུང་པོ་ལ་སོགས་པ་སྟེ་ཡེ་ཤེས་ཀྱི་སྐུའོ།། སྐྱོན་མེད་ཅེས་བྱ་བ་ལ་སྐྱོན་ནི་ལུས ་ལ་སོགས་པའི་ངན་པའི་སྤྱོད་པའོ།། ཆོས་རྣམས་ཀུན་གྱི་རང་བཞིན་ཞེས་བྱ་བ་ནི། ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་ཀུན་རྫོབ་དང་དོན་དམ་པའི་རང་གི་ང་འི་ཤེས་པར་གཞན་གྱིས་མི་ནུས་པའི་ཕྱིར། རང་བཞིན ་གྱིས་འོད་གསལ་བར་ཞེས་བྱ་བར་དགོངས་པ་སྟེ། གཞན་ནི་བེམས་པོའི་ཕྱིར་རོ།། འབའ་ཞིག་ཅེས་བྱ་བ་ནི་གཉིས་ཀྱི་དངོས་པོ་མེད་པའི་ཕྱིརརོ།། ལས་ཀྱི་རྗེ་སུ་མཐུན་པར་སྔགས་བརྗོད་པ་གསུངས་པ། ཕན་ཚུན་ཞེས་བྱ ་བ་ལ་སྔོགས་པ་ནི། དྲག་ཤུལ་གྱི་ཆོ་ག་ལ་སྲང་བུ་ལྟ་བུར་ཕན་ཚུན་དུ། སྔགས་ཀྱི་ཡིག་འབྲུ་འགྲིལ་བ་སྟེ། རང་གི་ཁ་ནས་ལྷ་མོའི་ཞལ་དུའོ།། དེ་ནས་རང་གི་ཁར་ཞུགས་པར་བས་མོ།། རབ་ཏུ་ཕྱེ་བས་ཕྱེ་བ་ཉིད་ཅེས་བྱ ་བ་ནི། ཞི་བའི་ཆོ་ག་ལ་རང་གི་ཁ་ནས་ནང་དུ་ཞུགས་ནས། རྡོ་རྗེའི་ལམ་གྱིས་བཏོན་ཅིང་ཡང་པདྨས་ལྷ་མོ་ལ་བཅུག་པ་དང་དེའི་ཞལ་ནས་ཕྱུང་སྟེ་རང་གི་ཁར་ཞུགས་པར་བས་མོ།། ས་བོན་ཕྲེང་བ་དེ་ནས་བསམ་ཞེས ་བྱ་བ་ནི། དྲག་ཤུལ་གྱི་ལས་ཀྱི་ཆོ་ག་ལ་དང་པོ་དང་མཐར་ཧཱུཾ་སྦྱར་ཅིང་ཡིག་འབྲུ་བཟླས་པར་བྱའོ།། འགོག་པར་འགྱུར་གྱི་བར་ཞེས་བྱ་བ་ནི། སྒོམ་པའི་ཁྱད་པར་གྱི་དབང་ལ་སོ།། ཟུང་འཇུག་ལྟ་བུ་ར་ཞེས་བྱ་བ་ནི། བསྒོམ་པ ་དང་འགོག་པ་དུས་མཉམ་པའོ།། གནས་ཀྱིས་འགྲོ་ཞེས་བྱ་བ་ནི་རྣམ་པར་ཤེས་པས་ལྷན་ཅིག་འགྲོ་བ་ནི་དེའི་ལུས་ཟད་པར་འགྱུར་བ་སྟེ། དེ་བས་ན་རྣམ་པར་ཤེས་པ་འགྲོ་བར་འགྱུར་ཞེས་བྱ་བར་དགོངས་པའོ།། འདི་ཉིད ་ཅེས་བྱ་བ་ལ་སོགས་པས་ནི་གཏུམ་མོའི་རྣལ་འབྱོར་ཁ་བསྐང་ངོ་འདི་ཉིད་ཅེས་བྱ་བ་ནི་ཐབས་གྱི་ཧཱུཾ་གིས་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། དུས་འཆི་སྤང་བ་ལ་ཞེས་བྱ་བ་ནི། གཏུམ་བྱེད་མ་ལ་སོགས་པའམ་གཞན ་དྷཱ་རྫག་འཛིན་མ་དང་། ཐང་པ་བདུད་ནི་ལྟས་གང་བྲས་ལ་ཤེས་སེམས་དང་ཥྚྲཱིཞལ་དུ་ཕུལ་ནས། དེས་ལྷན་ཅིག་ཏུ་གྱུར་པས། ཀར་ཀཱརཱ་ལ་སོགས་པ་དང་། གཞན་བྱའི་སྔགས་བཟླ་བར་བྱས། ་ན། དེའི་དུས་སུ་འགྲོ་བའི་ཡང་འཆི་བ་སྤོང་བར་འགྱུརརོ།། དཀྱིལ་འཁོར་ཞེས་བྱ་བ་ནི་བདུད་རྩི་ལྟའོ།། དུས་ག་སུམ་དུ་འབྱུང་བ་དང་། སྔགས་དང་རྒྱུད་དང་། དེའི་རབ་ཏུ་སྦྱོར་དུས་སུ་འཆི་བ་སྤོང་བ་དང་། འདི་བརྗོད་པར ་བྱེང་བ་པོའི་ཕྱིར་དེ་བཞིན་དུ་གསུངས་པ་སྟེ་ལེའུ་བཅོ་ལྔ་པའོ།། ། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅོ་ལྔ་པའོ།། ། འཁོར་ལོ་གསུམ་གཏན་ལ་ཕབ་པ་ལ་སོགས་པའི ་དོན་དུ་ལེའུ་བཅུ་དྲུག་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐུ་གསུམ་ལ་སོགས་པ་གསུངས་མ་ཐག་ཏུ། དེ་ལ་ཞེས་བྱ་བ་ནི་ཁང་པ་རྩེག་མར་བཅོམ་ལྡན་འདས་ལ་ཞུས་པར་ཤེས ་པར་བྱའོ།། དེས་ཞེས་བྱ་བ་ནི་ཁང་པ་རྩེག་མར་ཞུ་བ་མ་སོ།། ཅིར་གྱུར་པས་ཤེ་ན། གསྣང་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གྲུབ་པ་ཞེས་བྱ་བ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། ཡོན་ཏན་ཞེས་བྱ ་བ་ནི། དེ་ཉིད་བགྲང་བར་བྱེད་པ་དང་གོམས་པར་བྱེད་པའོ།། གནས་ནི་གང་ལ་དེ་བྱ་བའི་དངོས་པོས་གཞིར་བྱེད་པ་དང་སྟེང་དུ་བཅིང་བར་བྱེད་པོ་དེ་བཞིན་ནོ།། དེའི་ཕྱིར་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཛེས ་པར་འདོད་པ་ཀུན་ནི་ཉམས་སུ་མྱོང་བ་སྟེ། འདིས་འཛིན་པར་བྱེད་པ་དང་། ཐོབ་པར་བྱེད་པ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ།། ལྷག་མ་ནི་གོ་སླའོ།། པང་ཆེན་འདབ་མ་སྟོང་ཞེས་བྱ་བ་ནི། གང་ལ་དེ་དེ་བཞིན་ནོ།། འདིས་ནི ་འདབ་མ་མང་པོར་བསྙེགས་སོ།། རྡུལ་འབྱོར་གནས་ལ་ཞེས་བྱ་བ་ནི་རྨོས་ཀྱི་འབྱུང་གནསོ།། བཅོམོ་ལྡན་འདས་ལ་ཀྱི་ཞུས་ཤེ་ན། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཏེ། ཐུགས་ལ་སོགས་པའི་འཁོར་ལོ་གཏན ་ལ་ཕབ་པའོ།། ཡིག་འབྲུའི་དབྱེ་བ་ཞེས་བྱ་བ་ནི་ཞི་པ་ལ་སོགས་པ་དཀར་པོ་ལ་སོགས་པའི་ཁ་དོག་གི་དབྱེ་བའོ།། སྒྲ་ནི་ཨོཾ་ལ་སོགས་པའོ།། མི་འཚལ་བས་ཞེས་བྱ་བ་ནི། དེ་ཇི་ལྟར་ན་ཐམས་ཅད་ཤེས་པར་བགྱི་ཞེས ་བྱ་བར་དགོངས་པའོ།། ཁྱད་པར་དུ་ཞེས་བྱ་བ་ནི། གང་ལ་གང་གི་དབྱངས་རྟོགས་པ་དེ་ནི་དེ་ལ་ཞེས་བྱ་བའི་ཁྱད་པ་རོ།། འཁོར་ལོ་ཞེས་བྱ་བ་ནི། ཀླུ་གནོད་པ་ལ་སོགས་པའི་འཁོར་ལོ་རྣམསོ།། ལས་ནཱི་ཞེས་བྱ་བ ་ནི་བྱ་བའོ།། སྣ་ཚོགས་ཀླུའི་སྔགས་རྣམས་ཞེས་བྱཱ་བཱ་ནཱི། ཀླུ་སྣ་ཚོགས་ཀྱིས་བཏུས་པའི་སྔག་སོ།། དུས་ངོས་ཞེས་བྱ་བ་ནི། རྣམ་པར་དབྱེ་བོ་མེད་པ་སྟེ། རྒྱལ་ལ་སོགས་པའི་དུས་ངེས་པའོ།། ཡང་ན་དུསུ་ཟིན་པ་བསླང ་པ་ཞེས་བྱ་བ་ལ་སོགས་པའོ།། འཁོར་ལོའི་བདག་བོའི་དུས་ངེས་དང་། དཔའ་བོ་བསྟན་ཡང་ཞེས་བྱ་བ་དང་། ཇི་ལྟར་ལོགས་ཞེས་ཐམས་ཅད་ལ་སྦྱ་རོ།། མདོར་བསྟན་ནས་རྒྱས་པར་གསུངས་པ། འདི་ལ་ཞེས་བྱ་བ་ལ ་སོགས་པ་ལ་འདི་ཐམས་ཅད་།། བཤད་དུ་གསོལ་ཞེས་བྱ་བ་ནི་བསྟན་དུ་གསོལ་ཞེས་བྱ་བའི་དོན་ཏོ།། ཅིར་འགྱུར་པས་ཤེ་ན། ཐེ་ཚོམ་ཞེས་བྱ་བ་ནི་རྣམ་པ་གཉིས་སོ།། འཁྲུངས་གྱུར་ན་ཞེས་བྱ་བ་ནི ་ཐོབ་པའོ།། ཡང་ན་བཤད་དུ་གསོལ་ཞེས་བྱ་བ་ནི། གང་གི་བདག་ཉིད་དུ་བདེ་བ་ཆེན་པོ་དེ་ནི་དེ་བཞི་ནོ།། བློ་གྲོས་ཆེན་མོས་ཞུས་པཱ་ལ་ལེགསོ་ཞེས་བྱ་བར་མཛད་པའོ།། གང་ཞེས་བྱ་བ་ལ་སོགས་པ་ནི་གཅིག་པོ་གཉིས ་སུ་མེད་པ་ར་ཁྱོད་ཀྱིས་རེ་ཞིག་ལེགས་པ་རོ་ཞུས་པ་སྟེ། གཞན་ལྷ་མོ་ཐ་མ་སཱ་ཅད་དང་འདུས་པས་ཁྱོད་ཀྱིས་དཱི་ས་ཞེས་བྱ་བའི་དོན་ཏོ།། འདོད་པས་ཞེས་བྱ་བ་ནི། གང་གིས་གང་ལ་འདོད་པས་ཞུས་ཞེས་བྱ་བར་དགོད ་བྱའོ།། འདིས་ནི་ལྷག་པར་ཡང་ཉེ་བར་འགྲོ་བསྟན་པའི་ཕྱིར་ཉོན་ཞེས་བྱ་བ་ནི། ཀྱེ་ལྷ་མོ་གོང་དེ་དྲིས་པ་དེ་ཉན་ཅིག་པའོ།། སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི། སྒྱུ་མ་ཆེན་མོར་གྱུར་པས་ཉོན་ཅིག་ཅེས་བྱ་བའི་དོན་ཏོ།། ་ཚོམ་ཞེས་བྱ་བ་ནི་འདི་བརྗོད་པ་ཡིན་ཏེ། གང་ལ་མཁའ་འགྲོ་མ་རྣམས་ཀྱང་ཐེ་ཚོམ་ཟ་ན། དེ་ལ་ཕལ་པ་རྣམསཱ་ལ་ལྟ་ཅི་སྨཱ་སཱ། གང་གིས་ཤེས་བྱ་བ་ལ་སོགས་པ་ལི། བིས་པ་ཙམ་གྱིས་ནི་ཞེས་བྱ་བ་ནི་འཁོར ་ལ་བྲིས་པ་ཉིད་ཀྱིས་ཀྱང་ཞེས་བྱ་བར་དགོང་སོ།། འཐོབ་ཅེས་བྱ་བ་ནི་རྙེད་པའོ།། བདག་གིས་ཞེས་བྱ་བ་ནི་བྱིང་པའི་དྲག་པའོ།། རེ་ཞིག་གཏོར་མ་གསུངས་པ། ལས་ཐམས་པང་སྔོན་དུ་འཇུག་པའི་ཕྱིརའོ།། ཀ ་ཞིང་དམར་བར་ཞེས་བྱ་བ་ལ། དཀཱར་བ་ནི་ཉིན་མོའོ།། དམྱུར་བ་ནི་མཚན་མོ་དཀར་ཞིང་དམར་བའོ།། ཕྱི་ནས་ཐུང་བ་ཉིད་ནི་འདོད་རིས་ཀྱི་ཕྱིར་དཀར་ཞིང་དམར་བ། ཇི་ལྟར་གྱུར་པ་དེ་ལྟར་བྱུང་བའི་གཏོར་མ་སྦྱིན ་ཞེས་བྱ་བར་སྦྱར་རོ།། ཁྱད་པར་དུ་ནི་ཞེས་བྱ་བ་ནི་ལས་ཀྱི་ཁྱད་པརོ།། གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོས་ནི་གཡོན་སྐོར་བྱས་ཞེས་བྱ་བ་ནི། གཡན་སྐོར་གྱིས་བསྒྲུབ་པར་བྱའོ།། འདིས་ནི་མཆོད་པ་ལ ་སོགས་པ་རྟོགས་པར་བྱ་བའི་ཕྱིར་འཁོར་ལོ་གསུམ་གྱི་ངེས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་ཞེས་བྱ་བའི་དོན་ཏེ། རྡོ་རྗེ་མཁའ་འགྲོ་བསྐྱེད་པའི་དུ་སོ་ཞེས་བྱ་བར་དགོངས་སོ།། ་གནས་རྣམས་ནི་དགོད་པ་སྟེ་ཞེས་བྱ་བ་ནི། ཐུགས་དང་གསུངས་དང་སྐུའི་འཁོ་ལོ་རྣམས་ལ་ཁྱབ་པོ་ཞེས་བྱ་བའི་དོན་ཏོ།། བརྩོན་ཆེན་ཞེས་བྱ་བ་ལ་སོགས་པས་ནི་གོ་བཟློག་པའི་རིམ་པས།། དེའི་ཕྱིར་རབ་གཏུམ ་མ་སོགས་སྒྲུབ་པ་པོས་ཞེས་གསུངསཱ་ཏེ། གང་ལ་རབ་གཏུམ་མ་ལ་སོགས་པ་དེ་ནི་རབ་གཏུམཱ་མྦྷ་ལོ་སོགས་པའོ།། འདི་ལྟར་འགྱུར་ཏེ། དེ་བཞིན་དུ་འདི་བརྩོན་ཆེན་མ་ལ་སོགས་པའི་རྣལ་འབྱོར་མ་འཁོར་ལོ ་གསུམ་པོ་རྣམསུ་སྒྲུབ་པ་པོ་འགོད་ཅིང་འགྲིམ་སོ།། རའི་གཏུམ་མ་དང་པོ་ནས་བརྩོན་ཆེན་མོའི་མཐར་ཞེས་བྱ་བར་འཚོང་བའི་ཕྱིར་རོ།། རང་མིང་བཟླས་པའི་སྔགས་ལ་ནི་ཞེས་བྱ་བ་ནི། ཨོཾ་པྲོ་ཙཏྟ་ཧུཾ་ཧཱུཾ་ཕཊ་ཅེས ་བྱ་བ་ལ་སོགས་པ་སྟེ་རྡོ་རྗེ་མཁའ་འགྲོ་དང་སྦྱར་རོ།། རྣལ་འབྱོར་ཞེས་བྱ་བ་ནི། མཁའ་འགྲོ་མའི་ཚོག་སོ།། དེ་ཉིད་ཀྱི་ཕྱིར་མཆོག་ནི་ཐུན་མོངས་མ་ཡིནྡ་པའི་ཕྱི་རོ།། རབ་ཅེས་བྱ་བ་ནི། དེས་ན་ཕུལ་དུ་བྱུང ་བར་གནས་པ་སྟེ། གྲགས་པཱ་དང་ཁ་དོག་འཇིག་པའི་ཕྱིརརོ།། འདི་མཐོང་ནི་ཞེས་བྱ་བྱ་ནི་རྣལ་འབྱོཪྵ་པ་སྟེ། དེ་བས་ན་གཞན་པཱའི་རྣལ་ལ་བྱོར་ལས་སྐྱེས་པའོ།། སྲིན་བུ་ནི་སྲིན་བུའི་ཕྱེ་མ་སྟེ། དེ་ལྟ་བོར་ཞེས་ཤེས་པར་བྱའོ།། ་རྩཝ་མཚུངས་ཞེས་བྱ་བ་ནི། སྙིང་པོ་མེད་པའི་ཕྱིར་རོ།། གཞན་དག་ཅེས་བྱ་བ་ནི་དོ་གོང་པའོ།། སྒྲོ་མི་འཚལ་བས་ཞེས་བྱ་བ་ནཱི། ཞུས་པ་བརྗོད་པའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ལྀ། ཐམས་ཅད་ཅེས་བྱ་བ་ནི་སྔགས་སོ།། ་དངོས་གྲུབ་སྦྱིན་ཞེས་བྱ་བ་ལ་སོགས་པས་ཁྱད་པར་དང་ལྡན་པའོ།། དཔའ་བོ་ཉིད་ཅེས་བྱ་བ་ནི་ཉོན་མོངས་པ་མེད་པར་འགྲོ་བའི་རྣལ་འབྱོར་པའོ།། ཅི་མཛད་པས་ཤེ་ན། ཧེ་རུ་ཀ་དཔྲལ་དཀྱིལ་འཁོར་ནི། མཐོང་ན། དེ་སྐད ་དུ་དེ་གཉིས་སྒོམ་པར་བྱེད་ན་དེ་འགྲུབ་པར་འགྱུར་རོ་སྙ་མི།། དམན་པར་བྱས་པའི་རྩེ་བའི་དོན་ནི་དེ་ལྟར་ཞེས་བྱ་བྷཱ་ལ་སོགས་པ་གཱ་སུང་སཽ་སྷོ།། ད་ནི་འཁོར་ལོའི་གྲངས་བསྣུན་པའི་ཕྱིར། རིག་པའི་རྒྱལ་པོ་ཞེས་གསུངས་པ ་ནི། ཀ་ར་ཀ་ར་ལི་སོགས་པོའི་སྔགས་ལེའུ་གསུམ་པར་གསུངས་པ། ཁོམ་ཕོར་གཉིས་ལ་མགོའི་དབང་ཕྱུག་གི་འཁོར་ལོ་དང་མིང་ནས་བྲིས་ནའོ།། སྲེག་ན་ཞེས་བྱ་བ་ནི་ཚིག་པའོ།། སྦྲུལ་མགོ་རྣམས་ལ་ཧཱུཾ་གི་ནང་དུ ་བཅུག་པའི་ཕུཿདགོད་པར་བྱའོ་ཞེས་མདོར་བསྟན་པའི་རྒྱས་པར་བསྟུནྡྲ་པ་ནི། དབང་ལྡན་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཀླུའི་ས་བོན་ནི་ཕུཿའོ།། ཀླུའི་བུ་མོ་སྦྲུལ་མགོ་གསུམ་པ་གཡོན་དུ་ཞེས་མདོར་བསྟན་པའི ་རྒྱས་པར་བསྟན་པ་ནི་རིན་ཚོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་པོ་ཆེ་དང་ལྡན་པའི་སྒྲོལ་མགོ་བྱའོ་ཞེས་བྱ་བར་དགོངས་པའོ།། ཕྱོགས་ནི་གང་དང་དེ་རྣམསུ་ཞེས་བྱ་བ་ནི། ཕྱོགས་དང་ཕྱོགས་དང་བྲལ་བར ་འགྲོ་བའི་ཀླུ་ལཾ་བརྟེན་པའི་ཀླུ་མོ་རྣམསོ་ཞེས་བྱ་བ་དགོངས་པའོ།། མགོ་ཅན་གྱི་དབང་ཕྱུག་འདིའོ་སྒྲུབ་ཐབས་ནི་གུ་གུལ་ཞེས་བྱ་བ་ལ་སོགས་པ་དེ་མ་ཐག་ཏུ་འཆད་པར་འགྱུར་རོ།། དེ་ཡང་གོ་སླའོ།། ཀླུ་ཞེས་བྱ་བ་ནི ་ཀླུས་གསུངས་པའི་སྡུག་སོ།། ལགྣ་གཱ་ཡོ་ནར་ཞེས་བྱ་བ་ལཱ་སོག་སྟྲ་པས་ནི་བྲི་བའི་གྲཝན་སྣ་འཆད་དོ།། སྲང་བུ་བཞིའི་སྦྱོར་བས་རེའུ་མིག་དགུར་ལག་པ་གཡོན་པ་ལཱ་བྲིས་ནས་རིག་པའི་རྒྱལ་པོ་བྲི་བར་བྱའོ།། དང ་ཞེས་བྱ་བ་ནི་ཤ་ར་གྷི་རིའུ་མིག་ལའོ།། མླཻ་ཛཱི་སྱེད་ཅི་སྟེ་བྱ་བ་ནི། ཀྵཾ་གི་མཐར་ཐུག་པ་སྟེ། ཨཱཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ། བནྠ་བནྟ། ཏྲཱ་ས་ཡཱ་ཏཱ་ས་ཡ། ཀྵོ་བྷ་ཡཱ་ཀྵོ་བྷ་ཡ། ཧྲྀ་ཧྲྀ་ཧཱཿཧྱཿཕི་ཕེཾ་ཕཊ་ཕཊ། ད་ཧ་ད་ཧ། པ་ཙཱ་པ་ཙ། ་བྷཀྵ་བྷཀྵ། བ་ས་རུ་དྷི་རཱནྟ་མཱ་ལཱ་པ་ལིམྦི་ནི་གྲྀདྷ་གྲོ་དྷ་སབྟ་པཱ་ཏཱ་ལ་ག་ཏ་བྷུ་ཛངྒཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ། ཨ་ཀནྠ་ཨ་ཀེཌྷཱ་ཧི་ཧྲི། ཀྵཱཾ་ཞེས་བྱ་བའི་མཐར་ཐུག་པར་བྲི་བར་བྱའོ།། ཕྱི་མ་ཧེ་དང་ཞེས་བྱ་བ་ནི་ནུབ ་ཏུའོ།། ནོར་བདག་ཏུལླ། ཧྲཾ་ཞེས་བྱ་བ་ནི་བྱང་ལའོ།། ག་ཤྲཱི་ནཱ་རྗེ་ས་ཧཱུཾ་ཞེས་བྱ་བ་ནི་ལྷོའི་རཱཊ་མྲིག་ལ་སྟཱཾ། ཧཱུཾ་ཧཱུཾ་ངོ་།། ཀི་ལི་ཀཱི་ལི་ཡི་དཱགྨ་སྨཱ་བ་དག་ཙ་སྱཱ་བྱཱ་བ་ནི་དབང་ལྡན་གྷི་རེའུ་མིག་ལ་སྟེ། ཀཱི་ལི་ཀི་ལཱི་ལ་ར ་སྲིན་པོ་ཞེས་བྱ་བ་ན་བྲེལ་དུའོ།། ཙི་ལཱི་ཇི་སྙེད་པཱ་ཞེས་བྱ་བ་ནི། ཕྱི་མའི་ཙི་ལཱ་སྒྲ་ཇི་སྙེད་པུ་སྟེ། དྭེ་ལྀ་ཙི་ལི་ཙི་ལིའོ།། རླུང་གི་མཚམས་སུནྟི། སི་ལི་སི་ལིའོ།། མེ་རུ་དྷི་ལོ་མཐུར་ཉྞིད་དེ་ཞེས་བྱ་བཱ་ལ་མཐའི་སྒྲས་ནི་སྱཱཙྪ ་སྟེ། མེ་ལ་དྷི་ལྀ་དྷི་ལི་སྭཱ་ཧཱ་ཞེས་པའོ།། ཧཾ་ཧཱཾ་ཧཱུ~ཾ་དྷི་ལི་ཞེས་པོ་སོ་སོ་ལྀ་གཉིས་པའི་གཉིས་ཀྱི་ཚིག་ཕྱིས་པའོ།། ཧུཾ་ཧཱུཾ་ཕཊ་ཙེས་དབུ་སུ་བྲིའོ།། འདི་རྣམས་སྔགས་ནི་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་སྟེ། དེ་ནཱི་རབ་གཏུམ་མཾ་ལ་སོགས ་པཾ་དང་པོ་ནཱས་བརྩོན་ཆེནེ་མེའི་མཐར་རྣལ་འབྱོར་མུ་ཉི་ཤུ་རྩ་བཞིའོ།། འདི་ལྟ་སྟེ། ཨོཾ་ཀཱ་ར་ཀ་ར་ཧཱུ~ཾ་ཧཱུཾ་ཕཊ། ཨོཾ་ཀྵ་རུ་ཀཱ་ཪྵ་ཧུ~ཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷ་ཧཱུ~ཾ་ཧཱུཾ་ཕཊ། ཨོཾ་ཏྟོ་ས་ཡ་ཏྲཱ་ས་ཡ་ཧུ~ཾ་ཧཱུཾ་ཕཊ། ཨོཾ་ཀྵོ་བྷ་ཡཱཀྵོ་བྷཱ་ཡ་ཧུཾ་ཧཱུཾ ་སྱཱཧླཱ.ཽ་ཧཱུཾ་ཧྲིཾ་ཧཱུ~ཾ་ཧཱུ~ཾ་ཕཿ། ཨོཾ་ཧཱཿཧཱཧུ~ཾ་དྷཱུ་ཕོཊ། ཨོཾ་ཕ་པི་ཧྱེ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨེ་དེ་ཧྭཱ་ཙྪ་ནྟི་ཧཱུ~ཾ་ཕེཾ་ཊ་ཨོཾ་བྷཱཙྪ་པཱཙྪ་ཎྜ་ཧཱུཾ་ཕ་ཨོཾ་དྷཱིཿབྷརྨྨ་ཧྱ་ཧཱི་པྟཱནྡྷ། ཨི་བ་སྱཱཪྻཱ་དྷཱི་ནཱནྟུ་མཱ་ལཱ་བུཾ་ལཱམྦྷི་ནཱི་གྷྲྀཧྣ་རྨེ ་ཧཱུཾ་ཕེཊ། ཨོཾ་སཔྟ་པཱ་ཏཱི་ལ་ག་ཏ་བྷུཛངྒ་སརྦ་མཱ~ཾ་ཏརྫ་ཡ་ཏེརྫ་ཡ་ཧུཾ་ཧྲཱི་ཕཊ། ཨོཾ་ཨ་ཀནྡྷ་ཨ་ཀརྟྟི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲྀ་ཏྲ~ཾ་ཧུ~ཾ་ཧཱུ~ཾ་ཕཊ། ཨོཾ་བྷྲཱུཾ་མྨེ་ཧུཾ་ཧཱུ~ཾ་བིཊ། ཨོཾ་སཱ་ཧཱ་ཧུཾ་ཧཱུ~ཾ་ཕཊ། མོ་ཧེ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧུ~ཾ་ཧུ~ཾ་ཧུ~ཾ་ཧཱུ~ཾ་ཕཊ། ཨ~ཾ་ཀི་ལི་ཀི་ལྀ་ལ་ཧཱུ~ཾ་ཏྲཱ~ཾ ་ཕཊ། ཨོཾ་སཽ་ལཱི་སཽ་ལྀ་ཧུཾ་ཧཱུཾ་ཕཊ། ཨ་ཙམ་ཙ་ལི་ཧུཾ་ཧཱུཾ་ཕཊ། ཨ་དྷི་ལ་དྷི་ལཾ་ཧུ་ཧཱུ~ཾ་ཕཊ། ཨ་ཧུ་ཧྱ་ཧུ་ཧཱུ་ཕཊ། ཐམས་ཅད་ལ་ཕྱག་འཚལ་བ་དང་། ཧཱུཾ་ཕཊ་དང་པོ་དང་སྦྱོར་བའོ།། ཧུཾ་ཧཱུཾ་ཕཊ་ནཱི་མཐར་ནི་སྦྱར་ཞེས་བྱ་བ་ནི། འདིར ་ཞེས་བྱ་བའི་ཐ་ཚིག་གོ།། ཨོཾ་ནི་ཐམས་ཅད་གསལ་བར་བྱེད་ཅེས་བྱ་བ་ཡང་།། རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་རྣམས་དང་། སྙོམས་པར་འཇུག་པའི་དཔའ་བོ་ཐོད་པའི་དུམ་བུ་ཅན་ལ་སོགས་པ་རྣམས ་ཀྱི་རིམས་པས་རླིག་པའི་རྒྱལ་པོ་ཉིད་མང་དུ་ཐ་དད་པརོ་མན་ངག་ཇི་ལྟར་གྱུར་པ་བཞིནུ་བ་དེའི་སྔག་སུ་འགྱུར་རོ།། རབ་གཏུམ་མ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་ཡང་དབྱེ་བས་གསུངས་པ། འདི་རྣམས་ཀྱི ་སྔགས་ནི། རང་མིང་ལ་བཟླས་པའི་སྔགས་ལ་ནི་ཞེས་བྱ་བ་འདིས་རྟོགས་པར་བྱ་བར་ཨོཾ་པྲ་ཙཎྜི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པའོ།། འདིས་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་འདིའོ།། ཅིར་གྱུར་པས་ཤེ་ན། འཁོར་ལོ ་ཆེན་པོ་ཞེས་བྱ་བ་ནི། འཁོར་ལོ་ལག་པ་ལ་སོགས་པ་ལ་བྲིས་པས་གང་གི་མཐུ་ཆེན་པོ་དེ་ནི་དེ་བཞི་ནོ།། གང་གྱུར་པས་ཤེ་ན། སྐུལ་པ་ཞེས་བྱ་བ་ནི་སྔོན་གྱི་བསྟན་པར་གྱུར་པ་ཞེས་བྱ་བའི་དོན་ཏོ།། དགྲ་བོ་ཐམས་ཅུད ་འཇིག་པར་བྱེད་ཅེས་བྱ་བ་ནི། ཀ་ར་བཱི་ར་ལ་སོགས་པས་རྟོགས་པར་བྱའོ།། དེ་དབུས་ཞེས་བྱ་བ་ནི། ལག་པ་ལ་སོགས་པ་ལ་འཁོར་ལོ་བྲིས་པའི་དབུས་སུ་ཧུཾ་ཧཱུ~ཾ་ཕཊ་ལྷས་བྱིན་དུག་མེད་པར་མཛོད་ཅིག་ཅེས་བྱ་བ་ལ་སོགས ་པ། ཧུཾ་ཧཱུཾ་ཕཊ། ཅེས་ནང་དུ་བཅུག་པའོ།། དེའི་ཕྱིར་ཧུཾ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མན་ངག་ལས་ཧུཾ་གཉིས་ཉིང་ངོ་།། གུ་གུལ་ལན་ཅིག་བཟླས་ནས་ནི་ཞེས་བྱ་བ་ནི། རིག་པའི་རྒྱལ་པོས་ཞེས་བྱ ་བ་འདི་མགོའི་དབང་ཕྱུག་གི་རབ་ཏུ་སྦྱོར་བའོ།། ཡིད་ཀྱིས་ཞེས་བྱ་བ་ནི་བསམྦ་གཏན་གྱིས་སོ།། མངོནཱ་དུ་ཞེས་བྱ་བ་ནི། ཙན་དན་ལ་སོགས་པ་དང་ཛ་ཏི་ལ་སོགས་པའི་སྨྱུ་གུར་འགྲོ་བས་ལན་ཅིག་བཟླས་ནས་བཀབ་སྟོ། ་རླུང་ལྡང་བའི་ལག་པ་ལ་འཁོར་ལོ་བྲིས་པའི་དབྱཱ་སྱཱ་སྱ་ཧྲཱིཿལྷས་བྷིནར་གྷི་དུགཱ་དབྲོག་པར་མཛོད་ཙྭི་གོ་ཧྲཱིཿཞེས་མངོན་པཱ་ར་བྷིས་ནས་གོས་ཀྱི་མཐའ་མཱ་ལ་སྔོགས་ཙཱིཔས་བཀྲ་བྷྲ་ནས་རླུང་ལྡང་བ་ལཱ་སོགས་པའི་དྲིས ་ཀྱི་ལག་པའི་མཐེ་བོང་རྒན་པོའི་རྩེ་མོས་སྡིག་མཛུབ་ཀྱི་ཚིགས་གསུམ་པོའི་རི་མོའི་ནང་དུ་མནན་ཅིང་རིག་པའི་རྒྱལ་པོ་ལན་ཅིག་ཡོངས་སུ་བཟླས་པས། དེའི་གཉིས་པའི་རི་མོར། དེའི་མཐེ་བོང་ཆེན་པོའི་རྩེ་མོས་དྲང་ཞིང ་དེ་དང་མཉམ་པའི་དུས་སུ་སོ་སོར་ཟིན་པ་ལྡང་བའི་བརྡའོ།། ལན་ཅིག་བརྗོད་པས་དེའི་དུས་སུ་ཟིན་པ་ཡང་ལྡང་བར་འགྱུར་ཏེ། དེ་ལྟར་ན་ཡང་ཉལ་བའི་སྐྱེས་པ་ལ་ལན་ཅིག་བཟླས་ན། དེའི་ནས་ཇི་སྐད་དུ་གསུངས་པ་ཡིན ་ནོ་ཞེས་བྱ་བ་འདི་ཡང་འཁོར་ལོའི་རེའུ་མིག་དགུའི་རབ་ཏུ་སྦྱོར་བ་དང་པོའོ།། ཀ་ར་བཱི་རའི་སྨྱུ་གུས་ཞེས་བྱ་བ་ནི། རིག་པའི་རྒྱལ་པོ་ལན་ཅིག་བཟླས་པས། ཀ་ར་བཱི་རའི་འདབ་མའི་ཁུ་བ་སོགས་པས། དེ་བཞིན་དུ་ལག་པ་ལ ་འཁོར་ལོ་ཁྲིས་ནས་ཧུཾ་ཧཱུཾ་ཕཊ་ལྷས་བྱིན་མའི་མངལ་མཆོད་སྦྱིན་མ་ལཱ་འཕོ་བར་མཛོད་ཅིག་ཧུཾ་ཧཱུཾ་ཕཊ་ཅེས་དེའི་དབུ་སུ་བྲིས་ནས་ཡང་དེ་བཞིན་གཤེགས་པའི་སྔགས་ལན་ཅིག་བཟླས་ན། སྙིང་པོ་འཕོ་བར་འགྱུར ་རོ་ཞེས་བྱ་བ་ནི་གཉིས་པའོ།། དུག་ལ་སོགས་པས་ཀ་ར་བཱི་རའི་འོད་བ་མའི་ཁུ་བས་ལུས་བྱུགས་པ་དང་། དེའི་བཞིན་དུ་རང་གི་ལག་པར་འཁོར་ལོ་བྲིས་ཏེ། དེ་ཉིད་ཀྱིས་གང་ལ་རེག་པ་དེ་འཆི་བར་འགྱུར་རོ།། ཁྲོ་བས་ཞེས ་བྱ་བ་ནི། ཁྲོས་པས་རེག་བྱ་ཞེས་བྱ་བའི་ཐ་ཚིག་གོ།། ཁ་ཅིག་ན་རེ་དུག་ལ་ས་སོགས་པ་མངོན་པར་བསྔགས་པས་དེས་བཱསྣུན་ན་འཆི་བར་འགྱུ་རོ་ཞེས་ཟླ་རོ་ཞེས་བྱ་བ་ནི་གསུམ་པའོ།། དུར་ཁྲོད་ཀྱི་སོལ་བ་ཞེས་བྱ་བ ་ནཽནི་དེའི་ཚེ་རོ་མ་ཚིག་པའི་རྀ་སྲེགས་པའི་སོལ་བའོ།། བསད་ནས་ཞེས་བྱ་བ་ནི། རོ་བསྲེགས་པའི་སོལ་བ་ཉིད་དོ།། དེ་བཞིན་དུ་བསད་པར་ཡང་བྱའོ།། ཇི་ལྟར་དེ་ཤིན་ཏུ་ཡང་གཤེར་བར་གྱུར་པའོ།། དེ་ཉིད་ཀྱིས་ཞེས ་བྱ་བ་ནི། རློན་པའི་སྩོལ་བསོ།། བྲིས་ཏེ་ཞེས་བྱ་བ་ནི་དེ་ལ་སོལ་བ་ལ་བསྒྲུབ་བྱའི་མིང་འཁོར་ལོའི་ནང་དུ་ཚེར་མས་བརྐོས་ཏེ་ངོ་ལྟར་གྱུར་པའི་སྩོལ་བས་གང་ལ་བསྣུན་པ་དེའི་སྐད་ཅིག་ལ་ལྟུང་བར་འགྱུརརོ་ཞེས ་བྱེ་བར་སྦྱར་རོ།། ཁ་ཅིག་ན་རེ་དེས་གཤེར་བར་རིག་པའི་རྒྱལ་པོ་ལན་ཙོག་བཟླས་པའི་སོལ་བ་བསྐམས་པས་ལག་མཐིལ་དུ་བྲི་སི་ཏེ་དེ་བཞིན་དུ་ལས་བཅུ་གསུམ་པའི་རབ་ཏུ་སྦྱོར་བ་ཞེས་བྱ་བ་ནི། བཅུ ་གསུམ་པའོམནརྣམ་།། ན་འཁོར་ལ་གཝཱན་གསདུས་པ། ནམ་པའི་ཁམས་ཀྱི་ནས་བུ་བ་ལས་སུསུ་པ་ནྀ་རྒྱས་ཀྱི་འབྱུང་གནས་སྦྱིན་དྨན། ཀྱིལ་འར་ལ་ག་མ་སོགས་པ་ས། ་འགྲོའུ་ཝང་ལ་སོགས་པས་མངོན་པར་བྲིས་པའོ།། དེ་ཡང་འོད་ཟེར་གྱིས་བསྐོར་བ་ཞེས་བྱ་བར་བསྟན་པར་བྱའོ།། འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན་ཅེས་བྱ་བ་ནི། ཟླ་བ་དེའི་དབུསུ་འཁོར་རྩིབས་བརྒྱུད་པ་འཁོར ་ལོའི་ཕྲེང་བས་བསྐོར་བའོ།། དེའི་དབུས་སུ་ཞེས་བྱ་བ་ལ། རྩིབས་བརྒྱད་པ་ཞེས་བྱ་བ་ལ་ཡང་། སྟོན་མཱ་དང་ཕྱི་མ་དག་ལའོ།། པདྨའི་ཕྲེང་བས་རྣམ་པར་སྤྲས་ཞེས་བྱ་བཱ་ནཾ། དྭེའི་ཟླ་བའི་ནང་དུ་འགྲོ་བའི་འཁོར་ལྷོའི་དབུས ་སུ་ཟླ་བའི་ནང་དུ་པདྨའི་ཕྲེང་བས་བསྐོར་བའི་འཁོར་ལོ་རྩིབས་བརྒྱུད་པའོ།། ཡང་ནི་ཞེས་བྱ་བ་ནི། དེའི་ནང་ཉིད་དུ་རྩིབས་བརྒྱུད་པ་ཉིད་དུ་ཡང་དྲ་དཱ་བར་བྱས་སྟེ། དེའི་པདྨའི་ཕྲེང་བས་བརྒྱུན་པ་སྟེ། དེའི་འཁོར་ལོའི ་ཟླ་བའི་ནང་དུ་ཡང་། འཁོར་ལོ་རྩིབས་བརྒྱད་པ་རྡོ་རྗེའི་ཕྲེང་བའི་རྒྱུན་གྱིས་བརྒྱན་པའོ།། དེའི་ཕྱིར་རྡོ་རྗེའི་ཕྲེང་བ་སྒོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། འཁོར་ལོ་གསུམ་པོ་འདི་དག་ནི་སྐུ་ལ་སོགས་པ་རྣམས་ཀྱིའོ།། དཎྜཱི ་འཁོར་གཟུགས་སུ་མི་ཞེས་བྱ་བ་ནི། དཀྱིལ་འཁོར་ཏེ་དཀྱིལ་འཁོར་གྱི་དབྱིབས་ནི་ཟླུམ་པའོ།། ཟླ་བ་ལས་ཕྱི་རོལ་ཏུ་གྲུ་ཟོ་ཞི་པ་དང་སྒོ་བཞི་པ་ཉིད་དོ།། རང་གི་ལུས་མཚུངས་སྤྲོ་བར་བྱ་ཞེས་བྱ་བ་ནི། འཁོར་ལོ་སོ་སོར་རང་གི ་ལུས་ཀྱི་འོད་བྱེར་སྤྲོ་བར་བྱ་ཞེས་བྱ་བ་ནི་བསྟན་པར་བྱ་ཞེས་བྱ་བའི་དོན་ཏོ།། འཁོར་ལོ་ལ་སོགས་པའི་ཕྲེད་བ་ཡང་མུ་ཁྱུད་ཀྱི་ནང་དུ་འགྲོ་བར་བལྟ་བར་བྱའོ།། དཀར་པོ་དང་དཱ་མརརཱ་པོ་དང་ནག་པོའི་རྣམ་པ་སྐུ་ལ་སོགས་པའི་འཁོར ་ལོ་གསུམ་གོ་རིམས་བཞིན་དུ་བསྒོམ་པར་བྱའོ་ཞེས་བྱ་བ་ནི། དཀར་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་དོག་དབྱེ་བས་སོ་སོའི་མཆོག་ཅེའོ།། འཁོར་ལོ་གཅིག་ཉིད་ལ་ཡང་ཞི་བ་ལ་སོགས་པ་ལ། དཀར་པོ་ལ་སྲོ ་པའི་ཁ་དོག་བྲིས་མ་ཐག་ཏུ་བསྒོམ་པར་བྱའོ་ཞེས་བྱ་བར་དགོངས་པའོ།། དེ་ལྟར་ཚོགས་ཆོ་ག་བྲི་བ་ལ་སོགས་པ་འདི་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བ་ལའོ།། དཔའ་བོའི ་དབང་ཕྱུགས་ཅེས་བྱ་བ་ནི། དཔའ་བོ་ཐོད་པའི་དུམྲྀ་པུ་ཅན་ལ་སོགས་པ་རྣམས་ལའོ།། གང་ཞིག་རྣམ་པའི་ཆ་ལ་རིག་པའི་རྒྱལ་པོ་དེ་ནི་དཔའ་བོའི་དབང་ཕྱུག་སྟེ་ཕྱི་རོལ་ལ་སོགས་པར་དཔའ་བའི་དབང་ཕྱུག་བྲིའོ།། ་དྭེ་ལཱ་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་ལ། ཨོཾ་ཀ་ར་ཀ་རྱ་ཧུཾ་ཧཱུཾ་ཕཊ། བྱང་གི་རྩིབས་ལ་ཨ~ཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ནུབ་ཀྱི་རྩེ་བས་ལ་ཨོཾ་བནྡྷ་བནྡ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩིབས་ལ་ཨོཾ་ཏྲ་སཱ་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ཕཊ། དབང་ལྡན ་རྩིབས་ལ་ཨོཾ་ཀློ་པ་ཡ་ཀྵོ་པ་ཡ་ཧུཾ་ཧཱུཾ་ཕཊ། མེའི་རྩིབས་ལ་ཨོཾ་ཧྲིཾ་ཧྲཾ་ཧུཾ་ཧཱི་ཕཊ། བདེ་ན་བྲལ་གྱིས་རྩིབས་ལ་ཨོཾ་ཧྲཿཧྲཿཧུཾ་ཧཱུཾ་ཕཊ། རླུང་གི་རྩིབ་ས་ཀི་ལ་ཨོཾ་ཕེཾ་ཕེཾ་ཧུཾ་ཧཱུཾ་ཕཊ། གསུངསེ་གི་འཁོར་ལོའི་ཤར་གྱི་རྩིབས་ལ་ཨོཾ ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། བྱང་གི་རྩིབས་ལ་ཨོཾ་པ་ཙ་པ་ཙཱ་ཧུཾ་ཧཱུཾ་ཕཊ། ནུབྱཱ་གྱི་རྩིབས་ལ་ཨོཾ་བྷཀྵྨ་བྷཀྵ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩི་བཱ་ས་ལ་ཨཾ་བྱཱ་ཤྭ་རུ་དྷི་རཱནྟ་མཱ་ལཱ་བ་ལཱམྦྷི་ནེ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། དབང་ལྡན་གྱི་རྩིབས ་ལ་ཨཽ་སཔྟ་པཱུ་ཏཱ་ལ་ག་ཏ་བྷུ་ཛངྒ་སརྦ་མཱ་ཏཱརྫ་ཡ་ཏརྫྫ་ཡཱ་ཧྱཾ་ཧཱུཾ་ཕཊ། མེའི་རྩི་བཱིས་ལ་ཨོཾ་ཨཱ་ཀཌྜྷྱ་ཡ་ཨཱ་ཀཌྜྷྱ་ཧུཾ་ཧཱུཾ་ཕཱཊ། བདེན་བྲལ་གྱི་རྫི་བསྣུ་ལ་ཨཽ་ཧྲི་ཧྲྀ་ཧུཾ་ཧཱུཾ་ཕཊ། རླུང་གི་རྩིབས་ལྱཱ་ཨཽ་མཱཾ་ཀྣོ་ཧུཾ་ཧཱུཾ་ཕཱཊ། སྐུའི་འཁོར་ལོའི་ཤར ་གྱི་རྩིབས་ལཾ་ཨཻ་ཧཱུཾ་ཧཾ་ཧུ་ཧཱུཾ་ཕཊ། བྱང་གི་རྩིབས་ལ་ཨཻ་ཧི་ཧཱུ~ཾ་ཧུཾ་ཧཱུ~ཾ་ཕཱཊ། ནུབ་ཀྱི་རྩིབ་སཱ་ལཱ་ཨཽ་ཎྱཱ་ཙཾ་ཧཱུཾ་ཧུཾ་ཧཱུཾ་རྞཾནར། ལྷའི་རྩིབས་ལ་ཨཾ་ཀི་ལྀ་ཀཱི་ལི་ཧུཾ་ཧཱུཾ་ཕཊ། དབང་ལྡན་གྱི་རྩིབས་ལ་ཨཽ་སྲྀ་འི་ལྀ་ལོ་སོ་ལི་ཧུ~ཾ་ཧཱུཾ་ཕཊ། མེའི་རྩིབས ་ལ་ཨོཾ་ནཱི་ལི་ཙི་ལི་ཧུཾ་ཧཱུཾ་ཕཊ། ཁ་དེ་ནི་བྲལ་གྱི་རྩིབས་ལ་ཨོཾ་དྷི་ལྀ་དྷི་ལི་ཧུཾ་ཧཱུ~ཾ་ཕཊ། རླུང་གི་རྩིབས་ལ་ཨོཾ་ཧཱུཾ་ཧུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་སྔགས་ཀྱི་དགོང་པའོ།། སྐུའི་འཁོར་ལོའི་ནང་དུ་ཇི་ལྟར་མངོན་པར་འདོད་པའི་བསྒྲུབས་པ ་བྱ་བའི་མིང་ནང་དུ་བཅུག་པ་གོང་མ་བཞིན་དུ་བྲི་བཱར་བྱའོ།། འདི་ལྟ་སྟེ། ཨོཾ་ལྷ་སྦྱིན་ཞི་བར་མཛོད་ཅིག་ཨོཾ་ཞེས་བྱ་བ་ལ་སོགས་པའོ།། འདི་ཉིད་དབུ་སུ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ཇི་ལྟར་འདོད་པ་ཞེས་བྱ་བ་ལ ་འདོད་པ་ནི་ཞི་བ་ལ་སོགས་པའོ།། ཕྱི་རོལ་ཞེས་བྱ་བ་ནི། གྲུ་བཞི་པ་ལ་སོགས་པའི་ཕྱི་རོལ་ཏུ་རྡོ་རྗེའི་ཕྲེང་བ་ཟླུམ་པོའི་རྣམ་པ་སྟེ། འཁོར་ལོ་འདི་ཐམས་ཅད་དུ་འོད་ཟེར་འབར་བས་བསྐོར་བའོ།། དགོད་ཅེས་བྱ་བ་ནི་བཞག་པ ་བྱ་ཞེས་བྱ་བའི་དོན་ཏོ།། འདི་ཞེས་བྱ་བ་ནི་འདི་ལྟར་རིག་པའི་རྒྱལ་པོ་བྲིས་པའོ་སྲུང་བ་ཀུན་ལ་ཞེས་བྱ་བ་ནི། བྱིས་པ་དང་རྒན་པོ་དང་བུད་མེད་དང་སྐྱེས་བུ་ལ་སོགས་པ་རྣམས་ཀྱི་ཐམས་ཅད་དུ་བསྲུངས་པའམ། རིམས་ལ ་སོགས་པོ་དག་ལས་བསྲུང་བ་ནི་ཐམས་ཅད་དུ་བསྲུང་བའོ།། འདིའི་འཁོར་ལོ་འཛིན་པ་ལ་རིམས་ལ་སོགས་པས་གྲིབ་མ་ལ་ཡང་འགོམ་པོར་མི་ནུས་པར་བསྟན་པའི་ཕྱིར་རིམས་ཞེས་བྱ་བ་ལ་སོགས་པ་གསུངས ་སོ།། ནད་ཅེས་བྱ་བ་ནཱི་གཞན་དུ་རྒྱལ་པོའི་ཡཱཀྟཱ་ལ་སོགས་པའོ།། མཁའ་འགྲོའི་ཉེར་འཚེ་ཞེས་བྱ་བ་ནི། མཁའ་འགྲོ་མ་ནི་རབ་ཏུ་གྲག་སོ།། ཉེ་བར་འཚེ་བ་ནི་སྲིན་པོ་ལ་སོགས་པས་བྱས་པའོ།། འདུ་བ་ཡང་གོང་དུ ་མ་གྲུབ་པ་ཞེས་བྱ་བ་ནི། ན་ཉམ་མཐོང་བ་སྟེ་མི་རྟག་པའི་ཕྱིརརོ།། ཟླ་བ་ཞེས་བྱ་བ་ལ་སོགས་པ་ནི། འདིའི་ལོ་ལག་པར་རི་བོང་ཅན་གྱི་གཟུགས་དང་། ཁ་བྱ་ལྟ་བུར་འཛག་པ་སྔགས་ཀྱི་ཡི་གེ་རྣམ་པར་བསྒོམ་པར ་བྱའོ། |གང་གི་ཕྱིར་རིམས་ལ་སོགས་པས་གཟུང་བའི་ཕྱིར་རྣལ་འབྱོར་པ་རྡོ་རྗེ་མཁའ་འགྲོ་སླུ་མདོག་དཀར་པོར་ཡུད་ཙམ་གྱིས་བྱས་པའི་ཕྱག་དེ་མཐོང་རིམས་ལ་སོགས་པ་འཇིག་པར་འགྱུར་རོ།། ཞེས་བྱ་བར ་དགོངས་པའོ།། ཕྱོགས་བཅུར་ཞེས་བྱ་བ་ནི། ཕྱོགས་བཅུའོ།། ཁ་དོག་གི་ངེས་པ་བསྟན་པའི་ཕྱིར། དཀར་པོ་ཡིས་ནི་ཞི་བར་འགྱུར། ཞེས་བྱ་བ་ལ་སོགས་པ་འདི་ནི། ཁ་དོག་དབྱེ་བ་སོ་སོར་མཆོག་ཅེས་བྱ་བ་འདིའི ་རྒྱས་པར་བསྟན་པའོ།། དེ་ལྟར་ཡང་ཞེས་བྱ་བ་ནི། ཁ་དོག་དམུར་པོ་འདི་ཉིད་ཀྱིས་ནི་དགུག་པ་ཡང་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་ཡང་ལས་དང་རྗེ་སུ་མཐུན་པའི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་། ་ལྡན་པས་བྲིས་པའི་ལག་པ་བསྟན་ཅིང་། སྔགས་བཟླས་པ་ལ་སོགས་པས། ཇི་སྐད་གསུངས་པ་སྒྲུབ་པར་བྱེད་ཞེས་ཤེས་པར་བྱའོ།། འདི་ལྟར་ཡང་སྣང་བ་ལ་སོགས་པ་རྣམས་ས་མ། གཞན་པ་ཇི་སྙེད་པ་ལའོ།། དྲག ་ཤུལ་གྱི་ལས་ཁ་དོག་ནག་པོའོ།། འབྱུང་བ་ཞེས་བྱ་བ་ནི་གང་ལས་འབྱུང་བའོ།། ཐམས་ཅད་ཅེས་བྱ་བ་ནི། ཞི་བ་ལ་སོགས་པ་རྣམས་ཀྱིའོ།། རབ་ཏུ་རྒྱས་པ་འབྱུང་བ་ནི་རང་གི་རྟགས་ཀྱིས་ཀུན་ཏུ་གནས་པའོ།། སྲུང་བའི་འ ་ལོས་ཞེས་བྱ་བ་ནི། སྲུང་བ་དང་པོར་ལྷག་པར་བྱས་པའི་འཁོར་ལོའོ།། མགོའི་དབང་ཕྱུག་གསུངས་པ་དང་། འཁོར་ལོ་གཏིས་ལ་མཚན་མ་གཉིས་ཀྱིས་རྟོགས་པར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། སྙིང་པོའི་སྭཱ ་ཀྱི་འཁོར་ལོ་བསྟན་པར་བྱའོ།། འཁོར་ལོའི་རྒྱལ་པོ་ཞེས་བྱ་བ་ནི། ཁྱད་པར་དུ་འཕགས་པའི་ཕྱི་རོ།། གང་གི་འཁོར་ལོས་ཞི་བ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་རྣལ་འབྱོར་པས་བྱེ་དོ་ཞེས་བྱ་བར་དེ་དང་འཁོར ་ལོ་གསུང་སོ་ཞེས་བྱ་བར་དགོངས་པའོ།། གང་གིས་ཤེ་ན། ཚོགས་ཞེས་བྱ་བ་གསུངས་པ་ནི། སྣོག་ཆ་དང་འདབ་མ་ལ་སོགས་པའི་ཆོ་ག་ལའོ།། མཐོང་བ་ནི་འདྲི་བ་དང་སྒོམ་པ་ལ་སོགས་པའི་ལསཽ་ཏེ་དེ་སོ།། རེ་ཞིག་སྙིང་པོའི ་འཁོར་ལོ་གསུངས་པ། ན་མཁའི་ཁམས་ཀྱི་ཞེས་བྱ་བ་ནི་ཆོས་འབྱུང་གནས་སོ།། ཟླ་བའི་དཀྱིལ་འཁོར་ལྟ་བུར་ཞེས་བྱ་བ་དེ་ཅི་ཞེ་ན། དཀྱིལ་འཁོར་ཞེས་གསུངས་ཏེ་འཁོར་ལོའོ།། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བའི ་རྒྱས་པར་བསྟན་པ་ནི། དཀྱིལ་འཁོར་དབྱིབ་སུ་ཞེས་བྱ་བ་གསུངས་ཏེ། དེའི་འཁོར་ལོའི་དབུས་པདྨ་དགོད་པར་བྱའོ།། བཅུ་དྲུག་གིས་ཞེས་བྱ་བ་ནི། འདབ་མ་བཅུ་དྲུག་གིས་རྣམ་པར་སྤྲས་པ་སྟེ། འདབ་མ་བཅུ་དྲུག ་ཅེས་བྱ་བའི་དོན་ཏོ།། དྭེ་ཅི་ཞེས་དགོས་པ་ལ། དེ་ལྟར་ཚོགས་ཞེས་བྱ་བ་ལ་སོགས་པས་འཆད་པར་འགྱུར་བས་སྦྱོར་ཏེ། པདྨ་འདྲ་བ་མ་བཅུ་དྲུག་དགོད་པར་བྱས་ནས། དེ་ལ་ཡི་གེ་ཉི་ཤུ་རྩ་གཉིས་དགོད་པར་བྱའོ།། ་ཤ་ར་ལ་སོགས་པའི་འདབ་མ་བཅུ་དྲུག་རྣམས་ལ་ཨོཾ་ཤྲཱི་ཧེ་རུ་ཀཾ་བཛྲ་ཌཱ་ཀི་ནི་ཛཱ་ལ་སམྦ་རཾ་ཞེས་བྱ་བ་ནི། གཡོས་སྐོར་གྱིས་ཡི་གེ་བཅུ་དྲུག་པོ་རྣམས་བྲི་བའོ།། ཧཱུཾ་ལ་སོགས་པའི་ཡི་གེ་དྲུག་པོ་རྣམས་ལ་གང་ལ ་ཞེ་ན། བརྒྱད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨ་འདབ་མ་བཅུ་དྲུག་གཱི་ཟེ་འབྲུའི་དབུ་སུ་སྭཱ་ཧྲྀ་གོང་པར་བྱའོ།། པདྨ་ཆེན་པོ་འདབ་མ་བརྒྱད་པ་ཞེས་བྱ་བ་ནི། གང་ལ་ཟེའུ་འབྲུ་ལ་དེ་དེ་བཞིན་ནོ།། འདབ་མ་བཅུ ་གི་ནང་དུ་པདྨའ་དབ་མ་བརྒྱད་པའོ།། དེའི་ཤར་ལ་སོགས་པའི་འདབ་མ་བཞི་པོ་རྣམས་ལ་ཧུཾ་ཧཱུཾ་ཕེཊ་ཞེས་རིམ་པོས་བྲིསི་ནས་པདྨ་འདབ་མ་བརྒྱད་པའི་གནས་ལྷག་མ་རྣམས་དང་། ཟེའུ་འབྲུ་ལ་སྭ་ཧཱ་བྲི་བར་བྱའོ།། ་དབང་ལྡན་ལ་སོགས་པའི་མཚམས་རྣམས་ལ་ཧྲཱིཿའི་ནང་དུ་བཅུག་པའི་བསྒྲུབ་བྱའི་མིང་ཞེས་བྱ་བར་རྟོགས་པར་བྱའོ།། རྩེ་ལྔ་པ་ཞེས་བྱ་བ་ལ་སོགས་པ་དང་། འོད་ཟེར་དཀར་པོས་ཞེས་བྱ་བ་ནི། རྡོ་རྗེ ་དཀར་པོ་སྟེ་པདྨ་འདབ་མ་བཅུ་དྲུག་གི་ཕྱི་རོལ་ཏུ་ཕྱོགས་བརྒྱད་དུ་བྲི་བར་བྱའོ།། ཡོ་གིས་ཞེས་བྱ་བ་ནི་བསྒོམ་པའི་བདག་ཉིད་དོ།། དངོས་གྲུབ་ཐམས་ཅད་རོ་བ་སྟེར་བས་ཞེས་བྱ་བ་ནི། དངོས་གྲུབ་ཐམས་ཅ་སྦྱིན་པར ་ནུས་པ་ཞེས་བྱ་བའི་དོན་ཏོ།། མཱ་མཱཾའི་ཁྱིམས་ཞེས་བྱ་བ་ནི། སྨིན་མྱོ་བདུན་གྱི་གནས་སུའོ།། ཙོ་ན་ད་ན་བཟང་པོས་ཞེས་བྱ་བ་ནི་བདུད་རྩི་ལྔའོ།། ཤིན་ཏུ་མཉེན་པའི་སྙུན་འཇམ་ལ་ཞེས་བྱ་བ་ནི། གནས་ལ་གནས་པའོ།། ། ་སྐྱེ་གནས་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེའི་སྐྱིལ་ཀྲུང་ངོ་།། འོདི་སྔ་ནི་འདི་བརྗོད་དེ།། མ་མོའི་ཁྱིམ་དུ་མཉམ་པ་ལ་སོགས་པར་ལྡན་པར་འཁོར་ལོ་མངོན་པར་བྱིས་ནས། དེ་ཉིད་དུ་འདུག་སྟེ། རྡོ་རྗེ་སྐྱིལ་ཀྲུང་བཅིངས་ནས་བསྒྲུབ་བྱ ་གོ་གི་ཕྱོགས་སུ་སྟེ། དེརརོ་སྔགས་པསོ་ཁ་བལྟས་ནས། རིགས་པ་བཟླས་ནས་སྔགས་ཀྱི་ཡི་གེ་ཉི་ཤུ་རྩ་གཉིས་བརྒྱ་རྩ་བརྒྱད་དུ་ནང་དུ་བཅུག་སྟེ་ཐུན་ཚོད་གསུམ་དུ་བཟླས་ནས་བཾསྒྲུབ་བྱ་དགུག་པར་བྱའོ།། བྲི་བ་ལ་སོགྶས ་པའི་དུས་ཀྱི་ཆོ་ག་ནི། ཡན་ལག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་སྔ་མ་ཁྱིམ་ངག་ལའོ།། བསམས་ནས་ཞེས་བྱ་བ་ནི་འཛིན་པའོ།། སྣག་ཆེ་ནི་རབ་སོང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཁྲག་ཅེས་བྱ་བ་ནི། ་སྤྲིན་ལག་གི་ཁྲག་གོ།། འདབ་ནི་རོ་དཀྲིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཤི་བའི་བུ་མ་སྐམྦྷ་ལ་ཞེས་བྱ་བ་ནི། དུར་ཁྲོད་ཀྱི་བུམྦྷ་པཱ་བཅག་པ་ལའམ་སའི་དངོས་པོའི་བུམ་སྐམ་བཅུག་པ་ལའོ།། གནས་ཤིང་དེའི་ཆོ་ག ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་གནས་པར་ཇི་ལྟར་ཡིན་པ་དེ་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བར་སྦྱརོ།། དེའི་ལྟོ་རཱ་ཞེས་བྱ་བ་ནི། བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལ་སོགས་པས་བསྒྲུབ་བྱའི་གཟུགས ་ན་གྱི་གཟུགས་ཀྱིས་སྤྲུལ་པས་དེའི་ལྟོ་བོར་དེ་དང་འཁོར་ལོ་གནས་པར་བྱ་སྟེ། དེ་ནས་མཐེ་ཆུང་བ་སྐྱོང་པར་བྱའོ།། འདིས་ནི་འདི་བརྗོད་དེ། རོའི་དཀྲིས་མ་ལ་སོགས་པ་ལ་རབ་ཏུ་སོགས་པས་འཁོར་ལོ་ཧཱིཿལྷ་སྦྱིན ་ཁུག་ཅིག་ཧྲིཿཞེས་ནང་དུ་བཅུག་པ་དང་ལྡན་པར་དབུས་སུ་མངོན་པར་བྲིས་ནས། བསྒྲུབ་བྱའི་གཟུགས་པོརྙན་གྱི་སྙིང་ལ་དེ་གཞུག་པར་བྱས་ནས་སྔགས་པ་ཟླ་བར་བྱའོ།། དེའི་ཕྱིར་མཐེ་ཆུང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེའི་ལྟོ་བར་འཁོར་ལོ་བཅུག་ནས་མཐེ་ཆུང་ནི་ལྕེ་བསྐྱོད་པ་སྟེ། སྔགས་བཟླའོ་ཞེས་བྱ་བར་དགོངས་པའོ།། བློ་ལྡན་ཞེས་བྱ་བ་ནི་དགུག་པའི་སྒོམ་པའི་བློ་དང་ལྡན་པའོ།། དེ་ར་ནི་ཡིད་གནས་པས་ཞེས་བྱ་བ་ནི། ་སེམས་རྩེ་གཅིག་ཏུ་ཇི་ལྟར་གྱུར་པ་དེ་ལྟར་བཟླས་པར་བྱའོ་ཞེས་བྱ་བར་དགོངས་པའོ།། བྲམ་ཟེ་ག་སོད་པའང་ཞེས་བྱ་བ་ལ། བྲམ་ཟེ་ནི་སངས་རྒྱས་ཏེ་དེ་གསོད་པའང་མཚེམས་མེད་པ་ལྔ་བྱེད་པ་ཡང་ཞེས་བྱ་བའི་དོན་ཏོ།། ་ཉི་མ་བདུན་ཞེས་བྱ་བ་ཡང་། ཉི་མ་བདུན་བསྡུས་པའོ།། བསྒྲུབ་བྱའི་གཟུགས་བརྙན་བྱས་ནས་ཞེས་བྱ་བ་ནཱི། ཙ་ན་ད་ན་དམར་པོ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུ་ལྔ་དག་ལས་སོ།། དེའི་ཕྱིར་ཙན་ངན་དམར ་པོའི་ཕྱེ་མ་དང་ཞེས་བྱ་བ་སྟེ། གསུམ་པོའི་གཉིས་པའི་དོན་ལ་གཉིས་པའི་གཅིག་གཽ་ཚིག་གོ།། དེའི་གཟུགས་བརྙན་དུ་འགྲོ་བའི་བསྒྲུབ་བྱ་ནི། གདུང་བར་བྱི་ཞེས་བྱ་བ་དང་སྦྱརརོ།། ཅིར་གྱུར་པས་ཤཱ་ན། ཚ་བ་གསུམ་གྱིས ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བྱུགས་ནས་ཞེས་བྱ་བ་ནི་དཀྲིས་པའོ།། འདིར་སྨྲས་པ་གསུངས་པའི་རིམས་པས་བསྒྲུབ་བྱའི་གཟུགས་བརྙན་སྤྲུལ་ནས། གོང་མ་བཞིན་དུ་འཁོར་ལོ་མངོན་པར་བྲིས་ནས། དེའི་སྙིང ་གར་བཅུག་སྟེ། དེ་ཚ་བ་གསུམ་གྱི་ས་ཡན་ལག་བྱུགས་ནས་སྤྲ་ཚིལ་གྱིས་བསྐོརོ།། དེ་ཟངས་མའི་ཁབ་ཀྱིས་གནས་སུ་ཕྱོག་ཅིང་སེང་ལྡེང་གི་སོལ་བའི་མེ་དུ་བ་མེད་པས་ཉི་མ་བདུན་ཇི་སྲིད་པར་གདུངས་ཏེ། ཐུན་ཚོད་གསུཾ ་དུ་སྔགས་བརྒྱ་རྩ་བརྒྱད་གོང་མ་བཞིན་དུ་རྣལ་འབྱོར་པ་སྣ་བཟླས་པར་བྱའོ།། མཁས་པས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པའོ།། ཇི་སྲིད་དུ་སྤྲ་ཚིལ་མ་ཞུ་བའི་བར་དུ་ཞེས་བྱ་བ་ནི། འདི་འམ་གཞན་དུ་ཡང ་བལྟ་བར་བྱའོ།། བརྒྱའི་མཐར་ཞེས་བྱ་བ་ནི། བརྒྱ་དང་བདུན་གྱིས་བསྒྲུབ་བྱ་རྒྱལ་ཕྲན་དང་བཅས་པ་དང་། འདུན་ན་འདོན་དང་བཅས་པ་དང་། བཙུན་མོའི་འཁོར་དང་བཅས་པ་ཞེས་བྱ་བའི་ཁྱད་པར་གྱིས་ཁྱད་པར་དུ་བྱས་པའོ། ་རྒྱལ་པོ་ཞེས་བྱ་བ་ནི་ཁྱད་པར་གྱི་དགོད་པའོ།། དེ་ནས་ཞེས་བྱ་བ་ནི། རྒྱལ་ཕྲན་དང་བཅས་པ་ལ་སོགས་པའི་རྒྱལ་པོ་འཁོར་ལོར་བཅུག་པའི་ཕྱིར་ཏེ། མིའི་བདག་པོ་ཞེས་བྱ་བ་སོགས་པ་ནི་གོ་སླའོ།། རྐང་པའི་རྡུལ་ལ་སོགས ་པས་གཟུགས་བརྙན་བྱས་ནས་འཁོར་ལོ་བསྒྲུབ་བྱ་དང་བཅས་པ་ནང་དུ་བཅུག་པར་བྲིས་ཏེ་དེ་སྙིང་ཁར་གཞུག་པར་བྱ་ཞིང་གཟུགས་བརྙན་དུ་སོན་པའི་བསྒྲུབ་བྱ་ལ་དེའི་ཁ་བལྟས་ནས་གནས་པས་དེ་ཉིད་ཀྱི་སྔགས་བརྒྱ ་རྩུ་བརྒྱུ་ད་བཟླ་ཞིང་གདུང་བར་བྱས་ན། དེ་ནས་ཇི་སྐད་གསུངས་པར་འགྱུར་རོ།། ཁ་ཅིག་ན་རེ་དེ་ལ་ཁ་བལྟས་ནས་བཟླས་པར་བྱ་བ་ནི། འཁོར་ལོ་བྲིས་ནས་དེ་ལཱྀ་ཁ་བལྟས་ཏེ་བཟླས་པར་བྱའོ་ཞེས་ཟེ་རོ།། ཡང་སའི་སྐྱེ་བོ་ནི ་སྨོས་ཅི་དགོད་ཞེས་བྱ་བ་ནི། མི་ཡུལ་གྱི་དགུག་པ་ཡང་སྨོས་ཅི་དགོས་ཞེས་བྱ་བར་དགོངས་པའོ།། ཡི་དགས་ཞེས་བྱ་བ་ལ་སོགས་པ་དང་། ལྷན་ཅིག་ཅེས་བྱ་བ་ནི་གཅིག་ཏུ་བྱས་ཞེས་བྱ་བྲིའི་དོན་ཏོ།། བསྒྲུབ་བྱའི་རྐང་པའི ་རྡུལ་ཞེས་བྱ་བ་ལ་བསྒྲུབ་བྱ་ནི་སྔ་མ་དང་ཕྱི་མ་དག་ལའོ།། རྡུལ་ཞེས་བྱ་བ་ནི་ཙི་ན་དན་དམར་པོ་དག་ལའོ།། དུར་ཁྲོད་ཟས་ལྷག་ཐལ་བ་ཡང་ཞེས་བྱ་བ་ནི། དུར་ཁྲོད་ཀྱི་ཐལ་པ་ཞེས་བྱ་བའི་དོན་ཏོ།། བསྒྲུབ་བྱའི་རྐང་རྗེས ་ཀྱི་རྡུལ་དང་ཙན་ངན་དམར་པོའི་རྡུལ་དང་། ངུར་ཁྲོད་ཀྱི་ཐལ་བ་དང་། འདི་རྣམས་ཐམས་ཅད་གཅིག་ཏུ་བྱས་ནས། སྦྱིན་སྲེག་བྱ་ཞིང་སྲེག་བླུགས་བྱའོ།། གང་ལ་ཞེ་ན། སེང་ལྡེང་སོལ་བ་དུ་བ་མེད་པ་ལ་ཞེས་བྱ་བ་ནི། ས ་ལྡེང་གི་སོལ་བའི་མེ་དུ་བ་མེད་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་སྲེག་བླུགས་བྱ་ཞེ་ནཱ། དེ་རྣམས་རྡུལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། དེའི་རྐང་པའི་རྡུལ་ལ་སོགས་པ་སྟེ། རྡུལ་ནི་ལག་པ ་གཉིས་སུ་བཞག་པའོ།། མཉེས་ནས་ཞེས་བྱ་བ་ནི་དྲུལ་བའོ།། དེའི་ཐལ་བསྡུ་ཞེས་བྱ་བ་ནི། དེའི་ཐལ་བའི་སྲེག་བླུགས་དང་ལྷན་ཅིག་ཏུ་སེང་ལྡེང་གི་སོལ་པ་སས་བྱས་པ་སྟེ། གང་ཞིག་དེས་དུར་ཁྲོད་ཀྱི་བུམ་པར་ཆུ་དང་བརྫིས ་པས་བསྒྲུབ་བྱའི་གཟུགས་བརྙན་བྱའོ།། དེ་ཡིསྭཱ་ཞེས་བྱ་བ་ལ་སོགས་པ་ནི། རོའི་ཨ་ལཀྵ་ཀཱའི་ཁུ་བ་ལ་སོགས་པས། གྲོ་ག་ལ་དེ་དང་འཁོར་ལོ་དགོད་པར་བྱ་ཞིང་། དེའི་དེ་ལྟ་བུའི་གཟུགས་བརྙན་དུ་འགྲོ་བའི་བསྒྲུབ་བྱ ་དེའི་སྙིང་ལ་དེ་བཅུག་ནས། གཟུགས་བརྙན་སྤྲ་ཚིལ་གྱིས་བྱུགས་ཏེ། སེང་ལྡེང་གི་སོལ་པའི་མེ་དུ་བ་མེད་པ་ཉིད་ལ་ཐུན་ཚོད་གསུམ་དུ་ག་དུང་པར་བྱའོ།། དེ་བཞིན་དུ་བརྒྱ་རྩ་བརྒྱད་བཟླ་ཞིང་བུ་ད་མེད་དགུག་པར་བྱའོ།། ། ་དེ་ཉིད་ཀྱི་ཕྱིར་རྒྱལ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། རྒྱལ་བ་ནི་སྤྲོ་པ་རབ་ཏུ་འཕེལ་བ་ཞེས་བྱ་བའི་དོན་ཏོ།། མྱོས་པར་གྱུར་པ་ཞེས་བྱ་བ་ནི་ཡན་ལག་གི་ཆ་དང་བྲལ་པའོ།། རྨོངས་ཤིང་ཞེས་བྱ་བ་ནི་འདིའི ་བྱ་བ་ལ་རྣམ་པར་རྨོངས་པའོ།། དེ་ལྟར་ཞེས་བྱ་བ་ནི་པདྨ་བྲི་བའི་རིམ་པས་ཤར་ལ་སོགས་པའི་འདབ་མོ་འབྲི་བའོ།། ཚ་གོས་ཆོ་ག་ཞེས་བྱ་བ་ནི་གང་གི་ཆོ་ག་དང་ཆོ་ག་ང་སོ།། ཡི་གེ་ཉི་ཤུ་རྩ་གཉིས་ནི་སྔགས་ཏེ ་བརྗོད་པ་ནི་སྤངས་རྒྱས་ཀྱི་བཞེད་པའོ།། དགོད་ཅེས་བྱ་བ་ནི་འདིའི་ཡང་སྟེ་དེའི་དབུ་སྭཱ་སྱ་པདྨ་དགོད་པར་བྱའོ།། བཅུ་དྲུག་གིས་ནི་རྣམ་སྦས་ཞེས་བྱ་བ་ནི། འདིའི་ནང་དུ་བལྟ་བར་བྱའོ།། འདི་ནས་ཞེས་བྱ་བ་ནི་ཡི་གེ ་ཉི་ཤུ་རྩ་གཉིས་ཀྱི་ལས་གསུངས་མ་ཐག་ཏུའོ།། དྲི་བཞིན་གཤེགས་ཀུན་གྱི། ཞི་པའི་ཡུ་མ་ཊཱི་ཡིད་འོང་མ་ཞེས་བྱ་བ་ནི། རྡོ་རྗེ་ཕག་མོའོ།། དེའི་བཀའི་འཁོར་ལོ་ཞེས་བྱ་བུ་ནི། རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི ་སྔགས་ཀྱི་འཁོར་ལོ་ཞེས་བྱ་བའི་དོན་ཏོ།། ན་མཁའི་ཁམས་ཞེས་བྱ་བ་ལ་སོགས་པ་ནི། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ། ཟླ་བའི་དཀྱིལ་འཁོར་གྱི་རྣམ་པའི་འཁོར་ལོ་བྲིའོ།། དེ་ནས་ཞེས་བྱ་བ་ནི། ཕྱི་རོལ་གྱི ་ཕྱོགས་བརྒྱད་དུའོ།། རྡོ་རྗེ་ནི་སྣ་ཚོགས་ཏེ། བྲི་བར་བྱའོ།། དེ་ཉིད་ཀྱི་ཕྱིརརོ། རྩེ་གསུམ་གདོང་བཞི་ཞེས་བྱི་བ་གསུངས་ཏེ། ངོས་བཞི་པོ་རྣམ་སུ། རྩེ་མོ་གསུམ་གསུམ་གྱི་སྦྱོར་བས་ལས། རྩཝ་མཽ་བཅུ་གཉིས་ནི། སྣ ་ཚོགས་རྡོ་རྗེ་ཡིན་ནོ།། དེའི་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྱི་རྣམཱཾ་པ་དེའི་སྣ་རྫོགས་རྡོ་རྗེ་བརྒྱད་ཀྱིས་མཚན་པ་དེའི་དབུས་སུ་སྟེ་པདྨ་འང་བ་མ་བརྒྱུད་པའོ།། འདྲབ་མ་བརྒྱད་པ་ཞེས་བྱ་བ་འདིས་ནི་པདྨ་ཞེས་བྱ་བར ་ཞེས་པར་བྱའོ།། དེ་ལྟར་རྣམ་སྣང་རིག་མ་ཆེ་ཞེས་བྱ་བ་ནི། དེ་ལྟར་པདྨའི་དགོད་པའི་རིམ་པས་རྣམ་པར་སྣང་མཛད་མའི་དགོད་པ་རྣམས་བྱའོ།། དེ་ནས་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཞེས་ཤར་ལ་སོགས་པའི་འདབ་མ་རྣམས་ལ་ཡི ་གོ་བརྒྱད་པོ་རྣམས་དང་། ཟེ་འབྲུ་ལཱ་སཱ་ཧཱའི་ནང་དུ་གཞག་པའི་བསྒྲུབ་བྱའི་མིང་གྲོག་ལ་སོགས་པ་ལ་འགྲེ་ཝ་ང་ལ་སོགས་པས་བྲིས་ནས་གོང་མ་བཞིན་དུ་འཁོར་ལོ་གཟུང་བར་བྱའོ།། ཀུན ་ཅེས་བྱ་བ་ལ་སོགས་པས་ནི་འདིའི་དོན་ཡིན་ནོ།། ཡུམ་ནི་པུ་དོན་དུ་གཉེར་བ་ལ་པུ་སྐྱེད་པ་ར་བྱེདོ་ཞེས་བྱ་བར་དགོངས་པའོ།། ཡིད་འོང་མ་ཞེས་བྱ་བ་ནི་དབང་དུ་བྱེད་ཅེས་བྱ་བའི་དོན་ཏོ།། ཀུན་ཅེས་བྱ་བ་ནི་རིམས་ལ ་སོགས་པ་རྣམས་ནང་དུ་བཅུག་པས་འཇིག་པའོ།། གང་ལ་སྲུང་པའི་འཁོར་ལོའི་རབ་ཏུ་སྦྱོར་པ་དེ་ནི་དེ་བཞིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ནི། ལྷའི་མིག་ལ ་སོགས་པའི་མཚན་ཉིད་དྲུག་པོ་རྣམསོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མངོན་པར་ཤེས་པ་ཞེས་བྱ་བ་གང་གི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་མངོན་པོར་ཤེས་པ་ཞེས་བྱ་བའི་འཁོར་ལོ་བཀའ་སྩལ་ཏོ།། འདས ་མ་དྲུག་ཅེས་བྱ་བ་ནི། འདབ་མ་དང་ཟེ་འབྲུ་ལ་སོགས་པར་ལྡན་པའོ།། ཟླ་བ་ཉེར་མཛེས་ཞེས་བྱ་བ་ནི། ཟླ་བཽ་ལྟ་པུར་ཉེ་བར་མཛེ་སྭ་པཱ་སྟྲྀ་དཱ་ཀཪྵ་པོ་ལ་སོགུས་པར་སྦྱོར་བའི་ཕྱིར་རོ།། ཁ་ཙོག་ན་རེ་ཆོས་ཀྱི་འབྱུང་གནས་ཀྱི་ནང ་དུ་ཟླ་བའི་སྟེང་དུ་མཛེས་པར་བྲིས་པའོ་ཞེས་ཟེར་རོ།། རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན་ཅེས་བྱ་བ་ནི། རྡོ་རྗེ་ཕྲེང་བས་བསྐོར་བའོ།། འདིའི་ཕྱི་རོལ་ཞེས་བྱ་བ་ནི་རྡོ་རྗེ་ཕྲེང་བ་འདིའི་ཕྱི་རོལ་ཏུ་འཁོར་ལོའི་ར་བས་བསྐོར་བར་བྱའོ།། ་འདི་ཉིད་ནི་འཁོར་ལོ་དགོད་པར་བྱ་བ་གསུང་སོ།། སྟོན་ཀའི་ཟླ་འོད་དྲི་མ་མེད་ཅེས་བྱ་བ་འདི་ནི་ཐམས་ཅད་ཀྱི་ཁྱད་པར་རོ།། འདི་བདུན་ནི་ཞེས་བྱ་བ་ནི། ཤུར་ལ་སོགས་པའི་འདབ་མ་དྲུག་པོ་རྣམས་ལ། ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཞེས ་ཡི་གེ་དྲུག་པོ་རྣམས་དང་། ཟེ་འབྲུ་ལ་ཕཊ་ལས་ཀྱི་རྗེས་སུ་མཐུན་པར་ས་བོན་གྱི་ནང་དུ་ཆུང་པར་བསྒྲུབ་བྱའི་མཽང་བྲི་བར་བྱའོ།། ཕཊ་ནི་ཡི་གེ་གཅིག་པ་ཁོ་ནའོ།། ཡི་གེ་ནི་ཡི་གེ་རྣམས་ཏེ་མཆོག་རྣམས་དང་ཕན་པ་རྣམས་ཞེས ་བྱ་བའི་དོན་ཏོ།། དཀར་པོ་ཞེས་བྱ་བ་ལ་སོགས་པ་ནི། སྣག་ཆ་དང་འདབ་མ་གསུངས་སོ།། འཁོར་ལོ་ལག་གཡོན་ལ་ཞེས་བྱ་བ་ལ། ལག་པ་གཡོན་པ་ལ་འཁོར་ལོ་འཛིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ནིས་ཤེས་བྱ ་བ་ལ་སོགས་པ་ལ། ཉི་མའི་དཀྱིལ་དུ་ནད་ཀྱིས་གཟིར་བ་བི་སམས་ནས། སྔགས་འདི་སྟོང་བཟླ་བར་བྱའོ།། ཤེལ་ཞེས་བྱ་བ་ལ་སོགས་པ་དང་། ལག་པ་གཡོན་པར་ཞེས་བྱ་བ་ནི། ཕ་རོལ་གྱི་ཕྱིར་སེང་གེའི་ལྟ་བའི་ཚུལ་གྱིས ་འཇུག་པའོ།། དེ་བས་ན་ཤེལ་དང་ཟླ་བ་དང་དེ་དག་དང་འདྲ་བའི་སྔགས་ཀྱི་ཡི་གེ་དང་འཁོར་ལོ་ལག་པ་གཡོན་པ་ལ་བསམས་ནས། ནད་པ་གཟིར་བའི་ཕྱིར་སྟོང་དུ་བཟློས་པའི་མཐར་པ་སྟོན་པར་བྱ་བའི་དོན་ཏོ།། དེ་ཉིད་ཀྱི ་ཕྱིར་བཞི་པའི་དོན་ལ་གཉིས་པའོ།། ནད་ཀྱིས་གཟིར་བ་ཞེས་བྱ་བ་ལ། མཐོང་བ་ཙམ་གྱིས་ཞེས་པ་ནི་འདུན་པའི་དོན་ལ་གཉིས་པའོ།། དེ་ལ་ལག་པ་མཐོང་བ་ཙམ་ལ་ནད་པ་ཐམས་ཅད་འགྲོ་བར་འགྱུ་རོ་ཞེས་བྱ་བར་དགོད་དོ།། ། ་དེ་ཉིད་ཀྱི་ཕྱིར་ནཱད་ཐམས་ཅད་ཅེས་གསུངས་སོ།། དེ་ཉིད་ཀྱི་ཕྱིར་ནད་ལྔ་ས་རྣམ་པར་གྲོལ་པར་འགྱུར་ཞེས་གསུངས་པ་ནཱི། སྟོན་ཀའི་དུ་སུ་ཟླ་བ་ཞེས་བྱ་བ་སྟེ། སྟོན་ཀའི་དུས་ཀྱི་ཟླ་བ་ལྟ་བུར ་ཞེས་བྱ་བར་དགོངས་སོ།། རི་བོང་ཅན་གྱི་ཞེས་བྱ་བ་ལ་སོགས་པ་ནི་ལག་པ་གཡོན་པཱར་ཟླ་བའི་དཀྱིལ་འཁོར་ཏེ། དེ་ལ་འཁོར་ལོ་བསམས་ནས་ཞི་བ་ལཾ་སོགས་པའི་དབྱེ་བས་ཁ་དོག་དཀར་པོ་ལ་སོགས་པ་ཐ་དད་པ ་དྲི་བས་ན་ནད་པ་ལ་སོགས་པ་ལ་བྱུགས་ནས་ངེས་ཞི་བ་ལ་སོགས་པ་བྱའོ།། དེ་ཉིད་ཀྱི་ཕྱིར་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི་ཉེ་བའི་སྙིང་པོའི་སྔགས་སོ།། འཁོར་ལོ་ཆེན་པོ་ཞེས་བྱ་བ་ནི་འདི ་ཉིད་ཀྱི་ཁྱད་པར་རོ།། ལས་ཀྱི་འོད་ཀྱིས་ཞེས་བྱ་བ་ནི། ཞི་བ་ལ་སོགསོ་བའི་ལས་ཀྱི་དབྱེ་བས་དཀར་པོ་ལ་སོགས་པའི་འོད་ཟེར་རྣམས་ཏེ་ངེས་བརྒྱན་པའོ།། བྱེ་བ་ཐམས་ཅད་ཅེས་བྱ་བ་ནི་ཞི་བ་ལ་སོགསོ་པ་རྣམས།། ་ཆོ་ག་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིསོ།། མཐོང་བ་ཞེས་བྱ་བ་ནི་མཚོན་པའོ།། ལས་ཞེས་བྱ་བ་ནི་འཁོར་ལོ་ལ་བསྒོམ་པ་ལ་སོགས་པའི་མཚན་ཉིད་དོ།། དེ་སཾ་ན་དུར་ཁྲོད་ཅེས་བྱ་བ་ལ་སོགས་པའོ།། ཨརྐྐའི་འདྲབ ་མ་ཞེས་བྱ་བ་ནི། ཨརྐའི་འདབ་མའི་ཁུ་བའོ།། གོང་དུ་གསུངས་པ་ཞེས་བྱ་བ་ནི་དུར་ཁྲོད་ལ་སོགས་པའི་སོལ་བས་སོ།། གཟུགས་བརྙན་ཞེས་བྱ་བ་ནི། ཉི་མ་ཕྱེད་ན་དུར་ཁྲོད་ཀྱི་སོལ་པོ་དང་། བསྒྲུབ་བྱའི་རྐང་པའི་རྗེས་ཀྱི ་རྡུལ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ནས། སྐྱེས་པའི་ཁྲག་དང་ཨརྒྷའི་ལོ་མའི་ཁུ་བས་དུར་ཁྲོད་ཀྱི་རས་ལ་སོགས་པས། སྐྱེས་པའི་རུས་པའི་སྨྱུ་གུས་ཉི་མ་ལ་གནས་པའོ།། ཧུཾ་གི་ནང་དུ་བཅུག་པའི་བསྒྲུབ་བྱའི ་མྱིང་དང་། ལྷན་ཙུག་ཏུ་ནང་དུ་འཁོར་ལོ་བྲིས་ནས། དེའི་སྙིང་ལ་བཞག་ཅིང་སྐེ་ཚེ་ལ་སོགས་པས་ཡན་ལག་བྱུགས་ཤིང་དེ་མ་དུ་ནོ་དུ་བཞག་སྟེ། དེ་པོ་ཉིད་ཀྱི་སྔགས་ནང་དུ་བཅུག་པ་དང་བཅས་པས་ནཱ་ཡཱ་ནས་ལྔ་དུ་ཐུན ་ཚེཚོང་གསུམ་དུ་ཁྲོས་པས་པ་ཟླ་བར་བྱའོ།། གདུང་བར་བྱ་ཞེས་བྱ་བའི་ཚིག་ལ། དེའི་གཟུགས་བརྙན་དུར་ཁྲོད་ཀྱི་སྩོལ་བའི་མེ་ལེ་གདུང་བར་བྱ་ཞིང་སྔགས་བཟླས་པར་བྱའོ།། འདིས་ནི་ཞེས་བྱ་བ་ནི་རྣལ་འབྱོར་པ་འམ ་སྔགས་སོ།། འཕེལ་དང་ཞེས་བྱ་བ་ནི་སྣ་ཚོགས་ཉིད་དོ།། སྐྱོན་པ་ཉིད་ཅེས་བྱ་བ་ནི་ཡུན་རིང་དུ་གནས་པའོ།། བསྐུལ་པ་ཡིས་ཞེས་བྱ་བ་ནི། སྐུལ་བར་བྱེད་པའོ།། ཡི་དགས་སྙིང་ག་རུ་ཞེས་བྱ་བ་ནི། རི་མོ་སུ་བྱ་བའི་ཕྱིར་རོའི་སྙིང ་གར་འཁོར་ལོ་བྲི་བར་བྱའོ།། ནང་བྱ་བའི་ཕྱིར་ཡི་དགས་ཀྱི་མགོ་བོ་ལའོ།། བརྗེད་བྱེད་བྱ་བའི་ཕྱིར། རླུང་གི་དཀྱིལ་འཁོར་གྱིས་མཚན་པའི་སྤྲིན་ལའོ།། གཟེར་བར་བྱ་བའི་ཕྱིར་རྩེ་གསུམ་ལའོ།། དུག་དང་མཛེ་ལ་ལྟོ་འཕྱེ་རུ ་ཞེས་བྱ་བ་ནི། དུག་དང་མཛེ་དག་བྱེད་པའི་ཕྱིར་ལྟོ་འཕྱེ་ལ་འཁོར་ལོ་བྲི་བར་བྱའོ།། གཟའ་ལ་ཞེས་བྱ་བ་ནི། ཉི་མ་ལ་སོགས་གཟའ་སྡེ་འཛིན་པར་བྱེད་པའི་ཕྱིར། དེའི་མཚོན་མ་ལའོ།། འདི་ཉིད་ཀྱི་ཕྱིར་འཁོར་ལོ་མདོར་བསྡུས ་དགོད་པར་བྱ་ཞེས་བྱ་བ་གསུངས་ཏེ། མདོར་བསྡུས་ཀྱི་སྒྲས་ནི། ཁ་དོག་ལ་སོགས་པ་མཐུན་པའོ།། ཡི་གེ་ཤེལ་ལྟ་པུ་ར་ཞེས་བྱ་བ་ནི། འཆུད་པར་འགྱུར་བ་འདིའི་འཁོར་ལོའི་ཆོ་ག་སྟེ། ཤེལ་ནི ་ཞེས་བྱ་བ་དང་། ཟླ་བ་ཞེས་བྱ་བ་དང་། ཡི་གེ་ཤེལ་ཞེས་གསུངས་ཏེ། ཟླ་བ་ལྟ་བུའི་འཁོར་ལོའི་ཡི་གེའོ།། དེ་ཉིད་ཀྱི་ཕྱིར་བདུད་རྩི་ལྟ་བུར་འཇུག་པ་ཉིད་ཅེས་བྱ་བ་ནི། འདིའི་ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་ལས་གཞན་དུ ་ཤད་པ་སྟེ། སྟོན་ཀའི་ཟླ་འོད་དྲི་མེད་དགོད་ཅེས་བྱ་བ་ལ་སོགས་པ་འདིས་གསུངས་པ་སྟེ། ལག་པ་གཡོན་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཟླ་བའི་འོད་ཟེར་དྲི་མ་མེད་པ་དེ་འདྲ་བའི་ཡི་གེ་བཀོད་པའི་འཁོར་ལོ་བསམས ་ནས་དེའི་ལག་པ་ཟིན་པ་པོ་ལ་བསྟན་ན། དེའི་སྐད་ཅིག་ལ་དེ་ལྡང་བར་འགྱུར་བ་འམ། དེས་བྱུགས་པའི་ཕྱིར་ཡང་ངོ་།། འདི་ཉིད་ནི་བལྟས་པས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ལག་པ་མཐོང་ན་དུག་གིས ་བརྒྱལ་བྱས་རྟོགས་འགྱུར་ཏོ།། རབ་སང་བྱེད་པས་ཞེས་བྱ་བ་ནི་སྔོན་དུ་ཟིན་པ་པོའི་སྙིང་ལ་འཁོར་ལོ་པ་སེམས་ནས་དེས་དུག་བཀྲུས་ཏེ། དེ་བརྟགས་པས་དེ་རྣམས་ཀྱི་ཕྱིར་ལག་པ་བསྟན་པ་ན། དེས་དེ་རབ་ཏུ་སད་པ ་འགྱུར་རོ།། ཞེས་བྱ་བར་དགོངས་པའོ།། རིམས་ལ་སོགས་པའི་ཡང་འདི་སྐད་དུ་བྱ་བ་འཇིག་པ་ནི། རིམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། དཔུང་རེངས་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས ་པྲ་ལ། ལག་པ་གཡོན་ཞེས་བྱ་བ་ནི། ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་དང་སྦྱརོ།། ཟངས་ཀྱི་འདབ་མར་ཞེས་བྱ་བ་ནི་ཕ་རོལ་གྱི་སྡེའི་སྐྱེས་བུའི་གཙོ་བོའི་མིང་ནང་དུ་བཅུག་པ་དང་ལྷན་ཅིག་འཁོར་ལོ།། ལྡོང་རོས་ལ་སོགས ་བྱིས་ནས་གཏིང་རིང་བའི་ཚུལ་བཞག་ནས། མེ་ཏོག་སེར་པོ་ལ་སོགས་པོས་ཡུང་དག་པར་མཆོད་དེ། ཉི་མོ་བདུན་དུ་ཐུན་ཚད་གསུམ་དུ་གོང་མ་བཞིན་དུ་བསམས་ཏེ་ཡི་གེ་བདུན་བཟླས་ནས། དེ་ནས་རིངས་པར་འགྱུ་རོ།། ་ཟིན་པས་ཞེས་བྱ་བ་ལ་སོགས་པས་ནཱི། ཕྱིར་བཟློག་པ་གསུངས་པ། ཟིན་པས་ནི་རེངས་པ་ཞེས་བྱ་བར་བལྟ་བར་བྱའོ།། རི་མས་དེའི་འདྲ་བ་མ་བཀྲུས་ནས་ཀླུའི་མཚོ་རུ་བཅུག་ན། དེ་ནས་ཕྱིར་བཟློག་པར་འགྱུར་རོ།། ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ལ། ཡིད་ཀྱིས་ཞེས་བྱ་བ་ནི་བསྒོམ་པར་ཞེས་བྱ་བར་དགོངས་པའོ།། མངོན་སུམ་དུ་ཞེས་བྱ་བ་ནི། ལྡོང་རོས་ལ་སོགས་པསོ།། ཁུ་ཚུར་ནི་བསྒོམས་པའི་འཁོར་ལསྭ་སམ། བྲིས་པའི ་འཁོར་ལོའི་ལོག་པ་གཡོན་པས་ཏེ། ལག་པ་གཡོན་པར་ཞེས་འདིར་མངོན་པར་སྦྱར་བའི་ཕྱིར་རོ།། ལྷག་མ་ནི་གོ་སླའོ།། ཐམས་ཅད་ཅེས་བྱ་བ་ནི་མཚོན་ཆ་རྣམས་ཞེས་བྱ་བའི་དོན་ཏོ།། ལག་པ་ཡིས་ངེས་པར་མཚོན ་ཆ་འཕྱར་གྱུར་པ་ཞེས་བྱ་བ་ནི། ལག་པས་མཚོན་ཆ་འཕྱར་བ་རྣམ་སོ།། གྱུར་པ་ཞེས་བྱ་བ་ནི་གྱུར་པ་རྣམ་སོ།། མ་བཀྲོལ་བ་ཞེས་བྱ་བ་ནི། འོངས་མེད་དོ་ཞེས་བྱ་བའི་དོན་ཏོ།། རབ་ཏུ་སྦྱོར་བ་གཞན་གསུངས་པ། ལག་པའི ་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་བདུན་པོ་ཉིད་ནི་རྣལ་འབྱོར་མ་དྲུག་གོ།། ཞེས་བྱ་བར་དགོངས་པའོ།། འཁོརཱ་ལོ་དྲུག་ལ་ཡང་དག་གནས།། གཡོན་པས་བྱ་བ་ནི་ལག་པ་ཞེས་བྱ་བར་སྤྱོད་དེ། ལག ་པ་གཱཡོན་པའི་མཐིལ་དུ་དེ་ཉིད་ཀྱི་པདྨ་འདབ་མ་དྲུག་པའི་རྣམ་པའོ།། དེ་བཞིན་དུ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པ་སཱ་ཡི་གེ་དམར་པོ་ཉིད་བསྡམས་ནས་ཁུ་ཚུར་བཅིངས་པ་ལས། ཡི་གེའི་འོད་ཟེར ་གཟི་བརྗིད་དང་ལྡན་པ་ལྕགས་ཀྱུའི་རྣམ་པ་ཕྱུང་ནས་བསྒྲུབ་བྱའི་སྙིང་ག་ནས་ལག་པས་ཡང་དག་པར་བཀུག་ནས། དེས་དེའི་སྔགས་བཟླས་པ་ན། འདིའི་ཆོ་གའི་སེམས་ཀྱིས་བསྒྲུབ་བྱ་དགུག་པར་བྱའོ།། དམ ་པོཔོ་ཞེས་བྱ་བ་ལ་སིགས་པས་ནི། འགི་ཝང་ལ་སོགས་པས་གྲོ་ག་ལ་གོང་མ་བཞིན་དུ་འཁོར་ལོ་བྲིས་ནས། ཙན་དན་དམར་པོ་ལེ་སོགས་པས་སྤྲས་པའི་བསྒྲུབ་བྱའི་གཟུགས་པ་རྙན་གྱི་སྙིང་གར་པོཅུག་སྟེ། ་དེ་བཞིན་དུ་གྲོང་མ་བཞིན་དུ་འདི་བསམས་ན་སཱ་ཉི་མ་རེ་རེ་ལ་བརྒྱ་ཕྲག་གཅིག་བཟླས་ནས་ཉི་མ་བདུན་གྱིས་དགུག་པཱར་བྱའོ།། གང་ཞེ་ན། དབང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་གིས་ནི་དགུག ་པའོ།། སའི་བདག་པོ་ནི་རྒྱལ་པོའོ།། ལྷག་མ་ནི་གོ་སླའོ།། རེངས་པར་བྱེད་པ་གསུངས་པ། དེ་ཉིད་ནི་རྡུལ་ཞེས་བྱ་བ་ནི། བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུའོ།། དུར་ཁྲོད་རས་ལ་ཞེས་བྱ་བ་ནི། ལྕགས་ཀྱི་ཕྱེ་མ་དང ་ལྷན་ཅིག་ཏུ་རྡུལ་དུར་ཁྲོད་ཀྱི་ར་སྭ་ལ་བཅིངས་ནས། བསྒྲུབ་བྱའི་མིང་གཟུང་བས་ལྡན་བདུན་དུ་བཟླས་པ་བྱས་ཏེ། བསྒྲུབ་བྱའི་མིང་གཟུང་ཞིང་གསུངས་པའི་ས་ལ་འཁོར་ལོ་བསྒོམས་པའི་ལག་པས ་བརྐོས་ནས་སྦས་ཏེ། དེ་བས་ན་ཇི་སྲིད་དུ་ཚེ་ཟད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཕྱིར་བཟློག་པ་གསུངས་པ། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྡེ་གོ་སླའོ།། སྨྱོ་བར་བྱེད་པ་ནི། དེ་ཉིད་ཅེས་བྱ་བ་ལ་སོགས་པ ་གསུངས་ཏེ། སྨྱོ་བྱེད་ལྔ་དང་ཞེས་བྱ་བ་ནི། དྷ་དྷུ་རའི་འབྲས་བུ་ལ་སོགས་པ་ཡན་ལག་ལྔ་པོ་རྣམས་སོ།། རོའི་གོས་ཞེས་བྱ་བ་ལ་དགྲའི་མིང་དང་བཅས་པི་འི་འཁོར་ལོ་བྲིས་ནས་ཡན་ལག་ལྔ་ཐ་དད་པ ་དང་ཐ་དད་པར་བརྒྱ་བཟླས་པར་བྱས་ནས་གཙུག་ཏུ་བྱས་ཏེ། དེ་མ་ཐག་བཅིངས་ནས་དུར་ཁྲོད་དུ་བརྐོས་ནས་སྒྲས་ན་དེ་ནས་ཇི་སྐད་དུ་གསུངས་པར་འགྱུར་རོ།། ཕྱིར་བཟློག་ནས་ནི་ཞེས་བྱ་བ་ལ་སོགས་པ་ནི་ཚིག ་བཅད་ཀྱི་ཕྱེད་གོང་མ་ལ་སྦྱར་བར་བྱའོ།། དེ་ནས་ཞེས་བྱ་བཱི་ལཱ་སོགས་པས་དཔའ་བོ་དྲུག་གི་གོ་ཆའི་སྔགས་ཀྱི་འཁཱར་ལོ་གསུངས་པ། དངོ་ས་གཞི་ཐམས་ཅད་ཕྱིན་ཅི་མ་ལོག་པར་རྟོགས་པ་དང་ལྡན་པའི་ཕྱིར། ་བཞིན་གཤེགས་པ་ཐམས་ཅད་དོ།། བསྟན་པ་མི་ཕྱེད་པའི་ཕྱིར་རྡོ་རྗེའོ།། ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་ཕྱིར་དཔའ་བོ་སྟེ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་། དེ་རྣམས་ཀྱི་འཁོར་ལོའོ།། ཟླ་བའི་ནང་སོང ་ཞེས་བྱ་བ་ནི། ཟླ་བའི་རྣམ་པའི་རི་མོ་གཉིས་ཀྱི་མུ་ཁྱུད་བྲིས་ནས། དེའི་ནང་དུ་རྡོ་རྗེ་ནཱི། རྩེ་གསུམ་ཞེས་བྱ་བ་ནི། དེའི་དབུས་སུའོ།། གདོང་དྲུག་ཅེས་བྱ་བ་ནི་པདྨ་འདབ་མ་དྲག་པའོ།། དེའི་ནང ་དུ་ཡང་ཟླ་བའི་དབྱི་བས་ཀྱི་ལུ་ཁྱུད་རི་མོ་གཉིས་པ་སྟེ། རྡོ་རྗེ་བོ་ར་བའི་པདྨ་འདྲབ་མ་དྲུག་པའོ།། འདི་ཉིད་ཀྱི་ཕྱིར། ཡང་ན་པདྨའྀ་ཟླ་བ་ལ། དྲུག་གི་གྲངས་ནི་རྣམ་པར་གནས་ཤེས་གསུངས་ཏེ། ཕྱི་རོལ་ཏུ་འདབ་མཱ་དྲུག ་དང་མཐུན་པས་རྡོ་རྗེ་དྲུག་པོ་རྣམས། རིང་པོ་ལ་སོགས་པའི་ཚིག་གིས་ཕྱིར་རོ།། དེའི་ནང་ཞེས་བྱ་བ་ནི། པདྨའི་དབུས་སུའོ།། སིན་ཅེས་བྱ་བ་ནི་ཟ་འབྲུར་འགྲོ་བའོ།། ས་པོན་ནི་ཞེས་བྱ་བ་ནི་ཧུ~ཾ་ངོ་།། ཟེ་འབྲུར་ཞེས་བྱ་བ་ནི། ་བསྒྲུབ་བྱའི་མིང་གི་དང་པོ་དང་ཐམ་དག་ཏུ་མངོན་པར་འདོད་པ་ནུང་དུ་བཅུག་པ་སྟེ། ཧཱུཾ་དང་བཅས་པ་བྲིས་པའོ།། དེ་ཉིད་ཀྱི་ཕྱིར་པ་སྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷག་མ་ནི་གོ་སླའོ།། དང་པོ་སྔགས་ནི ་དབུ་སུ་བྲི་ཞེས་བྱ་བ་ནི། དབུ་མའི་པདྨའི་འདབ་མ་རྣམས་ལ་ཐོག་མའི་སྔགས་བྲི་བ་ར་བྱ་ཞེས་བྱ་བའི་དོན་ཏོ།། འདི་ལྟ་སྟེ། ཨཾ་ན་མ་ཛྙོ་སྭ་ཧཱ་བཽ་ཥཱཊ་ཧཱུཾ་ཧཱ་ཕཊ་ཅེས་བྱ་བ་ཤཽ་རཱ་ལ་སོགས་པ་རྣམ་སུ་སྔགས་ཀྱི ་རྐང་པ་དྲུག་པོ་རྣམས་སོ།། ཕྱི་མ་དེ་བཞིན་པདྨ་ལ་ཞེས་བྱ་བ་ནི། ཕྱི་རོལ་གྱི་པདྨའི་འདབ་མ་ཤ་རྀ་ལ་སོགས་པ་རྣམས་ལ། ཧ་ཧཻ་ཧཱུ་ཧེ་ཧོ་ཧཾ་ཞེས་བྱ་བའི་སྟེགས་ཀྱི་རྐང་པ་རྣམས་ཐམས་ཅད་ཀྱི་ཕྱི་རོལ་ཏུ་ཤར་ལ་སོགས་པ་རྣམས ་སུ་རྡོ་རྗེའི་ལྟེ་བ་རྣམས་ལ་ཧཱུཾ་ཧཱི་ཧཱུཾ་ཧོ་ཧཽ་ཧཿཞེས་བྱ་བའི་སྔགས་ཀྱི་རྐང་པ་རྣམས་སོ།། རིང་པོའི་གྲངས་ནི་རྣམ་བཅད་པ་ཞེས་བྱ་བ་ནི། སྔགས་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། འཛིན་པའི་ཞི་ལ་སོགས་པ་ཐམས ་ཅད་དུ་འགྱུརརོ་ཞེས་བྱ་བར་བལྟ་བར་བྱའོ།། གུར་ཀུམ་ལ་སོགས་པས་ནི་སྣག་ཚྭ་དང་འདབ་མ་བསྟན་ཏོ།། འདིས་ནི་གོ་ཆའི་སྔགས་ཀྱིས་མང་དུ་སྔོན་དུ་བཟླས་པས་ལེན་བདུན་དུ་མངོན་པར་བསྔགས་ཤིང་གོས་ཀྱི ་མཐའ་མ་ལ་དེས་མདུད་པ་བྱས་ན་ཇི་སྐད་དུ་གསུངས་པ་བཞིན་དུ་བྱེད་དོ།། རེངས་པར་བྱེད་པ་ནི།། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ནི་དེ་ཉིད་ཀྱི་འཁོར་ལོའི་འོ།། ཟེ་འབྲུ་ནི་ནང་དུ་བཅུག་པའོ།། ཐིག་ལེའི་དབྱིབས ་ཀྱི་ཐིགས་པས་བསྐོར་བའོ།། པཱ་རི་བྷ་དྲ་ཀའི་ལོ་མ་དང་། ཡུང་བའོ་ཁུ་བ་དག་གི་སྣག་ཚའོ།། སྟོང་ཞེས་བྱ་བ་ལ་སོགས་པ་ནི། འཁོར་ལོ་བྲིས་ནས་འདི་ཉིད་ཀྱི་སྔགས་སྟོང་བཟླས་པ་བྱས་ནས། ཕྱི་ནས་བསྒྲུབ་བྱ་ཞེས་བྱ་བ་ལ་སོགས་པ ་བྱའོ།། ཇི་ལྟར་བཟླས་ཤེ་ན། བསྒྲུབ་བྱ་ནང་གཞུག་བྱ་ཞེས་གསུངས་ཏེ། བསྒྲུབ་བྱ་ནང་དུ་བཅུག་པས་བཟླས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གླང་པོ་ཆེའི་རྨིག་རྗེས་ཀྱི་རྡུལ་ལྀ་སོགས་པས་བསྒྲུབ་བྱའི་གཟུགས་བརྙན་གྱི ་གཟུགས་ཀྱི་དེའི་སྙིང་གར། དེ་དང་འཁོར་ལོ་སྲད་བུ་སེར་པོས་དཀྲིས་ནས་གཞུག་པར་བྱའོ་ཞེས་བྱ་བ་ནི། དེའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞུག་ཅེས་བྱ་བ་ནི། ཕྱི་ནས་ཀྱི་དོན་ལཀྟའོ།། དཔེར་ན་དགྲ་བྱས་པ་ཉིད་ཁར ་བ་ལྟུང་བར་འགྱུར་བའོ།། སྲང་བུ་སེར་པོས་འཁོར་ལོ་སྡེ་བསྐོར་བར་བྱ་ཞེས་བྱ་བ་ནི། བཅིངས་པར་བྱའོ།། ཅི་བྱས་པས་ཤེ་ན། སྨྲས་པ། བསྐོར་བར་བྱས་ཞེས་བྱ་བ་ནི། བསྡམས་པ་སྟེ་དེ་ནས་གཞུག་པར ་བྱའོ་ཞེས་བྱའོ།། ནང་དུ་གཞུག་པ་དང་བཅས་པས་སྔགས་བཟླ་བར་བྱའོ།། རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་ཀྱི་འཁོར་ལོ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པའོ།། མཁའ་འགྲོ་མ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། ་རྣལ་འབྱོར་མུ་དྲུག་པོ་རྣམས་སོ།། མཁའ་དབྱིངས་ཞེས་བྱ་བ་ལ་སོགས་པཱས་ནཱི། རྡོ་རྗེ་ཕག་མོའི་རྣལ་འབྱོར་དང་ལྡན་པས་ལས་འདི་དག་བྱེ་དོ་ཞེས་བྱ་བར་བསྙེགས་སོ།། རྩིབས་ནི་བཅུ་གཉིས་པ་ཞེས་བྱ་བ་ནི་གོ་སླའོ།། སྟོན ་ཀཱིའི་ཟླ་བིདྱཱ་དྷཱི་མེད་ཙྪེ་སི་བྱ་བ་ནི། ཞི་བ་ལཱ་སོགས་པ་དང་མཐུན་པའོ།། འདིས་ནི་ལས་ཐམས་ཅད་པ་ཉི་དོ་འདིས་བེ་སྦྱིན་པའོ།། དེའི་རྩིབས་ལ་ཞེས་བྱ་བ་ལ་སོགས་པས་ནཱི། ཤ་ར་ལ་སོགས་པའི་འདབ་མ་རྣམས་ལ ་ཨོཾ་བཾ་ཧ་ཡོཾ་ཧྲཱིཾ་མེ་ཧྲིཾ་ཧྲིཾ་ཧུཾ་ཧཱུ~ཾ་ཕཊ་ཕཊ་ཞེས་ཡི་གེ་བཅུ་གཉིས་པོ་རྣམས་སོ།། ལྟེ་བར་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གི་གོ་ཆ་བསྡུས་ནས། ནང་དུ་གཞུག་པ་དང་བཅས་པས་བྲི་བར་བྱའོ།། ལྷ་མོ་ཞེས་བྱ་བ་ནི་བོད་པའོ།། རིག་མ ་ཆེན་མོ་ཡང་ཡིན་ལ་ཡི་གེ་ཆེན་པོ་ཡང་ཡིན་པ་དེ་ནི་གོ་ཆའོ།། སྲུང་བའི་རྡོ་རྗེའི་ཆོ་ག་རིགས་པས་ཞེས་བྱ་བ་ནི། སྲུང་བའི་དོན་དུ་རྡོ་རྗེ་གུ་ར་ལ་སོགས་པ་རྫོགས་པ་རིག་པ་ལྷག་མ་ནི་གོ་སླའོ།། མཁའ་དབྱིངས་ཞེས་བྱ་བ་ལ་སོཊ ་པ་ལ་ཚོགས་བཅད་ཕྱེད་ཀྱི་མཐར་ཀུན་ཅེས་བྱ་བ་ལ་སོགས་པའི་ཚིགས་བཅུད་ཕྱེད་ཤེས་པར་བྱའོ།། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སོནྡ་པའི་ཁང་པ་རྩེག་མའི་དབུས་སུ་ཧྲཱིཿཡི་ས་བོན་ལས་རྫོགས་པའི་རྣམ་པ ་ཐམས་ཅད་ཀྱི་མཆོག་དང་ལྡན་པར་བདག་ཉིད་རྡོ་རྗེ་ཕག་མོའི་གཟུགས་སུ་བསྒོམས་ནས། མཁའི་འགྲོ་མའི་ཚོགས་སྤྲོ་བར་བྱ་ཞེས་བྱ་བ་ནི་ལྷག་མའོ།། སྔོན་དུ་གསུངས་པས་ཞེས་བྱ་བ་ནི། གོང་དུ་ཚར་གཅོད་པའི ་ལས་གསུངས་པས་འཁྲུལ་འཁོར་འདི་ཞེས་བྱ་བ་ལ་སོགས་པས་པསོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། འདི་ཉིད་ཀྱི་ལས་གཞན་བསྟན་པའོ།། དངོས་གྲུབ་ཐམས་ཅད་རབ་སྟེར་བའི་ཞེས་བྱ་བ་ནི། ངག་གི་དངོས ་གྲུབ་རྣལ་འབྱོར་པ་ལ་དེ་བཞིན་དུ་འགྱུ་རོ་ཞེས་བྱ་བར་དགོངས་པའོ།། གང་གི་ཞེས་བྱ་བ་ནི། ཀ་ར་བཱི་རའི་མེ་ཏོག་དམར་པོས་སོ།། གྲུབ་པ་ཙམ་གྱིས་ཞེས་བྱ་བ་ནི། ཆོ་ག་གོང་མ་བཞིནཱ་ཏེ། བཟླས་པོ་ཙམ་གྱིས་དངོས་གྲུབ ་ཐམས་ཅད་རབ་སྟེར་བ་ཞེས་བྱ་བ་ཡི་ནོ།། ཞེས་བྱ་བར་སྦྱ་རོ།། གང་གིས་འཇིག་རྟེན་གསུམ་པོ་དབང་དུ་བྱེད་ཅེས་བྱ་བ་དང་། དེ་ནཱས་ལས་ཀྱི་མཆོག་རབ་བཤད་ཅེས་བྱ་བར་སྦྱ་རོ།། ལས་ནི་ཆུ་ལ་སོགས་པས་བྱུག་པའི ་མཚན་ཉིད་དོ།། ངག་གི་དངོས་གྲུབ་དབང་དུ་བྱེད་པའི་མཚན་ཉིད་ན་མཆོགོ། གང་གིས་འདོད་པར་གྱུར་པ་དེ་ནི་ཀ་རཱ་བཱི་ཌའི་མེ་ཏོག་དམར་པོའོ།། དབང་དུ་བྱེད་པའི་ཆོ་ག་ལོ་ཤེས་རབ་གསུངས་པ། སྐྱེ་གཉིས་ཞེས་བྱ་བ ་ལ་སོགས་པ་ནི་གོ་སློ།། རྒྱལ་གྱི་སྦྱོར་བས་ཞེས་བྱ་བས་ནི། སྐར་མ་རྒྱལ་གྱི་སོ།། གང་གི་སྦྱོར་བ་དེ་ནི་རྒྱལ་གྱི་སྦྱོར་བའོ།། ཁ་ཅིག་ན་རེ་ཉི་མའི་རེས་དང་རྒྱལ་གྱི་ཉི་མ་ཞེས་ཟེ་རོ།། རྒྱལ་ཞེས་བྱ་བ་ནི་དེ་ཉིད་དོ།། ཆུར ་གནས་ནས་ཞེས་བྱ་བ་ནི། ཆུར་གནས་པའི་རྣལ་འབྱོར་པའོ།། བརྒྱ་བཟླས་པས་ཞེས་བྱ་བ་ནི་ཆུའི་ཁྱད་པ་ར་ཏེ། བརྒྱ་བཟླས་པོའི་ཆུ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་མོས་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་པའོ།། ཆུ་ཞེས ་བྱ་བ་ལ་སོགས་པར་ཞུགས་ནས་ཞེས་བྱ་བ་ལ་སོགས་པས་ནི་རྒྱས་པར་བསྟན་པའོ།། ལག་པས་ཞེས་བྱ་བ་ལ་སོགས་པས་ནི། ལག་པ་སྦྱར་བ་ཆུས་གང་བར་བྱས་པོ་ཉིད་དོ།། ཆུ་ཉིད་ནི་ཅུང་ཟད་བླངས་ནས་བཞག་པ་དེ་ལ་སྒྲུབ ་པ་པོ་ཕྱི་མས། བ་ལང་གཽ་གི་ཝཱི་གིས་བྱུགས་ཏེ། བཅུག་པ་ལ་སྐར་མ་རྒྱལ་ལ་བཟླས་པར་བྱས་ནས། བླངས་ཏེ་རྣལ་འབྱོར་མ་དྲུག་གི་གོ་ཆ་ཡིས་སྙིང་བཟླས་ཤིང་། སྡིགས་མཛུབ་དང་མཐེ་བོང་གི་སྦྱོར་བས་བཟླས་པ་དང་། སྒྲ ་པ་པོ་ཕྱི་མས་བགྲང་བར་བྱ་ཞིང་། གཉིས་ཀྱིས་རིག་པ་བཟླས་པ་ཐམས་ཅད་བྱ་ཞིང་། ཀ་རྀ་བཱི་རའི་མེ་ཏྲོག་དམར་པོས་ཆུ་དང་ལྷན་ཅིག་བཏུང་བྱེད་ན། དེ་ནས་ཇི་སྐད་དུ་གསུངས་པར་འགྱུར་རོ།། རྒྱལ་པོ་འམ་དེའི་བཙུན་མོ ་དང་བཅས་པ་རྣལ་འབྱོར་པའི་ཡིད་ཀྱིས་སམ། ངག་ཏུ་བརྗོད་པས་དགུག་པར་བྱའོ།། ཡང་ན་གཞུང་འདི་དབང་དུ་བྱེད་པར་སྦྱར་བའི་ཕྱིར། དབང་དུ་བྱེད་པ་གསུངས་པ། དམར་པོ་ཞེས་བྱ་བ་ལ་སོགས་པའོ།། བདུན་དུ་བཟླས ་ནས་ཞེས་བྱ་བ་ནི། ལྕུག་མའི་རྩེ་མོ་ཉིད་ལ་བདུན་དུ་བཟླས་པ་བྱས་ནས་མེ་ཏོག་པ་ཏུ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཁ་སྦྱོར་བྱས་ནས་ཞེས་བྱ་བ་ནི། མེ་ཏོག་གཉིས་ཁ་བལྟས་པར་བྱས་པ་སྟེ་ཁ་སྦྱར་བར་བྱས་ཞེས་བྱ ་བའི་དོན་ཏོ།། ཁ་ཅིག་ནི་རེ་ཡང་དག་པར་སྦྱོར་བར་གནས་པར་བྱས་པའོ་ཞེས་ཟེར་རོ།། གཞན་དགྲ་ན་རོ་སྙོམས་པར་འཇུག་པར་བྱས་པའོ་ཞེས་ཟེར་རོ།། གསང་བའི་གནས་སུ་ཞེས་བྱ་བ་ནི། སྐྱེ་གནས་དབུས་སུ་ཞེས་བྱ ་པ་འདིའི་རྒྱས་པར་བསྟན་པའོ།། ལྷག་མ་ནི་གོ་སླའོ།། ད་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་བསྟན་པའི་ཕྱིར་རབ་ཏུ་སྦྱོར་བ་གཞན་གསུངས་པ། དེ་ནས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འཁོར་ལོའི་རབ་ཏུ ་སྦྱོར་བ་ལས་སོ།། དངོན་སུམ་དངོས་གྲུབ་སྦྱིན་པ་པོ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་པ་ལས་སྐྱེས་པ་ཞེས་བྱ་བའི་དོན་ཏོ།། བྲིས་པ་ཙམ་གྱིས་ཞེས་བྱ་བ་ནི། གསུམ་པའི་དོན་ལ་དང་པོའོ།། རྡོ་རྗེ་སེམས་དཔའང་འཇིག་པར ་བྱེད་ཅེས་བྱ་བ་ལ། ཁྱབ་པ་ཞེས་བྱ་བ་ནི། ཁྱབ་པར་ཞེས་བྱ་བར་དགོད་པོ་འདི་གསུངས་པའོ།། ཟླའོ་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་མཁའ་འགྲོ་མའི་རྣ་ཀྱི་ཤིན་ཏུ་རྒྱས་པ་བསྟན་པའོ།། དགོད་ཅེས་བྱ ་པོ་ལ་སོགས་པས་ནི། གོ་ཆ་རྟོགས་པའོ།། ལས་ཀྱི་ཁྱད་པར་ལོ་སེམས་ལ་སོགས་པའི་ངེས་པ་བྱ་བའི་ཕྱིར། ཞི་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་ཐམས་ཅད་ཉིད་ཁོ་ནར་བལྟ་བར་བྱའོ།། གོས་ཆེན་ཞེས ་བྱ་བ་ནི་དུར་ཁྲོད་ཀྱི་གོས་ལ་སྟེ། འདི་ནི་བསད་པ་ལ་སོགས་པ་ལའོ།། དམར་པོ་ཞེས་བྱ་བ་ནི་དབང་དང་དགུག་པ་ལའོ།། སེར་པོ་ཞེས་བྱ་བ་ནི་རྒྱས་པ་དང་རེངས་པ་དགུ་ལའོ།། ཞི་བ་ལ་ནཱི་ནག་དཀར་པོ་དང་། ་དྲག་ཤུལ་ལ་ནི་ནག་པོ་ཞེས་བྱ་བར་ཤེས་པར་བྱའོ།། འདི་ཡང་དཀར་པོས་ཞེས་བྱ་བ་ལ་སོགས་པའི་ཤིན་ཏུ་རྒྱས་པར་བསྟན་པའོ།། ཇི་ལྟར་སྦྱོར་བ་རྣམས་བྱེད་པ་ཞེས་བྱ་བ་ནི། བྱེདདོ་ཞེས་བྱ་བར་ཤེས་པར་བྱའོ།། གང ་ཞིག་གང་གི་ལས་ཀྱི་སྦྱོར་བ་དེ་ནི། འདི་ལྟ་སྟེ། སྦྱོར་བར་བྱེད་པ་སྟེ་བྲི་བ་ལ་སོགས་པའི་སེམས་སོ།། རི་མ་མིན་བུད་མེད་བྱའི་ཞེས་བྱ་བ་ནི། བུད་མེད་ལང་ཚོལ་བབ་པ་ཤི་བ་ཞེས་བྱ་བའི་དོན་ཏོ།། གོས་ཞེས་བྱ་བ་ནི་ལང ་ཚེའི་བུད་མེད་ཤི་བིའི་གོས་ཏེ། དེ་བླངས་ནས་དེ་ལ་བསྒྲུབ་བྱའི་མིང་གོང་དུ་གསུངས་པའི་སྔགས་ཀྱི་ནང་དུ་བཅུག་པ་སྣ་ཚོགས་རྡོ་རྗེའི་ནང་དུ་སོན་པར་རོ་བསྲེགས་པའི་སེལ་བས་བྲིས་ནས། སྒྲུབ་པ་པོས་བརྐོས་ཏེ ་གཞུག་པར་བྱའོ།། དེ་བྱུང་ཞེས་བྱ་བ་ལྔ་སོགས་པས་ནི། དེ་ལྟ་བུའི་བུད་མེད་ཤི་བ་བསྲེགས་པའི་སོལ་བས་སོ།། ལུས་མེད་པར་ཞེས་བྱ་བ་ནི། རྣམ་པར་ཤེས་པའི་གཟུགས་ཅན་གྱི་བསྒྲུབ་བྱཱ་གཱ་ཤཱིན་རྗེའི་གནས་སུ ་འགྲོ་བར་འགྱུར་རོ།། རིག་མའི་རྐང་པའི་རྗེ་ངར་དང་། དེ་བཞིན་བུ་མ་སོགས་རྣམ་པར་ཞེས་བྱ་བ་ནི། བུད་མེད་ཀྱི་རྐང་པའི་རྗེ་ངར་ལ། ནོང་དུ་བཅུག་པ་དང་བཅས་པར་སྔགས་བྲིས་ནས། གོང་གི་ཁྱིམ་དྲུ་བརྐོས་ཏེ ་བཅུག་པ་རྣལ་འབྱོར་པ་དེའི་བསྒྲུབ་བྱ་ཁྱེར་བ་ཇི་སྐད་གསུངས་པ་ཡི་ནོ།། དེའི་དུར་ཁྲོད་ཀྱི་བུམ་པ་ནི་སྣོད་ཆག་པའོ།། སོགས་པའི་སྒྲས་ནི་དེའི་རུས་པའི་ཕུར་པ་ལ་ཡང་དེ་བཞིན་ཁོ་ནའོ།། ལྷག་མ་ནི་གོ་སླའོ།། རུས ་པ་ཞེས་བྱ་བ་ལ་སོགས་པས་ནི། སྔར་གསུངས་པ་ཉིད་ཀྱིས་རྒྱས་པར་བསྟན་པའོ།། དེ་ལྟར་ཆོ་ག་མཉིམ་ལྡན་པ། ལས་རྣམས་ཐམས་ཅད་སྒྲུབ་པ་པོ་ཞེས་བྱ་བ་ལ་དེ་ལྟར་ཞེས་བྱ་བ་ནི། རབ་ཏུ་སྦྱོར་བ་བསྡུས་པ་ལའོ། ་ཆོ་ག་མཉམ་ལྡན་པ་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་ཡིན་ནོ།། ལས་རྣམས་ཐམས་ཅད་སྒྲུབ་པ་པོ་ཞེས་བྱ་བ་ནི། སྒྲུབ་པར་བྱེད་ཞེས་བྱ་བར་དགོད་པའོ།། སྔགས་ནི་རང་གིས་དེ་སཱ་ལ་ཟུང་ནུ་ཞེས་བྱ་བ་ནི། རང་གིས་སློབ ་དཔོན་ལ་མི་ལྟོས་པར་གཟུང་བའི་སྔགས་ཞེས་བྱ་བའི་དོན་ཏོ།། འདི་ནི་ཞེས་བྱ་བ་ནི། འདིའི་སྔགས་ཤེས་ན་གཞན་གྱིས་ཅི་ཞིག་བྱ་བའི་དོས་ནི་སྔགས་གསུངས་པ་རྣམས་ཀྱི་བདག་ཉིད་ཆེན་པོ་ཞེས་གསུངས་པའོ།། ཡང ་ན་འདི་ནི་ཞེས་བྱ་བ་ལ་སོགས་པས་ནི། ཀ་རཱ་ཀ་ར་ཞེས་བྱ་བ་ལ་སོགས་པྲྀའི་སྔགས་གསུངསོ།། དངོ་སྡེ་པོ་ཡི་ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་དགོངས་པསོ།། རྣལ་འབྱོར་བདག་ཅེས་བྱ་བ་ནི་དཀུར་པོ་ལ་སོ ་པའི་རྣལ་འབྱོར་གྱིས་བདག་ཉིད་།། གཉི་གའི་ཡང་བཤད་པ་དག་གི་འདི་སྐད་དུ་དཔེར་བསྟན་པའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ནོར་བུ་ལེགས་དག་པ་ཞེས་བྱ་བ་ནི། སྣ་ཚོགས་གཟུན ་ཞེས་བྱ་བའི་དོན་ཏོ།། རྫས་ཞེས་བྱ་བ་ནི་གོས་ལ་སོགས་པའི་རྫས་སོ།། དཔེར་ན་ཞེས་བྱ་བ་ལ་སོགས་པའི་མདོར་བསྡུས་པ་རྒྱུས་པར་བསྟན་པ་ནི་གང་དང་གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས ་ཇི་སྙེད་པའི་རྒྱུད་རྣམས་སུ་དེ་སྙེད་པའི་མན་ངག་སྤྲོས་པ་ཞེས་བྱ་བར་བསྟན་པའི་ཕྱིར། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲ་ལ་སྟེ་ནི་མཆོག་དང་པོ་ལ་སོགས་པའོ།། གང་གཞན་ནི་རྒྱུད་རྣམ་སོ།། ་སྐྱོན་དང་ཕྱི་མ་ར་ནི་ཞེས་བྱ་བ་ནི། དེ་རྣམས་ཀྱི་དུས་ཐམས་ཅད་དུ་གསུངས་པ་རྣམས་སོ།། སྦྱོར་བ་ནི་འཁོར་ལོ་བྲི་བར་ལ་སོགས་པའོ།། དེ་ཉིད་ནི་སྔགས་ཀྱི་དེ་ཁོ་ན་ལ་སོགས་པའོ།། ཆོ་ག་ནི་ཞི་བ་ལ་སོགས་པ་འདི་རྣམ ་སཾ་བྱ་བོ་ནི་བྱེད་པ་སྟེ། སྒྲུབ་ཐབས་ཀྱི་རབ་ཏུ་སྦྱོར་བའོ།། དེ་ལྷག་པར་བྱས་པའི་རྒྱུད་ནི་དེ་རྣམས་ལའོ།། ཐམས་ཅད་དུ་ནི་ཞེས་བྱ་བ་ནི། ཐམས་ཅད་རྣམས་ལའོ།། མན་ངག་སྦས་པ་ནི། སྐྱེས་པ་རྣམ་སོ།། ཤིན་ཏུ ་ཡང་ཞེས་བྱ་བ་ནི། ཤིན་ཏུ་ལེགས་པར་ཡང་སྟེ། ཡང་ཞེས་བྱ་བའི་དོན་ཏོ།། དེས་ནི་དེ་ཞེས་བྱ་བ་ནི། སེམས་ཅན་རྣམས་སོ།། འགྲོ་བ་ལ་གང་རྣམས་ཀྱི་དོན་རྒྱུད་རྣམ་སུ་གསུངས་པ་རྣམསོ།། ཉོན་མོངས་འགྱུར་ཞེས་བྱ ་བ་ནི་དཀའ་བར་འགྱུར་བའོ།། དུས་ཇི་ཙམ་དུ་ཉོན་མོངས་པར་འགྱུར་ཞེ་ན། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲེག་བླུགས་ཞེས་བྱ་བ་ནི་འཁོར་བ་སྟེ། དེའི་ཡང་དག་པར་འཇིག་པ་ནི་རྣམ་པར་འཇིག་པ་སྟེ། ་གཞན་དུ་ཡང་དངོས་པོ་མེད་པས་ཞེས་བྱ་བ་ཇི་སྙེད་པའོ།། མན་ངག་མེད་པ་དང་ཐབས་མེད་པས་དངོས་གྲུབ་བཙལ་ཀྱང་ཡུན་རིང་པོར་གང་གི་ཕྱིར་རྙེད་པར་འགྱུར་བ་དེའི་ཕྱིར་ཉོན་མོངས་པར་འགྱུར་རོ།། མན་ངག་གི་ཀྱང ་འགྲུབ་པར་མི་འགྱུར་བར་བཅོམ་ཞིང་ཞེས་གསུངས་སོ།། ཡང་ན་མན་ངག་དང་བརྩོན་འགྲུས་དང་ལྡན་པས་ཀྱང་། འགྲུབ་པར་མི་འགྱུ་རོ་ཞེས་གསུངས་པ། ཛྷ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ནི། ལེགས་པའི་མན ་ངག་མེད་པས་དངོས་གྲུབ་གྲུབ་པར་མི་འགྱུར་རོ།། ཞེས་བྱ་བར་དགོངས་པའོ།། རྡོ་རྗེ་སེམས་དཔའ་མཉམི་ལྡན་པའི་ཞེས་བྱ་བ་ནི། ཡོན་ཏན་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། སློབ་དཔོན་བདག་ཉིད་ཆེན་པོས་ཞེས་བྱ་བ་ནི། བདག ་ཉིད་ཆེན་པོའོ།། དངོས་གྲུབ་ཐོབ་པར་བྱེད་ཅེས་བྱ་བ་ནི་དེ་ལྟར་གྱུར་པའི་སློབ་དཔོན་ལེགས་པའི་མན་དགྲ་སྟེར་ནུས་པ་ཞེས་བྱ་བར་དགོངས་པའོ།། འཕྲལ་དུ་ཡིད་ཆེས་བྱེད་པ་ཅན་ཞེས་བྱ་བ་ནི། སྐྱེ་བ་འདི་ཉིད་དུ་འགྲུབ་པའོ།། ་དེའི་ཕྱིར་ཉོན་མོངས་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕྱག་རྒྱའི་སྦྱོར་བས་ཞེས་བྱ་བ་ནི། ལྷའི་རྣལ་འབྱོར་གྱིས་ཏེ། ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ཤིན་ཏུ་རིང་པོ་ན་འབྲས་བུ་སྟེར་བའི་ཕྱིརརོ།། དམ་ཚིག་ཅན ་ཁོ་ན་འདིར་སྐལ་པ་དང་ལྡནོ་ཞེས་བྱ་བར་དམ་ཚིག་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འཇོམས་ཤིང་ཞེས་བྱ་བ་ནི། རྣལ་འབྱོར་པ་རྣམས་ཀྱིས་སམ་རྣལ་འབྱོར་མ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། ངན་འགྲོ ་ཞེས་བྱ་བ་ནི་མནར་མེད་པ་ལ་སོགས་པར་རོ།། གཡོན་པ་ལ་སྤྱོད་པ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པ་རྣམས་ཀྱིས་ཏེ། ཟ་བ་དང་ཉལ་བ་ལ་སོགས་པ་དང་། མཆོད་རྟེན་ལ་ཕྱག་འཚལ ་ལ་སོགས་པ་གཡོན་གྱིས་བསྒྱུར་བས་བྱའོ།། འཇིག་རྟེན་ཞེས་བྱ་བ་ནི་རྣལ་འབྱོར་པའོ།། གཡོན་པ་ནི་རྣལ་འབྱོར་མའོ།། དེའི་རྒྱུ་དེ་ནི་རྣལ་འབྱོར་གྱི་རྒྱུད་ལ་དམིགས་པ་སྟེ་དེ་རྟག་ཏུ་ལྡན་པའོ།། ཐམས་ཅད་གཡོན་པས ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཏེ། དེས་རྗེས་སུ་རིག་པས་བསྒོམ་པ་ལ་སོགས་པ་བྱེད་པའོ།། དེའི་ཕྱིར་མྱུར་དུ་དངོས་གྲུ་པཱ་རབ་སྒྲུབ་པ་ཞེས་བྱ་བ་ཡིནོ།། གཡོན་པའི་རྒྱུད་ཅེས་བྱ་བའི་ཚིག་ལ། གཡོན ་པའི་རྒྱུད་ནི་གཡོན་པའི་སྡེ་ཚན་ཏེ། ཁཱ་དང་ཅེ་སྤྱང་ལ་སོགས་པ་ལ་སྐྱེས་པ་དེ་རྣམས་ཀྱི་མངོན་པར་འདོད་པ་བཟའ་བ་ལྀ་སོགས་པ་བྱེད་པའི་ཕྱིར། དེ་དམིགས་པ་ཡིནོ།། དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བ་ནི།། ་རིག་པའི་རྒྱལ་པོ་ལ་སོགས་པའི་སྔགས་དེ་རྣམས་ཀྱི་འཁོར་ལོ་རྣམས་ཏེ། གང་ལ་དེ་རྣམས་ཀྱི་འབྱུང་བ་དེ་ནི་དེ་བཞིན་ཏེ་ལེའུ་བཅུ་དྲུག་པའོ།། ། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲོལ་པ་ལ་སུ་ལེའུ ་བཅུ་དྲུག་པའོ།། །། ད་ནི་བཅུད་ཀྱིས་ལེན་གྱི་མདོར་བསྡུས་པའི་ལེའུ་གསུངས་པ། དེ་ནས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་བའི་འཁོར་ལོ་འབྱུང ་བཱ་ཞེས་བྱ་བ་གསུངས་མ་ཐག་ཏུའོ།། དེ་ལྟས་ཞེས་བྱ་བ་ནི་གང་ཞིག་ལུས་རྒྱས་པ་མཱ་གཏོགས་པར་རྣལ་འབྱོར་གྱི་རྗེས་སུ་མཐུན་པ་མེད་པའི་ཕྱིར་རོ།། ཐམས་ཅད་སྙིང་པོ་ཀུན་བསྡུས་པ་ཞེས་བྱ་བ་ནི། སྨན་ཐམས་ཅད་ཀྱི ་སྙིང་པོའི་ཕུང་པོའོ།། ཡོ་གི་སྦྱོར་བ་བདུད་རྩི་ཞེས་བྱ་བ་ནཱི་རྣལ་འབྱོར་གྱི་སྦྱོར་བ་འདི་ནི་བདུད་རྩི་སྟེ་ག་བུ་ར་ཞེས་བྱ་བ་ལ་སོགས་པའོ།། དྲི་ཞེས་བྱ་བ་ནི་དྲིའི་ནཱ་ལི་ཀཱའོ།། མེ་ཏོག་ཙཱ་ས་བྱ་བ་ནི་ཀུ་སུམྦྷའོ།། ཤ་ཞེས་བྱ་བ་ནི་གླ ་རྩིའོ། ཀུནྡུ་ར་ནི་རབ་ཏུ་གྲག་སོ།། རའི་མར་ཁུ་ནཽ་ནི་ཤྲཱི་བཱ་སའོ།། རི་ལ་ས་སྐྱེས་པ་ནི་བྲག་ཞུན་ནོ།། ན་ལ་ཛ་ནི་ཨཱ་ཤི་རའོ།། དྲིའི་མར་ཁུ་ནི་སྐྱེ་བོའི་མར་ཁུའོ།། དཾ་ཤ་ཞེས་བྱ་བ་ནི་ཀུ་རྀ་སྟེ་དྷིའི་ཀརྐ་ཊ་ཞེས་བྱ་བའི་དོན་ཏོ།། ་ཀ་ར་ཛ་ཞེས་བྱ་བ་ནི་ཁིའོ།། རྡུལ་ཞེས་བྱ་བ་ནི། དཱི་དག་གི་ཕྱི་མའོ།། རྒྱ་མཚོ་ལསཽ་སྐྱེས་པ་ཞེས་བྱ་བ་ནི། བ་མའོ།། ཁ་ཅིག་ན་རེ་རྒྱ་མཚོའི་ལྦུ་བ་ཞེས་ཟེ་རོ།། སྲིད་པའི་ཁ་བའི་སྙིང་པོ་ཞེས་བྱ་བ་ནི་ཙན་ད་ནོ།། འཇིག་རྟེན་ལས་འདས ་པའི་ཕྱོགས་སུ། ག་པུ་ར་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམ་སོ།། གུ་ར་ཀུམ་ཞེས་བྱ་བ་ནཱི་སྐྱེ་གནས་ལས་སྐྱེས་པ་རིན་ཆེན་འདུང་གནས་སོ།། དྲི་ནི་རྣམ་པར་སྣང་མཛད་དོ།། དྲིའི་ལོ་མ་ནི་མིག་དྲི་མའོ།། པགས་པ་ནི་ཤུན་པའོ།། ་ཨེ་ལ་ནི་རྣ་བའི་དྲི་མའོ།། མེ་ཏོག་ཅེས་བྱ་བ་ནི་ཁྲ་གོ། ཆུ་ནི་མི་བེསྐྱེད་པའོ།། ཤ་ནི་མཱཾ་སའོ།། ཀུནྡུ་ར་ནོ་སྙོམས་པར་འཇུག་པ་ལས་སྐྱེས་པ་སྟེ། གུ་ར་ཀུམ་དང་བཅས་པའི་བྱང་ཆུབ་ཀྱི་སེམ་སོ།། རིའི་མ་ར་ཁུ་ནི་སྒྲ་ལས ་བཀུག་པའི་མར་ཁཱའོ།། རི་ལས་སྐྱེས་པ་ནི་ཀླད་པའོ།། ན་ལ་ཛི་ནི་རྐང་གི་མཱར་ཁུའོ།། ཇིའི་མར་ཁྲུ་རྣམ་པར་སྣང་མཛད་ཀྱི་མར་ཁུའོ།། ང་ཤ་ན་སོའོ།། ཀཱར་ཛ་ནཾ་སེན་མོའོ།། རྡུལ་ནཱི་འདི་དག་གི་ཕྱེ་མའོ།། རྒྱ་མ ་ལས་སྐྱེ་པ་ནི་མི་བསྐྱོད་པ་ལས་སྐྱེས་པའི་ལན་ཆའོ།། སྲིད་པའི་ཁ་པ་ནཱི་པ་སྥུ་ལས་སྐྱེས་པའི་ལན་ཚའོ།། སྙིང་པོ་ནི་བད་ཀན་ནི།། ཡང་ན་དྲི་ཞེས་བྱ་བཱ་ནི་དང་ལྡན་པའོ།། རི་ལས་སྨྲས་པ་ནི། རིའི་སྙིང་པོའི་རྩ་བའོ།། ད་ཤ་ཞེས ་བྱ་བ་ནི་ལྡོང་རོ་སོ།། འདི་དག་ཐམས་ཅད་ནི་བཅོ་བརྒྱད་ཀྱི་གྲངས་ཏེ། ཕྱི་དང་ནིང་གི་རྗེས་ལྔས་སྐྱེས་པ་ལུས་ཚིམ་པར་བྱེད་པ་ཞེས་བྱ་བར་སྦྱ་རོ།། ཅི་དང་འདྲ་ཞེ་ནཱ། ད་ལ་བཱར་འགྲོ་བ་ཅན་ཞེས་བྱ་བ་ནི། དཔེར་ན་དྲལ་བར་འགྲོ ་བ་སྟེ་གངྒཱའི་ཆུ་འཐུངས་པ་ལུས་ཚིམ་པར་བྱེད་པ་དེ་བཞིནོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་ལས་སྐྱེས་པའི་གྲངས་ནི་བཅོ་བརྒྱད་ཅེས་པའི་དོན་ཏོ།། བཅུད་ཀྱིས་ལེན་ཞེས ་བྱ་བ་ནི་རླུང་དང་མཁྲིས་པ་བད་ཀན་གྱི་ངོ་བོས་མཉམ་པའི་དབང་གིས་ཞེས་བྱ་བ་འདིས་ནི་བཅུད་ཀྱིས་ལེན།། ཁམས་ཡོངསུ་དག་པས་ནི་རྒྱས་པར་བྱེད་ཞེས་བྱ་བའི་དོན་ཏོ།། འདིར་མདོར་བསྟན་པ་ཙམ་གྱིས་རྒྱས་པར ་བསྟན་པ་ལ་སོགས་པས་ལེའུ་བཞི་བཅུ་རྩ་གཉིས་ལ་སོགས་པར་རང་གི་ངོ་བོའི་རབ་ཏུ་སྦྱོར་བ་ལས་འདིར་གསུངས་པར་འགྱུར་རོ།། འདིའི་མངོན་པར་འདུ་བྱ་བའི་ཐབས་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ ་ལམ་ཀུན་ཞེས་བྱ་བ་ནི་འདུ་བྱེད་དོ།། དེའི་རྣམ་དཔྱད་པ་ཞེས་བྱ་བ་ནཱི། རང་གི་ངོ་བོར་གནས་པའོ།། ཡོན་ཏན་ཞེས་བྱ་བ་ནི་དེ་ཉིད་འགྲང་བར་བྱེད་པའོ།། དེའི་ཡན་ལག་ནི་ཐུབས་སོ།། ཆོ་ག་ཞེས་བྱ་བ་ནི། དེའི་ཡང་ཆོ་གར ་བྱེད་པ་དང་། རྟོགས་པར་བྱེད་པའི་ཕྱིར། ཙམ་པོ་ཀ་ལ་སོགས་པའི་རྫས་ལས་སྐྱེས་པ་འདིས་འཆད་པར་འགྱུར་པའི་གཞུང་དང་། དེ་བཤད་ཅེས་བྱ་བར་སྦྱར་རོ།། དེ་ཉིད་ནི་ཙམ་པ་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་སྦྲང་རྩི་འཛག་པ་ཞེས་བྱ་བ་ནི། མ་དྷྲྀ་ཀའི་མེ་ཏོག་གོ། པྲི་ཡཾ་ཀུ་ཞེས་བྱ་བ་ནི། ཤྱ་མའོ།། མེ་ཏོག་ནི་ཀུ་སུམྦཱའོ།། འདིར་ཡཱང་སྤྲྀ་ཀཱ་ཀ་དང་ཞེས་བྱ་བར་བལྟ་བར་བྱ་སྟེ། ལེའུ་བཞི་བཅུ་རྩ་བདུན་པ་ལས་ཙམ་པ་ཀ་ལ་སོགས ་པིའི་གཞུང་དུ་སྠི་ཀྲ་དང་རེ་ཎུ་ཀ་དག་འཆང་པའི་ཕྱིར་རོ།། དེ་ལ་རེ་ཎཱ་ཀྲྀ་འབྲས་བུའི་སྡེ་ཚན་དུ་བལྟ་བར་བྱགས་ཏེ། དང་གིས་ནི་མ་གསུངས་པ་བསྡུ་བའི་ཕྱིར། དྭེ་དང་གུ་རུ་ཀུམ་ལ་སོགས་པ་ཡང་གཟུང་ངོ་།། དེ་ཉིད་ཀྱི་ཕྱིར ་མེ་ཏོག་གི་སྡེ་ཚུན་ནི་བཅུ་གཙོག་གོ་ཐཱས་དེ་ཉིད་དུའི་ཆུད་པར་འགྱུ་རོ།། དཔྲལ་གྱི་འབྲུ་ས་བུ་ཀ་བིདྡྷ། མྱོས་བྱེད་སྐུ་པ་ལ་ཀུ་ཙ་ཞེས་བྱ་བ་ལ། དཔལ་གྱི་འབྲིས་པྲ་ནི་བིལ་བའི་འབྲས་བུའོ།། མྱོས?་བྱེང་ནཱི་མྱོས་བྱེད་འབྲས་བུའོ།། ་ལ་ཀུ་ཙེ་ནི་ཌ་ཧྱེའི་འབྲས་བུའོ།། སྐུ་བ་ནི་ཏིག་ཏིའི་སྐུ་བའི་འབྲས་བུའི།། བཱརྟ་ཀི་ནི་བྷརྠ་ཀིའོ།། ཨ་པ་ཀུ་ཙི་ནི། ཨ་པཽ་ལཱུ་ཛི་སྟེ་ཕོ་བྲིས་ཞེས་རབ་ཏུ་གྲག་སོ།། དཔལ་གྱི་འབྲས་བུ་ལ་སོགས་པ་ནས་པིཾ་པི་ལོང་གི་མཐ་རོ་འབྲས་བུའི་སྔ ་ཆན་ནོ།། ར་ཎྱ་ཀ་ཡང་འདིར་བལྟའོ།། འཆད་པར་འགྱུར་བའི་མེ་ཏོག་གི་སྡེ་ཚན་གསུངས་པ་དེ་ལ་ཡང་རུ་ཎུ་ཀ་དང་ཞེས་བྱ་བ་ལ། དང་གི་སྒྲས་ནི་ཐ་དད་པའི་དོན་གསལ་བར་བྱེད་པའི་ཕྱིར། འདིའི་འབྲས་བུ ་ཡང་གཟུང་ངོ་།། འབྲས་བུའི་སྡེ་ཚན་གྲངས་བཅུ་དྲུག་ཅེས་བྱ་བར་ངེས་པར་བསྒྲགས་པས་བསྔགས་པའོ།། མེ་ཏོག་གི་སྡེ་ཚན་གསུངས་པས་ར་ཎུ་ཀ་དང་ལྷན་ཅིག་འབྲས་བུའི་སྡེ་ཚན་གྱི་གྲོངས་བཅོཾ་བདུ་ནོ།། རྩེ་མདུང ་ལ་སོགས་པ་ནས་མཚན་མོའི་ཤིང་གི་མཐར་རྩ་བའི་སྡེ་ཚོ་ནོ།། དེ་ལ་རྩེ་མདུདྷི་ནི་པ་ཙའོ།། མཚན་མོ་ནི་ཡུང་བའོ།། ཀུཥྚེ་ཞེས་བྱ་བ་ནི་མཛེ་ཅན་ནོ།། བཅུའི་སྒྲ་ནཱི་ར་རྒྱས་པའོ།། སྒྲོག་སྐྱ་ནཱི་རབ་ཏུ་གྲག་སོ།། ཆུ་ལྡན་ཞེས་བྱ ་བ་ནི་བསིལ་བ་ཅ་ནོ།། དཀར་པོ་ཞེས་བྱ་བ་ནི་གཞན་གྱིས་མི་ཐུབ་པ་དཀར་པོའོ།། གླང་པོའི་སྟོབས་ཞེས་བྱ་བ་ནི་བཱ་ལང་སྲུང་བའི་འབྲས་སོ།། རྒན་པོ་གཞོན་ནུར་བྱེད་པ་ནི་རབ་ཏུ་གྲགས་སོ།། མཚན་མོའི་ཤིང་ཡེང་འདིར ་བལྟ་བར་བྱ་སྟེ། དེ་ཡང་ཡུང་བ་ནག་པོ་ཞེས་བྱའོ།། མཚན་མོའི་ཤིང་ཞེས་བྱ་བ་ཡང་རྩ་བའི་སྡེ་ཚན་དུ་འཆང་པའི་ཕྱིརརོ།། སྟོབས་དང་སྤྲིན་ཡང་རྩ་བ་དང་ལོ་མ་དང་ཆུ་དང་བཅས་པའི་སྡེ་ཚན་ལས་ལོག་ནས་རྗེས་སུ ་འཇུག་པའི་ཕྱིར། དེ་བཞིན་དུ་འདི་ཉིད་ཀྱིས་པཱ་ཊ་ལ་སོགས་པ་རྣམས་མ་གསུངས་པའང་གཟུང་།། གླང་པོའི་སྒྲ་ལ་སོགས་པ་ནས། ཏུ་རི་ཀའི་མཐར་རྩ་བ་དང་ལོ་མ་དང་ཆུ་དང་བཅས་པའི་སྡེ་ཚན་ནོ།། གླང་པོའི་སྒྲ་ཞེས ་བྱཱབྱ་བ་ནི་བཅུད་གསོད་པའོ།། རི་བོ་མཛེས་པས་ཞེས་བྱ་བ་ནི་འབྱུང་པོའི་སྒྲའོ།། འཛག་པ་ནི་དུ་བའོ།། སྟོབས་ནི་རབ་ཏུ་གྲགས་སོ།། སྤྲིན་ནི་མུ་སྟེ་ཀཾ་ངོ་།། འདི་གཉིས་ནི་རྩ་བའི་སྡེ་ཚནཱ་ནོ།། ཁྲག་གྲི་ར་ལ་པ་ནཱི་ཁྲག་གི ་སྐྲོད་པར་བྱེད་པའོ།། གསེར་ཞེས་བྱ་བ་ནི་དྷུཏྟ་ར་ཀའོ།། མཚན་མོའི་ཤིང་ནི་བཤད་ཟིནྡ་ཏི།། དྷུ་རཱ་ཀ་ཞེས་བྱ་བ་ནི་ཨ་ཤོ་གནྡྷ་ཞེས་བྱ་བའོ།། རྩ་བ་དང་ལོ་མྲ་དང་ཆུ་དང་། བཅས་པའི་སྡེ་ཚན་གྱི་གྲངས་ནི་བདུན་ནོ།། ་མ་དང་གསེར་ཤིང་དང་ཤི་རི་ཥ་དང་གཽ་སེ་ར་ཉྫ་ཞེས་བྱ་བ་ནི་རབ་ཏུ་གྲགས་སོ།། སི་གྲུ་ནི་མིག་བཟང་པོའོ།། ཨ་རཥཱི་ནི་ནིམ་པའོ།། པེར་ཤི་ནི་པེ་ཊི་ཞེས་རབ་ཏུ་གྲུགསོ།། འདི་ནི་ཤུན་པའི་སྡེ་ཚན་གྱི་གྲངས ་བརྒྱད་དོ།། པ་ལ་ཤ་ཞེས་བྱ་བ་ཡང་མེ་ཏྲོག་གཱི་སྡེ་ཚན་དུ་བལྟ་བར་བྱའོ།། དཀཪྵ་པོ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། བུ་རཾ་མ་བྱེ་ཀར་སྦྲང་རྩི་དང་ཞེས་བྱ་བཱ་ལ། ཨཱིཀྵྱ་ཏི་ག་ཏ་ལོ་དྷ་རོ་དགྲ་དང་ཡང་བེལྦ་བར་བྱ་སྟེ། ་ཨིཀྵཱ་ནི་ཨིཀྵཱ་ལས་སྐྱེས་པ་ཞེས་བྱ་བཱའི་ཐ་ཚི་གི། གྲོལ་བ་ནི་དྷིལ་བུའི་པཱ་ར་ལིའོ།། དེ་ཡོད་ཁུ་བའི་སྡེ་ཚནཱ་དུ་བཱལླཱི་བྷཱར་བྱའོ།། མཽ་དུན་དུ་བྱེད་པའོ།། སྙིང་པོའི་རྩ་བའི་རཱྀ་འམ། པུཥྐ་རེའི་ཤིང་གི་ཆུའོ།། གྲོལ་བ་བཱིར ་ནས་གྲངས་དྲུག་གོ།། བསྡུས་པའི་དོན་ནི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་གི་རཾ་ཞེས་བྱ་བ་ནི། ཤིང་གི་ཁུ་བ་ཞེས་བྱ་བའི་དོན་ཏོ།། སོ་ཞེས་བྱ་བའི་སྒྲས་ནི་སྡེ་ཚན་རྫོགས་པའོ།། ཁུ་བྱུག་ཅེས་བྱ་བ་ནི་ཁྭ ་བྱུག་གོ། ཕོ་རོག་ཅེས་བྱ་བ་ནི་ཁརྒན་པོའོ།། གྷརྦྦ་ར་ནི་སྐོར་བའི་ཁྱད་པར་རོ།། དྲང་སྲོང་བུ་ནི་ནེ་ཙོའོ།། སྟོབས་འཕེལ་ཞིང་ཞེས་བྱ་བ་ནི། འདི་རྣམས་ཀྱི་ཤ་བཅུད་ཀྱིས་ལེན་གྱི་ལོངས་སྤྱོད་པ་ལ་སྟོབས ་འཕེལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ།། འདི་དག་ནི་བྱའི་སྡེ་ཚན་ནོ།། དུད་འགྲོའི་ཚན་ནི་ར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་དགས་ནི་ཤ་བ་རྣམསོ།། ཕག་པས་ཤེས་བྱ་བ་ནི། ཕག་པའི་ཁྱད་པར་ཏོ། གང་ལ་པ་སི ་ཡི་ཞེས་རབ་ཏུ་གྲགས་པའོ།། ལྷག་མ་ནི་གོ་སླའོ།། མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་མེ་ཏོག་ནཱི་རྀ་སྟེ། ཏཱ་ལཱའི་མེ་ཏོག་ལ་སོགས་པ་ལས་བྱུང་བའོ།། འབྲས་བུའི་རོ་ནི་རྒུན་འབྲུའི་ཁཱ་བཱ་ལ་སོགས་པའོ།། ཤུན་པ་ནི་འབྲས ་ལ་སོགས་པའི་ཤུན་པའོ།། མདོ་བསྡུས་ནས་ནི་ཞེས་བྱ་བ་ནི། བསྡུས་པའི་དོན་གྱི་ཚུལ་གྱི་ཕྱི་རོ།། གང་གི་ཕྱིར་འདྲི་ཐམས་ཅད་ཀྱི་རྣམ་པའི་དབྱེ་བ་བཤད་པར་བྱ་སྟེ། གཞན་ནི་སྤྱི་རུ་ཞེས་བྱ་བ་ནི་གུར་ཤཱིང་ལ་སོགས ་རོ་ལས་སྐྱེས་པའོ།། ཛ་ག་ལ་ནི་ཟན་ལས་སྐྱེས་པའི་ཁུ་བ་སྟེ། འདི་དག་ལ་སོགས་པའི་ཁུ་བའོ།། སྨན་ཞེས་བྱ་བ་ནི་འཇིགས་པ་ལ་རྣམ་པར་ཕན་པའི་ཕྱིར་སྨན་ཀྱང་གོང་མ་རྣམསོ།། ཇི་ལྟར་བསྟན་པ་དེ་བཞིན་དུ་ཡང་། ་བཟའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། ཙམ་པ་ཀ་ལ་སོགས་པ་ནས་བྱི་བའི་མཐའ་རྣམ་སུ་རྫས་རྣམས་ནི་དྲུག་བཅུ་རྩ་བཞིའོ།། ག་པུ་ར་ལ་སོགས་པ་ནས་སྲིད་པའི་ཁ་བའི་མཐའི་བར་དུ་རྫས་བཅོ་བརྒྱད ་རྣམས་སོ།། འདི་རྣམས་ནི་ཇི་ལྟར་ཉེ་བར་དགོས་པ་བྱ་ཞེ་ན། སྒྲོ་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦོམ་པོ་ནི་སྐྱེས་བྷ་དམ་པ་དང་བུད་མེད་དོ།། ཕྲ་བ་ནི་ཐཱ་མ་སྟེ་དེ་བཞི་ནོ།། བཱ་ར་མ་ཞེས་པར་ཡང་བལྟ་བར་བྱའོ།། དམ། ་པ་ལ་སོགས་པའི་དབྱེ་བས་ཀྱང་། མེ་ནི་བྱི་སཱ་པ་དང་ལང་ཚོའི་གླ་ནས་སྐབས་ལ་སོགས་པའོ།། ཐ་མ་ཉིད་མེ་ཆུང་ངུ་ཁོ་ན་སྟེ་བྱི་སྭ་པ་ལ་སོགས་པའོ།། འབྲིང་པོ་ཉིད་ཀྱི་མེ་ནི་བཱར་མ་ཉིད་ལ་སོགས་པའོ།། འདི་དགྲ་བཽ་ཏགས ་པའི་སྨན་གྱི་ཚད་ཉེ་བོར་དགོད་པར་བྱའོ།། ཇི་ལྟར་འདིར་སྨན་པཱའི་བསྟན་པཱ་ཙེས་ལས་ཆུང་ངུ་ལ་སྲང་གཉིས་ཙམཱ། བར་མ་ལྀ་ནི་སྲང་བཞི་ཉིད། མཆོག་ལ་སྲང་དྲུག་ཏུ་ནི་བརྗོད།། བསྒྲོལ་དང་སྣུམ་དང་སླ་ནཱ་ལ་ཞེའོ།། ནང ་ཀྱང་སྐྱོན་མང་པོ་ལ་སོགས་པའི་དབྱེ་བས་མཆོག་ལ་སོགས་པའི་དབྱེ་བཱི་འདྲི་འབའ་ཞིག་མ་ཡིན་ཏེ། སོས་པས་ཚེ་རིང་བ་ལ་སོགས་པཱར་འདོད་པས་ཀྱང་བསྟེན་པར་བྱའོ།། དེ་ལྟར་ཡིན་མོད་ཀྱི་རྣལ་འབྱོར་པའི་ཡང་སྒོམ་པ་དང ་ཕྲ་བ་དོང་བར་མའི་དབྱེ་བས། སེམས་ཅན་སོ་སོར་ནང་མེད་པར་སྦྱར་བའི་ཕྱིར། རབ་ཏུ་སྦྱོར་བའི་སྨན་ཉེ་བར་དགོས་པའོ།། དེ་ཉིད་ཀྱི་ཕྱིར་རླུདཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲ་ལས་ནི་རོ་ལ་སོགས་པ ་རྣམས་གཟུང་ངོ་།། འདི་རྣམས་ནི་མི་མཉམ་པ་ལས་ནང་སྐྱེ་བར་འགྱུར་ཏེ། རླུང་ནི་གསལ་པོ་དང་སྟེང་དུ་རྒྱུ་བ་དང་གང་བ་དང་། འབྱིན་པ་དོང་། འཛིན་པོའི་མཚན་ཉིད།། འཁྲིས་པ་ནི་ཁྲག་གི་ཚར་དང་དྲོང་དང་མདངས་དང་སྣོད ་དྲོ་བར་བྱེད་པའོ།། བད་ཀན་ནི་ཚིགས་སུ་གནས་པ་དང་སྣུམ་པ་དང་། བཏབ་པ་དང་ཁྱབ་པའོ།། རོ་ནི་ཚིམ་པར་བྱེད་པའོ།། ཁྲག་ནི་འཚོ་བར་བྱེད་པའོ།། ཤ་ནི་བྱུགས་པར་བྱེད་པ།། ཚི་ལ་ནི་སྣུམ་པར་བྱེད ་པའོ།། རུས་པ་ནི་འཛིན་པར་བྱེད་པའོ།། རྐང་མར་རུས་པ་གང་བར་བྱེད་པའོ།། ཁུ་བ་ནི་ངལ་བར་འཛག་པ་དང་། དགའ་བ་དང་འཚོ་བའི་དོན་དང་། རངས་པར་བྱས་པའོ།། གཅི་བ་ནི། དང་། རློན་པ་ཉིད་དང་། སྐྱོན་དང་། ་སྤྲོ་བའི་ཚོགས་དང་། ཡུན་རིང་དུ་བྱ་བ་རྣམས་ཏེ་ཉིད་དུ་ཤེས་པར་གསུངས་སོ།། ཉེ་བའི་ལུས་ནི་ཉེ་བར་ཕྱུག་ལའོ།། འདུས་པ་ནི་རླུང་ལ་སོགས་པ་འཛིན་པའོ།། ཡུན་རིང་དུ་བྱ་བ་ནི་ལེ་ལོའི་བྱ་བའོ།། སྣུམ་པ་དང་། དྲོ་བ ་དང་། མགོ་མཆོག་གི་སྟོབས་དང་། ལན་ཚྭ་དང་མྱལ་བ་དང་། སྐྱུར་བ་དང་། འབྲུ་མར་དང་། ཁྲུས་དང་། བ་སྐུ་མཉ་དང་། ཉཝ་དང་ཤྲ་དང་། ཆེང་དང་བསྐུ་བ་དང་། མཉེ་བ་དང་། སྣུ་མ་དང་། བསྲོ་བ་དང་། རླུང་མི་ད་པར་ཉལ་བ ་དང་། དུགས་བྱ་བ་དང་། བཟའ་བ་དང་གནས་དང་། སྨན་ལ་སོགས་པ་འདི་རྣམས་ཀྱིས་རླུང་རབ་ཏུ་ཞི་བར་བྱའོ།། སྟོབས་ནི་སྟོབས་དང་བྲལ་བའི།། བསཱུ་ནི་ཡན་ལག་ཉིད་པའོ།། མྱང་བ་ནི་ཁ་བ་དང་བསྐ་བའོ།། བསིལ་བ ་དང་རླུང་དང་། གྲིབ་མ་དང་རྔ་ཡབ་སྔོན་པོ་དང་། ཟླ་བའི་འོད་ཟེར་དང་། ས་བུག་དང་། ཆུའི་འཁྲུལ་འཁོར་དང་། ཆུ་ལས་སྐྱེས་པ་དང་། བུད་མེད་ཀྱི་ལུས་ལ་རེག་པ་དང་། མར་ས་རྀ་དང་། འོ་མ་དང་། བཤལ་དང་། ཁྲག ་དབྱུང་བ་དང་། རབ་ཀྱི་ལུས་བྱུག་པ་ལ་སོགས་པ་དང་། བཏུང་བ་དང་བཟུའ་བ་དང་། གནས་པ་དང་། སྨན་ལ་སོགས་པ་འདི་རྣམས་ཀྱིས་མཁྲིས་པ་རབ་ཏུ་ཞི་བར་བྱའོ།། ཆུ་སྐྱེས་ནི་པདྨ་ལ་སོགས་པའོ།། རབ་ཀྱིས་ལུས་ནི ་ཙན་དན་བྱུག་པ་ལ་སོགས་པའོ།། རླུང་ནི་དགུན་སྨད་དང་དབྱར་དང་དགུན་སྟོང་ཀྱི་དུས་རྣམས་ལའོ།། མཁྲིས་པ་ནི་དབྱར་གྱི་མཐའ་དང་སོགས་ལ་ཡངངོ་།། བདེ་ཀ་ན་ནི་རྟོག་ཏུ་མི་ཏོག་འོང་བར་ཡང་བརྗོད་པ་སྟེ། དེ་ཇི་ལྟར ་འདོད་པར་གསུངས་པ་བྱའོ།། དགུ་ནི་སྨད་ལ་སོགས་པ་རྣམས་ལ་རླུང་དུ་བརྗོད་པ་ལ། འཇམ་རྩི་ལ་སོགས་པ་བྱའོ།། སོ་ག་དང་སྟོན་ལ་མཁྲིས་པ་ལ་ཡང་བཤལ་ལ་སོགས་པའོ།། དཔྱིད་ལ་བད་ཀར་ལ་སྐྱུགས་ལ་སོགས ་པའོ།། རྟས་པའི་དུས་རྙེད་པ་ན་བྱ་ཞེས་བྱ་བ་ལ་སོགས་པ་བརྗོད་པ། བད་ཀན་གྱི་སྦྱོར་བ་ལ་སྐྱུགས་དང་སྣ་སྨ་ནོ།། མཁྲིས་པ་སྐྱེས་པའི་རྣམ་པ་ལ་ནི་ཁྲུས་དང་། རླུང་གི་བདག་ཉིད་ལ་ནཽ་འཇམ་རྩི་བྱའོ།། འདུས་པའི་ནད་དང ་འདྲེས་པ་འདི་དྲག་ཅེས་བྱ་བ་ལ་སོགས་པ་ནི། སྨན་པའི་བསྟན་བཅོས་ལས་འདི་ཐམས་ཅདྲྀ་དྲ་མ་གཞིན་འཇམ་རྩི་ལ་སྩོགས་པ་རྣལ་འབྱོར་པས་བསླབ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཀྱང་གསལ་བ་མ་གསུང་སོ།། ་སེམས་ཅན་གྱི་བསམ་པོའི་དབྱེ་བ་ལས་སྨན་ནི་ཕྱི་དང་ནང་དུ་ཡང་བྱ་སྟེ། བྱང་ཆུབ་སེམས་དཔའི་ནི་སེམས་ཅན་གྱི་དོན་དུ་འདི་ཐམས་ཅད་སློབ་པོ།། འདི་ལྟར་ཡང་། མར་དང་འབྲུ་མིར་ཀྲུ་སྨན་དྲག་ཅེས་བྱ་བ་ལ་སོགས་པའི་ཚིག ་དུ་མས་བཤད་པས་ཀྱང་དྭེ་རུ་བསྙེགས་སོ།། མདོར་བསྡུས་ནས་གསོ་བ་ཤེས་པར་བྱ་བའི་དོན་དུ་ཀླུ་སྒྲུབ་ཀྱི་ཞལ་སྟ་ནས་མཛད་པ་སྦྱོར་བ་བརྒྱ་པ་བསླབ་པར་བྱའོ།། ཤིན་ཏུ་ཟད་པའི་རླུང་ལ་སོགས་པ་འཕེལ ་པ་དང་། ཤིན་ཏུ་འཕེལ་བའི་ཟད་པར་བྱེད་པ་ནི་སྙོམས་པ་བསྲུང་བའོ།། དེའི་ཕྱིར། རེ་ར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ནག་མོ་ཞེས་བྱ་བ་ལ་སྔོ་གས་པ་ལ། ནག་མོ་དང་དཀར་མོ་དྲང་སྔོ་བསངས་མི་ཞེས་བྱ་བ་ནཱི་ནག ་མོ་དཀཱར་མོ་སྔོ་བསངས་མ་ཞེས་བྱ་བ་འདིའི་དོན་ཏོ།། ནག་མོ་དཀར་མོ་སྔོ་བ་སངས་མའོ།། དྲུག་པའི་མང་པོའི་ཚིག་གི་དོན་ལ་གསུམ་པཱའི་གཉིས་ཀྱི་ཚིག་གོ།། ནག་མོ་ནི་རླུང་གི་རང་བཞིན་གྱི་བུད་མེདདོ།། དཀར་མོ་ནཽ་མཁྲིས་པའི ་རང་བཞིན་ནོ།། སྔོ་བསངས་མ་ནི་བད་ཀན་གྱི་རང་བཞིན་ནོ།། ཇི་སྲིད་ལོ་བརྒྱད་ནས་བརྩམས་ཏེ་ལོ་ཉི་ཤུ་རྩ་ལྔ་མའི་བར་དུ། དེ་རྣམས་ཀྱི་བཅུད་ཀྱིས་ལེན་དང་སྨན་གྱིས་རྣམ་པ་མཐུན་པར་བྱས་པའི་གང་ཞིག་བྱང་ཆུབ་སེམས ་ལ་སོགས་པའོ།། ལྟུང་བ་དང་། ཞེས་བྱ་བ་ནི། དེ་ལྟུང་བར་བྱེད་པ་དང་། ཁམས་མཐུན་པས་སྦྱོར་བར་བྱེད་པའོ།། འཕོ་བྱེད་ཅེས་བྱ་བ་ནི། དྲི་ཉིད་ཀྱི་ཕྱིར་རྩ་ཐམས་ཅད་རྣམ་པར་དག་པ་རྣམ་སུ་འཁྲིས་པ་ལ་སོགས་པ་དང་། ་རོ་ལ་སོགས་པའི་ཁམས་རྣམས་འཕོ་བར་བྱེད་པ་དང་ཁྱོར་བར་བྱེད་པ་ནི་ཁྱེར་བར་བྱེད་པ་སྟེ། དེ་ཉིད་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ནི།། རྣམ་པར་དག་པ་ལ་གོམས་པས་ལུས་དང་སྲོག་དག་བརྟན་པར་བསྒྲགས་པར་བྱའོ།། ་དེ་རྣམ་པར་དག་པ་དང་ཕྱི་རོལ་གྱིས་སྨན་གྱིས་ཉེ་བར་དགོས་པས་སྐྱེ་བར་འགྱུར་རོ།། ནག་མོའི་ནི་མར་ངོའི་ཟླ་མཚན་འཛག་པའིའོ།། དཀར་མོ་དང་སྔོ་བ་སཏྤ་ས་མའི་ནི་ཡར་གྱི་ངོའི་ཟླ་མཚན་འཛག་པའི། བྱང་ཆུབ་ཀྱི་སོམ ་ལ་ལ་བཅུད་ཀྱི་ལྟུང་བ་རཽ་བྱེད་པ་དང་འིའཕོ་བར་བྱེད་པ་ཡིན་ནོ།། དེ་ལ་ཁ་ཅིག་ནི་ར་རྣམ་པར་དག་པའི་བཅུད་ཀྱི་ཏི་ར་གཅིག་ལ་སོགས་པའི་རིམཱ་པས་ནག་མོའི་མར་གྱི་ངོ་ཉིད་ཀྱི་སྣ་བུག་གཡས་པ་ནས་རླུང་རྒྱུ་བ་དང་། དཀར ་མོ་དང་སྔོ་བསངས་མའི་ཡང་དེ་བཞིན་ཁོ་ནར་ཡང་ངོ་ཉིད་ཀྱི་སྣ་བུ་གཡོན་པས་བརྔུབ་པར་བྱའོ་ཞེས་ཟེ་ར་རོ།། ཡར་ངོའི་ཚེས་གཅིག་ལ་རང་གི་ལག་པ་དྲི་མ་མེད་པའི་མཐིལ་དུ་སོན་པར་བྱས་པའི་རང་གི་བྱང་ཆུབ་ཀྱི ་སེམས་བརྟག་པར་བྱ་སྟེ། གྲལ་ཏེ་དེ་ལ་ཏི་ལ་གྷི་རྣམ་པ་ཙ་མི་ག་ཏཱི་གུས་པ་ནག་པོ་མཐོང་ན་ཐིག་ལེ་གཅིག་ལ་ཟླ་བ་བཅུ་གཉིས་ཀྱི་ས་འཆི་པརྱཱ་འགྱུ་རོ།། གཉིས་བཅུ་གཅིག་རྣམས་ཀྱི་ས་སོ།། གསུམུ་ལ་ནི་བཅུ་རྣམས ་ཀྱིས་སོ།། བཞི་པོ་རྣམསཱ་ལ་ནཱི་དགུ་པོ་རྣམས་ཀྱི་སོ།། ལྔ་ལ་ནི་བརྒྱད་ཀྱི་སོ།། དྲུག་ལ་ནི་བདུན་གྱིསོ།། བདུན་ལ་ནི་དྲུག་གིསོ།། པྲ་རྒྱུ་དུ་ལ་ནི་ལྔ་ཡིས་སོ།། དགུ་ལ་ནི་བཞི་ཡིས་སོ།། བཅུ་པོ་རྣམས་ལ་ནི་གསུམ་པོ་རྣམས་ཀྱིས་སོ།། ་བཅུ་གཅིག་རྣམས་ལ་ནི་གཉིས་པོ་དག་གིསོ།། བཅུ་གཉིས་དག་ལ་ནི་གཅིག་གིས་སོ།། བཅུ་གསུམ་རྣམས་ལ་ནི་ཟླ་བ་ཕྱེད་ཀྱིས་སོ།། བཅུ་བཞི་རྣམས་ལ་ནི་ཉི་མ་བརྒྱད་ཀྱིསོ།། བཅོ་ལྔ་རྣམས་ལ་ནི་བཞི་པོ་རྣམས་ཀྱིས་སོ།། ་བཅུ་དྲུག་རྣམས་ལ་ནི་གཉིས་པོ་དག་གི་སོ།། བཅུ་བདུན་རྣམས་ལ་ནི་གཅིག་གི་སོ།། དེ་བས་ཀྱང་ཏིལ་ཙམ་བླངས་ནས་དོར་ཏེ་གང་ཞིག་བྱང་ཆུབ་ཀྱི་སེམས་བཅུ་དཱ་ར་ཏི་གཅིག་ལ་སོགས་པ་དང་ལྷན་ཅིག ་གཡོན་པའི་སྣ་བུག་ནས་བརྔུབ་པར་བྱས་ནཱ་དེ་ནས་དུས་སུ་འཆི་བ་སྤང་བ་ཡི་ནོ།། ལྷག་པར་བྱས་པའི་ཡང་དེ་བཞིན་ཁོ་ནར་ཉེ་བར་སྦྱ་རཱ་ཞེས་བྱ་བ་འདི་ནི། ནག་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དག་ན་རེ་ནག ་མོ་དང་སྔོ་བསྲིངས་མའི་ཁ་དོག་གིས་དེ་བཞིན་དུ་གྱུར་པས་ཚེ་ལྟུང་བར་བྱེད་དོ།། དཀར་མོས་ནི་བྱང་ཆུབ་ཀྱི་སེམས་འཕོ་བར་བྱེད་པོ་ཡིནོ་ཞེས་ཟེར་རོ།། འདི་ལྟར་ཡང་འདི་ནི་བཅོམ་ལྡན་འདས་ཉིད་ཀྱིས་གཞན་དུ་ཡང ་གསུངས་པ་ཡིན་ནོ།། དགྲའི་སྡེ་ཚན་དང་། བཤེས་ཀྱི་སྡེ་ཚན་དང་། བཏང་སྙོམས་ཀྱི་སྡེ་ཚན་དྲང་། རབ་ཏུ་སྦྱོར་བའི་ཡུལ་ལ་རྟོགས་པར་བྱ་བའི་སྡེ་ཚན་རྣམས་ཀྱི་ཁམས་བསྡུ་བར་ཞེས་བྱ་བ་ནི། ཁམས་རྣམས་ཀྱི་རྫས ་རྣམས་ཀྱི་སྡེ་ཚན་ནི་ཚུལ་གྱི་སི་བསྡུ་བ་ཞེས་བྱ་བའི་དོན་ཏོ།། དཔའ་གཅིག་ཅེས་བྱ་བ་ནི། སེང་པོའི་ཁྱད་པར་རམ་དཔའ་བ་གཅིག་པུ་ཁོ་ནའོ།། སྐྱེ་གཉིས་ཤེས་བྱ་བ་ནི་སོའོ།། རྩ་ཞེས་བྱ་བ་ནི་ལ་ཕུག་ཉིད།། བསྐ་བ ་གསུམ་འབྲས་ཆེན་པོ་དང་ཞེས་བྱ་བ་ནི་འབྲས་བུ་གསུམ།། དཔའ་གཅིག་ནི་རྡུ་ལོ།། སྐྱེ་གཉིས་ནི་བླ་མཚོན་འཛག་པའིའོ།། རྩ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ་སྙོམས་པར་འཇུག་པ་ལ་སྐྱེས་པའི་བྱང་ཆུབ་ཀྱི་སེམ་སོ།། བསྲ ་གསུམ་འབྲས་བུ་ཆེན་པོ་དང་ཞེས་བྱ་བ་ནི། མི་སྐྱོད་པ་དང་རྣམ་པར་སྣང་མཛད་དང་དོན་ཡོད་གྲུབྱ་པ་ནི་བཤད་པ་གཞན་ནོ།། སྤྲིན་བཞི་དང་ནི་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པ་རྣམ་པ་བཞིའོ།། བཅུད་བཞི་ཞེས་བྱ་བ ་ནི། ཕ་རོལ་སྦྱིན་པ་ལ་སོགས་པ་རྣམ་པ་བཞིའོ།། བདུད་རྩི་ལྔའི་སྙིང་པོའི་དང་ཞེས་བྱ་བ་ནི། སཽ་བརྩལ་དང་། ཡ་ཝཀྵ་ར་ལ་དང་། ས་ཛྙི་ཀཱ་ཀྵ་ར་དང་། ཁ་རུ་ཆ་དང་། སིན་དུ་བ་རྣམས་ནི་ལན་ཚྭ་ལྔ་རྣམསོ།། དུས་དྲུག ་ཅེས་བྱ་བ་ནི་དུས་དྲུག་པོ་རྣམས་ཏེ་དུས་ལས་སྐྱེས་པའི་རྫས་རྣམས་གཟུང་བྱར་བྱ་པ་རྣམས་སོ།། དྲུག་ཅུའི་ཞེས་བྱ་བ་ནི། དབྱུ་གུ་དྲུག་ཅུ་ཞེ་ས་བྱ་བའི་དོནཱ་ཏོ།། དྲུག་ལྡན་ཞེས་བྱ་བའི་ཚིག་ལྔ་ཡང་དེ་བཞིན་དུ་བཤད ་པ་ཁོ་ནའོ།། འདབ་བདུན་རྩ་བ་སྡོང་བུ་དང་ཞེས་བྱ་བ་ནི། གླང་པོའི་སྐུ་ལ་སོགས་པ་བདུན་གྱི་འདཔེ་མ་ལ་སོགསོ་པ་དང་བཅས་པར་གཟུང་ངོ་ཞེས་བྱ་བའི་དོན་ཏོ།། ཡུལ་སྐམ་དང་ནི་སྐྱེས་ཡིན་ཞེས་བྱ་བ་ལ། སྐམ་པོ ་ནི་ཆུ་མེད་པའོ།། ཆུ་ནི་གཱ་ཤེར་པ་ལ་རྙེད་པའོ།། སྐོམ་ལ་སྐྱེས་པའི་སྨ་ནི་ནཱི་ནུས་པ་ཅནོ།། ཆུ་ལ་སྐྱེས་པ་ནི་ནུས་པ་ཆུང་བའོ།། མར་དང་འབྲུ་མར་དཀྲུ་སྨན་དྲག་ཅེས་བྱ་བ་ནི། མར་དང་འབྲུ་མར་གྱི་དང་དཀྲུ་སྨན་དྲག་པོ ་མས་བཏང་བ་སྟེ་མར་ནི་ཕྱི་རོལ་གྱི་དང་རྐང་ལ་སོགས་པའོ།། འབྲུ་མར་ནི་ཕྱི་རོལ་གྱི་དང་ཤ་ལོས་སྐྱེས་པ་ལ་སོགས་པ་སྟེ། འཇམ་རྩི་བཏང་པ་ལཾ་སོགས་པའང་ཤེས་པར་བྱའོ།། ཁྲོ་ཆུང་ངུ་ལ་ཆུ་དག་གི་ཟས་ཤེས ་བྱ་བ་ནི། ཁྲོ་ཆུའི་ཟས་དང་དུ་ངུལ་ཆུའི་ཟས་དག་ནི་བཟའ་བར་བྱའོ།། དེ་ལ་ཡང་གེ་རྣམ་པར་བཅིངས་པ་ཡིན་ན་དེའི་ཚེ། སིང་པོ་དང་ཡུང་བའི་ཁུ་བ་མཉམ་པ་འཐུངས་ན་སྲ་རྣམ་པར ་སྨིན་པས་ཁྲོ་ཆུ་དང་དངུལ་ཆུ་ལ་ཡོན་ཏན་ཡོན་ཞེས་བྱ་བ་འདི་ནི། སིངས་པོ་ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། ཕ་རོལ་སྦྱིན་པ་ཞེས་བྱ་བ་འམ་ཁྲོ་ཆུ་ཡང་འདི་ལ་ཁྱད་པར་འཕགས་པའི་ཕྱིར་རོ།། ་ཉི་མར་གྱུར་པ་ཞེས་བྱ་བ་ནི་ཟངས་ཀྱི་ཕྱེ་མའོ།། ལག་པ་ནི་གུཞན་གྱིས་མི་ཐུབ་པ་དཀར་པའོ།། རྩིབས་ནཱི་སྡིངས་པཽ་སྟེ། འདི་ཉེ་བར་མཱ་ཚུན་པའི་ཕྱིར་འབྱུང་པོའི་ཁུ་བ་འདི་རྣམ་སུ་བཅུད་བཅུག་ནས་དཀྲུག་པ ་དང་མཉེ་བར་ཡང་བྱཾའོ་ཞེས་བྱ་བ་དགོངས་པའོ།། དྲོན་ཕྱི་ནི་སྦྲང?་རྩིའི་རཱྀའོ།། སྦྲང་ཐིགས་ཞེས་བྱཱ་བཱ་ནི། བློན་པོའི་བཅུད་ལཱ་སྦྲང་རྩིའི་ཐིགས་པཽ་སཱ་དཀྲིག་ཅིང་དེ་ནས་དེའི་རྣམ་པ་ར་དྲགཱ་པཱར་ཞེས་བྱ་བར་དགོད ་པའོ།། ཁཱ་ཅིག་ན་རྀ་ཉི་མརུ་གྱུར་པའི་ལག་རྩིབས་ལྕེ། དྲོན་པོར་སྦྱང་ཐིགས་ཞེས་བྱ་བྱཱ་ནི། ཉི་མོའི་འོད་ཟེར་གྱིས་གདུངས་པའི་བཅུད་ལ་སྦྲང་རྩིའི་ཐིགས་པུ་བླུགས་ན་སཱ་དཀྲྀ་གོ་ཞེས་ཟེ་རོ།། སྦྱིན་དཀ་ར་ལ་བསྐ ་བ་རྣམས་རྩི་རྩིགས་མ་དང་ཞེས་བྱ་བ་ནི། སྤྲིན་དཀར་པོའི་ཕྱེ་མ་དང་འབྲས་བུ་གསུམ་གྱི་རྩིགས་མ་བྱིན་ན་ས་བཅུད་ཀྱི་མཉེ་བ་དང་། སྦྱང་བ་ཞེས་བྱ་བར་དགོང་སོ།། གཏུང་བའི་སྦྱོར་བ་ལ་སོགས་པ་བཅུང་རྣམ་པར ་སྦྱོང་བ་ཡང་ཟླ་བའི་རྐང་འཐུང་ལ་སོགས་པ་དང་། རྩུབ་པས་བཀང་བའི་བུམ་པར་བཅུག་ལ་ལས་ཀྱི་ལྟོ་བ་ལས་སྐྱེས་པར་བཅུད་ལ་སོགས་པ་བཅུག་ནས། བཅུ་དུ་བཅི་དྲས་པ་ཞེས་བྱ་བ་ནི། རྩུབ་པའི་སིན་དུར ་བསྒྲུབས་པ་ནི་ཞེས་བྱ་བ་གསུངས་པ་ལ། སི་ནཱ་དྷི་ནི་ཚིག་སྐུ་ཏེ་བུམ་པའི་རྐང་དུ་བཅུག་ནཱས་དེའི་ཚིག་སུ་བཅུ་ལ་སོགས་པ་རབ་ཏུ་གཞུག་པར་བྱ་བྱ་ཞེས་བྱ་བའི་དོན་ཏོ།། འདིར་ཡང་གཞུང་སྦྱར་བ་ཙམ་སྟེ། རྒྱས ་པར་ནི་འགྱུར་པའི་ཕྱིར་རོ།། དྲུག་ཆ་ཞེས་བྱ་བ་ནི་བཅུད་གཅིག་དང་སྨན་གྱི་རཱ་ལྡེའི་ཁུ་བ་དེ་ལ་བླུགས་ཤེས་བྱ་བའི་དོན་ཏོ།། སྐྱེད་ཅེས་དོན་ཏོ།། སྐྱེ་འཇོམས་པོ་ནི་ཞེས་བྱ་བ་ནི། སྐྱེད་པར་བྱེད་པའི་དོན་དགའ་བ་འཛེམ ་པ་ཞེས་བྱ་བའི་དོན་ཏོ།། གོང་དུ་གསུངས་པའི་རིགས་པས་རང་གྲིས་སྐྱེས་པའི་ཟླ་བ་དྲུག་པ་ཙན་དང་ལྡན་པའི་བཅུད་ཟོས་ན་དོན་ཏེ་དགའ་བ་འཇོམ་སོ་ཞེས་བྱ་བར་དགོངསོ།། སོ་སོའི་ཆ་ཡིས་ངེས་བཅིངས་ཤིང ་ཞེས་བྱ་བོ་ནི། རྩུབ་པ་སྲང་བརྒྱ་རྩ་བརྒྱད་དང་མཁར་བ་ཆ་ལ་སོགས་པ་བཅིངས་པའོ།། འབྲས་བུ་རྣམས་ལ་ཉེར་དགོས་པ་ཞེས་བྱ་བ་ནི། འབྲས་བུའི་འབྲུ་མར་ལ་སོགས་པ་ཉེ་བར་དགོས་པ་ཞེས་བྱ་བའི་དོན་ཏོ། ་ཆེན་མོ་སྡིངས་ལ་སོགས་པའི་སྐྱོན་ཞུགས་པའི་གསེར་ཟད་པའི་བཅུ་ལ་རང་གི་རོ་ཁ་བ་ལ་སོགས་པ། མངོན་དུ་བྱ་བ་གསུང་སོ།། སྦྱིན་ལ་ཞེས་བྱ་བ་ལ་སོགས་པ་ནི། དྲོན་པོའི་བཅུད་ཀྱི་ཆ་དང་དེ་བཞིན་དུ་མི ་བསྐྱོད་པའི་བཏུང་བ་སྐུ་དཀར་དུ་འགྱུར་བ་ནི། སྨ་དཀར་ཆུ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡང་དག་པར་སྤྱོད་བྱའི་སྒྲུབ་པའི་ཐབས་ནི། ཆུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆུ་ནི་བཏུང ་བར་བྱེད་པའི་སྦྱོར་བའོ།། ལན་ཚཱ་ཙམ་གྱིས་ཞེས་བྱ་བ་ནི། སཻན་དྷ་བ་ལ་སོགས་པའོ།། ཐལ་བ་འགྱུར་པ་ཞེས་བྱ་བ་ནི་རྩུབ་པའོ།། རྡུལ་གྱི་ཚོགས་ཞེས་བྱ་བ་ནི་སོ་ཕག་ལ་སོགས་པའི་ཕྱེ་མའི་ཕུང་པོའོ།། གླང་ཆེན་མྱོས ་པའི་བུམ་པས་བཅུད་ཅེས་བྱ་བ་ནི། གླང་པོའི་སྣ་ཅནྡ་གྱི་ཁུ་བའོ།། སེང་གེའི་བཅི་བར་ཞུགས་པ་ཡི་སཾ་ཞེས་བྱ་བ་གང་གི་ཚེ་བཅུད་ཁཾས་ཤིང་ལྷག་ལྷག་ཟེར་གྱུར་པ་དེའི་ཚེ་སེང་གེའི་བཙོ་བཱའོ།། འདིར་སྨྲས་པ་སེང་གེའི ་བཅི་བར་ཞུགས་པའི་བཅུ་དེ་ལ། གླང་པོའི་སྣ་ཙི་ནུ་གྷི་ཁུ་བ་སྦྱིནཱ་པར་བྱའོ།། ཡང་དྲག་འགུགས་པུཪྵ་བྱེད་པར་བཤདྲ།། རྱད་གི་ཤིང་དུདྱ་ཉི་མཱིའང་ཞེས་བྱ་བཱ་ནི། ཡང་དག་པ་རཱ་འཁོར་བའི་བཅུད་ལ་དྲང་པོའི་རྡུལ་སྦྱིན ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རང་གི་ཤིང་ནི་དང་པོའི་རྡུ་ལྟོ།། ཉི་མཱ་ནི་བྱང་ཆུབ་ཀྱི་སེམས་སོ།། དེའི་ཡང་ཞེས་བྱ་བ་ནི་སྦྱི་ནོ་ཞེས་བྱ་བའོ།། ཁ་ཅི་ག་ན་རཱི་ཨཽརྐའི་འདབ་མ་དང་ཤིང་གི་རུང་གི་ཁུ་བ་བླུག་སོ།། ཞེས་ཟིར།། ་གཞན་དག་ན་རེ་ནི་ཉི་མའི་འཁོར་བའི་ཁུ་བ་ཞེས་ཟེར་རོ།། སྲེག་པར་མིག་དོང་སྙིང་ལ་འབར་ཞེས་བྱ་བ་ནི། བསྲེགས་པའི་བཅུད་ཀྱི་བཟའ་བ་ལ་སྙིང་དང་མིག་ལ་སྲེག་པ་ཡིནོ་ཞེས་བྱ་བའི་དོན་ཏོ།། ཟླ་བ་ཞེས་བྱ་བ་ལ་སོགས ་པ་ལ་ཟླ་བ་ནི་ཤེ་ཕཱ་ལི་ཀཱའོ།། ལྕེ་ནི་བ་ལང་གི་ལྕེའོ།། རོ་དམའ་ཞེས་བྱ་བ་ནཱི། མཛེས་པའི་མིག་སྨན་ནོ།། སྨ་ནཱི་འབྱུང་པོའི་སྒྲའོ།། དཀཱའ་ཐུབ་མེད་ཅེས་བྱ་བ་ནཱི་པྲ་སྭེ་ནའོ།། འདི་རྣམས་ཀྱི་འདབ་མ་དང་རུས་པའོ།། ་ཆུ་སྐྱེས་ནི་མེ་ཏོག་གོ། བྱཱ་གྲྀ་དང་། ཀུན་ཏུ་རུ་དང་། ས་རི་བཱ་ནཱི་ར་བ་ཏུ་གླགས་སོ།། སེ་ནཱ་མོ་ནི་སྟག་གི་སྲྀན་མྱོའོ།། ནོར་བུ་ནི་མུ་མོན་ལ་སོགས་པའོ།། ཟླ་བའི་འོད་ཟེར་ནི་ཟླ་བའི་ནོར་བུའོ།། ཟེ་བ་ནི་བ་ཀུ་ལའོ།། ཐིགས ་པའི་རྒྱུན་ནཱི་སྐྱུ་རུ་རའི་ཁུ་པའོ།། རྒྱུན་ཞེས་བྱ་བ་ནི། རྒྱུས་པའི་རྒྱུནོ།། ཐིག་ལེ་ནི་སྐྱུ་རུ་རའི་ཁུ་བའོ།། ཤི་ཤུ་ནི་སཱུ་ཧིའོ།། བུ་དྷ་ནི་སྡེ་ཆེན་ནོ།། ཟླ་བ་ལ་སོགས་པ་ནས་འཛག་པའི་མཐས་མངོན་པར་འདུ་བྱེད་པར་བལྟ་བར ་བྱའོ།། འདི་ར་ཡང་དག་གཟུང་བ་ནི་འཚོང་པར་འགྱུར་བའི་ཕྱི་རོ།། དགའ་པའི་སྦྲུལ་ཞེས་བྱ་བ་ནི། འདི་རྣམས་ཀྱིས་འདུས་བྱས་པའི་བཅུདྲ་ཏེ་དཀའ་བའི་སྦྲུལ་དུ་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། རྨའི་ཁྲིག ་ཅེས་བྱ་བ་ནི་ཁྲག་གོ།། དྷཱ་སྔུ་ར་ཞེས་བྱ་བ་ནི་དེའི་ཁུ་བའོ།། ཡུང་བའི་ཤིང་ནི་ཡུང་པ་ནག་པོ་སྟེ། དེའི་ཁུ་བ་ཞེས་བྱ་བར་ཤེས་པར་བྱའོ།། འདི་རྣམས་ཀྱིས་འདུས་བྱས་པའི་བཅུད་ནི་དཀའ་བའི་སྦྲུལ་དུ་འགྱུར་རོ།། ཞེས ་བྱ་བའི་དོན་ཏེ།། གང་དུ་དོ་དེ་ལྟ་བུར་ཞེ་ན། སྐྲ་དཀར་གྱི་སྐྱོན་ཀུན་རྗེས་སུ་འཆིང་པ་དང་ཞེས་བྱ་བ་གསུངས་སོ།། རྒས་པ་དང་མཛེ་ཡཽས་ཡོངསུ་ཟིན་པ་རྣམས་ལ་ཞེས་བྱ་བ་ནི། རྒས་པ་དང་མཛེ་ཡིས་ཟིན་པ་ལའོ།། ་རྣོན་པོ་ལ་སོགས་པའི་རྩུབ་པས་ནང་ལ་ཉེ་བར་བྱུགས་ནས། དེའི་ཆུ་མིས་བཀྲུ་བ་དང་། མཉེ་བར་བྱས་ན། དེ་ནས་དེ་གཉིས་ཞི་བར་འགྱུར་རོ།། དེའི་ཕྱིར་རྣོན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་མ་ཞུ་བ་ཞེས་བྱ་བ་ལ་སོགས་པ་ནི་མ་ཞུ་བའི་ནང་ལ་རྣོན་པོའི་རྩུབ་པས་རབ་ཏུ་བྱུགས་ཤིང་དེའི་སྐད་ཅིགྲ་ལ་དེའི་ཆུ་སཽ་དཀྲུ་བ་དང་། བ་ལང་གི་ལྕེའི་ཁུ་བས་མཉེས་པའི་བཅུད་ཀྱི་མེ་ལ་གདུང་བ་ལ་སོགས་པ་དང ་བཅུད་མཉེས་ན། དེ་ནས་དེ་འཇིག་པ་ཡིན་ནོ།། ལས་ཀྱི་ལྟོ་བ་ལས་སྐྱེས་པ་དང་མ་རྒས་པ་ལཱ་ཞེས་བྱ་བ་ནི། ལས་ཀྱི་ལྟོ་བ་ལས་སྐྱེས་པ་མ་རྒས་པ་ནི་ནང་དང་བྲལ་བ་བླང་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། བཅུད་དང ་བཅུད་ཀྱིས་ལེན་གྱི་རིམ་པ་ཞེས་བྱ་བ་ལ། བཅུད་ནི་རབ་ཏུ་གྲགས་སོ།། བཅུད་ཀྱིས་ལེན་ནི་སྤྲིན་ལ་སོགས་པའོ།། འདིར་སྨྲས་པ་བཅུད་དང་བཅུད་ཀྱིས་ལེན་གྱི་གཟུགས། ལས་ཀྱི་ལྟོ་བ་ལས་སྐྱེས་པ་ཡིནོ་ཞེས་བྱ ་བར་དགོངས་པའོ།། འབྲུ་མར་དང་རུ་སྐྱེས་ཤྲཱི་སཱི་བྱ་བཱ་ལ། འབྲུ་མར་ནི་འབྲས་པུ་ལས་བྱུང་བ་དང་ཤ་ལས་སྐྱེས་པའོ།། རུས་པྲ་ལས་སྐྱེས་པ་ནི་མར་དང་གླད་པ་ལྔ་སོགས་པ་སྟེ། དེ་དག་གི་ནང་དུ་བཙུད་ཀྱི་ལེན་ལ། ཤ ་ལས་སྐྱེས་པ་ལ་སོགས་པ་བསྔགས་སོ།། ཤི་རཱི་ཥའི་རྩ་བ་འམ། ཟད་པ་ཞེས་བྱ་བ་ནི། གསེར་གྱི་འདབ་མོ་ཟད་པའི་བཅུད་དེ་ལ། མེ་ལ་གནས་པ་ན་ཤི་རཱི་ཥའི་རྩ་བའི་ཁུ་བོ་སྦྱིན་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ་འམ་གྱི་སྒྲས་ནི་སྤྲིན་ལ་སོགས་པའི་འདབ་མ་ཟད་པར་ཞེས་བྱ་བར་བལྟ་བར་བྱའོ།། འདྲི་ཅིའི་དོན་དུ་ཞེ་ན། བྲི་ཧ་ན་ཞེས་བྱ་བ་གསུངས་པ་ནི། འཕོ་བ་ཞེས་བྱ་བའི་དོན་ཏེ།། གང་དུ་ཞེ་ན། དམར་པོའི་བཅུད་ཀྱིས་ལེན་བརྒྱ ་བར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསེར་གྱི་ལོས་ནི་གསེར་དང་གསེར་གྱི་ཕ་བང་གི་ཚེ་ལོང་དང་། གཱསཽར་གྱི་བ་ཙཱ་གུ་ཆན་དང་། བ་བླའི་འདབ་མ་ཟད་པ་ན། བཅུད་ཀྱིས་ལྡན་དམར་པོར་འགྱུར་རོ།། ་དེ་དང་བརྒྱལྔ་པར་འགྱུར་བ་ནི་འཕྲོ་བར་འགྱུར་བ་སྟེ། ཤི་རཱི་ཥའི་རྩ་བའི་ཁུ་པས་ཞེས་བྱ་བར་དགོངས་པའོ།། ཁུ་བའི་ཚད་ཀྱང་ཅི་ཞེ་ན། རིགས་པས་ཞེས་གསུངས་ཏེ། ཤི་རཱི་ཥོའི་རྩེ་བའི་ཆ་ལྔ་དང་ལྡན་པའི་ཁུ་བ ་ཞེས་བྱ་བའི་རིགས་པས་སོ།། མགོའི་རུས་པ་ལས་སྐྱེས་པ་ཞེས་བྱ་བ་ནི། བཅུད་གསུང་པོ་དང་ཕྱིར་གསོ་བ་དང་བརྒྱལ་བ་རྣམས་ལ་རྫས་བཞུ་བ་རྣམས་སུ། རི་བོ་མཛེས་པ་ལ་སོགས་པ་དང་། གླང་པོ་སྐྲ་ལ་སོགས ་པ་དང་འཛག་པ་ལ་སོགས་པ་དང་། ཡང་གི་རོ་ཤོ་བྷ་ནར་ལ་སོགས་པའི་འདབ་མ་ལ་སྩོགས་ལས་སྐྱེས་པའི་ཁུ་བ་གཟུང་ངོ་ཞེས་བྱཱ་བའི་དོན་ཏོ།། ལམ་དུ་ཤིན་ཏུ་འཁྲུ་བ་ན་འབྲས་བུ་ཞེས་བྱ་བ་ལ། ཤིན་ཏུ་འཁྲུ་བ་ནི ་འཁྲུ་བ་དང་རབ་ཏུ་འཁྲུ་བ་དང་། ཤིན་ཏུ་འཁྲུ་བ་རྣམས་ཏེ་ལ་མ་དེར་གྱུར་པའི་བཅུད་ཀྱི་འབྲས་བུའོ།། པ་ལང་གྱི་ནུ་མའི་རྣམ་པའི་ཀྱང་བུ་མར་ཁུས་བཀང་བ་ལ་པཾ་སྲོས་པ་དང་བཏགས་པ་དང་དཀྲུགས་པའི་བཅུང ་བླུགས་ཏཱཾ་བཞག་པ་རུ་བྱའོ།། དེ་ལ་བཱང་ག་དང་། ཞ་ཉེ་ཅུང་ཟད་དང་ལྡན་པའི་གསེར་བྱིན་ན་སཱ་འཁྲུ་བར་བྱའོ།། རབཱ་ཏུ་འཁྲུ་པཱུ་ལ་སོགསྔ་པ་ནི་གཞན་དུ་ཡང་བལྟ་བར་བྱའོ།། མི་ཉམ་པའི་ཤིན་ཏུ ་ཆའི་ནང་དུ་ཞེས་བྱ་བ་ནི། སྨན་ནི་དུག་ཡིན་ནོ།། ཤིན་ཏུ་ཆའི་ནང་དུ་ཞེས་བྱ་བ་ནི། མངོན་པར་འདོད་པ་མ་ཡིན་པའི་ཆ་སྟེ། བཙུད་དེ་ཉིད་དུག་ཡིན་ནོ།། ཁ་ཅིག་ན་རེ་སྨན་ལྔ་འགྱུར་གྱི་ཁུ་བོ་བྱིན་ན་ཞེས་ཟེར་རོ།། ་ཆུ་སྐྱེས་ཞེས་བྱ་བ་ནི། མེ་ཏོག་དང་ཤུན?་པ་ལ་སོགས་པའི་སྨན་རྣམས་སོ།། མཁྲིས་པ་དང་བད་ཀན་དང་རླུང་རྣམས་ལ། ཁ་པཾ་དང་བསྐུ་བ་དང་མངར་པ་རྣམས་རབ་ཏུ་སྦྱར་པོ་ནི་ཤུན་པ་ལ་སོགས་པོ་སྟེ་འདིའི་དོན་ཏོ།། ་ཚཆ་བ་དང་སྐྱུར་པོའི་ཚུལ་ཞེས་བྱ་བ་ནི། བང་ཀན་ཅན་ལ་ནི་ཚ་བ་དང་། སྐྱུར་བའི་ཆུ་ཡང་ངོ་།། རླུང་ཅ་ཊུ་དང་མཁྲིས་པྲ་ཅན་ལ་ཆུ་བསྐོལ་ཉིད་དོ།། ཁ་ཅིག་ན་རེ་ཤུན་པོ་ལ་སོགས་པ་དང་མངར་བ་ལ་སོགས་པའི་སྨན ་གྱི་ཁུ་བྱ་བརྩེ་བ་ཆེན་པོ་རུ་ཞུགས་བླའི་བཅུད་ལ་བླུགས་སྷོ་ཞེས་ཟེ་རོ།། ལོང་པཱ་ཞེས་བྱ་བ་ལ་སྩོགས་པ་ནི། ལོང་བཱ་རུ་ཡོངས་སུ་བརྩེ་བ་དང་། དམའ་བར་བསྲེག་པ་དང་། གསད་པ་དང་། འཁོར་བ་ཞེས་བྱ་བ་ནི ་སའི་སྦྱོར་བ་སྟེ། འདི་དག་ལ་སོགས་པའི་སྒོང་བུའོ།། འདི་དག་གི་སྙིང་བུ་རྣམས་ལ་བརྩེ་བ་ལོ་གླང་པོའི་ཁུ་པ་བཅུད་ལ་སྦྱིན་ནོ་ཞེས་བྱ་བ་ནི། ཚུ་ལ་བརྟེན་པ་ཞེས་བྱ་བ་གསུངས་ཏེ། ལྷག་མ་ནི་གོ་སླའོ།། མཉེ་ནས་བྱ་བ ་ནི་བཏགས་པ་འམ་དཀྲུག་པས་བཅུད་ཡོངས་སུ་དག་པར་འགྲོའོ་དེ་བཞིན་དུ་གསུངས་པ། མ་བ་སྨོས་རྣོན་པོར་འགྲོ་བ་མིན།། མ་བཏཱ་གཱ་ས་དྲི་མ་མེད་མ་ཡིན།། མ་ཞུ་སྟོབས་ནརི་རྙེད་མི་འགྱུར།། མ་ཟད་བཅུ་དྲ་ནི ་བཅིང་མི་འགྱུར།། ཞེས་བྱ་བ་ལ་སོགས་པའོ།། རྡུལ་རྣམས་ཞེས་བྱ་བ་ནི། བརྒྱད་བཏུགས་པའོ།། སྤྲོ་བར་བྱ་བ་ནི་སྐྱོན་སྤང་བ་ཞེས་བྱ་བའི་དོན་ཏོ།། དེ་ལས་བརྩ་བ་ལ་སྦྱོར་བ་ནི། རྣོན་པ་དང་ཤིན་ཏུ་ལྡན་པའི་བརྩེ ་བ་རྣམས་ཀྱིས་ཞེས་བྱ་བ་གསུངས་ཏེ། བརྩེ་བ་ལ་རྣོན་པོར་བྱའོ།། ཞེས་བྱ་བའི་དོན་ཏོ།། ངེས་པར་མི་མཐུན་པའི་བློ་རྣམས་ཀྱིས་བཏགས་པར་བྱ་ཞེས་བྱ་བ་ནི། ཀུན་ཏུ་བཏོགས་པར་བྱེད་པ་མི་འདྲ་བའི་བློ་རྣམས ་ཀྱི་རིམ་པས་མཉེ་བར་བྱེད་པ་རྣམས་ནི་འཐག་པ་ཡིན་ནོ།། དག་པའི་རྣམ་པའི་ཚྭ་དང་ཞེས་བྱ་བ་ནི། ཉིད་པ་ལ་སོགས་པསུ་དག་སྟེ། ཁྱད་པར་དུ་འཕག་ས་པའི་ཆའོ།། དེ་ཉིད་ཆ་གཞན་དུ་མ་ཞུགས་པའི ་ཕྱེ་ཚྭ་ལས་སོ།། དེ་ལ་བསྒྲིབས་པའི་ནི་བཅུད་ཀྱི་སྟེ། ཚིག་ཁྱད་པར་དུ་བལྟ་བར་བྱའོ།། སྟེ་ཞེས་བྱ་བ་ནི་གཱང་གཱི་ཕྱིར་ཞེས་པའི་དྲོན་ཏོ།། སྐྱོན་ལྟུང་བ་མེད་པར་ནི་མ་ཡིན་ཞིང་། ཚ་གཞན་ཡང་ཆ་དང་ལྡན་པ་རཱིའི ་ཕྱི་མ་ཞེས་བྱ་བ་ནི། རིའི་ཕྱི་མ་བཏགས་པ་ལ་སོགས་པས་སྐྱོན་ལྟུང་བ་མེད་པར་ནི་མ་ཡིནོ།། གཞོན་གྱི་ཆའི་མཛེས་པ་ནི་གང་ཞིག་ཆ་དེ་དོང་ལྡན་པ་ནི་བཅུད་ཡིནོ་ཞེས་བྱ་བར་དགོངས་པའོ།། དེར་ཞེས་བྱ་བ་ནི ་བཏགས་པ་ལ་སོགས་པ་བྱས་པར་གྱུར་པའོ།། རྣམ་པ་སོ་སོའི་ལམ་ཡང་དག་པར་དགོང་ནས་ཞེས་བྱ་བ་ནི། སྣ་ཚོགས་པའི་རྣམ་པས་སོ་སོ་སོ་སོར་ལས་རྣམས་ཞུ་བ་ལ་སོགས་པ། ་བཀོད་ནས་བཅུད་ཡང་དག་པརཱ་བསྒྲུབ་པར་བྱའོ་ཞེས་བྱ་བར་དགོངས་པའོ།། ཇི་ལྷུ་རུ་ཞེ་ན། ཚྭ་གེ་ཙམ་གྱིས་ཞེས་གསུངས་ཏེ། ཆོ་ག་ནི་སྨན་རྣམས་སོ།། དེ་རྣམས་ཀྱི་ཙམ་ནི་ཚ་ངོ་།། ཀྱོང་བྲུ་ནི་གང་གི་ཆ ་བརྩེ་བས་ཟད་པར་གྱུར་པ་དེའི་ཚེའི་གྲོ་མགྱོགས་ལ་སོགས་པ་རྣམས་ཀྱིས་བྱའོ་ཞེས་བྱ་བ་ནི། འགྲོ་མགྱོགས་ལ་སོགས་པ་གསུངས་ཏེ་གོ་སླའོ།། དེར་ཞེས་བྱ་བ་ལ་སོགས་པས་ནི་ཤེས་རབ་ཀྱི་འགྲོ། ་བའི་བྱ་བ་གསུངས་པ། བུད་མེ་རྣམས་ཀྱི་བསམ་པའི་ཁྱད་པར་གོ་བར་བྱ་བ་ལ་དེའི་ཡིད་ཀྱི་སྦྱོར་བར་སྦྱར་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཡིད་ཀྱི་སྦྱོར་བ་ནི་ཤིང་ལས་བྱས་པའི་རྡོ་རྗེའོ།། སོ་སོ་སོ་སོར་བྱ་བ ་ཞེས་བྱ་བ་ནྟི། རྩ་སོ་སོ་སྟེ་གང་ཟག་གོ།། གཅིག་དང་གཉིས་དང་མང་པོའི་དོན་རྣམས་ལ་ཞེས་བྱ་དཱ་ནི། གྲ་ཅིག་དང་གཉིས་དང་སྲྀམྦྷ་འགྱུར་དུ་གཞུག་པར་བྱ་བའི་དོན་རྣམས་ལའོ།། སྤྲིན་བཅིངས་པ་ཞེས་བྱ་བ་ནི། ་བཅུད་དང་སྤྲིན་བཅིང་བ་ལྷག་པར་ཡང་འབྲས་བུ་ཡིནོ་ཞེས་བྱ་བར་དགོངས་པའོ།། བཅུད་ཆེན་པོའི་ཤིང་ཞེས་བྱ་བ་ནི་བཅུད་དེ་ཉིད་ཤིང་དུ་གྱུར་པའོ་ཞེས་བྱ་བར་དགོངས་པའོ།། ཐམས་ཅད་ཉེ་བར་དགོད་པའི ་ལམ་གྱིས་ཤེས་བྱ་བ་ནི། ཉེ་བུའི་ལོངས་སྤྱོད་ཐམས་ཅད་རྗེས་སུ་བཙལ་བས་གང་གི་བཅུད་ཀྱི་ཤིང་རྫོགས་པ་དེའོ།། བྱེད་པ་ནི་གཞན་གྱི་དོན་གྱིའོ།། ལྗོངས་སྤྱོད་ནི་རང་གི་དོན་གྱིའོ།། རྒྱ་མོ་ཚོ་ལྟ་རཱ་ཞེས་བྱ་བ་དེ་ནི ་བཅུད་ཀྱི་ཤིང་ངོ་།། འོ་མའི་མཚོ་ལྟ་བུར་ལྷོ་ཡིས་བསྲུབས་པ་སྟེ། ཇི་ལྟར་དེ་ལས་བསྲུབས་པ་ལས་བདུད་རྩི་དང་། པ་རི་ཛཱ་ཏ་དང་། ལ་ཀྵི་ལ་སོགས་པ་ཉེ་བའི་ལོངས་སྤྱོད་ཆེན་པོ་བྱེད་པའི་རྫས་སྐྱེས་པ། དེ་བཞིན ་དུ་བཅུད་བསྲུབ་པ་ལ་བཞུ་བ་ལ་སོགས་པས་བསྒྲུབས་པས་བཅུད་གྲུབ་པ་ནི། སུམ་ཅུ་རྩ་གསུམ་པའི་བདག་པོའི་མདུན་ནས་པཱ་རི་ཛ་འང་བླང་བཱ་ར་ནུས་སོ།། སྟོབས་ལྡན་མ་གཟུང་བའི་གྲཝནས་ཞེས་བྱ་བ་ནི། ་ཡན་ལག་ཅན་ནུས་པའོ།། གཟུང་བ་ནི་བདག་གིར་བྱེད་པའོ།། རྫུ་འཕྲུལ་གྱི་ཆ་ཞེས་བྱ་བ་ལ། རྫུ་འཕྲུལ་ནི་ན་མཁའ་ལ་སོགས་པར་འགྲོ་བུའོ།། དེའི་དོན་དུ་ནཱ་ནི་སྨན་གྱི་ཁུ་བ་ལ་སོགས་པའི་ཆའོ།། རྫས་ཀྱི་ཟད ་པའི་བཅུད་ཀྱི་མཚནཱ་ཉིད་ནི་རྨ་བྱ་ཞེས་བྱ་བ་ལ་སོགསཾ་པཱ་གསུངས་ཏེ། རྨ་བྱའི་རྣམ་པ་དང་། སྦྲུལ་གྱི་རྣམ་པ་དང་། སྤྲུལ་པ་དང་ཆུ་འཛིན་གྱི་འགྲོ་བ་ཞེས་བྱ་བ་ནཱཾ། འགྲོ་བ་ཡིན་ནོ།། སཱ་ལུའི་དྲི་འདོད་པ་དང་ཞེས་བྱ་བ་ནི། ་སཱ་ལུ་སས་སྐྱེས་པའི་དྲིའོ།། ཚང་ནོ་ཆེན་པོ་ཞེས་བྱ་བ་སྟེ་དྲི་ཞིམ་པའོ།། གཉིས་ཀྱི་ཆ་དང་། གསུམ་གྱི་ཆེ་ཞེས་བྱ་བ་ནི། གཞན་རྣམས་ལས་གཉིས་ཀྱི་ཚེ་ལ་སོགས་པས་གང་གི་རྀ་སླད་དུ་གྱུར་པ་དེ་གཞན་དུ ་སྐྱོན་བརྒྱད་ཅུ་ཞེས་བྱ་བ་ནི། གཞན་དུ་བརྒྱད་ཅུ་ཞེས་བྱ་བའི་གྲངས་སྤྲིན་གྱི་སྐྱོན་རྟོགས་ནས་སྔོན་པོ་ཉིད་བཅུད་བཟའ་བར་བྱ་བའི་ཆོ་ག་ལ་ན་མཁའ་གཟུངས་ངོ་ཞེས་བྱ་བར་དགོངས་པའོ།། ་བརྒྱད་ཅུ་ཞེས་བྱ་བ་ནི་མང་པོར་མཚོན་པ་སྟེ་ལྷག་མ་ནི་གོ་སླའོ།། འདི་ལྟར་ཡང་འདི་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི་རིམ་པས་འཆད་པར་འགྱུར་བ་ཉིད་དོ།། བཅུད་ཀྱིས་ལེན་གྱི་ཆོ་ག ་བརྗོད་པར་བྱེད་པ་སྟེ་ལེའུ་བཅུང་དུན་པའོ།། ། འདི་ནི་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་བདུན་པའོ།། ། འདུ་བ་གཏན་ལ་ཕབ་པའི་ལེའུ་གསུངས་པ།། ་དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ།། གོང་གི་ཕྱིར་རྣལ་འབྱོར་མ་རྣམས་ལ་གསོལ་བ་བཏབ་པ་དེའི་ཕྱིར་གཏན་ལ་ཕབ་པ་རབ་བཤད་བྱ་ཞེས་བྱ་བ་དང་སྦྱར་བར་བྱའོ།། སྦས་པ་ཞེས་བྱ་བ་ནི་གསང་བྱའོ།། གང་དུ་ཞེ་ན། ་རྒྱུད་རྣམས་སུ་ཞེས་བྱ་བ་གསུངས་ཏེ། རྒྱུད་གཞན་རྣམས་སུའོ།། ཆོ་ག་འདི་ནི་ཞེས་བྱ་བ་ནི། གཱ་ཏོ་རོ་མ་དང་མཆོད་པའི་ཆོ་ག་སྟེ། དེ་བ། དཀྱིས་བྱ་བ་དང་འབྲེལ་ཏོ།། ཅི་དང་འདྲ་ཞོ་ནཱ། བསྒྲུབ་པ་པོ་ཞེས་བྱ་བ་གསུངས ་ཏི་མངོན་པར་འདོད་པ་སྒྲུ་གསུ་སོ།། རོ་ལྟར་ཡང་མཉམ་པར་སྦྱོར་བ་ནི་འདྲ་བའི་གནས་རེ་ཞིག་ཉོན་ཅིག་པའོ།། འི་མཆོག་ཏུ་ཞེས་བྱ་བ་ནི། སྡོམ་པའི་རྒྱུ་ཕྱི་མ་རྣམས་ཏེ། ཡང་དག ་པར་སྦྱོར་བ་དང་། ཀུན་ཏུ་སྤྱོད་པ་ལ་སོགས་པ་རྣམསོ།། ཡང་ན་སྡོམ་པའི་མཆོག་ནི་སྡོམ་པའི་མཆོག་ཁོ་ན་སྟེ། མང་པོའི་ཚིག་ནི་གུས་པའི་ཕྱིར་རོ།། གནས་སོགས་དང་མཁའ་འགྲོ་མས་ཞེས་བྱ་བ་ནི། གནས ་དང་ཉེ་བའི་གནས་ལ་སོགས་པར་གང་ཞིག་མཁའ་འགྲོ་དེ་རྣམ་སེ་སོ།། ཀུན་ཁྱ་བ་མ་ཞེས་བྱ་བ་ནི། ཐམས་ཅད་དུ་ཁྱབ་པར་བྱེད་མ་རྣམས་སོ།། ཡུལ་དང་ཡུལ་དུ་ཞེས་བྱ་བ་ནི། པུལླི། ར་ལ་སོགས་པའི་ཡུལ་ལའོ། ་རང་གི་སྐྱེས་གྲནས་ཞེས་བྱ་བ་ནི། བྲམ་ཟེ་ལ་སོགས་པའི་སྐྱེ་གནས་རྣམས་ལའོ།། རྡོ་རྗེ་དཀྱིལ་འཁོར་གཱནྡོ་མོ་ཉིད་ཅེས་བྱ་བ་ལ་སོགས་པ་ནི། ཐུགས་ལ་སོགས་པའི་འཁོར་ལོ་ལ་གནས་པ་རབ་གཏུམ་མ ་ལ་སོགས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་ཞེས་བྱ་བའི་དོན་ཏོ།། མདོར་བསྡུས་ནས་རྣལ་འབྱོར་མ་དྲུག་གི་རིགས་ལས་བྱུང་བའོ།། ཀུ་ལུ་ཏཱ་ལ་སོགས་པར་གནས་པ་ཞེས་བྱ་བ་ནི། དྲུག་ཅེས་བྱ་བ་ལ་སོགས་པ་གསུང ་པའོ།། སྒྲུབ་པ་པ་ཞེས་བྱ་བ་ནི། དེ་ནི་རྣལ་འབྱོར་མི་སྒྲུབ་པ་པོས་ཤེས་པར་བྱེ་པར་རིགས་པས་ཤེས་པར་བྱའོ།། ཀླ་ཀློའི་སྐད་ཀྱིས་གསུངས་པ་ཉིད་ཅེས་བྱ་བ་ནི། དེ་རྣམས་ཀྱི་བརྡའི་སྐད་ཀྱི་གསུངསོ་ཞེས་བྱ་བའི་དོན ་ཏོ། མ་མི་ཞེས་བྱ་བ་ནི་ཕག་མོའི་རིགས་ལསོ་བྱུང་བའོ།། རིགས་ཀྱི་གཙོ་མོ་ཞེས་བྱ་བ་ནི། འགྲོ་བྱེད་མའི་རིགས་ལས་བྱུང་བ་དག་གོ།། རིགས་ཀྱི་ལྷ་མོ་ཞེས་བྱ་བ་ནི་རྨོངས་བྱེད་མའི་རིགས་ལས་བྱུང་བ་དག་གོ། བྱིས ་བཅས་མ་ཞེས་བྱ་ནི། སྐྱོད་བྱེད་མིའི་རིགས་ལས་བྱུང་བ་དང་གོ། བུ་མོ་གང་ལྷན་ཅིག་སྐྱེས་པའི་གཟུགས་ཅན་མ་ཞེས་བྱ་བ་ནི། སྐྲག་བྱེད་མའི་རིགས་ལས་བྱུང་བ་དག་གོ།། པརྟུལ་ཞུགས་འཛིན་མ་ཤ ་ཆ་མ་ཞེས་བྱ་བ་ནི། གཏུམ་བྱེད་མའི་རིགས་ལོས་བྱུང་བ་དག་གོ། སྦོམ་པོའི་དབང་ཕྱུག་ཉིད་དུ་དུ་མ་སྐྱེས་མ་ཞེས་བྱ་བ་ནི། ཡང་རྡོ་རྗེ་ཕག་མོ་རིགས་ལས་བྱུང་བ་དག་གོ། གདོལ་པ་ལས་སྐྱེས་བུད་མེད་རྣམས་ཞེས་བྱ་བ་ནི། འགྲོ ་བྱེད་མའི་རིགས་ལས་བྱུང་བ་དག་གོ། བུ་མོ་ཆེན་མོ་རྣམས་ཞེས་བྱ་བ་ནི་རྨོངས་བྱེད་མའི་རིགས་ལས་བྱུང་བ་དག་གོ། གང་ཞིག་བུ་མོ་རྣམས་སུ་བརྗོད་ཅེས་བྱ་བ་ནི། སྐྱོང་བྱེད་མའི་རིགས་ལས་བྱུང་བ་དག་གོ། མཁའ་འགྲོ་དམ ་པའི་དབང་ཕྱུག་མ་ཞེས་བྱ་བ་ནི། སྐྲག་བྱེད་མའི་རིགས་ལས་བྱུང་བ་དག་གོ།། དེ་བཞིན་དུ་ཞེས་བྱ་བ་ནི། གཽ་ཏུ་མ་བྱེད་པའི་རིགས་ལས་བྱུང་བ་དག་གོ།། པ་ན་ཙ་ལྀའི་ཡུལ་དོག་ད་ཞེས་བྱ་བ་ནི། མཱ་ལ་བེའོ།། གང་བའི་རི་ཞེས་བྱ་བ་ནི། ་པུལླཱི་ར་མ་ལྀ་ཡའོ།། ཡང་རྣམ་པར་དབྱེ་བར་བྱ་སྟེ། ཀུ་ལུ་ཏཱ་དང་། མྱ་ང་མ་དང་། ཡི་དགས་ཀྱི་གྲོང་དང་ཏྲི་ཤ་ཀུ་ནེ་རྣམས་ལ་ཕག་མོའི་རིགས་ལས་བྱུང་བ་རྣམས་སོ།། སིནྣ་དང་ན་ག་ར་དང་། གང་བའི་རི་དང་། འབར་བ་འཛིན ་པ་རྣམས་ལ་ནི། འགྲོ་བྱེད་མའི་རིགས་ལོས་བྱུང་བ་རྣམས་སོ།། ལམ་པཱ་ཀ་དང་། ཟླ་བའི་ཡུལ་འཁོར་དང་། ཨོ་དྲེ་དང་འདོད་པའི་གཟུགས་རྣམས་ལ་རྨོངས་བྱེད་མའི་རིགས་ཀྱི་ལས་བྱུང་བ་རྣམས་སོ།། ཁ་བའི་རི་དང་ཀཱཉྩི་དང་། ་ལྷ་མོའི་མཁར་དང་། དགའ་བའི་དབང་ཕྱུག་རྣམས་ལ་སྐྱོད་བྱེད་མའི་རིགས་ལས་བྱུང་བ་རྣམས་སོ།། པ་ན་ཙ་ལ་དྲང་། ཁྱིམ་གྱི་ལྷ་དང་། བའི་མཆོག་སྦྱིན་དང་། ཨརྦུང་རྣམས་ལ་སྐྲག་ཕྱེད་མའི་རིགས་ལས་བྱུང་བ་རྣམསོ།། ་ཀ་ལིངྒ་དང་། ཀོ་ས་ལ་དང་། གསེར་གླིང་དང་། ཨུ་ནྱན་རྣམས་ལ་གཏུམ་བྱེད་མའི་རིགས་ལས་བྱུང་བ་རྣམས་སོ།། རྣལ་འབྱོར་མ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། ཡུལ་འདི་རྣམས་སུ་བུ་མོ་གང་ཞེས་བྱ་བ་ནི། དུས་ཐམས ་ཅད་དུ་ལོའི་ཚད་མེད་པའི་ཕྱིར་རོ།། དཔའ་བོ་དང་ནི་གཉིས་མེད་ཁྱབ་ཅེས་བྱ་བ་ནི། རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དང་། དཔའ་བོ་གཉིས་སུ་མེད་པར་ཁྱབ་པའི་ཕྱིར། དཔའ་བོ་དང་ནི་གཉིས་མེད་ཁྱབ་ཅེས་བྱ་བ་ནི། དང་པོའི ་མང་པོའི་ཚིག་ཕྱིས་པའོ།། འཁོར་ལོ་གསུམ་དུ་བསྒྱུར་བའི་ཉི་ཤུ་རྩ་བཞི་ཐབས་དང་བཅས་པའི་དོན་ཏེ། འདིས་ནི་ཕྱི་དང་ནང་གི་ཡུལ་རྣམས་ལ། རྣལ་འབྱོར་མ་ཕག་མོ་ལ་སོགས་པ་རྣལ་འབྱོར་མ་དྲུག་གི་རིགས་ལས ་བྱུང་བའི་ཐབས་དང་བཅས་པའི་ཉི་ཤུ་རྩ་བཞིའོ།། འདི་ལྟར་ཡང་པུལླི་ར་མ་ལ་ཡ་དྲང་། འབར་བ་འཛིན་པ་དང་། ཨུ་ཌྱ་ན་དང་། ཨ་ར་བུ་དང་། བའི་མཆོག་སྦྱིན་དང་། དགའ་བའི་དབང་ཕྱུག་དང་། ལྷ་མོའི་འཁར་དང་། ་མཱ་ལ་བ་དང་། འདོད་པའི་གཟུགས་དང་། ཨ་ཊེ་དང་། ཏྲི་ཤ་ཀུ་ནེ་དང་། ཀེ་ཤ་ལ་དང་། ཀ་ལིངྒ་དང་། ལམ་པ་ཀཱ་དང་། ཀཉྩི་དང་། ཁ་བའི་གནས་དང་། ཡི་དགས་ཀྱི་གྲོང་དང་། ཁྱིམ་གྱི་ལྷ་དང་། ཟླ་བའི་ཡུལ་འཁོར་དང་། གས ་གླིང་དང་། ན་གཱ་རཱ་དང་། སིནྡྷུ་དང་། མྱ་ང་མ་དང་། ཀུ་ལུ་ཏཱ་རྣམས་སོ།། འཁོར་ལོ་གསུམ་གྱི་རིམ་པས་ཡང་བལྟ་བར་བྱའོ།། རབ་ག་ཏུམ་མ་དང་གཏུམ་མིག་མ་དག་ནི་ཕག་མོའི་རིགས་ལས་བྱུང་བ་དག ་གོ་ཆང་འཚོང་མ་དང་། འཁོར་ལོའི་གོ་ཆམ་སི་དག་ནི། རྨོངས་བྱེད་མ་དང་གཻ་ཏུམ་བྱེད་མའི་རིགས་ལས་བྱུང་བ་དུག་གོ། དཔའ་བོའི་བློ་གྲྀས་མ་དང་། མི་ཐུང་མཱ་དག་ནི་སྐྲག་བྱེད་མཱ་དང་སྐྱོང་བྱེད་མའི་རིགས་ལས་བྱུང་བ ་དག་གོ། ལང་ཀའི་དབང་ཕྱུག་མ་དང་ཤིང་གྲིབ་མ་ནི། སྐྱེད་བྱེད་མ་དང་སྐྲག་བྱེད་མཽའི་རིགས་ལས་བྱུང་བ་དག་གོ། ས་སྲུངས་མ་དང་། འཇིགས་བྱེད་ཆེན་མོ་ནི། རྨོངས་བྱེད་མའི་རིགས་ལས་བྱུང་བ་དག་གོ། རླུང་གི། ་ཤུགས་མ་དང་ཆང་འཐུང་མ་ནི། ཕག་མོ་དང་གཏུམ་བྱེད་མའི་རིགས་ལས་བྱུང་བ་དག་གོ།། ལྷ་མོ་སྡེ་བསངས་མ་དང་། ཤིན་ཏུ་བཟང་མོ་ནི་གཏུམ་བྱེད་མ་དང་། རྨོངས་བྱེད་མའི་རིགས་ལས་བྱུང་བ་དྲག་གོ། རྟ་རྣམ ་དང་། མཁའ་འགྲོའི་གདོང་མ་ནི་སྐྱོད་བྱེད་མའི་རིགས་ལས་བྱུང་བ་དགོ། འཁོར་ལོའི་ཤུགས་མ་དང་། དུ་མ་སྐྱེས་མ་ནི་ཕག་མོ་དང་སྐྲག་བྱེད་མའི་རིགས་ལས་བྱུང་བ་དག་གོ། ཆང་འཚོང་མ་དང་འཁོར་ལོའི་གོ་ཆ་དག་ནི། ་རྨོངས་བྱེད་མ་དང་གཏུམ་བྱེད་མའོ་རིགས་ལས་བྱུང་བ་དག་གོ།། ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མ་ནི་འགྲོ་བྱེད་མའི་རིགས་ལེས་བྱུང་བ་དག་གོ།། འཁོར་ལོ་སྒྱུར་མ་དང་། བརྩོན་ཆེན་མ་ནི་ཕག་མོའི་རིགས་ལས ་བྱུང་བ་དག་གོ། འདི་རྣམས་ནི་རྣལ་འབྱོར་མ་དྲུག་པོ་རྣམས་ཀྱི་རབ་གཏུམུ་ལ་སོགས་པའི་རིགས་རྣམས་ལ་ཀུན་ཏུ་སྤྱོད་མ་རྣམས་སོ།། འདོད་པའི་གཟུགས་ཅན་ཞེས་བྱ་བ་ནི་བཞེད་པའི་གཟུགས་འཛིན་པའོ།། དེ་ཉིད་ཀྱི་ཕྱིར ་དང་ཡིད་མགྱོགས་ཤེས་བྱ་བ་ནི། ཡིད་ཀྱིས་མགྱོགས་མ་ནི་གང་དགྲ་གི་ཡིད་ཀྱིས་འགྲོ་བ་སྟེ་དེ་དེ་བཞིན་ནོ།། མྱ་ངནི་འདས་ཕྱིར་རོ་ཞེས་བྱ་བ་ནི། འཁོར་བ་ཉིད་མྱ་ངན་འདས་པའི་ངོ་བོ་སྟེ། ལྷག་མ་ནི་གོ་སླའོ།། རྣལ་འབྱོར ་མ་ལྔ་དེ་ཉིད་ཆེ།། ལས་རྣམས་ཐམས་ཅད་རབ་བསྒྲུབ་མ་ཞེས་བྱ་བ་ནི། རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་ལྔ་རྣམས་ཉིད་དོ།། དེ་ཉིད་ཚེ་ཞེས་བྱ་བ་ནི། ཤིན་ཏུ་རྣམ་པར་དག་པ་ལ་སོགས་པའི་ཡེ་ཤེས་སོ།། དེས་ན ་ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི། ཞི་བ་ལ་སོགས་རྣམས་སོ།། སྒྲུབ་པར་བྱེད་པ་ནི་དེ་བཞིན་དུ། དྲུག་པོ་ནག་པོ་ལ་སོགས་པ་འདི་དག་རྣམས་པར་བསྒོམས་ནས་དགུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུང ་རྣལ་འབྱོར་གསུངས་པ། རྣལོ་འབྱོར་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་དཀྱིལ་འཁོར་རྒྱལ་མི་ཆེ།། རྡོ་རྗེ་དབང་ཕྱུག་གཙོ་ཞེས་བྱ་བ་ནི། དཔའ་བོ་དང་སྙོམས་པར་ཞུགས་པོའི་རྣལ་འབྱེར་མ་ཉི་ཤུ་རྩ་བཞིའོ།། ་གཙེ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་གྱི་བདག་པོ་བྱས་ནས་གཏོར་མ་བྱིན་ཞེས་བྱ་བར་དགོངས་པའོ།། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་ཆེན ་ཕོ་ནི་ཆོས་ཀྱི་སྐུའོ།། དེ་ཉིད་ནི་རྡུལ་བྲལ་ཏེ་རྡུལ་ནི་ཉོན་མོངས་པའི་རྡུལ་ཉེ་བར་སྤངས་པའི་ཕྱིར་རོ།། རྣལ་འབྱོར་ཞེས་བྱ་བ་ནི། དེ་ཉིད་དང་སྦྱོར་བའོ།། སྟོང་པ་ཉིད་ཅེས་བྱ་བ་ཡང་གཟུང་བ་ལ་སོཊ ་པ་སྟོང་པ་ཉིད་ཀྱི་ཕྱིར་རོ།། འདིར་ཡང་དཀྱིལ་འཁོར་ལ་སོགས་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་ང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་གྱིས་བྱསྒོམ་པར་བྷཻ་ཞེས་བྱ་བར་དགོངས་པའོ།། འདིར་དགུག་པའི་སྒྲ ་གསུངས་པ་ནི། ཨོཾ་ཀཀྐ་ཞེས་བྱ་བ་ལ་སོགས་པའོ།། འདིས་ནི་འདི་བརྗོད་དེ། ལྷའི་ཉིད་ཀྱི་རྣལ་འབྱོར་པས་ཙན་དན་གྱི་དཀྱིལ་འཁོར་གྲུ་གསུམ་པ་ལ་སོགས་པའི་དབུས་སུ་འཇིག་རྟེན་སྐྱོང་བ་ལ་སོགས་པ་བལྟས་ནས ་གཏོར་མྱའི་སྣོད་དུ་རྫས་ཐུམ་སྟཱ་ཅ་དབླུགས་པ་ལ་སོགས་པ་བཞག་པ་རྣམས་དང་། བདུད་རྩི་ལྔ་དང་ལྷོན་ཅིག་ཏུ་ཆུ་གཉིས་སུ་བྱས་ནས་གཡོན་པའི་ཆུ་རང་གི་ལྷའི་ཞལ་དུ་རླུང་གི་ལྕེས་དབུལ་བར་བྱར།། གཡས་པ་ནི་དྲག་པོ་ནག ་བི་མ་མོགས་པའི་ཁོ་མང་།། ཨོཾཿ་ཞེས་བྱ་བ་ལ་སོགས་པ་ནི་འདིར་སྔགས་སོ།། ཉྀད་ནི། བདུད་རྗེ་ཐོས་བྱ་བ་ལ་སྩོགས་པ་ག་སུངས་དྷ་ར~ཾ། \ུ0f7fཧྲཱིཿཞེས་བྱ་བའི་སྔགས་བཀོད་པས་བདུད་རྩི་གཏོར་མེ་དང་བཅུ ་པ་བལྟ་བར་བྱ་ཞེས་བྱ་བའི་དོན་ཏོ།། ཁི་ནི་བཀོད་ནས་ཞེས་བྱ་བ་ནི། དེས་ལྷ་རྣམས་ཀྱི་དགང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་དང་དགྱེས་པར་བྱའོ།། རྣལ་འབྱོར་རྣལ་འབྱོར་མ་བསྒོམས་ནས་ནས་བྱ་བ་ནི། ཕྱི་རོལ་དང་ན་ནི ་ལྷ་རྣམས་བསྒོམས་ནས། འཐོར་འཐུང་བྱའོ་ཞེས་བྱ་བར་དགོངས་པའོ།། ཇི་བཞིན་ལས་ཞེས་བྱ་བ་ནི། ཞི་བ་ལ་སོགས་པའི་ལས་རྣམསཱ་ལ། གཏོར་མ་འདིའི་ཆོ་གས་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་ཞི་བ་ནས ་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་འདི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་དུ་མངོན་པ་རུ་འདོང་ངོ་།། འདི་ལྟ་ན་ཡང་ཙན་ད་ནཱ་ད་མ་རཱ་པོས་དཀྱིལ་འཁོར་གྲུ་གསུམཱ་པ་ཉེ་བར་བྱུགས་ནས། དེའི་དབུས་སུ་དཀྱིལ་འཁོར་ཟླུམ་པོའོ།། ་དྲིའི་དབུས་སུ་ཡང་དཀྱིལ་འཁོར་རཱྀ་མིག་དགུ་པའོ།། དེའི་དབང་ལྡན་གྱི་རེ་མིག་ལ་དྲག་པོ་ནག་པོ་གྲང་ལ་ཞོན་ཅིང་ཕྱག་གཉིས་ཀྱིས་ཐོད་པ་དང་རྩེ་གསུམ་པ་འཛིན་པ་དཀར་པོའོ།། ཤར་དུ་དྲག་པོ་ཆེན་པོ་གླང་པོ་ཆེ་ལ་ཞོན ་ཞིང་སེར་པོ་རྡོ་རྗེ་འཛིན་ཅིང་གླང་པོའི་མགོའི་གོང་བུར་ལག་པ་གཞན་བཞག་པའོ།། མེ་ལ་ལྷས་བྱིན་དམར་པོ།། ར་སྒྱོས་ལ་ཞེན་པ་གཡས་པའི་ཕྱག་གཉིས་ཀྱིས་ནི་བླུགས་གཟར་དང་དབྱུ་གུ་གསུམ་པ་འཛིན་པ། ཕྱག་གཡོན ་པ་གཉིས་ཀྱིས་ནི། བ་དན་གསུམ་པ་དང་རིལ་བ་སྤྱི་བླུགས་འཛིན་པའོ།། ལྷོ་ལ་ནི་ནག་པོ་ཁ་དོག་ནག་པོ་མ་ཧེ་ལ་ཞོན་པ་དབྱིག་པ་དང་མདུང་རྩི་འཛིན་པའོ།། བད་ནི་བྲལ་དུ་གཙིགས་པོ་སྔོན་པོ་རོ་ལ་ཞོན་པ་སྐྲ་སོར་པོ་གྱེན ་དུ་དང་། རལ་གྲི་དང་ཕུབ་འཛིན་པའོ།། ཆུ་བདག་ཏུ་དང་པ་སྐྱ་བོ་ཆུ་སྲིན་ལ་ཞོན་པ་སྦྲུལ་མགོ་གྲངས་བདུན་པ་ཞགས་པ་འཛིན་པའོ།། རླུང་དུ་རྒ་བ་ལ་འདས་པའི་དགས་ལ་ཞོན་པ་ལག་པ་གཉིས་ཀྱིས་རླུང་གི་གོས་འཛིན ་པའོ།། ལུས་ངན་པོར་ལོག་པར་འདྲེན་པ་སེར་པོ།། སྐྱེས་བུ་ལ་ཞོན་པ། ལྕགས་ཀྱུ་དང་གཱ་དཱ་འཛིན་པའོ།། འདི་རྣམས་ནི་རལ་བྱ་འཛིན་པའོ།། རྒྱན་ཐམས་ཅད་དང་། རང་དང་མཚུངས་པའི་ཆུང་མ་ཅན ་ཐལ་མོ་སྦྱར་ཅིང་། གཞན་པའི་ཕྱག་གཉིས་ཀྱིས་བཅོམ་ལྡན་འདས་ལ་ཕྱག་འཚལ་པའོ།། གཏུམ་མགོ་མུཾ་ལ་སོགས་པ་ནི། དྲག་པོ་ནགུ་པོ་ལྟ་བུའོ།། རྣམ་པར་རྒྱལ་མ་ལ་སོགས་པ་དྲག་པོ་ཆེན་པོ་ལྟ་བུའོ།། ནུག་མོ ་ཆེན་མོ་ལྀ་སོགས་པ་ལྷས་བྱིན་ལྟ་བུའོ།། འཇིགས་མ་ལ་སོགས་པ་ནི་ནག་པོ་ལྟ་བུའོ།། གཡོ་ལྡན་མ་ལ་སོགས་པ་ནི་གཙིགས་པ་ལྟ་བུའོ།། གཟུགས་ཆེན་མ་ལ་སོགས་པ་ནི་དམ་པ་ལྟ་བུའོ།། ཐོད་པའི་ཕྲེང་བ་ལ་སོགས ་པ་རྣམས་ནི་རྒ་བ་ལས་འདས་པ་ལྟ་བུའོ།། རལ་གྲི་ལག་པ་མ་ལ་སོགས་པ་ནི། ལོག་པར་འདྲེན་པ་ལྟ་བུའོ།། མཆེ་བམྦ་དང་གཙིགས་མ་དང་། འཁྱུད་མ་དང་། ཁ་ཊཾ་གཱའི་ལག་པ་མ་དང་། རལ་གྲིའི་ལག་པ་མ་དང་། དགྲ ་སྟའི་ལག་པ་མ་དང་། རྡོ་རྗེའི་ལག་པཾ་མཱ་དང་། གཞུའི་ལྷག་པ་མ་སྟེ་རེ་རེའི་ཕྱག་གིས་བདག་པོའི་མཚན་མ་བོར་ལ་རང་གི་མིང་གི་མཚན་མ་འཛིན་པར་བྱེད་ཅིང་། འཁྱུད་པ་ནི་ལག་པ་གཉིས་ཀྱིས་འཁྱུད་པའི་ཕྱག་རྒྱ་དང ་ལྡན་པ་སྟེ། ལྷག་མེའི་ཕྱག་གིས་གཙོ་བའི་མཚན་མ་འཛིན་པའོ།། གལ་ཏེ་ཡོད་གཏུམ་མགོ་མ་ལ་སོགས་པ་རྣམས་ཀྱི་ཁ་དོག་ལ་སོགས་པ་འདིར་གཟུངས་ཀྱི་དཀྱིལ་འཁོར་ལ་བསྔགས་པ། དེའི་ཚེ་འདིར་གཏོར་མོ་སྦྱིན ་པའི་གནས་སྐབས་སུ་མངོན་པར་མི་འདོད་དོ།། གཏུམ་མགོ་མ་ལ་སོགས་པའི་རྣལ་འབྱོར་མ་བཞི་བཞི་དྲག་པོ་ནག་པོ་ལ་སོགས་པ་རྣམས་ཀྱི་གོ་རིམས་བཞིན་དུ་སོ་སོའི་འཁོར་དུ་གྱུར་པར་བསྒོམ་པར་བྱའོ།། ཡེ་ཤེས་ལྕགས་ཀྱུའི ་རབ་དབྱེ་བས། རང་འདོད་ལྷ་ནི་མཉེས་པར་བྱ།། ཞེས་བྱ་བ་ནི། དེའི་དཀྱིལ་འཁོར་གྱི་དབུས་ཀྱི་རེ་མིག་ལ། དཀྱིལ་འཁོར་པ་དང་བཅས་པའི་རྡོ་རྗེ་མཁའ་འགྲོ་དང་གཞན་པ་བསམས་ནས་མཉེས་པར་བྱའོ།། ཡེ་ཤེས་ནི་མེ་ལོང་ལྟ ་བུ་ལ་སོགས་པ་སྟེ། དེ་རྣམ་པར་དག་པའོ།། ལྕགས་ཀྱུ་ནི། གོ་ཀུ་ད་ཧཱ་ནཱ་སྟེ། དེ་རྣམས་ཀྱི་དབྱེ་བས་བདུད་རྩི་ལྷ་དང་། ལྷན་ཅིག་གཏོར་མ་བཞག་པས་སོ།། ལྷ་ནི་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་མཚན་ཉིད་དང་། དྲག་པོ ་ནུག་པོ་ལ་སོགས་པའི་གཟུགས་འཇིག་རྟེན་པ་གོང་དུ་གསུངས་པའི་རིམ་པས་འཐོར་འཐུང་བྱའོ།། རོ་ལངས་ཀྱི་བསྒྲུབ་པ་གསུངས་པ། ཐུབ་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པའོ།། ཟུད་ཅེས་བྱ་བ་ལ་སོགས་པ་ནི། མཚན་ཆ་མང ་པོས་བསྣུན་པ་ལ་སོགས་པས་ན་བའོ།། ལོ་ཡིས་ཟད་པ་ཞེས་བྱ་བ་ནི། རྒས་པའོ།། གཡན་པ་མཛྲེ་སོགས་ཞེས་བྱ་བ་ལ། གཡན་པ་ནི་སྠའི་དུག་གོ། གཡུན་པ་དང་མཛེ་ལ་སོགས་པའི་སྦྱོར་བ་ལས?། གཱ་ཡ་ནུ་པཱ་མཛེ་ལ་སོགས་པའོ།། ་དེ་ལྟ་བུའི་རིའི་ལུས་དང་པོར་སྒྲུབ་པ་པོས་སྤང་བར་བྱའོ།། ཞེས་བྱ་བར་དགོངས་པའོ།། ལྷག་མ་ནི་གོ་སླའོ།། འདི་རོ་སྔགས་ནེ། ཧ་ཧཱ་ཞེས་བྱེ་བ་ལ་སོགས་པ་ནོད་པའི་སྔགས་སོ།། ས་བོན་ནོས་བྱ་བའི་ཧའོ།། མི་ནི་རའོ།། གནས་མེད་ནི ་ཡའོ།། སྤྱི་གཙུག་སྦྱར་བར་བྱས་ནས་ནི་ཞེས་བྱ་བ་ནི། དེའི་སྟེང་དུ་ཟླ་བ་ཕྱེད་པ་དང་ཐིག་ལེ་སྦྱིན་ཞེས་བྱ་བའི་དོན་ཏོ།། མདོར་པ་སྡུས་ནས་ཧཱུཾ་ཞེས་བྱའོ།། འདིའི་ས་བོན་རྫོགས་པ་ལས་ཤིན་ཏུ་རྣམ་པར་དག་པའི་གཟུགས ་སུ་རོ་བལྟ་བར་བྱའོ་ཞེས་བྱ་བར་དགོངས་པའོ།། མཆོད་པར་བྱ་ཞེས་བྱ་བ་ནི། མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་པར་བྱས་ཤེས་བྱ་བའི་དོན་ཏོ།། སྐྱེས་གནས་དབུས་སུ་དགོད་བྱ་ཞིང་། ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས ་སུ་ཧཱུཾ་གི་ས་བོན་རྫོགས་པ་ལ། རོ་བསྒོམས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། མྱུར་དུ་ཞེས་བྱ་བ་ནི། ཡུད་ཙམ་མོ།། བདག་ཉིད་ལ་སོགས་པས་ནི། ལྷའི་རྣལ་འབྱོར་རྟོགས་པར་བྱའོ།། གནས་ནི་དབྱེན་པ་དང་དུར་ཁྲོད་ལ ་སོགས་པའི་ཕྱོགས་ཅིག་གོ།། འདྲུ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་འདུ་བ་སྟེ། དེའི་གང་དུ་གཏན་ལ་དབབ་པ་དེ་ནི་དེ་བཞིན་ནོ།། སྒྲུབ་ཐབས་ཞེས་བྱ་བ་རོ་ལངས་ཀྱི་སྒྲུབ་ཐབས་སོ།། དེའི་ཆོ་ག་ནི་ཆུ་བཟང་པོས་ཁྲུས་ལ་སོགས་པ་སྟེ། དེ་རྗོད ་པར་བྱེད་པའི་ལེའུ་བཅོ་བརྒྱད་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལྡེའུ་བླ་རྒྱུད་པའོ།། ། གྲུབ་པ་འདྲ་བའི་གནས་དེ་དང་དེ་རྣམས་སུ་གཏོར་མ་སྔོན་དུ་བྱིན་ལ། མཁའ་འགྲོ་མ་བསྒྲུབ་པར་བྱ་བ། ་དེའི་བསྒོབ་པའི་ད་རླུང་ངུ་བ་དོན་བྲབ་བླབ་ཟེར་བ་དང་ཁ་དོག་ནག་པོའི་གཞུའོ།། ས་ལ་སོགས་པ་གོ་རིམས་བཞིན་དུ་ལེ་རི་བེ་ལཾ་ས་བོན་ལས་སྐྱེས་པའོ།། གང་རྣམས་ཀྱི་ས་བོན་འདིར་མ་གསུངས་པོ་དེ་རྣམས་ཀྱི་རྗེས་ཀྱི་དབྱངས་དང་@# ་པ་རང་གི་མིང་གི་དང་པོའི་ཡི་གེའི། ས་བོན་ལས་སྐྱེས་པར་བལྟ་བར་བྱའོ།། རྡུལ་ཚོན་གྱི་དཀྱིལ་འཁོར་དུ་སྤྲུལ་པ་འམ། པྲིས་སྐུར་འགྲོ་བའི་ལྷའི་དབྱིབས་ཀྱི་རྣམ་པ་བྲི་པ་དང་། ཡང་རང་རང་གི་ས་བོན་ལས་བསྐྱེད་པ་བསྒོམ་པ་སྟེ། བསམ ་གཏན་ལ་སོ་སོར་ས་བོན་རྣམས་ལ་འདི་རྣམས་རྫོགས་པའོ།། དབང་ལྡན་དུ་ནི་གླང་ཞོན་པ་ཞེས་བྱ་བ་ནི།། མོའི་རྟགས་སུ་བསྟན་པས་དབང་ལྡན་ལ་སོགས་པའི་ལུས་ལ་ལྟོས་ནས་གསུངས་པའོ།། དབང་པོར་ཞེས་བྱ་བ་ནི་དབང་པོའི ་ཕྱོགས་སམ་དབང་པོའི་ལུས་ཏེ། དྲུག་པའི་དོན་ལ་བཞི་པའོ།། ལུས་དྲན་ཕྱིར་ནཱི་ཞེས་བྱ་བ་ནི་ནོར་བདག་ཏུའོ།། གཟའ་དང་རྒྱུ་སྐར་གྲོང་མ་བཞིན་ཞེས་བྱ་བ་ནི། ཉི་མ་དཔྱངལ་གྱིས་སྤྱོད་པ་དང་སྒྲ་བ་ཅན་འཛིན་དང་། མཇུག་རིངས་རྣམས་ནི་ཉི ་མ་ལ་ཞོན་པའོ།། རང་གི་དམ་ཚིག་ལས་བྱུང་བ་ཞེས་བྱ་བ་ནི། རང་གི་མིང་གི་ཡི་གེ་དང་པོའི་ས་བོ་ན?་ལིས་སྐྱེས་པ་རྣམས་ཏེ། སེམས་ཅན་གྱི་དོན་ནོམ་རང་གི་དམ་ཚིག་སྟེ། དྲིའི་དོན་དུ་འདུ་བ་རྣམས་སོ།། མ་མོ་རྣམས་ཀྱི་ཞེས་བྱ་བ་ནི། རྣལ ་འབྱོར་མ་རྣམས་ཀྱིའོ།། ཀུན་གྱི་མ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་སྐྱེས་པར་བྱེད་པའི་ཕྱིར་རོ།། དེ་ཅི་ཞེ་ན། འབྱུང་པོའི་རིགས་མ་ཞེས་བྱ་བ་གསུངས་ཏེ། འབྱུང་པོ་ནི་མ་ཡིན་པ་སྟེ། དེ་རྣམས་ཀྱི་ཚར་གཅང་པའི་དོན་གྱི་རིག་མ་ནི། འབྱུང ་བོའི་རིགས་མའོ།། རྣལ་འབྱོར་ལོངས་སྤྱོད་རྟག་དགའ་བས།། ཕོ་ཉ་ལས་ཞེས་བྱ་བ་ནི།། ལོངས་སྤྱོད་ཆགས་པའི་རྣལ་འབྱོར་པས་ཕོ་ཉའི་བསྒྲིབ་པ་བརྩམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཟླ་བ་རྡོ་རྗེའི་ཆོ་ག་ཡིས་ཞེས་བྱ་བ་ནི། ཟླ་བ་ལ་ས ་པ་ཡོངས་སུ་གྱུར་པའོ།། རྡོ་རྗེ་སེམས་དཔྲའ་ཞེས་བྱ་བ་ཡང་བསྐྱེད་དོ་ཞེས་བྱ་བར་བསྙེགས་སོ།། ཐམས་ཅད་བྲན་ཁོལ་ལྟ་བུར་བྱེད་ཅེས་བྱ་བ་ནི། ཕྲོ་ཉ་ལ་སོགས་པའི་ཚོགས་གང་ཞིག་བཱ་ན་ཁོལ་ལྟ་བུར་དབང་དུ ་བྱེད་པའོ།། སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནི། རིགས་ཀྱི་གཅིག་གི་ཚིག་གོ། ཤར་ཞེས་བྱ་བ་ལ་སོགས་པས་ནི་དུར་ཁྲོད་ལ་སོགས་པར་ཤྭར་ལ་སོགས་པའི་ཕྱོགས་གཅིག་ཏུ་དཀྱིལ་འཁོར་བཞེངས་པའི་ཕྱིར་བསྟན་པའོ།། དྲུག ་ཅེས་བྱ་བ་ནི་ཉིན་མོ་གསུམ་མམ་མཚན་མོ་གསུམ་ཞེས་བྱ་བ་ལན་དྲུག་ཏུ་མཆོད་པར་བྱའོ་ཞེས་བྱ་བར་བསྟན་ཏོ།། དྲུག་ཅེས་བྱ་བ་ནི་དྲུག་ཁོ་ན་སྟེ། མཆོད་པ་རྣམ་པ་དྲུག་ཅེས་བྱ་བའི་དོན་ཏོ།། དེ་དང་མཻ་ཏོག་ལ་སོགས་པ་ཉེ ་བར་སྤྱོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལྷ་རྗེས་སུ་ཡི་རཏྣ་བ་དང་། བསོད་ནམྲ་སྲྀ་ཡོངས་སུ་བསྔོ་བ་དང་། གསོལ་བ་གདབ་པ་དང་། དཀོན་མུ་ཚིག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ཞེས་བྱ་བ་དེ་ལྟ་བུ་ངོ ་བོའོ།། བྱ་བ་ནི་ཞེས་བྱ་བ་ནི། བྱ་བ་རྣམས་སོ།། དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིས་མ་ཐག་ཏུའོ།། དེ་ཉིད་ཀྱི་ཕྱིར། མཆོད་པ་ཞེས་བྱ་ལ་སོགས་པ་གསུངས་སོ།། མཆོད་པ་བྱས་ནས་ཅི་ཞིག་བྱ་ཞེ་ན། ཡང་དག་བརྩ་མོ་ཞེས་གསུངས་ཏེ ་བསྒྲུབ་ཅེས་བྱ་བ་ནི་ལྷག་མའོ།། དཀྱིལ་འཁོར་གྱི་མཚན་མ་ལ་སོགས་པ་དགོད་པ་ནི། ཉི་ཤུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ། ཡོངས་སུ་བསྐོར་བར་བྱ་བ་གསུངས་ཏེ། པུལླི་རི་མ་ལ་ཡ་དང་འབོར་བ་འཛིན་པ་ལ་སོགས་པ་རྣམས་སུ། རབ ་གཏུམ་དང་གཏུམ་མིག་ལ་སོགས་པའི་རིམ་པས་མཚན་མཱ་ལ་སོགས་པ་དགོད་པའོ།། དྲི་ཞེས་བྱ་བ་ལ་སོགས་པ་ནཱི། དྲི་དང་མེ་ཏོག་དང་། མ་རཱ་མེ་རྣམས་ཀྱི་ནཱི་ཉེ་བར་མཚན་པར་ཕྱིར་བདུག་པ་ལ་སོགས་པ་ཡང་གཟུང་ངོ་།། དཔའ་བོའི ་ཞེས་བྱ་བཱ་ནི། དཔའ་བོ་རྣམས་ཀྱི་དང་དཔའ་མོ་རྣམས་ཀྱི་མཆོད་པ་ཞེས་བྱ་བའི་དོན་ཏོ།། འདིར་ཡོང་རྡུལ་ཚོན་གྱི་དཀྱིལ་འཁོར་དང་བྲི་བའི་དཀྱིལ་འཁོར་དུ་བྱི་བ་དང་། བསྒོམ་པའི་དཀྱིལ་འཁོར་དུ་བསྒོམ་པའོ།། དྲི་ཡིས་ལྷན་ཅིག་ཅེས་བྱ ་ནི། དྲིའི་ཆུ་རྣམས་ཀྱིས་དཀྱིལ་འཁོར་གྱི་ས་ལ་སོགས་པ་ལ་གཏོར་བར་བྱའོ་ཞེས་བྱ་བའི་དོན་ཏོ།། རྟག་ཅེས་བྱ་བ་ནི་འདི་ངེས་པར་བྱའོ་ཞེས་བྱ་བར་དགོངས་པའོ།། བུམ་པ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཉིན་དང་མིཚན་དུ་གནས ་གྱུར་པས་ཞེས་བྱ་བ་ནི། དཀྱིལ་འཁོར་ལ་སོགས་པ་བསྒྲུབ་པར་བྱ་བའོ།། མཚན་མོ་གཅིག་ལ་ལེགས་གསང་པས་ཞེས་བྱ་བ་ནི། མཚན་མོ་གཅིག་ལ་ལེགས་པར་གསང་ཞིང་བསམ་གཏན་ལ་སོགས་པས་ཕོ་ཉ་ལ་སོགས་པ་བསྒྲུབ ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྒྱལ་ལ་སོགས་པ་ཞེས་བྱ་བ་ནི། སྐོར་མ་རྒྱལ་གྱིས་ཏེ། བྲི་སྐུ་བརྩམ་པར་ཞེས་བྱ་བའི་དོན་ཏོ།། བཟོད་པ་གསོལ་བྱ་ཞེས་བྱཱ་བ་ནི། དཀྱིལ་འཁོར་བཞེངས་པ་ལ་སོགས་པའི་དེ་མ་ཐག་ཏུའོ།། ལྷག་མ་ནི་གོ ་སླའོ།། བསྒྲུབ་བྱའི་དཀྱིལ་འཁོར་ནི། བསྒྲུབ་བྱའི་དཀྱིལ་འཁོར་བྲི་བར་བྱ་ཞེས་གསུངས་སོ།། མཆོག་སོགས་ཞེས་བྱ་བ་ནི་རྡུལ་ལ་སོགས་པ་སྟེ། བདུད་རྩི་ལྔའོ།། སྟེང་སྐྱེས་ཞེས་བྱ་བ་ནི་ཐོད་པ་ལའོ།། ཚོན་དང་བསྲེས་པས་ཞེས་བྱ་བ་ནི། བདུད ་ནི་རྣམ་པ་ལྔ་དང་བསྒྲེས་པའི་ཁ་དོག་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། རབ་སྲོང་ཞེས་བྱ་བ་ལ་སོགས་པ་ནི། རོའི་ཨཱལྤ་གཱ་ཏའི་བསྟོད་དུ་བྱས་ནས་མར་ཁ་ཆེན་པོས་མཨཱརྱ་མེ་བྱའོ།། ཧྲཱི་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་དེ། ་དེ་ཉིད་དྲིས་བསྒོས་པ་ནི་དྲི་ཞེས་བྱ་བའི་དོན་ཏོ།། དེ་ལ་བསྒྲུབ་པ་ནཱ་གཏོར་མ་ལ་ཤཾ་སྐམ་དང་ཙོང་ལ་སོགས་པ་ས་གདུག་པ་སྦྱིན་པར་བྱའོ།། དེ་ཉིད་ནི་ཤ་སྐ་མེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཨོཾ་ཧ་རུའི་གཏོར་མ་ཞེས་བྱ་བ་ནི། ཉི་རློན་ལ ་སོགས་པ་རྣམས་ཀྱིས་གུང་ཞིག་གཏོར་མ་དེ་ནི་ཉེ་བར་བཟའ་བའི་གཏོར་མའོ།། ལྔ་ཞེས་བྱ་བ་ལ་སོགས་པས་ནི་བདུད་ཀྱི་རྗེ་པོ་རྣམས་ཏེ་པའི་ལྷ་དང་། བདུད་རྩི་ལྔ་ལ་སོགས་པས་དམ་ཚིག་དང་མཚུད་ཡོན་སྦྱིན་པར་བྱ་བའོ།། གཉིས་སུ་མེད ་དང་ཡང་དག་བྱིན་གྱིས་རློབས་ཞེས་བྱ་བ་ནི། ཀྱེ་རྣལ་འབྱོར་མ་ཁྱོད་ཀྱིས་ལྷན་ཅིག་དུ་གཉིས་སུ་མེད་པར་བྱིན་གྱིས་རློབས་ཤིག་ཅེས་བྱ་བ་སྟེ། གཉིས་སུ་མེད་པ་ཞེས་བྱ་བུ་ཇི་སྙེད་པ་ཞེས་བྱ་བའི་དོན་ཏོ།། བཟའ་དང་བཅའ་སོགས་ཞེས་བྱ ་བ་ནི། འདི་དག་ཐམས་ཅད་སྟེ་རོ་ཞེས་བྱ་བའི་དོན་ཏོ།། གསོར་གྱི་ཀི་རི་ཥཱ་སྟེར་རོ་ཞེས་བྱ་བ། དྭེ་ཐམས་ཅད་ཉེ་བར་དགོས་པ་བྱའོ།། འཇིགས་མའི་ནི་ས་བཱིན་ཞེས་བྱ་བ་ནི། ཀྶཾ་པོ། ཀྵི་ཨཻ་དི་པེ་ཤྭ་རི་ཧཱུཾ་ཕུཿཕུཿཀྵཾ་ཞེས་བྱ་བའི་སྔགས། གལ་ཏ་སྔོན་དུ ་སྔགས་འབུམ་བཟླས་པས་མཾ་གྲུབ་ན། འབུམ་བཟླས་པར་བྱའོ།། སའི་སྣོད་དུ་ཞེས་བྱ་བ་ནི། དུར་ཁྲོད་དུ་སྟེ། དེ་ལ་བསྒྲུབ་པར་བྱའོ་ཞེས་བྱ་བར་དགོངས་པའོ།། ཀུན་ཏུ་ཁྲག་གིས་བྱུགས་ནས་ཏེ་ཤེས་བྱ་བ་ནི། ཁྲག་གིས་བྱུགས་པའི་ས་ལ ་བསྒྲུབ་པའོ།། རྡོ་རྗེ་ཅན་གྱི་ས་བོན་ཞེས་བྱ་བ་ནི། སུཾ་ངོ་།། རོ་ལངས་མེའི་ས་བོན་ཞེས་བྱ་བ་ནི་ཡུང་ངོ་།། གཞན་ལྟར་ཞེས་བྱ་བ་ནི། གཞན་དུ་ཡང་གལ་ཏེ་འདོད་དོ་ཞེས་བྱ་བའི་དོན་ཏོ།། བསྣུན་པས་ཤེས་བྱ་བ་ནི་ཕཊ་དོ།། མེའི་དབུས་སུ་བྱ་བར་བྱ་ཞེས ་བྱ་བ་ནི། མཁའ་འགྲོ་མའི་དབྱིབས་བྲི་སྐུར་སོན་པ་དུམ་བུ་ར་བཅད་ནས་སྲེག་བླུགས་བྱའོ་ཞེས་བྱ་བར་དགོངས་པའོ།། ཤིང་ནག་ནི་ལུང་ཏང་གི་ཤིང་ངོ་།། བྷ་ལླཱ་ཏ་ག་དང་ལུང་ཏང་གི་ཤིང་གི་མེ་ལ་ཡུངས་ཀར་ལ་སོགས་པ་དང་བསྲེགས་པ་དང་། ་དེའི་རྣམ་པའི་དུམ་བུ་ཆ་ཐ་དད་བསྲེགས་བླུགས་བྱའོ།། ཁ་ཙི་གཱ་ན་རེ་ཡུངས་ཀར་ལ་སོགས་པ་དང་དོའི་མིང་གི་སྔགས་ཀྱིས་སྲེག་བླུགས་བྱའོ་ཞེས་ཟེར་རོ།། མུ་སུརྟྟི་ཞེས་བྱ་བ་ནི་ཕུ་བཱ་ན་རུའོ།། ཁ་ཅིག་ན་རེ་མཚོན་ཆའི་ཁྱད་པར་རོ་ཞེས་ཟེ་རོ།། འདྲིའི་རིམ ་པའི་རྣལ་འབྱོར་གྱི་ས་ཞེས་བྱ་བ་ནི། རང་གི་མིང་གི་དང་པོའི་ཡི་གེའི་ས་བོན་ལས་བསྐྱེད་པའི་གཟའ་རྣམས་ནི་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཨོཾ་ཀཱ་ར་ནི་དང་པོ་དང་། སྭཱ་ཧཱ་ནི་མཐར་གནས་པའོ་ཞེས་བྱ་བ་ནི། སྔགས་ཐམས་ཅད་ལ་ཨོཾ་ཀཱ་ར ་དང་པོ་དང་། སྭཱ་ཧཱ་མཐར་བལྟ་བར་བྱའོ།། འདིས་གང་གི་ཚེ་དུས་གཅིག་དུ་གཟའ་འདི་བསྒོམ་པར་གྱུར་པ་དེའི་ཚེ་དབུས་སུ་འབྱུང་པོ་འདུལ་བ་རྣམ་པར་བསམས་ནས། པདྨ་འདམ་བརྒྱད་པ་ལ་རིམ་པས་ཉི་མ་ལ་སོགས་པ་བསྒོམ་པར་བྱའོ།། ་ཨོཾ་སརྦ་ཞེས་བྱ་བ་ལ་སོགས་པར་སྔགས་བཟླ་བར་བྱའོ།། གང་གི་ཚེ་གཅིག་བསྒོམ་པར་གྱུར་པ་དེའི་ཚེ། རྗེས་ཀྱི་དབྱངས་དང་བཅས་པ་དེའི་རང་གི་མིང་གི་དང་པོའི་ཡི་གེ་དང་། དང་པོ་དང་མཐར་གནས་པའི་ཕྱག་འཚལ་བ་དང་སྭཱ་ཧཱ། བཟླས་པར ་བྱའོ་ཞེས་རྟོགས་པར་བྱ་བ་ཡིན་ནོ།། གང་ལ་ལ་བཟའ་ཞི་བར་བྱ་བ་དེའི་ཚེ། ཐུན་མོངས་པའི་སྔགས་འདི་བསྒྲུབ་བྱ་ནང་དུ་བཅུག་པ་སྔོན་དུ་འགྲོ་བ་ཅན་གྱི་བཟླས་པ་བྱའོ་ཞེས་ཤེས་པར་བྱའོ།། རྡོ་རྗེ་མཁའ་འགྲོའི་རླུང་ཆེན་པོ་ལ ་ཞེས་བྱ་བ་ནི། སྔ་མ་དང་ཕྱི་མ་ལ་ཡང་བལྟོ་བར་བྱའོ།། འབྱུང་པོ་ཐམས་ཅད་ནི་དད་བྱེད་ལ་སོགས་པའོ།། གཟའ་ནི་ཉི་མ་ལ་སོགས་པའོ་སོགས་པའི་སྒྲས་ནི། དེ་ནས་དགོད་དོ་ཞེས་བྱ་བ་འདྲིའི་དོན་ཏེ། འབྱུང་པོ་ཐམས་ཅད་དང་གཟའ་ལ་སོགས་པའི ་བསྐྱེད་པའི་སྒྲུབ་པའི་ཐཱབས་རྙེད་པར་བྱེད་པའི་ལེའུ་སྟེ་བཅུ་དགུ་པ།། ། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཅུ་དགུ་པའོ།། ། ད་ནི་འཆི་བའི་མཚན་མའི་ལེའུ་གསུངས་པ།། དེ་ནས་ཤེས་བྱ་བ་ལ་སོགས་པ་ནི། གླ ་ལ་སོགས་པའི་སྐྱོན་གྱིས་འཆི་བར་འགྱུར་བ་དེའི་མཚན་ཉིད་ཤེས་ནས་གཟའ་ལ་སོགས་པ་ཞི་བར་བྱ་བ་དེ་གསུངས་མ་ཐག་ཏུ་རྗོད་པར་བྱེད་པ་ནི། དེ་ནས་ཞེས་བྱ་བའི་སྒྲའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལྔའོ།། གསོལ ་ཞེས་བྱ་བ་ནི་ཞུས་པའོ།། ཡེ་ཤེས་དེ་ཉིད་ཅེས་བྱ་བ་ནི་འཆི་བའི་མཚན་མ་ལ་སོགས་པ་ཤེས་པའི་རང་གི་ངོ་བོའོ།། སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི་དྲོད་པའོ།། རྩ་ཆེན་སུམ་ཅུ་རྩ་གཉིས་ཀྱི་ཞེས་བྱ་བ་ནི་རྩ་སུམ་ཅུ་རྩ་གཉིས་པོ་རྣམས་སོ།། ཇི་ལྟར་རྐྱང་མ་དང་། ་རོ་མ་དང་། ཀུན་འདར་མ་སྨིན་མའི་དབུས་སུ་གཡོས་དང་གཡོན་དང་སྨིན་མའི་དབུ་སུ་གནས་པ་རྡུལ་དང་མུན་པ་དེ་ང་སྙིང་སྟོབས་ཀྱི་ཚུལ་གྱིས་རྩ་གསུམ་པོ་རྣམས་ཏེ། སྤྱི་བོར་མ་ལ་ཡོའི་ཡུལ་ཞེས་བྱ་བར་གནས་ཤིང་། སྨིན་མའི་དབུས་དང་གངྒཱ ་ལ་སོགས་པ་རྣམས་ཀྱི་སྤྱི་བོར་ཡན་ལག་དང་ཉིང་ལག་གི་ཕྱིར་རོ།། སུམ་སྐོར་མ་དང་འདོད་མ་དང་། ཁྱིམ་མ་དང་། གཏུམ་མོ་དང་། འདུད་འདྲལ་མ་ལྔ་ཀཱཉྩི་ཞེས་བྱ་བར་སྙིང་ལ་བདུད་རྩི་ལྔ་འབབ་པར་གནས་མའོ།། མི་ཕྱེད་མ་ནི་མཱ་ལ་ཡའི་ཡུལ་ཞེས་བྱ ་བ་སྤྱི་བོར་ཡན་ལག་དང་ཉིང་ལག་ཏུ་གྱུར་པ་དཔལ་ལྔའོ།། སྤྱི་གཙུག་ཏུ་ནི་ཕྲག་ཟུགས་མའོ།། རྣ་བ་གཡས་པ་ལ་ནི་བརྩེ་པ་མའོ།། མགོ་བོའི་རྒྱབ་ཏུ་ནི་གཡོན་པ་མའོ།། རྣ་བ་གཡོན་པར་ནི་ཐུང་དུ་མའོ།། ཡང་སྨིན་མའི་དབུས་ཀྱི་སྟེང་དུ་རུ་སྦྲུལ་སྐྱེས ་མའོ།། མིག་ལ་ནི་བསྒོམ་པ་མའོ།། ཕྲག་པ་གཉིས་ལ་ནི་དབང་མའོ།། མཚན་ཁུང་དག་ལ་ནི་སྐྱོན་མའོ།། ནུ་མ་དག་ལ་ནི་འཇུག་མའོ།། ལྟེ་བཱ་ལ་ནཱི་མ་མོའོ།། སྣའི་རྩེ་མོ་ལ་ནི་མཚན་མོའོ།། ཁ་ལ་ནི་གསིལ་སྦྱིན་མའོ།། ལྐོག་མ་ལ་ནི་ཚེ་བ་མའོ།། ཡང ་སྙིང་ལ་ནི་ཚད་མའོ།། གསང་བ་ལ་ནི་མདོག་གནག་མའོ།། རྟགས་ལ་ནི་ཤིན་ཏུ་གཟུགས་ཅན་མའོ།། གཞང་ལ་ནི་སྤྱི་མའོ།། བརླ་གཉིས་སུ་ནི་རྒྱུ་སྦྱིན་མའོ།། བྱིན་པ་གཉིས་ལ་ནི་སྦྱོར་བྲལ་མའོ།། སོར་མོ་ཐམས་ཅད་ལ་སྡུག་གུ་མའོ།། རྐང་པའི་རྒྱབ ་ཏུ་ནི་གྲུབ་མའོ།། མཐེ་བོང་ལ་ནི་འཚེད་མའོ།། པུས་མོའི་རྩ་བ་ལ་ནི་ཡིད་བཟངས་མ་ཞེས་བྱ་བ་སྟེ། རྩ་ཉི་ཤུ་རྩ་བཞིའོ།། ཀུན་ཏུ་བསྡུས་ནས་སུམ་ཅུ་རྩ་གཉིས་སོ།། དེ་རྣམས་ཀྱི་ནི་རབ་མཆོག་གཞན་ཞེས་བྱ་བ་ནི་རྩ་དེ་རྣམས་ཀྱི་ནང་ནས། རབ ་མཆོག་གཞན་ཞེས་བྱ་བ་ལ་རབ་མཆོག་ཀྱང་ཡིན་ལ། གཞན་ཡང་ཡིན་པ་དེ་ནི། རབ་མཆོག་གཞན་ཞེས་བྱ་བའི་རྩ་རྣམས་སོ།། དེ་རྣམས་དུ་ཞེ་ན། བཅུ་གཉིས་ཞེས་གསུངས་ཏེ། བཅུ་དང་གཉིས་ནི་བཅུ་གཉིས་ཞེས་བྱ་བའི་དོན་ཏོ།། ལྷ་མོ ་ནི་ཀྱེ་ལྷ་མོ་ཞེས་བྱ་བའོ།། དབྱངས་ཀྱི་འགྲོ་བའི་མཚན་ཉིད་དེ་ཞེས་བྱ་བ་ནི། དབྱངས་བཅུ་གཉིས་ཏེ། དེ་དང་རྗེས་སུ་མཐུན་པའི་གནས་རྣམས་སོ།། དེ་རྣམས་ཀྱི་འགྲོ་བ་ནི། ཀུན་ཏུ་སྤྱོད་མ་སྟེ། དེའི་མཚན་ཉིད་ནི་རང་གི་ངོ་བོའོ། ་པུལླི་ར་མ་ལ་ཡ་དང་། འབར་བ་འཛིན་པ་དང་། ཨུཌྱན་དང་། ཨརྦུ་ད་དང་། བའི་མཆོག་སྦྱིན་དང་། དགའ་བའི་དབང་ཕྱུག་དང་། ལྷ་མོའི་མཁར་དང་། མཱ་ལ་བ་དང་། འདོད་པའི་གཟུགས་དང་། ཨོཾ་དྲྀ་དང་། ཏྲྀ་ཤ་ཀུཾ་ནེ་དང་། ཀོ་ཤ་ལ་སྟེ། ཨ་ལ ་སོགས་པ་རྣམས་ཀྱི་མ་ནིང་སྦྱངས་པ་བཅུ་གཉིས་རྣམས་ཀྱི་རིམ་པས་གནས་བཅུ་གཉིས་རྣམས་ཞེས་གསུངས་སོ་ཞེས་བྱ་བའི་དོན་ཏོ།། པུལླཱི་ར་ལ་སོགས་པ་རྣམས་ལ་གང་གི་དབྱངས་ཀྱི་གནས་སུ་རེག་པས་ཕོ་ཉས་དྲིས་པ་དེའི་བསྔགས ་པ་ཤེས་པར་བྱའོ།། ཡར་གྱི་ངོའི་ཉི་མ་རྣམ་པར་དག་པས་པུལླཱི་ར་ལ་སོགས་པ་བཅུ་གཉིས་ཀྱི་གནས་རྣམས་སོ།། ཀ་ལཾ་ལ་སོགས་པའི་གནས་རྣམས་སུ་ཡང་དེ་བཞིན་དུ་མར་གྱི་ངོའི་ཉི་མ་རྣམ་པར་དག་པས་དབྱངས་བཅུ་གཉིས་གནས་པ་སྟེ། ་དེ་བཞིན་དུ་འདི་ཡང་བསྔགས་པའོ།། གསུམ་པ་ལ་སོགས་པ་རྣམས་ལ་བཅུ་གསུམ་པ་ལ་སོགས་པ་ནང་དུ་གཏོགས་པའི་ཕྱིར། ཆེས་གཅིག་ལ་སོགས་པ་ནས་བཅུ་གཉིས་ཀྱི་མཐར་ཚེས་བཅུ་གཉིས་སོ།། དེའི་ཕྱིར་ཡང་པོ་རེ་རེ་ལ་ཉི ་མ་བཅུ་གཉིས་རྣམས་སོ།། དེ་ལ་བཅོ་ལྔ་པའི་སྒྲས་ནི། ཉ་གང་བ་དང་སྟོང་ལའོ།། དེ་བས་ན་ངོ་གཉིས་དག་ཀུན་བསྡུད་པས་ཉི་མ་ཉི་ཤུ་རྩ་བཞི་རྣམས་སོ།། དེ་ཉིད་ནི། དཀར་དང་གནག་པའི་ཆ་ཡིས་ནི། ཉི་ཤུ་རྩ་བཞིར་ཉེ་བར་བརྗོད་ཅེས་གསུངསོ།། ་རྒུ་ནི་ཞེས་བྱ་བ་ལ་སོགས་པ་ལ། རྒུ་ནི་སར་པའོ།། སྔོན་གྱི་རབས་ཞེས་བྱ་བ་ནི། ཡུན་རིང་པོར་བསྟན་པའོ།། འཆི་བའི་དུས་སུ་རྣམ་པར་གནས་ཞེས་བྱ་བ་ནི། འཆི་བའི་དུས་སུ་རྣམ་པར་གནས་པར་གནས་པར་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ་བུགས་ནི་སྤྲོས་པ་ཙམ་གྱིས་ནི་ཞེས་བྱ་བ་ནི། དབུགས་ཀྱི་སྤྲོས་པ་མ་ཚང་བ་དང་ལྷག་པ་ཉིད་དེ། ལྷན་ཅིག་སྐྱེས་པའི་གནས་སྐབས་ལས་གཞན་ཉིད་དུ་ཞེས་བྱ་བའི་དོན་ཏོ།། དྲུག་གཉིས་ཞེས་བྱ་བ་ནི། ཉི་མ་བརྒྱད་དེ། གལ་ཏེ་གང་གི་ཚེ་དེ ་བཞིན་དུ་རླུང་ལོག་པ་དེའི་ཚེ་ལོ་གཉིས་དང་ཟླ་བ་བཞི་དང་ལྡན་པ་དང་། ཉི་མ་ཉི་ཤུ་རྩ་བཞི་ལྷག་པར་སྲོག་འཚེའོ།། ཞེས་བྱ་བ་འདི་དང་། ཟླ་བ་དེ་རྣམས་རིགས་བྱེད་ཅེས་བྱ་བ་ལ་སོགས་པ་མངོན་པར་སྦྱར་རོ།། ལུས་ཅན་རྣམས་ཀྱི་དེ་བཞི ་འཚོར་ཞེས་བྱ་བ་ནི། ལུས་ཅན་རྣམས་འཆི་ཞེས་བྱ་བའི་དོནི་ཏྭེ། ཉི་ཤ་རཱ་རོ་ཧི་ཏའི་ཆ་ལ་ཞེས་བྱ་བ་ནི། སྔ་བར་ཏེ། ཐུན་ཚོད་ཕྱེད་ལ་རོ་ཧི་ཏའི་ཆེའོ།། དེའི་མཚན་མེ་ཞེས་བྱ་བ་ནི། དེ་ལ་རོ་ཧི་ཏའི་རྨ་ལ། མཚན་མ་གང་གསུངས་པ་འཆི་བའི ་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ།། ཡན་ལག་གི་མཚན་ཉིད་ཀྱི་གནས་ནི། སྣ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཪྻ་དང་བྱིན་པ་དེ་བཞིན་གཞན་ཞེས་བྱ་བ་ནི། བཪྻ་དང་བྱིན་པ་རྣམ་སོ་ཞེས་བྱ་བའི་དོན་ཏོ།། གསང་བ་ལིང་གཱས ་ཞེས་བྱ་བ་ནི། གསང་བ་དང་རྟགས་དག་ཅེས་བྱ་བའི་དོན་ཏོ།། དབུགས་ནི་འཆད་ཅིང་འཆད་པ་ན་ཞེས་བྱ་བ་ནི། དབུགས་ཚད་ན་སྲོག་འཆད་དོ་ཞེས་བྱ་བའི་དོན་ཏོ།། འཆི་བའི་དུས་སུ་སྟོན་པར་འགྱུར་ཞེས་བྱ་བ་ནི། འཆི་བའི་དུས་ཀྱི་འདི ་རྣམས་ལུས་སུ་འགྲོ་བའི་མཚན་མ་རྣམས་གསུལྟ་བར་བསྟན་པ་ཞེས་བྱ་བའི་དོན་ཏོ།། ཉིན་མོའི་གྲངས་ཀྱི་ཚད་རྣམས་ནི་ཞེས་བྱ་བ་ནི། ཉིན་མོ་རྣམས་ཀྱི་དུས་སུ་འགྲོ་བའི་བདག་ཉིད་ཆེན་པོར་འགྲོ་བའི་གཅིག་ལས ་པའི་མཚན་གྱི་གྲངས་ཞེས་བྱ་བའི་དོན་ཏོ།། དེ་ཡང་དུས་ཀྱི་འཁོར་ལོའི་བདག་ཅེས་བྱ་བ་ནི་དུས་ཀྱི་འཁོར་ལོར་འགྲོ་བའི་ཉི་མའི་གྲངས་ཏེ། དྲུག་ཅེསོ་བྱ་བ་ལ་སོགས་པ་གསུངས་སོ།། ལྔ་ལས་ཉི་ཤུ་རྩ་ལྔའི་ཉི་མའི་འགྲོ་བ་ཉེ་བར་བརྗོད་ཅེས ་བྱ་བ་ནི་ལྔ་འཕེལ་བའོ།། དེ་ཕྱིར་གཅིག་ནི་ལྷག་པ་ཡིས། བཅུ་ནི་བྱས་ནས་སུ་མ་འགྱུར་དང་།། གསུམ་ལྷག་གང་འདི་དགུན་འབྲིང་ཉི།། དུས་ལ་དེ་རྣམས་མཉམ་པ་ཉིད།། གསུམ་དང་མིག་དང་རི་བོང་ཅན།། དྲུག་གསུམ་ཟུང་དང་ཟླ་བ་གང་། ཟླ་བ ་དེ་རྣམས་ཉི་མ་ལྷག། ཆོས་ཕྱོགས་མངའ་དང་ཡོན་ཏན་དང་།། ཐིག་ལེ་ཟླ་བ་འཚེ་བ་ཡིས་ཞེས་བྱ་བ་ནི། ཚིགས་བཅུད་ཀྱི་དོན་གྱིས་གང་དུ་གསུངས་པའི་དུས་ཀྱི་འཁོར་ལོ་རཱ་བཤད་དོ།། ལྷ་ལས་ཉི་ཤུ་རྩ་ལྔའི་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟ ་བཅུ་དང་བཅོ་ལྔ་དང་ཉི་ཤུའི་ཉི་མྱུར་འགྲོ་བའི་དུསོ་གསུངས་སོ།། ད་ནི་འདི་བར་གྱི་ཉི་མ་དྲུག་ལ་སོགས་པར་འགྲོ་བའི་དུས་བརྗོད་པར་བྱ་སྟེ། གང་ཚེ་ཉི་མ་དྲུག་ཅེས་བྱ་བ་ནི། སྣ་བུག་གཅིག་ནས་རླུང་འབེབ་པ་དེའི་ཚེའོ།། ལོ་ནི་གཉིས་སུ་ཞེས་བྱ ་བ་ལ་སོགས་པའི་དུས་ཀྱིས་འཆི་བར་འགྱུ་རོ།། རྒྱུ་ཞིང་ཞེས་བྱ་བ་ནི་འབབ་པའོ།། གཅིག་ཏུ་ཉེ་བར་རྒྱུ་མཛེས་པས་ཤེས་པ་ནི། ཕྱེད་ཕྱེད་དུ་འགྲོ་བའི་འཕོ་བའི་རིམ་པ་སྤངས་ནས། སྣ་ཁུང་གཡས་པ་གཅིག་པུ་ཁོ་ནས་ཉེ་བར་རྒྱུ་བ་ནི་ངེས ་མཛེས་པ་ཞེས་བྱ་བའི་དོན་ཏོ།། དེ་རླུང་ཞེས་བྱ་བའི་དགོད་པའོ།། ཡང་གནས་སྐབས་སུ་ལོའི་ཉི་མའི་གྲངས་ནི། དེ་ལ་ལོ་ཞེས་གསུངས་ཏེ། འདི་སྐད་དུ་གང་ཞིག་རླུང་འབབ་པ་དེ་ལ་ནི་ལོའོ།། ཅིར་གྱུར་པས་ཤེ་ན། གསུམ་བརྩ་བར་བྱ། དེ་བཞིན་སུམ ་བརྒྱ་དྲུག་ཅུ་ནི་ཞེས་བྱ་བ་ནི། ཉི་མའི་གྲངས་སུམ་བརྒྱ་དང་དྲུག་ཅུ་ལྷག་པ་ཞེས་བྱ་བའི་དོན་ཏོ།། ལ་ལ་ལས་དེ་བཞིན་དུ་ནི་དྲུག་ཅུ་ལྷག་ཅེས་བྱ་བའི་ཚིག་དེ་ཡང་གོ་སླའོ།། འདིས་ཅི་བཤད་ཅེ་ན། སྨྲས་པ། ཆ་དག་གི་ནི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏྲེ་ཆ་ཞེས་བྱ་བ་ལཾ་སོགས་པ་ནི། འདི་སྐད་དུ་ཉི་མོའི་ཚད་ཀྱིའིའཆི་བའི་ལོའི་ཚྭ་བསྒྲགས་པར་བྱའོ་ཞེས་བྱ་བའི་དྲིན་ཏེ།། ད་ནི་ཉི་མ་དྲུག་ཏུ་རྒྱུ་བའི་སྐྱོན། ལོ་ནི་གཉིས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དུས་ཀྱི་གྲངས་ཞེས་བྱ་བ་ནི། དུས་དྲུག ་པོ་རྣམས་ཀྱི་གྲངས་ཏེ་ཟླ་བ་ཞེས་བྱ་བའི་དོན་ཏོ།། ཉི་མ་རྣམས་ནི་བཅོ་བརྒྱད་ཀྱི་ཞེས་བྱ་བ་ནི། སྣ་ཁུང་གཅིག་ནས་ཉི་མ་དྲུག་ཏུ་རླུང་རྒྱུན་ལོ་གཉིས་དང་ཟླ་བ་དྲུག་དང་ཉི་མ་བཅོ་བརྒྱད་རྣམས་ཞེས་བྱ་བ་འདིའི་ཚད་འཚེ་བར་འགྱུར་རོ།། དེ་ཉིད་ནི། ཚང་ནི ་ཞེས་གསུངས་སོ།། ཉི་མོ་བདུན་པ་ཞེས་བྱ་བ་ནི། ཉིན་བདུན་པ་ཇི་སྙེད་པ་རྣམས་ཞེས་བྱ་བའི་དོན་ཏོ།། སྤངས་ནས་ནི་ཞེས་བྱ་བ་ནི། གོ་རིམས་སྤངས་པའོ།། དྲུག་ཅེས་བྱ་བ་ནི། དྲུག་པའོ།། དེའི་ཚེ་ནི་འཚོ་བར་བཤད་ཅེས་བྱ་བ་ནི། གང་གི་ཚེ་ཉི་མ ་བདུན་དུ་སྣ་ཕུག་གཅིག་ནས་རླུང་རྒྱུ་བ་དེའི་ཚེ། ལོ་གཉིས་དང་ཟླ་བ་དྲུག་དང་ཉི་མ་བཅུ་གོང་མ་ལས་རྗེས་སུ་འཇུག་པ་རྣམས་སོ།། འཚོ་བ་ཞེས་བྱ་བ་ནི། དུས་འདི་ཙམ་དུའོ།། བཤད་ཅེས་བྱ་བ་ནི་བསྒྲགས་པའོ།། ཉིན་མོ་བདུན་པ་ཞེས་བྱ་བ་ལ ་སོགས་པ་ནས། དེའི་ཚེ་ནི་འཚོ་བར་བཤད་ཅེས་བྱ་བའི་མཐར། ཚིག་རྐྱང་ལྔ་པའི་ཚིགས་བཅད་དོ།། ཟླ་བ་དེ་རྣམས་རིག་བྱེད་གྲངས།། དུས་ཀྱི་གྲངས་སུ་འཚོ་བར་འགྱུར་ཞེས་བྱ་བ་ནི། ཚིག་རྐང་གསུམ་པའི ་ཚིགས་བཅད་དང་། དབུགས་ནི་སྤྲོས་པ་ཙམ་གྱིས་ནི། དྲུག་གཉིས་ལུས་ཅན་རྣམས་ཀྱི་འཚོར་ཞེས་མངོན་པར་སྦྱར་རོ།། དེ་ལ་ལོ་གཉིས་ཞེས་བྱ་བར་རྗེས་སུ་འཇུག་གོ།། རིག་བྱེད་གྲངས་ཞེས་བྱ་བ་ནི། མཆོད་སྦྱིན་དང་། སྙན་དངོགས ་དང་། ངེས་བརྗོད་དང་སྲིད་སྲུང་ཞེས་བྱ་བའི་རིག་བྱེད་བཞི་སྟེ། དེའི་གྲངས་ཀྱི་ཟླ་བ་བཞི་ཞེས་བྱ་བའི་དོན་ཏོ།། ཟླ་བ་རྒྱུ་ཞེས་བྱ་བ་ནི་ཟླ་བ་བཞི་ཞེས་བྱ་བའི་དོན་ཏོ།། ཉི་མོ་ཉི་མའི་ཚད་ནི་ལུས་ཅན་རྣམས་ཀྱི་སྦྱོར་ཞེས་བྱ་བ་ལ། ཉིན་མོ་ནི་ཉི་མའི ་གྲངས་ཀྱི་སྦྱོར་བས་ཞེས་བྱ་བའི་དོན་ཏོ།། ཉི་མ་དགུར་གཅིག་ཏུ་རྒྱུན་ཀུན་བསྡུས་པས་ལོ་གཉིས་དང་ཟླ་བ་བཞི་དང་ཉི་མ་བཅུ་གཉིས་རྣམས་སུ་འཚོ་བར་འགྱུར་རོ།། ཉི་མ་བཅུ་གཅིག་ཉིད་དུ་ཞེས་བྱ་བ་ནི། ཉི་མ་བཅུ་གཅིག་པོ་རྣམསོ ་གང་ཚེ་རྩ་རྣམས་རབ་བསྒྱུར་ན་ཞེས་བྱ་བ་ནི། གང་གི་ཚེ་རྩ་མི་འདྲི་བར་འགྱུར་བ་དེ་ཉིད་ཀྱི་ཚེ་གང་གི་རླུང་མི་འདྲ་བར་འགྱུར་རོ།། མི་འདྲ་བར་ཞེས་བྱ་བ་ནི་རྣམ་པར་བཅིངས་པ་སྟེ། རྩ་གཅིག་ཏུ་རླུང་རྒྱུའོ་ཞེས་བྱ་བར་དགོངས་པའོ།། དེའི་ལོ་གཅི ་ཏུ་ནི་ལམ་བཅས་པས་ཞེས་བྱ་བ་ནི། དེའི་ཚེ་གནས་སོ་ཞེས་བྱ་བར་དགོངས་པའོ།། ཐུན་མོང་གི་ལམ་ནི། ལམ་དང་བཅས་པ་སྟེ། རླུང་རྣམས་སྤྱིའི་ལམ་དུ་གནས་པ་ན། འཚོ་བར་འགྱུར་རོ།། ཉི་མ་བཅུ་གཅིག་ཅེས་བྱ་བ་ལ་སོགས་ནས། ཞལ ་མཆོག་མ་ནི་ཞེས་བྱ་བའི་མཐའི་གཞུང་ནི་སྤྱིའི་དོན་ཏོ།། དབྱངས་ཀྱི་གྲངས་ཀྱི་ཟླ་བ་རྣམས་ཞེས་བྱ་བ་ནི། དཔྱངས་བདུན་ཏེ་དེའི་གྲངས་ཀྱི་ཟླ་བ་རྣམས་སོ།། བཅུ་གསུམ་ཞེས་བྱ་བ་ནི་ཉི་མ་བཅུ་གསུམ་པོ་རྣམས་སྟེ། ཉི་མ་རྣམས་ཤེས་བྱ་བར་སྤྱོད་པའོ།། ་གཡས་སུ་འགྲོ་བར་ཞེས་བྱ་བ་ནི། སྣ་ཁུང་གཡས་པར་ཏེ། འདི་ཡང་སྔ་མ་དང་ཕྱི་མ་དག་ལའོ།། བཅུ་གསུམ་ཞེས་བྱ་བ་ལ་སོགས་པ་ནས་ཞལ་མཆོག་མ་ཞེས་བྱ་བའི་མཐར་སྤྱིའི་དོན་ཏོ།། བདུན་གཉིས་སུ་ཞེས་བྱ་བ་ནི། ཉི་མ་བཅུ་བཞི་པོ་རྣམས་སོ།། ་ལོའི་ཚེར་ནེ་ཞེས་བྱ་བ་ནི། ལོའི་མཐའི་ཚེ་ཞེས་བྱ་བའི་དོན་ཏོ།། ཟླ་བ་ཟུང་དུ་ཞེས་བྱ་བ་ནི་ཟླ་བ་གཉིས་སོ།། རབ་ཏུ་གྲོགས་ཞེས་བྱ་བ་ཊཱི། དུས་ཀྱི་གྲངས་ཞེས་བྱ་བའི་དོན་ཏོ། བཅུའི་ཕྱེད་ཀྱི་ནི་ཞེས་བྱ་བ་ནི། ཉི་མ་ལྔ་པོ་རྣམས་སོ།། རོ་ཞེས་བྱ་བ་ནི། ་དུས་ཀྱི་གྲངས་རྫོགས་པའོ།། བདུན་གཉིས་ཞེས་བྱ་བ་ལ་སོགས་པ་ནས་དེའི་ཞེས་བྱ་བའི་མཐར་སྤྱིའི་དོན་ཏོ།། ལྔ་གསུམ་ཞེས་བྱ་བ་ནི་ཉི་མ་བཅོ་ལྔ་པོ་རྣམས་སོ།། ལྔ་གསུམ་ཞེས་བྱ་བ་ལ་སོགས་པ་ནས། ཐེ་ཚོམ་མེད་ཅེས་བྱ་བའི་མཐར་ཚིག། ་རྐང་གསུམ་པའི་ཚིགས་བཅད་དོ།། བརྒྱད་གཉིས་ཞེས་བྱ་བ་ནི་ཉི་མ་བཅུ་དྲུག་རྣམས་སོ།། བཅུའོ་ཚད་ཀྱིས་ཞེས་བྱ་བ་ནི། ཟླ་བ་བཅུའི་ཚད་ཀྱིས་ཞེས་བྱ་བའི་དོན་ཏོ།། ཡོངས་ཀྱི་གྲངས་ཉིན་མོ་ཞེས་བྱ་བ་ནི། ཉི་མ་ཉི་ཤུ་རྩ་བཞི་རྣམས་སོ།། བརྒྱད ་གཉིས་ཞེས་བྱ་བ་ལ་སོགས་པ་ནས། བདག་གིས་ཞེས་བྱ་བའི་མཐར་ནི་མཐར་ནི་སྤྱིའི་དོན་ཏོ།། བཅུ་བདུན་ཞེས་བྱ་བ་ནི། བདུན་དང་བཅུའོ།། དགུ་ཞེས་བྱ་བ་ནི་ཟླ་བ་དགུའོ།། བཅུ་བདུན་ཞེས་བྱ་བ་ལ་སོགས་པ་ནས། ཐེ་ཚོམ་མེད་ཅེས་པའི་མཐར་ནི ་སྤྱིའི་དོན་ཏོ།། བཅོ་བརྒྱད་དུ་ཞེས་བྱ་བ་ནི་བརྒྱད་དང་བཅུའོ།། བརྒྱད་ཅེས་བྱ་བ་ནི། ཟླ་བ་བརྒྱད་པོ་རྣམས་སོ།། ལྷག་མ་ནི་གོ་སླའོ།། བཅུ་དགུ་ནི་ཞེས་བྱ་བ་ལ་སོགས་པ་ནས། འདི་ནི་ཞལ་མཆོག་མ་ཞེས་བྱ་བའི་བར་དུ ་ནི། སྤྱིའི་དོན་ཏོ།། ཉི་ཤུ་ཞེས་བྱ་བ་ནི། གཉིས་པ་ལ་དང་པོ་སྟེ། ཉི་མ་ཞེས་བྱ་བར་འཇུག་གོ།། ཚེ་དང་འབྲལ་ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་ཡི་ནོ་ཞེས་བྱ་བའི་དོན་ཏོ།། ཉི་ཤུ་གཅིག་ན་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའོ།། ཟླ་བ ་ལྔ་ནི་ཞེས་བྱ་བ་ནི། གཉིས་པོ་ལ་ཡང་དང་པོའོ།། དེ་འཚོ་བ་ཞེས་བྱ་བ་ནི། གང་གི་དེ་སྐད་དུ་རླུང་འབབ་པ་དེ་ཞེས་པའི་དོན་ཏོ།། ཉི་ཤུ་གཉིས་ཞེས་བྱ་བ་ནི། ཉི་མ་ཉི་ཤུ་རྣམས་དང་ཉི་མ་གཉིས་ནའོ།། ཚེ་ནི་རིག་བྱེད་ཆེད་དུ་ཕྱིན་ཅེས་བྱ་བ ་ནི། ཟླ་བ་བཞི་དང་ཉི་མ་ཉི་ཤུ་རྩ་བཞིའི་མཐར་ཚེ་ཞེས་བྱ་བའི་དོན་ཏོ།། ཉི་ཤུ་གསུམ་དུ་ཞེས་བྱ་བ་ནི། ཉི་མ་ཉི་ཤུ་རྩ་གསུམ་པོ་རྣམས་སོ་ཞེས་བྱ་བའི་དོན་ཏོ།། ཉི་ཤུ་རྩ་བཞི་ཞེས་བྱ་བ་ནི། ཉི་མ་ཉི་ཤུ་རྩ་བཞི་པོ་རྣམས་ཞེས་བྱ་བའི ་དོན་ཏོ།། དེ་ནས་དོན་ནི་གོང་དུ་བརྩེས་ཞེས་བྱ་བ་ལ། དེ་ནས་ནི་འཁོར་ལོ་ལས་སོ།། དོན་ནི་གོང་ཞེས་བྱ་བ་ནི། འབྲས་བུ་སྔོན་དུའོ།། བརྩིས་ཞེས་བྱ་བ་ནི་ཡང་དག་པར་བསྒྲགས་པའོ།། དུས་ཀྱི་གྲངས་ནི་ཞེས་བྱ་བ་ནི། འཆི་བའི་དུས་ཀྱི་ཚད ་དོ་མདོར་བསྡུས་ནས་ཞེས་བྱ་བ་ནི། བསྡུས་པ་ལས་ཏེ། འདིའི་འཁོར་ལ་འཆད་པར་འགྱུར་བའི་ཕྱིར་རོ།། འདིར་གང་རྣམས་ཀྱི་གྲངས་བྱོས་ཤེ་ན། ནང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲུག་ལ་སོགས་པ་ནི་གང་ཞིག་ནང ་དུ་འགྲོ་བའི་ཉི་མ་དེ་རྣམས་སོ།། བཅུ་གཉིས་ཉིད་ཅེས་བྱ་བ་ནི། ལྔ་ལས་བརྩམས་ནས་ཇི་སྲིད་དུ་ཉི་ཤུ་རྩ་ལྔའི་བཱར་དུ་འགྲོ་བའི་ཕྱིར་རོ།། ཆའི་རིམ་པས་ཞེས་བྱ་བ་ནི། ཇི་སྐད་དུ་གསུངས་པའི་རིམ་པས་སྦྱོང་པ་རྣམས་སོ།། བར་དུ་གསལ ་བར་བྱས་ནས་ནི་ཞེས་བྱ་བ་ནི། གང་ཞིག་ཉི་ཤུ་དང་ཉི་ཤུ་རྩ་ལྔའི་ནང་དུ་འགྲོ་བའི་ཉི་མ་ཉི་ཤུ་རྩ་བཞི་པོ་དེ་འདིར་ཞེས་བྱ་བའི་ཐ་ཚིག་གོ།། འདིས་ནི་བར་གྱི་ཉི་མ་བཅུ་དྲུག་པོ་རྣམས་སོ།། རྣལ་འབྱོར་མ་ནི་ཞེས་བྱ་བ་འདིར་ཀྱེ་རྣལ ་འབྱོར་མཱ་ཞེས་བྱ་བའི་དོན་ཏོ།། གང་ལས་བཅུ་དྲུག་ཉིད་ཅེས་བྱ་བའི་ཚིག་དེ་ལ་བར་གྱི་ཉི་མ་བཅུ་དྲུག་པོ་རྣམས་སོ།། ཉི་ཤུ་དང་ཉི་ཤུ་རྩ་ལྔའི་ནང་དུ་ཉི་མ་བཞི་གཟུང་བའི་ཕྱིར་རོ།། བར་དུ་ཞེས་བྱ་བ་ནི་ནང་དུ་གསལ་བར་བྱས་པ་སྟེ། ་གང་འདིའི་དུས་བཤད་པ་དེ་རང་བཞིན་སྙོམས་པའི་སེམས་ཅན་ལ། རྟོགས་པར་བྱའོ།། བསྣུན་པ་དང་། ནད་ལ་སོགས་པས་ཁམས་མ་སྙོམས་པ་ལ་དུས་འགྲོ་བར་མི་བྱའོ།། དེའི་ཕྱིར། དེའི་ཡིད་ཅེས་པ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་རྣམས་ཀྱི་ཞེས་བྱ་བ་ནི། ཉི་མ་དྲུག་ལ་སོགས་པ་དང་། རླུང་མི་འདྲ་བར་རྒྱུ་བ་རྣམས་ཀྱི་འཆི་བའི་མཚན་མ་རྣམས་ཀྱིའོ།། ད་ནཱི་ཡན་ལག་ཏུ་འགྲོ་བའི་མཚན་མས་འཆི་བའི་དུས་ཀྱི་ངེས་པ་གསུངས་པ། སྣའི་ཞེས་བྱ་བ་ལ་སོགས ་པ་ནི་འདིར་ཡང་ཁ་མོས་སྙོམས་པ་ཞེས་བྱ་བའི་རྗེས་སུ་འཇུག་གོ།། སྣའི་ཤ་ནི་ཞེས་བྱ་བ་ནི། སྣའི་ནང་སྙིང་ངོ་།། དེའི་ནང་དུ་འགྲོ་བའི་གང་ཞིག་རྩ་དེའི་རྣམ་པར་ཆད་ན་ཁ་སྟེང་དུ་བལྟ་བར་འགྱུར་ཏེ། དེ་ཡང་རིའི་རྣམ་པའི་གཟུགས་སོ།། ་དེའི་ཚེ་ཡང་ཉི་མ་བདུན་དུ་འཚེའོ།། དེ་ཉིད་ནི། ཉི་མ་བདུན་ན་ཐེ་ཚོམ་མེད་གསུངས་པ་ནི། ལོ་གཉིས་སུ་ནི་ཡང་དག་གསུངས་ཞེས་བྱ་བ་དང་། ཟླ་བ་དེ་རྣམ་སྣ་རིག་བྱེད་གྲངས་ཞེས་བྱ་བ་གང་གསུངས་པ་དེ་དང་ལྷན་ཅིག་འདི ་སྦྱར་བར་བྱའོ།། ཇི་ལྟར་སྣའི་ནང་སྙིང་དུ་འགྲོ་བའི་རྩ་ཆང་པར་གྱུར་པ་དེའི་ཚེ་སྣ་ཞོམ་པར་འགྱུར་རོ།། མིག་གི་ནམ་མཁའ་ཆུང་ནཱ་ནཱི་ཞེས་བྱ་བ་ནི། མིག་དོང་ལྷན་ཅིག་ནམ་མཁའི་ཆུའི་མཆི་མའིའོ།། ཆ་ན་ནཱི་ཞེས་བྱ་བ་ནི་བྲལ་བའོ།། དེར་གྱུར ་པ་ནི་སྲོག་ཆད་པའོ།། ལྷག་པ་ལྡ་ན་ཞེས་བྱ་བ་ནི་ཉི་མ་ལྡན་འཆི་བར་འགྱུར་རོ།། མིག་དང་ལྡན་ཅིག་པས་ན་མཁའ་ཆད་པ་འདི་ཅིའི་ཕྱིར་ཞེ་ན། སྟེང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་མིག་ཏུ་འགྲོ་བའི་རྩ་གང་གི་ཚེ་ཆད་པ་དེའི་ཚེ་དེ ་ཁ་སྟེང་དུ་བལྟས་པས་འགྱུར་ཏེ། དེ་ཉིད་ཀྱི་ཚེ་ཡང་ནམ་མཁའ་འཆད་པའོ།། ཆ་དགུ་ཡང་དག་ཞོན་ནས་ནི་ཞེས་བྱ་བ་ནི། ལིའི་ཆ་ཡང་དག་པར་ཞོན་པ་སྟེ། ལིའི་གཟུགས་ཞེས་བྱ་བའི་དོན་ཏོ།། བའི་མཆོག་སྦྱིན་འགྲམ་པར་ནི།། ཞེས་བྱ་བ་ལ། ་བའི་མཆོག་སྦྱིན་ནི་རྣ་བ་གཡོན་པ་སྟེ། རྣ་བ་གཡོན་པའི་འོག་དང་འགྲམ་པའི་ངོས་སུ་གནས་པའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ་མཚན་མོ་གཅིག་འཚེའོ།། བཅུ་པོ་ཞེས་བྱ་བ་ནི། ལིའི་ཆའོ།། མཚན་མོ་གཅིག་ལྷག་ཅེས་བྱ ་བ་ནི། མཚན་མོ་གཅིག་ལྷག་པར་འཚོའོ་ཞེས་བྱ་བ་ནི་ལྷག་མའོ།། གཡས་པར་ཞེས་བྱ་བ་ལ་སོགས་པ་ལ། ཆ་ནི་བཅུ་གཅིག་ཅེས་བྱ་བ་ཨི་སྟེ། རྣ་བ་གཡས་པའི་འོག་དང་འགྲམ་པའི་ངོས་སུ་གནས་པའི་རྩ་གང་གི་ཚེ་ཆད་པ་དེའི་ཚེ།། ་གཡས་པའི་འོག་ཏུ་སྲུབས་འབྱུང་བའོ།། དེ་སྐད་དུ་རྣ་བ་གཡོན་པའི་འོག་ཏུ་ཡང་སྲུབས་སོ།། བཅོ་བརྒྱད་གཅོད་མ་ཞེས་བྱ་བ་ལ། གཅོང་མ་ནི་གསོད་པར་བྱེད་མ་སྟེ། དེ་ལྟར་གྱུར་པའི་རྩ་རྣམས་སོ།། ཉིན་པར་བཅཝོ་བརྒྱད་རྣམས་ཀྱིས་ཞེས་བྱ་བར ་དགོངས་པའོ།། བཅུ་གཉིས་པར་ཞེས་བྱ་བ་ལ་སོགས་པ་ནི། ལྷར་འགྲོ་བའི་རྩ་གྲང་གི་ཚེ་ཆད་པ་དེའི་ཚེ་ནག་པོའི་རྣམ་པའི་རཱི་མྱོར་འགྱུར་ཏེ། རྩ་ཡང་ཨཽའི་རྣམ་པའོ།། དུས་ཀྱི་མཚན་ཞེས་བྱ་བའི་ཉི་མ་དྲུག་གིས་ལུས་ཅན་འཆི་བར་འགྱུར་རོ།། ་ཞེས་བྱ་བ་ལྷག་མའོ།། ཁ་ཅིག་ན་རེ་དུས་ཀྱི་མཚན་ཞེས་བྱ་བ་ནི། མཚན་མོ་གཉིས་སོ་ཞེས་ཟེར་རོ།། བཅུ་གསུམ་ཞེས་བྱ་བ་ནི་ཨོའི་ཆའོ།། སོ་དང་སོ་གཞན་དག་ལེགས་འཐམས་ཞེས་བྱ་བ་ནི། སོའི་མཚམས་ཀྱི་རྩ་གང་གི་ཚེ་ཚད་པ་དེའི ་འི་ཕྲེང་བ་གཉིས་འབྱར་བར་གྱུར་པ་སྟེ། རྩ་དེའི་མིང་ནི་འབར་བའི་ཁ་ཅན་མའོ།། འབྱུང་བ་ཐམས་ཅང་འགྲོ་བའི་ཞེས་བྱ་བ་ནི། འབྱུང་བ་བཞི་པོ་རྣམས་ཀྱི་འགྲོ་བ་ནི་ལམ་སྟེ་འདིའི་རྩའོ།། དུས་ཀྱི་གྲངས་ཀྱིས་ཉི་མ་རྣམས་ཞེས་བྱ་བ་ནི། ་ཁ་ཅིག་ན་རེ། མཚན་མོ་གསུམ་མེ་ཞེས་ཟེར་རོ།། མགྲིན་པའི་ངོས་སུ་འགྲོ་བའི་རྩ་གང་གི་ཚེ་ཆད་པ་དེའི་ཆ། མགྲིན་པའི་ངོས་སུ་སྐྲང་བར་འགྱུར་ཏེ། དེ་ཉིད་ཀྱི་ཚེ་ཁ་སྟེང་དུ་བལྟས་པ་དང་བཅས་པར་འགྱུར་རོ།། བཅུ་བཞི་ནི་ཨོཾའི་ཆའོ།། བཅུའི ་ཕྱེད་ཀྱི་སྒྲས་ནི་ཉི་མ་ལྔ་པོ་རྣམས་སོ།། ཐེ་ཚོམ་མེད་ཅེས་བྱ་བ་ནི་ཉི་མ་ལྔ་པོ་རྣམས་ཀྱིས་ལུས་རྣམས་འཆིའོ་ཞེས་བྱ་བ་ན་མི་ཟའོ།། སྙིང་གི་གཟེབ་ཀྱི་རྩ་ཆད་པས་སྙིང་ཞོམ་པར་འགྱུར་རོ།། ལྔ་གསུམ་ཞེས་བྱ་བ་ནི་ཨ~ཾ་ངོ་།། ཟླ་བ ་ཕྱེད་ན་ཞེས་བྱ་བ་ལ། ཟླ་བ་ཕྱེད་ཀྱིས་ཐེ་ཚོམ་ཟ་ཞེས་བྱ་བ་ནི། འཆི་བར་འགྱུར་ཞེས་བྱ་བའི་དོན་ཏོ།། ལྟེ་བའི་ནང་དུ་འགྲོ་བའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ་ལྟེ་བ་སྤང་བར་འགྱུར་རོ།། བཅུ་དྲུག་བདག་ཉིད ་ཡང་དག་ཡོངས་གང་ཞེས་བྱ་བ་ནི། དབྱངས་ཀྱི་བཅུ་དྲུག་པ་སྟེ་ཨཿའོ།། སེན་མོ་ཁྲག་མེད་དེ་བཞིན་ལུས་ཞེས་བྱ་བ་ནི། སེ་ན་མོ་ལ་འབབ་པའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ། སེན་མོ་ལ་ཁྲག་མེད་པའི་ལུས་ཏེ། ཁྲག་དང ་བྲལ་བར་འགྱུར་ཞིང་། དེའི་ཚེ་ཡང་ཉི་མོ་བཅུ་ན་འཆི་བར་འགྱུར་ནའོ།། ཐེ་ཚོམ་མ་ཟ་ཞེས་བྱ་བ་ནི། ཡང་དག་པར་ཉལ་བ་སྟེ། ཉལ་བ་ནི་འཆི་བ་ཞེས་བྱ་བའི་དོན་ཏོ།། བཅུ་བདུན་ལ་ཞེས་བྱ་བ་ནི། བཅུ་བདུན་གྱི་ཆ་སྟེ་ཐིག་ལེའོ།། ་བཪྵའི་ཞེས་བྱ་བཱ་ནི། བཪྻ་རུ་འགྲོ་བའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ། བརླ་སྲུང་བར་འགྱུར་ཏེ། དེའི་ཚེ་ཉི་མ་ཉི་ཤུ་རྩཝ་བཞིའི་མཐར་འཆི་བ་ར་འགྱུར་རོ།། བྱིན་པའི་ཟུང་དུ་ཞེས་བྱ་བ་ནི། བྱིན་པ་དག་གི་རྩ་གང་གི་ཚེ་ཆད་པར ་གྱུར་པ་དེའི་ཚེ། བྱིན་པ་བསྐྱེད་པར་མི་ནུས་སོ།། བཅོ་བརྒྱད་དུ་ཞེས་བྱ་བ་ནི། བཅོ་བརྒྱད་ཀྱི་ཆ་སྟེ། དེ་ཡང་ཐིག་ལེའི་སྟེང་དུ་རྩེ་མོའོ།། གསང་བར་འགྲོ་བའི་རྩ་གང་གི་ཚེ་ཆད་པར་གྱུར་པ་དེའི་ཚེ། གསང་བའི་རྩ་བར་སྲུངས་མི་མཐོང་སྟེ། ་ཨཱའི་གཟུགས་དང་རྩ་དེ་ནི་ཆ་བཅུ་གཉིས་པོའོ།། བཅུ་དྲུག་ཉིད་ཅེས་བྱ་བ་ནི་ཨཱའོ།། གོང་དུ་གསུངས་པ་ཉིད་ནི་བཤད་པར་འགྱུར་རོ།། བཅུ་གཉིས་འདི་ཞེས་བྱ་བ་ནི་སྔོན་མ་བཞིན་ནོ།། ལོའི་རིམ་པས་སྦྱང་པ་ནི་གོང་དུ་གསུངས་པ་ཁོ་ནའོ། ་རིམ་པས་རྗེས་སུ་བདུན་ཅུ་གཉིས་ཞེས་བྱ་བ་ནི། ཡར་གྱི་ངོ་ལ་བཅུ་གསུམ་དང་བཅུ་བཞི་དང་ཉ་གང་བའོ།། ཨར་གྱི་ངོ་ལ་ཡང་བཅུ་གསུམ་དང་བཅུ་བཞི་དང་། སྟོང་ཞེས་བྱ་བ་སྟེ། ཟླ་བ་གཅིག་ལ་ཉི་མ་དྲུག་གོ།། འདི་རྣམས་ཉིད་ནི་ལོ་གཅིག་ལ་བདུན ་ཅུ་རྩ་གཉིས་སོ།། རིམ་པའི་རྗེས་སུ་ཞེས་བྱ་བ་ནི། གསུམ་པ་ལ་ནི་བཅུ་གསུམ་པ་དང་བཞི་པ་ལ་ཡང་བཅུ་བཞི་པ་དང་། ལྔ་པ་ལ་ནི་བཅོ་ལྔ་པའོ།། ཡང་གསུམ་པ་ལ་ནི་བཅུ་གསུམ་པ་དང་། བཞི་པ་ལ་ནི་བཅུ་བཞི་པ་དང་ལྟ་བ་ལ་ནི་སྟོང་ཞེས་བྱ་བ ་ནི་ངོ་གཉིས་ཀྱི་རིམ་པའོ།། སུམ་ཅུ་རྩ་དྲུག་བཅོ་བརྒྱད་དང་ཞེས་པ་ནི། སུམ་ཅུ་རྩ་དྲུག་གི་མཚན་མའི་ཆ་གཉིས་ཀྱིས། བཅཝོ་བརྒྱད་གཉིས་སུ་འགྱུར་རོ།། དེ་ཉིད་ཐིག་ལེ་གཉིས་ཀྱིས་མཚན་པར་བྱ་ཞིང་། བརྒྱད་གཉིས་ཀྱིས་སྦྱར་ནས་བཅུའི་རྩ ་ཐ་དད་པར་གཞག་པར་བྱ་སྟེ། སྟེང་གི་ཐིག་ལེ་དང་ཉེ་བར་འོག་གི་ཐིག་ལེ་གཞུག་པར་བྱའོ།། གཅིག་གཉིས་ཀྱིས་གཅིག་ཏུ་བྱས་ནས། ཉི་ཁྲི་དང་སྟོང་ཕྲག་གཅིག་དང་དྲུག་བརྒྱའོ།། སུམ་ཅུ་རྩ་དྲུག་ནི་ཉིན་དང་མཚན་གྱིས་དབུགས་འབྱིན་པ ་གྲངས་ཀྱི་ཤིན་ཏུ་རྒྱས་པོར་བསྟན་པའོ།། ལྷག་མ་ནི་གོ་སླའོ།། ཆུ་ཞེས་བྱ་བ་ནི་སྐལ་པ་སྟེ། རྩཝ་རྣམས་ནི་དགུ་ལ་སོགས་པའི་ཆ་སྟེ། སྦོམ་པོ་ལ་སོགས་པར་ཤེས་པར་བྱའོ།། དབྱངས་ཀྱི་བཅུ་བཞི་ཞེས་བྱ་བ་ནི། ཁ་ཅིག་ན་རེ་དབྱིངས་ཀྱི་སྒྲས ་ནི། འདིར་ཆའི་ཚིག་ཏུ་བལྟ་བར་བྱའོ་ཞེས་ཟེར་རོ།། འོ་ཞེས་བྱ་བ་ནི་རྫོགས་པའོ།། རྩ་རྣམས་ཀྱི་མཉམ་པ་ཉིད་དུ་སྦྱོར་བ་ནི། རྩའི་མཉམ་པར་སྦྱོར་བ་སྟེ། རྩ་ཐམས་ཅད་ཀྱི་བཟློག་པའི་ཆའོ།། དབུགས་དབྱུང་བ་ཞེས་བྱ་བ་ནི། རླུང་སྟེ་དེའི ་དབྱུང་བའོ།། དེ་གཉིས་རྗོད་པར་བྱེད་པའི་ཕྱིར། དེ་དེ་བཞིན་དུ་གསུངས་པའི་ཆོ་གའི་ལྡེའུའོ།། ཡང་དག་པར་སྦྱོར་བ་ཞེས་བྱ་པ་གང་ལས་ཚིག་རྐང་ལ་རྩ་བ་རྣམས་ཀྱིས་ཡང་དག་པར་སྦྱོར་བའོ།། རྩཝའི་ཡང་དག་པར་སྦྱོར ་བ་ནི། སྣའི་ནང་སྙིང་ལ་སོགས་པའི་གནས་སུའོ།། ཆོ་གའི་ལེའུ་ཞེས་བྱ་བ་ནི། འཆི་བའི་མཚན་མའི་ཆོ་གའི་ལེའུ་སྟེ་ཉི་ཤུ་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ་པའོ།། །། འཆེ་བའི་མཚན་མ་དང ་མཚན་མ་ཡོངས་སུ་ཤེས་པ་ལས། གལ་ཏེ་བྱ་བ་དང་དེའི་བཟློག་པའི་བྱ་བ་མི་ནུས་པས། དེ་ནས་འཕོ་བས་རྣམ་པར་ཤེས་པས་ཡོངས་སུ་སྤངས་པ་ལས་ཁྱད་པར་འཕགས་པའི་གནས་སུ་སྐྱེ་བ་ཞེས་བྱ་བ་ནི། ཡན་ལག་དང་ཉིང་ལག་དང ་བཅས་པའི་འཆི་བའི་མཚན་མའི་ལེའུ་དེ་མ་ཐག་ཏུ། ཡན་ལག་དང་ཉིང་ལག་དང་བཅས་པའི་འཕོ་བའི་མཚན་ཉིད་ཀྱི་ལེའུ་ནི། ཉན་པར་འཚལ་ཞེས་བྱ་བ་ལ་སྩོགས་པ་གསུངས་སོ།། ཡེ་ཤེས་དབང་པོ་ཞེས་བྱ་བ་ནི། ཀྱེ་འཕོ་བའི་ཡེ ་ཤེས་ལྷག་པར་མཛད་པའོ།། སྒོ་དགུ་རྣམས་ཀྱི་ཞེས་བྱ་བ་ནི། ལྟེ་བ་ལ་སོགས་པའི་སྒོ་རྣམས་ལའོ།། མཚན་ཉིད་ཅེས་བྱ་བ་ནི་རང་གི་ངོ་བོ་ཞེས་བྱ་བའི་དོན་ཏོ།། རྩའི་སྔོན་གྱི་རབ་གནས་པའི། ཡོན་ཏན་སྐྱོན་སོགས་ཇི་ལྟར་ལགས་ཞེས་བྱ་བ་ནི ་སྔོན་གྱི་རབས་ཀྱི་རྩ་དགུའི་གནས་རྣམས་ཀྱི་རྩ་དགུའོ་གནས་རྣམས་ཀྱི་ཡོན་ཏན་སྦྱིན་ཇི་ལྟར་ལགས་ཞེས་བྱ་བ་སྟེ། དེ་ཡང་དང་པོ་ནི་སྔོན་གྱི་རབས་ཞེས་བྱ་བའི་དོན་ཏོ།། དེའི་དབྱེ་བ་ཞེས་བྱ་བ་ནི་སྒོ་ལ་སོགས་པའི་དབྱེ་བ་སྟེ། ཕན་ཚུན་གྱི ་ཁྱད་པར་རོ།། ལྡན་གསུངས་པ། ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ།། བདག་ཉིད་ཅེས་བྱ་བ་ལ་སོགས་པ་ནི། འཕོ་བའི་དངོས་གྲུབ་ཀྱི་དོན་དུའོ།། དང་པོར་ཞེས་བྱ་བ་ནི། གཏུམ་མོའི་རྣལ་འབྱོར་གྱིས་སོ།། བདག་ཉིད་ནི་ལུས་སོ།། སྦྱང་བྱ། ་ཞིང་ཞེས་བྱ་བ་ནི། མཐུན་པར་བྱེད་པའོ།། ཕྱི་ན་ས་ལས་རྣམས་ཞེས་བྱ་བ་ནི། སྦྱངས་མ་ཐག་ཏུ། ཙྭིར་འགྱུར་ཞེ་ན། དྲུག་དང་རིམས་ཀྱི་ཚ་བ་འཕྲོག་ཅེས་བྱ་བ་ནི། འགེངས་པ་དྲུག་ན། དུག་དང་རིམས་ཀྱི་ཚ་བ་འཕྲོག་པ་སྟེ། འགེངས་པར་བྱེད ་པའི་ད་ལྟར་གྱི་འབྲས་བུའོ།། བུམ་པ་སྒོ་ནི་རེངས་པར་བྱེད་ཅེས་པ་གསུངས་ཏེ། འདི་ཉིད་ནི། དེ་བཞིན་དུ་རང་གི་ངང་གིས་ཞུགས་པའི་རླུང་ལྟེ་བར་མནན་པ་ཞེས་བྱ་བ་ནི་བུམ་པའི་རླུང་གི་མཚན་ཉིད་དོ།། དེ་ལྟར་མཚན་ཉིད་ཀྱི་བུམ་པས་ལུས་ཀྱི ་སྒོ་རྣམས་རེངས་པར་བྱེད་པའོ།། དེས་ཅིར་འགྱུར་ཞེ་ན། སྒོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒོའི་བུག་པ་རྣམས་ཀྱི་སྤྱོད་པ་ཉིད་ནི་མཛེས་པ་ཞེས་གསུངས་སོ།། འབྱིན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱིན་པས་སྒོ་བརྒྱད་པོ ་རྣམས་སུ་མནན་ན་སྟེང་གི་གྲོལ་བ་ཡིན་ཏེ། འདིས་ནི་འཕོ་བའི་རྣལ་འབྱོར་ཉིད་ཡིན་ནོ།། དེ་བཞིན་དུ་རླུང་འདི་ཕྱི་རོལ་དུ་སོར་བཅུ་གཉིས་བཏོན་ནས་གཟུང་བར་བྱའོ་ཞེས་བྱ་བ་ནི། འབྱིན་པར་བྱེད་པའི་མཚན་ཉིད་དོ།། དེ་ལྟར་གྱུར་པའི ་འབྱིན་པས་ན་ཚོགས་དེའི་དངོས་པོའི་ཕྱིར་དབྱུང་བར་བྱའོ་ཞེས་བྱ་བའོ།། རབ་ཏུ་ཞི་བ་ཞི་བས་འབབ་ཅེས་བྱ་བ་ནི། རླུང་འཇུག་པར་མི་བྱེད་པ་དང་། འབྱིན་པར་མི་བྱེད་པ་སྟེ། དེ་བཞིན་དུ་འདི་སྣའི་རྩེ་མོ་ཙམ་དུ་བལྟ་བར་བྱ་ཞེས་བྱ་བ་ནི་རབ་ཏུ ་ཞི་བའི་མཚན་ཉིད་དོ།། རབ་ཏུ་ཞི་བས་ཞི་བ་དང་ཞི་བྱ་ཉིད་ནི། རབ་ཏུ་ཞི་བ་ཞི་པའོ།། འདི་ལྟར་རླུང་དབང་དུ་གྱུར་པས། མངོན་པར་འདྲོད་པའི་སྒོ་ནཱ་ས་བཏོན་པས་འཕོ་བའི་འབྲས་བུར་འགྱུར་རོ།། ཕ་རོལ་འགྲོ་བའི་རྣམ་པར་ཤེས། ་དབྲོག་པའི་ཆོ་ག་བཤད་པར་བྱ་ཞེས་བྱ་བ་ནི། རྣམ་པར་ཤེས་པ་དབྲོག་པ་ཞེས་བྱ་བ་དང་། བཤད་པར་བྱ་ཞེས་བྱ་བར་འབྲེལ་ཏོ།། ཆོ་ག་ཞེས་བྱ་བ་ནི། མན་ངག་གི་ཆོ་གའི་རིམས་པས་སོ།། ཕ་རོལ་འགྲོ་བ་ནི་ལྷག་པར་ཡང་གོམས་པས་ཕ་རོལ ་ཏུ་འགྲོ་བ་སྟེ་རྣལ་འབྱོར་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། སྔོན་མ་སྦྱངས་པ་ལས་ཕྱི་རོལ་རྣམས་སྦྱང་བ་བྱ་སྟེ་ཞེས་བྱ་བ་ནི་བྱེད་དོ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་ཞེས་བྱ་བ་ནི། རྣམ་པར་ཤེས་པ་དབྲོག་པའི་རྣལ་འབྱོར་གྱིས་སོ།། གནས ་གཉིས་ཀྱི་ནཽ་སེམས་ཀྱི་ནི་ཞེས་བྱ་བ་ལ་གནས་གཉིས་ནི་གནས་གཉིས་ཞེས་བྱ་བའི་དོན་ཏོ།། སྐུ་དང་ཐུགས་ཞེས་བྱ་བར་ཤེས་པར་བྱའོ།། སེམས་ཀྱི་ནི་ཞེས་བྱ་བཱ་ནི་ཐུགས་ཏེ། སྐུའི་སེམས་དང་། ཐུགས་ཀྱི་སེམས་ཞེས་བྱ་བའི་དོན་ཏོ།། འདིས ་ཅིར་འགྱུར་ཞེ་ན། རླུང་གི་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། ལྟེ་བའི་འོག་ཏུ་སོར་བཞི་པོར་ནས་རླུང་གི་དཀྱིལ་འཁོར་གྱི་སེམས་ཀྱིས་ནི་ཞེས་བྱ་བ་ལ་ནི་རླུང་གི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ།། དེའི་སྟེང་དུ་ཅི་ཞེ་ན། རླུང་གཽ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ནང་གིས་སྒྲ་ནི་སྟེང་གི་ཚིག་གོ།། རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་གནས་པ་དེ་ཅི་ཞེ་ནི། མེ་ཡི་ནི་ཞེས་བྱ་བ་གསུངས་ཏེ། དེའི་སྟེང་དུ་མེའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ།། དབྱེ་བར་བྱ་ཞེས་བྱ་བ་ནི། རླུང་གི་དཀྱིལ་འཁོར་གྱིས་མེའི ་དཀྱིལ་འཁོར་འབར་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཡང་ནས་ཡང་དུ་ཞེས་བྱ་བ་ནི་ཤིན་ཏུ་ཞེས་བྱ་བའི་དོན་ཏོ།། ཨཱ་ལི་ཞེས་བྱ་བའི་ས་བོན་ནི་ཨཾ་ངོ་།། ཀཱ་ལི་ཞེས་བྱ་བ་ནི། ཀཱ་ལིའི་ས་བོན་ནཱི་ཧཱུཾ་ངོ་།། ལྡན་པར་ནི་ཞེས་བྱ་བ་ནི་སྔ་མ་ཉིད་།། དེའི་ཞེས ་བྱ་བ་ནི་དེ་དག་གི་ཞེས་བྱ་བའི་དོན་ཏོ།། ལྟེ་བ་དང་སྙིང་དག་ལ་གོ་རིམས་བཞིན། ཨཾ་ཧཱུཾ་གི་ས་བོན་དང་ཡང་དག་པར་ལྡན་པ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ནི་སྦྱར་བར་བྱ་ཞེས་བྱ་བ་ནི། དེའི་ས་བོན་གཉིས་ཏེ། སྐུའི་སེམས་དང་ཐུགས་ཀྱི་སེམས ་ཀྱིས་རྣམ་གཞག་གོ་ཞེས་བྱ་བའི་དོན་ཏོ།། འབྱིན་དང་ནུབ་པའི་ཞེས་བྱ་བ་ལ། འབྱིན་པ་ནི། དབུགས་འདོད་པའོ།། རྔུབ་པ་ནི་དབུགས་འཇུག་པ་སྟེ། དེ་དག་གི་བཟླས་པའོ།། དེ་ཉིད་ཀྱི་ཕྱིར། བཟླས་པ་ཡི་ཞེས་བྱ་བ་གསུངས་སོ།། རྣལ་འབྱོར ་པས་ཞེས་བྱ་བ་ནི། དེ་ལྷུར་གྱུར་པ་ཟློས་པའི་རྣལ་འབྱུར་པ་རྣམས་ཀྱི་མཉམ་པར་བཞག་པའི་སེམས་ཀྱི་དེ་ལྟར་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་ཡང་ཇི་ལྟར་དེ་སྐད་དུ་བཟླས་ཤེ་ན། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་ཡེ་ཤེས་གྱི་ས་བོན་ནི་སྙིང་གི་པདྨ་ར་གཤེགས་པའི་ཧཱུཾ་ངོ་།། དེའི་འབྱིན་པས་ཞེས་བྱ་བ་ནི། གཏུམ་མོའི་ས་བོན་གྱི་འོད་ཟེར་དང་ལྡན་པས་མེའི་རང་གཽ་ངོ་བོ་རླུང་གིས་བསྐུལ་བསྲ་པ་སྣུན་པར་བསམ་པར་བྱའོ།། དེའི་པདྨ་དང་དེ་ཉིད ་ཁ་སྟེང་དུ་བལྟས་པར་འགྱུར་རོ།། དེ་ལྟར་ཕྱིར་ཞིང་ཕྱིར་ཞིང་བསམ་པོར་བྱའོ།། ཡང་ཙོ་བྱ་ཞེ་ན། དེ་བྲོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱིན་པ་དང་ངེས་བསྣུན་པས་སྙིང་གི་པདྨར་སོན་པའི་རྣམ་པར་ཤེས་པ་ལྐོག་མ་དང་སྤྱི་བོའི ་ཡུལ་གྱི་མཐར་རོ།། དབྲོག་པ་ནི་ཁྱེར་ཞེས་བྱ་བའི་དོན་ཏོ།། ཡང་རྔུབ་པའི་རླུང་གིས་དེ་བཞིན་དུ་འདི་སྙིད་གྲི་པདྨར་སོན་པར་བསམ་པར་བྱའོ།། འདི་སྐད་དུ། འདོན་པ་དང་འཇུག་པའི་རླུང་དག་གིས་སྟེང་དང་འོག་དག་ཏུ་ཁྱེར ་པའི་རྣམ་པར་ཤེས་པ་བསམ་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དབྲོག་པར་བྱའོ།། མེ་ཏོག་ལྟ་བུར་ཞེས་བྱ་བ་ནི། ཇི་ལྟར་རླུང་གིས་ཀཱ་སིའི་མེ་ཏོག་ཁྱེར་བ་དང་འགུགས་པ་ཞེས་བྱ་བའི་དོན་ཏོ།། དེ་སྐད་དུ་འབྱིན་པའི་བཟླས་པ་དྲག་གིས ་དེ་གྲུབ་པའི་རྣལ་འབྱོར་པ་རང་གི་རྣམ་པར་ཤེས་པ་ཕྱི་རོལ་ཏུ་བྱེད་དོ་ཞེས་ཟེར་བྱ་བར། འབྱིན་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི། འབྱིན་པའི་བཟླས་པ་སྟེ། འབྱིན་པ་དང་རྔུབ་པའི་བཟླས་པ་ཞེས་བྱ་བའི་བར་གྱི་ཚིག་ཕྱིས་པའི་བསྡུ་བ ་དང་རང་གི་དོན་ལ་ཨཱ་ཎའོ།། རྣལ་འབྱོར་པའི་ཞེས་བྱ་བ་ནི། འབྱིན་པ་གོམས་པ་དང་། བཟླས་པ་གོམས་པ་ནི་རྣལ་འབྱོར་པའོ།། བདག་ཉིད་ཅེས་བྱ་བ་ནི་རྣམ་པར་ཤེས་པའོ།། འབྱིན་དང་རྔུབ་པའི་མཚན་ཉིད་ནི་ཞེས་བྱ་བ་ནི། འབྱིན་པ ་དྲང་རྔུབ་པའི་མཚན་ཉིད་ཀྱིས། བཟླས་པས་ཞེས་བྱ་བའི་དོན་ཏོ།། ཅི་ཞེ་ན། མཉམ་ཉིད་ཅེས་གསུངས་ཏེ། རྣལ་འབྱོར་པའི་སེམས་མཉམ་པ་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། དེ་ཉིད་བསྒོམས་པས་ནི་ཞེས་བྱ་བ་གསུངས་ཏེ། དེ་དག ་གི་རྣམ་པར་ཤེས་པ་དང་རླུང་དག་གི་རང་བཞིན་ནི་དེ་ཁོ་ན་ཉིད་དོ།། དེའི་བསྒོམ་པ་གང་ཞིག་གོམས་པ་དེ་ནི་མཉམ་པ་ཉིད་ཅེས་བྱ་བའི་དོན་ཏོ།། རྣམ་པར་ཤེས་པ་ནི་རང་བཞིན་འོད་གསལ་བ་དང་། རླུང་ཡང་དེའི་ངོ་བོའི་ཕྱིར་རང་བཞིན ་འོད་གསལ་བ་ཉིད་དོ།། གང་ཡང་འབྱིན་པ་དང་རྔུབ་པ་དག་གི་སྤྱིའི་མཚན་ཉིད་ཅེས་བྱ་བ་ནི། དེ་དག་གི་དེ་ཁོ་ན་ཉིད་དོ་ཞེས་འཆད་དོ།། ཅི་རེས་འགའ་གོམས་པར་བྱས་པ་ལས་དེ་སྐད་བརྗོད་དམ་ཞེ་ན། མཉམ་གཞག་ཅེས་བྱ་བ ་ལ་སོགས་པ་གསུངས་ཏེ། མཉམ་པར་གཞག་པ་ནི་རྣལ་འབྱོར་པོའོ།། དངོས་པོ་བསྒོམ་པས་ནི་ཞེས་བྱ་བ་ནི་ཡང་དང་ཡང་བསྒོམས་པས་སོ།། འགྲུབ་འགྱུར་ཞེས་བྱ་བ་ནི། མངོན་པར་འདོད་པའི་དོན་གྲུབ་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ་འདི་ལ་ཐེ་ཚོམ་མེད་ཅེས་བྱ་བ་ནི། ནོར་བུ་དང་སྔགས་དང་། སྨན་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའོ།། ད་ནི་ནང་གི་བདག་ཉིད་ཅན་གྱི་ལས་རྒྱས་པ་ནི། དེ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལས་འཕོ་བའི་རྣལ་འབྱོར་གྱི་ལས ་རྣམས་ཀྱིའོ།། ཕྱི་རོལ་ནི་གཞན་རྣམས་ཤེས་བྱ་བའི་དོན་ཏོ།། ཕ་རོལ་གྱི་རྣམ་པར་ཤེས་པ་དབྲོག་པ་ཞེས་བྱ་བ་ལྷག་མའོ།། མང་པོའི་ཚིག་ནི་རིམ་གྲོ་བྱེད་པ་མང་བའི་ཕྱིར་རོ།། ཕྱི་རོལ་ནི་བཞད་པར་བྱ་ཞེས་བྱ་བ་གྲོང་གི་བྱ་བ་ཉིད་དང་སྦྱར ་རོ།། ལུས་ཀྱི་ནི། སྒྲུབ་པ་པོའི་རྣམ་པར་སྤྲུལ་ཞེས་བྱ་བ་ལ། སྒྲུབ་པ་པོའི་ཞེས་བྱ་བ་ནི་རྣལ་འབྱོར་པའིའོ།། ལུས་ཀྱི་སྤྲུལ་ཞེས་བྱ་བ་ནི་སྤྲུལ་པ་སྟེ། རྣམ་པར་ཤེས་པ་དབྲོག་པོའི་རིམ་གྲོ་བྱེད་པའི་བྱ་བ་ཞེས་བྱ་བའི་དོན་དང་རྣལ་འབྱོར ་པས་རང་གི་ལུས་ཉིད་ལ་དང་པོར་བསྒོམ་པར་བྱའོ་ཞེས་དགོངས་པའོ།། དེ་ཉིད་ནི། བྱུང་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཉི་མའི་ལམ་གྱིས་ཤེས་བྱ་བ་ནི། གཡས་པའི་སྣའི་ཁུང་བུས་སོ།། ང་དང་ཞེས་བྱ་བ་ནི། ཐབས ་ཀྱི་ཆ་སྟེ་ཀ་ལ་སོགས་པའོ།། ལྷ་མོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆ་སྟེ། ཨ་ལ་སོགས་པའོ།། ང་དང་ལྷ་མོ་ད་ནི། ད་དང་ལྷ་མོའོ།། དེ་ཅིར་གྱུར་པས་ཤེ་ན། ཆ་ལྡན་པ་ཞེས་གསུངས་ཏེ། ཆ་ཟླ་བ་ཕྱེད་དང་ཐཱག་ལེར་བཅས ་པ་སྟེང་དབྱངས་ཀྱི་དང་པོའོ།། དེ་དང་ལྡན་པ་ནི་ཕྱུང་ནས་ཤེས་བྱ་བའི་དོན་ཏོ།། དེ་ནི་བསྒྲུབ་བྱའི་སྙིང་ནང་ཞུགས་པ་ཞེས་བྱ་བ་དང་། བསྒྲུབ་བྱའི་རྣམ་ཤེས་ཕྲོགས་ཤེས་བྱ་བར་འབྲེལ་ཏོ།། རྣམ་པར་ཤེས་པ་དེ་ཇི་ལྟ་བུར་བྱ་ཞེ་མ ་ཁྱེར་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་དང་ལྷ་མོས་ཁྱེར་བའོ།། རྣམ་ཤེས་ཤེས་བྱ་བ་ནི་ཤེས་པའོ།། གཞུགས་པར་བྱ་ཞེས་བྱ་བ་ནི། རྣལ་འབྱོར་པའི་རང་གཽ་ལུས་ལ་གཞུག་པའོ།། ཡང་ཇི་ལྟ་བུ་ཞེ་ན། འོག་གི་མེའི ་འཁོར་ལོར་སྦྱར་ཞེས་གསུངས་ཏེ། ལྟེ་བའི་དཀྱིལ་འཁོར་གྱི་འོག་ཏུ་འཁོར་ལོར་མེའི་དཀྱིལ་འཁོར་ལ་སྦྱར་བ་ནི་བཅུག་པའོ།། འཁོར་ལོ་ཞེས་བྱ་བ་ནི་བདུན་པ་ཕྱིས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་མེ་ནི་རླུང་གིས་གསལ་བྱེད ་ཅིང་ཞེས་བྱ་བ་གསུངས་ཏེ། རླུང་གི་དཀྱིལ་འཁོར་གྱིས་བསྐུལ་བས། མིའི་དཀྱིལ་འཁོར་གྱིས་གསལ་བ་ནི་བསྲེགས་པ་ཞེས་བྱ་བའི་དོན་ཏོ།། འདིས་ནི་འདི་བརྗོད་དེ། སྤྲུལ་པའི་འཁོར་ལོར་གནས་པའི་གཏུ་མཾ་མོའི་ས་བོན་དང་ཐིག ་ལེ་འབར་པཾ་ལས་ཕྱུང་བ་དག་གིས་ཏེ། ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་དག་གི་ཐབས་དང་ཤེས་ར་ངག་གིས་འབར་བའི་རྣམ་པ་ངག་གིས་སྣ་ཁུང་གཡས་པ་ནས་བྱུང་བས་བསྒྲུབ་བྱའི་སྣ་ཁུང་གཡོན་པར་ཞུགས་པ ་ངག་གིས་དེའི་རྣམ་པར་ཤེས་པ་སྙིང་གི་ནང་དུ་སོན་པ་རིན་པོ་ཆེ་འབར་བའི་རྣམ་པ། རང་གི་འོད་ཟེར་གྱིས་ཁྱབ་པར་བྱས་ནས། བདག་ཉིད་ཀྱི་ནང་དུ་ཁྱེར་ཏེ། དེའི་ཡང་སྣ་ཁུང་གཡས་པ་ནས་བཏོན་ཅིང་རང་གི་སྣ་ཁུང་གཡོན་པར་ཞུགས ་པ་དག་གི་སྟེ། ལྟེ་བའི་འོག་ཏུ་མེའི་དཀྱིལ་འཁོར་ལ། རླུང་གི་དཀྱིལ་འཁོར་གྱིས་གསལ་བར་དེ་བཅུག་ཅིང་བསྲེག་པར་བསམ་པར་བྱའོ་ཞེས་བྱ་བ་ནི། གཞན་གྱི་རྣམ་པར་ཤེས་པ་དབྲོག་པའོ།། འདིས་ནི་བསྒྲུབ་བྱ་ཡང་ཁྱབ་པ་སྟེ། གནས ་ཞེས་བྱ་བ་ལ་སོགས་པའོ།། ཟད་པར་ཞེས་བྱ་བ་ལ། ཟད་པ་ནི་ཁྱབ་པ་སྟེ། ཇི་སྲིད་དུ་མཁྱེན་པ་དེ་སྲིད་དུ་ལྐུག་པ་ལྟ་བུར་གནས་སོ་ཞེས་བྱ་བའི་དོན་ཏོ།། འདིས་ནི་གཞན་གྱི་གྲོང་ཁྱེར་དུ་འཇུག་པ་ལ་ཡང་བསྙེགས་ཏེ། འོན་ཀྱང་བདག་གི ་ལུས་སྤངས་པས་གནས་པ་ཞེས་བྱ་བ་ནི་ཁྱད་པར་རོ།། ད་ནི་འཕོ་བའི་གནས་སྐབས་གསུངས་པ། འཚོ་བའི་ཞེས་བྱ་བ་ལ་སོགས་པ་ནི། སྔར་གསུངས་པའི་འཆི་བའི་མཚན་མ་སྟེ། དེ་ཤེས་ནས་ཅུང་ཟད་བསྲུངས་པར་མི་ནུས་པར ་ཤེས་ནས་འཕྲོ་བར་བྱའོ་ཞེས་བྱ་བ་ནི། འཆེ་བའི་དུས་རྙེད་པ་རྣམས་ཀྱིའོ།། འཕོ་བའི་རྣལ་འབྱོར་དམ་པ་ཉིད་ཅེས་བྱ་བ་ནི། འཕོ་བའི་རྣལ་འབྱོར་ཁྱད་པར་དུ་འཕགས་པ་ཞེས་བྱ་བའི་དོན་ཏོ།། འཆི་བ་ཇི་ལྟར་ཤེས་པར་བྱ་ཞེ་ན ་འཆི་བའི་དུས་སུ་བསྟོན་པ་ཉིད་ཅེས་བྱ་བ་ནི། འཆི་བའི་མཚན་མ་ཞེས་བྱ་བའི་དོན་ཏོ།། འདིས་འཆི་བ་བགྲང་བར་བྱེད་པའི་ཕྱིར། འཆི་བའི་དུས་སུའོ།། རིམས་ལ་སོགས་པས་མ་ཕྱེ་བའི་ཞེས་བྱ་བ་ནི། རིམས་དང་ནང་དང་རིང་བ་རྣམ ་ཀྱི་འཕོ་བར་མི་ནུས་སོ།། ཞེས་བྱ་བར་དགོངས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སེང་གེ་རྣམ་རོལ་ཕྱག་རྒྱ་ནི།། རྣལ་འབྱོར་པས་ནཱི་བཅིང་བར་བྱ་ཞེས་བྱ་བ་ནཱི། ཀྱེ་རྣལ་འབྱོར་མ། རྣལ་འབྱོར་པས་སེ ་གེ་རྣམ་པར་རོལ་པའི་ཕྱག་རྒྱ་པཅིངས་པ་ནི། དེ་ཡང་བཅིངས་པའོ།། སྲོག་དང་རྩོལ་བ་བྱ་ཞེས་བྱ་བ་ནི། བྱ་བ་རྣམས་ཞེས་བྱ་བའི་དོན་ཏོ།། མིག་དང་། རྣ་བོ་དང་། སྣའི་དབུགས་དང་། ཁ་རྣམས་ཀྱི་རང་གི་སོར་མོ་བརྒྱད་ཀྱིས་བཀག་པ་ནི་སེང ་གེ་རྣམ་པར་རོལ་པའི་ཕྱག་རྒྱ་སྟེ། སྟེང་དང་འོག་ཏུ་སྲོག་དང་རྩོལ་བའི་རླུང་མནན་པའོ།། ཁ་ཅིག་ནོ་རེ་འབོ་པ་མེད་པར་ཡུལ་ཐམས་ཅད་ཉེ་བར་ལོངས་སྤྱོད་པ་ནི་སེང་གེ་རྣམ་པར་རོལ་པ་ཞེས་ཟེར་རོ།། ཁྱོད་ཀྱི་གནས་ཀྱི་རྣལ་འབྱོར་ལས ་ཤེས་བྱ་བ་ལ། ཁྱོད་ཀྱི་སྒྲ་ནི། ངེས་པ་མེད་པར་བྱས་ཞེས་བྱ་བ་ལ་སོགས་པའི་བྱ་བ་ལ་ལྟོས་པ་སྟེ། དེ་ཡང་ཤེས་རབ་ཅེས་བྱ་བའི་ཐ་ཚིག་གོ།། དང་ཞེས་བྱ་བའི་སྒྲ་ཡང་དེ་སྐད་དུ་གོང་དུ་གསུངས་པའི་ཐབས་ཀྱི་ཐ་ཚིག་སྟེ། འདི་རོ་ནི་གན ་ནི་ཐབས་ཀྱི་ཆའོ།། ཁྱོད་དང་གནས་ཞེས་བྱ་བ་ནི། ཁྱོད་ཀྱི་གནས་ཏེ། དེ་དག་གི་རྣལ་འབྱོར་ལས་ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་སྣ་ཞེས་བྱ་བའི་དོན་ཏོ།། སྟེང་དུ་འགྲོ་བའི་རླུང་ནི་ཤེས་རབ་བློ།། འོག་ཏུ་འགྲོ་བ་ནི་ཐབས་སོ།། འདིས་ཅིར ་འགྱུར་ཞེ་ན། སྤངས་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་ལུས་སྤངས་ནས་སྟེང་གི་ལམ་གྱིས་འཕོ་བའོ།། བྱ་ཞེས་བྱ་བ་ནི་བྱ་བའི་རྣལ་འབྱོར་རོ།། འབྱེད་པའི་འཕོ་བི་ནི་གཉིས་པ་ཕྱིས་ནས་བདུན་པའོ།། གཞན་གྱི་གྲོང་ཞུགས ་ཏེ་ཞེས་བྱ་བ་ནི། འདི་ཉིད་ཀྱི་རྣལ་འབྱོར་གྱིས་གཞན་གྱི་གྲོང་དུ་འཇུག་པས་སྣ་ཚོགས་པའི་ལོངས་སྤྱོད་ལ་སོགས་པའི་ལས་རྣམས་ཡང་བྱེད་དོ་ཞེས་བྱ་བར་སྦྱོར་རོ།། འདིའི་འདི་ཉིད་ནི། དེ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་པའི་རྣལ ་འབྱོར་གྱིས་ཞེས་བྱ་བ་ནི། གོམས་པའི་རྣལ་འབྱོར་གྱིས་སོ།། རང་གིས་ལུས་ཀྱི་རྣལ་འབྱོར་ཞེས་བྱ་པོ་ནི། འཆི་བའི་མཚན་མ་ཤེས་ནས་ཆོ་ག་འདིས་སྔོན་གྱི་ལུས་སྤངས་ནས་ལུས་གང་ལ་ཞུགས་པ་དེ་ཉིད་རང་གི་ལུས་ཏེ། དེ་དང་ལྷན་ཅིག་པའི ་རྣལ་འབྱོར་རོ།། འདོད་ཅེས་བྱ་བ་ནི། གང་གི་ཚེ་འདོད་པ་ནི་རང་གི་ལུས་ཀྱི་རྣལ་འབྱོར་བྱེད་པ་དེ་ཉིད་ཀྱི་ཚེ་དེ་བསྒྲུབ་པར་ནུས་སོ་ཞེས་བྱ་བར་དགོངས་པའོ།། འདིས་ནི་ཚེ་གའི་བདག་ཉིད་ཆེན་པོ་བཤད་པ། དེ་ལྟར་བྱེད་པ་ནི། འགྲོ་དང་ཞེས་བྱ་བ་ལ་སོཊ། ་པ་གསུངས་ཏེ། རླུང་གི་འགྲོ་བ་དང་འོང་བ་དེ་དག་ཁྱད་པར་དུ་འཕགས་པའི་དབྱེ་བས་འདོད་པའི་དབང་གིས་གནས་རྙེད་པ་སྟེ། དེ་གོམས་པར་བྱའོ།། གང་ཞིག་མཉམ་པར་བཞག་པས་བྱེད་ཅེས་པ་ལ། མཉམ་པར་བཞག་པ་ནི་གཞན་གྱི་བྱ་མེད་པ ་སྟེ། དེ་ནི་འདི་སྐད་དུ་ནུས་སོ་ཞེས་བྱ་བའི་དོན་ཏོ།། བསྔགས་པ་ནི། མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་མ་མོ་རྣམས་ཞེས་བྱ་བ་ནི་རྣལ་འབྱོར་གྲུབ་མའོ།། དཔའ་བོ་ཀུན་གྱི་བདག་པོ་དང་། མཁའ་འགྲོ་མ་དང་། རྣལ་འབྱོར་གྱི ་མ་མོ་རྣམས་ཀྱིས་མཆོད་ཅེས་བྱ་བ་ནི། གསུམ་པ་ལ་དང་པོའོ།། རིང་པོ་ནས་ཐོས་པ་ལ་སོགས་པས་ནི་མངོན་པར་ཤེས་པ་དྲུག་བསྟན་པ། རིང་པོ་ཐོས་པ་ནི། རིང་པོ་ནས་ཉེ་བ་བཞིན་དུ་ཐོས་པ་སྟེ། དེ་ཡང་རྣམ་པར་དབྱེ་བ་མེད་པའོ།། འདིས་ནི་ལྷའི་རྣ་བ ་བསྟན་ཏོ།། གཞན་གྱིས་སེམས་རྗེས་སེམས་ཀྱི་ནི་ཞེས་བྱ་བ་ལ། རྗེས་ཀྱི་སེམས་ནི་རྗེས་ཀྱི་སེམས་སོ།། གཞན་གྱི་སེམས་ཀྱི་རྗེས་སུ་སེམས་ཞེས་བྱ་བ་ནི་ཡང་དག་པའི་ཡེ་ཤེས་སོ།། དེ་ཉིད་ཀྱི་ཕྱིར། དེ་ཡིནོ་ཞེས་བྱ་བ ་དགོད་པ་སྟེ། དང་པོ་ལ་དྲུག་པའོ།། དེ་ལྟར་གང་གིས་ཤེས་ཤེ་ན། ཤིན་ཏུ་མཁས་པས་ཤེས་པར་བྱ་ཞེས་གསུངས་ཏེ། ཤེས་སོ་ཞེས་བྱ་བའི་དོན་ཏོ།། བསྒོམ་དང་བཟླས་པའི་ཁྱད་པར་གྱིས་ཞེས་བྱ་བ་ནི། བཟླས་པ་དང་བསྒོམ་པའི་ཁྱད ་པར་གྱིས་གང་གི་རྣལ་འབྱོར་གྱི་དེ་ནི་བཟླས་པ་དང་བསྒོམ་པའི་ཁྱད་པར་རོ།། བཟླས་པ་དང་བསྒོམ་པ་དག་གི་ས་རྣལ་འབྱོར་གྱི་ཁྱད་པར་དམ་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ།། གང་གི་ལམ་རྣམས་བསམས་ནས་ནི། འགྲུབ ་འགྱུར་ཞེས་བྱ་བ་ནི། གང་གི་རྣལ་འབྱོར་པས་གང་དང་གང་བསམོས་པར་གྱུར་པ་དེའི་དེ་དང་དེའོ།། ལམ་རྣམས་ནི་མངོན་པར་འདོད་པ་ཤེས་པ་རྣམས་ཞེས་བྱ་བའི་དོན་ཏོ།། བསྒོམ་པའི་སྟོབས་ཀྱིས་མ་གྲུབ་པ་ཅུང་ཟད་ཀྱང་མེད་དོ།། ་ཞེས་བྱ་བར་དགོངས་པའོ།། སྔོན་བཞིན་འཁོར་ལོ་གངྒཱ་གསུངས་པ་ཞེས་བྱ་བུ་ལ་སོགས་པས་གོམས་པ་གསུངས་པ། གོང་དུ་གསུངས་པའི་ལྟེ་བའི་དཀྱིལ་འཁོར་དུ་སོནཱ་པིའི་འཁོར་ལོ་རླུང་གིས་བསྐུལ་བས། མེ་འབར་བར ་བལྟས་ནས་དེར་སོན་པའི་ས་བོན་གྱི་འོད་ཟེར་ཆོས་ཀྱི་འཁོར་ལོར་ཕྱིན་པོའི་ཧཱུཾ་གི་འོད་ཟེར་དང་། ལྷན་ཅིག་གཅིག་ཏུ་གྱུར་པས་གཡས་པའི་སྣའི་ཁུང་བུ་ནས་ཕྱུང་སྟེ། འཇིག་རྟེན་གསུམ་དུ་ཕྱིན་པའི་སྒོའི་ཚོགས་དང་། གཅིག་ཏུ ་གྱུར་པས་ཡེ་ཤེས་དང་དམ་ཚིག་དྲུག་རྣ་བ་དག་ཏུ་རབ་ཏུ་ཞུགས་པར་བསམ་པར་བྱའོ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། གཞུག་པར་བྱ་ཞེས་བྱ་བ་ནི་གཏུམ་མོའི་འོད་ཟེར་རོ།། འཇིག་རྟེན་གསུམ་དང་བསྲེས་ནས་ནི་ཞེས་བྱ་བ་ནི། ་འཇིག་རྟེན་གསུམ་དུ་སོན་པའི་སྒྲའི་ཚོགས་ཀྱིས་ཞེས་བྱ་བའི་དོན་ཏོ།། མེའི་མེ་སྟག་ལྟ་བུར་འཁོར་ཞེས་བྱ་བ་ནི། མེ་འབར་བཱ་བཞིན་དུ་འཁོར་བ་སྟེ། དེ་ལྟར་གྱུར་པར་བསྒོམ་པར་བྱའོ།། དེའི་འོད་ཟེར་དེ་གང་ཞེ་ན། གཞུག་པར་བྱ་ཞེས་གསུང ་ཏེ། སྙིང་དུ་སོན་པའི་པདྨར་གནས་པའི་ཧཱུཾ་གི་འོད་ཟེར་ཞུགས་པ་སྟེ་དེའི་འོད་ཟེར་དང་གང་ཞིག་གཏུམ་མོའི་འོད་ཟེར་གཅིག་ཏུ་འདྲེས་པ་ཡིན་ནོ།། ཇི་ལྟར་ཞེ་ན། ཤེས་རབ་ལྡན་པར་ཞེས་གསུངས་ཏེ། ཤེས་རབ་ཀྱི་ངོ་བོ་ཇི་ལྟར་ཡིན་པ ་དེ་བཞིན་དུ་ཧཱུཾ་གི་འོད་ཟེར་དང་གཅིག་ཏུ་གྱུར་པ་ཞེས་བྱ་བར་དགོངས་པའོ།། རླུང་གིས་ཞེས་བྱ་བ་ནི་འོག་ཏུ་འགྲོ་རླུང་གི་དཀྱིལ་འཁོར་གྱིས་སོ།། བསྐྱོད་ནས་ནི་ཞེས་བྱ་བ་ནི། སྐུལ་བ་སྟེ་ཇི་ལྟར་གྱུར་པ་དེ་བཞིན་དུ་ཡང་ཧཱུཾ་གི་འོད་ཟེར་དང་གང ་ཞིག་གཏུམ་མོའི་འོད་ཟེར་ལྷན་ཅིག་གཅིག་ཏུ་གྱུར་པ་དེ་གོང་དུ་གསུངས་པས་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཡན་ལག་གི་དྲོན་ཏོ།། འདི་ཝཱ་རཱ་ནི། རིང་པོ་ཞེས་བྱ་བ་ནི། ཉེ་བ་ལྟ་བུར་ད་ལྟར་གྱི་རིང་བའོ།། འཁོར་པ་ནི་དེ་ལྟར་རིང་པོ་མ་ཡིན་པ་སྟེ། ་དལྟར་གི་ཉེ་བ་བཞིན་དུ་རྣལ་འབྱོར་མས་མཐོང་ངོ་ཞེས་བྱ་བར་དགོངས་པ་སྟེ། འདི་རྣལ་འབྱོར་མ་གཙོ་མོའི་ཕྱིར་རོ།། ལྷའི་རྣ་བ་དང་ལྷའི་ཡིག་བསྟན་ཏོ།། གཞན་གྱི་སེམས་ཤེས་པ་ཡང་འདི་ལྟ་བུ་ཉིད་དོ།། རྫུ་འཕྲུལ་གྱི་ཆོ་གའི་ཡེ་ཤེས ་ལ་སོགས་པ་ནི་འདི་དག་རྗེས་སུ་བཙལ་བས་ཤེས་པར་བྱའོ།། དེ་ཉིད་ཀྱི་ཕྱིར་གསུངས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུངས་པ་ནི་ཞེས་བྱ་བ་ནི་ལེའུ་གཞན་ལས་གསུངས་པའོ།། མ་གསུངས་པ་ནི་ཞེས་བྱ་བ་ནཱི་ལེའུ ་འདི་ལས་མ་གསུངས་པའོ།། བཤད་བྱ་ཡིས་ཞེས་བྱ་བ་ནི། བཤད་པ་ལྟ་བུ་རཽ་བྱས་པ་ཞེས་དགོངས་པ་སྟེ། གཞན་དང་འདིར་གསུངས་པའི་ཕྱིར་རོ།། སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི། ཀྱེ་སྒྱུ་མ་ཆེན་མོའོ།། འགྲོ་བའི་སྒོ་ནི་མཛེས་པ་ཉིད་ཅེས་བྱ་བ་ནི། འགྲོ ་བའི་དོན་ཏེ། མཛེས་པའི་སྒོ་ཉོན་ཅིག་ཅེས་བྱ་བར་སྦྱར་རོ།། གང་གིས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ལྟེ་བ་འོད་ཅན་མཐོ་རིས་ཀྱི་ཞེས་བྱ་བ་ནི། ལྟེ་བའི་ཁུང་བུ་ནས་གང་གི་ཚེ་རྣམ་པར་ཤེས་པ་འགྲོ་བ་དེའི་ཚེ། འདོད་པའི་འབྲས་བུར ་འགྱུར་ཏེ། འདོད་པའི་ཁམས་ཀྱི་ལྷར་འགྱུར་རོ་ཞེས་བྱ་བར་དགོངས་པའོ།། ཐིག་ལེ་ཞེས་བྱ་བ་ནི། སྨིན་མའི་དབུས་སུ་སོན་པའི་བུ་ག་པ་ནས་གང་གི་ཚེ་འགྲོ་བ་དེའི་ཚེ་གཟུགས་ཀྱི་ཁམས་སུ་འགྲོ་བའི་ལྷར་འགྱུར་རོ།། ལྷ་མོ་སྟེང་ནི་སྟེང་དུ་འགྲོ་ཞེས ་བྱཱ་བ་ནི། གང་གི་ཚེ་གསེར་གྱི་སྒོ་ནས་འགྲོ་བ་དེའི་ཚེ། མྱུར་བར་འགྲོ་བ་ཕྱེ་བ་སྟེ། འགྲོ་བ་དང་། འགྲོ་བ་གཞན་དུ་འགྲོའོ་ཞེས་བྱ་བར་དགོངས་པའོ།། ཡང་ན་མྱུར་དུ་བདེ་འགྲོ་ཐོབ་པོ་ཞེས་བྱ་བའི་དོན་ཏོ།། འགྱུར་ཞེས་བྱ་བ་ནཾ། ན་ཕྱིས་ནཱ་བདུན་པའོ།། ་སྲིད་པའི་སྒོ་ནི་ཁའོ།། ཁ་ཅིག་ན་རེ་ཐར་པའི་འགྲོ་བ་གཞན་དག་སྟེ་ཞེས་བྱ་བ་ནི། གསེར་གྱི་སྒོ་ཉིད་ཀྱིས་འདོད་པ་གང་གི་ཚེ་འགྲོ་བ་དེའི་ཚེ་ཐར་པ་ཡིན་ནོ་ཞེས་ཟེར་རོ།། ཆོས་ཐམས་ཅད་བདག་མེད་པར་རྗེས་སུ་རིག་པས་ལྷའི་རྣལ་འབྱོར་གྱིས ་ཐར་པ་ཡིན་ནོ་ཞེས་ཐར་པའི་གཞན་བདག་མེད་པར་འགྲོ་བ་སྟེ། བདག་མེད་པའི་ཡེ་ཤེས་ནི་བསྒྲུབ་པའོ་ཞེས་དགོངས་པའོ།། གཞན་དག་ན་རེ་ཤེས་རབ་ཀྱིས་རྣམ་པར་གྲོལ་བའི་ཐ་ཚིག་སྟེ་ཞེས་ཟེར་རོ།། འཕོ་བ་ཉེ་བར་བསྡུས་པ ་གསུངས་པ། བུམ་པས་ཞེས་བྱ་བ་ལ་སོགས་པ་ལ། གོང་གི་བུམ་པས་བརྩམས་ནས་ནི་ཞེས་བྱ་བ་ནི་སྐྱོང་བའོ།། དེ་བས་ཀྱང་། སྒོ་རྣམས་ཐམས་ཅད་རེངས་པར་བྱེད་ཅེས་བྱ་བ་ནི། ས་བོན་རྣམས་ཀྱིས་སྒོ་རྣམས་ཐམས་ཅད་རེངས་པར ་བྱེད་པ་ནི། གཟིར་བ་ཉིད་དུ་བྱས་ནས་གོམས་པར་བྱའོ་ཞེས་བྱ་བ་ལྷག་མའོ།། ས་བོན་བཀོད་པ་ནི། མཆོད་རྟེན་རྣམས་ཀྱི་ལྕགས་སྒྲོག་ལྔ།། སྒོ་ཡི་བུ་གུ་སྒོམ་པ་ཉིད་ཅེས་བྱ་བ་གསུངས་ཏེ། མཆོད་རྟེན་གྱི་ལྕགས་སྒྲོག་ལྔ་ནི། སྤྱི་བོའོ།། ་དོདེའི་སྒོའི་བུག་ནཱི་གསེར་གྱི་སྒོའོ།། དེ་ལ་བསྒོམ་པ་ནི་ཧཱུཾ་དཀར་པོ་བསྒོམ་པའོ།། ཡང་ལྕགས་སྒྲོག་ལྔ་ཞེས་བྱ་བ་ནི་ཧཱུཾ་སྒོམ་པའོ།། དེ་ཡང་མཆོད་རྟེན་རྣམས་ཀྱི་ཞེས་བྱ་བ་ནི། ལུས་ཀྱི་གསེར་གྱི་བུག་པཱ་ན་སྟེ། ལྷག་མ་ནི་གོང་མ་བཞིན་ནོ།། ་དེ་ནས་དམྱའ་བའི་སྒོ་ཉིད་ཀྱི་ཞེས་བྱ་བ་ནི། སྒོའི་འོག་ལྐོག་མ་ལའོ།། ས་བོན་དེ་ཙྭིའི་ཞེ་ནཱ། ཆུ་ལྟེ་བུརཱ་ཞེས་གསུངས་པཾ་ནེ་སྨཻ་ཏེ། དྭེ་ཡང་ཆུ་དཀར་པོ་རྣམ་པ་རཱ་དག་པའོ།། ཕྲག་པ་གཉིས་ལ་བྷྲྀ་ངོ་།། སྙིང་ལ་སྱཱཾ་ངོ་།། ལྟེ་བ་ལ་མྦྷཾ་ངོ་།། བཏུང ་དང་བཏུང་མིན་མེ་ཡི་ནི་ཞེས་བྱ་བ་ནི། བཏུང་བ་ནི་གཅི་བའི་ལམ་མོ།། བཏུང་བ་མིན་པ་ནི་བཤང་བའི་ལམ་མོ།། མེ་ཡི་ནི་བུཾ། དེའི་ས་བོན་ཞེས་བྱ་བ་ནི། མེའི་ས་བོན་ཏེ། དེ་ཡང་བྷྲཱུཾ་གི་ས་རྩེ་བོན་མོའི་ཁ་ཁྱི་དོག་གོ།། ཡང་རྨུ་གསེར་གྱི ་སྒོ་ལ་ནི། ཀྵཾ་གཱི་ས་བོན་སེར་པོའོ།། མིག་དྲག་ལ་ནི་ཧཱུཾ་སྟོན་པོའོ།། རྣ་བ་དག་དང་སྣ་དག་ལ་ནི། ཡུཾ་གི་ས་བོན་ཁ་དོག་དམརྱ་པོའོ།། ཁ་ལ་སུཾ་གི་ས་བོན་ནོ།། འདི་ལྟར་བུམ་པ་བྱས་ནས་འབྱིན་པ་དང་རྔུབ་པའི་རྣལ ་འབྱོར་གྱིས་གོམས་པར་བྱའོ།། དེ་ཉིད་ཀྱི་ཕྱིར། དེའི་བུམ་པའི་དབུགས་ཀྱི་ནི། ཤིན་ཏུ་མཉམ་པརི་བཞག་པས་བསྒོམ་ཞེས་གསུངས་སོ།། འཕོ་བ་སྔོན་དུ་བརྩམས་པ་བརྗོད་ནས་མངོན་དུ་བྱ་བ་དེའི་བསྒོམ་པ་ནི། རླུང་གི་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། རླུང་གི་ཁ་དོག་ཅེས་བྱ་བ་ནི་ནག་པོའོ།། ལུས་ཀྱི་ནི་ཞེས་བྱ་བ་ནི། ཧཱུཾ་རླུང་གི་དཀྱིལ་འཁོར་ནང་དུ་སོན་པའིའོ།། སེམས་ཀྱིས་ནི་ཞེས་བྱ་བ་བསྒོམ་པའོ།། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི་ནང་དུ ་སྨོན་པའི་སྒྲའི་དྲུག་པ་ཕྱིས་ན་བདུན་པའོ།། སྙིང་ལྔ་ནི་རླུང་གི་དཀྱིལ་འཁོར་ནང་དུ་སོན་པའི་ཧཱུཾ་བསྒྲིམ་པར་བྱའོ་ཞེས་བྱ་བ་ནི་སྡུས་པའོ།། རླུང་ཞེས་བྱ་བ་ལ་སོགས་པ་ལ། རླུང་གི་ས་བོན་ཞེས་བྱ་བ་ནི། རླུང་གི་ས་བོན་ཞེས་བྱ་བའི ་དྲོན་ཏོ།། རྩ་བ་རྣམས་ཞེས་བྱ་བ་ནི་འོག་ཏུའོ།། རླུང་གི་མཐའི་རྩ་བ་ཅན་ཞེས་བྱ་བ་ལ། མཐའ་ཞེས་བྱ་བ་ནི་སྟེང་ཞེས་བྱ་བའི་དོན་ཏོ།། དེ་ལའང་རླུང་གྲི་རྩ་བར་ས་བློན་ཞེས་བྱ་བའི་དོན་ཏོ།། དེའི་རྩ་བཱ་ནི། སྒྲ་དང་ཐིག་ལེས་མནན་པའི་ཞེས་བྱ་བ ་ནི། ཇི་ལྟར་ཡུཾ་ཞེས་པའོ།། རྩ་བའི་ས་བོན་ཉིད་ཀྱིས་དགུག་ཅེས་བྱ་བ་ལ། རྩ་བའི་ས་བོན་ནི་ཧིའི་ས་བོན་དང་ཀའི་ས་བོན་ནོ།། དེ་ནི་འདིར་བརྗོད་པ་ཡིན་ཏེ། རླུང་གི་ནང་དུ་སོན་པའི་ཧཱུཾ་གི་རླུང་གི་དཀྱིལ་འཁོར་གྱི་འོག་དང་སྟེང་དུ་ཡུམ་གཉིས ་སོ།། ཡུཾ་དག་གི་དབུས་སུ་ཧི་ཀའི་ས་བོན་ནོ།། འདི་ལྟར་ཡང་རླུང་ལྡང་བའི་དུས་སུ་ཧིའི་ས་བོན་འོག་དང་། ཡུཾ་གི་ས་བོན་སྟེང་དུའོ།། ཀའི་ས་བོནཱ་སྟེང་དང་། ཡཾ་གི་ས་བོན་འོག་ཏུ་སྦྱིན་ནོ།། རླུང་གིས་འོག་ཏུ་ཁྱེར་བའི་དུས་སུ་ཡཾ་ནི་སྟེང་དང་། ཧིའི་ས་བོན ་འོག་ཏུའོ།། ཡའི་ནང་གཱི་ཀའི་ས་བོན་ཡང་སྟེང་དུ་སྦྱིན་ནོ།། དེ་ལྟར་བསྒོམ་པར་བྱ་ཞིང་འདི་སྔགས་ཧི་ཀ་བརྗོད་ཅིང་གོམས་པར་བྱའོ་ཞེས་བྱ་བ་ནི། སྔགས་བརྗོད་པའོ།། བསྐུལ་བར་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ནི་སྔགས་ཏེ། དེ་ཡང ་ཧི་ཀའོ།། དེའི་སྒྲ་ནི་བརྗོད་པ་སྟེ། དེས་མཉམ་པར་བསྐུལ་བར་བྱ་བ་ནི། སྟེང་དང་འོག་ཏུ་རླུང་ཁྱེར་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ནི་རླུང་གི་དཀྱིལ་འཁོར་འོག་མེ་ལས་ཞེས་གསུངས་ཏེ། རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ནི། རླུང་དང ་བསྐུལ་བར་བྱ་ཞེས་བྱ་བར་སྦྱར་རོ།། འོག་མ་ལས་ཞེས་བྱ་བ་ནི། འོག་དང་སྟེང་དུ་ཞེས་ཤེས་པར་བྱ་སྟེ། དེ་ལྟར་གོམས་པར་བྱས་ནས་འཕོ་བ་བསྒྲུབ་པར་བྱའོ།། འཕོ་བའི་བྱ་བའི་དུས་ཤེས་པར་བྱ་ནས་བྱ་བ་ནི། འཕོ་བྱ་སྟེ་ཞེས་གསུངས ་པ་ལ། དུས་ནི་འཆི་བོ་སྟེ་དེ་ཡང་དག་པར་ཐོབ་པའོ།། འཕོ་བའི་དུས་ཡང་དག་པར་ཐོབ་པ་ཞེས་བྱ་བའི་དོན་ཏོ།། གཞན་དུ་ནི་སྐྱོན་གང་ཞེ་ན། དུས་མིན་པར་ནི་ལྷ་བཅོམ་པ་ན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པའི་བདག ་ཉིད་ཕུང་པོ་ལ་སོགས་པའི་རང་བཞིན་གྱི་ལུས་བཅོམ་པས་ལྷ་ཉིད་ལ་བསྣུན་པ་ཡིན་ནོ་ཞེས་དགོངས་པའོ།། ལྷ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཤེས་པར་བྱ་ཞེས་བྱ་བ་ནི། རྟོགས་པར་བྱ་བའོ།། འདིའི་དོན་ཏུ། འཆི་བའི་མཚན་མ་རྣམས ་རྣམ་པར་མཁས་པས་རྟོགས་པར་བྱའོ་ཞེས་དགོངས་པའོ།། སྒྲ་དཀར་རེངས་པར་བྱེད་པ་ནི།། གསུངས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ཞིག་སྔར་གསུངས་པ་པདྨ་འདབ་མ་སུམ་ཅུ་རྩ་གཉིས་སྤྱི་བོར་སོན་པའོ།། ་སྟོན་པ་ནི་དེ་ལ་མི་ཤིགས་པའི་ས་བོན་བདུད་རྩིའི་ཆར་འབབ་པ་བསམ་པར་བྱ་བ་འདི་དག་གོ།། ཡོ་གི་བདེ་བ་ཕུན་སུམ་ཚོགས་པས་ཞེས་བྱ་བ་ནི། གང་ལ་རྣལ་འབྱོར་པ་རྣམས་ཀྱི་བདེ་བ་ཕུན་སུམ་ཚོགས་པ་ཡོད་པ་དེ་ནི་བོདེ་བ་ཕུན་སུམ ་ཚོགས་པའོ།། ཕུན་སུམ་ཚོགས་པས་ཞེས་བྱ་བ་ནི་བྱ་བའི་ཕྱིར་རོ།། རྣལ་འབྱོར་པས་ནི་སྐྲ་དཀར་གྱིས་ཞེས་བྱ་བ་ནི། རྣལ་འབྱོར་པས་སྐྲ་དཀར་གྱི་རྒྱུས་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། སྟེང་གི་རྩ་བ་ཞེས་བྱ་བ་ནི། པདྨའི་ཁྱད་པར་རོ།། ་སྟེང་ནི་མགོ་བོའོ།། རྩ་བ་ནི་གནས་ཏེ། འདིའི་དྲི་དེ་བཞིན་ནོ།། སྟོང་གི་རྩ་བ་ཞེས་བྱ་བ་ནི། ཁ་ཅིག་ན་རེ། ཟླ་བ་བརྒྱད་པ་ཞེས་ཟེ་རོ།། ཁུ་བ་ཞེས་བྱ་བ་ནི། ལུས་པ་སྐམ་པའོ།། ཆུ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ།། གཡོན་པའི་བདུད་རྩིས་ཤེས་བྱ་བ་ནི། མེ ་ཏོག་གིས་སོ།། ལུང་པ་སྐམ་པོ་དང་བྱང་ཆུབ་ཀྱི་སེམས་དང་། གཡོན་པའི་མེ་ཏོག་གིས་སྦྱར་ནས་སུ་ཞེས་བྱ་བ་ནི། བཟའ་བར་བྱ་བ་སྟེ་འདིས་སྐྲ་དཀར་རེངས་པ་ཡིན་ནོ།། ཁ་ཅིག་ན་རེ་ཟླ་བ་བརྒྱད་པ་དང་གཡོན་པ་དང་ལྡན་པ་ཙམ་གྱིས་བཟོའ་བྱའོ། ་ཞེས་ཟེར་རོ།། འངས་ནི་ཞི་བ་ལ་སོགས་པ་ཡིན་ཞེ་ན། ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྔོམས་བྱེད་ཅེས་བྱ་བ་ནི་བཅུད་ཀྱིས་ལེན་ནོ།། ན་བ་ཞེས་བྱ་བ་ནི་འཁོགས་པའོ།། མཁའ་སྤྱོད་ཅེས་བྱ་བ་ནི། ཡང་ཞེས་བྱ་བ་ལ་སོགས་པ་སྟེ། རིམ་པ ་བཟློག་པས་ཞེས་བྱ་བ་ནི། རྣམ་པ་གཞན་གྱིས་ཏེ། ན་མཁའ་འགྲོ་བ་ང་ཡིས་བཤད་ཅེས་བྱ་བ་དང་སྦྱར་རོ།། དེ་ཉིད་ནི།། རླུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་རང་བཞིན་མེད་པར་སོ་སོར་སྣང་བ་ཙམ་དུ་བསམས་ནས། རྐང་པའི ་འོག་ཏུ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མའི་དཀྱིལ་འཁོར་རོ།། དེ་ལ་བདག་ཉིད་བཞག་ན་ན་མཁའ་འགྲོ་བར་འགྱུར་རོ།། དེའི་ཕྱིར་རྐང་པར་འཁོར་ལོ་སྦྱར་བྱ་དེ་ཞེས་གསུངས་པ་ནི། རླུང་དང་མེའི་རྣམ་པ་དབྱེ་བ་འཁོར་ལོ་རྐང་པའི་འོག་ཏུ་སྦྱར ་ནས་དེ་བཞིན་དུ་བྱེད་དོ་ཞེས་དགོངས་པའོ།། དེ་ཞེས་བྱ་བ་ནི། དེ་བས་ན་གཞུའི་རྣམ་པ་དང་གྲུ་གསུམ་གྱི་རྣམ་པ་དང་ཞེས་བྱ་བའི་དོན་ཏོ།། དྲན་པས་ཞེས་བྱ་བ་ནི། བསམ་གཏན་ལས་སོ།། བདག་མེད་པ་ནི། རབ་ཏུ་ཞི་བའི་ཡིད་སྦྱར་བས ་སབྱ་བ་གསུངས་ཏེ། རབ་ཏུ་ཞི་བའི་ཡིད་ནི། བདག་མེད་པའོ།། དེའི་སྦྱར་བས་ཤེས་བྱ་བ་ནི་རྣལ་འབྱོར་གྱིས་སོ།། ནུ་མཁའ་ལ་འགྲོ་བའི་འབྲས་བུ་ནི། རོལ་པར་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རིམ་པ་བཟློག་པས་ཡང་ཞེས་བྱ་བ་ནི། ་སྔ་མ་བཞིན་ནོ།། སྙིང་གར་པདྨ་ད་ཀཪྵ་པོ་དེ་ལ་གནས་པའི་ཧཱུཾ་བསམ་པར་བྱའོ།། ངག་ནི་གྲུབ་བྱེད་པ་ཞེས་བྱ་བ་ནི། ངག་ཉིད་ཙམ་གྱིས་གྲུབ་པར་བྱེད་ཅིང་འབྱེད་པ་མེད་པར་འགྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། བསྒྲུབ་བྱའི་དབུས་སུ ་སྦྱར་ནས་ནི་ཞེས་བྱ་བ་གསུངས་པ་ནི། གོང་མ་བཞིན་ཏུ་གཏུམ་མོའི་ས་བོན་གྱི་འོད་ཟེར་གྱིས་བསྒྲུབ་བྱའི་རྣམ་པར་ཤེས་པ་དབྲོག་པའོ།། དབུས་སུ་ཞེས་བྱ་བ་ནི། སྙིང་གི་པདྨའོ།། སྦྱར་ནས་ཞེས་བྱ་བ་ནི། གནས་པ་སྟེ། ཤེས་པ་བཀུག་ནས་དེའི་ཤེས ་པ་རང་གི་ལུས་ཀྱི་སྙིང་གི་པདྨའི་དབུས་སུ་གནས་པར་བྱས་ནས། རང་གི་མི་ཤེས་པ་དེའི་སྙིང་ཁར་བསམ་པར་བྱའོ།། ཇི་ལྟར་ན་རང་གི་མི་ཤེས་པ་ཕྱུང་ནས་བསྒོམ་པར་བྱ་ཞེ་ན། རླུང་གི་དཀྱིལ་འཁོར་འཁོར་བ་ཉིད་ཅེས ་གསུངས་པ་ནི། རླུང་གི་དཀྱིལ་འཁོར་ལ་ཞེན་ནས་འཁོར་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། རང་གི་ཁ་གནས་ཞེས་བྱ་བ། རང་གི་མི་ཤེས་པའོ།། རང་གི་ཁ་ནས་ཞེས་བྱ་བ་ནི། རང་གི་ཁ་ཡིས་སོ།། ཕྱུང་ནས་ནི། བསྒྲུབ་བྱའི་ཁ་ར་ནི་ཞེས་བྱ་བ་ནི། བསྒྲུབ་བྱའི། ་ཁ་ནས་དེའི་སྙིང་ལ་ཞུགས་པས་སོ།། ཐིམ་པ་ནི་ནུབ་པའོ།། གྱུར་པ་ནི་སོན་པ་སྟེ། བསྒྲུབ་བྱའི་ཤེས་པ་ཡང་དེ་བཞིན་དུ་བདག་གི་སྙིང་ལ་ཞུགས་པར་བསྒོམ་པར་བྱའོ་ཞེས་ཞེས་པར་བྱའོ།། བུག་པ་དགུའི་སྟེང་མ་མཆོག་ཅེས་བྱ་བ་ནི། དགུའི་སྲུ་བསོ ་གྲོ་བའི་འཕོ་བ་ནི། འདིར་ཉེ་བར་བསྡུ་བ་སྟེ། སྟེང་གི་བུག་པ་ནས་འཕོ་བར་འཕོ་འགྱུར་བ་ཡིན་ཞིང་། འཕྲལ་ཏུ་འདི་བསྒྲིམ་མི་དགོས་པར་ཞེས་བྱ་བའི་དོན་ཏོ།། ཞུགས་ནས་ནི་ཞེས་བྱ་བ་ལ་སོགས་པས་གོང་དུ་གསུངས་པའི་ནང་གི་བདག ་ཉིད་ཅན་གྱི་ཚར་བཅད་པའི་ལས་ཉེ་བར་བསྡུས་པ་སྟེ་དེ་ཡང་གོ་སླའོ།། འཕོ་བའི་བསྔགས་པ་ནི། ལྷ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། ལྷ་གསོད་པའོ།། བྲམ་ཟེ་གསོད་པ་དང་ཞེས་བྱ་བ་ནི། བྲམ་ཟེ་བསྣུན་པའོ།། མཚམས་མེད་ལྔ་ནི། ་ཞེས་བྱ་བ་ནི། མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་དབྱུང་བ་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་པོ་རྣམས་ཏེ་དེ་བྱེད་པའོ།། ཆོམ་རྐུན་ཞེས་བྱ་བ་ནི་མ ་བྱིན་པར་ལེན་པའོ།། འདོད་པ་ལོངས་སྤྱོད་པས་ཤེས་བྱ་བ་ནི། འདོད་པ་བརྫུན་པ་ལ་སྤྱོད་པའོ།། འདིའི་ལམ་གྱིས་ཤེས་བྱ་བ་ནི། འཕོ་བའི་ལམ་འདིས་དག་པར་འགྱུར་རོ།། སྡིག་པ་འདི་རྣམས་ཀྱིས་ཏེ། དེ་རྣམས་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ་ལས་ཉིན་ཞིང་གསོད་པ་ཞེས་བྱ་བ་དེ་ལ། ཉིན་དང་ཉིན་ཞིང་བྲམ་ཟེ་གསོད་པ་ཞེས་བཤད་དོ།། གོས་ཤེས་བྱ་བ་ནི། གོས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སྐྱོན་ལས་ཤིན་ཏུ་རིང་ཞེས་བྱ་བ་ནི། འཁོར་བ་ན་འཁོར་བའི་ངན་པ་ཉིད་དེ། དེའི་སྡིག་པ ་ཅུང་ཟད་ཀྱིས་གོས་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི། དཔེར་ན་འདམ་ལས་ཤེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བཞིན་འདམ་སོགས་ལུས་ལ་སྟྭཾ་ནི་ཞེས་བྱ་བ་ལ། འདས་ནི་སྡིག་པ་སྟེ། གང་གི་འདམ་གྱིས་དང་པོར་གོས་པའི་ལུས་དེ་ནི ་འདམ་གྱི་གོས་པའི་ལུས་སོ།། ཡེ་ཤེས་སྤྱ་ནཽ་ཤེས་བྱ་བ་ནི། ཡེ་ཤེས་ཀྱི་བདག་ཉིད་ཀྱི་སྐུ་སྟེ། འཇམ་དཔལ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ནི་ཞེས་བྱ་བ་ནི་རྒྱུའོ།། ར་རོ་ཉིད་འདོད་ཅེས་བྱ་བ་ནི། རང་འདོད་པ་ལ་སྤྱོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ་འཕོ་བ་དང་བསམ་གཏན་དང་། བདག་ཉིད་ཚོར་གཅད་བའི་ལས་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད་དང་། སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་དང་། རྣལ་འབྱོར་དང་། གཞན་གྱི་རྣམ་པར་ཤེས་པ་དབྲོག་པ་ལ་སོགས་པའི་ཏིང་ངེ་འཛིན་འདི་གང ་ལས་འབྱུང་བ་ནི་གསལ་བ་ཡིན་ཏེ་དེ་ནི། འཕོ་བ་དང་བསམ་གཏན་དང་། སེང་གེ་རྣམ་པར་རོལ་པའི་ཕྱག་རྒྱ་དང་། རྣལ་འབྱོར་འབྱུང་བ་ཞེས་བྱ་བའི་ལོའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས ་ལེའུ་ཉི་ཤུ་རྩ་གཅིག་པའོ།། ། བརྡ་མ་རྟོགས་པར་རྣལ་འབྱོར་པ་དང་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་ནང་དུ་ཐ་སྙད་བྱ་བར་མི་རིགས་པས། དེ་ནས་ཞེས་བྱ་བ་ནི། འཕོ་བ་ལ་སོགས་གསུངས་མ་ཐག ་ཏུ་ལག་པའི་བརྡ་དང་། ངག་གི་བརྡ་ཡང་གསུངས་པ། ངག་དང་ཕྱག་རྒྱའི་ཞེས་བྱ་བ་ལ། ཕྱག་རྒྱ་ནི་ལག་པའི་ཕྱག་རྒྱའོ།། ངག་ནི་ངག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་དང་ངག་ཅེས་བྱ་བ་ནི་དེ་བཞིན་ནོ།། ངག་དང་ཕྱག་རྒྱུའི་མཚན་ཉིད་ཅེས་བྱ་བ་ནི། རྣལ་འབྱོར ་པ་དང་རྣལ་འབྱོར་མ་རྣམས་ཀྱིས་འདིས་མཚོན་པའི་ཕྱིར་རོ།། རྣལ་འབྱོར་མའོ་ཞེས་བྱ་བ་ནི། རྣལ་འབྱོར་མ་རྣམས་ལ་རྣལ་འབྱོར་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། གཡས་པའི་ཆས་ཕྱག་རྒྱ་སྦྱིན་ནོ།། རྣལ་འབྱོར་མ་རྣམས་ཀྱི་གཡོན་པས་སོ།། ་གཡས་པ་དང་གཡོན་པ་ཞེས་བྱ་བ་ནི་གཡས་པ་དང་གཡོན་པ་གཙོ་བོ་ཞེས་བྱ་བའི་དོན་ཏོ།། གྷོ་གྷུ་ཞེས་བྱ་བ་ལ་སོགས་པ་ནི། ཡི་གེ་རྣམས་རྣལ་འབྱོར་པ་རྣམས་ཀྱིས་བརྗོད་པ་སྟེ། གྷོ་གྷ་ཞེས་བྱ་བའང་ཡིན་ནོ།། མཐེབ་ཆེན་འཐུང་བ་ནི་ཞེས་བྱ་བ་ནི། ་མཐེ་བོང་ཆེན་པོ་འཐུང་བ་ཞེས་བྱ་བའི་དོན་ཏོ།། དེ་ཡང་འཇིབ་པ་ཞེས་བྱ་བར་དགོངས་སོ།། ལག་པས་རྣ་བ་བརྡེབས་པ་ན་ཞེས་བྱ་བ་ནི། ལག་པ་གཡོན་པས་རྣ་བ་བརྡེབས་པ་འདི་ནི་གཡོ་ལྡན་མའི་མཚན་མའོ།། བློ་ལྡན་ཞེས་བྱ་བ་ནི། རྣལ་འབྱོར ་པས་ཤེས་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། པཥྚ་ཞེས་བྱ་བ་ནི། ཥའི་འོག་ཏུ་ཊའོ།། རི་དགས་མགོ་ཞེས་བྱ་བ་ནི། སོར་མོ་ལྔའོ།། ཡོ་གི་ཞེས་བྱ་བ་ནི་རྣལ་འབྱོར་མའོ།། མཚན་མ་བརྩོན་པར་བྱེད་ཅེས་བྱ་བ་ནི། མཚན་མ་ཤེས་པའོ།། བརྩོན་ཞེས་བྱ ་བ་ནི། བརྩོན་པར་འགྱུར་བའོ།། འདོད་དང་བདག་གི་སྡུག་པ་ཉིད་ཅེས་བྱ་བ་ནི། བདག་གི་སྡུག། ངེས་པའི་ཚིག་གོ།། སཱ་ཞེས་བྱ་བ་ནི། སྡིག་པའི་ལས་ཐམས་ཅད་འདིས་སཱའོ།། རི་གི་ནི་བདག་མེད་པའི་རྣལ་འབྱོར་མའོ།། མཱ་ཞེས་བྱ་བ་ནི། མཉམ་པ ་ཡིན་ནོ།། གང་གིས་དེ་ནི་རི་གི་མའོ།། བྷུ་བ་ཏེ་ཞེས་བྱ་བ་ནི། ས་རྣམས་ཏེ་ར་པ་ཏུ་དགའ་བ་ལ་སོགས་པའོ།། དེ་སྐྱོང་བའི་ཕྱིར་སའི་བདག་པོ་ནི་བཅོམ་ལྡན་འདས་སོ།། དེ་ལ་བོད་པ་ནི་སའི་བདག་པོ་ཞེས་བྱ་བའོ།། ཤཱི་རཱི་རེ་ཞེས་བྱ་བ་དེ་ཁོ་ན་ཉིད ་ཀྱི་ངོ་བོའོ།། གང་དུ་ཞེ་ན་ཤཱ་རི་རི་ཞེས་གསུངས་སོ།། དེ་གང་ཞེ་ན། ས་ཞེས་གསུངས་ཏེ། ས་ནི་རྩའོ།། ཡང་ཅིར་གྱུར་པས་ཤེ་ན། ནི་ཤཱ་ཞེས་གསུངས་པ་ནི་རྣལ་འབྱོར་པ་ཐམས་ཅད་འདོད་པ་སྟེ། དབང་ཕྱུག་ཐམས་ཅད་གང་གིས་ཐོབ་པར ་གྱུར་པ་ནི་ནི་ཤའོ།། མ་དྷྱ་མཾ་དྷ་མ་ཞེས་བྱ་བ་ནི། མ་དྷཱ་མ་ནཱི་འཇུག་པའི་སྒྲར་བྱེད་པའི་ཕྱིར་རམྲ་འབར་བར་བྱེད་པའི་ཕྱིར་དེ་དེ་བཞིན་དུ་གསུངས་སོ།། ས་ཞེས་བྱ་བ་ནི་ཨ་དང་ལྷན་ཅིག་འཇུག་པའི་ཕྱིར་དེ་ནི་ཐིག་ལེ་ལ་སོགས་པའི་གཟུན ་སོ།། སྲུ་ཏ་ཞེས་བྱ་བ་ནི། ཐོས་པར་འདོད་པར་ཁྱེར་དེའི་ཕྱིར་ཡིད་ཆེས་པར་བྱེད་པ་སྟེ། ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ།། ཐོས་པ་ནི་འདི་འགྲོ་བའི་ཕྱིར། སུ་ཏ་ནིའོ།། ས་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་རྣམ་པར ་ཤེས་པའི་རང་བཞིན་ཞེས་བྱ་བར་དགོངས་སོ།། ས་ཞེས་བྱ་བ་ནི། ཨ་དང་ལྡན་ཅིག་འཇུག་པ་སྟེ། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག་ཅེས་སོ།། མ་ལུས་པའི་འཇིག་རྟེན་གྱི་ཁམས་སུ་ཁྱེར་བ་དང་ཐོབ་པར་བྱེད་པའི་ཕྱིར་ཏེ། བདེ་བར་གཤེགས ་པའི་ཚོགས་སོ།། ས་ནི་ཞེས་བྱ་བ་ནི། གཞན་དང་ལྷན་ཅིག་འཇུག་པའི་ཕྱིར། ཨའི་ཐིག་ལེའི་སྟེང་དུ་སྒྲའོ།། སཱ་ནི་ས་རེ་ཞེས་བྱ་བ་ནི། རྩ་སྟེ་སཱ་ནཱི་དང་ལྷན་ཅིག་ལུས་ལས་འགྲོ་བའོ།། འདི་ཅི་མཛད་དོ་ཞེ་ན། བྷ་གཱ་ཞེས ་གསུངས་ཏེ་བཅོམ་ལྡན་འདས་ཞེས་བྱ་བ་དང་སྦྱར་ཏེ། ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ།། དེ་ཁོ་ན་ཉིད་ཀྱི་རྗེས་སུ་འབྲང་བ་ཕྱིན་ཅི་མཱ་ལྡོག་པར་འགྲོ་བའི་ཕྱིར། བྷཾ་ག་ནི་བཅོམ་ལྡན་འདས་ཏེ། དེ་དེ་ལྟར་གྱུར་པའི་བཅོམ་ལྡན་འདས་ཉིད་ནི། ་དེ་ལྟར་གྱུར་པའི་རྩ་ཡིད་ང་ཉིད་དོ་ཞེས་དགོངས་པ་དང་། ཁྱོད་ཉིད་ལ་བདག་ཕྱག་འཚལ་ཞེས་དགོངས་སོ།། ཡང་རྩའི་ཁྱད་པར་བྱ་བའི་ཕྱིར། མུ་གཱ་མ་ཞེས་བྱ་བ་ནི། ལུས་ཐམས་ཅད་དུ་གང་ཞིག་ལྷག་མ་མེད་པར་གནས་པའི་ཕྱིར་མཱའོ།། ་ལུས་ཐམས་ཅད་དུ་འགྲོ་བའི་རྩ་དེ་རྣམས་སུ་བཅུད་དང་ཁྲག་ལ་སོགས་པའི་ཁམས་རྣམས་འགྲོ་བའི་ཕྱིར་མཱ་ག་མའོ།། ཡང་ཅིར་གྱུར་པ་ཉིད་ཀྱིས་ཤེ་ན་སྨྲས་པ། འོག་ཏུ་མ་ལུས་པ་ལ་སྐབས་འབྱེད་པའི་ཕྱིར་དེ་དེ་བཞིན་ཏེ། ནམ་མཁའ ་བརྟགས་པའི་ཕྱིར་རོ།། མ་དྷྱ་མཱ་ཞེས་བྱ་བ་ནི། བདུད་འདུལ་བ་དང་སྲེག་པར་བྱེད་པའོ།། ས་ཞེས་བྱ་བ་ནི་བཅིང་བའི་ཕྱིར་ཐམས་ཅད་ཀྱི་མཐུར་ས་གཉིས་ཉིད་དོ།། པཱ་པཱ་མ་ཡཱ་པཱ་པ་ད་ཞེས་བྱ་བ་ནི། སྡིག་པ་ཉིད་ནི་བདོག་ཏུ་འཛིན་པའི་ནད་དེ། སྡིག ་པ་ནི་ནུབ་པ་དང་འཐུང་བའི་ཕྱིར། སྡིག་པའི་བདག་ཉིད་ནི་བཅོམ་ལྡན་འདས་སོ།། དེའི་བོད་པ་ནི། སྡིག་པའི་བདག་ཉིད་འཐུངས་པ་དང་འཇིག་པའི་ཕྱིར་སྡིག་པ་འཇིག་པར་མཛད་པ་ཞེས་བྱ་བའི་དོན་ཏོ།། ཡང་ན་འདི་ནི་རྩའི་ཁྱད་པར་ཏེ། ཨ་པཱ་པ ་ད་ཞེས་བྱ་བ་ནི། གང་ཞིག་དཀར་པོའི་ལས་དེའི་བདག་པོར་བྱེད་པ་སྡིག་པ་མེད་པ་རྣམས་ལའམ། ལྟུང་བར་བྱེད་པའི་ཕྱིར་སྡིག་པ་ནི་ནག་པོ་ལས་ཏེ། དེ་སྟེར་བར་བྱེད་པའི་ཕྱིར་སྡིག་པ་སྦྱིན་པ་སྟེ་དེ་ལས་བཟློག་པ་ནི་སྡིག་པ་སྦྱིན་པ་མ་ཡིན་པའོ།། དེ་དེ ་ལྟར་གྱུར་པའི་བཅོཾ་ལྡན་འདས་ཉིད་ལ། ཀྱེ་སྡིག་པའི་བདག་ཉིད། ཀྱེ་སྡིག་པ་སྦྱིན་པ་བྷ་ག་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་ཡང་། ཨེ་པཽ་མ་ཡཱ་སཱུ་ཏ་ཞེས་བྱ་བ་གསུངས་པ་ནི་གང་གི་ཚེ་གཞན་དུ་ཡང་བཤད་པ་རྣམས་སོ།། ་ཨེ་བཾ་ཞེས་བྱ་བ་ནི་མཐར་ཐུག་པ་མེད་པའི་དུས་ཀྱི་རིམ་པར་འགྲོ་པི་གནས་པའོ།། ཙ་མཛད་པས་ཤེ་ན། སྲུ་ཏ་ཞེས་གསུངས་ཏེ། ཐོས་པ་ནི་རྣ་པ་ཡུལ་ཅན་དུ་བྱས་པའོ།། གང་གིས་ཤ་ན། མ་ཡཱ་ཞེས་གསུངས་ཏེ། བདག་གིས་ཐོས་པ་ཞེས ་བྱ་བ་འདི་ནི་ཉེ་བར་མཚོན་པ་སྟེ། མཐོང་བ་དང་རེག་པ་དང་བསྣམས་པ་དང་། མྱངས་པ་དང་བསམས་པས་ཞེས་བྱ་བར་ཡང་རྟོགས་པར་བྱའོ།། ཐོག་མ་མེད་པ་གནས་ཤིན་ཏུ་རང་བཞིན་གྱིས་འོད་གསལ་བ་འབའ་ཞིག་གི་ཆའི་སེམས ་ལ་ལེགས་པར་བྱས་པ་དང་ཉེས་པར་བྱས་པ་དང་། བདེ་བ་དང་། སྡུག་བསྔལ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་གཟུང་བ་དོང་འཛིན་པ་ལ་སོགས་པ་སྣང་བའི་འགྲོ་བ་ཐམས་ཅད་ཆ་དང་བྲལ་བ་མ་ཡིན་པར་གློ་བུར་བ་ཉིད ་དུ་མེ་ལོང་གི་ནང་དུ་བཞིན་གྱི་གཟུགས་བརྙན་ལྟ་བུར་འདོད་དེ། རང་གི་སེམས་ཉིད་རང་དང་གཞན་གྱི་ང་རྒྱལ་གྱི་ཆ་སོ་སོའི་སྐད་ཅིག་ལ་ཉེ་བར་སྐྱེ་བ་ཙམ་གྱིས་གཅིག་པུ་མཐར་ཐུག་པ་མེད་པའོ།། མ་ཡཱ་ཞེས་བྱ་བ་ནི་སེམས་ཙམ་གྱིས་སོ།། ་དེ་བཞིན་དུ་ཡང་གསུང། སྡོམ་པ་དང་པོར་བྱས་ནས་ནི།། ཆོས་རྣམས་ཐམས་ཅད་སྤྱོད་པ་ཉིད།། རྟེན་ཅིང་འབྲེལ་པར་འབྱུང་བ་ཉིད་ཅེའོ།། ཡང་ན་ཨཱ་བ་ཞེས་བྱ་བ་ནི། གང་ཞིག་མ་ཡཱ་སཱ་ཏ་ཞེས་བལྟ་བར་བྱ ་ཞེས་བྱ་བ་ལ་སོགས་པའོ།། དབང་པོ་དྲུག་པོ་རྣམས་ཀྱིས་ཡུལ་དང་ཡུལ་ཅན་དུ་བྱས་པ་དེ་ཐམས་ཅད་ནི་བརྫུན་པ་ཁོ་ན་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་དམིགས་པས་དེ་བཞིན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་ཡང་ཁས་བླང་བར་བྱས་པ ་གསལ་བར་བྱས་པའོ།། མཆོད་པའི་དེ་མ་ཐག་ཏུ་ཞུས་པར་བལྟ་བར་བྱའོ།། དེ་ཡང་གཟའི་འཁོར་ལོའི་ལོངས་སྤྱོང་གཟའ་སོ་སོ་རྣམས་ཀྱི་ཕུང་པོའི་འཁོར་ལོའི་ལོངས་སྤྱོད་བཤད་པར་བྱ་བའི་ཕྱིར། འཁོར་ལོ་ནི། ཤར་དུ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཕན་ཚུན་གྱི་དངོས་པོས་རི་མོ་གཞི་བྲི་པར་བྱ་ཞིང་མཚོམས་རྣམས་སུ་ཐིག་བཞི་བཏབ་ན་འཁོར་ལོ་རྩིཔས་བཅུ་གཉིས་སུ་འགྱུར་རོ།། དེ་ལ་ཤར་གྱི་ཕྱོགས་སུ་མེ་སྟེ། དེ་ཉིད་ནི་ཤར་དུ་མེ་ཞེས་བྱ་བ་གསུངས་སོ།། བྲི་ནི་གཤིན ་དྷེ་ར་རོ་ཞེས་བྱ་བ་ནི། ཝཱ་རཱ་ནི་བྲིའོ།། མི་ནི་ཆུ་བདག་ཏུའོ་ཞེས་བྱ་བ་ནི། ཆུ་བདག་ཏུ་མིའོ།། ཀུ་གནོད་སྦྱིན་དུའོ།། ཞེས་བྱ་བ་ནི། བྱང་དུ་ཀུའོ།། འདི་རྣམས་ནི་ལུག་དང་གླང་དང་། འཁྲིག་པ་དང་། པུ་ལི་རའི་ཕུང་པོ་རྣམས་ཀྱི་མིང་གི་དང་པོའི་ཕྱོགས་ཅིག ་གི་བརྗོད་པའོ།། གོས་ཀྱི་ཕྱོགས་ཅིག་ནས་དྲངས་ན། གོས་ཐམས་ཅད་ནས་དྲངས་པའོ།། རྩེ་མོ་ཅན་དུ་ནི་རཱ་སཱིའོ་ཞེས་བྱ་བ་ལ། རྩེ་མོ་ཅན་ནི་མེའི་ཕྱོགས་ཏེ། རྩེ་མོ་ཅན་གྱི་ཕྱོགས་སོ།། དེ་ལ་བདུན་པར་བྱས་ནས་དེ་དང་ལྷན་ཅིག་ཏུ་ཕྱོགས་བསྡུས ་ནས་ཕྱིས་པའོ།། དེའི་དོན་ནཱི་འདི་སྟེ། རྩེ་མོ་ཅན་གྱི་ཕྱོགས་སུ་རཱ་སི་ཞེས་བྱ་བའི་ཡི་གེ་གཉིས་ཏེ། སྔ་མ་དང་ཕྱི་མ་ཐམས་ཅད་དུ་རྣམ་པར་དབྱེ་བ་ཕྱིས་པའོ།། མ་ག་སྲིན་པོར་རོ་ཞེས་བྱ་བ་ནི། སྲིན་པོའི་ཕྱོགས་སུ་མ་ཀ་ཞེས་བྱ་བ་གཉིས་སོ།། ཏུ་ཀུ་གཡོ ་བར་ཞེས་བྱ་བ་ལ། གཡོ་བ་ནི་རླུང་གི་ཕྱོགས་ཉིད་དེ་གཡོ་བ་དེ་ལ་ཏུ་ཀུ་གཉིས་སོ།། བཱི་མི་ནི་དབང་ལྡན་དུའོ་ཞེས་བྱ་བ་ནི། དབང་ལྡན་དུ་བི་མི་ཞེས་བྱ་བ་གཉིས་སོ།། གཞུ་དང་སེང་གེ་དང་། ཆུ་སྲིན་དང་བུ་མོ་དང་། སྲང་དང་བུམ་པ་དང་སྡིག་པ་དང་། ཉ་ར་སི ་ལ་སོགས་པ་རྣམས་ཀྱིས་བརྗོད་དོ།། ད་ནི་གཟའ་ལྔ་པོ་རྣམས་ཀྱིས་ཨ་ལ་སོགས་པའི་དབྱངས་ལྔ་པོ་རྣམས་དང་སྦྱར་བར་བྱ་སྟེ། ཨ་ནི་སྒུར་པོའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨ་ནི་སྒུར་པོ་སྟེ། དཀྱིལ་འཁོར་ཤེས་པར་བྱའོ་ཞེས་བྱ་བར་སྦྱར ་ཏེ། རྣམ་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཨི་ནི་ཟླ་བ་ལ་སྐྱེས་པའོ་ཞེས་བྱ་བ་ལ། ཨི་ནི་ཟླ་བ་ལ་སྐྱེས་པོ་སྟེ། མཁས་པའོ།། ཨུ་ནི་ལྷའི་བླ་མའོ་ཞེས་བྱ་བ་ནི། ཨུ་ནི་ལྷའི་བླ་མ་སྟེ་ཕུར་བུའོ།། ཨེ་ནི་པ་བ་སངས་སོ་ཞེས་བྱ་བ་ལ། ཨེ་ནརྀ་ལྷ་མ། ་ཡིན་གྱི་བློན་པོའོ།། ཨོཾ་ནི་ཉི་མའི་བུའི་བྱ་བ་ལ། ཨོཾ་ཡང་ཉི་མའི་བུ་སྟེ། དལ་གྱིས་རྒྱུ་བའོ།། འདི་ལ་ཡང་ཤེས་པར་བྱའོ་ཞེས་བྱ་བའོ།། གཟིའི་ཆོ་ག་ཞེས་བྱ་བ་ནི། གཟའ་རྣམས་ཀྱི་ཆོ་ག་བྱེད་པ་སྟེ། དབྱངས་དང་ལྷན་ཅིག་སྦྱར་བར་བྱའོ།། ཇི་ལྟར ་ཞེ་ན། དརི་བོང་ཅན་དང་ཉི་མ་བོར་བ་ཞེས་གསུངས་པ་སྟེ་རི་བོ་ཅན་དང་གཉི་མ་སྤངས་པས་སོ་ཞེས་བྱ་བའི་དོན་ཏོ།། དེ་ལ་རི་བོང་ཅན་ནི་མཁས་པ་ལའོ།། ཉི་མ་ནི་དལ་གྱིས་སྤྱོད་པ་ལ་ནང་དུ་གཏོགས་སོ།། རེ་མིག་གང་ལ་འབྲི་བ་པོས་མེ་ཏོག་གམ ་ལག་པ་འབའ་ཞིག་གིས་བྱིན་པ་དེ་ཉིད་ཀྱི་གཟའི་འགལ་བ་ཞེས་བྱ་བ་ཤེས་པར་བྱའོ།། ལུག་ལ་སོགས་པའི་འཁོར་ལོ་བཅུ་གཉིས་ལ་རོ་ཧི་ཏ་ལ་སོགས་པ་ཡང་དེ་བཞིན་དུ་གོང་དུ་གསུངས་པའི་རིམ་པས་ལུག་ལ ་སོགས་པ་ཉིད་དུ་བལྟ་བར་བྱའོ།། དེའི་ཕྱིར་ཡང་ལུག་ལ་སོགས་པ་རྣམས་ལས་སྐྱེས་པ་རྣམས་གོང་དུ་གསུངས་པའི་རོ་ཧི་ཏ་ལ་སོགས་པའི་བསྔགས་པར་བལྟ་བར་བྱའོ།། མེ་ཏོག་སྦྱིན་པ་ཡང་དེ་བཞིན་ནོ།། ཀུ་ལི་རར་དཀྱིལ་འཁོར་ཅན་ཤེས ་པར་བྱའོ་ཞེས་བྱ་བ་ནི། ཀརྐ་ཊ་ལ་དཀྱིལ་འཁོར་ཅན་ནམ་ཟླ་བ་རྣམ་པར་ཤེས་པར་བྱའོ།། ཉི་མ་ནི་གདོང་ལྔ་པར་གནས་པར་ཤེས་པར་བྱ་སྟེ་ཞེས་བྱ་བ་ནི། ཉི་མ་ནི་གདོང་ལྔ་པ་སྟེ་སེང་གེ་ལའོ།། ཤེས་པར་བྱ་བ་ན་རྟོགས་པར་བྱའོ།། མཐར ་གང་ཞིག་གཟིའ་ཞེས་བྱ་བ་ནི། བཀྲ་ཤིས་ལ་སོགས་པ་ལྔའོ།། ལྷག་མ་ལའང་ལོངས་སྤྱོང་དོ་ཞེས་བྱ་བ་ལ། ལྷག་མ་ཉིད་ནི་ལུག་ལ་སོགས་ལའི་ཕུང་པོའི་ཚོགས་སོ།། ལོངས་སྤྱོད་དོ་ཞེས་བྱ་བ་ནི། སྐྱོང་ངོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན།། ་ཕུང་པོ་གཉིས་གཉིས་ཡོངས་སུ་དག་པ་ཞེས་བྱ་བ་ནི། ཕུང་པོ་གཉིས་གཉིས་དག་གིས་ཇི་ལྟར་གསོས་པར་གྱུར་པ་དེ་བཞིན་དུ་ཞེས་བྱ་བའི་དོན་ཏོ།། ད་ནི་ཁྱོགས་ཀྱི་འཁོར་ལོའི་རྣམ་པར་དབྱེ་བ་གསལ་བར་བྱ་བའི་ཕྱིར། ཁྱོགས་ཤེས་བྱ་བ ་ལ་སོགས་པ་གསུངས་སོ།། ཁྱོགས་ནི་ཕུང་པོ་སྟེ། དེ་ཡང་འཁོར་ལོའོ།། ཁྱོགས་ཀྱི་འཁོར་ལོ་ནི་སྔར་བཤད་དོ།། འདི་ལྟར་ཡང་སྐར་མ་ནི་རྒྱུ་སྐར་རོ།། དུས་ནི་ཟླ་བའོ།། ཉིན་མོ་རྣམས་ཞེས་བྱ་བ་ནི། ཚེས་དང་རེས་སོ།། འདིའི་ཁྱད་པར་མི་འཚལ ་བས་སོ།། ལ་ལར་ལུག་ལ་རོ་ཧི་ཏ་ཞེས་བྱ་བ་ལ། ལུག་རྣམས་ལ་ཞེས་བྱ་བ་ནི། ལུག་ལ་སོགས་པ་རྣམས་ལོ།། རོ་ཧི་ཏ་ཞེས་བྱ་བ་ནི། རོ་ཧི་ཏ་ལ་སོགས་པའོ།། ལ་ལར་ཞེས་བྱ་བ་ནི། གལ་ཏེ་ལ་ལ་ལུག་ལ་སོགས་པ་རྣམས་ལ་སྐྱེས་པར་གྱུར ་པ་དེའི་ཚེ་དེའི་འཆི་བ་ཇི་ལྟར་ཡིན་པ་དེ་བཞིན་དུ། ཉོན་ཅིག་ཅེས་བྱ་བ་དང་སྦྱར་རོ།། ཁྱོགས་ནི་ཁྱོགས་ཀྱི་འཁོར་ལོའོ།། ཕུང་པོ་ཁྱོགས་ཀྱི་ཚད་དང་ནི། སྐྱེ་བ་གང་ཞིག་ཉེར་བརྗོད་པ་དེ་ཞེས་བྱ་བ་དེ། བཤད་བྱ་བ་འདི་དང་སྦྱོར་རོ།། གང ་ལ་ཕུང་པོ་ལས་སྐྱེ་བ་ཞེས་བྱ་བ་ནི་སྐྱེ་བ་དེ་དང་ངོ་།། ཉེ་བར་བརྗོད་ཅེས་བྱ་བ་ནི་ཐུབ་པ་རྣམས་ཀྱིས་གསལ་བར་མཛད་པ་ཞེས་བྱ་བའི་དོན་ཏོ།། ལུག་ལ་སོགས་པ་རྣམས་ལས་སྐྱེ་བ་རྣམས་ཀྱི་འཚོ་བའི་ཟླ་བ་དང་ཆོས་དང་བཟའ་དང་རྒྱུ་སྐར ་རྣམས་ཀྱི་རིམ་པས་བསྟན་པར་བྱ་བོའི་ཕྱིར། ཟླ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་ལུག་གི་ཕུང་པོའི་སྟོན་ཟླ་ཐ་ཆུངས་དང་། ཚེ་གསུམ་དང་། བཟའ་བཀྲ་ཤིས་དང་། རྒྱུ་སྐར་སྨིན་དྲུག་ལ་འཆི་བ་ནི་ལུག་གོ།། སུས་ཀྱང་ཞེས ་བྱ་བ་ནི་དེ་མ་ཐག་ཏུ་སྟེ། གླང་གི་འཆང་བར་འགྱུར་བའི་ཕྱིར་རོ།། གླང་ལས་སྐྱེས་པའི་འཆི་བའི་དུས་ནི་གླང་གི་འཆི་བ་བཤད་པར་ཞེས་བྱ་བ་གསུངས་ཏེ། དེའི་ཡན་ལག་མཚན་སོགས་མཚན་ཉིད་ནི་ཞེས་བྱ་བ་དང་། བཤད་པར་བྱ་ཞེས ་བྱ་བ་དང་སྦྱར་རོ།། དེ་ཉིད་ནི་སྨྱོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱོ་བོ་ནི་སེམས་འཁྲུལ་པའོ།། ལྐོག་མའི་ནད་ཀྱིས་ཞེས་བྱ་བ་ནི། ཕྲེང་བ་ཞེས་བྱ་བར་བརྗོད་པའོ།། སྨྱོ་དང་ཞེས་བྱ་བ་ནི་གསུམ་པ་ཕྱིས་པའོ།། སྨྱོ་བས་སམ་ལྐོག ་མཱའི་ནད་ཀྱིས་གླང་གི་ཕུང་པོ་ལས་སྐྱེས་པའི་དེ་ལ་འཆི་བ་ཞེས་བྱ་བར་སྦྱར་རོ།། གང་དུ་ཞེ་ན། དགུན་ཟླ་བ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྐར་པདྨ་ལས་བྱུང་བ་ཞེས་བྱ་བ་ནི། སྐྱུར་མའོ།། རས་ནི་མཁས་པར་ལྡན་པ། ་དང་ཞེས་བྱ་བ་ནི། བྱ་བའི་ཁྱད་པར་རོ།། བཞི་པར་ཞེས་བྱ་བ་ནི། དྲུག་པ་ཕྱིས་ན་བདུན་པའོ།། བཞི་པར་ནུབ་ཏུ་འགྲོ་བ་ན་ཞེས་བྱ་བའི་དོན་ཏོ།། འཁྲིག་པ་ལས་སྐྱེསྨྲ་པའི། དགུ་ནི་ཟླ་འབྲིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རི་དགས་འབྱུང ་བ་ལ་ཞེས་བྱ་བ་ནི། རི་དགས་ཀྱི་མགོ་ལའོ།། བཟའ་ལག་རེ་མོ་གང་ཞིག་དྲུག་ཅེས་བྱ་བ་ནི་དེའི་འོ།། ཟད་པ་ནི་འཆི་བའོ།། ཡོད་པ་ནི་ཡིན་ཞེས་བྱ་བའི་དོན་ཏོ།། འོ་ཁྲིག་པ་ཞེས་བྱ་བ་ནི། འཁྲིག་པོ་ལྔས་སྐྱེས་པའི་ཞེས་བྱ་བར་ཤེས་པར་བྱའི ་ཀཱཪྐ་ཊ་ལཱས་སྐྱེས་པའི། རླུང་ལ་རྐོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྒྱད་དང་རི་དགས་ཀྱི་མགོའི་སྐར་མ་ལ་འཆི་བར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ།། ཉི་མ་ཤཱ་ར་ན་ཞེས་བྱ་བ་ནི། ཉི་མའི་ད་པོའོ།། སེང་གེའཾ་ཕུངངྒ་པོ་ལཱས་སྨྱོས ་པའི་རྣདཔྱིད་ར་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྔ་གཉིས་དང་ཞེས་བྱ་བ་ནི་བཅུའོ།། སྤེན་པར་ཞེས་བྱ་བ་ནི་དལ་གྱིས་སྤྱོད་པའོ།། སེང་གེའི་ཕུང་པོར་ཞེས་བྱ་བ་ནི། སྐྱེ་བའི་ཞེས་བྱ་བ་ལྷག་མའོ།། བུ་མོ་ལས་སྐྱེས་པའི། དཔྱིད་ཟློ ་འབྲིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བུ་མོ་ཞེས་བྱ་བ་ནི་བུ་མོ་ལ་སྐྱེས་པའི་འོ།། ཉི་མའི་ཡང་དག་ལྡན་ཞེས་བྱ་བ་ནི།། ཉི་མའི་རེས་དང་ལྡན་པ་དང་བཅུ་གཉིས་ཞེས་བྱ་བའི་དོན་ཏོ།། ཕོ་བ་གཟིར་བས་ཞེས་བྱ་བ་ནི། ནད་གསུངས་པ་སྟེ། ་གང་ཞིག་གོང་དུ་གསུངས་པ། དུས་དང་ཡང་དྲག་ལྡན། གཟའ་དང་དེ་བཞིན་ནད་རྣམས་ཞེས་བྱ་བ་ལ། དེ་ལ་དུས་ནི་ནུབ་ཏུ་འགྲོ་བ་ན་ཞེས་བྱ་བ་ལ་སོགས་པའོ།། གཟའ་དང་ཞེས་བྱ་བ་ནི། ལྷག་མའི་ནང་ངོ་།། ནད་རྣམས་ཞེས་བྱ་བ་ནི། སྨྱོ་བ་ལ ་སོགས་པའི་ནད་དོ།། སྲང་ལས་སྐྱེས་པ་ནི། དཔྱིད་ཟླ་ཐ་ཆུང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྲང་ལ་ཞེས་བྱ་བ་ནི། སྲུང་ལས་སྐྱེས་པའི་འོ།། འགྲོ་བ་ཞེས་བྱ་བ་ནི་གཤིན་རྗེའི་ཁྱིམ་དུའོ།། སྡིག་པ་ལས་སྐྱེས་པའི། དབྱར་ཟླ་ར་བཱ་ཞེས་བྱ ་བ་ལ་སོགས་པ་གསུངས་སོ།། ནཱག་པ་ཞེས་བྱ་བ་ནི། སྐར་མ་ནག་པའོ།། ལྷག་མ་ནི་གོ་སླའོ།། གཞུའི་ཕུང་པོ་ལས་སྐྱེས་པའི། དགུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ།། ཆུ་སྲིན་གྱི་ཕུང་པོ་ལས་སྐྱེས་པའི། དབྱར་ཐ་ཆུང་ཞེས་བྱ ་བ་ལ་སོགས་པ་གསུང་སོ།། ཆུ་སྲིན་ཞེས་བྱ་བ་ནི། ཆུ་སྲིན་ལས་སྐྱེས་པའི་ཞེས་བྱ་བར་བལྟའོ།། བུམ་པ་ལས་སྐྱེས་པའི། སྟོན་ཟླ་ར་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཅས་ཞེས་བྱ་བ་ནི་གང་གི་བུམ་པའི་ཕུང་པོར་གྱུར་པ་དེའི ་འཆི་བ་ནི། སྟོན་ཟླ་ར་པ་ལ་སོགས་པ་རྣམས་སུ་འགྲོ་བར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། ཉ་ལ་སྐྱེས་པའི་སྟེན་ཟློ་འབྲིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཉ་ལ་ཞེས་བྱ་བ་ནི། ཉ་ལས་སྐྱེས་པའི་ཞེས་བྱས་ནས་ཞེས་བྱ་བ་ལ་སོགས ་པའོ།། སྐྱེས་པ་ནི་ལུག་ལ་སོགས་པ་ལས་སྐྱེས་པའོ།། ཁྲོ་དང་ཞི་བ་ཞེས་བྱ་བ་ནི། ཁྲོ་བོའི་གཟའོ་འམ་ཞི་བ་སྔ་མ་བཞིན་དུ་ཤེས་པར་བྱའོ།། འདིས་ནི་འདི་བརྗོད་དེ། གཟའི་ཆོ་གས་མེ་ཏོག་སྦྱིན་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་གྱིས ་སྐྱེས་པ་ལ་ཞི་བ་དང་མ་ཞི་བའི་གཟའ་བརྟག་ཅིང་ཤེས་པར་བྱའོ།། རོ་ཧཾ་ཏ་ལ་སྐྱེས་པའི་བྱིས་པ་ཞེས་བྱ་བ་ལ་སོགས་པས་ཆེ་བརྩིས་ནས་འཆི་བ་ཡང་རིམ་པ་འདིས་ཡིན་ནོ་ཞེས་ལུང་སྩལ་བར་བྱ་ན།། ངེས་པར། ་བྱའོ་ཞེས་བྱ་བའི་དོན་ཏོ།། འགྲོ་བ་མ་ལུས་པ་ཞེས་བྱ་བ་ནི། མ་ལུས་པ་འགྲོ་བར་བྱེད་པ་སྟེ། དབུགས་ཀྱིས་འཚོ་བར་བྱེད་དོ་ཞེས་བྱ་བ་ཇི་སྙེད་པའོ།། འགྲོ་བ་མ་ལུས་པཱ་ནི་མཱ་ལུས་པ་གཟུང་བ་སྟེ། རང་གི་དབང་དུ་བྱེད་པའོ།། གང་གིས ་ཐིག་ལེ་དང་སྒྲ་ལ་སོགས་པའི་སྒོམ་པའི་ཁྱད་པར་གྱིས་དེ་འགྲོ་བ་མ་ལུས་པ་སྟེ། མཱ་ལུསྭཱ་པ་གཟུང་བར་ལྷག་པར་བྱེད་པ་དང་། སྒྲོག་པར་བྱེད་པའོ།། གང་གི་ཐིག་ལེ་ཡིས་དེའི་འགྲོ་བ་མ་ལུས་པའི་གཟུའི་ལྷག་པར་བྱེད་པའི་ལེའུ ་སྟེ་ཉི་ཤུ་རྩ་གསུམ་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩཝ་གསུམ་པའོ།། །། ད་ནི་ཉིན་མཚན་ལ་སོགས་པས་འཇིག་རྟེན་པ་ལམ་དུ་འཇུག་པར་རྩིས་བྱ་བའི་ཕྱིར་རྩིས་ནི་ཉོན་ཞེས་བྱ་བ ་ལ་སོགས་པ་གསུངས་སོ།། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི། ཨ་ལ་སོགས་པའོ།། ཀཱ་ལི་ཞེས་བྱ་བ་ནི་ཀཱ་ལི་སྟེ། ཀ་ལ་སོགས་པའོ།། མཉམ་བྱས་ནས་ཞེས་བྱ་བ་ནི། ཨཱ་ལི་དང་ཀཱ་ལི་མཉམ་པར་བྱས་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་མཉམ ་པ་ཉིད་ཅེ་ན། སྡེ་ཚན་དག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། སྡེ་ཚན་ཉིད་ཀྱིས་སོ།། གྱུར་པར་བྱ་ཞེས་བྱ་བ་ནི།། ཡོངས་སུ་གྱུར་པའི་སྡེ་ཚན་གྱིས་འདྲ་བར་བྱས་ཞེས་བྱ་བའི་དོན་ཏོ།། དགུ་པོ་རྣམས་ཀྱིས་སམ་དགུ་པོ། རྣམས་ཀྱི ་ཡི་གེ་རེ་རཱི། ཉིན་མཚན་གྱི་གཟུའ་འབྱུང་བ་ཞེས་བྱ་བ་རབ་ཏུ་ཕྱེ་བའོ།། དེ་གང་ཞེ་ན། སྡེ་ཚན་གྱི་ཆོ་གའི་ལེའུ་ཞེས་གསུངས་ཏེ། སྡེ་ཚན་དགུའི་ཆོ་ག་རི་ལེའུ་སྟེ། དེ་ཡང་ཉི་ཤུ་རྩ་བཞི་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ ་པ་ལས་ལེའུ་ཉི་ཤུ་རྩ་བཞི་པའོ།། །། ད་ནི་རྒྱུ་སྐར་དང་གཟའ་འབྱུང་བའི་ལེའུ་གསུངསྭ་པ། སྐར་མ་དང་ཞེས་བྱ་བ་ལ་སོགས་པའོ།། འགྲོ་བ་ཕྱེད་ཀྱི་ལྔ་པ་བསྣུན་ཞེས་བྱ་བ་ནཱི། འགྲོ་བའི་ཕྱེད་དེ་དེ་ཡང་ལྔ་པའོ།། འགྲོ་བའི་ཕྱེད ་ཀྱི་ལྔ་པ་དང་བདུན་པ་ལ་ཡང་སྣང་བྱེད་ཀྱིས་བསྣུན་པའོ།། འདི་དག་གི་ཐུན་ཚོད་ཕྱེད་དག་ལ་སྣང་བྱེད་ནི་ནག་པོའི་གཟུགས་ཅན་ནོ།། ཟླ་བས་བཞི་དང་དྲུག་ལ་ནི་ཞེས་བྱ་བ་ནི། འགྲོ་བའི་ཕྱེད་ཀྱི་བཞི་པ་དང་དྲུག་པ་ལ་ཟླ་བས་བསྣུན་པར་བྱེད་དོ།། ་ས་སྤྱི་གསུམ་དང་ལྔ་པ་ཞེས་བྱ་བ་ལཾ། ས་སྐྱེས་ཉི་ད་ནི་སའི་བུ་ཞེས་བརྗོད་དེ། དེ་ཡང་མིག་ད་མ་རི་ཏཱི། འགྲོ་བའི་ཕྱེད་ཀྱི་གསུམ་པ་དང་། ལྔ་པ་དེ་དག་ལ་སོལ་བ་ཅན་ནག་པོའོ།། མཁས་པ་ཉིད་ནི་གཉིས་པ་དང་། བཞི་པ་ལ་ནི་དྲིས་པར་བརྡེག་ཅེས ་བྱ་བ་ནི་མཁས་པས་བརྡེག་གོ་ཞེས་བྱ་བའི་དོན་ཏོ།། དང་པོར་གང་དུ་བླ་མས་ནི། གསུམ་པ་ལ་ནི་འཆི་བར་འགྱུར་ཞེས་བྱ་བ་ནི། འགྲོ་བའི་ཕྱེད་ཀྱི་དང་པོ་དང་གསུམ་པ་ལ་ཡང་འཆི་བར་བྱུང་ངོ་།། གང་དུ་ཞེ་ན། གང་དུ་བླ་མས་ནི་ཞེས་གསུངས་སོ།། ་པ་བསངས་ཤེས་བྱ་བ་ནི། ཁུ་བའོ།། དལ་བ་ཞེས་བྱ་བ་ནི་དལ་བ་སྟེ་དལ་གྱིས་སྤྱོད་པའོ།། གང་གི་རྒྱུ་བ། དེ་ཉིད་ཀྱི་ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ན་རེ། སྐྱེ་བའི་ཉི་མ་རྣམས་ལ་དེ་ལྟར་བྱའོ་ཞེས་ཟེར་རོ།། འདི་དག་དུས་ནི་ཡོངས་བཅད་པ། ཞེས ་བྱཱ་བ་ནཱཾ།། གང་གི་གཟའི་གང་ཞིག་དུས་དྨའི་ཡོངས་སུ་བཅད་པར་ངེས་པའོ།། རིག་ལྡན་འབྱུང་བ་ཞེས་བྱ་བྷ་ནི། འཆི་བ་འབྱུང་བའི་ཡུལ་ལྟའོ།། འདི་ནི་སྤྱིའི་མཚན་ཉིད་དོ་ཞེས་བྱ་བ་ནི། ས་སྣའི་སྐྱེ་བོ་རྣམས་ཀྱི་འམ། རྣལ ་འབྱོར་པ་རྣམས་ཀྱི་འདི་ནི་སྤྱིའི་དུས་ཀྱི་མཚན་ཉིད་དོ།། རྣལ་འབྱོར་པའི་གཞན་དག་ཅེས་བྱ་བ་ནི། གཞན་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའོ།། རྣལ་འབྱོར་པ་རྣམས་ཀྱི་ཞེས་བྱ་བ་ནི། འབའ་ཞིག་ཅེས་བྱ་བའི་དོན་ཏོ།། དེ་ཉིད་ནི་ལྔ་ལས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ལྔ་ལས་ཉི་ཤུ་རྩ་ལྔའི་ཞེས་བྱ་བ་ལ་སོགས་པའི་དོན་འདི་ལ་བལྟ་བར་བྱའོ།། དེ་ཡང་གོང་དུ་གསུངས་པ་ཉིད་དེ། ལེའུ་ཉི་ཤུ་པ་ལས་ཉི་མ་དྲུག་ལ་སོགས་པར་ལོག་པར་རྒྱུ་བ་ན་དུས་གསུངས་སོ།། འདི་ནི་ལྔ་དང་བཅུ་དང་། བཅོཾ་ལྔ་དང་། ་ཉི་ཤུ་དང་། ཉི་ཤུ་རྩ་ལྔ་དང་། ཉི་ཤུ་རྩ་དྲུག་དང་། ཉི་ཤུ་རྩ་བདུན་དང་། ཉི་ཤུ་རྩ་བརྒྱད་དང་། ཉི་ཤུ་རྩ་དགུ་དང་། སུམ་ཅུ་དང་། སུམ་ཅུ་རྩ་གཅིག་དང་། སུམ་ཅུ་རྩ་གཉིས་དང་། ཉི་མ་སུམ་ཅུ་རྩ་གསུམ་དུ་ལོག་པར་རྒྱུན་དུས་བསྟན་པར་བྱའོ།། ལྔ་ལས ་ཞེས་བྱ་བ་ནི། ཉི་མ་ལྷ་ལས་བརྩམས་ནས་སོ།། ཉི་ཤུ་རྩ་ལྔ་ལས་ཤེས་བྱ་བ་ནི། ཉི་མའི་འགྲོ་བ་སྟེ། ཉི་མོ་ཤུ་རྩ་ལྔ་ཇི་སྙེད་པའི་བར་དུ་ལྔ་ལྟ་འཕེལ་བར་ཉི་མ་རྣམས་ཀྱི་འགྲོ་བར་བལྟ་བར་བྱའོ་ཞེས་བྱ་བར་དགོངས་སོ།། ལྔ་འཕེལ་བ་ཞེས་བྱ་བ་ནི། ཅིའི ་ཕྱིར་ཞེ་ན། ཉེ་བར་བརྗོད་ཅེས་གསུངས་ཏེ། མན་ངག་ལས་ཞེས་བལྟ་བར་བྱ་སྟེ། མན་ངག་ལ་འདི་བསྟན་པར་བྱའོ་ཞེས་བྱ་བར་དགོངས་སོ།། དང་པོར་ཉི་མ་ལྔ་པོ་རྣམས་ཀྱི་སྟེང་དང་སྟེང་དུ་ཉི་མ་བཞི་བཞི་རྣམས་དོར་ནས། གང་ལ་གང་ཞིག་དོར་བ་ནི་འདི ་ཝཱར་ཡིནྣ་ཏེ། དེ་བཞིན་དུ་ཉི་ཤཱུ་རྩ་ལྔའི་བར་དུ་ཉི་མའི་འགྲོ་བའོ།། སྭ་མུ་སྔ་མ་རྣམས་ཀྱི་ཉི་མ་བཞི་བཞི་སྤངས་ནས་ཉི་ཤུ་རྩ་ལྔའི་མཐར། ལྔ་ལྔར་རྒྱས་པ་ཞེས་བྱ་བ་ནཱི། ལྔ་ལྔ་འཕེལ་བའོ།། ཁ་ཅིག་ནཱ་རེ་ལྷའི་སྒྲ་ཡིས་ནི་གྲུངས་ཙམ་ཉིད་དེ། བགྲཱང ་བར་བྱ་བ་ནཱི་མ་ཡིན་ནོ།། དེས་ན་ཉི་མ་ལྔ་ལྔ་ཀུན་ཏུ་གནས་སོ་ཞེས་ཟེར་རོ།། གཞན་དག་ན་རེ་ཉི་ཤུ་རྩ་ལྔའི་སྒྲ་ལས། གོང་དུ་ལྟ་འཕེལ་བའི་སྒྲ་ནི་མཐར་གསུམ་པ་ཕྱིས་པ་ཞེས་ཟེར་རོ།། དེའི་ཕྱིར་ཞེས་བྱ་བ་ནི་ཉི་མ་ཉི་ཤུ་རྩ་ལས་སོ།། གཅིག་ནི་ལྷག་པ་ཡིས། ་ཞེས་བྱ་བ་ནི། གཅིག་ལས་སམ་གཅིག་ལས་ཉི་མ་རེ་རེ་ལས་ཉི་མ་ལ་ལྷག་པའི་གཅིག་ལྷག་པ་ཡིས་ཏེ་ངེས་སོ།། བཅུར་ནི་བྱང་ནས་ནི་ཞེས་བྱ་བ་ནི། བཅུ་པོ་རྣམས་སོ།། བྱས་ཤེས་བྱ་བ་ནི། བྱེད་པ་ཞེས་བྱ་བ་སྟེ་དང་པོ་ཕྱིས་པའི་ཕྱིར་རོ།། དེ་ཅིར་གྱུར་པས་ཤེ ་ན། སུམ་འགྱུར་ཞེས་གསུངས་ཏེ། བཅུ་ཕྲག་གསུམ་ཞེས་བྱ་བའི་དོན་ཏོ།། དེ་ཅིར་གྱུར་པས་ཤེ་ན། གསུམ་ལྷག་ཅེས་གསུངས་ཏེ། ཉི་མ་རྣམས་ཀྱི་གསུམ་ནི། གང་གི་དེ་ལྷག་པ་དེ་ནི་དེ་བཞིན་ནོ།། གང་འདི་ཞེས་བྱ་བ་ནི། གང་འདི་བཅུར་བྱས་པ་དང་བཅུ་ཕྲག ་གསུམ་དང་ཉི་མ་གསུམ་ལྷག་པར་སྐྱེས་པའོ།། དགུན་འབྲིང་ཉི་མས་ཞེས་བྱ་བ་ནི། དང་པོའི་ཉི་མར་དབྱུ་གུ་གསུམ་མོ།། དགུན་འབྲིང་ཉི། དུས་ལ་ཞེས་བྱ་བ་ནི། རོ་ཧི་ཏཱའི་ཚེ་ཞེས་བྱ་བའི་དོན་ཏོ།། ལྔ་ལས་ཞེས་བྱ་བ་ལ་སོགས་པས་གང་ཞིག་ཉི་མ་རྣམས་གསུང ་པ་དེ་རྣམས་ལ་དགུན་ཟླ་འབྲིང་པོའི་ཉི་མའི་དུས་ལ། གལ་ཏེ་དབུགས་ལོག་པའི་དངོས་པོ་དེའི་ཚེ། འཚོ་བ་རིམ་པས་ཤེས་པར་བྱ་སྟེ། ལོ་མཉམ་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ།། ཁ་ཅིག་ན་རེ་དགུན་འབྲིང་པོའི་ཉི་མའི་དུས་ལ་དབུགས་ལོག་པའི་དངོས་པོའི ་དུས་དེའི་ཕྱིར་ཡང་གོང་དུ་གསུངས་པའི་ཉི་མ་རྣམས་ལ་དབུགས་ལོག་པའི་བར་ལ་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་ཟེར་རོ།། གསུམ་དང་ཞེས་ཟོ་རོ།། ལོ་གསུམ་དང་། ལོ་གཉིས་དང་། ལོ ་གཅིག་གོ།། མིག་ཅེས་བྱ་བ་ནི་གཉིས་ཀྱི་གྲངས་ཞེས་བྱ་བའི་དོན་ཏོ།། རི་བོང་ཅན་ཞེས་བྱ་བ་ནི་གཅིག་གྲུངས་སོ།། དྲུག་གསུམ་ཟུང་དང་ཟླ་བ་གང་། ཟླ་བ་རེ་རྣམས་ཞེས་བྱ་བ་ནི། ཟླ་བ་དྲུག་དང་ཟླ་བ་གསུམ་མོ།། ཟུང་དང་ཞེས་བྱ་བ་ལ། ཟུང ་ནི་ཟླ་བ་གཉིས་སོ།། ཟླ་བ་ནི་ཟླ་བ་གཅིག་གོ།། ཉི་མ་ལྷག་ཅེས་བྱ་བ་ལ། ལྷག་ནི་ཚེས་ལ་སོགས་པའོ།། ཉི་མ་ནི་དེ་རྣམས་སོ།། ཆེས་ནཱི་དཱ་ཙ་ལྔ་རྣམས་སོ།། ཕྱོགས་ནི་བཅུའོ།། མངའ་དང་ཞེས་བྱ་བ་ནི་འདིའི་འདོད་པའི་སྟེ་དེ་ཡང་ལྔའོ།། ཡོན་པར ་གསུམ་སྟེ། སྙིང་སྟོབས་དང་རྡུལ་དང་མུན་པ་རྣམས་སོ།། ཚེ་ལ་སོགས་པའི་གྲངས་ནི་ཉིན་པར་རྣམས་ཤེས་བྱ་བའི་དོན་ཏོ།། བར་གྱི་ཉི་མ་རྣམས་ཀྱི་སྦྱང་བ་གསུངས་པ། བཅུ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མ་བཅུ་པ་སྤངས་མས་ཉི ་མ་ལྔ་པ་ལས་གང་ཞིག་ཉི་མ་རྣམ་སོ།། ལྷག་པ་ཞེས་བྱ་བ་ནི་གཞན་དུ་གྱུར་པ་སྟེ། དེ་ནི་བཞིའོ།། གོང་དུ་གསུངས་པའི་རིམ་པས་རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བ་ར་དགོངས་པའོ།། དེ་བཞིན་བཅུའི་སྟེང་མ་ཉིད་ཅེས་བྱ་བ་ནི། བཅུ་པའི་སྟེང་དུ ་གཞན་དེ་ལ་གང་ཞིག་ཉི་མ་རྣམས་སོ།། གཞན་ཡང་བཅོ་ལྔའི་གོང་མ་དང་ཞེས་བྱ་བ་ནི། ཉི་མ་བཅོ་ལྔའི་སྟེང་དུ་གང་ཞིག་གཞན་པའི་ཉི་མ་རྣམས་ཀྱིས་སོ།། ཉི་མ་ཉི་ཤུ་པའི་སྟེང་མས་གང་ཞིག་ཉི་མ་རྣམས་ཀྱིས་ཏེ། དེས་རྣམ་པར་སྦྱ ་བར་བྱའོ་ཞེས་ཐམས་ཅད་ལ་སྦྱར་བར་བྱའོ།། དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པའོ།། བཅུ་གཅིག་པ་དང་། བཅུ་གཉིས་པ་དང་། བཅུ་གསུམ་པ་དང་། བཅུ་བཞི་པའོ།། བཅུ་དྲུག་པ་དང་། བཅུ་བདུན་པ་དང་། བཅོ་བརྒྱད་པ་དང་། ་བཅུ་དགུ་པའོ།། ཉི་ཤུ་རྩ་གཅིག་པ་དང་། ཉི་ཤུ་རྩ་གཉིས་པ་དང་། ཉི་ཤུ་རྩ་གསུམ་པ་དང་། རྩ་བཞི་པ་ཞེས་བྱ་བ་ནི་བསྡུས་པའི་དོན་ཏོ།། ཟླ་བའི་གནས་སྐབས་ཀྱི་ཆོ་ག་བསྟན་པའི་ཕྱིར། གནས་སྐབས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ་གང་གི་དོན་དུ་ཞེ་ན་སྨྲས་པ། གང་གིས་དོན་དུ་ཞེ་ན་སྨྲས་པ། གང་གིས་གནས་སྦུབས་ཀྱི་ཆོ་ག་ཤེས་པ་དེ་རྣམས་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ།། གང་ལ་ཟླ་བ་རྣམས་གནས་པའི།། དང་པོ་སྐོར་མ་བརྩི་བར་བྱ་ཞེས་བྱ་བ་ནི། གང་ལ་སྐར་མ་ལ་ཟླ་བ་རྣམ ་པར་གནས་པ་དེ་ཉིད་དང་པོར་རེ་ཞིག་བརྩི་བར་བྱའོ།། དེ་ལ་བརྩི་བར་བྱ་བ་ནི་དེའི་དབྱུ་གུ་ཇི་སྙེད་པ་དེ་སྙེད་ཀྱི་མཚན་མ་བཞག་པར་བྱ་ཞིང་ཐམས་ཅད་དུ་མཚན་མ་ཉིད་གཟུང་བྱ་སྟེ། ཉིན་པར་གྱི་སྦྱོར་བའི་དུས་ཀྱི་མཐར་ཐུག་པར་དབྱུ་གུ་ཇི་སྙེད ་པ་དེའི་འང་མཚན་མ་བཞག་པར་བྱའོ།། དང་པོར་སྐར་མ་བརྩིས་པ་ནི། གང་ཞིག་སྐར་མ་རྣམས་ཏེ། དེ་རྣམས་མཚན་མས་བཞག་ནས་དྲུག་ཅུའི་མཚན་མས་བགྲང་བར་བྱའོ།། དེའི་ཕྱིར་དྲུག་ཅུས་བརྡུང་བར་བྱ་ཞེས་གསུངས་ཏེ། བརྡུང་བར་བྱ་བ ་ནི་བརྩི་བར་བྱའོ།། གནས་སྐབས་ཞེས་བྱ་བ་ནི། ཟླ་བའི་གནས་སྐབས་ཏེ། དེ་ཉིད་ཀྱི་རྒྱུའི་བགྲང་བར་བྱ་བའི་ཟླ་བའི་གནས་སྐབས་རྟོགས་པའི་རྒྱུར་ཞེས་བྱ་བའི་དོན་ཏོ།། དེ་ལ་ཆ་དྲུག་ཅུར་བརྩི་བར་བྱའོ།། ཉི་མའི་ཆུ་ཚོད་ཅེས་བྱ་བ་ནི། དབྱུ་གུ་སྟེ ་དེ་རྣམས་གཞུག་པར་བྱའོ།། གང་ཞིག་ནི། ཡིད་འོང་ཇི་ལྟར་འདས་པ་ནི་ཞེས་བྱ་བ་ནི། གང་ཞིག་སྦྱོར་བའི་དུས་ཀྱི་མཐར་ཐུག་པར་འགྲོ་བའོ།། ཟླ་བ་གཞུག་བྱ་སྟེ་ཞེས་བྱ་བ་ནི། ཆ་ཉིད་བཅུ་དྲུག་བརྩི་བར་བྱ་སྟེ་ཟླ་བ་དང་ལྡན ་པ་དང་། སྐར་མའི་གང་ཞིག་དབྱུ་གུ་དེ་རྣམས་ཀྱང་གཞུག་པར་བྱ་བའི་དོན་ཏོ།། འདི་དག་ཐམས་ཅད་གཅིག་ཏུ་བྱས་ནས་ཡང་དྲུག་ཅུའི་མཚན་མས་བརྩི་བར་བྱའོ།། དེའི་ཕྱིར་ཡང་ནི་དྲུག་ཅུས་བརྡུང་བར་བྱ་བ་གསུངས་ཏེ་དེ་བས་ཀྱང་གཅིག ་དང་གསུམ་དང་། ལྷ་པོ་རྣམས་ཀྱི་མཚན་མས་ཆ་དོར་བར་བྱའོ།། དེའི་ཕྱིར་མངའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅུད་ཀྱི་དབང་པོ་ནི་གཅིག་གི་མཚན་མ་སྟེ་བཅུད་ཀྱི་དབང་པོ་དང་པོར་བྱས་ནས་རྡོགས་པར་བྱའོ།། ཕྲི་ནས་དེ་བཞིན་གང ་རྙེད་པ་ཞེས་བྱ་བ་ནི།། ཆ་དོར་བར་གྱུར་པས་གང་ཞིག་ཅུང་ཟད་རྙིད་པ་དེའི་ཆའང་བླང་བར་བྱའོ།། བཅུ་གཉིས་ཀྱིས་ཞེས་བྱ་བ་ནི། དེ་ཡང་ཕྲི་བའི་ཆ་བཅུ་གཉིས་ཀྱི་མཚན་མས་ཡང་དོར་བར་བྱའོ།། དེ་ལ་ཆ་དོར་གྱུར་པ་ནི་གང་ཞིག་དབྱུ་གུ་ལྷག་མ ་རྙེད་པ་དེ་ཉིན་མཚན་གྱི་རབ་ཏུ་སྦྱོར་བས་ཟླ་བའི་གནས་སྐབས་ཀྱི་དབྱེ་བ་རྟོགས་པར་བྱ་ཞིང་གོ་བར་བྱའོ།། དེ་ཉིད་ནི་ལྷག་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཞིག་དབྱུ་གུ་ལྷག་མ་རྣམས་ཀྱི་གནས་སྐབས་ལ་བཟའ་བ་དེ་ནི་ལོངས་སྤྱོད ་དོ། ལྷག་མ་ནི་གོ་སླའོ།། བཅུ་གཉིས་ཀྱི་གནས་སྐབས་ནི། རབ་ཏུ་གནས་པར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རབ་ཏུ་གནས་པར་ཞེས་བྱ་བ་ནི་དང་པོ་ལ་འཕམ་པའོ།། གང་ལ་ཟླ་བ་ཞེས་བྱ་བ་ནི་གང་ཆ་ཕྲ་བས་འབྲེལ་པའི་དབྱུ་གུ་དང ་ལ་ཟླ་བ་གནས་པ་སྟེ། དེ་ལ་འཕམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། གང་ཞིག་འདི་ནི་ཕྱི་མ་ལ་ཡང་ངོ་།། གཉིས་པ་རྟས་པར་རྟས་པ་ཉིས་ཅེས་བྱ་བ་ནི། གཉིས་པར་དབྱུ་གུ་རྟས་པ་ལ་རྟས་པར་འགྱུར་རོ།། ཤི་བར་ཤི་བར་འགྱུར་ཞེས་བྱ་བ ་ནིཐི་བ་ལ་འཆི་བར་བྱེད་པ་ནི་གསུམ་པ་ལ་འཆི་བར་བྱེད་པའོ།། རྒོད་པར་ཞེས་བྱ་བ་ནི། ཕིག་པས་གང་ཞིག་ཆུ་ཞུགས་པ་དེས་གང་གི་ཚད་དུ་བྱས་པའི་སྲང་དྲུག་ཅུའི་ཚད་ཀྱི་སྟེ། འདིས་ནི་དེ་ལྟར་གྱུར་པས་ཕུན་བུ་བ་སྐྱེས་པར་བྱའོ་ཞེས་བྱ ་བ་ནི་ལྷག་མའོ།། ཆུ་ནི་དྲི་མེང་ངེས་ཤེས་བྱ་བ་ནི། ཤིན་ཏུ་དྲི་མེད་པའི་ཕྱིར་གང་གི་ཆུ་དང་ལྡན་པ་འཇུག་པ་སྟེ། གཞན་དུ་དྲི་མ་དང་བཅས་པས་ལྕི་བའི་ཕྱིར་འབྲིང་དུ་འཇུག་པའོ།། སྲང་གི་ཚང་དུ་ཕུན་པུ་ཡིན་ཞེས་བྱ་བ་ནི་སྲང་དྲུག་ཅུའི་ཚོད་དུ་གྱུར ་པས་ཕུན་བུ་ཞེས་བྱ་བའི་དོན་ཏོ།། འདི་ནི་འཇིག་རྟེན་ཞེས་བྱ་བ་ནི་འདིའི་རིམ་པས་འཇོག་རྟེན་པ་དང་ཐུན་མོང་གིས་སོ།། ཕུན་བུ་དང་ཞེས་བྱ་བ་ལཾ་སོགས་པ་ལ་ཕུ་ནི་པྲཱ་ནི་དབྱུ་གུ་སྟེ། ཕུན་བུ་འདི་རྣམས་ཀྱིས་ཐུན་ཚོང་ལ་སོགས་པར་ཤེས་པ ་བྱའོ།། ཡུད་ཙཱ་མ་དང་ཞེས་བྱ་བ་ནི་འཇིག་རྟེན་དུ་གྲགས་པའི་ཡུད་ཙམ་ལ་སོགས་པ་རྣམས་ཀྱི་སྟེ། ཇི་ལྟར་མིག་འཛུམས་པ་བཅོ་བརྒྱད་ནི་ཤིང་བུའོ།། ཆད་པ་སུམ་ཅུ་ནི་ཆའོ།། དེ་སུམ་ཅུ་ནི་སྐད་ཅིག་གོ།། དེ་བཅུ་གཉིས་ནི་ཡུད་ཙམ་དུ་བརྗོད་དོ།། ་དོ་སུམ་ཅུ་ནི་ཉིན་མཚན་ནོ།། ཡུད་ཙམ་དང་ཞེས་བྱ་བ་ནི་འཇིག་རྟེན་དུ་གྲགས་པའི་ཡུད་ཙམ་ལ་སོགས་པ་རྣམས་ཀྱི་སྟེ། ཇི་ལྟར་མིག་འཛུམ་པ་བཅོ་བརྒྱད་ནི་ཤིང་བུའོ།། ཆད་པ་སུམ་ཅུ་ནི་ཆེའོ།། དེ་སུམ་ཅུ་ནི་སྐད་ཅིག་གོ།། དེ་བཅུ་གཉིས་ནི་ཡུད་ཙ ་ད་བརྗོད་དོ།། ཟླ་ཕྱེད་ཅེས་བྱ་བ་ནི་བཅོ་ལྔ་སྟེ། སྣ་མྱ་དང་ཕྱི་མའི་ངོ་ནི་ཡར་ངོ་དང་མར་ངོའོ།། དེ་གཉིས་ཀྱིས་ནི་ཟླ་བའོ།། ཟླབ་གཉིས་ཀྱིས་ཞེས་བྱ་བ་ནི་ཟླ་བ་གཉིས་ཏེ་དུས་ཡིན་ནོ།། ང་གསུམ་གྱིས་ནི་འགྲུ་བ་དྲ། ་ལྷོ་དང་བྱང་དུ་ཉི་མ་འགྲོ་བ་གཉིས་ཀྱིས་ནི་ལོ་ཞེས་བྱ་སྟེ། ལྷག་མ་ནི་གོ་སླའོ།། དུས་ཀྱི་འབྱུང་བ་ཞེས་བྱ་བ་ནི། གང་ལ་དུས་ཀྱི་འབྱུང་བ་བསྟན་པ་དེ་ནི་དུས་ཀྱི་འབྱུང་བ་སྟེ་ལེའུ་ཉི་ཤུ་རྩ་དྲུག་པའོ།། ། རྡོ་རྗེ་མཁའ་འགྲོའི་རྣམ ་པར་འགྲོལ་པ་ལས་ལེའུ་ཉི་ཤུ་རྩ་དྲུག་པའོ།། ། སྐར་མས་སྐྱེ་བའི་ངེས་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། དུས་ཀྱི་འཆར་པོའི་དེ་མ་ཐག་ཏུའོ།། དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་ལྷ་དང་མི་ལ་སོགས ་པའི་སྐྱེ་བ་གསུངས་པ། དེའི་ཕྱིར་སྐར་མའི་སྐྱེ་བ་དང་ཡང་དག་བཤད་ཅེས་བྱ་བར་སྦྱར་རོ།། མདོར་བསྡུས་ཞེས་བྱ་བ་ནི་ཉུང་བའི་རིམ་པས་སོ།། ཤར་གསུམ་ཞེས་བྱ་བ་ནཱི་ཤར་གྱི་གྲེ་དང་། ཤར་གྱི་ཆུ་སྟོད་དང་། ཤཱར་གྱི་ཁྲུམས་སྟོད་དོ།། ་བྱང་གསུམ་རྣམས་ཞེས་བྱ་བ་ནི། བྱང་གི་དབོ་དང་བྱང་གི་ཆུ་སྨད་དང་། བྱང་གི་ཁྲུམས་སྨད་དོ།། སྟོབས་ནི་འདོད་པས་ཞེས་བྱ་བ་དང་། སྟོབས་ནི་ཐུན་མོང་གི་སྐྱེ་བའི་སྟོབས་སོ།། བདག་གི་སྐར་མ་ཤེས་ནས་ནི་ཞེས་བྱ་བ་ནི། སྐར་མའི་རྩ་ལ་ཡང ་བོག་སྨ་ལ་སོགས་པ་བྱའོ།། སྐར་མ་འཚོ་བ་སྟེ་ཞེས་བྱ་བ་ནི་སྐར་མར་སོན་པས་སེམས་ཅན་རྣམས་ཀྱི་འཚོ་བ་ཞེས་བྱ་བ་དགོངས་པའོ།། རྩ་ནག་པོར་འགྲོ་བའི་སྐར་མ་དང་ལྡན་པ་ལ་བུ་མོ་བག་མར་བཏང་ན་ངེས་པར་འཆི་བར་འགྱུར་བར ་བསྟན་པའི་ཕྱིར། ནག་པའི་ཚུལ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷག་མན་ག་སླར།། ཞར་མའི་སྐབས་ཀྱི་ལྷག་པར་བྱུད་པ་ཟབ་པའམ། དེའི་ཚིག་སྟེ་དེའི་རྗོད་པར་བྱེད་པའི་ལཉྫ་ནི་སྐུར་མའི་སྷོ་ཥྚས་ཤྲཱི་ལྷག་པར་བྱུང་བམ་ཆུན་ད ་སྟེ་ཉི་ཤུ་རྩ་བདུན་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩ་བདུན་པའོ།། །། གཟའ་དང་ཆོས་དང་སྐར་མ་འབྱུང་བས་འགྲོ་བ་ལ་སོགས་པ་བསྟན་པའི་ཕྱིར། ཉནི་ཅིག་ཅེས་བྱ་བ་ལ་སོགས་པ ་གསུངས་སོ།། ཚེས་དང་སྐར་མ་གཟའ་འཆར་བ་ཞེས་བྱ་བ་ནི། ཚེས་ལ་སོགས་པ་རྣམས་ཀྱི་སྦྱོར་བས། དགེ་བ་ལ་སོགས་པ་འབྱུང་བ་དང་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ།། རོ་ཧི་ཏ་ལ་སོགས་པ་འདི་ལ་ཆོས་རྣམས་ཀྱང་ཚེས་གཅིག་ལ་སོགས ་པ་གཟུང་བར་བྱའོ།། རོ་ཧི་ཏའི་ཆོས་ཞེས་བྱ་བ་ནི། ཚེས་གཅིག་གོ།། གང་ལ་ཞེས་བྱ་བ་ནི། གང་ཞོག་རོ་ཧི་ཏཱའི་ཚེས་ལའོ།། སྨིན་དྲུག་དང་བཀྲ་ཤིས་སུ་ལྡན་པ་སྟེ། གང་ཞིག་ཆོས་ལ་འགྲོ་བ་ལ་སོགས་པ་རྙེད་པར་བྱེད་པ་ཡིན་ནོ།། དེ་ལྟར་གཉིས་པ་ལ ་སོགས་པ་ལ། གཏི་མུག་མ་ལ་སོགས་པའི་སྒྲའི་ཐ་ཚིག་གོ།། ཟླ་སྐྱེས་ཉིད་ཅེས་བྱ་བ་ནི་མཁས་པའོ།། ལྷ་མིན་བློན་པོ་ཞེས་བྱ་བ་ནི་པ་བ་སངས་སོ།། འབྱེད་པོའི་ཉི་མར་ཞེས་བྱ་བ་ནི་བཅུ་བཞི་པའོ།། ཉི་མའི་དགའ་བ་ཞེས་བྱ་བ་ནི་དལ་གྱིས་རྒྱུ་བའོ།། བྱིན ་ཟ་ཞེས་བྱ་བ་ལ་སོགས་པས་ནི། སྒྲ་གཅན་འཛིན་གྱི་འགྲོ་བ་པ་བསྟན་ཏེ་དེ་ཡང་གོ་སླའོ།། འདི་ལྟར་ཡང་ཕན་ཚུན་གྱི་སྦྱོར་བས་རི་མོ་བཞི་བྲི་བར་བྱའོ།། མེ་ལ་མི་ཀི་ར་ནི་བརྒྱད་པའོ།། གཤིན་རྗེ་ལ་རཎྜ་ནི་བདུན་པའོ།། བདོན་བྲལ་དུ་ནི་བཅོ་ལྔ་པའོ།། ་ནུབ་ཕྱོགས་སུ་གླང་ནི་བནྟི་པའོ།། རླུང་དུ་བྱཱ་ཀུ་ལ་ནི་བཅུ་པའོ།། གཏེར་ནི་བྱང་ཕྱོགས་སོ།། རྨི་ལམ་མ་ནི་བཅུ་གཅིག་པའོ།། མིག་གསུམ་ལ་ནི་ཞེས་བྱ་བ་ནི་དབང་ལྡན་ནོ།། བཟང་པོ་ནི་གསུམ་པའོ།། ཤར་ཕྱོགས་སུ་བཅུ་བཞི ་པའོ།། ཟླ་བ་ཉི་མའི་ཆ་ཡིས་ནི་ཞེས་བྱ་བ་ནི་སྒྲ་གཅན་འཛིན་རྒྱུ་བའོ་ཞེས་བྱ་བ་བསྟན་ཏེ། བཟང་པོ་ལ་གནས་པ་ཉིད་ནི་རཎྜ་ལས་བྱཱ་ཀུ་ལི་ལ་རུའོ།། བྱཱ་ཀུ་ལི་ལས་བཅུ་བཞི་ཞེས་བྱ་བ་འགྲོ་བ་དང་འོང་བ་སྒྲ་གཅན་འཛིན་རྒྱུ་བའོ།། བཟང་པོར་སྒྲ་གཅན ་འཛིན་གནས་བྷ་ན། བཟང་པོ་ལ་སྟཱ་རཎྜ་འགྲོ་བ་ལ་སོགས་པ་བྱེད་ན་སྐྱོན་མེད་དོ།། རཎྜ་རུ་སྒྲ་གཅན་འཛིན་སོན་པ་ནི་བཟང་པོ་དང་བྱཱ་ཀུ་ལིར་འགྲོ་བ་ལ་སོགས་པ་ལ་འགལ་བ་མེད་དོ།། བྱཱ་ཀུ་ལིར་སོན་པ་ནི་ཤར་དུ་སྐྱོན་སྐྱེ་བར་མཱི་འགྱུར་རོ།། ཤར་ཕྱོག ་སུ་སོན་པ་ན་རླུང་དུ་སྐྱོན་སྐྱེ་བར་མི་འགྱུར་རོ།། འདིའི་རིམ་པ་ནི་མར་གྱི་ངོ་ལའོ།། ཡང་རང་གི་གནས་དབང་ལྡན་དུ་གནས་པ་ན། བཟང་པོར་སྒྲ་གཅན་འཛིན་གནས་ལ་གླང་དུ་འགྲོ་བ་ལ་སོགས་པ་བྱའོ།། གླང་དུ་སྒྲ་གཅན་འཛིན་གྱི་ཚེ་འགྲོ་བ་དེའི ་ཚེ་མཱི་ཀཱི་ར་ལ་བྱ་བ་འགྲུབ་པོ།། གང་གི་ཚི་མི་ཀ་རི་འགྲོ་དེའི་ཚེ་གླང་ལ་དགོས་པ་འགྲུབ་པ་ཉིད་དེ་གཞན་དུ་སྒྲ་གཅན་འཛིན་རྒྱུ་བ་ཟླ་བའི་འགྲོ་བ་བསྟན་པ་སྟེ། འདི་ནི་རྟའི་རྐང་པས་འགྲོ་བའོ།། ཉ་ལ་མེ་རུ་ཡང་དག་གནས་ཞེས་བྱ་བ་ནི། སྒྲ་གཅན་འཛིན་ནོ།། ་རླུང་གི་ཕྱོགས་ནས་འགྲོ་བ་ལ་སོགས་པ་མེ་རུ་ཡང་མི་བྱའོ།། སྟོང་ལ་གནས་མེད་ཉིད་དུ་གནས་ཞེས་བྱ་བ་ནི། སྒྲ་གཅན་འཛིན་ཏེ། མེ་ནས་རླུང་དུ་འགྲོ་བ་ལ་སོགས་པ་མི་བྱའོ།། འདིས་ནི་དབྱུ་གུའི་འགྲོ་བ་ཡང་གསུངས་ཏེ། ཆོས་དང་དབྱུ་གུའི་ཚད་ཀྱིས ་སྒྲ་གཅན་འཛིན་དེ་ལ་གནས་སོ།། དཀར་བ་དང་གཞན་པའི་ངོ་བོ་ཤེས་པར་བྱས་ནས། ཐམས་ཅད་དུ་རྟོགས་པར་བྱའོ།། གང་ལ་ཚེས་དང་སྐར་མ་གཏན་ལ་དབབ་པ་གང་ལ་དེ་དེ་བཞིན་ཏེ་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །། རྡོ་རྗེ་མཁའ་འགྲོའི ་རྣམ་པར་འགྲེལ་པ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའོ།། །། ད་ནི་མཚན་མའི་ཡེ་ཤེས་རྗོད་པར་བྱེད་པའི་ལེའུ་ནཽ། ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ཐམས་ཅད་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཆའོ།། སྒྱུ་མ་ཆེན་མོ་ཞེས་བྱ་བ་ནི་ཐབས ་ཀྱི་ཆའོ།། དེ་དག་གི་ཆོ་ག་སྣ་ཚོགས་པ་བྱེད་པ་ནི་གང་གི་སེམས་ཅན་གྱི་དོན་སྣ་ཚོགས་པ་བྱེད་པ་ནི་དེ་བཞིན་ནོ།། རྣམ་པར་ཤེས་ཞེས་བྱ་བ་ནི་རྣམ་པར་རིག་པ་ཙམ་གྱི་ཕྱིར་རོ།། ལུས་ཅན་ཀུན་གྱི་ཞེས་བྱ་བ་ནི་ལུས་ཅན་ཐམས་ཅད་རྣམས་ཀྱིའོ།། དེས ་ཅིར་འགྱུར་ཞེ་ན། ལུས་ལས་འདས་ཞེས་གསུངས་ཏེ། ལུས་ནི་གཟུང་བ་ལ་སོགས་པའི་ཕུང་པོའོ།། དེ་འདས་པ་ནི་ཤིན་ཏུ་སྤངས་པའོ།། དྲི་མ་མེད་ཅེས་བྱ་བ་ལ། དྲི་མ་ནི་འདོད་ཆགས་ལ་སོགས་པའོ།། ཕུང་པོ་ནི་རི་རབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། ། ་འབིགས་བྱེད་ཅེས་བྱ་བ་ལ་སོགས་པ་ནི། འབིགས་བྱེད་ནི་རབ་ཏུ་གྲགས་སོ།། སོགས་པའི་སྒྲས་ནི་གངས་ཅན་མི་གཡོ་བའོ།། ལ་ལར་ནགས་ཚལ་སྟུག་སོགས་ཞེས་བྱ་བའི་ཚིགས་དེ་ལ་ཡང་འབིགས་བྱེད་ཁོ་ནའོ།། ཤར་གྱི་ལུས་འཕགས་ཞེས་བྱ ་བའི་སྒྲས་ནི། ཤར་གྱི་རྣམ་པར་རྒྱལ་བའོ།། བ་ལང་སྤྱོད་ཅེས་ཅེས་བྱ་བ་ནི་གཞན་པའི་བ་ལང་བྱིན་པའོ།། ཚའི་རྒྱ་མཚོ་དང་འོ་མའི་རྒྱ་མཚོའོ།། སོགས་ཞེས་བྱ་བའི་སྒྲས་ནི་བཤང་གཅི་ལ་སོགས་པའོ།། བྱིང་དང་ཞེས་བྱ་བ་ནི་རྐང་འོག་གོ།། སྟེང་སོང ་བ་ཞེས་བྱ་བ་ནི་མཐོ་རིས་སོ།། རི་རབ་ལ་སོགས་པའི་དངོས་པོ་ལས་སྐྱེས་པའི་ཤེས་རབ་ཀྱི་མཚོན་གྱི་རྡུལ་ཕྲ་རབ་གཞིག་པའོ།། ཁམས་གསུམ་ཟད་པར་བྱས་ནས་ནི་ཞེས་བྱ་བ་ནི། མདོར་བསྡུས་ནས་ཁམས་གསུམ་ཟད་པར་ཁྱེར ་ཞིང་། འདི་ལྟར་ཕྱི་རོལ་སྟོང་པ་ཉིད་དུ་བལྟའོ།། བདག་གི་དངོས་པོ་ཟད་པར་བྱ་ཞེས་བྱ་བ་ནི། གཟུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོའོ།། སྐྱེད་མཆེད་ནི་ཡུལ་དྲུག་གོ།། ཁམས་ནི་དབང་པོ་དྲུག་སྟེ། ཁམས་རྣམས་ནི་དབང ་པོ་རྣམས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ།། འདི་རྣམས་ཟད་པར་བྱས་པ་ཉིད་དོ།། འབྱུང་སོགས་ཞེས་བྱ་བ་ནི། ས་ལ་སོགས་པའི་འབྱུང་བ་རྣམས་སོ།། ཕྱོགས་བཅུའི་འཇིག་རྟེན་ཁམོས་རྣམས་ཀྱིས་ཞེས་བྱ་བ་དང་ལྷན་ཅིག་འདི་ལྟར་བདག་ཉིད་ཟད་པར་འགྲོ་བར ་བསྒོམ་པར་བྱའོ།། དངོས་དང་དངོས་མེད་རྣམས་བསྲེས་ནས་ཞེས་བྱ་བ་ནི། དངོས་པོ་དང་དངོས་པོ་མེད་པ་དག་གིས་བསྲེས་པའི་བདག་ཉིད་སྟོང་པ་སྟེ། དངོས་པོ་དང་དངོས་པོ་མེད་པ་དག་གིས་ཀྱང་སྟོང་པ་ཉིད་ཅེས་བྱ་བའི་དོན་ཏོ།། མཉམ་པ་ཉིད་ཀྱིས ་པའི་ངོ་བོ་ལ་སོགས་པ་ནི་རང་གི་ངོ་བོ་སྟེ། ཡང་དག་བསམ་ཞེས་བྱ་བ་ནི། བལྟ་བྱ་སྟེ། ཞེས་བྱ་བ་དང་སྦྱར་རོ།། འདིའི་ཡིད་ནང་ཞེས་བྱ་བ་ནི། འདིའི་འགྲོ་བ་སྟོང་པའིའོ།། ཡིད་ནི་སེམས་ཀྱི་ནང་དུ་བལྟའོ།། ཞེས་བྱ་བར་དགོངས་པའོ།། དེ་ལ་རྒྱུ་ལས ་བརྟགས་པར་བྱ་ཞེས་བྱ་བ་ནི། དེ་ལ་སེམས་ཙམ་དུ་རྒྱུ་དང་འབྲས་བུ་བརྟག་པར་བྱ་ཞེས་བྱ་བར་དགོངས་པོའོ།། ཇི་ལྟར་ཞེ་ན་ནུབ་པ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམིགས་པ་མེད་པའི་ཕྱིར་ན་མཁའ་སྟེ། དེའང་སེམ་སོ།། ནུབ་པ་ནི་སེམས ་ཀྱིས་ནུབ་པའི་མཐར་ཐུག་པར་སོན་པའོ།། དེ་ལ་བ་ལང་གི་རྨིག་པ་ཙམ་གྱི་གྲོང་ཁྱེར་གྱི་འགྲོ་བ་བསྒོམ་པར་བྱ་སྟེ། དེ་ནས་བདག་ཉིད་མར་མེའི་རྣམ་པར་བསྒོམ་པར་བྱའོ།། དངོས་པོ་རྣམས་ཐམས་ཅད་ཇི་ལྟར་ཡེ་ཤེས་ཀྱི་བདག་ཉིད་དུ་བསྒོམ ་པར་བྱ་བ་དེ་ཇི་ལྟར་གྱུར་པ་ཤེས་སོ།། དེ་ལ་གལ་ཏེ་མར་མེའི་རྣམ་པར་བསམས་པ་ན་མཐོང་བ་དེའི་ཚེ་ཞི་བ་ལ་སོགས་པའི་འབྲས་བུ་ཡིན་ནོ།། འདོད་ཆགས་ལས་ནི་སོགས་པ་ཞེས་བྱ་བས། མཐོང་བ་ནི། དེ་ལས་འཇིགས་པ་ནི་དེས་མྱོས ་པས་རྣམ་པར་ཤེས་པར་འཕོ་བ་ན། བཟང་པོའམ་ངན་པ་ཅུང་ཟད་ཀྱང་མི་ཤེས་སོ་ཞེས་བྱ་བ་ནི་མན་ངག་གོ།། དེའི་འགྲོ་བ་ཞེས་བྱ་བ་ནི་རང་གི་འགྲོ་བ་སྟེ་དེའི་རྣམ་པར་ཤེས་པའོ།། རྣམ་པ་ལྔ་ནི་ཐ་དད་པའི་ལྷ་ལ་སོགས་པའི་གཟུགས་ཀྱིས།། ། ་ལྟ་བ་ལྔའི་ཕ་རོལ་འགྲོ་ཞེས་བྱ་བ་ནི། བསོད་ནམས་ཀྱི་ང་རྒྱལ་ལ་སོགས་ཕ་རོལ་འགྲོ་བ་སྟེ། བསོད་ནམས་ཀྱི་ང་རྒྱལ་གྱིས་ལྷ་རྣམས་སོ།། དེའི་ཕྱིར་ལྷ་ལ་མཐོང་བའི་ཤེས་པ་གསང་ཞེས་བྱ་བ་གསུངས་ཏེ། མཐོང་བ་ནི་ལྟ་བའོ།། དེ་ཉིད་གསང་བ ་ནི་སྨྲས་པ་སྟེ། བསོད་ནམས་ཀྱི་བློ་ཞེས་བྱ་བའི་དོན་ཏོ།། དེས་ན་ལྷ་ནི་ལྷའི་འགྲོ་བར་སྐྱེ་བ་ཞེས་བྱ་བར་དགོངས་པའོ།། ལྷ་མིན་ཁྲོ་བའི་ཤེས་པ་ལས་ཞེས་བྱི་བ་ནི། ལྷ་མ་ཡིན་གྱི་འགྲོ་བར་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ།། སྦྱིན་མེད་ཤེས་པ་ཡི་དགས ་ཀྱི་ཞེས་བྱ་བ་ལ། སྦྱིན་པ་མེད་པ་ནི་མ་བྱིན་པའི་ང་རྒྱལ་གྱིས་ཡི་དགས་སུ་འགྱུརརོ་ཞེས་བྱ་བའི་དོན་ཏོ།། འཇིགས་པའི་ང་རྒྱལ་གྱིས་སམ། ཁྲོ་བའི་ང་རྒྱལ་གྱིས་དམྱལ་བ་པ་ཞེས་བྱ་བ་ནི། དམྱལ་བར་འགྲོ་བར་འགྱུརརོ་ཞེས་བྱ་བའི་དོན་ཏོ།། གནས་པ ་ལ་སོགས་སེམས་མེད་དེ་ཞེས་བྱ་བ་ནི། གནས་པ་ལ་སོགས་པ་ལ་སེམས་མེད་པ་ནི་རྣམ་པར་ཤེས་པ་མེད་པ་སྟེ་དེ་རྣམས་ཀྱི་སེམས་པ་ནི་གང་ཞེས་བྱ་བར་བསམ་པའོ།། མི་རྣམས་ལ་ནི་རྣམ་ཤེས་ལྔ། འདིའི་དབྱེ ་བས་ཡིན་ནོ།། རྣམ་པར་ཤེས་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྣམས་ཞེས་བྱ་བའི་དོན་ཏོ།། ད་ནི་དེ་ཁོ་ན་ཉིད་བསྟན་པའི་ཕྱིར། རྨོངས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨོངས་པ་ནི་བློ་དམན་པའོ།། བཀབ་པ་ཉིད་ཅེས་བྱ་བ་ནི་སྨན་ལ་སཽ ་པ་རྣམས་ཀྱིས་བཀབ་པའི་ཤེས་བྱ་བའོ།། ལྐུགས་པ་ནི་སྨྲ་མི་ཤེས་པའོ།། བྱིས་པའི་ཞེས་བྱ་བ་ནི་བྱ་ཆུང་ངོ་།། ཤེས་པའི་ཤེས་པ་ཅན་ཞེས་བྱ་བ་ནི། ང་རྒྱལ་དང་བཅས་ཤེས་བྱ་བའི་དོན་ཏོ།། སེམས་ཅན་ཡོངས་སུ་མ་སྦྱངས་པའི་ཞེས་བྱ་བ་ནི། ་སྡིག་པ་དང་བསོད་ནམས་ཀྱི་རང་བཞིན་མི་ཤེས་པའོ།། བླ་མའི་ལམ་ཡང་ཚེར་མ་ཉིད་ཅེས་བྱ་བ་ནི་བླ་མའི་གསུང་རབ་ལ་སྨོད་པར་བྱེད་པ་ཞེས་བྱ་བའི་དོན་ཏོ།། ཡང་ན་ལམ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ཏེ། དེ་སློང་བར་བྱེད་པའི ་ཕྱིར་ཞེས་བྱ་བའི་དོན་ཏོ།། དེ་རྣམས་ཀྱང་གནས་པ་དང་མཚུངས་སོ།། འདི་རྣམས་ཀྱི་མི་ཤེས་པ་དེ་གང་ཞེ་ན། གསང་བ་སངས་རྒྱས་སྤྱོད་ཡུལ་ཉིད་ཅེས་བྱ་བ་ནི། ཉན་ཐོས་ལ་སོགས་པ་རྣམས་ལས་ཤིན་ཏུ་རིང་བར་གནས་པའི་ཕྱིར་གསང ་བ་ནི་སྦས་པའོ།། གང་ཞིག་དེ་ལྟར་ཁྱད་པར་འཕགས་པའི་གསང་བར་གྱུར་པའི་ཡེ་ཤེས་དེ་བསྟན་དུ་གསོལ་ཞེས་བྱ་བར་དགོངས་པའོ།། དེའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་དབྱེ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་ཏེ། ལྷན ་ཅིག་སྐྱེས་པ་ཞེས་བྱ་བའི་དོན་ཏོ།། ལས་ཀྱི་དབྱེ་བ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱིའོ།། རྣམ་པར་བྱེད་ཅེས་བྱ་བ་ནི། འགྲོ་བ་སྣ་ཚོགས་པ་ལ་སོགས་པའི་གཟུགས་ཡིན་ནོ།། གང་ཏུ་གྱུར་པས་ཀྱང་ཞེ་ན། ཡེ་ཤེས ་དེ་ཉིད་ཅེས་བྱ་བ་གསུངས་ཏེ། ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ།། དེ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རང་བཞིན་ནོ།། དེར་གྱུར་པ་ན། གཉིས་སུ་མེད་པའི་ངོ་བོ་ལ་རྨོངས་པ་ལས་གཉིས་ཉིད་དུ་སོ་སོར་འདོད་པས ་འགྲོ་བ་སྣ་ཚོགས་ལ་སོགས་པའི་གཟུགས་ལས་བཟློག་པར་དཀའ་བ་ཞེས་བྱ་བར་དགོངས་པའོ།། ལྷ་མིན་ཞེས་བྱ་བ་ནི། གདུལ་བར་དཀའ་བ་རྣམས་སོ།། ལྷ་མིན་མཆོག་ཅེས་བྱ་བ་ནི། ལྷ་མ་ཡིན་གྱི་དབང་ཕྱུག་གོ།། ལྷ་མིན་ཞེས་བྱ ་བ་ནཱི། མཆིལ་མ་ཟླ་བ་ལ་སོགས་པའོ།། གནོད་སྦྱིན་ནི་རབ་ཏུ་གྲགས་སོ།། བད་མེད་ནི་སྲིན་བུའོ།། གྲུབ་པ་པོ་ཞེས་བྱ་བ་ནི་ལྷ་རྣམས་ཏེ་ཐམས་ཅད་དུ་དང་པོ་ལ་གསུམ་པའོ།། གསང་བ་ཞེས་བྱ་བ་ནི། མི་མཐོང་བའི་ལྷ་རྣམས་སོ།། བཟང ་པོའི་གཟུགས་ཀྱི་མིང་གིས་དང་ཞེས་བྱ་བ་ནི། གཟུགས་ན་སྤྱོད་པ་ལཱ་སོགས་པ་རྣམ་སྣ་སོ།། ཕྲ་བ་ཞེས་བྱ་བ་ནི་ཆུ་ལ་སོགས་པའི་སྐྱེ་བོ་ཕྲ་མོའོ།། སྒོ་ངའང་འཛིན་པ་དང་ཞེས་བྱ་བ་ནི། སྒོ་ང་ལས་སྐྱེ་བ་ལ་སོགས་པའོ།། ཆུ་དང་མེ་དང་ཞེ ་བྱ་བ་ལ་སོགས་པས་ནི། ཆུ་ལ་སོགས་པར་སོན་པའི་སེམས་ཅན་མི་ཟིན་པའོ།། ལྷ་མ་ཡིན་ཞེས་བྱ་བ་ལ་སོགས་པ་གང་ཞིག་སྔར་གསུངས་པ་དེ་ཐམས་ཅད་ཡེ་ཤེས་ཀྱི་བྱིན་གྱིས་བརླབས་ཞེས་བྱ་བ་ནི། རང་གི་ངོ་བོའི་ཡེ་ཤེས་ཀྱིས ་བྱིན་གྱིས་བརླབས་པའོ།། དེ་ཉིད་ལས་ནི་མི་ཤེས་པ། གང་ཡང་ལ་ལ་ཡོད་མ་ཡིན་ཞེས་བྱ་བ་ནི་རང་རང་གི་སྐྱེ་གནས་སུ་འགྲོ་བ་ཀུན་ཏུ་གནས་པའི་སེམས་ཅན་རྣམས་ཀྱི་རང་རང་གི་བདེ་བའི་ངོ་བོའི་ཡེ་ཤེས་ལྷན་ཅིག། ་སྐྱེས་པ་ཤེས་པའོ།། གང་ཞིག་སེམས་ཅན་རྣམས་གང་ལ་ཡང་དེས་ན་མི་ཤེས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ།། འདིར་སྔགས་ཀྱི་ཚུལ་ལ་དད་པར་བྱེད་པ་ནི་སྐྱེ་བ་སྟོང་ཕྲག་བྱེ་བ་རུ་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་གང་ཞིག་བསྐུལ་བ ་ཞེས་བྱ་བ་དེ་ཉིད་ནི། དད་པ་ཡང་དག་སྐྱེ་བར་འགྱུར་ཞེས་གསུངས་ཏེ། དད་པ་ཡང་དག་པར་སྐྱེ་བ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་བསྟན་བཅོས་ཀྱིས་མཚོན་པས་ཤེས་བྱ་བ་ནི། སྔགས་ཀྱི་ཚུལ་ལ་སོ་སྔོར་དད་པའི་དོན་ཏོ།། ཕྱི་རོལ་གྱི་བསྟན ་བཅོས་ལ་གཟུང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། ཕྱི་རོལ་བསྟན་བཅོས་ལ་སོགས་སྒྲ་ཞེས་བྱ་བ་ནི། སྒྲའི་བསྟན་བཅོས་ལ་སོགས་པ་ཡང་། གར་མཁན་གྱི་ཁ་དོག་དང་འདྲ་བའི་དོན་ཏོ།། སྒྲ་དང་སྒྲ་མ་ཡིན་པ་དག་ཀྱང་གཟུང་བར་མི་བྱའོ། ་ཞེས་ཟུར་གྱི་བསྙེགས་སོ།། བཟའ་དང་ཞེས་བྱ་བ་ནི་ལོངས་སྤྱོད་དོ།། གྲོལ་བཱ་ནི་ཞེས་བྱ་བ་ནི་ཐར་པཱའོ།། འདོད་པ་ནི་ཞེས་བྱ་བ་ནི། འདོད་པའི་བདེ་བའོ།། རྣལ་འབྱོར་བསྟན་བཅོས་རྗེས་བཙལ་བས་ཞེས་བྱ་བ་ཡིན་ནོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི། ་མི་ཕྱེད་པའི་འོ།། རྣམ་པར་མཛད་པ་ཞེས་བྱ་བ་ནི། འགྲོ་བ་སྣ་ཚོགས་པའི་སྐྱེ་བ་ལ་སོགས་པའི་ཚུལ་ལོ།། དེའི་འབྱུང་བ་ནི་གང་ལ་ཡེ་ཤེས་དེ་ནི་རྡོ་རྗེ་སེམས་དཔའ་རྣམ་པར་མཛད་པ་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་སུམ་ཅུ་པའོ།། ། ་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་བསྡུ་པའོ།། །། རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དང་། དྲིལ་བུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དབྱངས་ཀྱི་རང་བཞིན་གྱི་ཕྱིར་དེ་རྣམ་པར་དག་པ་རྡོ་རྗེ་དང་དྲིལ ་བུ་རྣལ་འབྱོར་པས་གཟུང་བར་བྱའོ་ཞེས་བྱ་བ་དེ་དག་གི་མཚན་ཉིད་ཀྱི་ཚ་ད་རབ་ཏུ་བསྟན་པར་བྱ་བའི་དོན་དུ་ལེའུ་གསུངས་པ། དེ་ནཱས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེ་ཁོ་ན་གསུངསཽ་མ་ཐག་ཏུའོ།། རྡོ་རྗེ་དྲིལ་བུའི། མཚན ་ཉིད་ཅེས་བྱ་བ་ནི། རྡོ་རྗེ་དང་དྲིལ་བུའི་རང་གཽ་ང་ཟའོ།། རྡོ་རྗེ་སེམས་དཔའ་ལྟ་སོགས་ལྷའི་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣམ་པར་དག་པའི་རྩེ་མོ་ལ་སོགས་པའི་ངེས་པར་ཤེས་པར་བྱའོ།། རྡོ་རྗེ་བློ་ལྡན་ཞེས་བྱ་བ་ནི་བྷྲཱུཾ་དང་ལྡན ་པས་སོ།། ཐམས་ཅད་ཀྱི་ཞེས་བྱ་བ་རྡོ་རྗེ་ཐམས་ཅད་དུ་ཞི་བ་ལ་སོགས་པའི་དོན་ཏོ།། གསེར་སོགས་བྱས་པ་བཟང་པོ་ཉིད།། རྡོ་རྗེ་ཐམས་ཅད་མཚན་ཉིད་ལྡན་ཞེས་བྱ་ནི། ཆུ་སྲིན་གྱི་ཁ་ལྔ་སོགས་པའི་སྦྱོར་བ་ལས་ཐམས་ཅད་དུ་འདི་མཛེས་པའོ།། ་གང་ཡང་ཤིང་ལ་སོགས་པ་ལས་བྱས་པ་ཤིན་ཏུ་མཛེས་པ་ནི། རི་མོ་དང་ལྡན་པའོ།། སུམ་ཆ་གཟུང་བའི་ཞེས་བྱ་བ་ནི། ཆ་གསུམ་མཉམ་པས་གཟུང་བའོ།། རིང་པོས་ཞེས་བྱ་བ་ནི། རྡོ་རྗེ་འདིའི་ལུས་ཞེས་བྱ་བ་སྟེ། དེ་དེ་བཞིན་ནོ།། གསལ་བ་ཞེས་བྱ ་བྱ་བ་ནི། སོ་སོར་ཡན་ལག་དང་ཉིང་ལག་མངོན་པའོ།། སྐ་རགས་ཀྱིས་ནི་རྣམ་པར་བརྒྱན་ཅེས་བྱ་བ་ནི། རྩེ་མོའི་འོག་ཏུ་སྟེ་དེ་ཡང་ཟླ་བའི་སྟེང་དུ་བསྐོར་བའི་གཟུགས་ཀྱི་རི་མོ་ནི་སྐ་རགས་སོ།། གང་གི་མིང་མུཾ་ཁྱུད་ཅེས་བྱ་བའོ།། ཡང་ན་གསུམ ་པ་ནི་ཆ་གསུམ་སྟེ། སུམ་ཆ་ཡང་ཕྱིས་ན་གསུམ་གྱི་སྒྲ་ཡང་གསུམ་གྱི་རྣམ་པར་གྱུར་པའི་ངོ་བོ་འདི་ནི་སྟེ་དེ་ནི་སུམ་ཆར་གཟུང་ངོ་།། གང་གི་དབུ་མའི་ཁུ་ཚུར་ད་ནི་དེ་བཞིན་ཏེ།། ཁུ་ཚུར་ལ་སྐ་རགས་ཀྱིས་བསྐོར་བའི ་མོའོ།། ཇི་ལྟར་ཕྱོགས་བརྒྱད་ཅེས་བྱ་བ་ནི། གང་གི་ཕྱོགས་གང་ཞིག་སྟེ། འདི་ལྟ་སྟེ་ཕྱོགས་ནི་འདི་ལྟར་ཡིན་ནོ།། དེ་བཞིན་དུ་ལྷ་རྣམས་དགུ་ཡིས་བྱིན་གྱིས་བརླབས་ཞེས་བྱ་བའི་དོན་ཏོ།། གང་དུ་ཞེ་ན། རྩེ་བརྒྱད་ཅེས་བྱ་བ་གསུངས་པ་ནི། ་རྩེམ་བརྒྱད་པོ་རྣམས་ལའོ།། དབུས་སུ་དགུ་པ་སངས་རྒྱས་ཞེས་བྱ་བ་ལ། སངས་རྒྱས་ནི་རྡོ་རྗེ་འཛིན་པ་སྟེ། རྩེ་མོ་དགུ་པ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་དགུ་པ་ཞེས་བྱ་བ་གསུངས་སོ།། ཕྱི་རོལ་གྱི་རྩེ་མོ་ཤར་ལ་སོགས་པ་རྣམས་ལ་སའི་སྙིང ་པོ་དང་། ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སྤེལ་བ་དང་། ཀུན་ཏུ་བཟང་པོ་དང་། འཇམོ་དཔལ་དང་། བྱམས་པ་ལ་སོགས་པ་རྣམས་སུ་བལྟ་བར་བྱའོ།། དེའི་ཕྱིར་ལྷ་དགུ་ཞེས་བྱ ་བ་ལ་སོགས་པ་གསུངས་པ་ནཱི། ལྷ་དགུ་རྣམ་པར་དག་པའི་རྩེ་མོ་དགུ་པོ་རྣམས་ལའོ།། ལྷ་རྣམས་དགུ་ཡིས་བྱིན་གྱིས་བརླབས་ཞེས་བྱ་བ་ནི། ལྷག་པར་གནས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་ལྷ་དགུ་ཞེས་གསུངས་སོ།། ཆུ་སྲིན ་ཁ་བྱུང་རྩེ་མོ་ནི་ཞེས་བྱ་བ་ནི་ཆུ་སྲིན་གྱི་ཁ་རྣམས་ལས་བྱུང་བ་སྟེ། ཕྱོགས་བརྒྱད་དུ་རྩེ་མོ་བྱིའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། པདྨར་ཟློ་བ་རྣམ་པར་གནས་ཞེས་གསུངས་པ་ནི། པདྨའི་སྟེང་དུ་ཟླ་བ་གནས་པ་སྟེ། པདྨར་ཟླ་བ་གནས་པ་ནི ་འདི་ལྟར་ཡིན་ནོ།། དེ་བཞིན་དུ་ཆུ་སྤྲིན་གྱི་ཁ་ལས་བྱུང་བའོ།། འགྲོ་བ་འདོན་ཞེས་བྱ་བ་ལ། རྡོ་རྗེ་ནཱི་འགྲོ་བ་འདོན་པར་བྱེད་པ་སྟེ། གཉི་གའི་ཁར་སོན་པ་ནི། རྩེ་མོ་དགུ་པའོ།། ཆ་གསུམ་གྱི་ནི་ཚད་ཀྱིས་ནི་ཞེས་བྱ་བ་ནི་གོ་སླའོ།། དབུ་མ་ཞེས་བྱ། ་བ་ནི་དབུས་སུའོ།། རིང་པོ་ཞེས་བྱ་བ་ནི། གཉི་གའི་ངག་གོ། འདི་ལྟར་ཆ་གསུམ་གྱི་ཚད་ཀྱི་གང་ཞིག་ཡིན་པ་དེས་དེ་རྡོ་རྗེ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་རྣམས་ཀྱི་ཆ་གསུམ་དུ་མཉམ་པ་འདི་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་ནི། རྩེ་མོ་དགུ་པ་འདིའོ།། དེའི ་ཕྱིར་དེ་ལྟར་སྤྱིའི་མཚན་ཉིད་དེ། རྩེ་མོ་ཀུན་གྱི་ཞེས་བྱ་བ་གསུངས་སོ།། འདི་ལྟར་འདིའི་སྤྱིའི་མཚན་ཉིད་ཅེས་བྱ་བ་བསྟན་པའི་ཕྱིར་རྩེ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སྟེ། རྩེ་མོའི་དབུས་ཟླུམ་པོ་སྟེ། རྩེ་མོ་བཞིའི་ཆའོ།། དབུ་མ་ཟུར་བརྒྱད ་བྱ་ཞེས་བྱ་བ་ནི།། ལྟེ་བ་ཆ་བརྒྱད་ཅེས་བྱ་བའི་དོན་ཏོ།། ཁ་ཅིག་ན་རེ་རྩེ་མོ་དབུས་མ་ཟླུམ་པོ་ཞེས་ཟེར་རོ།། མཁས་པས་ཞེས་བྱ་བ་ནི། དེ་ལྟར་ཤེས་པར་བྱ་ཞེས་བྱ་བ་ནི། ལྷག་མའོ།། ཕྱོགས་སོགས་ཆ་ནི་བཅུམ་པར་གནས་ཞེས་བྱ་བ་ནི། གང་ཕྱོགས ་ཀྱི་རྩེ་མོ་དེ་དང་དེ་དང་པོའི་རྩེ་མོ་ལའོ།། བཅུམ་པར་ཞེས་བྱ་ནི་བཏུད་པས་ཞེས་བྱ་བའི་དོན་ཏོ།། གནས་ཞེས་བྱ་བ་ནི། སྟེང་དུ་གྱུར་པ་སྟེ། ངོས་ཀྱི་རྩེ་མོ་ཞེས་བྱ་བའི་ཚིག་གིས་ནི་དབུ་མའི་རྩེ་མོ་ནི་དྲང་པོའི་རྩེ་མོའོ།། དབུས་ཀྱི་ཆ་ཞེས་བྱ་བ་ནི ་དབུས་ཀྱི་ཆའི་དབུ་མ་ཞེས་བྱ་བར་ཤེས་པར་བྱའོ།། དེ་ཡང་ལྟེ་ཞེས་བྱ་བར་ཡང་དག་པར་བརྗོད་དོ།། གང་གིས་ཤེ་ན། ཚད་ཀྱིས་ཞེས་བྱ་བ་གསུངས་ཏེ། སུམ་ཆའི་སུམ་ཆའི་ཚད་ཀྱིས་ནི་ལྟེ་བ་ནི། འདིའི་ཆ་བརྒྱད་ཉིད་བསྟན་པའི་ཕྱིར། མན་ཏུ། ་རིན་ཆེན་ལྟ་བུར་ནི། ཆ་བརྒྱད་ཅེས་བྱ་བ་ནི། དེའི་ལྟེ་བའི་ཆ་བརྒྱད་པ་སྟེ། རིན་པོ་ཆེ་མ་ར་ཀཱ་ཏ་ལྟ་བུའོ།། སོ་སོར་གསུམ་དུ་ཞེས་བྱ་བ་ནི། རྩེ་མོ་རྣམས་ཀྱི་འོག་ཏུ་ཅུང་ཟད་ཕྲ་བ་དང་དབུ་མའི་མ་ནི་སྦོམ་པ་དང་། སྟེང་དང་འོག ་གི་ཆ་ཕྲ་བ་སྟེ། དབུ་མའི་ཆའི་དབུ་མ་སྦོམ་ཞིང་མཐའ་གཉིས་དེས་ན་ཕྲ་བའོ།། ཆུང་ངུ་ལ་སོགས་པའི་དབྱེ་བས་སོ་སྔོར། འོག་དང་དབུས་དང་སྟེང་གི་ཆུ་རྣམས་ལྔ་རྣམ་པ་གསུམ་ཁོ་ནའོ།། པདྨ་ཞེས་བྱ་བ་ལ་སོགས་པ་ནཱི། སུམ་ཆའི་ཆའི་གང ་ཞིག་སུམ་ཚའོ།། དེའི་ཡང་གང་ཞིག་ཆུ་དྲུག་ཏུ་ཞེས་བྱ་བ་ནི། དེའི་ཚད་ཀྱི་པདྨའི་སྟེང་དུ་ཟླ་བའི་སྟེང་དུ་ཟླ་བའི་སྟེང་གི་ཚད་དོ།། དཀྱིལ་འཁོར་ཀུནྡ་ཏུ་ཞེས་བྱ་བ་ནི། ཟླ་བའི་དཀྱིལ་འཁོར་རོ།། སོང་གིའི་སྣ་ཞེས་བྱ་བ་ནི། ཆུ་སྲིན་གྱི་སྣ་ཏེ། དེ་འབྲས་ཀྱི ་སསོ་པའི་ཕུབ་མའི་ཕྱེད་ཀྱིས་སྟེང་གི་ཚ་དོ།། སའི་བར་གནས་པ་ཞེས་བྱ་བ་ནི་སོའི་བར་དུ་གནས་པ་སྟེ། དེ་ནི་སྔར་གྱི་ཆ་དྲུག་གི་ཚད་གྱིས་ཞེས་བྱ་བའི་དོན་ཏོ།། འདི་ཡང་སྤྱིའི་ཚད་ཀྱི་མཚན་ཉིད་དེ། རྩེ་དགུ་པའི་ཚད་ཀྱི་ཉེ་བར་བསྡུ་བ་ནི། བདུན ་ཚད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉི་གའི་མཐཱའི་རྩེ་མེ་ནི་བཅོ་བརྒྱད་དེ། ཆ་གསུམ་གྱི་ཚད་རྣམས་སོ།། དབུ་མ་ཡང་སུམ་ཆའི་ཚད་དེ། ལྟེ་བའི་སུམ་ཆའི་ཡང་སུམ་ཆའི་ཚད་རྣམས་ཏེ། ཆ་བརྒྱད་པ་ཞེས་བྱ་བའོ།། ཉི་ཤུ་རྩ ་བདུན་ཆད་ཅེས་བྱ་བ་ནི། དེ་ཡང་སོ་སོར་དགུ་རུ་བརྗོད་པ་ཉིད་ཅེས་བྱ་བ་ནི་ཚད་དོ།། སུམ་ཆ་ཕྱི་མའི་མཐའ་རུ་ནི་ཞེས་བྱ་ནི། འདིས་ཡང་སྤྱིའི་མཚན་ཉིད་གསུངས་པ་གང་ཞིག་རྡོ་རྗེ་དང་འབྲེལ་པ་ཅན་གྱི་ཆ་གསུམ་པོ་དེ་ཡང་གང་ཞིག་སུ ་ཆ་བོ་དེའི་འོ།། ཕྱིན་མ་ནི་སྔན་མའི་རྗེས་སུ་ཕྱིན་མ་སྟེ། མཐའ་ཞེས་བྱ་བར་དགོངས་པའོ།། དེའི་ཕྱིར། སྟེང་གི་ཆ་གཉིས་སྤངས་ན་ས་ནི། མཐའི་ཞེས་བྱ་བ་གསུངས་སོ།། སྟེང་ནི་མཐའི་ཡིན་ནོ།། ཅི་བྱས་པས་ཤེ་ན། ཆ་གཉིས་ཞེས་གསུངས་པ་ནི ་འོག་ཏུ་སྔོན་པོ་སྤངས་པའོ།། ནང་དུ་སོན་པའི་ཡང་རྩེ་མོ་དེ་ལྟ་བུ་ནི། ནང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡང་ན་ཕྱི་མའི་མཐའ་སྒྲས་ནི་མཚམས་ཀྱི་གནས་རྣམས་ཀྱི་མཐའི་བཞི་པོ་རྣམས་ཀྱིའོ།། དབུས་སུ་སོན་པའི་འདབ་མ་དང་རྩེ ་མོའི་ཆུ་སྲིན་གྱི་ཁ་ཞེས་བྱ་བ་ནི་བྷྲཱུཾ་མོ་བཞིའི་ཆ་ཡིས་སོ།། ཆུ་སྲིན་ཁཱ་ལས་ཏེ། དེ་ཕྱེད་དེ་བཞིན་མུ་ཁྱུད་ཉིད་ཅེས་བྱ་བ་ནི། རྡོ་རྗེ་སྟོང་དུ་བསྐོར་བ་ཡང་ཞེས་བྱ་བའི་ཚིག་ནི་འདིར་ཡང་སྦྱར་བར་བྱའོ།། དེའི་སྙིད་ནི་ཤེས་པར་བྱ་ཞེས་བྱ་བ་ནི། གང་ཞིག ་གཉིས་ཀྱིས་དཀྲིས་པའི་ཚོད་དེ་སྲིད་ནི་རིང་པོའོ།། རྡོ་རྗེ་ཐམས་ཅད་ཉིད་ཀྱི་སྟེ། བློ་ལྡན་ཞེས་བྱ་བ་ནི། བློ་དང་ལྡན་པས་སོ།། གཞན་དུའང་འོད་ལ་སོགས་པོ་ཇི་ལྟར་ལུང་ལ་བལྟ་བར་བྱའོ།། རྡོ་རྗེ་རྩེ་ལྔ་པ་ནི་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག ་པར་བལྟ་བར་བྱའོ།། རྡོ་རྗེའི་ཚད་ནི་ཇི་ལྟར་གཞན་དུ་གསུངས་པ། དེ་བཞིན་དུ་འདིར་མ་གསུངས་སོ།། རྡོ་རྗེ་སོར་དྲུག་པ་ལ་སོགས་པར་བྱས་ནས་ཇི་སྲིད་སོར་ཉི་ཤུ་བར་གྲགས་པའོ།། ཁ་ཅིག་ན་རེ་འདིར་བྱེ་བྲག་མེད་པར་ཇི་ལྟར་འདོད་པའོ་ཞེས ་ཟེར་རོ།། གཞན་དག་ན་རེ་རྩེ་དགུ་པ་འདི་འབའ་ཞིག་གི་ཡིན་ནོ་ཟེར་རོ།། དམ་ཚིག་རྡོ་རྗེའི་ཞེས་བྱ་བ་ལ། དམ་ཚིག་ནི་དེ་བཞིན་གཤེགས་པ་རྣམས་ཏེ། དེ་རྣམས་ཀྱི་རྡོ་རྗེ་ནི་དེའི་མཚན་ཉིད་དོ།། དེ་ཡང་རྩེ་ལྔ་པ་སྟེ། ལྷག་མ་ནི་གོ་སླའོ།། ཆུ་སྲིན་སོ ་རྣམ་པར་ནི་ཞེས་བྱ་བ་ནི། ཆུ་སྲིན་གྱི་སོའི་རྣམ་པའི་རྩེ་མོ་ཞེས་བྱ་བའི་དོན་ཏོ།། དབུས་སུ་ཞེས་བྱ་བ་ལ་སོགས་པས་རྩེ་ལྔ་པ་ལྷ་རྣམ་པར་དག་པར་བསྟན་པའོ།། རྩེ་དགུ་པའི་ཕྱོགས་ལ་ཡང་ཡེ་ཤེས་ལྔ་རྣམ་པར་དག ་པའི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་བསྟན་པའོ།། པདྨར་ནི་འདབ་མ་བརྒྱད་པ་རྣམས་ལའོ།། བྱང་ཆུབ་ཡན་ལག་བརྒྱད་ཅེས་བྱ་བ་ནི། ཇི་ལྟར་གྱུར་པའི་གནས་ཤར་ལ་སོགས་པ་རྣམས་སུ་དགའ་བ་ལ་སོགས་པའི་ས་བརྒྱད ་པོ་རྣམས་ཀྱི་གཟུགས་ཏེ། པདྨའི་ལག་པ་ལ་སོགས་པའོ།། གནོད་སྦྱིན་བདག་པོ་ཞེས་བྱ་བ་ནི་ཕྱག་ནི་རྡོ་རྗེའོ།། དབུས་སུ་ཞེས་བྱ་བ་ནི་ལྟོ་བ་ལིའོ།། ཡེ་ཤེས་སེམས་དཔའི་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ།། བཅུ་གསུམ་གྱིས་ནི་ཐིམ ་པར་བྱ་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་པའི་ལྷ་སྟེ། དེ་ཡིས་ཀྱང་འདིར་ནང་དུ་ཆུད་པ་ཡིན་ནོ།། ཞེས་བྱ་བར་དགོངས་པའོ།། པདྨར་ལྷ་མོ་བརྒྱད་ཡིན་ཏེ་ཞེས་བྱ་བ་ནི། འོགཱ་གི་རྩེ་མོ་དང་འོག་གཱི་པདྨ་ལ། ཇི་ལྟར་གནས་སུ། ཉིད་ཀྱི ་ཚད་ཀྱང་དེ་དག་གཱི་ཆོ་གའི་དེ་རྗོད་པར་བྱེད་པ་སྟེ་སུམ་ཅུ་རྩ་གཅིག་པའོ།། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩཝ་གཅིག་པའོ།། །། འདི་ལྟར་བུའི་རྡོ་རྗེ་དང་དྲིལ་བུ་ཡང་རྡོ་རྗེ་སློབ་དཔོན་གྱིས ་གཟུང་བར་བྱ་བའི་ཕྱིར་ཞེས་བྱ་བ་དང་། དེ་ཉིད་ཀྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་ལེའུ་ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྡོ་རྗེ་ནི་མི་ཕྱེད་པ་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ།། དེ་ལ་སློབ་དཔོན་ནི་གཉིས ་སུ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུ་སྟེ། དེ་དག་ནི་གཉིས་སུ་མེད་པའི་ཕྱིར་རོ།། དུལ་ཞིང་ཞེས་བྱ་བ་ནི་དབང་པོ་ལས་རྣམ་པར་རྒྱལ་བའོ།། སྤྱོད་ལམ་ཞི་བ་དང་ཞེས་བྱ་བ་ནི། སློབ་དཔོན་གྱི་གསང་བའི་སྤྱོད་ལམ་སྟེ། ་དེ་ངེས་པར་ཞི་བའི་གོ་འཕང་ངེས་པར་རྙེད་པའི་ཕྱིར་དེ་ལ་གནས་སྐབས་སུ་ཇི་ལྟ་བུའམ་དེ་ལྟ་བུ་འདི་སྤྱོད་ལམ་མོ།། སེམས་ཅན་ཀུན་ལ་མི་འཇིགས་སྟེར་ཞེས་བྱ་བ་ནི་བྱམས་པ་བསྒོམས་པས་སོ།། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས ་ཞེས་བྱ་བ་ལ། སྔགས་ནི་རྐང་པ་བརྒྱད་པ་ལ་སོགས་པའོ།། རྒྱུད་ནི་སྨན་ནོ།། དེ་དག་གི་སྦྱོར་བ་ནི་བྱ་བ་སྟེ་དེ་ཤེས་པའོ།། བཟོའི་ཆའི་སྦྱོར་བ་མཁས་ཞེས་བྱ་བ་ལ། བཟོའི་ཆའི་སྦྱོར་བ་ནི། དཀྱིལ་འཁོར་འདྲི་བ་ལ་སོགས་པ་སྟེ། དེ་མངོན ་པར་རིག་པའི་ཕྱིར་དེ་ནི་དེ་བཞིན་ནོ།། ཀུན་ལ་སྙན་པར་སྨྲ་བ་དང་ཞེས་བྱ་བ་ནི། དགྲ་དང་བཤེས་དང་བཏང་སྙོམས་བྱ་བ་རྣམསོ་ལ་སྙན་པར་སྨྲ་བ་ཞེས་བྱ་བའི་དོན་ཏོ།། སེམས་ཅན་ཀུན་ལ་བུ་ལྟ་བུ་ཞེས་བྱ་བ་ནི། དཔེར་ན་བུ་ཕ ་ལ་གུས་པར་བྱེད་པ་དེ་བཞིན་དུ་སེམས་ཅན་རྣམས་ལ་འང་ཞེས་བྱ་བར་དགོངས་པའོ།། ཡང་ན་སེམས་ཅན་ཐམས་ཅད་ལ་གང་གི་བུ་ལྟ་བུ་དེ་ནི་སེམས་ཅན་ཐམས་ཅད་ལ་བུ་ལྟ་བུ་ཞེས་བྱ་བའི་དོན་ཏེ། འདི་ལ་གཟུང་ངོ་།། སྦྱོར་བ ་ཞེས་བྱ་བ་ལ་སོགས་པ་ནི། ཐབས་དང་ཤེས་རབ་ཀྱི་སྦྱོར་བ་སྟེ། དེའི་བསམ་པ་ནི་དེ་ལ་ཡང་ནས་ཡང་དུ་བརྩོན་པའོ།། མཉམ་པའི་ཞེས་བྱ་བ་ལ་སོགས་པས་ནི། བཏང་སྙོམས་བསྟན་ཏོ།། མགོན་གྱུར་པས་ཞེས་བྱ་བ་ནི། མགོན ་དུ་གྱུར་པ་ཞེས་བྱ་བའི་དོན་ཏེ། བསྒྲུབ་པའི་བསམ་པས་འཇུག་པའི་ཕྱིར་རོ།། སེམས་ཅན་བསམ་པའི་ཁྱད་པར་ཤེས་ཞེས་བྱ་བ་ནི། རྟགུས་དང་རྣམ་པ་དག་གིས་གཞན་གྱི་སེམས་ཞེས་བྱ་བའི་དོན ་ཏོ།། མགོན་མེད་རྣམས་ཀྱི་གཉེན་བཤེས་ཉིད་ཅེས་བྱ་བ་ནི། སྡུག་བསྔལ་བ་དང་སྐྱོབ་པ་མེད་པ་ལ་ཁྱད་པར་དུ་གཉེན་བ་ཤྲཱིས་ཤེས་བྱ་བའི་དོན་ཏོ།། དེ་བཞིན་དུ་ཡང་ཇི་ལྟར་བུ་ཡི་འདོད་པ་ཡིས།། མ་ཡིས་འདོད་པའི ་ཁྱད་པར་འགྱུར།། སེམས་ཅནྡ་འདོད་པས་དེ་བཞིན་དུ།། བྱང་སེམས་སྙིང་རྗེ་ཁྱད་པར་འགྱུར་ཞེས་གསུངས་སོ།། མཐོང་ན་དགའ་ཞིང་ལེགས་པ་དང་ཞེས་བྱ་བ་ལ། མཐོང་ན་དགའ་བ་ནི་འདི་ལྟ་སྟེ། དེ་ཡང་འདི་ལེགས་པ་དང ་གཞན་ལ་རིམ་གྲོ་བྱེད་པ་དེ་ནི་དེ་བཞིན་ནོ།། དྲང་པོ་དང་མདངས་ཀྱིས་གང་ཞིག་ལྟ་བ་དེའི་མཐོང་ན་ཞེས་བྱ་བ་ནི་བལྟ་བྱའོ།། ཞེས་བྱ་བར་དགོངས་པའོ།། སྔགས་ཀྱི་རིམ་པ་གོམས་པ་དང་ཞེས་བྱ་བ་ནི། སྔགས་ཀྱི་ཚུལ་ལ ་ལྷག་པར་ཡང་གོམས་པར་བྱ་བའི་དོན་ཏོ།། དམ་ཚིག་སྤྱོད་པའི་ཞིབ་པ་དང་ཞེས་བྱ་བ་ནི། ཤིན་ཏུ་གསང་པར་དེ་བྱེད་པའི་ཕྱིར་རོ།། ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའོ།། གཉིས་མེད་ཅེས་བྱ་བ་ནི་ཐེ་ཚོ་མ་དང་བྲལ་བའོ།། མ ་བཅོམ་པ་དང་ཞེས་བྱ་བ་ལ་བཅོམ་པ་ནི་ངལ་པ་སྟེ། དེ་ལས་བཟློག་པ་མ་བཅོམ་པ་དང་དག་པ་ལ་སྤྲོ་བ་ཞེས་བྱ་བའི་དོན་ཏོ།། སྔགས་ཀྱི་འཁོར་ལོ་སྟེ། དེའི་སྤྱོད་པ་ནི་དེའི་སྤྲུལ་པ་དང་། དེ་ལ་ཞིབ་པ་སྟེ་རིམ་པ་བཞིན་དུ་རིག ་པའོ།། དབང་དོན་ཡོན་ཏན་འབྱུང་བ་དང་ཞེས་བྱ་བ་ནི་དབང་ཉིད་ཀྱིས་དོན་བྱེད་པ་ཞེས་བྱ་བའི་དོན་ཏོ།། ཡོན་ཏན་ཞེས་བྱ་བ་ནི་དེ་ཉིད་བགྲང་བར་བྱེད་པའོ།། དེའི་འབྱུང་བ་དང་ཞེས་བྱ་བ་ནི། གང་གི་ཕྱིར་དེ་ནི་དེ་བཞིན་ཏེ། དབང་ཞེས ་བྱ་བའི་དོན་ཏོ།། གནས་ཀྱི་ཞེས་བྱ་བ་ནི་གནས་ལ་སོགས་པའོ།། དེ་ཉིད་བཅུ་ནི་ཞེས་བྱ་བ་ནི། དཀྱིལ་འཁོར་རང་གི་ཏིང་འཛིན་དང་།། ཕྱག་རྒྱ་བྱེད་པ་གདན་དང་ནི།། བཟླས་པ་སྦྱིན་སྲེག་དེ་བཞིན་མཆོདདོ།། ལས་དང་རྣལ་འབྱོར་ཉེར ་བསྡུས་པ་ཞེས་བྱ་བ་ནི། དེ་ཉིད་བཅུ་པོ་རྣམས་སོ།། དེ་ལྟར་གྱུར་པའི་སློབ་དཔོན་གྱི་སྐུ་ལ་སོགས་པ་ཇི་ལྟར་བལྟ་བར་བགྱི། དེ་བཞིན་དུ་གསུངས་པ། སངས་རྒྱས་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་ཀུན་ནི་རྡོ་རྗེ་འཛིན་པའོ།། ་བྱང་ཆུབ་ཡན་ལོག་ཅེས་བྱ་བ་ནི་སའི་སྙིང་པོ་ལ་སོགས་པའོ།། དགྲ་བཅོམ་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བ་རྣམས་སོ།། རིགས་ལྔ་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའོ།། འཇིག་རྟེན་པ་ནི་ཞེས་བྱ་བ་ནི་ཚངས ་པ་ལ་སོགས་པའོ།། ད་ལྟར་ཡོན་ཏན་བདག་ཉིད་ལུས་ཤེས་བྱ་བ་དང་། རྟག་ཏུ་སློབ་དཔོན་རྣལ་འབྱོར་པས་ནི་བལྟ་ཞེས་བྱ་བ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་འདིའི་མཚན་ཉིད་རྣལ་འབྱོར་དང་རྣལ་འབྱོར་པས ་ཤེས་པར་བྱ་བའི་མཚན་ཉིད་དེའི་བླ་མ་བསྟེན་པར་བྱའོ་ཞེས་བྱ་བ་ནི། གང་གོ་མཚན་ཉིད་སྦྱར་བྱ་གཡེ་ཤེས་ཅན་གྱི་ཤེས་བྱའི་མཚན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་བླ་མའི་སྦྱོར་བ་ཡོད་པ་མ་ཡིན་པ་དེ་གསུངསོ།། ། ་གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་བ་ནི་འཕྲལ་དུ་གནོད་པ་བྱེད་པ་ལ། གནས་ཏེ་སེམས་རྩུབ་པའོ།། ངོ་གཉིས་དང་ཞེས་བྱ་བ་ནི་སྡིག་པ་འཁྱུད་པ་སྟེ། ཕྱི་རོལ་གྱི་འཇིག་རྟེན་པ་ལ་རིམ་གྲོ་བྱེད་པའོ།། གང་གིས་ཤེ་ན། ་སྦྱིན་པ་ལ་སོགས་པའི་ང་རྒྱལ་ལ་སོགས་པ་རྣམས་ཀྱིས་ཀྱང་བྱེད་པ་མཐོང་ངོ་།། འདི་ཉིད་ནི་ཚིག་རྩུབ་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། སློབ་མའི་མཚན་ཉིད་ཉེ་བར་བསྟན་པ་ནི། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཁྲོ ་ཞིང་ཞེས་བྱ་བ་ནི་གནོད་པ་བྱས་པ་དྲན་ཞིང་ཡོན་ཏན་མ་ཡིན་པོ་ནི་ཁྲོ་བཅས་སོ།། རྟོག་གེ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལ་འདོད་པའོ།། འདི་སྐད་དུ་སྨྲ་བ་འམ་ཞེས་བྱ་བ་ནི། རྟོག་གེ་པའོ།། རྒན་དང་ཞེས་བྱ་བ་ནི། ལོ་མང་བས་རྫས་ཉུང་བ་ཞེས ་བྱ་བའི་དོན་ཏོ།། ཕོངས་ཞེས་བྱ་བ་ནི་ཕོངས་པ་འམ་སྡུག་བསྔལ་བའོ།། རྒྱལ་པོས་བཀྲབས་པའམ། མ་ནིང་ལའོ།། མི་བཤད་ཅེས་བྱ་བ་ལ། དེ་ཅི་ཞེ་ན། རིན་ཆེན་རིན་ཐང་མེད་ཅེས་བྱ་བ་གསུངས་ཏེ། རིན་ཐང་ཡོད་པ་མ་ཡིན་པ་ནི། འདིའི་ཚད ་མེད་པའི་ཕྱིར་དེ་རིན་ཐང་མེད་པ་སྟེ། དེ་ཡང་རིན་ཆེན་ཞེས་བྱ་བ་ནི་དེ་དེ་བཞིན་དུ་གསུངས་སོ།། གསང་བའི་དབང་མི་སྦྱིན་ནོ་ཞེས་པའི་དོན་ཏོ།། དེ་སྦྱིན་པའི་སྣོད་དེ་གང་ཞེ་ན། གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་རྒྱལ་ཞེས་བྱ་བ ་ནི་ཁེངས་པ་སྟེ། དེ་གང་ལ་ཡོད་པ་མ་ཡིན་པ་དེ་ནི་ང་རྒྱལ་མེད་པའོ།། དེ་ཉིད་ནི་ང་རྒྱལ་མེད་པ་ཉིད་དོ།། རློམ་མེད་ཅིང་ཞེས་བྱ་བ་ནི་རློམ་པ་དང་བྲལ་བའོ།། རློམ་སེམས་ཀྱི་ཆེ་བ་དེ་ནི་གང་ལ་ཡོད་པ་མ་ཡིན་པ་དེ་བཞིན་དུ་རློམ་སེམས་མེད་པའོ།། ། ་ཆོས་ལ་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ལ་མངོན་པར་འདོད་པ་འམ། ཆོས་འདི་ནི་ཆོས་ཉིད་དོ།། གང་ཞིག་ཁྲོ་བ་ལ་སོགས་པར་མ་གྱུར་པ་དེའི་འང་གང་ང་རྒྱལ་མེད་པ་ལ་སོགས་པར་གྱུར་པ་དེ་རྣམ ་ཀྱི་ཕྱིར་རོ།། མན་ངག་ནི་དེ་ཁོ་ན་རིག་པས་སྦྱིན་ནོ་ཞེས་བྱ་བ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གཞན་དུ་ལྟུང་བར་བྱེད་ཅེས་བྱ་བ་ནི། ལྡང་བར་བྱེད་པའོ།། ཁྲོ་བ་ཞེས་བྱ་བ་ལ་སོགས་པ་དང་། ང་རྒྱལ་དང་བཅས་པ་ལ་སོགས་པས ་ཀྱང་དེ་མི་གཟུང་ངོ་།། སྡིག་པ་མེད་པ་རྣམས་ལ་ཞེས་བྱ་བ་ནི། སྡིག་པ་ཅན་ནི་སྡིག་པའོ།། སློབ་དཔོན་ལ་སོགས་པ་རྣམས་ལ་སློང་པར་བྱེད་པ་རྣམས་ཀྱི་སྨོན་ཆེན་པོ་ཞེས་བྱ་བ་ནི། སྨང་ན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨོད་པ་ནི་སློད་པར ་བྱེད་པའོ།། སློབ་དཔོན་གསང་བ་ནི་ལུས་ལ་སོགས་པ་རྣམས་སོ།། ཐམས་ཅད་དུ་ནི་དམ་ཚིག་གིས་ཞེས་བྱ་བ་ནི། ཇི་ལྟར་འདོད་པའི་དམ་ཚིག་གིས་སོ།། བླ་མའི་གནས་མ་ལ་སོགས་པ་ལ་འགོམས་པའི་སྐྱོན་ནི། གནས་མ་ལི་ལྔ་སོགས་པ ་གསུངས་སོ།། སྟན་དང་ཞེས་བྱ་བ་ནི་གངན་ནོ།། གྲིབ་མ་བགོ་མ་དང་ཞེས་བྱ་བ་ནི། དེ་ལ་མ་རེག་པར་དེའི་སྟེང་ནས་འགྲོ་བའོ།། གནོད་པ་ནི་རྐང་པ་དེས་དེའི་ངོས་སུ་གནོན་པའོ།། ཡིད་བཅུགས་ཐུགས་ཐུབ་དཀའ་མེད་པས་ཞེས་བྱ་བ་ལ། ཡིད་བཅུག། ་ཞེས་བྱ་བ་ནི་བླ་མ་གང་གི་གསུང་དུ་གྱུར་པ་དེ་རྣམས་ཀྱི་དུས་ལ་དེའི་གདུང་བར་འགྱུར་རོ།། དེའི་གདུང་བ་གང་ཞེ་ན། དོན་ཉམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གྲིབ་མ་བགོམ་ཞིང་གནོན་པས་ནི་ཞེས་བྱ་བ་ལ། བླ་མའི་གྲིབ་མ་བགོམས་ན ་མཆོད་རྟེན་འཇིག་པ་ཡིན་ནོ།། དེ་ལྟར་ལས་ནི་རྣམ་གསུམ་དང་ཞེས་བྱ་བ་ནི། ལུས་དང་ངག་དང་ཡིད་རྣམས་ཀྱིས་སོ།། ལས་ཞེས་བྱ་བ་ནི་བྱ་བའོ།། དཀར་པོས་ཞེས་བྱ་བ་ལ་སོགས་པ་ལ། དཀར་པོ་ནི་བདེ་འགྲོའི་རྙེད་པ་སྟེ། ་དེའི་དོན་ནི་དཀར་པོའི་ལས་སོ།། ལམྲ་དུ་ཞེས་བྱ་བ་ནི་ཤུལ་ལོ།། ནག་པོ་ནི་ངན་འགྲོའི་རྙེད་པ་སྟེ། ནག་པོ་ལུས་ཀྱི་ལམ་མོ།། དཀར་པོ་ཉིད་ཀྱིས་ལས་ཇི་ལྟ་ཞེ་ནཱ། ཆོས་ཀྱི་རང་བཞིན་དག་པ་ཉིད་ཅེས་གསུངས་པ་ནི་ཆོས་ཀྱི་རང་བཞིནཱ་དགེ་པ ་ཡང་ཕུང་པོ་ལ་སོགས་པ་ནི་རང་བཞིན་ཁོ་ནའོ།། གང་ན་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ཞེས་བྱ་བ་ནི་དེའི་ཕུང་པོ་ལ་སོགས་པའི་རང་བཞིན་ནོ།། དངོས་པོ་མེད་ཕྱིར་ཞེས་བྱ་བ་ནི། རང་བཞིན་མེད་པའི་ཕྱིར། རང་བཞིན་མེད ་པ་ཉིད་ནི། ཕུང་པོ་ལ་སོགས་པའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། དངོས་པོ་མེད་པའི་རང་བཞིན་གྱི་ཞེས་བྱ་བ་ནི། རང་བཞིན་གྱི་རང་བཞིན་མེད་པ་ཉིད་ཀྱི་དངོས་པོའི་འདོད་པོ་དོན་དམ་པར་ཡོད་པ་མ་ཡིན་པས། དེ་ནས་ཡང ་དག་པར་རྫོགས་པར་བྱང་ཆུབ་པར་འགྱུར་རོ།། ཇི་ལྟར་ཞེ་ན། རྫོགས་པའི་བྱང་ཆུབ་རིམ་པ་ཞེས་བྱ་བ་གསུངས་པ་ནི་ཐབས་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་བསྟན་པར་བྱ་བའོ།། དམ་ཚིག་གི་སྤྱོད་པ་དང་། བཟའ་བ་དང་བཏུང་བ་དང་། ་དགའ་བའི་བྱ་བ་དང་། གཏོར་མའི་བྱ་བའི་དམ་ཚིག་གོ།། ཅིའི་ཕྱིར་ཞེ་ན། སེམས་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པས་སེམས་ཅན་ལོ་གསོལ་བ་གདབ་པར་བྱའོ།། འདི་ནི་དངོས་པོའི་ཆོས་ཉིད་དེ་བག་མེད་ན་སེམས ་ཅན་གྱིས་སྨོད་པར་བྱེད་པ་སྟེ། དེ་བས་ན་གྲུབ་པར་མི་འགྱུར་རོ།། ལྟར་ཆོ་གས་བླ་མས་འདི་ལྟར། སློབ་མ་གསུམ་ལ་སྐྱབས་སུ་འགྲོ་བ་འཛིན་དུ་གཞུག་པོ་ཞེས་བྱ་བ་བསྟན་པའི་ཕྱིར། སློབ་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བླ་མའི་དམ་ཚིག ་ཅེས་བྱ་ནི། བླ་མའི་དམ་ཚིག་ལས་ཤིན་ཏུ་མི་འདའ་བའོ།། ཐོབ་རྒྱུད་དང་འབྲས་བུ་འབྱུང་བའི་ཞེས་བྱ་བ་ནི། ཐོབ་པའི་རྒྱུ་དང་འབྲས་བུ་དག་འབྱུང་བ་སྟེ། འདིར་ཞེས་བྱ་བ་དེ་ནི་དེ་བཞིན་ནོ།། བླ་མའི་ཡང་དམ་ཚིག་གོ།། མདོར་བསྟན་ལོངས་སྤྱོད་ལྡན ་པར་ཞེས་བྱ་བ་ནི། ལོངས་སྤྱོད་རྫོགས་པའི་སྐུ་སྟྭཾ་བསྡུས་པའོ།། རྒྱས་བསྟན་མྱ་ངན་འདས་ཞེས་བྱ་བ་ནི། སྒྲིབ་པ་ཐམས་ཅད་ཟད་པའི་མྱ་ངན་འདས་པ་རྒྱས་པར་བསྟེན་པའོ།། སྔགས་རིམ་དེ་ཉིད་ཅེས་བྱ་བ་ནི། སྔགས་བྱིན་ནས་དེ་ཁོ་ན་ཉིད ་ཀྱི་ཏིང་ངེ་འཛིན་སློབ་མ་ལ་སྦྱིན་པར་བྱའོ།། མིང་གི་ཡང་དབང་བསྐུར་ཞེས་བྱ་བ་ནི། ཆུ་ལ་སོགས་པ་གནས་མིང་གི་མཐའ་དབང་བསྐུར་བ་བྱིན་ནས་དེ་ནས་སློབ་དཔོན་ལ་སོགས་པར་དགོངས་པའོ།། བདག་གི་ལུས་དང་གཞན་གྱི་ལུས ་རང་གི་མཐོ་རིས་མཆོག་དུ་བྱེདེ་ཞེས་བྱ་བ་ནི། བདག་གི་ལུས་ཉིད་ནི་གཞན་གྱི་ལུས་དང་། གཞན་གྱི་ལུས་ཀྱང་བདག་གི་ལུས་སོ་ཞེས་བྱ་བར་རྟོགས་པར་བྱའོ།། འདི་ཡང་བདག་དང་གཞན་ཡོངས་སུ་བརྗེ་བའོ།། མཐོ་རིས་ནི་རང་ཉིད་ཀྱི་རང ་གི་སེམས་ཙམ་དུ་རྟོགས་པ་ཉིད་དུ་བྱང་ཆུབ་པ་སྟེ། དེ་བཞིན་དུ་ཡང་། རང་གི་སེམས་ཙམ་སོ་སོར་རྟོགས།། སངས་རྒྱས་ཞེས་བྱ་བ་དང་། སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད་ཅེས་གསུངས་སོ།། བསྒྲུབ་བྱའི་བདེ་བ་ཉིད་ནི་མཆོག་ཏུ་བདེ ་ཞེས་གསུངས་ཏེ། ཐམས་ཅད་དུ་ཁྱད་པར་འཕགས་པའི་བདེ་བ་ཉིད་དོ་ཞེས་བྱ་བར་དགོངས་པའོ།། འདི་ནི་ཇི་ལྟར་ཐམས་ཅད་དུ་སྐབས་སུ་དབང་གི་དུས་ལ་སློབ་མ་ལ་བསྟན་པར་བྱའོ་ཞེས་བྱ་བར་དགོངས་པའོ།། ་བླ་མ་ལ་གསོལ་བ་འདེབས་པའི་དམ་ཚིག་གི་ཆོ་ག་དང་དཱིའི་ཆོ་གའི་རྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་གཉིས་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམཱ་ཅུ་རྩ་ཉིས་པའོ།། །། སྔགས་བྱིན་མ ་ཐག་ཏུ་གསང་བའི་དབང་སྦྱིན་པར་བྱ་ཞེས་པའི་སྔགས་ཀྱི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། བླ་མ་ལ་གསོལ་བ་བཏབ་མ་ཕྲག་ཏུའོ།། དེ་ལ་ཞེས་བྱ་བ་ནི། གང་གི་ཕྱིར་སྔགས་གསང་བའི་དབང་ལས་སྔོན་དུ་སྦྱིན ་པར་བྱ་བའོ།། འདི་རྣམས་ཀྱི་སྔགས་ནི་ཉེ་བར་དགོངས་པ་ལ་གནས་སུ་བསྟན་པའོ།། སྔགས་རྣམས་ཐམས་ཅད་སྐྱེད་པར་བྱེད་ཅེས་བྱ་བ་ནི། ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་ཐམས་ཅད་ཀྱི་སྔགས་སོ།། སྐྱེད་པར་བྱུད་པཾ་ནི་བ ་བའོ།། རྒྱུད་ཅེས་བྱ་བ་ནི་སྒྲའི་བདག་ཉིད་དོ།། སྔགས་ཀྱི་ཆོ་ག་ཞེས་བྱ་བ་ནི། སྔགས་རྣམས་ཀྱི་བསྟན་པའོ།། དེ་རྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་གསུམ་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པོ་ལས་ལེའུ་སུམ་ཅུ ་རྩ་གསུམ་པའོ།། །། གསང་བའི་དབང་གི་དེ་མ་ཐག་ཏུ། ཤེས་རབ་དང་བཞི་པ་སྦྱིན་པའི་ཕྱིར། དེ་རྗོད་པར་བྱེད་པའི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྔགས་གསུངས་མ་ཐག་ཏུའོ།། དེ་ནས ་ཞེས་བྱ་བ་ནི་གང་གི་གསང་བའི་མཐར་ཤེས་རབ་ལ་སོགས་དབང་སྦྱིན་པར་བྱའོ།། སྦས་པའི་རྒྱུད་དུ། བཏན་ལ་ཕབ་པ་ཞེས་བྱ་བ་ལ། གཏན་ལ་ཕབ་པ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་ཐོབ་པ་སྟེ་མ་ལུས་པར་ཁྱེར་བའོ།། ཡང་ན་གཏན ་ལ་ཕབ་པ་ནི། ལྷན་ཅིག་སྐྱེས་པ་འདིས་གཏན་ལ་འབེབས་པར་བྱེད་པ་ནི། དབང་བཞི་པ་སྟེ། དེ་རབ་བཤད་བྱ་ཞེས་བྱ་བ་དང་སྦྱར་རོ།། སྦས་པ་ཞེས་བྱ་བ་ནི་གསང་བ་སྟེ། རྒྱུད་དུ་ཞེས་བྱ་བ་ན་ཐམས་ཅད་དུའོ།། དེ་ཉིད་ནི་དེ་ནས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་རྟོགས་མ་ཐག་ཏུའོ།། ཐམས་ཅད་ཆོས་འབྱུང་བའོ་ཞེས་བྱ་བ་ལ། བྲི་བ་ནི། མྱང་བར་བྱ་བའི་དོན་ཏོ།། ཆོས་ནི་ཨཽ་ལ་སོགས་པ་དང་ཀྲ་ལ་སོགས་པའི་ཡིག་འབྲུ་རྣམས་སོ།། ཐམས ་ཅད་ཆོས་འབྱུང་བའི་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཏེ་གང་གི་ཕྱིར་ཆོས་ཐམས་ཅད་འབྱུང་བའོ།། གང་དུ་ཞེ་ན། སྣ་ཚོགས་ལྟེ་བ་ཞེས་བྱ་བ་ལ། སྣ་ཚོགས་ནི་གནས་ཀྱི་གཟུགས་སོ།། ལྟེ་བ་ནི་གང་གི་དཀྱིལ་འཁོར་དེ་ནི་སྣ་ཚོགས་ལྟེ་བའོ།། ། ་དེ་ལ་ལྷན་ཅིག་སྐྱེས་པ་མྱོང་ནས་བྱང་ཆུབ་ཀྱི་སེམས་ལྕེས་མྱང་བར་བྱའོ།། ཞིག་པས་ཐམས་ཅད་རྟོགས་པ་སྟེ་དེ་ལྔས་བཟློག་པའི་མི་ཤིགས་པ་ནི། སོ་སོ་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ།། དགེ་བ་ནི་བསྟེན་པ་སྟེ། དམ་པའི་དག ་བ་འབབ་པར་བྱེད་པའི་ཕྱིར་རོ།། མྱང་བར་བྱ་ཞེས་བརྗོད་པ་ནི། ཇི་ལྟར་ཞེ་ན། བྲི་ཞེས་བྱ་བར་སེམས་པ་སྟེ། བྱང་ཆུབ་ཀྱི་སེམས་ཉིད་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་གཟུགས་ཉིད་ལ་བསྙགས་སོ།། ཆོ་ག་བཞིན་ཞེས་བྱ་བ་ནི། ་རྣམ་པར་སྦྱར་བས་སོ།། སྔགས་པ་སྲ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ།། ཆོས་ཀུན་གཅིག་ཏུ་བསྡུས་ནས་ནི་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པ་ཉམས་སུ་མྱོང་བའི་དུས་སུ་ཕུང་པོ་དང་ཉོན་མོངས་པ་ལ ་སོགས་པའི་ཆོས་ཐམས་ཅད་བསྡུས་ནས་ལེན་པའི་ཕྱིར་རྣལ་འབྱོར་པ་དེ་དེ་བཞིན་ནོ།། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ནི། ཨ་ལ་སོགས་པའི་སྡེ་ཚན་གྱི་གཟུགས་ཀྱིས་ཡོངས་སུ་གྱུར་པས།། མཉམ་པ་ནི་གཅིག་ཏུ་གྱུར་པའོ།། དེ་བཞིན་དུ ་དེ་ཉིད་ལ་བསམ་པར་བྱའོ་ཞེས་དགོངས་པའོ།། འདོད་དོན་ཐམས་ཅད་སྒྲུབ་པ་པོ།། དེར་གནས་དཔའ་བོ་བཏུང་བར་བྱ་ཞེས་བྱ་བ་ནི། དེའི་བྱང་ཆུབ་ཀྱི་སེམས་སོ།། དཔའ་བོ་ནི་རྣམ་པར་རྟོག་པའི་དགྲ་ལས་རྒྱལ་བ་སྟེ། ཆོས་ཀྱི་འབྱུང་གནས་སུ ་གནས་པའོ།། བདྨ་བར་བྱ་ཞེས་བྱ་བ་ནི།། ལྕེས་བླང་བར་བྱ་བ་སྟེ་ཉ་ཕྱིས་ལ་སོགས་པས་བླངས་ནས་མྱང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། འདིས་ནི་འདོད་པའི་དོན་ཐམས་ཅད་སྒྲུབ་པར་བྱེད་པ་པོ་ནི་རྣལ་འབྱོར་པ་ཡིན་ནོ་ཞེས་བྱ་བར་དགོངས ་པའོ།། ཁ་ཅིག་ནི་རེ་དཔའ་བོ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའོ།། བཻཏུ་བར་བྱ་ཞེས་བྱ་བ་ནི་རྟོགས་པར་བྱ་བའོ།། དེར་གནས་ཞེས་བྱ་བ་ནི། བྱང་ཆུབ་སེམས་ལ་གནས་པ་སྟེ། དེར་གྱུར་པས་གང་གི་ཕྱིར་ཤེས་པ་དེ་ནི། དེས་ན་རྒྱུད་ཐམས་ཅད་ལས་བཏུས ་པ་ཡིན་ནོ།། ལྷག་མ་ནི་གོང་མ་བཞིན་ནོ་ཞེས་ཟེར་རོ།། ཡེ་ཤེས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ།། ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། སྤྲུལ་པ་རྣམས་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་ནི། རྣལ་འབྱོར་འདིས་ནི་ཆོས་ཀྱི་སྐུ་ལ་སོགས་པ་འཐོབ་བོ། ་ཞེས་བྱ་བར་དགོངས་པའོ།། སྟེང་དང་འོག་ཏུ་རྟག་གྲུབ་སྟེར་ཞེས་བྱ་བ་ལ། འོག་ནི་ཤེས་རབ་པོ།། སྟེང་ནི་ཐབས་སོ།། དེ་དག་གི་གྲུབ་པ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་མཚན་ཉིད་སྟེར་བའི་ཕྱིར་དེ་ལྟ་བུའི་ལྷའོ།། བདག་གི་ཕོ་ཉ་ཞེས་བྱ་བ་ལ། བདག་གི་ཕོ་ཉ ་ནི་ཤེས་རབ་སྟེ། ཕྱི་དང་ནང་གིས་བདག་ཉིད་ཅན་ཞེས་བྱ་བར་སེམས་སོ།། དེའི་བདག་གི་ཕོ་ཉ་ཞེས་བྱ་བ་ནི། དྲུག་པའི་དོན་ལ་གཉིས་པའོ།། དེ་ལྟར་གྱུར་པའི་ཤེས་རབ་ཀྱི་མཐོང་བ་ལ་སོགས་པ་བྱའོ་ཞེས་བྱ་བར་ཞེས་པར་བྱའོ།། ནང་གི་ཤེས་རབ་ཀྱི ་གཏུམ་མའི་གཟུགས་ཀྱིས་མཐོང་དང་ཞེས་བྱ་བ་ནི། ཟླ་བ་ཕྱེད་པ་དང་རྗེས་ཀྱི་དབྱངས་ལ་སོགས་པ་དང་བཅས་པའི་གཟུགས་ཀྱིས་རྣམ་པར་གཟིགས་པའོ།། དག་པ་ནི་འོད་ཟེར་གྱི་གཟུགས་ཀྱིས་ཆོས་ཀྱི་འཁོར་ལོ་ལ་སོགས་པར་འགྲོ་བའོ།། ་ནིའོད་ཟེར་གཉིས་ཀྱི་རྣལ་འབྱོར་གྱིས་གནས་པའོ།། 2ཁྱུད་པ་ནི་ཞེས་བྱ་བ་ནི། སྙམ་པ་ཁྱད་པར་དུ་གྱུར་པ་རོ་གཅིག་པའི་གཟུགས་ཀྱིས་གནས་པའོ།། རྟག་ཏུ་ནས་བྷཱ་བ་ནི། དུས་ཐམས་ཅད་དུའོ།། ཇི་ལྟར་དྲི་ལྟར་བྱ་ཞེ་ན། རྣལ་འབྱོར་གྱི་གནས་བྱུང ་པར་གྱིས་ཞེས་བྱ་བ་གསུངས་ཏེ་རྣལ་འབྱོར་གྱི་གནས་ནི་ཆོས་ཀྱི་འབྱུང་གནས་ཏེ། དེ་ལ་གནས་པའི་མཐོང་བ་ལ་སོགས་པ་བྱེད་པ་ནི་ཡེ་ཤེས་ཉམས་སུ་མྱོང་བ་ཡིན་ནོ་ཞེས་བྱ་བར་དགོངས་པའོ།། ཁ་ཅིག་ན་རེ་ནང་གི་ཤེས་རབ་ཀྱི་རྣལ་འབྱོར ་གནས་ནི་ལྟེ་བ་སྟེ། དེ་ཉིད་ཀྱི་རྣལ་འབྱོར་གྱི་གནས་ཀྱི་མཐོང་བ་ལ་སོགས་པ་བྱའོ་ཞེས་ཟེར་རོ།། སྔགས་བྱིན་ནས་ལྷའི་ཏིང་ངེ་འཛིན་ཇི་ལྟར་སྦྱིན་ཞེ་ན། ཇི་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དངོས་གྲུབ་ཐམས་ཅད་བྱེད་པ་ཉིད་ཀྱང་ཅིའི ་ཕྱིར་ཞེ་ན། དམ་པའི་དངོས་པོ་ཐམས་ཅད་སྦྱིན་ཞེས་བྱ་བ་ནི། སེར་སྣ་མེད་པས་རྣལ་འབྱོར་བྱིན་པའི་སློབ་མས་ཀྱང་བླངས་པས་དེ་འགྲུབ་པོ་ཞེས་བྱ་བར་དགོངས་པའོ།། ཡང་ན་རྣལ་འབྱོར་གྱི་ཚོགས་ཇི་སྙེད་པ་དེ་སྙེད་ཀྱིས ་འགྲུབ་པར་བྱེད་དོ།། འདི་ལྟར་ཡང་རྣལ་འབྱོར་མ་རྣམས་ཀྱི་དམ་པོའི་དངོས་པོ་ཐམས་ཅད་དུ་སྦྱིན་པ་དེ་མ་བཏོགས་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ།། ཤེས་རབ་ཉིད་དེ་གང་ཞེ་ན། མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང ་གྱིས་རྣལ་འབྱོར་གྱིས་སྙོམས་པར་འཇུག་ཅེ་ན་གང་གི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། གང་གི་སྔགས་དེ་ཉིད་ཀྱི་རྣལ་འབྱོར་རོ།། ཐོད་པ་ཞེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་འཛིན་པ་ཉིད་བསྟན་ཏོ།། ཐོད་པའི་ཕྲེང་བའི་དབུ་རྒྱནུ་དང་ཞེས་བྱ་བ་ནི། ་དོན་ཇི་ལྟ་བིའི་མིང་ངོ་།། སངས་རྒྱས་བཅུག་ཕུང་ནོར་བུ་ནི་ཞེས་བྱ་བ་འང་རྡོ་རྗེ་འཛིན་པའོ།། འདི་ཡང་དབུ་རྒྱན་གྱི་དབང་ལ་བསྙིགས་སོ།། དཔལ་གྱི་པདྨའི་ནགས་ཚལ་ཚོགས།། ཤེས་བྱ་བའི་སྒྲས་ནི་དེ་ཉིད་དོ།། སངས་རྒྱས་ཕྱག་རྒྱས་ནཱི་ཞེས་བྱ་བ་ནི། ་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་སྟེ་བརྡའོ།། དེ་ཉིད་ནི་བཅོམ་ལྡན་འདས་གཟུགས་སྣ་ཚོགས་པ་ཉིད་ཐོབ་པ་ནི། དབང་པོ་གང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དང་གང་ནི་མིག་ལ་སོགས་པའི་ལམ་ལས་འོངས་པོའི་དེ་དང་དེ་ནི་སངས་རྒྱས ་ཐམས་ཅད་དེ་རྡོ་རྗེ་འཛིན་པ་རང་ཉིད་ཡིན་ནོ།། རང་བཞིན་ཞེས་བྱ་བ་ནི། རང་གི་ངོ་བཾ་ལས་གང་གིས་དམ་པའི་རང་བཞིན་ཆོས་ཀྱི་རྣལ་འབྱོར་དེ་དང་འབྲེལ་ཏོ།། ཀླ་གློ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའི་བརྡ་དང་། དབང་དག་གི་རྗོད་པར་བྱེད་པའི་ལེའུ་སྟེ ་སུམ་ཅུ་རྩ་བཞི་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་བཞི་པའོ།། །། བོང་བུའི་རྣམ་པའི་མཁའ་འགྲོ་མའི་བསྒོམ་པ་ལས་ལྐོག་ཏུ་གྱུར་པ་མཐོང་བ་ཡིན་ནོ་ཞེས་བྱ་བ་དེ་རྗོད་པར་བྱེད་པའི་ལེན ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དབང་གསུངས་མ་ཐག་ཏུའོ།། ཡེ་ཤེས་མཁའ་འགྲོ་མའི་ཕྱག་རྒྱ་ཞེས་བྱ་བ་ནི།། གང་ཕྱིར་བོང་བུའི་རྣམ་པའི་རྣལ་འབྱོར་ཏེ། དེ་ནི་དེ་བཞིན་ནོ།། གྲུབ་ཀུན་རབ་སྒྲུབ་ཅེས་བྱ་བ་ནི། ་ལྐོག་ཏུ་གྱུར་པ་ཐམས་ཅད་མཐོང་བ་བསགས་པ་གྲུབ་པའི་ཕྱིར་བསྒྲུབ་པར་བྱ་བ་དེ་ནི་དེ་བཞིན་ནོ།། ཅིའི་དོན་དུ་གསུངས་ཤེ་ན། བུང་བུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བོང་བུའི་རྣམ་པའི་རྣལ་འབྱོར་བདག་ཅེས་བྱ་བ་ནི་རྣལ་འི་བྱོར་པའོ།། ཡིད་ཀྱི ་ཤུགས་ལྔ་ནི་ལྡོག་བྱའི་ཕྱིར་ཞེས་བྱ་བ་ནི། གང་གི་ཕྱིར་ཡིད་ནུབ་པ་ཐམས་ཅད་མཐོང་ངོ་ཞེས་བྱ་བར་དགོངས་པ་ཡིན་ནོ།། རྣལ་འབྱོར་མ་ནི་རྡོ་རྗེ་ཕག་མོ་སྟེ། གོང་དུ་གསུངས་པའི་རིམ་པས་གཞལ་མེད་ཁང་བརྩེགས་མ་བལྟས་ནས་བདེ་བ་ཆེན ་པོའི་འཁོར་རྡོ་རྗེ་ཕག་མོ་ལ་སོགས་པ་གཟུགས་ཅན་མའི་མཐར་རྣལ་འབྱོར་མ་ལྔ་པོ་རྣམས་དང་དེ་བཞིན་དུ་རབ་གཏུམ་ལ་སོགས་པ་དང་། ཁྭ་གདོང་མ་ལཾ་སོགས་པའི་རྣལ་འབྱོར་མ་རྣམས་རྡོ་རྗེ་ཕག་མོ་དང་དུས་མཉམ་པར་སྐྱེས་པ་དང་། དེའི་ས ་བོན་ལས་སྐྱེས་པ་ཐམས་ཅད་བོང་བུའི་རྣམ་པར་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། ལཱ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་དང་དེ་བཞིན་དུ་ལཱ་མ་དང་དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ནི། རིམ་པ་བཞིན་དུ་ཤར ་ལ་སོགས་པར་བསྒོམ་པར་བྱའོ།། ཅིག་ནར་བདེ་བ་ཆེན་པོའི་འཁོར་ལྷོར་རྣལ་འབྱུ་མ་སྣ་བང་བུའི་རྣམ་པར་ཞེས་ཟེར་རོ།། འདི་རྣམས་ཀྱི་གཟུགས་ལ་སོགས་པ་ནི་འད་པའི་ནས་བྷ་ཐཱ་སྔགས་པ་གསུངས་པ། ་བུའི་དབྱིབས་ཁྲག་གི་ཁ་ཞེས་བྱ་བ་ནི་གཽ་སླའོ།། མཁའ་འགྲོ་མ་རྣམས་ཞེས་བྱ་བ་ནི་མཁའ་འགྲོ་མ་རྣམས་སོ།། རྩེ་གསུམ་སྦྲུལ་གྱིས་དཀྲིས་པ་དང་། ཞེས་བྷཱ་བ་ནཱི་གང་རྣམས་ཀྱི་གཡོན་ནུ་རྩེ་གསུམ་སྦྲུལ་གྱིས་དཀྲིས་པ་དེ་རྣམས་ནི་དེ་བཞིན་ནོ།། ་ཁ་ཊྭཱཾ་ག་སྟེང་ཞེས་ཞེས་བྱ་བ་ནི། གླིང་རྣམས་ཀྱི་གཡས་པའི་སྟེང་ན་ཁ་ཊྭཱཾ་ག་དེ་རྣམས་ནི་སྟེང་ཁ་ཊྭཱཾ་ག་ཞེས་བྱ་བའི་དོན་ཏོ།། ཐོད་པ་ཡིས། ལག་པ་བྲེལ་ཞེས་བྱ་བ་ནི། གཡོན་པར་ཐོད་པས་བྲེལ་བསྡུ་ཤེས་བྱ་བའི་དོན་ཏོ།། སྟེང་སྐྱེས་ནི་སྐུའོ།། རོལ་པས ་གྲི་གུག་འཕྱར་བས་ནི་ཞེས་བྱ་བ་ནི། གང་རྣམས་ཀྱི་གཡས་པའི་རོལ་པས་གྲི་གུག་འཕྱར་བ་དེ་རྣམས་ཤེས་བྱ་བའི་དོན་ཏོ།། གྲི་གུག་གི་སྒྲས་ནི་གཅོད་པ་ཅན་ཏེ་འདིའི་ཕྱིར་དེ་རྣམས་ཐམས་ཅད་ནི་ཕྱག་བཞི་པའོ།། རྩེ་མོ་རཾ་ཞེས་བྱ་བ་ནི། གཞལ ་མེད་ཁང་རྩེག་མར་བལྟ་བར་བྱའོ།། རིན་ཆེན་ཞེས་གསུངས་ཏེ། རི་རབ་རའི་སྟེང་གི་གནས་སུ་སྣ་ཚོགས་མེ་ཏོག་ཅེས་བྱ་བ་ནི། ཡོངས་སུ་བ~ཾ་རྟོལ་དང་འབྲས་བུ་སྣ་ཚོགས་པ་དང་། དེ་བཞིན་མཐོ་བ་དང་། བིསམ་ཞེས་བྱ་བ་ནི་བསྒོམ་པའོ།། མེ་དག་དུ ་འབྲས་བུ་སྣ་ཚོགས་པའི་ཚོགས་ཀྱི་རི་བོ་ལ་གཞལ་མེད་ཁང་རྩེག་མའི་ནང་དུ་བསྒོམ་ཞེས་བྱ་བར་དགོངས་པའོ།། འདིས་ཅིར་འགྱུར་ཞེ་ན། ཚེ་ཟད་པའང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེ་ཟད་པ་ནི་ཤི་བར་བལྟ་བའོ།། འང་ཚེ་ནི་རིང ་དུ་འཚོ་བཅས་འགྱུར་ཞེས་བྱ་བ་ནི། ཚེ་རིང་བར་ཡང་འཚོ་བ་དང་བཅས་པར་བལྟ་བར་བྱའོ་ཞེས་བྱ་བ་དགོངས་པའོ།། མདོར་བསྡུས་པས། བོང་བུའི་ཞེས་བྱ་བ་ལྔ་སོགས་པ་གསུངས་སོ།། ལག་པའི་མཐིལ་དུ་ཞེས་བྱ་བ་ནི་ལག་པའི་མཐིལ ་དུ་སོན་པ་བཞིན་དུ་འཇིག་རྟེན་གསུམ་མཐོང་ངོ་ཞེས་བྱ་བར་དགོངས་པའོ།། ཧེ་རུ་ཀའི་བྱེད་པ་ཞེས་བྱ་བ་ནི། ཧེ་རུ་ཀའི་མཛད་པ་སྟེ། ཧེ་རུ་ཀའི་རྩིས་སོ།། དེའི་ཆོ་ག་ནི་བྱ་བའོ།། དེའི་རྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་ལྔ་པའོ།། །། རྡོ་རྗེ ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་ལྔ་པའོ།། །། ཉི་མ་རེ་རེ་ལ་སོགས་པར་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་གྱི་སྡོམ་པ་གཟུང་བ་ཞེས་བྱ་བ་བསྟན་པའི་ཕྱིར་དེའི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས ་པ་ནི། བོང་བུའི་རྣལ་འབྱོར་གསུངས་མ་ཐག་ཏུའོ།། དེས་ཞེས་བྱ་བ་ནི་གང་གི་སྡོམ་པ་ཉམས་པ་མ་ཡིན་པ་དེས་ན་འཇིག་རྟེན་པ་འདུ་བྱ་བའི་དོན་ཏོ།། སྒྲུབ་པ་པོའི་ཆོ་ག། ཇི་ལྟར་ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱི་ཆོ་ག་ནི་བྱ་བ་སྟེ། ཇི་ལྟར་གྱུར་པ ་དེ་རབ་བཤད་བྱ་ཞེས་བྱ་བ་དང་སྦྱར་རོ།། ཉི་མཱ་རེ་རི་འམ་ཟླ་བ་རེ་རེ་འམ་ལོ་རེ་རེ་ལ་བྱ་བ་ནི། ཉིན་རེ་ཞེས་བྱ་བ་ལྔ་སོགས་པ་གསུངས་སོ།། ཇི་ལྟར་བྱིན་གྱིས་བཱརླབྱས་པ་ཞེས་བྱ་བ་ལ། བྱིན་གྱིས་བརླབས་པ་ནི་དུར་ཁྲོད་ལ་སོགས་པའི་གནས་ཏེ། ་དེ་ཤིན་ཏུ་མི་འདའ་བས་པདྨའི་སྣོད་དང་བསྒོམ་པར་བྱའོ་ཞེས་སོགས་པའོ།། མཉེན་ཞིང་ཞེས་བྱ་བ་ནི། ལུས་ཀྱིའོ།། བསྟན་པར་སོན་པ་ཉིད་ཅེས་འབྱུང་བ་ནི་ཤིན་ཏུ་མཉེན་པ་མ་ཡིན་པ་ཉིད་དོ།། གང་བས་སྐྱེ་མཆེད་རྣམ་པར་དག་ཅེས་བྱ་བ ་ནི། ཡོངས་སུ་གང་བས་དགུག་པ་ཞེས་བྱ་བའི་དོན་ཏོ།། སྐུའི་ཕྱག་རྒྱ་ཤིན་ཏུ་མཛེས་ཞེས་བྱ་བ་ནི། ལུས་ཀྱི་གཞུ་དགང་བའི་དོན་གྱི་ཕྱག་རྒྱ་སྟེ། ཤིན་ཏུ་མཛེས་པ་གཉིས་ཀྱིས་མཛེས་ཤིང་ཤིན་ཏུ་མཛེས་པའི ་དོན་ཏོ།། འདིས་ནི་རིམས་ལ་སོགས་པ་བསལ་བའི་ཕྱིར། རིམས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རང་སྙིང་འགུགས་པའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི། གཡོན་དུ་གཞུ་གཟུང་ནས་ལག་པ་གཡས་པས་རང་གི་སྙིང་གར ་བཞག་ཅིང་དེ་ལས་བཀུག་པའི་རྣལ་འབྱོར་གྱིས་བསྐོར་བར་བྱའོ།། དེ་ཉིད་ནི་གཡས་སུ་རབ་ཏུ་བསྒྱུར་བ་དང་ཞེས་བྱ་བ་གསུངས་སོ།། མདའ་ནི་བཅུ་གཽ་ན་ཞེས་བྱ་བ་ནི། འདི་ལྟར་གཟུང་བ་ལ་སོགས་པས་མདུའ་འཕང་སྨྲ་ན་འགྲུབ ་པར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། ལྷ་ཉིད་ཀྱི་རྣལ་འབྱོར་ལས་འདི་ཡང་བྱའོ།། ཞེས་བྱ་བར་ཤིན་ཏུ་མཛེགས་པར་གསུངས་པ་གང་ཞིག་མཛེས་པ་རྣམས་ཀྱི་ལྷ་རྣམས་ཀྱི་ཤིན་ཏུ་མཛེས་པ་དེ་ནི་འདི་ལ་ཡོད་པའི་ཕྱིར་རྣལ་འབྱོར་པའི ་དེ་ལྟར་གཡོན་པས་ཀྱང་ཞེས་བྱ་བ་ནི། ཤར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤར་གྱི་སྒྲས་ནི་གཡོན་པའོ།། ནུབ་ཏུ་དཔུང་པ་བསྐུམས་ནས་ནི་ཞེས་བྱ་བ་ལ། ནུབ་ཀྱི་སྒྲས་ནི་འདིར་གཡས་པ་སྟེ། ལག་པ་གཡོས་པའི་དཔུང ་བསྐུམ་པ་ཞེས་པའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། གྲུ་བཞི་པ་ཞེས་བྱ་བ་ནི། སྤུ་གྲིའི་རྣམ་པའོ།། རྣོན་པོ་ཞེས་བྱ་བ་ནི་ལྕགས་མདའོ།། ཡོངས་བསྐོར་ཞེས་བྱ་བ་ནི། ཉ་གང་བ་ཟླ་བའི་དབྱིབས་སོ།། ཁ་ཅིག་ན་རེ་མལླི་ཀཱའི་ཁ་མ་བྱེ་བའི་རྣམ་པ ་ཞེས་ཟེར་རོ།། འོག་དང་སྟེང་དུ་འགྲོ་ཞེས་བྱ་བ་ནི། འོག་དང་སྟེང་དུ་མདའ་འཕང་ངོ་ཞེས་བྱ་བའི་དོན་ཏོ།། རིམ་པས་མནན་ཅིང་ཞེས་བྱ་བ་ནི། གཞུ་སྙི་བ་བདུངས་པས་འཇིག་རྟེན་གསུམ་ཉེ་བར་ཟ་བའི་ཕྱིར་ཉེ་བར་ལོངས་སྤྱོད་པའོ།། ་བཅུའི་ཕྱག་རྒྱས་བྱང་ཆུབ་མཆོག་ཅེས་བྱ་བ་ནི། གཞུ་བདུངས་པའི་གཟུགས་ཀྱི་ཞེང་དུ་སོར་བཅུ་པའི་ཕྱག་རྒྱས་བྱང་ཆུབ་ཀྱི་མཆོག་སྟེ་ཁྱད་པར་དུ་འཕགས་པ་དེས། འདི་སྐད་དུ་གཞུ་སྲ་བའི་མནན་པའང་གཞུ་གཟུང་བའི་གཟུན ་ཀྱིས་ཞེང་དུ་བཅུ་སྟེ་ཕྱག་རྒྱས་བྱང་ཆུབ་ཀྱི་མཆོག་གོ། ཀླ་ཀློའི་མཚོན་ཆ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་བྱེད་པ་འཛིན་པའོ།། ཡེ་ཤེས་ཀྱི་ཞེས་བྱ་བ་ནི། སོ་སོར་རྟོག་པའོ།། དེ་རྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་བདུན་པའོ།། ་རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་བདུན་པའོ།། །། ཕེཾ་ཉ་འདུལ་བར་གྱུར་པ་ན་མངོན་པར་འདོད་པ་སྒྲིབ་པར་བྱེད་པའི་ཕྱིར། དེ་རྣམས་ཀྱི་འདུལ་བའི་ལེའུ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་མཚོན་ཆའི་ཡེ་ཤེས་གསུངས་མ་ཐག་ཏུའོ།། དེས་ཞེས་བྱ་བ་ནི་གང་གི་ཕྱིར་ཕོ་ཉ་འདུལ་བ་མ་གཏོགས་པར་དངོས་གྲུབ་སྟེར་བར་མི་འགྱུར་རོ།། འདུལ་བ་ཉིད་ནི་འདུལ་བའོ།། དེའི་སྒྲུབ་པ་ནི་ཐབས ་སོ།། དེ་རབ་བཤད་བྱ་ཞེས་བྱ་བའོ།། ཕོ་ཉ་དེ་གང་ཞེ་ན། སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ཀྱི་ལུས་དང་ཞེས་བྱ་བ་ནི། སྔགས་སྐྱེས་མ་ཞེས་བྱ་བའི་དོན་ཏོ།། ཕལ་པ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་ཞེས ་བྱ་བའི་དོན་ཏོ།། ཞིང་སྐྱེས་ཞེས་བྱ་བ་ནི་ཞིང་སྐྱེས་མཱ་རྣམས་སོ།། གང་རྣམས་དེ་རྣམས་ཞེས་བྱ་བ་ནི་འདི་རྣམས་ཀྱི་ནུང་ནས་གང་ཞིག་གང་ལ་ལ་བསྒྲུབ་པར་བྱ་བའོ་ཞེས་བྱ་བར་དགོངས་པའོ།། འདི་རྣམས་ཐམ ་ཅད་ཅེས་བྱ་བ་ནི། འདི་རྣམས་ཐམས་ཅད་རྣལ་འབྱོར་པ་རྣམས་ཀྱི་བདེ་བས་བསྒྲུབ་པ་སྟེ། དེ་མངོན་པར་འདོད་པའི་དངོས་གྲུབ་ཡིན་ནོ།། གལ་ཏེ་ཡང་རྣལ་འབྱོར་མ་རྣམས་ཀྱི་མཆོད་པ་དེ་བཞིན་དུ་ཡང་རིམ་གྲོ་བྱེད་པ་མ ་གཏོགས་པར་ཉེ་བར་ལོངས་སྤྱོད་པ་ལས་བདེ་བ་ཐོབ་པར་འགྱུར་རོ།། ཅི་ཞེ་ན་འདི་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་རྣམས་སྐྲ་ནས་དགུག་པ་ལ་སོགས་པས་ལོངས་སྤྱད་པའོ།། གང་གི་ཕྱིར་དེ་རྣམས་རིམ་གྲོའི་སྣོད ་མིན་པས་ཞེས་བྱ་བ་ནི། དེ་རྣམས་རིམ་གྲོའི་སྣོད་མ་ཡིན་ཏེ། རིམ་གྲོ་བྱེད་པ་ཉེ་བར་ལོངས་སྤྱད་པ་ལས་དེ་རྣམས་ཀྱིས་བདེ་བ་རྙེད་པར་དཀའ་བོའི་ཕྱིར་རོ།། ཤིན་ཏུ་དགའ་བ་ནི་མཆོད་པ་མེད་པ་ཉིད་མཆོད་པ་ཞེས་བྱ་བར་དགོངས་པར ་སྲ་ཞིང་ཞེས་བྱ་བྷ་ལ་སོགས་པས་ནི་རི་མོ་ཅན་གྱི་མཚན་ཉིད་ནི། རིགས་ཀྱི་བཀྲ་ཤིས་སྤྱོད་བཅས་ནི་ཞེས་བྱ་བ་ནི། རིགས་ཀྱི་བཀྲ་ཤིས་ཀྱི་ལྷན་ཅིག་ཏུ་སྤྱོད་པས་འཇུག་པའོ།། འོ་མ་འཛིན་པ་རྒྱས་ཤིང་སྡོམ་ཞེས་བྱ་བ་ལ། སྦོམ་པ་ནི ་གང་གི་འོ་མ་འཛིན་པ་ཏཱ་ལའི་འབྲས་བུའི་རྣམ་པ་ང་ནི་དེ་བཞིན་ནོ།། དེ་ཉིད་རྒྱས་པ་ནི་པདྨོ་ཅན་ཞེས་བྱ་བའི་དོན་ཏེ། ནུབ་མ་ནི་ཏཱ་ལའི་འབྲས་བུའི་རྣམ་པའམ། ཡང་ན་དཔལ་གྱི་འབྲས་བུའི་རྣམ་པའི་དབྱིབས་སོ།། དུང་ཅན་དུང་གི་ལྟེ་བ ་ཞེས་བྱ་བ་ནི། དུང་གི་ལྟེ་བ་ཞེས་བྱ་བའི་དོན་ཏོ།། འབྱུང་པོའི་ཤིང་གི་ཞེས་བྱ་བ་ནི་ཨུ་དུམ་བཱ་རའི་ཤིང་གིའོ།། གརྦྷ་ཥ་ཞེས་བྱ་བ་ནི་ཐལ་མོ་སྦྱར་བར་བྱ་ས་པའོ།། མཚན་ཉིད་ཀྱི་ཅེས་བྱ་བ་ནི་མཚན་ཉིད་ཀྱི་རྩི་བའོ།། པཱ་ཊ་ནི་རྣ་བ་མ་ཕིག་པའོ།། ་གལ་ཏེ་འདོད་ན་ཞེས་བྱ་བ་ནི། ཇི་ཙམ་གྱི་ཚད་དུ་འདོད་པ་ཡིན་པ་དེ་ཙམ་ཉིད་དུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཟེ་བ་ནི་ནཱཾ་གེ་ས་ར་རོ།། ནང་དུ་གཞུག་ཅེས་བྱ་བ་ནི། འདིར་རྡོ་རྗེ་ནང་དུ་གཞུག་པ་དང་། འཛུད་པར་བྱེད་པའི་ཕྱིར་ནང་དུ་འཛུད་པ་ནི་བྷ་གའོ།། ་ཕྱག་རྒྱ་ཞེས་བྱ་བ་ཡང་བྷ་ག་སྟེ། སྦྱོར་བས་ཕྱག་རྒྱ་ཞེས་བྱ་བ་ནི་རྟགས་ཀྱི་ཕྱག་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱའོ།། ལིང་གའི་དོན་ཞེས་བྱ་བ་ནི། རྟགས་ཀྱི་དོན་བྱེད་པའི་ཕྱིར་ལིང་གའི་དོན་ཏེ།། དེ་ཉིད་ནི་བྷ་གའོ།། ཐིམ་པའི་ཕྱིར་ཞེས་བྱ་བ་ནི། ལིང་ག་ནི་རྩེ ་བིའི་དོན་ཏེ།། ནུབ་པ་ནི་ཐིམ་པའོ།། འདིས་སེམས་ཅན་ཐིམ་པར་བྱེད་པའི་ཕྱིར་ལོང་ག་སྟེ། ཨི་ཐུང་ངུ་ཉིད་དོ།། བྷ་ག་ཡང་ནི་ཞེས་བྱ་བ་ནི་འདིས་བདེ་བ་བསྟེན་པའི་ཕྱིར་བྷ་ག་སྟེ། ཆོས་ཀྱི་འབྱུང་གནས་སོ།། དེའི་ཕྱིར་བོད་པ་ནི་བདེ་བ་སྦྱིན་ཞེས་གསུངས ་ཏེ། བྷ་གའི་སྦྱོར་བ་ལས་བདེ་བ་སོ་སོར་སྐྱེས་བུ་ལ་སྟེར་བའི་ཕྱིར་བདེ་བ་རབ་ཏུ་སྦྱིན་པ་ཉིད་དོ་ཞེས་བྱ་བར་དེ་ལྟར་དགོངས་པའོ།། ཨ་ཞེས་བྱ་བ་ཤེས་རབ་པོ།། བྷ་ནི་ཐབས་སོ།། དེ་དག་གི་རྣལ་འབྱོར་ནཱི། བྷ་ག་དང་ལིང་ག་ཞེས་བྱ་བ་ཡིན་ནོ།། ཁྭ་ཅིག ་ན་རེ་ཨ་ནཾ་ཨཱ་ལི་སྟེ། ལྟེར་བར་གནས་པའོ།། བྷ་ནི་ཀཱ་ལི་སྟེ་སྤྱི་བོར་གནས་པའོ།། དེ་ཡང་ཧཾ་སྟེ་དེ་དག་གི་རྣལ་འབྱོར་ནི་བྷ་ག་དང་ལིང་ག་ཞེས་ཟེར་རོ།། བུང་སོགས་རིམ་པ་ཇི་བཞིན་གྱིས་ཞེས་བྱ་བ་ནི། བྲིང་བའི་སྒྲ་ནི་བུང་བ་སྟེ། གང་དག་གི་བུང ་བའི་སྒྲ་ལ་སོགས་པ་དང་། ཁྱོགས་ལ་སོགས་པ་དེ་རྣམས་ཀྱི་བུང་བའི་སྒྲ་ལ་སོགས་པའི་འཆིང་བ་རྣམས་སོ།། དེ་རྣམས་ཀྱི་གོ་རིམས་ལས་འདའ་བར་མི་བྱ་སྟེ། བུང་བ་ལ་སོགས་པའི་འཆིང་བ་ལས་འདའ་བར ་མི་བྱ་བར་མཁའ་འགྲོ་མ་བསྒྲུབ་པར་བྱའོ་ཞེས་སྦྱར་རོ།། གང་ལ་སྒྲུབ་ཐབས་ལ་འདུག་པའི་སྐྱེས་མ་བྱེད་པ་པོར་གྱུར་པས་བུང་བ་ལྟ་བུར་སྒྲོགས་པས་རྐེད་པ་ཡང་འཁོར་ལོ་ལྟ་བུར་བསྐོར་བར་བྱ་སྟེ། དེ་ནི་བུང་བའི་སྒྲའོ།། མདུན་དང་རྒྱབ་ཏུ ་སྐྱེས་མ་རིམ་པས་རྐེད་པ་བསྐོར་བར་བྱ། གསང་བའི་སྟེང་དུ་གནས་པོས་ཁྱོགས་ལྟ་བུར་ཡོངས་སུ་གྲགས་སོ།། སྐྱེས་པའི་བརླར་སྐྱེས་མའི་པུས་མོ་བསྐུམ་ནས་བཞག་པ་ནི། པུས་མོ་དང་བརླ་ཞེས་བརྗོད་དོ།། དག་པའི་ཆོ་ག་བརྗོད་པ་ཞེས་བྱ ་བ་ལ་སོགས་པའི་དགའ་བའི་བསྟན་བཅོས་གཙོ་བོས་གཞན་དུ་ཡང་ཤེས་པར་བྱའོ།། ཕོ་ཉ་འདུལ་བའི་ཆོ་ག་དེ་རྗོད་པར་བྱེད་པའི་ལེའུ་སྟེ་སུམ་ཅུ་རྩ་བརྒྱད་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ ་བརྒྱད་པའོ།། །། དམན་པའི་དངོས་གྲུབ་འདོད་པ་རྣམས་ཀྱི་ལྷག་པར་ཡང་སྔགས་ཀྱི་བཟླས་པ་ལ་སོགས་པ་སྦྱངས་པ་རྣམས་ཀྱི་བསྐྱོད་ནམས་ཆུང་བ་རྣམས་ཀྱི་སྣ་ཚོགས་པའི་ལས་བསྟན་པའི་ཕྱིར་དེ་ནས་ཤེས་བྱ་བ་ལ་སོགས ་པ་གསུངས་པ་ནི། འདུལ་བ་གསུངས་མ་ཐག་ཏུའོ།། བཅོམ་ལྡན་འདས་མས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བར་དགོངས་པའོ།། དེ་ཉིད་ནི་བསོད་ནམས་ཆུང་བ་ཞེས་གསུངས་སོ།། བསྲུང་བ་སྔགས་ཀྱིས་རྣམ་སྤངས ་པ་ཞེས་བྱ་བ་ནི། གང་ཞིག་བསྲུང་བ་དང་སྔགས་དང་བྲལ་བ་དེ་རྣམས་ཀྱི་ཇི་ལྟར་འགྲུབ་ཅེས་བྱ་བ་དང་སྦྱར་རོ།། བཟང་པོའི་སྨན་ཞེས་བྱ་བ་ནི་གྲུབ་པའི་གཟུགས་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་དེས་གཟུང་བ་ཞེས་བྱ་བ་ནི། ཇི་ལྟར་དེ་རྣམས ་སྨན་འཛིན་པ་ནི་དེ་འཛིན་པ་སྟེ། དེའི་རྣམ་པས་སོ།། བརྗོད་པར་བྱ་ཞེས་བྱ་བ་ནི་ལྕེའི་བདག་ཉིད་དུ་གྱུར་པས་སོ་བོན་བྱུག་པ་ཞེས་བྱ་བ་ལ་སོགས་པ་བྱའོ་ཞེས་བྱ་བ་སྟེ། ལྷ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གསུངས་སོ།། ས་བོན་བསྒོ ་བཾ་ཞེས་བྱ་བ་ནི་ཁྲག་ལ་སོགས་པས་བཅུ་པའོ།། སྣ་ཚོགས་ཞེས་བྱ་བ་ནི། མཚོན་ཆེ་སྣ་ཚོགས་པ་འཛིན་པ་ལ་སོགས་པའོ།། དེའི་འབྱུང་བ་ཞེས་བྱ་བ་ནི་ལྐོག་མ་འབྱུང་བའོ།། ས་བོན་ལ་སོགས་པ་གསུངས་པ་དེ་གང་ལགས་ཞེས་བྱ་བ་དེ་ནི། ་ཇི་ལྟར་ལགས་ལགས་ཞེས་བྱ་བར་དགོངས་པའོ།། དེ་རྣམས་ཇི་ལྟར་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་གསུངས་སོ།། ཤིང་ཚོགས་ཞེས་བྱ་བ་ནི། ཤིང་གི་ཚོགས་རྣམས་ལས་ས་བོན་དང་ལྕུག་མ་ལ་སོགས་པ་ལས་བྱུང་བ ་ཞེས་བྱ་བར་དགོངས་སོ།། གང་རྣམས་ལས་ཤེ་ན། ཤིང་གི་ཚོགས་རྣམས་ལས་ཞེས་བྱ་བ་ནི། ཨེ་རཎཱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཆོ་ག་ནི་འོག་ནས་འཆད་དོ།། དེ་ནི་ལྕུག་མ་བླང་བ་ལ་སོགས་པའི་ཆོ་ག་ནི། དཀར་མི་ན་ཞེས ་བྱ་བ་ལ་སོགས་པ་གསུངས་པས་སོ།། མེ་ཏོག་ནི་རྡུལ་ལོ།། དབང་པོ་ནི་མར་ཁུ་ཆེན་པོ་འོང་།། དུར་ཁྲོད་ཀྱི་ཐལ་པོ་ལྡན་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་ཐོད་པའོ།། གང་གི་ཐོད་པར་བ་ཏབ་པ་དེ་ཉིད་ཀྱི་སྣུམ་གྱིས་བསྐུ་བ་དང་། ཁྲག་གིས་བསིང་བ་དང་ཤ ་དང་རུས་པས་བདུག་པར་བྱའོ།། གང་ལ་འདི་འདུ་བྱེད་པ་དེའི་ས་དང་དུར་ཁྲོད་ཀྱི་ཐལ་བ་ལ་རྒྱལ་ལ་བཏབ་སྟེ། གཏོར་མ་དང་བསྲུང་བ་བྱ་ཞིང་འདི་ལྟར་ལྕགས་མ་གཞུག་པར་བྱའོ།། པ་ཐཱ་ནི་རྣ་བ་མ་ཕིག་པའོ།། རྒྱལ་བ ་ཞེས་བྱ་བ་ནི། གཉིས་པའི་དོན་ལ་དང་པོའོ།། གཞན་གྱིས་མི་ཐུབ་པ་ནི་རོའི་སྙིང་པོའོ།། འཁོར་ལོས་མཚན་པ་ནི་ལེགས་པར་མཐོང་བའོ།། རྨོངས་བྱེད་ཅེས་བྱ་བ་ནི་ད་དུ་ར་ཀའོ།། མཚོན་ཆ་ཐམས་ཅད་ཟློག་པར་བྱེད་ཅེས་བྱ་བ་ནི། འདི་རྣམས ་ཐམས་ཅད་ཀྱི་མཚོན་ཆ་རྣམས་ཟློག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། འདི་རྣམས་ཀྱི་བརྡའི་མིང་ནི་ལག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་ལོས་མཚན་པ་ནི། འཁོར་ལོ་ལ་སོགས་པ་ཟློག་པར་བྱེད་པ་རྣམསོ།། མདའ་ཟློག་པར ་བྱེད་པའོ།། པ་ཐཱའོ།། ཞགས་པ་ལ་སོགས་པ་ཟློག་པར་བྱེད་པ་ནི། རྒྱལ་བའོ།། གཞན་གྱིས་མི་ཐུབ་པ་ནི་ལག་པའི་མཐེབ་མོ་ཟློག་པར་བྱེད་པའོ།། རལ་གྲི་ལ་སོགས་པ་ཟློག་པར་བྱེད་པ་ནི་རྨོངས་པའོ།། ཇི་ལྟར་འདི་རྣམས་འཛིན་ཅེ་ན། གཡོན ་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་རྣམས་ཀུན་གྱི་རྩ་བ་རྣམས་ནི་གཡོན་སྐོར་དུ་བཀལ་པའི་སྲད་བུ་ལ་མདུད་པ་དམ་པོར་བྱས་ནས་མགུལ་ལམ་སྤྱི་བོར་བཏགས་ན་དེ་ཡང་བསྲུང་བར་འགྱུར་རོ།། དེའི་ཕྱིར་མགྲིན་པའམ་ཞེས ་བྱ་བ་གསུངས་ཏེ། དེ་རྣམས་ཀྱིས་འདི་ལྟར་འཛིན་པ་དེ་རྣམས་ཀྱི་སྨན་རྣམས་ཀྱིས་བསྲུང་ཞེས་བྱ་བར་དགོངས་པའོ།། ཁ་ཅིག་ན་རེ་སྨན་གྱི་རྩ་བའི་སྲད་བུ་དེ་བཞིན་ཏུ་བདགས་པར་བྱའོ་ཞེས་ཟེར་རོ།། སྨེ་ཤ་ནག་མོའི་ཞེས་བྱ་བ་ནི་གདོལ་པ་ནག ་མོའོ།། དེའི་པད་སྐྱེས་ནི་མེ་ཏོག་ཅེས་བྱ་བའི་དོན་ཏོ།། དེ་དང་ཞེས་བྱ་བ་ནི་རྨོངས་པའོ།། འདིར་བརྗོད་དེ་ད་ཏུ་ར་ཀའི་ས་བོན་སྨིན་པ་དང་། སྨེ་ཤ་ཅན་ནག་མོའི་རྡུལ་དང་བཅས་པར་བཏགས་ན། ཡང་བདུད་རྩི་ལྔས་མཉེས་ཏེ་ཉི་མ་ལ་བསྐམ་པར་བྱའོ། ་དཀར་མིན་ནི་ནག་པའོ།། ཁྱི་ནི་ཤྭ་སྟེ་དེའི་ཐོད་པའོ།། དེ་ལ་རོ་བསྲེགས་ས་ཡིས་ཡོངས་སུ་དགང་ཞེས་བྱ་བ་ནི་བདུན་པ་ལ་དང་པོའོ།། ཕའི་སྐྱེད་མོས་ཚལ་དུ་ཐོད་པ་ལ་ས་བོན་གདབ་པར་བྱའོ།། དུར་ཁྲོད་ཀྱི་ཅེས་མཆོད་ཅེ་ན་ཤ་ཆེན་གྱི་བདུག་པ་ལ་སོགས ་པའོ།། ཐོད་པ་རྣམས་ཀྱིས་གདབ་བྱ་ཞིང་ཞེས་བྱ་བ་ནི། མཚོན་གྱིས་བསྣུན་པའི་འམ། གསལ་ཤིང་གི་རྩེ་མོས་བསྣུན་པའི་སྐྱེ་གཉིས་ཀྱི་པདྨ་ར། པདྨའི་ས་བོན་བླངས་ནས་གཞག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་རྨོངས་པའི་ས་བོན་གྱི་བཟླ ་ལྕགས་གསུམ་གྱིས་དཀྲིས་ནས་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་བཟླས་ནས་མགྲིན་པ་ལ་བཅིངས་ན་འཛིན་པོ་ཤིན་ཏུ་མི་སྣང་བར་བྱེད་དོ།། བཞག་པར་བྱ་ཞེས་བྱ་བ་ནི་མགྲིན་པ་ལྀ་ཕོག་ན། དེ་མཐོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ་དེ་ཉིད་ཀྱི་ཕྱིར་གྲོལ་བ་ནི་དེ་ཐར་པས་ཤིན་ཏུ་མཉམ་པར་བཞག་པའོ།། གཞན་དུ་ཞེས་བྱ་བ་ལ་སོགས་པ་ནི། འདི་སྐད་དུ་ཁ་རྒན་པོའི་ཐོད་པར། ད་དུ་རའི་ས་བོནི་གདབ་པར་བྱ་བ་རྣམས་དང་པོར་དེ་རྣམས་སྦྲུལ་ནག་པོའི་ཚོལ་བུས་བསྐ་བར ་བྱའོ།། རྩེ་གསུམ་མཚོན་གྱིས་བསྣུན་པ་བླང་ཞེས་བྱ་བ་ནི་གསལ་ཤིང་གི་རྩེ་མོས་བསྣན་པའི་འམ། མཚོན་གྱིས་བསྣུན་པའི་ཐོད་པར་བསྐྱེད་པ་སྨོན་པའི་དུས་སུ་བླང་བར་བྱ་ཞིང་ཡང་ས་བོན་ཞེས་བྱ་བ་ནི་དོན་ཏོ།། གྲོགས་མོ་ས་ལ་གང་བ ་བྱ་ཞེས་བྱ་བ་ནི། དེ་ལ་ཁ་ནག་པའི་ཐོད་པར་གྲོག་མོའི་ས་བཞག་ནས་དེའི་ས་བོན་གཞུག་པར་བྱའོ་ཞེས་བྱ་བར་དགོངས་པའོ།། རྒོབས་ཀ་ཞེས་བྱ་བ་ནི་རྒོངས་རེ་རེ་ཁ་ནག་པོའི་ཁྲག་གིས་བསིང་བའོ།། གང་ལ་ཞེ་ན་རོ་བསྲེ ་ལ་སོགས་པས་གདབ་པའོ།། འདི་ལྟར་ཡང་གང་དང་གང་གི་གཟུགས་འཛིན་པར་འདོད་པ་དེ་དང་དེའི་ཐོད་པར་གཞུག་པ་དང་། ཚོལ་ལ་སོགས་པས་བྱུག་པ་དང་རུས་པ་དང་ཤ་ལ་སོགས་པས་བདུག་པ་དང་། ཁྲག་གིས་བླུགས་པ་དང ་འཆི་བའི་གནས་ཀྱི་སས་དགང་བར་ཡང་བལྟ་བར་བྱའོ།། གང་ལ་གཞན་དུ་ཞེས་བྱ་བའི་ཚིག་གིས་དེ་ལ་འདི་ཞེས་བྱ་བར་རྟོགས་པར་བྱའོ།། འཕེལ་བའི་དུས་སུ་ཡང་གྲོག་མོ་ལ་སོགས་པ་སྦྱིན་ནོ།། དེ་ཞེས་བྱ་བ་ནི་ལྕགས་གསུམ་གྱིས་དཀྲིས ་པའོ།། རྣལ་འབྱོར་པ་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་དང་ལྡན་པའོ།། བསྲུང་བས་མེ་ཏོག་འབྲས་ཞེས་བྱ་བ་ནི། མེ་ཏོག་དང་འབྲས་བུ་བསྲུང་ངོ་ཞེས་བྱ་བར་དགོངས་པའོ།། མ་བསྲུངས་ནི་ཡང་མཆིལ་མ་ཟ་བ་ལ་སོགས ་པ་རྣམས་ཀྱིས་ནུས་པ་ལ་སོགས་པ་ཕྲོགས་ནས་སྨན་དེ་ཁྱེར་བ་ཉིད་དོ།། བཏོན་ཞེས་བྱ་བ་ནི། བར་ཆད་བྱས་པས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འདི་ལྟར་ཡང་མ་རུངས་པའི་གཟའི་རྣམ་པ་དང་བྲལ་བ་སྟེ་དེ་བྱའོ།། དེ་ལྟ ་བུའི་གཟུགས་སུ་ཞེས་བྱ་བ་ནི། གང་གི་གཟུགས་བློ་ལ་གནས་པར་བྱས་ནས་རིལ་བུ་ཁོར་གཞུག་པར་བྱེད་ན་དེའི་གཟུགས་སུ་བྱེད་པར་འགྱུརརོ།། མཽ་སྣང་བར་བྱ་བ་ལ་ནི་སྨན་འདི་མགུལ་བར་གདགས་པར་བྱའོ།། འུག་སོགས་ཀྱིས་ནི་དེ་མི ་མཐོང་ཞེས་བྱ་བ་ནི། དམ་པ་མི་མཐོང་བ་སྟེ། དེ་ནི་རྣལ་འབྱོར་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། ས་བོན་དུས་ན་མིག་ཆད་དོ་ཞེས་བྱ་བ་ལ། ས་བོན་ནི་རྒྱུ་རྣམས་ཏེ་ཐད་པ་ལ་སོགས་པའོ།། གལ་ཏེ་མཽགོ་ཚད་ཅེས་བྱ་བ་ནི། ཆ་དང ་བྲལ་བ་མེད་པར་ཆོ་ག་རྣམས་ཡིན་ནོ།། རྣ་བཾ་མ་ཕིག་པ་ལ་སྩོགས་པ་རྣམས་ཀྱི་རྩ་བ་ཉི་མ་གཟས་ཟིན་པ་ན་ཤར་ཕྱོགས་སུ་སོང་བ་བླང་བར་བྱའོ།། བྱང་ཕྱོགས་སུ་སོན་པའི། སྐར་གཟའ་ལ་ཞེས་བྱ་བ་ནི། ཟླ་བ་གཟས་ཟིན་པ ་ནའོ། དེ་ཡང་མགུལ་བ་ལ་སོགས་པར་བཏགས་པ་ན། མཚོན་ཆ་ཐམས་ཅད། ཟློག་པར་བྱེད་པ་ཡིན་ནོ།། དེའི་ཞེས་བྱ་བ་ནི་ཉི་མ་གཟས་ཟིན་པ་འམ་ཟླ་བ་གཟས་ཟིན་པ་ནའོ།། ཨཱང་ཀོ་ཐའི་རྩུ་བ་འམ་ཉི་མ་གཟས་ཟིན་པ་ན་འམ ་ཟླ་བ་གཟས་ཟིན་པ་ན་འམ། རྒྱལ་གྱི་ཉི་མ་འམ་འབྱུང་པོའི་ཉི་མ་ལ་བླང་བ་བྱའོ།། པི་ཌི་ཞེས་བྱ་བ་ནི། གང་ལ་པེ་ཌ་ཞེས་རབ་ཏུ་གྲགས་པའོ།། ལོ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པས་ནི། བཏུས་པའི་སྨན་གྱི་མཐུ་ལོ་གཅིག་གིས་ཉམ ་སོ་ཞེས་བྱ་བར་རྟོགས་པར་བྱའོ།། ཚུངས་པའི་དབྱུ་གྲ་ཞེས་བྱ་བ་ནི། ཚངས་པའི་སྡོང་བུའོ།། འདི་མ་སྐྱེས་འདམ་ཞེས་བྱ་བ་ནི། པདྨའི་རྩ་བའི་འདམ་སྟེ། ཉི་མ་གཟུས་ཟིན་པ་སོགས་པས་སོ།། ལིང་གཱི་གཅིག་པའི་ཞེས་བྱ་བ་ནི། ་ནུབ་ཏུ་བལྟས་པའི་རྟགས་ཏེ། དེའི་ཕྱོགས་ཅིག་གི་སའོ།། འདི་དག་ཐམས་ཅད་གཅིག་ཏུ་བྱས་པ་ནི་དབང་ཕྱུག་གི་འདམ་ཞེས་བརྗོད་དོ།། དེ་དེས་བྱུགས་པ་ན་ཇི་སྲིད་དུ་ལུས་གནས་པ་དེ་སྲིད་དུ་ཚོན་གྱིས་ཕྱེད་པ་ལ་སོགས་པར་བྱེད ་པར་མི་འགྱུར་ཏེ། བསྔགས་པ་གོང་མ་བཞིན་ནོ།། གཞོན་ནུ་མ་ནི་རབ་ཏུ་གྲགས་སོ།། གཞོན་ནུ་མའི་རྐང་རྗེས་རྡུལ་ཞེས་བྱ་བ་ནི། གཞོན་ནུ་མ་རྣམས་ཀྱི་རྐང་པའི་རྡུལ་རྣམས་སོ།། དེའི་ཞེས་བྱ་བ་ནི། དེའི་ཉིད་ཀྱི་སྟེ། གཅི ་བའི་གནས་ཀྱི་སའོ།། ལུག་གི་རཱ་ཞེས་བྱ་བ་ནི། དོན་ཇི་ལྟ་བའོ།། འདྲིར་འདམ་ལུས་ལ་ཐུགས་ན་སུམ་ཅུ་རྩ་གསུམ་པས་ཀྱང་མཆོད་དོ་ཞེས་བྱ་བ་ནི་ལྷག་མའོ།། ཁྱབ་འཇུག་མའི་མའད་མ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མ ་གཟས་ཟིན་པ་ལ་སོགས་པས་སོ།། ནགས་ཀྱི་ཕྲེང་བ་བྱ་བ་ནི།། ཟླ་བའི་ལྕགས་མ་སྟེ་བཏུ་བར་བྱའོ།། འཁོར་ལོ་བཟློག་པས་བརྐོས་པའི་ས་བླང་བར་བྱ་བ་དེ་ཉིད་དེ། འཁོར་ལོས་མཚན་པ་བླང་བར་བྱའོ་ཞེས་བྱ་བར་དགོངས་སོ།། འདམ་འདི་རྣམས ་ལུས་ལ་གནས་ན་སྔར་གསུངས་པ་བྱེད་དོ་ཞེས་བྱ་བར་དགོངས་པའོ།། ཕག་མོའི་འདམ་ནི་ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕག་མོ་ནི་ཏཱ་ལའི་གཏུན་ཤིང་ངོ་།། ཕག་ནི་སྣས་བརྐོ་བའོ།། གཏུམ་པོ་ནི་མ་ཧེའོ།། རིའི་རྩེ་མོ་གཞི་མདོར་ནི ་ཞེས་བྱ་བ་ཡང་ས་དང་། གླང་པོ་ཆེའི་ས་ལ་ཆགས་པ་ཡང་བླང་བར་བྱའོ།། དབང་པོའི་ཤིང་ཞེས་བྱ་བ་ནི། ལྷའི་ཤིང་སྟེ། དེའི་རྩ་བ་ནི་རྐང་པའོ།། འདི་ནི་དབང་པོའི་འདམ་ཞེས་བྱ་བའི་མིང་ངོ་།། སུམ་ཅུ་རྩ་གསུམ་དབང་ཕྱུག་འདྲམ་ཞེས ་བྱ་བ་ནི། སུམ་ཅུ་རྩ་གསུམ་པས་མཆོད་ངོ་ཞེས་བྱ་བའི་དོན་ཏོ།། གཏུམ་མོ་ཞེས་བྱ་བ་ནི། གཏུམ་མོའི་འོདམ་བག་གོ།། གཏུམ་མོ་ཞེས་བྱ་བ་ནི། སྨན་ཆེན་པོར་རབ་ཏུ་གྲགས་སོ།། འདི་ནི་གཏུམ་མོའི་འངམ་ཞེས་ཤེས་པར་བྱའོ།། ལྐོག་མ་དྲལ ་ནས་ནི་ཞེས་བྱ་བ་ནི། དེའི་བྱིས་པ་ཤི་བའི་རྒྱབ་ཀྱི་སྟེང་དུ་སེང་ལྡེང་གི་ཕུར་པས་མགྲིན་པ་དྲལ་ནས་རོ་མ་བླང་བར་བྱའོ།། རི་ལུ་ཞེས་བྱ་བ་ནི། ལྕགས་གསུམ་གྱིས་དཀྲིས་པའོ།། ཁ་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་སོ།། ཆུ་ནི་ཞེས་བྱ་བ་ནི་མི་བསྐྱོད ་འོམཚན་མོའི་ཀུན་ཏུ་ཞེས་བྱ་བ་ནི། ཡུང་བའི་དུམ་བུའོ།། བྱིས་པ་ཟླ་བ་བརྒྱད་པ་ཤི་བའི་ཁོང་པར་དེ་གཞུག་པར་བྱའོ།། སྔར་བཞིན་ཞེས་བྱ་བ་ནི། ཟླ་བའི་གཟའ་ལ་སོགས་པས་སོ།། དེས་ནི་ལུས་བཅུག་ཅེས་བྱ་བ་ནི། དེས་བྱུགས་པོའི ་ལུས་སོ།། དེ་འདྲའི་མིང་དུ་ཞེས་བྱ་བ་ནི། དཔའ་བོའི་མཚན་དུ་སྐད་ཅིག་གིས་འགྱུར་བའོ།། དཀར་བ་མིན་པའི་མཚན་མོ་ལ་ཞེས་བྱ་བ་ནི། ཡུང་བ་ནག་པའོ།། བྱིས་པའི་ལྕེ་ཞེས་བྱ་བ་ནི། བུ་ཆུང་གི་རོ་མའོ།། མེ་ཏོག་ཅེས་བྱ་བ་ནི། དང་པོའི་རྡུལ ་འཛག་པའི་ཁྲག་གོ།། སུམ་སྒྲིལ་སུམ་འགྱུར་བྱས་ནས་ནི་ཞེས་བྱ་བ་ནི། སྲད་བུ་གསུམ་གཅིག་ཏུ་བཀལ་བ་སྟེ། དེ་ཉིད་ཀྱང་སུམ་འགྱུར་བྱས་ནས་བཀལ་བར་བྱའོ།། རྐང་པ་བརྒྱུད་པའི་སྔགས་བརྒྱ་རྩ་བརྒྱད་སྲད་བུ་ལ་བཟླས་པས། ཡོན ་ཏན་རིན་ཆེན་མང་བའི་ཕྱིར་བརྒྱ་མཚོའི་རྣམ་པར་མདུད་པ་རཱི་རཱི་བྱའོ།། དེ་ལ་ཞེས་བྱ་བ་ནི་མདུད་པར་འགྱུར་རོ།། མ་མོ་ཞེས་བྱ་བ་ནི། ཁྭ་གདོང་མ་ལ་སོགས་པའི་ལྷ་མོ་བཞི་པོ་རྣམས་བརྟག་པར་བྱའོ།། དེས་ཀྱང་མདུད་པ་བཞི་པོ་ཉིད་བྱ། ་ཞིང་རྒྱ་མཚོའི་རྣམ་པ་ཉིད་དེ། རྒྱ་མཚོའི་མདུད་པ་ཞེས་བྱ་བའི་ཚིག་གི་དོན་ཏོ།། བུ་མོའི་གཅི་བའི་ས་བདག་ནི་ཞེས་བྱ་བ་ལ། གཅི་བ་ནི་མི་བསྐྱོད་པའོ།། གང་ལ་བུ་མོས་གཅིས་པའི་དེ་ནས་ས་བླངས་པ་འདབ་མ་བྱས་ནས། བཀལ་བར ་བྱའོ་ཞེས་དགོངས་པའོ།། སོ་སོ་སོ་སོར་རེ་ཞེས་བྱ་བ་ནི།། མདུད་པ་རེ་རེ་ལ་སྔགས་བརྒྱ་རྩ་བརྒྱད་དང་བཅས་པར་རླུང་བ་བརྒྱད་པའི་སྔགས་བཟླ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་སྔོན་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས ་སོ་བྷེ་ལླ་ཁི་ནི། རྒྱུ་སྐར་རྒྱལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིང་བུ་གཉིས་བླངས་ནས་གོང་དུ་གསུངས་པའི་སྔགས་ཀྱིས་བརྗོད་ཅིང་རླུང་དང་མཐུན་པར་དཔུང་ལ་མངོན་པར་ཁོ་བལྟས་ཤིང་། སྡེ་དཔོན་གྱི་མིང་ནང་དུ་བཅུག ་ནས་རྫི་མོ་གཉིས་དག་གཱི་ཕན་ཚུན་དུ་བརྡུང་བར་བྱའོ།། དེ་ནས་ཕན་ཚུན་དུ་འཐབ་པར་འགྱུར་རོ།། གཞན་ཡང་བྷྲེ་ལླ་ཁི་བཀའ་སྩལ་པ། རྡོ་རྗེ་ཆུནཱི་ཞེས་བྱ་བ་ནི། མི་བསྐྱོད་པའི་ཆུའོ།། མ་རུངས་ཞེས་བྱ་བ་ནི་སྡིགས་མཛུབ་བོ།། འདིར ་སྨྲས་པ། མ་རུངས་པས་རྡོ་རྗེའི་ཆུ་མཉེས་ནས་དཔྲལ་བར་གཟུང་བར་བྱའོ།། སྔགས་ནི་རྐང་པ་བརྒྱད་པའོ།། སྟོབས་ནི་སྨན་གྱི་མཐུའོ།། དེའི་ལྷག་པར་བྱེད་པཱ་ནི་གང་ལ་དེ་སྟོབས་ཀྱི་ལྷག་པར་བྱེད་པ་དེ་ལྟ་བུའང་ཡིན་ལ་ལེའུ་ཡང་ཡིན་པ་དེ ་ལྟ་བུ་ནི། དེ་བཞིན་དུ་ལེའུ་སྟེ་སུམ་ཅུ་རྩ་དགུ་པའོ།། །། རྡོ་རྗེ་མཁོའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་སུམ་ཅུ་རྩ་དགུ་པའོ།། །། གཞོན་པའི་ལས་རྒྱས་པ་ཡང་། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ ་ནཻ། ཧེ་རུ་ཀའི་རྣལ་འབྱོར་དང་། རྐང་པ་བརྒྱད་པའི་སྔགས་བཟླས་པ་དག་གསུངས་མ་ཐག་ཏུ་བཤད་པར་བྱའོ།། གང་གིས་སྒྲུབ་པོ་འགྲུབ་འགྱུར་བ་ཞེས་བྱ་བ་དེ་དང་། བཤད་ཅེས་སྦྱང་བར་སྦྱར་རོ།། རས་སྦྱིན་ཞེས་བྱ་བ་ནི་རས་བལ་ལོ།། ལྕུག་མའི ་སྤྱི་གཙུག་གནས་ཞེས་བྱ་བ་ནི། ས་བོན་རྣམས་ཤིང་ལྔ་གནས་པ་རྣམས་ཏེ། རྩེ་མོ་ཉིད་ལས་བླང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། སྤྱི་གཙུག་ཅེས་བྱ་བ་ནི་ཐོད་པ་སྟེ། ལྕུག་མ་ལས་བླངས་ནས་ཐོད་པ་བཞག་པར་བྱ་བ་ཡང་ཤེས་པར་བྱའོ།། གནས་ཞེས ་བྱ་བའི་སྒྲས་སོ་སོར་མངོན་པར་སྦྱར་བའི་ཕྱིར་རོ།། ཡི་དགས་ཉི་མར་ཞེས་བྱ་བ་ནི། ནག་པོའི་བཅུ་བཞི་པའོ།། མཆོད་ཅེས་བྱ་བ་ནི། ཧེ་རུ་ཀ་དཀར་མོ་ལ་སོགས་པ་དང་ལྡན་པའི་ཧེ་རུ་ཀའི་རྣལ་འབྱོར་པས་མདུན་དུ་མཆོད་པ་ཐམས་ཅད་བྱའོ་ཞེས ་བྱ་བ་ནི་ལྷག་མའོ།། གཡོན་པའི་རྡུལ་གྱིས་ཞེས་བྱ་བ་ལ། གཡོན་པ་ནི་བུད་མེད་དེ། དེའི་རྡུལ་ལོ།། དེས་དེའི་ས་བོན་རྣམས་ཀྱིས་རྣམ་པར་བསྒོམ་པ་ནི་བྱུགས་པ་ཉིད་དོ།། ཡུང་ན་སཱ་ཡང་དུ་རྣམ་པར་བསྒོས་ནས~ཾ་བྱཱ་བཱ་ནི། ཡང་ནས་ཡང་དུ་བསྒོས་པ ་རྣམས་ཞེས་བྱ་བའི་དོན་ཏོ།། ཡང་ན་བུད་མེད་ཀྱི་ཐོད་པ་ལ་སྔར་གྱི་ཐོད་པ། ལས་བླངས་ནས་བཞག་པར་བྱའོ།། མཚོན་གྱིས་བསྣུན་པས་སམ་འགེགས་པའི་བུད་ཀྱི་ཚིལ་གྱིས་བསྒོས་པ་རྣམས་སོ།། དེའི་ཕྱིར། ཀང་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཀང་ཞེས་བྱ་བ་ནི་མགོ་བོའི་གླང་པའོ།། ཅེ་སྤྱང་སྤངས་ཞེས་བྱ་བ་ནི། ཅེ་སྤྱང་གིས་མ་ཟོས་པ་ཞེས་བྱ་བར་དགོངས་པའོ།། དེས་ཡང་བུད་མེད་ཀྱི་གཟུགས་དེ་རྣམས་བསྡམས་ནས་བསྒོས་པའོ།། རྔ་མོའི་འཁྲུལ་འཁོ་ཞེས་བྱ་བ་ནི། ་མོ་ཞོན་ནས་འགྲོ་བས་འགེགས་ནས་ཤི་བ་འམ། མཚོན་གྱིས་བསྣུན་པའི་བུད་མེད་དག་གི་ཚིལ་བླང་བར་བྱའོ་ཞེས་བྱ་བར་དགོངས་པའོ།། བུད་མེད་ཐོད་པར་གཞུག་པར་བྱ་ཞེས་བྱ་བ་ནི། བུད་མེད་ཀྱི་ཐོད་པ་ལ་གཞག་པ་ཉིད་དེ། དེ་རྣམས ་ཀྱིས་ཀྱང་བསྒོས་ནས་གཏོར་བར་བྱའོ།། བུད་མེད་ལས་བྱུང་བསྐོལ་བ་སྦྱིན་ཞེས་བྱ་བ་ལ། བུད་མེད་ལས་བྱུང་བ་ནི་རྡུལ་ལོ།། དེ་ཉིད་ཀྱིས་གླད་པ་དང་ལྡན་པར་བསྐོལ་བ་སྦྱིན་ཞེས་བྱ་བར་དགོངས་པ་སྟེ། དེས་ན་གཏོར ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། བུད་མེད་རོ་བསྲེག་ས་ཐལ་གྱིས་ཞེས་བྱ་བ་ནི། བུད་མེད་ཀྱི་རོ་བསྲེགས་པའི་དུར་ཁྲོད་ཀྱི་སས། དེ་ཐོད་པ་བཀང་ནས་ས་བོན་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མངོན་པར་བསྔགས་པར་བྱ་ཞེས་བྱ་བ་ནི། ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་སྔགས་ཀྱིས་མངོན་པར་བསྔགས་ནས་གཞུག་པར་བྱ་ཞེས་བྱ་བའི་དོན་ཏོ།། བསྲུང་བར་བྱ་ཞིང་ཞེས་བྱ་བ་ནི། སྤྱན་ལ་སོགས་པའི་སྔགས་ཀྱིས་སོ།། འདི་ཉིད་ནི། ཞི་བ་ཞེས་བྱ་བ་ལ་སོགས་པ་གསུངས ་སོ།། བཀལ་བར་བྱ་ཞེས་བྱ་བ་ནི།། ཐོད་པ་ལ་གཞག་པ་ཉིད་དུ་དེ་བཀལ་བ་ནི་དོག་པ་ཞེས་བྱ་བའི་དོན་ཏོ།། གཞོན་ནུའི་ཟླ་མཚན་འཛག་པ་ཉིད་ཅེས་བྱ་བ་ནི། དང་པོའི་མེ་ཏོག་དང་ལྡན་པའོ།། སྒྲ་ཡིས་ཤེས་བྱ་བ་ནི། འགེགས་ནས་ཤི་བ་ཉིད་ཀྱི ་སྐྲ་དང་ལྷན་ཅིག་ཏུ། དེའི་སྐྲོད་པ་བཀལ་བར་བྱའོ།། འགོགས་ནས་ཤི་བའི་ཁྲག་གིས་ནི་ཞེས་བྱ་བ་ནི། དེས་ཡུངས་ཀར་བསྒོ་བར་བྱ་བ་ཉིད་དོ།། དེ་དེ་ཉིད་ཀྱི་ཚིལ་བུས་བྱུག་པར་བྱ་བ་ཉིད་དོ།། བརྒྱད་པར་རྒྱལ་གྱི་ཉི་མ་ཡིས།། གསང་ནས་ཞིང ་ལ་ཞེས་བྱ་བ་ནི། གདབ་པར་བྱ་ཞེས་བྱ་བ་དགོད་དོ།། གདབ་པར་བྱ་ལེགས་སྨིན་ས་བོན་ཞེས་བྱ་བ་ནི། ལེགས་པར་སྨིན་པའི་ཡུངས་དཀར་བསྡུ་བར་བྱ་ཞེས་བྱ་བར་དགོངས་པའོ།། ཅི་འགྱུར་བ་ཞེས་བྱ་བ་ནི། མེ་ལ་བསོ་བའོ།། དེ་རྣམས་ཞེས་བྱ ་པ་ནི། དེ་ལྟ་བུ་ཉིད་དུ་འཁྲུལ་འཁོར་གྱིས་ཡུངས་དཀར་བཙིར་བར་བྱའོ།། དེའི་རབ་ཏུ་སྦྱོར་བ་རྫོགས་ནས་འདི་ཉིད་ཀྱི་བསྒོམ་པས་བསྐྲད་པ་ལ་སོགས་པའི་ལས་ཀྱང་། སྐྲོད་པའི་ལས་ལ་སོགས་པ་བྱེད་ཅེས་བྱ་བ་ནི། དང་པོའི་རབ་ཏུ་སྦྱོར ་བར་དམ་བཅའ་བ་ཉིད་དོ།། ས་བོན་གདབ་པའི་གནས་ནི། རོ་བསྲེགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རོ་བསྲེགས་སོ་ཞེས་བྱ་བ་ནི། རོ་བསྲེགས་པའི་ས་རྡུལོ།། ལམ་ཞེས་བྱ་བ་ནི། བཞི་མདོར་རོ།། རོ་ཞེས་བྱ་བ་ནི་ས་བོན་གྱི་འདུ་བྱེད ་པ་སྟེ། རོ་ལ་ཉི་མ་གཅིག་བཞག་ནས་དེ་བླངས་ནས་ཁྲག་གིས་བསྒོ་ཞིང་ཚིལ་གྱིས་ཡང་བྱུག་པར་བྱའོ་ཞེས་བྱ་བར་དགོངས་པའོ།། དང་པོའི་རིགས་ཤེས་བྱ་བ་ནི། དང་པོའི་རིགས་ཏེ་སྐྱེ་གཉིས་ཏེ། དེའི་ཐོད་པར་ཤེས་པར་བྱའོ།། དེའི ་ཐོད་པར་དུར་ཁྲོད་ཀྱི་སྲས་བཀང་ལ་བཞི་མདོའི་གནས་སུ་སྔར་གསུངས་པས་འདུ་བྱ་ཞིང་ཡུངས་ཀར་གདབ་པར་བྱའོ་ཞེས་བྱ་བར་དགོངས་པའོ།། ཁ་ཅིག་ན་རེ་རོ་བསྲེགས་ཀྱི་ས་ལ་འམ་བཞི་མདོ་རུ་རོ་ལ་གནས་པའི་རྣལ་འབྱོར་པ། ་བྲམ་ཟེའི་ཐོ་དཱ་པར་རོ་བསྲེགས་པའི་སས་བཀང་བ་ལ་གདབ་པར་བྱའོ་ཞེས་ཟེར་རོ།། ཕྱོགས་སུ་བཟང་པོ་རྙེད་ནས་ན་ཞེས་བྱ་བ་ལ། ཕྱོགས་ནི་ཉི་མ་བཟང་པོའོ།། རྙེད་ནས་ནི་ཞེས་བྱ་བ་ནི། རྣལ་འབྱོར་པས་ཐོབ་པའོ།། བརྒྱད་པ་ཞེས་བྱ་བ་ལ ་སོགས་པས་ནི་རྒྱས་པར་བསྟན་པའོ།། སྐྲོད་པར་བྱེད་པ་ལ་སོགས་པའི་མདོར་བསྟན་པ་ཡང་རྒྱས་པར་བསྟན་པའི་ཕྱིར། ལྔ་ཞེས་བྱ་བ་ལ་སོགས་པ་ནི་ཡེ་ཤེས་ལྔའི་བདོག་ཉིད་ཅན་གྱི་ཕྱིར། ལྔ་ཤའི་ཕ་རོལ་ནི་ཧཱུཾ་ངོ་།། རླུང་གི་ས་བོན ་ལས་ཕྱུང་ན་ཞེས་བྱ་བ་ནི། རླུང་གིས་བསྐུལ་པའི་ས་བོན་ཏེ། ཨཾ་གི་ས་བོན་དེ་ལས་ཕྱུང་བའི་སྒྲའི་ཚུལ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་ཨཱའི་ས་བོན་གྱི་སྒྲ་ཧཱུཾ་དང་ལྡན་པ་དེས་ཕྱི་རོལ་ཏུ་ཕྱུང་ནས་བསྐུལ་བས ་བསྒྲུབ་བྱ་མགྲིན་པ་རིང་པོའི་རྒྱབ་ཏུ་གནས་པ་རླུང་གི་དཀྱིལ་འཁོར་ལ་ཞོན་པ་ལྷོ་ཕྱོགས་སུ་འགྲོ་བསིམ་པར་བྱས་ན་སྐྲོད་པར་བྱེད་དོ།། འདི་སྐད་དུ་བསད་པ་ལ་མེའི་དཀྱིལ་འཁོར་གྲུ་གསུམ་ལ་གནས་པའི་བསྒྲུབ་བྱ་དེ་ཉིད་ཧཱུཾ་དང་བཅས་པའི ་སྒྲས་འབར་བ་ཕྱུང་ནས་ཕྱི་རོལ་བསོགས་པར་བསམ་མོ།། རངས་པར་བྱེད་པ་ཡང་འདི་སྐད་དུ། འདི་ལྟར་ཡང་དབང་ཆེན་གྱི་དཀྱིལ་འཁོར་ལ་ཞོན་པའི་བསྒྲུབ་བྱ་དེ་ཉིད་སྒྲ་ཡིས་ཀྱང་དེས་རེངས་པར་བསམ་པར་བྱའོ།། ད་ནི་དེའི་འབྲུ་མར ་གྱི་ཉེ་བར་དགོས་པ་ཡང་། སྡང་བསེམས་ནས་བྱ་བ་ལ་སོགས་པ་གསུངས་སོ།། རྣལ་འབྱོར་ཆེན་པོས་གཞོམ་ཞེས་བྱ་བ་ནི། དེའི་དུས་སུ་རོ་དེས་ཉེ་བར་འཚེ་བ་ཆེན་པོ་བྱེད་དེ། ཉེ་བར་འཚེ་བ་ནི་ཧེ་རུ་ཀའི་རྣལ་འབྱོར་གྱིས། རྣལ་འབྱོར་པས ་སུན་འབྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། གཞན་དུ་འང་བར་ཆད་སྐྱེའོ་ཞེས་བྱ་བ་ནི། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གྲུབ་པའི་རྫས་ནི་རྣམ་གཅོད་པ་ཞེས་བྱ་བ་ནི། བར་ཆད་ངོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཡོད་གླེང་གཞིའི ་ཆོ་ག་ནི། སྐྱེ་གནས་ཀྱི་ཕྱག་རྒྱ་ཞེས་གསུངས་པ་ནི། རྡོ་རྗེའི་བཅིངས་པ་བྱས་ནས་སྡིགས་མཛུབ་གཉིས་དང་མཐེ་བོང་གཉིས་བསླང་ནས་གང་གི་སྡིགས་མཛུབ་ཀྱི་རྩེ་མོ་ཁ་འོག་ཏུ་བལྟས་པར་དཔྲལ་བར་གཟུང་བར་བྱའོ།། བར་ཆད་ཞི་བར་བྱ། ་བའི་ཕྱིར། ཧེ་རུ་ཀའི་རྣལ་འབྱོར་དང་རྐང་པ་བརྒྱད་པའི་བཟླས་པ་དང་། གཏོར་མ་ལ་སོགས་པ་བྱའོ་ཞེས་བྱ་བ་བསྡུས་པའོ།། དེ་ལ་དང་པོར་འཛག་པའི་ཞེས་བྱ་བ་ནི། མར་ཁུ་དང་པོར་གང་ཞིག་རོའི་ཡན་ལག་ལ་གོས་དེ་ཞེས་བྱ་བའི་དོན་ཏོ།། དེ་ཡང ་སྐུ་སོགས་རྣམས་ཀྱིས་བླངས་ནས་ནི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། སྐྱེས་པའི་ཉ་ཕྱིས་ལ་སོགས་པ་རྣམས་ཀྱིས་སོ།། དེས་བྱུགས་པས་མཁའ་སྤྱོད་ཀྱི་དངོས་གྲུབ་ཏུ་འགྱུར་རོ།། དེར་རོ་གྲུབ་པར་གྱུར་ན་རང་ཉིད་ཀྱིས་འབྲུ་མར་འཛག ་པར་འགྱུར་ཏེ། དེ་ཡང་གྲུབ་པའི་རོ་རལ་གྲི་ལ་སོགས་པ་བསླང་བར་བྱའོ།། དེའི་ཕྱིར་རལ་གྲི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་པའི་སྒྲས་ནི་མཆིལ་ལྷམ་ལ་སོགས་པའོ།། རོའི་ཞེས་བྱ་བ་ལ་སོགས་པ་ལ། རོའི་ཁར་བཞག་ནས ་བཏུས་ཏྭ་རྨ་སྐྱེས་ཀྱིས་བསྒོ་བར་བྱའོ།། དེའི་མར་ཁུས་ཞེས་བྱ་བ་ནི། མར་ཁུ་ཆེན་པོས་བྱུག་ཅིང་། དེ་བཞིན་དུ་བྱུགས་པས་དེ་ལས་བྱུང་བའི་སྨིན་པ་བླང་ཞིང་དྲེ་རྣམས་ཀྱིས་གང་ལ་བསྣུན་པ་དེ་ཇི་སྐད་དུ་གསུངས་པཡང་དབང་དང་དགུག ་པའོ།། སྲིད་པའི་སྡོམ་པ་ཞེས་བྱ་བ་ནི། ལིའི་རྣམ་པ་སྟེ་སྲིད་པ་ལས་རྣལ་འབྱོར་པ་རྣམས་ཀྱི་སྡོམ་པར་བྱེད་པའོ།། བསྒྲུབ་བྱ་བསྐོར་བར་ཞེས་བྱ་བ་ནི་ལའི་རིང་པོས་བསྒྲུབ་བྱ་བསྐོར་བར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འཛིག ་རྟེན་ཀུན་ལ་མི་སྡུག་ཅིང་། འབའ་ཆ་མར་སྤངས་ལྟ་བུའོ།། ཞེས་བྱ་བ་ནི། ཇི་ལྟར་སྣུམ་པ་ནི་མར་ཁུ་སྟེ། དེ་དང་བྲལ་ཞིང་ངེས་པར་སྣུམ་གྱི་སྣོད་ཅེས་བྱ་བའི་དོན་ཏོ།། མར་དང་བྲལ་བ་ནི་མར་ཁུའི་སྣོད་དེ། དེ་བཞིན་དུ་འཇིག་རྟེན ་པའི་སྡུག་པའི་སྣོད་མ་ཡིན་པ་འདི་ཡང་ཞེས་བྱ་བའི་དོན་ཏོ།། མཐེ་བོང་ཡོངས་སུ་དཀྱིལ་འཁོར་ཉིད་ཅེས་བྱ་བ་ནི། འཇིག་རྟེན་གསུམ་པོ་དེའི་མཐེ་བོང་གིས་མནན་ཞེས་བྱ་བའི་དོན་ཏོ།། ཁ་ཡིས་ཤེས་བྱ་བ་ལ་སོགས ་པ་ནི། བདག་གི་སྙིང་ལ་སོགས་པར་བཀོད་པའི་ཡི་གེ་རྣམས་རང་གི་དབུགས་ཀྱི་རེ་ཁཱ་ལ་བཀོད་པར་བསམས་ནས། སྣ་ཁུང་གཡས་པ་ནས་བཏོན་ཅིང་། བསྒྲུབ་བྱའི་གཡོན་པའི་སྣའི་ཁུང་བུས་སྙིང་ཀར་བཅུག་ཅིང་བཀུག་ནས་རང་གི་སྙིང་ལ ་གཡོན་པའི་སྣའི་ཁུང་བུ་ནས་འཇུག་པར་བསམ་པར་བྱ་སྟེ། དེ་ཡང་སྙིང་ལ་གནས་པ་སྙིང་ལ་འམ། ཁ་ལ་གནས་པི་ཁ་ལ་འམ། དཔྲལ་བས་ལས་ཀྱང་དགོག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མ་མོའི་ལྕུག་མས་ངེས་པར་བྱ། མ་མོའི་དམ ་ཚིག་དབང་ཕྱུག་གནས་ཤེས་བྱ་བ་ནི། རང་གི་མ་མོའི་ལྕུག་མ་རྣམས་ཀྱི་བསྒྲུབ་བྱའི་སྙིང་ལ་ཞུགས་ནས་བསྒྲུབ་བྱའི་སྙིང་བླངས་ནས་འོངས་ཏེ། སྙིང་ལ་ཞུགས་པ་རྣམས་ཀྱིས་ནང་ཀུན་དུ་སྣང་བར་བསམ་པར་བྱའོ་ཞེས་བྱ་བར་དགོངས་པའོ།། དེའི ་ཕྱིར་འདིའི་དོན་ཏོ།། མ་མོ་ཉིད་ནི་ལྕུག་མ་ཐམས་ཅད་དེ། མ་མོའི་ལྕུག་མའོ།། དམ་ཚིག་དབང་ཕྱུག་ཅེས་བྱ་བ་ནི། སེམས་ཏེ་སྙིང་ཞེས་བྱ་བ་ནི་རྣམ་གྲངས་སོ།། ཟླ་ཕྱེད་ཐིག་ལེས་བརྒྱན་པ་ཡིས།། ཨ་ནི་དབྱངས་ཀྱི་རྣམ་པ་གསུངས་ཞེས་བྱ་བ་ནི། ་ཨའི་དབྱངས་ཀྱི་གང་ཞིག་གསུངས་བདེ་ཟླ་བ་ཕྱེད་དང་ལྡན་པའང་ཡིན་ཏེ། ཨོཾ་ཞེས་བྱ་བའང་དེའི་ལས་ཤེས་བྱ་བའི་དོན་ཏོ།། དབྱངས་ཀྱི་སྒྲ་གང་གི་གཉིས་པའི་ཁྱད་པར་བརྗོད་པའི་ཕྱིར། ཟླ་བ་གཉིས་དང་གཤེགས་གསོལ་བའི་ཞེས་བྱ་བ་ནི། ་ཐིག་ལེ་གཉིས་ནི་གཤེགས་སུ་གསོལ་བ་སྟེ། ཇི་ལྟར་ཨཿཞེས་པའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། ཕྱག་རྒྱ་ཡི་གེ་དམ་པ་ཉིད་ཅེས་བྱ་བ་ལ་ཡང་། འདིའི་འང་ལས་ནི་ཨ་དང་འབྲེལ་པའོ།། སངས་རྒྱས་རེ་ཁཱ་རབ་ཏུ་གནས་ཤེས་བྱ་བ་ནི། སྟེང ་དུ་འབར་བའི་རེ་ཁཱ་ནི། འོག་ཏུ་འཛག་པར་བྱེད་པ་རྟོགས་པར་བྱའོ།། དེ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ཕྱག་རྒྱ་རབ་ཏུ་གནས་པ་ནི། ཨཾ་ཉིད་ཡིན་ཏེ། རེ་ཁཱ་ནི་རྩ་སྟེ་གང་ཞིག་བདུད་རྩི་འབབ་པ་དེའི་རབ་ཏུ་གནས་པའོ།། ཡང་ན་ཞེས་བྱ་བ་ལ་སོགས ་པས་ནི། དེ་ཉིད་འཆད་དོ།། ཨི་ལི་ཀཱ་ལི་ཞེས་བྱ་བ་ནི། སྤྲུལ་པའི་འཁོར་ལོར་སོན་པའི། ཨའི་ངོས་གཉིས་སུ་འབབ་པའི་རྩ་གཉིས་ཏེ། འདི་ཡང་ཐབས་དང་ཤེས་རབ་རྣམ་པར་དག་པ་དང་དབྱངས་དང་གསལ་བྱེད་རྣམ་པར་དག་པ་དང་། ་ཨཱ་ལི་དང་ཀཱ་ལི་སྒྲས་བརྗོད་དེ།། དེའི་ཕྱིར་ཡང་བཅུད་ཀྱིས་ལེན་ཐམས་ཅད་ཀྱི་སྒྲ་རྣམས་ཀྱི་སྐྱེ་མཆེད་དམ་གྲུབ་པའི་སྨན་ནོ།། རྡོ་རྗེ་སེམས་སོགས་སྦྱོར་བ་ནྡི། ཁ་རུ་ཡོངས་སུ་གྱུར་པར་ཞེས་བྱ་བ་ནི། ཨཱ་ཁཱར་ཡོངས་སུ་གྱུར་པར་བྱ་བ་ཡང ་བསམ་པར་བྱ་ཞེས་བྱ་བའི་ངན་ཏོ།། དེ་ཅི་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཁྱད་པར་དུ་འཕགས་པའི་ཧཾ་གི་ཐིག་ལེ་འཛག་པ་བསམ་པར་བྱའོ།། སྦྱར་བ་ནི། ཨཾ་གི་ཐིག་ལེའི་འོད་ཟེར་གྱིས་ཤེས ་རབ་ཀྱི་རང་གི་ངོ་བོས་རྣལ་འབྱོར་ལས་འཇིག་གི་བྱ་བར་དགོངས་པའོ།། དེའི་ཞེས་བྱ་བ་ལ་སོགས་པས་ནི། འོག་ཏུ་ཡི་གེ་ཐམས་ཅད་ཀྱི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ཧ་ཉིད་དོ།། དགད་པར་བྱ་ཞེས་བྱ་བ་ནི། བརྗོད་པའོ།། ཡང ་སེམས་སོགས་ཤེས་བྱ་བ་ནི། ཀ་ལ་སོགས་པ་སྟེ། དེ་དེའི་ཀུན་དང་ཞེས་བྱ་བར་རྩཝ་ཡོངས་སུ་གྱུར་པ་གཉིས་སུ་མེད་པའི་རྣམ་པར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས། ་ལ་སོགས་པའི་ལས་གསུངས་ཏེ། དེ་ཡང་གི་སླའོ།། དཀར་དམར་ཏིང་འཛིན་གནས་ནས་ནི་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་གྱི་རྣལ་འབྱོར་པས་ཏེ། ཨོཾ་ལ་སོགས་པ་དང་ཀ་ལ་སོགས་པ་རྣམས་ཀྱི་ལས་རྣམས ་བྱེད་དོ།། དེའི་ཕྱིར། ཀ་ལ་སོགས་པ་ཞེས་གསུངས་ཏེ། དེ་ལྟར་གྱུར་པའི་རྣལ་འབྱོར་པས་ཀ་ལ་སོགས་པ་སྦྱར་བར་བྱའོ་ཞེས་དགོངས་པའོ།། ཨ་ལ་སོགས་པ་ནི་སྔར་གསུངས་སོ།། དེའི་ཕྱིར། འདི་དག་ཅེས་བྱ་བ་ལ་སོགས་པ་གསུངས ་པ་ནི། འདི་དག་ཅེས་བྱ་བ་ལ་སོགས་པ་བརྗོད་པའི་ལས་ཏེ། འདི་ལྟར་ཡང་ཐམས་ཅད་ལྡན་པར་བྱེད་པ་སྔོན་དུ་གསུངས་པོ་ཅན་བཤད་པར་བྱའོ་ཞེས་སྨྲས་པ། དེ་ནས་ཞེས་བྱ་བ་གསུངས་པ་ན། དབྱངས་ཀྱི་ལས་གསུངས་མུ་ཐག་ཏུ་སྟི། ་ཐམས་ཅད་དང་ལྡན་པར་བྱེད་པའི་གོ་ཆ་དབྱངས་ཀྱི་དབྱེ་བས་ལུས་ལ་དགོད་པར་བྱའོ་ཞེས་བྱ་བ་ཇི་སྙེད་པའོ།། དེ་ཡང་བཤད་པ་ཡིན་ཞེས་བྱ་བར་བལྔ་པར་བྱའོ།། དེ་ཉིད་ནི། ཨོཾ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕུང་པོ་ཞེས་བྱེ་བ་ནི ་མཚན་གྱི་རྩ་བའི་དེ་ནས་ལས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ནི་ཨ་ལ་སོགས་པ་རྣམས་ཀྱིས་ཐམས་ཅད་དང་ལྡན་པར་བྱེད་པའི་དེ་མ་ཐག་ཏུའོ།། རིག་མའི་དེ་ཉིད་ལས་བྱུང་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རང་བཞིན་དུ་བྱུང་བ་ཞེས ་བྱ་བའི་དོན་ཏོ།། ཇི་སྲིད་ལུས་ལ་འཛིན་བྱེད་པ་ཞེས་བྱ་བ་ནི། ཇི་སྲིད་དུ་ལུས་ལ་འཛིན་པ་དེ་སྲིད་དུ་བསྒྲུབ་བྱ་དབང་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ནོར་སྦྱིན་དང་ནི་ཞེས་བྱ་བ་ནི། ཇི་སྲིད་འཚོ་བར་ནོར་སྦྱིདན་པར་གྱུར་པ་ནི། ནོར་སྦྱིན ་པཾ་ཞེས་བྱ་བའི་དོན་ཏོ།། བདག་ཉིད་ཀྱང་ཞེས་བྱ་བ་ནི། བདག་ཉིད་ཀྱང་འབུལ་ལོ་ཞེས་བྱ་བར་དགོངས་པ་སྟེ། དེ་ཡང་དབང་དུ་བྱེད་པ་ཞེས་བྱ་བའོ།། ཐམས་ཅད་དུ་ཞེས་བྱ་བ་ནི། མགུལ་པ་དང་གསང་བར་ཞེས་བྱ་བར་ཡང་དགོངས་པོའོ།། ་རང་གཱི་ལྷ་ནི་སྡོམ་པ་ཉིད་ཅེས་བྱ་བ་འདི་ནི། གོ་སྟེ་རང་གིས་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ།། ཁང་པ་ཡིས་ཞེས་བྱ་བ་ལ་ཁང་པ་ནི་ཁྱིམ་སྟེ། ལུས་ཞེས་བྱ་བའི་དོན་ཏོ།། ཐམས་ཅད་ལ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱིས་བསྒྲུབ་བྱའི་ལུས ་ལ་དེའི་བསམི་གཏན་གྱིས་འཇོམས་སོ་ཞེས་བྱ་བའི་དོན་ཏོ།། སྣ་ཚོགས་ཡན་ལག་ཚིགས་ཀུན་ཏུ་ཞེས་བྱ་བ་ནི། དངོས་པོ་ཐམས་ཅད་ཀྱི་སྣ་ཚོགས་ཀྱིས་ཡན་ལག་ཐམས་ཅད་ཀྱི་ཚིགས་སུ་འཇ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རླུང ་གནས་ཤེས་བྱ་བ་ནི། རླུང་གི་གནས་ནི་རྩཝ་འམཽ་རླུང་གི་དཀྱིལའི་ཁོར་ལ་ཞོན་པའོ།། གཉིས་པ་ཞེས་བྱ་བ་ནི། རྩ་ལས་གཉིས་པ་སྟེ། སྡེ་ཚན་ལ་ལྟོས་པས་རྩའོ།། མ་མོ་ལྷན་ཅིག་ཏུ་ཞེས་བྱ་བ་ནི། གཤེགས་སུ་གསོལ་བཽ་དང་ལྷན་ཅིག་པའོ།། ། ་ཕྱེ་བས་མཐར་བྱེད་ཁུ་བ་ཞེས་བྱ་བ་ནི། ཛྷ་ཡིས་ཕྱེ་བས་ལྷག་པར་ཡང་ཁུ་བར་འགྱུ་རོ་ཞེས་བྱ་བའི་དོན་ཏམ། མཐར་བྱེད་ཀྱི་ཁུ་བ་ལྟ་བུ་ནི་འདྲ་བར་འགྱུ་རོ་ཞེས་བྱ་བའོ།། གང་གི་ཕྱིར། འོངས་སྤྱོད་པར་བྱེད་པ་འམ། གསོད་པར་བྱེད་པའོ།། དེས་ན ་ཞེས་བྱ་བ་ནི་ཛྷའི་རྣམ་པས་སོ།། བདུད་བཎྜཱིའི་ཁ་ཡིས་ཐིག་ལེ་ཞེས་བྱ་བ་ནི། ཟླ་བ་སྟེང་དུ་ཐིག་ལེ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། ཡང་ན་ཐིག་ལེ་ཁོ་ནའི་བདུད་རྩིའི་ཁའི་བདུད་རྩི་འཛག་པ་སྟེ། ཌའི་བདུད་རྩིའི་ཁ་ཞེས་བྱ ་བའི་དོན་ཏོ།། དེ་ལ་ཐམས་ཅད་སྦྱིན་པར་འགྱུར་ཞེས་བྱ་བ་ནི། དེའི་སྒྲུབ་པ་པོ་ལ་བསྒྲུབ་བྱས་ཐམས་ཅད་སྟེར་བ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དཔང་ཆེན་ལྟ་བུ་ར་ཞེས་བྱ་བ་ནི་སེར་པོ་སྟེ། མགོ་བོར་ཐིག་ལེ་སེར་པོས་བརྒྱན་པའོ།། ཌའི་རྒྱལ ་པོའི་ཏ་གསུམ་པ་ཞེས་བྱ་བ་ནཱ~ཾ། ཏ་ལས་སྔར་གྱི་ཎ་སྟེ། དེ་ལས་བཟློག་པའི་གསུམ་པོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཌའོ།། དེ་ནས་བཱའོ་རྒྱལ་པོ་ནི་ཞེས་བྱ་བའི་ཚིག་ཀྱང་གོ་སླའོ།། རྡོ་རྗེའི་རྣམ་པ་ཞེས་བྱ་བ་ནི། རྡོ་རྗེ་རྩེ་གཅིག་པའི་རྣམ་པའོ།། ་གཉིས་ཀྱིས་ཕྱེ་ནས་བསྒྲུབ་བྱའི་ཞེས་བྱ་བ་ནི། འོད་ཟེར་དང་རྡོ་རྗེས་བསྒྲུབ་བྱ་ཕྱེ་བར་བལྟ་བར་བྱཾ་ཞེས་བྱ་བའི་དོན་ཏོ།། ཕྱུགས་ནི་ཇི་སྲིད་འཚོའི་བར་ཞེས་བྱ་བ་ནི། ཇི་སྲིད་འཚོ་བ་དེ་སྲིད་དུ་སྒྲུབ་པ་པོ་ལ་ཕྱུགས་ལྟ་བུར་གནས་སོ་ཞེས་བྱ་བའི་དོན ་ཏོ།། མྱོས་བྱེད་རོ་ཞེས་བྱ་བ་ནི། ཆུང་གི་རོ་ལྟ་བྱས་རྨོངས་པར་བྱེད་པའི་ཕྱིར་རོ།། དེའི་ནི། སྟོང་པའི་ལས་ཀྱི་ཚིག་ཉོན་ཞེས་བྱ་བ་ནི། དྲན་པ་མེད་པར་བྱེད་པའི་ཕྱིར་སྟོང་པའོ།། ཤེས་ཀྱང་ཅུང་ཟད་ཀྱང་མི་ཤེས་པ་དང་སྨྲ་བ་ངན་པར་འགྱུར་རོ་ཞེས་བྱ་བ། ་དོན་ཏོ།། ཉི་མ་བརྒྱད་ཀྱི་ཆ་ཡིས་ནི་ཞེས་བྱ་བ་ནི། ཉི་མ་བདུན་པའི་མཐར་ཉི་མ་བརྒྱད་པ་ནི་ཆ་བརྒྱད་དེ། འདི་ནི་དྷའི་རབ་ཏུ་སྦྱོར་བའོ།། གྲུ་བཞི་པ་ནི་ཞེས་བྱ་བ་ནི། ཟླུམ་པོ་དེ་ལྟ་བུའི་བའི་ནང་དུ་བསྒྲུབ་བསམ་པར་བྱ་ཞེས་བྱ་བའི་དོན་ཏོ།། རྒས་པར ་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནི། གང་གང་གི་ཚེ་སྤྱི་བོའི་ཚིམ་པའི་ཆོ་གས་བསམས་ནས་དེའི་ཚེ་ཇི་སྐད་གསུངས་པར་འགྱུར་རོ།། དེ་ནི་ཉི་ཟླ་ལྷན་ཅིག་ཅེས་བྱ་བ་ནི། ལོངས་སྤྱོད་རྫོགས་པའི་འཁོར་ལོར་གནས་པའི་ཕྱག་འཚལ་བ་སྟེ། ་དེའི་ཐིག་ལེའི་འོད་ཟེར་གྱིས་སྤྱི་བོར་སོན་པའི་ཁུ་བར་གྱུར་པས་ཡན་ལག་ཐམས་ཅད་གཤེརུ་བར་བསམ་པར་བྱའོ་ཞེས་བྱ་བའི་དོན་ཏེ།། ཉི་མ་ནི་སྤྲུལ་པའི་འཁོར་ལོར་གནོས་པ་ཟླ་བ་ཐིག་ལེ་དང་། བཅས་པའི་དང་པོའི་དབྱངས་ཏེ། དེས ་ལྷན་ཅིག་ཏུ་ཆོས་ཀྱི་འཁོར་ལོར་སོན་པའི་ཧཱུཾ་དང་ཡང་དག་པར་སྦྱོར་བའི་རྣལ་འབྱོར་གྱིས་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ།། འདིས་ནི་བཟླས་ནས་ཞེས་བྱ་བ་ནི། འདི་ལྟར་བསྒོམས་ན་བདུད་རྩི་འཐོབ་པོ་ཞེས་བྱ་བར་དགོངས་པའོ།། ་ཅིག་ན་རེ་བཟླས་པ་ཞེས་བྱ་བ་ནི། ཁ་ཅིག་ཏུ་བྱས་པ་ཞེས་ཟེརོ།། དེ་ལས་གནས་སུ་རྣམ་པར་རྟགས་ཅེས་བྱ་བ་ལ། གྲནས་སུ་ཨཾ་བརྟག་པར་བྱ་བ་སྟེ་སྤྲུལ་པའི་འཁོར་ལོ་ལ་ཨཾ་དང་ཧཱུཾ་དྲུག་གིས་ཀྱང་ཡང་དག་པར་སྦྱོར་བའི་རྣལ ་འབྱོར་གྱིས་ཚིམ་པར་བྱའོ་ཞེས་བྱ་བར་དགོངས་པའོ།། དབང་པོའི་མཚོན་ཆ་ནི་རྡོ་རྗེའོ།། རྡོ་རྗེ་ཉིད་ཀྱིས་ཞེས་བྱ་བ་ནི། བྷ་ཡིས་སོ།། དེ་ལྟ་བུ་ཞེས་བྱ་བ་ལ་སོགས་པས་ནི་མ་ཡིས་ཡོངས་སུ་བསྐོར་བར་བསྒྲུབ་བྱ་བསྒོམ་པར་བྱའོ་ཞེས་བྱ་བའི ་དོན་ཏོ།། ཡི་གེ་ཆེན་པོ་ཞེས་བྱ་བ་ནི། ཡའོ།། བདུན་པོའི་ཞེས་བྱ་བ་ནི། སྲོག་དང་བཏུང་བ་མིན་པ་དང་། གླེང་གཞི་དང་། མཉམ་པ་དང་། བསིམ་གཏན་དང་། ལྷ་སྦྱིན་དང་ནོར་ལས་རྒྱལ་བ་སྟེ། རླུང་གི་གཙོ་བོ་བདུན་པོ་རྣམས་ཀྱི་གནས་ནི་ཡའོ། ་རླུང་གི་གཙོ་བོ་བདུན་པོ་འདི་རྣམས་ཀྱི་ཡན་ལག་བདུན་ནི། འབྱིན་པ་ཅན་དང་། འབྱིན་པ་དང་འཚེད་པ་དང་། འཕོ་བ་དང་བསྐོར་བ་དང་སྐེམ་པ་དང་། འཛིན་པ་སྟེ། ཡན་ལག་འདི་རྣམས་ལུས་ལ་བལྟ་བར་དྲན ་ཀ་ལ་སོགས་པའི་སྡེ་ཚན་བདུན་དག་པ་ནི། སྲོག་ལ་སོགས་པའོ།། ཨ་གཉིས་ཡོངས་སུ་སྤངས་ནས། ཡི་གེ་གཉིས་གཉིས་རྣམ་པར་དག་པ་ནི་ཡན་ལག་བདུན་དུ་རྣམ་པར་བལྟ་བར་བྱའོ།། སྒོ་བཞི་དང་ནི་ཡང་དག་ལྡནཱཾ་ཞེས་བྱ ་བ་ནི། ཁ་དང་སྣ་དང་། རྣ་བ་དང་། མིག་དང་ལྡན་པ་སྟེ། རྨོངས་དང་། རྡེབས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ན་རེ་སྒོ་བཞི་ནི། ཡ་གྲུ་བཞི་པའི་ཕྱིར་རོ་ཞེས་ཟེར་རོ།། རཾ་ཕའི་མཐར་ནི་ཞེས་བྱ་བ་ནི། རང་ཉིད་དོ།། སྤྱི་བོ་རཱ་འཛིན་ཅེས ་བྱ་བ་ནི། ཤྲིང་གཻ་ཌ་ཀའི་རྣམ་པ་སྤྱི་བོར་འཛིན་ཏོ།། ཞེས་བྱ་བའི་དོན་ཏོ།། ལ་ནི་ས་དཽང་ཞེས་བྱ་བ་ནི། སའི་ས་བོན་ཞེས་བྱ་བའི་དོན་ཏོ།། དབང་པོའི་མཚོན་ཆ་ཞེས་བྱ་བ་ནཱི། ནུས་པ་སྟེ། ཁ་དོག་ལྔའི་ཕྱིརརོ།། དེའི་ཞེས་བྱ་བ་ནཱི་ལའིའོ།། ་སྟེང་ཆུའི་ཡིག་འབྲུ་ནི་ཞེས་བྱ་བ་ནི་ཝའོ།། དེ་ཉིད་ནི་ཡ་ལྀས་བཞི་པའོ།། སྟེང་མ་རྒྱས་པར་བསྟན་པ་ནི། ལའི་མགོ་བོར་ཞེས་བྱ་བ་ནི། དེ་བས་ན་ལ་དང་བ་ཞེས་བྱ་བ་ཡིན་ནོ།། ཆུ་ནི་ཞེས་བྱ་བ་ལ་སོགས་པ་ལ། ཆུའི་དཀྱིལ་འཁོར་ནི ་ནང་དུའང་གནས་པ་སྟེ། དེ་བས་ན་དབང་ཆེན་གྱི་དཀྱིལ་འཁོར་གྱིས་བསྐོར་བའོ།། གཉིས་ཞེས་བྱ་བ་ནི། གཉིས་ཀྱིས་གཟུགས་ཀྱི་ཕྱི་རོལ། དེ་ཞེས་བྱ་བ་ནི། ལ་དང་ཝ་དག་གོ།། འོག་གི་གཟུགས་ཤེས་བྱ་བ་ནི། འོག་གི་ཀླུའི་རྒྱལ་པོ ་དེའི་གཟུགས་ནི་ལུས་ནི་ལུས་ཏེ། དེ་ཡང་དཀར་པོའོ།། ཨཱིའི་བདུད་རྩི་ཞེས་བྱ་བ་ནི། ཨི་གཉིས་མངོན་པར་འདོད་པ་དྲིའང་དཀར་པོའོ།། ཕྱི་ནས་སྣ་ཚོགས་པའི་ཁ་དོག་གི་རྣལ་འབྱོར་གྱི་ཕྱིར། དབང་པོའི་མཚོན་ཆ་ཞེས་གསུངསོ།། ། ་གྲོང་གི་མཐར་ནི་ཞེས་བྱ་བ་ལ། གྲོང་ནི་ལུས་སོ།། དེའི་མཐའ་ནི་འཆི་བོ་སྟེ། དེ་དུག་ལ་སོགས་པས་ཁྱབ་པས་འཇིག་པར་འགྱུར་རོ།། བསྒྲུབ་བྱའི་སྟེང་དུ་བཀོད་པ་ཞེས་བྱ་བ་ནཱི། མིག་གཉིས་ལས་འོད་ཟེར་གྱི་གཟུགས་ཀྱིས ་བསྒྲུབ་བྱའི་ལུས་ཐམས་ཅད་ཁྱབ་པ་ཞེས་བྱ་བའི་དོན་ཏོ།། མཛོད་སྤུར་ཞེས་བྱ་བ་ལ་སོགས་པ་ནི། མཛོད་སྤུའི་སྒྲ་སྟེ་དེ་རྣམས་ཀྱི་སྐྲ་དཀར་གྱི་རྣལ་འབྱོར་ནི། རྒྱུའི་གསུམ་པོའོ།། ཡིག་འབྲུའི་དཀྱིལ་འཁོར་ནང་གནས་པ་ཞེས་བྱ་བ་ནི། ་དེ་དག་ལ་དང་ཝ་དག་སྟེ། དབང་ཆེནྡ་དང་ཆུའི་དཀྱིལ་འཁོར་ལ་གནས་པའོ།། བུད་མེད་དབང་ཕྱུག་ཡང་འགྱུར་ནས་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱིས་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གཡོན་པ་ནི་ཤེས་རབ ་ཧེ་ལྷན་ཅིག་ཏུ་བསྐོར་བྱ་ནི་བྱིན་གྱིས་རློབ་པའོ།། ཡང་ནི་གཡོན་ན་སྟེ་བསྐོར་བ་ནི། ཐབས་དང་ཤེས་རླབ་ཀྱི་རྣལ་འབྱོར་ལུས་སྐྱེས་པ་རྣལ་འབྱོར་པས་བཟའ་བར་བྱའོ།། བཞི་བཞི་གཽཙོ་བོའི་ཞེས་བྱ་བ་ནི་རྣལ་འབྱོར་མ་བཞི་སྟེ། དེ་རྣམ ་ཀྱི་ལས་བཞི་པོ་རྣམས་སོ།། དེ་ཡང་ཤ་ཥ་ས་ཧའོ།། རླུང་དང་ཞེས་བྱ་བ་ནི་ཤའོ།། མེའི་ཥའོ།། བདུད་རྩི་ནི་སའོ།། རྀ་ནི་ཧའོ།། ཨེ་ལས་བྱུང་པ་ཞེས་བྱ་བ་ལ། མེ་ནི་ཤ་སྟེ་དེ་ལས་བྱུང་བའོ།། ཤ་དེའི་འོག་དང་སྟེང་དང་ཕྱོགས་སུ། ཝའོ།། ་སྙིང་ཁར་གང་གིས་སེམས་བྱེད་ཅིང་ཞེས་བྱ་བ་ནི། ཤྭ་དང་ཝཱ་དག་གོ།། དེ་ཉིད་ནི་ཤའི་ཡི་གེ་དང་ཕྱོགས་བཞིར་གནས་པའི་ཝ་དང་ལྡན་པའོ།། མཆེ་མའི་འཁྲུལ་འཁོར་ཞེས་བྱ་བ་ནི། གཤིན་རྗེ་མ ་བ་མའི་འཁྲུལ་འཁོར་གྱི་རབ་ཏུ་སྦྱོར་བའོ།། ཤའི་ལས་གསུངས་ནསྭ་ཥའི་ལྔས་ནི། གཤིན་རྗེ་ཕོ་ཉ་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སཱའི་ལས་ནི་དྲི་བའི་ཁ་དོག་ཅེས་བྱ་བ་ལ་སོགས་པ་གསུངས་སོ།། མཆེ་བ་གཙིག ་མ་ཞེས་བྱ་བ་ནི།། གཤིན་རྗེ་མཆེ་བ་གཙིགས་མའོ།། གཤིན་རྗེ་སྲུབ་མའི་ལས་ནི། ཐིག་ལེ་ལྡན་པས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནཱི། ཧ་ཐིག་ལེ་དང་ལྡན་པ་ལྕེ་ལ་བསམས་ན་ཕུར་བུ་དང་མཉམ་པར་སྒྲུབ་པ་པོ་བྱེདདོ།། ་ས་དང་རྔོན་པའི་ཚེ་གར་ནི་ཞེས་བྱ་བ་ལ། ས་ནི་ཟླ་བ་ཕྱེད་པ་སྟེ་དེ་དང་ལྡན་པའོ།། རྔོན་པ་ནི་ཧ་སྟེ། ཧ་ཟླ་བ་ཕྱེད་པོ་དང་ཐིག་ལེརུ་ལྡན་པའི་ལས་དྲ་ནི་བསྟན་པར་བྱའོ་ཞེས་དགོངས་པའོ།། ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པ་ནི། ་གང་ཞིག་གསུངས་པའི་རབ་ཏུ་སྦྱོར་བ་དེ་ལ་ལས་ཀྱི་རྗེས་སུ་མཐུན་པ་ཞེ་སྡང་ལ་སོགས་པ་ལ་མ་ཧེ་དང་རྟ་ལྔ་སོགས་པའི་རབ་ཏུ་སྦྱོར་བ་ཤེས་པར་བྱའོ་ཞེས་རྗོད་དོ།། ཡི་གེ་ལྔ་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ ་བོའི་ཕྱིར། ཡི་གེ་ལྔ་ནི་ཧའོ།། ཡང་ན་ཡི་གེ་ལྔ་ཞེས་བྱ་བ་ནི། ཡི་གེ་ལྔ་སྟེ། ཝེ་ལ་སོགས་པ་ནས་ཧའི་མཐར་ཡི་གེ་ལྔ་པོ་རྣམས་སོ།། ཀྵ་གང་མ་མོ་མེད་པ་ཞེས་བྱ་བ་ནི། རྐན་དུ་བསམ་པར་བྱ་བ་ཐིག་ལེ་དང་ལྡན་པ་སཱའི་བུག ་པ་ནས་རེ་ཁཱའི་རྣམ་པའི་སྟེ། དེའི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གྲུབ་པ་དག་ཡིན་ནོ་ཞེས་བྱ་བར་ཤེས་པར་བྱའོ།། རེ་ཁཱ་མར་མེའི་རྩེའི་དབྱིབས་ཞེས་བྱ་བ་ནི། བདུད་རྩི་ལ་སོགས་པའི་རྣལ་འབྱོར་བཞིས་ག་སལ་བར ་པ་ཅན་ནོ།། མཚུངས་པ་ལྟ་བུ་ཡོད་མ་ཡིན་ཞེས་བྱ་བ་ནི། འདྲ་བ་གཞན་དུ་ཡོད་པ་ཡིན་ནོ་ཞེས་བྱ་བར་དགོངས་པའོ།། འདོད་པའི་གཞན་གྲོང་རྒྱལ་བར་འགྱུར་ཞེས་བྱ་བ་ནི། གཞན་གྱིས་ལུས་ལ་འགྲོ་བ་པའི་རང་གི་འདོད་པ་ཤེས ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ།། སྡེ་ཚན་སོ་སོའི་ཡི་གེ་ནི། ཡི་གེ་སོ་སོའི་རྣལ་འབྱོར་གྱིས་ཤེས་བྱ་བ་ནི། ཡི་གེ་སོ་སོ་དང་། སྡེ་ཚན་སོ་སོས་ཞི་བ་ལ་སོགས་པའི་ལས་རྣམ་པ་བཞི་རྟོགས་པར་བྱའོ།། ཅིའི་ཕྱིར་ཞེ་ན། གཅིག་ཅེས་བྱ་བ་ལ ་སོགས་པ་གསུངས་པ་ནི། ཀྵ་གཅིག་གིས་ཀྱང་ལས་བཞི་པོ་རྣམས་ཀྱི་རྣལ་འབྱོར་རོ།། དེས་ན་བཞིའང་ཞེས་བྱ་བ་ནི་རྣལ་འབྱོར་རོ།། གཅིག་གིས་ནི་ཡི་གེའང་དབང་ཆེན་ལ་སོགས་པ་ཡིན་ནོ།། ཇི་ལྟར་འདི་དག་ཐམས་ཅད་བྱ་ཞེ་ན། ་ཨཱ་ལཱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི། བཤད་ཟིན་པ་དང་འདྲའོ།། གང་ལ་ཨཱ་ལི་དང་ཀཱ་ལི་གཟུགས་ཀྱི་སྔགས་ཀྱི་འབྱུང་བ་དེ་དེ་བཞིན་དུ་དགོད་པ་ལུས་ལ་གནས་ཇི་ལྟ་བ་བཞིན་དུ་ཡིག་འབྲུ་དགོད་པ་དེ་ཉིད་ཀྱི་ཆོ་ག་སྟེ། ་དེ་རྗོད་པར་བྱེད་པའི་ལེའུ་སྟེ་བཞི་བཅུ་རྩ་གཅིག་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཞི་བཅུ་རྩ་གཅིག་པའོ།། །། གསང་བ་ལ་སོགས་པའི་ཚིག་སྡོམ་པ་དང་གང་ཞིག་འདིར་གསུངས་པ་དེ ་བཤད་པའི་ལེའུ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་བཤད་པ་ཉིད་དོ།། ཁྱོད་ཀྱིས་གསངས་པ་སྔར་གསུངས་དང་། ཐམས་ཅད་བདག་ཉིད་རྟག་བཞུགས་པ་ཞེས་བྱ་བ་ལ། གསྡང་བ་ནི ་བདུན་པའི་དོན་ལ་དང་པོ། དེ་ཡང་གསང་བ་ཞེས་བྱ་བ་ལ་སོགས་པ་ནས། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་བྱ་བའི་མཐར་གཞུང་ཁྱོད་ཀྱིས་སྔར་གསུངས་སོ་ཞེས་བྱ་བ་ནི། དང་པོ་དང་ཐ་མ་གཟུང་བའི་ཕྱིར་རོ། ་ཡི་གེ་བཅུ་དྲུག་པ་ཉིད་ཀྱི་གཞུག་དེའི་ཕྱིར། བཅུ་དྲུག་ཅེས་བྱ་བ་ལ་སྩོགས་པ་གསུངས་སོ།། ཡི་གེ་བཅུ་དྲུག་ཀྱང་ཡིན་ལ་རྀག་མ་ཆེན་པོ་ཡང་ཡིན་པ་དེ་ནི་དེ་བཞིན་དེ། བཅུད་ཀྱིས་ལེན་ཆེན་པོ་ཉིད་བཅུ་དྲུག་གི་རྫ་སཽ་ཞེས ་བརྗོད་པའི་ཕྱིར་རོ།། རིག་མ་ཡང་ཚིག་གཉིས་ཀྱི་རྐང་པའི་བདོག་ཉིད་ཀྱི་ཕྱིར་རོ།། གསུངས་ཞེས་བྱ་བ་ནི་བཀའ་སྩལ་པའོ།། ཅིར་གྱུར་པས་ཤེ་ན། ཁམས་གྱུར་ཅེས་གསུངས་པ་ནི། ལུས་འཚོ་བར་བྱེད་པ་འཛིན་པའི་ཕྱིར ་ཁམས་རྣམས་ཏེ། རྫས་བཅུ་དྲུག་པ་རྣམས་སོ།། དེ་གང་ལ་ཡོད་པར་གྱུར་པ་དེ་ནི་ཁམས་གྱུར་པའོ།། ཐུང་ངུ་ནི་འདོད་རིས་ཀྱི་ཕྱིར་རོ།། འདི་ཡང་ཉེ་བར་མཚོན་པའི་ཕྱིར།། མཁའ་འགྲོ་ཀུན་དངོས་ཞེས་བྱ་བ་ལ་སོགས་པའོ།། གང ་གི་དོན་ཏུ་འདི་གསལ་བར་བལྟ་ཞེ་ན། དེ་བཞིན་རྩ་ཞེས་བྱ་བ་ལ་སོགས་པ་ནི། ནང་ལ་རྣམ་པར་གནས་པ་སྟེ། དབྱེ་བ་གསུངས་ཞེས་བྱ་བར་སྦྱར་རོ།། རྫས་བཅུ་དྲུག་པོ་འདི་རྣམས་ནི། མེ་ལྟར་འདི་རྣམས་ཀྱི་ནང་དུ་གྱུར་པའི་རྫས ་རྣམས་ཀྱིས་ཡང་དག་པར་འཕེལ་བར་བྱེད་པའི་ཕྱིར་ཡོངས་སུ་བཤད་པ་རྣམས་སོ།། ནང་གི་དཀྱིལ་འཁོར་དུ་ཞེས་བྱ་བ་ནི། ལུས་ཡིན་ཏེ་བརྟན་པོར་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ན་རེ་འདི་རྣམས་ཀྱི་ནང་གི་རྫས་རྣམས ་ཀྱི་ལྷའི་དྲག་པའི་དཀྱིལ་འཁོར་ཡིན་ནོ་ཞེས་ཟེར་རོ།། རྣལ་འབྱོར་པའི་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱིའོ།། རྣལ་འབྱོར་གྱི་ཡང་བདུད་རྩི་ལ་སོགས་ཞེས་བྱ་བ་ནི་འདིའོ།། འདིའི་ཆར་ཡང་ཞེས་བྱ་བ་ནི་ཡོན་ཏན་ནོ།། བཅུ་དྲུག་ནི ་གཞན་པའི་རྣལ་འབྱོར་གྱི་མི་ཕོང་ངོ་ཞེས་བྱའོ།། ཁམས་རྣམས་ཀྱི་སོ་སོའི་ཡི་གེ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། ཁམས་ཀྱི་རྫས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་པ་ཞེས་བྱ་བ་ནི་ཡོན་ཏན་གསུངས་པ་ཐག་ཏུའོ།། ་སྤྱི་བོར་ཞེས་བྱ་བ་ནཽ། སྐྲ་ལས་བཀུག་པའི་མྱུར་ཁཱའོ།། ལན་ཚ་གཉིས་ནི་གཅིག་གོ།། ལག་པའི་བཙྪེ་སྐྱེས་ཞེས་བྱ་པོ་ནི། རྡུལ་གྱི་རིགས་གཅིག་པའོ།། དེ་ལྟར་རྫས་བཅོ་བརྒྱུད་པོ་རྣ་ར་ཙྪོ་དག་ཡིན་ནོ།། རྟག་ཏུ་ཞེས་བྱ་བ་ནི།། གཉིས ་སུཾ་མེད་པའི་ཡེ་ཤེས་སོ།། གང་གི་སྒྲས་འདི་བརྗོད་ཅེ་ན། ཆོས་མཆོག་ཅེས་གསུངས་ཏེ། མཆོག་གི་སྒྲས་ནི་ཡེ་ཤེས་ཞེས་བྱ་བའི་དོན་ཏོ།། མཆོག་ཉིད་ནི་ཆོས་མཆོག་གི་ངོ་བོ་སྟེ། མཆོག་ཏུ་བདེ་ཞེས་བྱ་བ་ནི་འདིའི་རྣམ་པར་འགྲེལ ་བའོ།། ཅིར་ཡང་དག་པར་གྱུར་པའི་ཡེ་ཤེས་ཤེ་ན། བྱང་ཆུབ་སེམས་ལས་ཡང་དག་བྱུང་ཞེས་གསུངས་ཏེ། བྱང་ཆུབ་ནི་ལྷའོ།། སེམས་ནི་དེ་བཞིན་ཉིད་དེ། དེ་དག་གིས་ཀུན་ཏུ་བཟང་པོར་འགྱུར་རོ་ཞེས་བྱ་བ་ནི་དེ་བཞིན་ནོ།། རྩ་རྣམས ་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ནི། རྩ་ཐམས་ཅད་རྣམས་ལས་འདུ་བ་དང་། སྙོམས་པར་འཇུག་པ་ཞེས་བྱ་བ་དེ་ནི་དེ་བཞིན་ནོ།། གསང་བའི་སྒྲས་བདུད་རྩི་ལ་ཞེས་བྱ་བའང་། གསང་བ་ཞེས་བྱ་བ་ལ་སོགས ་པ་གསུངས་སོ།། བཤང་བ་ཤ་སོགས་ལྔ་པོ་ནི་ཞེས་བྱ་བ་ནི་ལྔ་ཞེས་བྱ་བའི་དོན་ཏོ།། ཆགས་པ་སྟེ་ཞེས་བྱ་བ་ནི། འདིས་སེམས་ཅན་རྣམས་འཚེད་པར་བྱེད་པ་སྟེ། མཁའ་འགྲོ་ཀུན་དངོས་ཞེས་བྱ་བའོ།། དེ་ཅི་ཞེ་ན། སེམས་དཔའ་ཞེས ་གསུངས་སོ།། འདིའང་ཅི་ཞེ་ན། རྡོ་རྗེ་ལས་བྱུང་བ་ཞེས་གསུངས་ཏེ། རྡོ་རྗེ་ལས་ཞེས་བྱ་བ་ནི་མི་ཕྱེད་པ་ལས་ཏེ་སྙོམས་པར་འཇུག་པའོ།། བྱུང་བ་ནི་བྱང་ཆུབ་སེམས་ཞེས་བྱ་བའི་དོན་ཏོ།། འདིའི་ཕྱིར་མཁའ་འགྲོ་ཀུན་དངོས་སོ།། སེམས་དཔའ ་ཞེས་བྱ་བའི་ཚིག་བཤད་ཟིན་ཏོ།། བྱང་ཆུབ་ཀྱི་སེམས་ཀྱི་འཁོར་ལོ་སྒྱུར་བ་དྲུག་ནི། པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྟེང་དུ་སྤྲོས་པའི་ཕྱིར་ཞེས་བྱ་བ་ནི། སྤྲོས་པ་ལས་ཕྱི་ནས་སོ།། དགའ་བྲལ་མཐར་ནི་རྟ་མཆོག་ཉིད་ཅེས་བྱ་བ ་ནི། མཐར་བྱེད་པ་དང་འཆིང་བར་བྱེད་པ་འདི་ལས་ལྷན་ཅིག་སྐྱེས་པ་མཆོག་གོ་ཞེས་བྱ་བའི་དོན་ཏོ།། དགའ་བྲལ་ཉིད་ཀྱི་མཐའ་ནི། དགའ་བྲལ་མཐའོ།། དེ་ལ་རྟ་མཆོག་ཉིད་ཅེས་བྱ་བ་ནི་དོན་ཡོད་གྲུབ་པའོ།། ཅི་དང་ཞེ་ན། རླུང་ལས་སྣ ་ཚོགས་འབྱུང་བའི་ཕྱིར་ཞེས་གསུངས་པ་ནི། རླུང་གི་རང་གི་ངོ་བོ་སྟེ། དོན་ཡོད་གྲུབ་པའི་རང་གི་ངོ་བོ་འབའ་ཞིག་ནི་མ་ཡིན་ཞིང་། རླུང་གི་རང་བཞིན་ཡང་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་སྣ་ཚོགས་ཞེས་བྱ་བ་ནི། འབྱུང་བ་ལ ་སོགས་པ་ཐམས་ཅད་དོ།། བྱུང་བའི་ཕྱིར་ཞེས་བྱ་བ་ནི། འདི་ཉིད་ལས་མ་གཏོགས་པ་མེད་པའི་ཕྱིར་རོ།། འདིའི་ཕྱིར་ཡང་རྡོ་རྗེ་སེམས་དཔའ་ནི་དགའ་བ་ལ་སོགས་པའི་རང་བཞིན་ཏེ། པདྨ་གར་གྱི་དབང་ཕྱུག་ནི་དགའ་བ་དང་། རྡོ་རྗེ་ཉི་མ་མཆོག ་ཏུ་དགའ་བ་དང་། རྣམ་པར་སྣང་མཛད་ནི་གཉིས་ལས་སྐྱེས་པ་དང་། དོན་ཡོད་གྲུབ་པ་ནི་དགའ་བྲལ་གྱི་དགའ་བོ་དང་། མི་བསྐྱོད་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ།། པདྨ་གར་གྱི་དབང་ཕྱུག་དང་རྡོ་རྗེ་ཉི་མ་དག་ནི། མེ་དང་རྣམ་པར་སྣང་མཛད ་ནི་ས་དང་། དོན་ཡོད་གྲུབ་པ་ནི་རླུང་དང་། མི་བསྐྱོད་པ་ནི་ཆུ་དང་། ཐམས་ཅད་ཀྱི་བདག་ཉིད་ནི་རྡོ་རྗེ་སེམས་དཔའོ།། འདི་དག་ཐམས་ཅད་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་སེམས་སོ་ཞེས་རྣམ་པར་བཞག་པའོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཚུན ་དུ་མི་ཕྱེད་པའི་ངོ་བོས་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནོ།། དེ་བས་ན། གང་ཞིག་རྣམ་པར་ཤེས་པ་གནས་པ་དེ་མི་བསྐྱོད་པ་ཞེས་བྱ་བར་དགོངས་པའོ།། མཁའ་འགྲོ་ཀུན་དངོས་ཞེས་བྱ་བའི་ཚིག་བཤད་པ་ནི། དེར་ནི་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། དེའི་སྒྲས་ནི་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་རྒྱ་དང་རྡོ་རྗེའོ།། ནུབ་པ་ནི། སྟན་ལ་རབ་ཏུ་གཞུག་པ་དང་འཇུག་པ་ཞེས་བྱ་བ་ཛ་སྙེད་པ་སྟེ། ཆོས་ཀྱི་འབྱུང་གནས་དང་རྡོ་རྗེ་དང་འཇུག་པའོ།། གྱུར་ན་ཞེས་བྱ་བ་ནི་ཐོབ་ནའོ།། ཉི་མ་ནི་བྱང ་ཆུབ་ཀྱི་སེམས་ཏེ། རྡོ་རྗེ་ཉི་མ་བྱང་ཆུབ་ཀྱི་སེམས་སུ་བརྗོད་པའི་ཕྱིར་རོ།། སྤྲུལ་པའི་རྣམ་པའི་གཟུགས་སུ་ནི་ཞེས་བྱ་བ་ནི། སྤྲུལ་པའི་སྤུ་ལྟ་བུའི་གཟུགས་སོ།། གང་ཡིན་ཞེ་ན། ལྷ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷ་དང་མི་ལ ་སྔགས་པ་དག་གི་བ་པའོ།། གང་བུར་གྱུར་པ་ནི་རོ་གཅིག་ཏུ་གྱུར་པའོ།། རྙོག་པ་མེད་པ་ནི་ཟག་མེད་པའི་ཕྱི་རོ།། འཁོར་བའི་ལཱམ་ནཱི་རྣམ་བཅད་ཅིང་ཞེས་བྱ་བ་ནི། གཟུང་བ་ལ་སོགས་པ་མངོན་པར་ཞེན ་པ་ནཾ་ལས། དེ་ཉིད་ཀྱི་ཕྱིར་ཐ་དད་པར་གྱུར་པའོ།། སྤྲོས་པ་ཉེར་ཞིག་དགེ་བ་ཞེས་བྱ་བ་ནི་ཡེ་ཤེས་ཏེ། དེ་མཁའ་འགྲོ་ཀུན་དངོས་ཞེས་བརྗོད་དོ།། དེ་ཉིད་ནི་རྡོ་རྗེ་སེམས་དཔའ་དང་། དེ་ཉིད་ནི་ཧེ་རུ་ཀའོ།། མཁའ་འགྲོ་ཀུན་ཅེས་བྱ ་བའི་སྒྲ་ཡིས་ཅི་བཛྲོད་ཅེ་ན། མཁའ་འགྲོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། སེམས་དཔའ་སྒྲ་གོང་དུ་གསུངས་པ་དེ་ཉིད་བརྗོད་པའི་དོན་དུ། སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དྲ་ནི་རྡོ་རྗེའི་སྒྲ། ་བསྟན་པའི་ཕྱིར། མི་ཤེས་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་ཡེ་ཤེས་ངོ་བོ་སྟེ་ཞེས་བྱ་བ་ལ། ཡེ་ཤེས་ནི་གཉིས་སུ་མེད་པ་སྟེ། དེའི་རང་གི་ངོ་བོ་ནི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ།། སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་གྱི་འཇིག་རྟེན་དང ་སྐལ་པ་བཟང་པོ་དང་། སྐལ་པ་ངན་པ་དང་། འདི་དག་ཐམས་ཅད་རྣམ་པ་བཞིའི་ཚུལ་གྱིས་རྣམ་པ་བཞི་ནི། ས་དང་ཆུ་མི་དང་རླུང་རྣམས་ཞེས་གསུངས་སོ།། འབྱུང་ཆེན་ཉིད། གཞལ་མེད་ངོ་བོ་ཉིད་ཕྱིར་རོ་ཞེས་བྱ་བ་ནི། དེ ་ལྟར་གྱུར་པའི་རྣམ་པར་ཤེས་པའི་རང་བཞིན་འདིར་ཡོད་པའོ།། ཇི་ལྟར་ཤེས་ཤེ་ན། གསལ་བར་སྨྲས་པ། ནམ་མཁའ་ངོ་བོའི་ཕྱིར། འབྱུང་བ་གནས་པ་ལས་གཞན་དུ་སྐྱེ་བ་མེད་པ་ལ་སོགས་པའི་ན་མཁའ་ནི་གཞལ་དུ་མེད་པ་སྟེ། ་འདི་ལྟར་དམིགས་པ་མེད་པའི་ཡེ་ཤེས་ནི་ན་མཁའོ།། ཉོན་མོངས་ལ་སོགས་བདུད་འཇོམས་པའི་ཕྱིར་ན་ཞེས་བྱ་བ་ནི། ཉོན་མོངས་པ་ལ་སོགས་པའི་བདུད་བདུད་བཅོམ་པ་སྟེ། དེའི་དངོས་པོ་ནི་དེ་ཉིད་དོ།། དེ་ཉིད་ཅེས་བྱ་བ་ནི་གང་གི ་ཕྱིར་འདིས་ཉོན་མོངས་པ་བཅོམ་པ་དེའི་ཕྱིར་རང་འབྱུང་སྟེ། ཉོན་མོངས་པ་གཞན་གྱི་རྒྱུད་ལས་གཞན་དུ་གཉིས་སུ་འགྱུར་རོ།། ལྷ་དང་མཚུངས་པས་ལྷ་ཉིད་དོ། ཞེས་བྱ་བ་ནི། ལུས་ལ་གནས་པའི་ཕྱིར་ལྷ་དེ་ཉིད་ནི་ལྷ་སྟེ། སྐྱེས་བྱ ་ལ་སོགས་པ་བསྟན་པ་ནི་འདོད་རིས་ཀྱི་ཕྱིར་རོ།། ལྷག་པའི་དོན་ལ་ལྷག་པའི་ལྷ་ཞེས་བྱ་བ་ནི། ལྷག་པ་ཉིད་ཀྱི་མཚན་ཉིད་ཀྱི་དོན་ལ་ལྷག་པའི་སྒྲའོ།། ལྷ་ལྷག་པའི་ལྷ་ཞེས་བྱ་བ་ལ། ལྷ་ཉིད་ན་ལྷག་པའི་ལྷའོ།། ལྷག་པའི་དོན ་གསལ་ན་བྱ་བའོ།། ཅིའི་ཕྱིར་དེ་ལྟར་ཞེ་ན། མངར་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོའི་ནུས་པ་ནི་འདིའོ་ཞེས་དགོངས་པའོ།། དེ་ལྟར་གྱུར་པའི་ཡེ་ཤེས་ཐམས་ཅད་ཀྱི་ཡོན་ཏན་རེ་ཞིག་བསྟན་པར་མི་ནུས་ཀྱང ་འོན་ཀྱང་ཡོན་ཏན་གྱི་ཆ་བསྟན་པར་མི་ནུས་པ་ནི། རེ་ཞིག་ཞོག་ལའང་ཞེས་བྱ་བ་གསུང་སྭ་ཏི། རེ་ཞིག་ཡོན་ཏ་ནཱ་ཐམས་ཅད་བསྟན་པར་མི་ནུས་ཤིང་། དེའི་ཆ་ཡང་རྡོ་རྗེ་ལྟ་བུའོ།། ཅི་དང་ཞེ་ན། ཕྲ་མོའི་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཡོན་ཏན་གྱི་ལྷག་མའང་རྡུལ་ཕྲ་རབ་ཀྱི་ཕྲ་མོའང་བསྟན་པར་མི་ནུས་པའི་ཕྱིར་རྡོ་རྗེ་ལྟ་བུའོ།། རྡོ་རྗེའི་ཟིལ་པ་བསྟན་པའི་ཕྱིར་ཟིལ་པ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཟིལ་པ་ནི་སྤྲོས་པ་ལས་ན་ཁྱབ་པར ་བྱེད་པ་སྟེ། བྱང་ཆུབ་ཀྱི་སེམས་བདེ་བའི་བདག་ཉིད་ཅན་དེའི་ཕྱིར། དེ་རྡོ་རྗེ་ཞེས་བྱ་བར་དགོངས་པའོ།། ངའི་ཟིལ་པ་ཞེས་བྱ་བར་ཤེས་པར་བྱའོ།། འདིའི་ཡེ་ཤེས་ཀྱི་བསྡུ་དྲུག་ཆ་ནི། ཆ་ཤས་ཏེ། ཕྱི་རོལ་གྱི་རྣལ་འབྱོར་ལ ་དགའ་བས་ཀྱང་ཐོབ་པར་མི་འགྱུར་རོ་ཞེས་བྱ་བ་ནི། ཕྱི་རོལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཀྲ་ཀླེའི་སྐད་ཀྱིས་གནས་གསུངས་པ། གསོད་བ་ཞེས་བྱ་བ་ནི། འཇམ་པ་དང་། འབྲིང་དང་། ལྷག་པ་ཙམ་དང་། ལྷག་པ་ཙམ་ལས་ལྷག་ཙམ་གྱི ་དབྱེ་བས་མེ་ལོང་ལྟ་བུ་ལ་སོགས་པ་རྣམ་པར་དག་པའོ་ཤེས་རབ་ལྔ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། མེ་ལོང་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་ཡེ་ཤེས་ལཱྀ་རྣམ་པར་དག་པ་ནི་དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་སྟེ། ཀུན་རྫོབ་ཀྱི་བྱ་བའི ་དངོས་པོས་སོ་སོ་ཉིད་དུ་བྱིན་གྱིས་བརླབས་པ་ནི་གནས་ལྔ་པོ་རྣམུས་སོ།། ཤེས་རབ་ལྔ་ནི་འཛུམ་པོ་ལ་སོགས་པའི་དབྱེ་བསོ+ོ་ཤེས་པར་བྱ་བ་ནི། བར་མ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། མཆོག་གི་སྒྲས་ནི་ལྷག་པ་ཙམ་ལས་ལྷག་པ་ཙམ ་གྱི་དབྱེ་བའོ།། དབུགས་འབྱིན་ཅེས་བྱ་བའི་སྒྲས་ནི། འཇམ་པོའི་དྲིའི་ཆུས་ནི་ཞེས་བྱ་བ་ལ། དྲི་ནི་རྣམ་པར་སྣང་མཛད།། ཆུ་ནི་མི་སྐྱོད་པ་སྟེ། རིན་ཆེན་འབྱུང་གནས་ལ་སོགས་པའང་བལྟ་བར་བྱའོ།། འདིས་ནི་བདུད་རྩི་ལྔས་སྐལ་པ་དང་ལྡན་པ ་བྱས་པོས་མཆོད་པར་བྱའོ་ཞེས་བྱ་བར་དགོངས་པའོ།། དེ་དག་གི་ཞེས་བྱ་བ་ནི། དེ་རྣམས་ཀྱི་མེ་ཏོག་དང་བདག་གི་བྱང་ཆུབ་ཀྱི་སེམས་རྡུལ་ཆུ་དང་ལྡན་པས་སྣ་ཚོགས་པས་ཉི་མ་ཤར་ན། གཟའ་བར་བྱའོ་ཞེས་བྱ་བར་དགོངས་པའོ།། གཞན་ཡང ་ཞེས་བྱ་བ་ནི། སྔགས་ལ་སོགས་པ་དང་བྲལ་བའི་ཕོ་ཉ་རྣམས་ཀྱི་མེ་ཏོག་ལ་སོགས་པས་སངས་རྒྱས་ལ་སོགས་པ་མཆོད་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ།། ལྷན་ཅིག་སྐྱེས་གྲུབ་ཅེས་བྱ་བ་ནི་དྲུག་པའོ།། ནགས་ཚལ་ཆེན་པོ་ལ་སོགས་པའི་དོན་ཏོ།། ་བཅོམ་ལྡན་འདས་ཉིད་ཀྱིས་ཕྱོགས་གཞན་བསྟན་པའི་ཕྱིར། ཡང་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྣ་ཚོགས་རྣམ་པ་སྣ་ཚོགས་ཏེ། པདྨ་འཛིན་མ་ཞེས་བྱའོ་ཞེས་བྱ་བ་ལ། སྣ་ཚོགས་ནི་འཇིག་རྟེན་གསུམ་མོ།། དེ་དང་རྣམ་པ་སྣ་ཚོགས་ནི ་བརྟན་པ་ལ་སོགས་པའི་གཟུགས་སོ།། དེ་ཉིད་ཀྱི་པདྨ་ནི་བདེ་བ་ཆེན་པོའོ།། དེ་ཉིད་ཀྱི་འཛིན་མ་ནི། འཛིན་པར་བྱེད་པ་ཞེས་བྱ་བའི་དོན་ཏེ། ཡོན་ཏན་མཐའ་ཡས་པའི་རྣལ་འབྱོར་གྱི་ཕྱིར་རོ།། ཡང་ར་པདྨ་ནི་ཐབས་དང་། འཛིན་མ་ནཱི་ཤེས་རབ་པོ།། དེ་དག ་གི་སྦྱོར་བ་ལས་གང་ཞིག་སྐྱེས་པ་ནི་གཉིས་སུ་མྱེད་པ་སྟེ་ངེ་འཛིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། བྲི་སྐུ་མ་ཕྱེ་བ་ཞེས་བྱ་བ་ནི། མ་ཕྱེ་བའི་ཕྱིར་དང་སྨྲས་པའི་ཕྱིར་གསང་བ་སྟེ། དེས་ནཱ་ཡང་འདིའི་དྲན་ཏོ།། བྲི་སྲཱ་ཞེས་བྱ་བ་ནི་གསུམ་པའོ།། ་སྭཱ་ནི་ཞེས་བྱ་བ་ནི་ཤེས་བྱའོ་སྒྲིབ་པས་མ་ཕྱེ་བ་སྟེ། དེ་ནི་ཡེ་ཤེས་སོ།། འོད་ལྟར་ཡང་གལ་ཏེ་རྒྱས་པར་བྱེད་པ་ཞེས་བྱ་བ་ནི་རྒྱ་ཆེ་བར་བྱེད་པའོ།། སྟན་ནི་ཤེས་རབ་ཀྱི་པདྨའོ།། མཆོད་བྱེད་ཞི་ཞེས་བྱ་བ་ནི། རྗེས་སུ་ཆགས་པར་གྱུར་པ་ལས་སོ།། ་རྣམས་ཀྱི་ཞེ་ན། གོས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རང་གི་མཚན་མཚན་མའི་པདྨ་ཅེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ཏེ་མིང་གི་རྣམ་གྲངས་སོ།། འཇམ་པོ་མཛེས་པས་ཞེས་བྱ་བ་ནི། པདྨའི་ཁྱད་པར་གཉིས་སོ།། སྡོམ་པའི་བདེ་བ་མཆོག ་ཏུ་ཞེས་བྱ་བ་ནི། རྫོགས་པའི་རྣལ་འབྱོར་པའོ།། སྡོམ་པ་ནི་འདི་ལྟ་བུའི་པདྨ་དང་རིགས་ཀྱི་བདག་པོའི་སྦྱོར་བ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའོ།། དམར་པོ་ཞེས་བྱ་བ་ནི། དགའ་བར་བྱེད་པའི་ཕྱིར་པདྨ་དམར ་པོའོ།། ཁྲག་ནི་བཅུད་ཀྱིས་ལེན་ཞེས་བྱ་བ་ནི། སེམས་ཅན་རྣམས་ཡོན་ཏན་གྱིས་འཚེད་པར་བྱེད་པའི་ཕྱིར། ཁྲག་ནི་བཅུད་ཀྱིས་ལེན་དུ་བརྗོད་དེ། དེ་ཡང་བདེ་བ་ཆེན་པོའི་རྣམ་པའོ།། སེམས་ཀྱི་འཕེལ་བ་མཉམ་ཤེས་ནས། འདི་དག་བཅུད ་ཀྱིས་ལེན་དུ་བརྗོད་ཅེས་བྱ་བའི་ཚིག་ལས་སོ།། བཤད་པ་ལ་སོགས་པའང་ཁཱ་ལ་སོགས་པའི་སྒྲའི་ཚིག་ནི། པདྨ་དམར་པོ་ཞེས་བྱར་གསུངས།། བཤང་བ་ཤ་སོགས་བཅུད་ཀྱིས་ལེན་ཞེས་གསུངས་པ་ནི། བཤད་པ་ལ་སོགས་པའ ་པདྨ་དམར་པོ་ནི་བཅུད་ཀྱིས་ལེན་དུ་བརྗོད་དོ།། ཐམས་ཅད་མཆོག་གི་བཅུད་ཀྱིས་ལེན་ཞེས་བྱ་བཱི་ལ། ཐམས་ཅད་ལ་ཁྱབ་པར་འཕགས་པ་ནི་རྐང་སྐྱེས་ཏེ། དེ་ཡང་བཅུད་ཀྱིས་ལེན་ནོ།། དབང་པོ་ཀུན་ལ་ཞེས་བྱ་བ་ནི། མིག་དང་། རྣ་བ ་དང་སྣ་དང་། ལྕེ་ལ་སོགས་པའོ།། གྲོལ་བ་ནི་དྲི་མ་ཞེས་བྱ་བའི་དོན་ཏོ།། འདི་རྣམས་ཀྱི་མང་པོའི་ཕྱིར་ཚོགས་སོ།། མར་ཁུ་ཐམས་ཅད་བཅུད་ཀྱིས་ལེན་ཞེས་བྱ་བ་ནི། ཐམས་ཅད་མཆོག་གི་བཅུད་ཀྱིས་ལེན་ཞེས་བྱ་བ་འདི་བཤད་པའོ།། ་བཞི་ཞེས་བྱ་བ་ནི། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ། བཞི་ཡིས་སོ།། ཡང་ན་སྟོང་པ་ཉིད་ལ་སོགས་པའི་ང་རྒྱལ་ལ་སོགས་པ་བཞིན་བཞི་པའོ།། དེ་ཡང་དང་པོའི་ལས་ཅན་གྱི ་བསྒོམ་པ་སྟེ། ཐུན་ཚོད་བཞི་ཞེས་བྱ་བའི་མཐར་ཐུག་པར་བལྟ་བར་བྱའོ།། སྙོམས་འཇུག་ཅེས་བྱ་བ་ལ་སོགས་པ་ནས། མགུ་བ་བསྒོམ་པར་བྱ་ཞེས་བྱ་བའི་མཐར་ཡོངས་སུ་རྫོགས་པའི་རྣལ་འབྱོར་པའི་བསྒོམ་པའོ།། ཐ་མྦྷ ་ཞེས་བྱ་བ་ལ་སོགས་པ་ནི། མན་དོག་ལས། ཐ་མ་དང་། འབྲིང་དང་། མཆོག་གི་བསྒོམ་པའི་ཡེ་ཤེས་སོ།། དང་པོའི་བསྒོམ་པ་ནི་གཞན་གྱི་དེ་ཁོ་ནའོ།། དེ་ནས་བདག་གི་དེ་ཁོ་ནའོ།། བདག་གི་ཞེས་བྱ་བ་ལ་སོགས་པ་ནི། བདག་གི་སེམ་སོ།། ་ནང་དུ་སོན་ཞེས་བྱ་བ་ནི། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྦྱིན་པའོ།། བྱས་ནས་ནི། འཁོར་ལོ་ཐམས་ཅད་ཅེས་བྱ་བ་ནི། སངས་རྒྱས་ཐམས་ཅད་དོ།། བསྡུ་བར་བྱ་བ་ནི། འདིར་སངས་རྒྱས་དང་མཉམ་པ་ཉིད་དུ་བདག་ཉིད་བྱས་པས ་ཏེ། རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་གསུམ་བདག་དང་མཉམ་པར་བསྒོམ་པར་བྱའོ།། དེ་ཡང་བདེ་བ་ཆེན་པོའི་རྣམ་པས་སམ། སྟོང་པ་ཉིད་ལ་སོགས་པའི་ཚུལ་གྱིས་བསྒོམ་པར་བྱ་བ་ནི་བདག་གི་དྲི་ཁོ་ན་ཉིད་དོ།། རྡོ་རྗེ་ཀུན་དངོས ་ཞེས་བྱ་བ་ལ་སོགས་པ་ནི། འགྲོ་བ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ནང་དུ་ཕྱིན་པར་བྱས་ནས། དེའི་ཚེ་པདྨ་དང་རིགས་ཀྱི་བདག་པ་སྦྱོར་བའི་དུས་སུའོ།། བྱང་ཆུབ་ཅེས་བྱ་བ་ནི། བསྒོམ་བྱ་ཞེས་བྱ་བ་ནི། ཉམས་སུ་མྱེང་ཞེས་བྱ་བའི ་དོན་ཏོ།། ཡང་རྡོ་རྗེ་ཀུན་དངོས་ཞེས་བྱ་བ་ནི། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། འགྲོ་བ་དེ་དག་རོ་གཅིག་པའི་ཕྱིར་རོ།། ཀུན་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་སྒྱུ་མའི་གཟུགས་སོགས་ཀུན། སྒྱུ་མ་ཡོན་ཏན་ཞེས་བྱ ་བྱ་བ་ནི། གཞན་ལ་བརྟེན་པའི་ཕྱིར་རོ།། ཡོན་ཏན་ཞེས་བྱ་བ་ནི། གོམས་པ་བྱེད་པ་དང་། ཡོན་ཏན་དུ་བྱེད་པའོ།། ཁ་ཊཱི་ག་ན་རེ། ཀུན་རྫོབ་ཏུ་བྱེད་པའི་ཕྱིར་རོ་ཞེས་ཟེ་རོ།། ད་ཀཱནྣ་གྷི་ཞེས་བྱ་བ་ལ་སོགས་པ་ནཱི། སྒྱུ་མའི ་ཡོན་ཏན་ཉིད་ཀྱང་དེ་རྣམས་ཀྱི་རང་གྲི་གཟུགས་སོ།། སྐུ་ལ་སོགས་པར་དག་གནས་ཞེས་བྱ་བ་ནི། དེ་ནི་སྒྱུ་མའི་རང་བཞིན་ཏེ། དེ་རྣམས་ཀྱི་སྐུ་ལ་སོགས་པ་ལ་ཡང་དྲག་པར་གནས་པའོ།། དེ་ཅིའི་དོན་དུ་བརྗོད་ཅེ་ན། སྒྱུ་མའི་ཡོན ་ཏན་རྒྱུ་བྱེད་ཆེ་ཞེས་བྱ་བ་ནི། ལྷན་ཅིག་སྐྱེས་པའི་གནས་སྐབས་སུ་རྟོགས་པར་བྱ་བར་སྒྱུ་མའི་ཡོན་ཏན་གྱི་རྒྱུ་བྱེད་པ་ཆེན་པོའོ།། སྒྱུ་མ་ཐམས་ཅད་ཅེས་བྱ་བ་ནི། གང་ཞིག་འགྲོ་བ་སྒྱུ་མ་བརྫུན་པ་འདི་ཡང་ཞེས་བྱ་བའི་དོན་ཏོ།། དེ་ནི ་རབ་ཏུ་གྲགས་པའི་མན་ངག་གོ།། ཆ་དང་བཅས་པ་ནི་དངོས་པོའི་ཆ་བྲལ་ནི་གཅིག་ལ་སོགས་པ་དང་བྲལ་བ་ཉིད་དེ། དེ་དག་གི་རྣ་ལྔའི་བྱོར་གྱིས་བསྒོམ་པས་སོ།། ཡོན་ཏན་ཅན་ཞེས་བྱ་བ་ནི། མིག་ལ་སོགས་པ་རྣམས་སོ།། ཡོན་ཏན ་གྱིས་ཞེས་བྱ་བ་ནི། གཟུགས་ལ་སོགས་པ་རྣམས་ཀྱིས་སོ།། སྦྱར་ཞེས་བྱ་བ་ནི། གཅིག་ཏུ་བྱས་པ་སྟེ། རང་བཞིན་དང་བྲལ་བ་ནི་བསྒོམ་པར་བྱ་བའོ།། དེ་ནས་ཆ་དང་བྲལ་བ་ནི་བསྒོམ་པར་བྱ་བའོ།། ཡང་ན་ཡོན་ཏན་ནི་གཟུགས་ལ ་སོགས་པ་དང་། མིག་ལ་སོགས་པ་རྣམས་སོ།། ཡོན་ཏན་ཞེས་བྱ་བ་ནི། དེའི་རྣམ་པར་ཤེས་པ་རྣམས་སོ།། སྦྱར་ཞེས་བྱ་བ་ནི། ཀུན་རྫོབ་དང་དོན་དམ་པའི་ཚུལ་གྱིས་ཐམས་ཅད་གཅིག་ཏུ་བྱིས་པའི་རྣལ་འབྱོར་བྱའོ་ཞེས་བྱ་བར ་དགོངས་སོ།། ཨཱ་ལཱི་ཀཱ་ལི་ཡོན་ཏན་གསུངས་ཞེས་བྱ་པཱ་ལ། ཨ་ལཱི་ནཱི་ཚྭ་དང་བྲལ་བའོ།། ཀཱ་ལི་ནི་ཆ་དྭང་བཅས་པའོ།། འདི་གཉིས་ནི་ཡོན་ཏཱན་ཏེ། དེས་བརྗོད་པ་ནི་ཡེ་ཤེ་སཱ་སུ་རབ་ཏུ་གྲཀྵས་སོ།། མཉམ་པ་ནི་རོ་མཉམ་པ་ཉིད་དོ།། ་དམ་ཚིག་ནི་བླ་མ་ཉིད་སོགས་པ་འདི་གཉིས་ཏེ། གང་གི་སྤྱོད་ཡུལ་དེ་ནི་དེ་བཞིན་ནོ།། ཡང་ན་ཨཱ་ལི་ནཱི་ཤེས་རབ་བོ།། ཀཱ་ལི་ནི་ཐབས་སོ།། ཡོན་ཏན་གསུངས་པ་ནི་གཉིས་སུ་ཡོད་པའི་ཡེ་ཤེས་སོ།། མཉམ་པ་ནི་ཐབས་དང་ཤེས ་རབ་དག་རོ་མཉམ་པའོ།། དམ་ཚིགས་ནི་ཐ་སྙད་དེ། འདྲིས་ནི་ཐབས་དང་ཤེས་རབ་དག་རོ་གཅིག་པའི་ཐ་སྙད་གང་གི་སྤྱོད་ཡུལ་དེ་ནི་དེ་བཞིན་ནོ།། དེ་ཉིད་མཚན་ཕྱིར་ཕྱག་རྒྱ་སྟེ་ཞེས་བྱ་བ་ནི། དེ་ཉིད་ཀྱི་བུད་མེད་ཀྱི་མཚན་མའི ་ཕྱིར་དང་། མཚོན་པར་གྱུར་པའི་ཕྱིར་ཕྱག་རྒྱ་སྟེ། འདྲི་ནི་ཕྱག་རྒྱ་ཞེས་བྱ་བའོ།། གང་ཞིག་གསུངས་པ་དེ་ལ་འདིར་འདིའི་དོན་ཏོ།། འདི་ཞེས་བྱ་བ་འཛིན་བྱས་ན། བློར་ག་ནས་བྱས་པ་དེ་ལྟར་གསུངས་ཞེས་བྱ་བ་ནི། བློས་འཛིན་པ་པླ ་པཽར་བརྗོད་དོ་ཞེས་བྱ་བར་དགོངས་པོའོ།། པཽ་ཊ་ལིའི་རིམ་པས་དཱཾ་རྟོགས་པར་བྱ་བའི་ཕྱིར། དེས་ནི་ཞེས་བྱ་བ་ལ་སོགས་པ་གསུངསོ་ཏེ། དེས་ནི་ཡོན་ཏན་གྱིས་ཞེས་བྱ་བ་ནི། ཨ་ལ་སོགས་པ་རིང་པོའི་དབྱངས་རྣམས་སོ།། ་ཡོན་ཏན་ལྡན་པ་ཞེས་བྱ་བ་ནི། ཨ་ཐུང་ངུ་ལ་སོགས་པའོ།། དེའི་ཕྱིར་ཡང་རིང་པོ་ལ་སོགས་པ་དག་གཉིས་སུ་མེད་པའི་རྣམ་པས། སྤྲུལ་པའི་འཁོར་ལོ་ལ་སོགས་པོ་རྣམས་སུ་སྦྱར་བར་བྱའོ།། ཕྱི་རོལ་གྱི་ཕྱག་རྒྱ་ལ་ཡང་རི ་ལ་སོགས་པའི་ཡོན་ཏན་རྣམས་སོ།། ན་མཁའི་སྒྲས་ནི་སེམས་སུ་གསུངས་ཞེས་བྱ་བ་ནི། དམིགས་སུ་མེད་པའི་ཡེ་ཤེས་ནི་ན་མཁའ་ཞེས་བྱ་བའི་དོན་ཏོ།། མཁའ་འགྲོ་མ་ཞེས་རབ་ཏུ་གྲུབ་ཅེས་བྱ་བ་ནི།། ་ཌེ་བེ་ཧཱ་ཡེའི་འགྲོ་བའི་སྐད་ཀྱི་དབྱིངས་ཞེས་བྱ་བ་ལ་སོགས་པ། བཅོམ་ལྡན་འདས་ཀྱིས་སྐད་ཀྱི་བྱིངས་གསུངས་སོ།། གསུངས་པ་དེ་ཉིད་ཀྱི་ཕྱིར་བྷྱོ་བ་ལ་སོགས་པའི་སྐད་ཀྱི་བྱིངས་ཀྱིས་ནི་མ་ཡིན་ནོ།། དམ་ཚིག་དཀྱིལ་འཁོར་དུ ་ཞེས་བྱི་བ་ལ་སོགས་པ་ནི། ནང་གི་ནོལ་འབྱོར་པ་བསྙེགས་སོ།། རང་གི་པདྨའི་ཟེ་འབྲུར་ཧཱུཾ། ཟླ་གཽ་ནས་ཤེས་བྱ་བ་ནི། སྙིང་གི་པདྨར་སོན་པའོ།། སྔགས་པས་སྲས་བུ་མདུད་བྱ་ཞིང་། བཅུ་དྲུག་ལྟེ་བའི་དཀྱིལ་འཁོར་དུ་ཞེས་བྱ་བ ་ནི། དཀྱིལ་འཁོར་གྱི་སྲས་བུས་འདི་ཉིད་དུ་ཡང་རྟོགས་པར་བྱའོ།། ཐིག་ལེ་ནི་ལྟེ་བའི་དཀྱིལ་འཁོར་དུ་ཨཾ་དུ་བརྗོད་དོ།། དེའི་ཕྱི་རི་བཅུ་དྲུག་སྲས་བུ་ཞེས་བྱ་བ་ནི། ཐག་པ་ཞེས་བྱ་བ་རྣམས་ཏེ། ཐག་པ་ཞེས་བྱ་བ་རྣམས་ཏེ། ་ཨ་ལ་སོགས་པའི་ཡི་གེ་རྣམས་དང་། ངོས་སུ་གནསྔ་པའི་ཀཽ་ལ་སོགས་པ་རྣམས་ཏྱེ་སུམྦ་ཅུ་རྩ་བཞིའོ།། ཕྱི་ནས་ཐ་མར་གྱུར་པ་ཞེས་བྱ་བ་ནི། ཧའོ།། དེར་སྤང་བར་བྱ་ཞེས་བྱུ་བ་ནི། ཨ་ལྭ་སྲོགས་པ་དང་ཀཱ་ལ་སོགས་པ ་ནས་ཀྵའི་མཐའི་ཡི་གེ་རྣམས་སོ།། སྤང་བྱ་ཞེས་བྱ་བ་ནི། བསྲེ་བར་བྱ་ཞེས་བྱ་བའི་དོན་ཏོ།། འདིའི་ཕྱིར་ཡང་ཐབས་དང་ཤེས་རབ་ཉིད་དུ་གསུངས་སོ།། ཀྵ་མཐའ་ཞེས་བྱ་བ་ནི། ཁ་ཅིག་ན་རེ། ཀཱ་དེ་ཉིད་དེ་ལ་ལྟེ་བའི་འོག་ཏུ་སྤྲུལ་པའི ་འཁོར་ལོའི་འོག་ཏུ་ཀྵ་བཤང་བ་དང་གཅིག་པའི་གཟུགས་ཅན་བསམ་པར་བྱའོ་ཞེས་ཟེར་རོ།། ལྷག་མ་ནི་གོ་སླའོ།། སོ་སྔོའི་གནས་སྐབས་ལེའུ་འདིའི་དོན་ཁ་ཅིག་གིས་ལ་ལར་ཕྱེ་བ་དེ་བཞིན་དུ་མ་ཕྱེའོ།། གསང་བ་ལ་སོགས ་པྲའི་དེ་ཁོ་ནའི་འབྱུང་བ་ཞེས་བྱ་བ་ནི། འདིར་གསང་བ་ལ་སོགས་པའི་དེ་ཁོ་ན་ཉིད་འབྱུང་བའི་ལེའུ་སྟེ་བཞི་བཅུ་རྩ་གཉིས་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལྀ་པ་ལས་ལེའུ་བཞི་བཅུ་རྩ་གཉིས་པའོ།། ། ་སྦྱིན་སྲེག་ལ་སོགས་པས་སྙིང་པོའི་སྔགས་ཀྱི་ལས་བསྒྲུབ་པའི་ཕྱིར། ཉོན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕོ་ཉའི་སྟེང་དུ་ཞེས་བྱ་བ་ནི། ཕོ་ཉྲ་དང་སྙོམས་པར་ཞུགས་པའོ།། ཆང་དང་འོ་མས་བཏགས་ནས་ནི་ཞེས་བྱ་བ་ནི། ་ལས་དང་རྗེས་སུ་མཐུན་པར། ཁཱ་ཧི་ཁཱ་ཧི་སྭརྦ་པཱ་པཱཾ། ད་བཱི་ཧ་ན་བྷ་སྨི་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཞེས་བྱ་བས་སྡིག་པ་ཟ་བ་ཉིད་དོ།། སཾ་ལས་ཀུན་ཏུ་བཟོང་པོའི་ལྷ་ཉིད་ཀྱི་གཟུགས་སུ་བསྐྱེད་ནས། དེས་དེའི་སེམས་བསྲུང་བའི་ཕྱིར་ཡང་ཁཱ ་གདོང་མའི་སྟོད་ཁྲོ་བོའི་རྣམ་པ་དང་། སྨང་རྡོ་རྗེ་རྩེ་གཙུག་པའི་རྣམ་པར་བསམས་པོས། དེའི་སེམས་ཀྱི་བར་ཆད་ལ་ཕུར་པས་བཏབ་ནས། དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་གདུགས་པ་ཅན་བསྲེགས་ཤིང་། དང་པོའི་དབྱངས ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་དེ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་དབུས་སུ་ཧཾ་གིས་བྱིན་གྱིས་བརླབས་པ་དེའི་སྟེང་དུ་བསམ་པར་བྱའོ་ཞེས་བྱ་བ་ནི། སློབ་མ་ཡོངས་སུ་གཟུང་བའོ།། དེ་ནས་རིག་པ་ཤིན་ཏུ ་ཟློས་པས་འཁོར་བཟང་པོ་དང་དཀྱིལ་འཁོར་གྱི་ས་ཡོངས་སུ་གཟུང་བར་བྱའོ།། གྲོང་ལ་སོགས་པའི་ཤར་དང་བྱང་གི་ཕྱོགས་ཀྱི་ཆ་ལས་གཟུང་ངོ་།། དེ་བཞིན་དུ་ཡང་ལྷ་ཁང་ཚོང་དུས་སྐྱེད་མོ་ཚུལ།། ་ངམ་གྲོང་ཁྱེར་དག་གི་ཡང་།། ཤར་དང་བྱང་གི་ཕྱོགས་ཆ་ལ།། མདོར་བསྡུས་པ་ནི་གཟུང་བར་བྱ།། ཞེས་གསུངས་སོ།། ནགས་ཚལ་ལ་སོགས་པ་འམ་གང་ལ་ཡིད་ལ་འདོད་པས་དམན་པའི་དངོས་གྲུབ་ལ་སོགས་པའི་དབྱེ་བས། ་པུས་མོ་ལ་སོགས་པ་ཙམ་དུ་བརྐོས་ཞིང་། ཕུབ་མ་ལ་སོགས་པའི་སྐྱོན་བསལ་ནས། ས་ལ་མཐོ་གང་ཙམ་དུ་བརྐོས་ཏེ།། ཁུང་བུ་བྱས་ནས་ཆུས་དབྱུང་བར་བྱའོ།། དེ་ནས་གོམ་པ་བརྒྱར་སོང་སྟེ། ཡང་འོངས་ནས་བརྟག་པར་བྱའོ།། ་གལ་ཏེ་ཆུ་གནས་ན་བཟང་ངོ་།། ཆུ་སྟོངས་ནང་ན་ནོ།། དེ་ནས་དྲི་ཞིམ་པའོ་ས་དང་། བདུད་རྩི་ལྔ་ལྡན་པ་དང་དྲི་དང་ལྡན་པས་དེའི་ས་དགང་བར་བྱའོ།། ཨོཾ་བཛྲ་ཌཱ་ཀི་ནི་ཞེས་བྱ་བའི་སྔགས་བཟླས་པའི་ཆུས་གཏོར་ནས་བརྡུང་བར་བྱའོ།། ་དེ་རྣམས་གཞལ་མེད་ཁང་རྩེག་མའི་ནང་དུ་སོན་པར་བསྒོམས་ནས། རིན་པོ་ཆེ་ཐམས་ཅད་དང་། སྨན་དང་འབྲུ་ཐམས་ཅད་དང་། ཕྱོགས་བཞིར་རྟ་བབས་དང་། དྲིལ་བུ་དོང་འཕན་ལ་སོགས་པ་དང་ལྡན་པར་བདུད་རྩི་ལྔས་བྱུགས ་པར་བརྗོད་ཅིང་བདུག་པ་ལ་སོགས་པ་བྱས་པ་དང་། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས་གཡོན་དང་གཞན་དུ་བལྟས་པོས་གདུག་པ་བསྐྲད་པ་ལ་སོགས་པ་དང་། ཕྱོགས་བཅིང་བ་ལ་སོགས་པ་བྱའོ།། དེ་ལ་བྱས་ནས། ་དེ་ནས་མི་བསྐྱོད་པའི་རྣལ་འབྱོར་པས་ལཾ་ཞེས་བྱ་བ་ལ་སོགས་པ་ནི། གང་ཞིག་ཁྱད་པར་དུ་བྱས་པའི་ས་ལ་རེག་སྟེ་འདིས་བསྐུལ་བར་བྱའོ།། ཨོཾ་ཨེ་ཧྱེ་ཧི་ཞེས་བྱ་བ་ལ་སོགས་པས་སོ།། དེ་ནས་དྲི་ལ་སོགས་པས་མཆོད་པར་བྱས་ནས ་དེ་ཉིད་དུ་ཐིམ་པར་བསམ་པར་བྱའོ།། ཁང་བཟངས་ལ་སོགས་པར་བརྐོ་བར་མི་བྱ་ཞིང་དེ་ལ་ལག་པ་གཞག་ནས་ཡི་གེ་གསུམ་བཟླས་པར་བྱ་སྟེ། ས་ཡོངས་སུ་གཟུང་བའོ།། དེ་ལྟར་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་གཞོལ་མེད ་རྩེག་མའི་ནང་དུ་གནས་པར་དཀྱིལ་འཁོར་གྱི་ས་གཞི་ལྷག་པར་མོས་པས་དཀྱིལ་འཁོར་པ་ཐམས་ཅད་ཀྱི་ལྷ་རྣམས་གྲན་སྣ་སུ་བསམས་ནས་དེའི་དབུས་ཀྱི་གདན་ལ། བདག་ཉིད་གནས་པར་རུངས་པར་བྱའོ།། དིང་བདག་སྐྱེ་བ་འབྲས ་བུར་བཅས།། བདག་གི་འཚོ་བ་འབྲས་བུར་བཅས།། ལྷ་དང་དམ་ཚིག་མཉམ་པར་ནི།། འགྱུར་བ་འདི་ལ་ཐེ་ཚོམ་མེད།། ཕྱིར་མི་ལྡོག་པར་འགྱུར་བ་ཡི།། བྱང་ཆུབ་སེམས་དཔའ་སེམས་གཅིག་གིས།། དེ་བཞིན་གཤེགས་པོའི་རིགས ་སྐྱེ་བར།། དེང་བདག་ཐེ་ཚོམ་ཡོད་མ་ཡིན།། དེ་རིང་བདག་གི་ཉི་མ་མཆོག། དེང་བདག་མཆོད་སྦྱིན་བླ་ན་མེད།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས།། དེ་རིང་བདག་གི་ཚོགས་ནི་མཆོག་ཅེའོ།། དེ་ནས་ཡན་ལག་ཐམས་ཅད་ཀྱིས ་ཕྱག་བཙལ་ནས། བདུག་པའི་སྡོང་བུའི་ལག་པས་དེ་ལྟར་སངས་རྒྱས་ཐམས་ཅད་སྙན་གསན་དབབ་པར་བྱའོ།། མ་ལུས་ཕྱོགས་སུ་བཞུགས་པ་ཡི།། སངས་རྒྱས་བདག་ལ་དགོངས་སུ་གསོལ།། བདག་མིང་ཆེ་གེ་རྡོ་རྗེ་ཅན།། བདག ་ནི་དཀྱིལ་འཁོར་བཞེང་བར་འཚལ།། སངས་རྒྱས་ཀུན་སོགས་གཤེགས་ནསཱ་ནི། དངོས་གྲུབ་འདི་ནི་རབ་ཏུ་སྩོལ་ཞེའོ།། དེ་ནས་ཨཾ་ས་བྷཱ་ཤུདྡྷཿསརྦ་དྷཱརྨཱཿསྭ་བྷཱ་བཱ་ཡྻཱ་དྷོ&ཧཾ། ཨོཾ་བཿཤྲཱདྡྷཿསརྦྦ་དྷཱརྨཱ ་ཤུདྡྷོ&ཧཾ། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་གཱ་ཤུདྡྷོཿཧཱུཾ། ཞེས་བརྗོད་པར་བྱའོ།། ཐམས་ཅད་ལྷའི་རང་བཞིན་དུ་རྡོ་རྗེ་མཁའ་འགྲོར་བདག་ཉིད་ལྷག་པར་མོས་པ་དང་ལྡན་པས་དཀྱིལ་འཁོ་ར་བྲི་བའི་ཕྱིར། རྡོ་རྗེ་དང་དྲི་ལ~ཾ་བུ་འཛིན་པའི ་སློབ་མས་གསོལ་བ་འདེབས་པ་ན། རྡོ་རྗེ་དང་དྲིལ་བུ་འཛིན་པས་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ཏེ། མིག་གཡོན་པ་ཊ་ལས་ཟླ་བ་ཅན་དུ་བྱས་ཤིང་། མིག་གཡས་པར་མ་ལས་ཉམ་བཀོད་པས་རྡོ་རྗེ་འཛིན་པའི་ང་རྒྱལ ་བྱས་ནས། དཀྱིལ་འཁོར་གྱི་སཱའི་ཆ་བཅག་པར་བྱའོ།། དེ་ནས་ཨོཾ་ཨཱཿཧཱུཾ་ལཾ་ཧཱུཾ་ཞེས་བརྗོད་ལོ་རྡོ་རྗེའི་སྣ་གཞིའི་རང་བཞིན་ཅན་དུ་སྤྲུལ་ལོ།། ཨོཾ་བཛྲ་མེ་དྲི་ནི་བཛྲི་བྷ་བ་ཧཱུཾ་ཞེས་བརྗོད་པར་བྱའོ།། དེ་ནས་དཀྱིལ་འཁོར་སའི ་དབུས་སུ་རྡོ་རྗེ་མཁའ་འགྲོ་དཀྱིལ་འཁོར་བ་སུམ་ཅུ་རྩ་དྲུག་དང་ལྡན་པ་དཾང་ཁ~ཾ་གདོང་མྲ་ལ་སོགས་པའི་སྐུ་སྟོང་ཁྲོ་བོའི་གཟུགས་དོ།། སྱཱད་རྡོ་རྗེ་རྩེ་གཅིག་པའི་རྣམ་པདྨ་བསམས་ནས། དེ་རྣམས་ཀྱིས་དབང་པོ་ལ་སོགས ་པ་ལ་ཕུར་པས་གདབ་པར་བསྒོམ་པར་བྱ་སྟེ། དེ་རྣམས་ཀྱི་སྙིང་དྲིལ་ཞིང་སྔགས་འདི་ང་རྒྱལ་དང་བཅས་པས་བརྗོད་པར་བྱའོ།། ཨོཾ་བཛྲི་ཊཱི་ཀི་ནི་སརྦ་བིགྷྣཱ་ནུཏཱི་ད་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་བྱའོ།། རྡོ་རྗེ་འཛིན་པའི་རྣལ་འབྱོར། ་པའམ་ཐམས་ཅད་ན་མཁའ་དང་མཉམ་པར་བསམ་པར་བྱའོ་ཞེས་བྱ་བ་ནི། མཆོག་གི་བསྲུང་བའོ།། དེ་ནས་རྡོ་རྗེ་མངའ་དང་། གུར་ལ་སོགས་པ་བྱེད་པ་ན་དཀྱིལ་འཁོར་གྱི་ས་བཞིར་བཀོད་ནས། སྣ་ཚོགས་རྡོ་རྗེ་རྐང་པའི ་འོག་ཏུ་རོལ་པ་དང་བཅས་པས། རྡོ་རྗེའི་རྐང་པས་གར་གྱིས་བཅག་པར་བྱའོ།། དེ་ནས་ཅན་དན་ལ་སོགས་པ་དང་བཅས་པའི་བདུད་རྩི་ལྔས་བྱུག་པའི་ས་ལ། ཙན་དན་ལ་སོགས་པས་གྲུ་བཞི་པ་རྣམས་སུ་དེ་བཞིན ་གཤེགས་པ་ལྔ་རྣམ་པར་དག་པའི་རྣལ་འབྱོར་མ་ལྔ་པོ་རྣམས་ཀྱི་དཀྱིལ་འཁོར་ལྔ་པོ་རྣམས་སོ།། ལྷག་མ་དཀྱིལ་འཁོར་པ་རྣམས་ཀྱི་ནི་ཟླུམ་པོར་ཇི་ལྟར་གནས་སུ་བྱ་བ་རྣམས་སོ།། དེ་ལ་ཇི་ལྟར་གནས་པའི་རྡོ་རྗེ་ཕག ་མོས་འཁྱུད་པའི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷའི་འཁོར་ལོ་མྱུར་བར་བསྡམས་ནེས་ནཱ་མཁའ་ལྔ་བཞུགས་པས་དེ་དང་གཅིག་ཏུ་བྱས་ནསི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ།། དེ་ནས་རིན་པོ་ཆེ་ལ་སོ། ་པའི་རང་བཞིན་ནམ། འཇིམ་པའི་རང་བཞིན་ལ་ཡལ་འདབ་དང་བཅས་ཤིང་མགྲིན་པ་གོས་ཀྱིས་བཅིངས་པ་འབྲུའི་ལྟོ་བ་དང་རྩ་བ་ནག་པོ་ལ་སོགས་པ་སྤངས་པ་ལས་སྐྱེས་པའི་བུམ་པ་ལྟ་བུའི་སྟེང་དུ་བཞག་ནས། ་ཇི་ལྟར་གནས་སུ་གནས་པའི་རང་རང་གི་ལྷའི་མཚན་མ་བྲི་བར་བྱས་ནས། རྣམ་པར་རྒྱལ་བའི་བུམ་པར་སྨན་ལྔ་ལ་སོགས་པ་དང་བདུད་རྩི་ལྔའི་སྙིང་པོའི་ནང་དུ་རྡོ་རྗེ་མཁའ་འགྲོ་བསྒོམས་ནས། མེ་ཏོག་གི་ཕྲེང ་བ་ལ་སོགས་པས་ཡང་དག་པར་མཆོད་དེ། དེའི་ཁར་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་བཞག་ནས་དེ་ལ་ལས་ཀྱི་རྡོ་རྗེས་གཟུང་ཞིང་ཕྱེ་མའི་ཕྲེང་བའི་མཐར་ཡང་རང་གིས་གཟུང་བར་བྱའོ།། ཧཱུཾ་བརྒྱ་རྩ ་བརྒྱད་བཟླས་ནས་ནི། དེ་ནུས་མེ་ཏོག་ལྔ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ།། བུམ་པ་གཞན་རྣམས་ལའང་དེ་ལྟར་ལྷ་རྣམས་ཀྱི་གྲངས་རྣམས་ནི། ཨཾ་ཊཱི་ཀི་ནི་ཧུ~ཾ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་བཟླས ་པ་བྱ་ཞིང་མཆོད་པར་བྱའོ་ཞེས་བྱ་བ་ནི་བུམ་པའི་ལྷག་པར་གནས་པའོ།། དེ་ནས་ཕྱི་རོལ་གཏོར་མ་བྱིན་ནས་པར་ཚད་གཞོམ་པའི་ཕྱིར་སྦྱིན་སྲེག་བྱ་བ་དང་། དཀྱིལ་འཁོར་པ་ལ་མཆོད་ཡོན་ལ་སོགས་པ་དབུལ ་བ་སྣརོན་དུ་འགྲོ་བ་ཅན་གྱི་བསྟོད་པ་བྱས་ནས་སྟ་གོན་ལཱཾ་གནས་པ་བྱའོ།། བདུག་སྤོས་བསྲེག་ཅིང་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བར་བྱས་ནས་ལྕེའི་རྩེ་མོ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་བསམ ་ཤཱི་། ཨོཾ་པདྨ་ཤཱ་ར་སཱ་ཏི་སཽ་ཏྱ་མྱཱ་བཽརྟྟ་ཡ་ཤོ་དྷ་ཡ་ཧཱུཾ་དྷཱིཿརཿཧྲཱི་ཞེ་སྡེ་འདིས་ལྕེ་བྱིན་གྱིས་བརླབས་ནས། འདྲི་སྐད་དུ། ཀྱེ་མགྲོན་ཞེས་བྱ་བ་ལ་སོགས་པ་ནསཽ། མཛད་པའི་རིགས་ཤེས་བྱུ་བའི་མཐར་གསུམ་དུ་བརྗོད་པ ་བྱའོ།། ལྷ་སྟ་གོན་ལ་གནས་པའི་ཆོ་གའོ།། དེ་ནས་དེར་བཀོད་པའི་དཀྱིལ་འཁོར་མཆོད་ནས་བཀུག་སྟེ་དེའི་དཀྱིལ་འཁོར་གྱི་སྟེང་དུ་ནོ་མཁའི་ཕྱོགས་སུ་གསོལ་ཏེ་བདུད་རྩི་ལྔ་དྲི་ཞིམོ་པོ་དང་ལྡན་པ་དང་ཡུངས་ཀར་གྱི ་ཕྱེ་མ་དང་བསྲེས་པ་རྣམས་ཀྱིས། དཀར་པོ་དང་སེར་པོ་དང་། དམར་པོ་དང་ལྗང་གུ་དང་། ནག་པོའི་ཁ་དོག་རྣམས་ཀྱིས་སོ་སོར་རྩེ་མོ་བརྩེས་པ་རྣམས་ཀྱི་སྲད་བུ་ལྔ་པོ་རྣམས་ཏེ། དེ་ཉིད་ཀྱིས་གོ་རིམ་བཞིན་དུ་བྲུཾ་ཨཾ ་ཛཾ་ཁཾ་ཧཱུཾ་ཞེས་བྱ་བའི་ས་བོནྡ་གྱིས་བྱིན་གྱིས་བརླབས་པའོ།། དེ་བཞིན་གཤེགས་པའི་ཐུགས་ཀར་སོན་པའི་འོད་ཟེར་གྱིས་སྲད་བུ་རྣམས་དང་འདྲེས་པར་བྱས་ནས་ལག་པ་གཉིས་ཀྱིས་བླངས་ནས། ཆོས་ཐམས ་ཅད་ནི་གཞན་དང་གཞན་གྱི་རྗེས་སུ་འགྲོ་བ་དང་། ཆོས་ཐམས་ཅད་ཕན་ཚུན་དུ་རྗེས་སུ་འཇུག་པ་དང་། ཆོས་ཐམས་ཅད་ཤིན་ཏུ་རྗེ་སཾ་སུ་རབ་ཏུ་འཇུག་པ་ཞེས་བརྗོད་པ་དང་། ཡི་གེ་གསུམ་བཟླས་ནས་བཀལ་བར་བྱ ་དེ་ཡང་ཐིག་སྐུད་ཀྱི་སྲིད་ནི་དཀྱིལ་འཁོར་གྱི་ཉིས་འགྱུར་རོ།། སྙོམས་སུ་ནི་སྒྲའི་ཉི་ཤུ་ཆའོ་སྲང་བུ་རེ་རེ་ལ་ཡང་དེ་བཞིན་གཤེགས་པ་ལྔའི་ངོ་བོའི་ཡོན་ཏན་ལྔའི་ཕྱིར་ཉི་ཤུ་རྩ་ལྔའི་དབྱེ་བས་ཕྱེ་ནས་བསྒྲིལ་བར་བྱ ་མ་ཊ་དག་གིས་ཟླ་བ་དང་ཉི་མ་དག་མིག་དག་ལ་དགོད་པ་ནི་རྡོ་རྗེའི་ལྟ་སྟངས་ཏེ། མ་ཊཱ་ཞེས་བྱ་བར་གནས་པར་བྱས་ནས་གསེར་ལ་སོགས་པའི་སྣོད་དུ་བདུད་རྩི་ལྔས་བྱུགས་པས་བཞིག་སྟེ། མེ་ཏོག་ལ་སོགས་པ ་མཆོད་ཅིང་། སྔགས་སུམ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱིས་གཞི་གོང་མ་བཞིན་དུ་བྱུགས་ནས་མཆོད་དེ། བར་སྣང་ལ་བཞུགས་ལྷ་རྣམས་ཡང་དག་པར་མཆོད་པ་དང་། ཕྱག་འཚལ་ལོ།། ་རྡོ་རྗེ་འཛིན་པར་གྱུར་པ་དང་། ཕྱི་མའི་ལས་མཁན་ཡང་རྣམ་པར་སྣང་མཛད་དུ་བྱས་ནས། གཡོན་པ་དང་གཡས་པའི་མིག་དག་ལ། ཛཿསེར་པོ་སྲ་ཉི་མ་ཟླ་བ་བསམས་ཤིང་ཡི་གེ་གསུམ་བཟླས་སོ།། ་དེའི་སྲད་བུ་དཀར་པོ་དྲི་ཞིམ་པོ་ལ་སོགས་པ་ཆུ་སྟེ་གཤེར་བར་བྱས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ལྟེ་བར་གཟུང་སྟེ། ཨོཾ་ཛཿཛཿཛཿཞེས་བྱ་བས་བཏང་ནཱ་ས། དེ་བཞིན་དུ་ཕྱི་མའི་ལས་མཁན་གྱིས་ཀྱང་དྲངས་ནས། ལྟེ་བའི ་ཕྱོགས་སུ་གཟུང་ཞིང་མཐོ་རིས་དང་གནོད་སྦྱིན་གྱི་བདག་པོའི་ཕྱོགས་སུ་ཁ་བལྟས་པས་མཁའ་ཐིག་གདྲབ་པར་བྱའོ།། དེ་ནས་ཕྱོགས་ཐམས་ཅོད་མཉམ་པ་ཉིད་དུ་དམིགས་ནས། ཚངས་པའི་ཐིག་གཉིས་ས་ལ་གདབ་པ ་བྱོའོདགནོད་སྦྱིན་ཡི་དགས་དང་། དབང་པོ་དང་ཀླུའི་ཕྱོགས་སུ་ཁི་བལྟས་པ་དང་། མྱེ་དང་རླུང་དུ་གནས་པའི་བླ་མས།། སྔོན་དང་ཟློས་པ་དང་། བྱུང་དང་ཚིག་ངན་གྱི་ཕྱོགས་སུ། ཐིག་གདབ་པར་བྱས་པ་ཉིད་དང་། ཡུང་མེ་ལ་གླནས ་ནས་རླུང་གི་མཚམས་དང་། བདེན་བྲལ་དུ་གནས་ནས་དབང་ལྡན་གྱི་མཚམ་སུ་ཇི་སྲིད་པར་སྲད་བུ་བླརྐྱང་བར་བྱའོ།། ཤྭར་དང་ནུབ་དང་བྱུང་ལྷོའི་ཕྱོགས་སུ་ཐ~ཾག་བཏབ་པས་དཀྱིལ་འཁོར་བརྒྱད་དུ་འདྲི་རིམ་པས་ཡི་གེ ་གསུམ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི། ཨོཾ་བཛྲ་ས་མེ་ཡ་སྤྲེ་ཏྲཾ་མཱ་ཏི་ཀྲ་མཱ་ཧྲཱི་ཞེས་བཟླས་པས། ཐིག་བཏབ་པའི་སྒྲ་ཡིས་ན་མཁའ་ལྀ་བཞུགསཽ་པའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་ངོན་གྱི་དུས་ལ ་བབ་པས་ཁྱེད་རྣམས་འདིར་གཤེགས་ཤིག་ཅེས་བསྐུལ་བས་ཐིག་གདབ་པར་བྱའོ།། བླ་མ་དང་སློབ་མ་དག་གི་བསྐོར་ཞིང་འགྲོ་བར་བྱའོ།། འཁོར་ལོ་ནི་གྲུ་བཞི་པ་ལ་སོགས་པ་དང་ལྡན་པའོ།། ཐིག་གི་མཐར་ཡེ་ཤེས་ཀྱི་ཐིག་ག ་སུ་གསོལ་བར་བྱའོ།། དེ་ནས་བུ་མ་ལ་སོགས་པའི་ས་བོན་ལས་བསྐྱེད་པའི་དཀོར་པོ་ལ་སོགས་པ་རྣམས། དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བསམས་ནས། ཧཱུཾ་གིས་མངོན་པར་བསྔགས་པར་བྱ་ཞིང་། ཛཿ ་ཡིས་འབར་བར་བལྟས་ཏེ། རྡུལ་ཚོན་འབར་བར་བྱའོ།། ཧཱུཾ་དབུས་ཀྱིས་ཕུར་པ་བཏོན་ལ། དེའི་ཁུང་བུ་རྡུལ་ཚོན་ལྔས་བཀང་ནས། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས་དྲིལ་བུའི་སྒྲ་ཡིས་མཚན་མ་ངན་པའི་ཡན་ལག་བསལ ་བར་བྱ་ཞིང་། ཆོས་ཀྱི་དབྱིངས་རྣམ་པར་དདྲག་པོར་ལྷག་པར་མོས་པས། གཡོན་པའི་ཁུ་ཚུར་གྱིས་དབང་ལྡན་གྱི་ཕྱོགས་ནས་བརྩམ་ནས། ཤུར་དུ་ཁ་བས་ཏཱཾ་ནང་དུ་གནས་ནས། ཨོཾ་བཛྲ་ཙིཏཱ་ས་མ་ཡ་ཧཱུཾ་ཞེས་བརྗོད་པས། གཡས ་སྐོར་གྱིས་རྡུལ་ཚོན་ལྷས~ཾ་བྱི་བར་བྱ་ཞིང་ཕྱི་ནས་ཇི་ལྟར་བདེ་བས་སོ།། ཆུའི་ཚད་དང་རྟ་བབྲས་ཕྱོགས་སུ་སྔོན་པོ་ནི་གོ་སླའོ།། འདི་ཉིད་དུ་དཀྱིལ་འཁོར་བྲི་བ་ཟིན་ནས། རང་ཉིད་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས། རྡོ་རྗེ ་མཁའ་འགྲོའི་ལྷའི་འཁོར་ལོ་ཅན་ཐོད་པ་རྣམས་ལ་ལྷ་འམ་མཚན་མ་ཇི་ལྟར་གནས་སུ་བྲི་བར་བྱའོ།། དེའི་དབུས་སུ་རྡོ་རྗེ་མཁའ་འགྲོར་གྱུར་པའི་ལྷ་རྣམས་ཀྱི་འཁོར་ལོར་གྱུར་པའི་སྒྲུབ་ཐབས་ཀྱི་རིམ་པས་བ་སེམས་ནས། ཡེ ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་ལ་སོགས་པ་སྔོན་དུ་འགྲོ་བ་ཅན་མཆོད་ཅིང་། གནོད་མཛེས་ཀྱི་ང་རྒྱལ་གྱིས་མེ་ཏོག་མངོན་པོའི་ཕྲེང་བ་བླངས་ལ། ཨོཾ་སུཾ་བྷ་ཞེས་བྱ་བའི་སྔགས་བརྗོད་པར་བྱ་ཞིང་། ་གང་ཞིག་རྡུལ་ཚོན་གྱི་རེ་ཁཱའི་འོག་ཏུ་འགྲོ་བའི་བསམ་པས་དཀྱིལ་འཁོར་ཞུགས་ནས་དྲིལ་བུ་དཀྲོལ་ཞིང་སྐོར་བ་གསུམ་བྱས་ནས་ཆད་པ་དང་ལྷག་པའི་སྐྱོན་གཞོམ་པའི་ཕྱིར། འཁོར་ལོ་བརྟག་པར་བྱའོ།། ཕྲེང་བ་བཙ ་ལྡན་འདས་ལ་ཕུལ་ནས་གར་གྱི་སྦྱོར་བས་ཡང་བླངས་ཏེ་རང་གི་སྤྱི་བོར་གནོད་མཛེས་ཀྱི་སྔགས་ཉིད་ཀྱིས་བཅིང་བར་བྱའོ།། དེ་ནས་ཡི་གེ་གསུམ་བརྗོད་པས་ཡིད་ཀྱི་སྒོ་རྣམས་དབྱེ་བར་བྱའོ།། འདི་ཉིད་གི་ཞན་དུ་ཡང་སྨྲས ་པི་སྒོ་རྣམས་སྔོན་དུ་འགྲོ་བ་ཞེས་བྱ་བ་ལ་སོགས་པས་ནི། ནུབ་ལ་སོགས་པར་རྣམ་པར་གནས་པ་སྟེ། རིམ་པས་དབྱེ་བར་བྱའོ་ཞེས་བྱ་བ་ཉིད་དོ།། དེ་བཞིན་གཡས་བརྐྱང་བ་ལ་སོགས་པ་རྣམས་ཀྱིས་སོ།། བུམ་པ་ཡང་རྣམ ་པར་རྒྱལ་བ་ལ་སོགས་པ་ལྷའི་གནས་ལས་འོག་ཏུ་ལྷག་པར་མོས་པས་འོད་ཀྱི་འཁོར་ལོའི་ནང་དུ་གཞག་པར་བྱའོ།། ཡཽང་ན་ཕྱི་རོལ་ཉིད་དུའོ།། རྣམ་པར་རྒྱལ་བ་ནི། ཤར་གྱི་སྒོའི་སྔོན་དུ་གཞག་པར་བྱའོ།། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ ་ཅེས་བྱ་བ་འདིས་ནི། བརྒྱ་རྩ་བརྒྱད་བཟླས་པས་ལིས་ཐམས་ཅད་པའི་བུམ་པ་ཤར་གྱི་སྒོའི་ཕྱི་རོལ་ཏུ་བཞག་པར་བྱའོ།། དེའི་ཆུས་སློབ་མ་ལ་གཏོར་བ་ལ་སོགས་པ་བྱའོ།། ད་ནི་དཀྱིལ་འཁོར་གྱི་མོ་ཆོད་པ་ལ་སོགས་པ་བྱས ་ནུས་སློབ་མ་རིག་མ་དང་ལྷན་ཅིག་ཏུ་གཞུག་པའི་ཚོ་གས། དེར་ཞུགས་པས་བཅོམ་ལྡན་འདས་ཀྱི་ཞལ་སྦྱར་ཆུ་ལྔ་སོགས་པའི་དབང་བླང་བར་བྱའོ།། གོང་མ་བཞིན་དུ་སློབ་མ་འདུས་བྱས་ཤིང་ཁས་བླངས་ནས། དམ་ཚིག་དང ་སྡོམ་པ་གཟུང་བ་དང་ཡོན་ཕུལ་བ་ལ་དེའི་སྙིང་ཁ་ར་ཨཱཿདམཪྴ་པོ་བསམས་ནས་ཁཾ་གདོངས་མཱ་ལ་སོགས་པའི་སྔགས་ཀྱིས་གོས་ལ་བཟླས་པ་བྱས་ནས་ཤམ་ཐབས་དང་བླ་གིས་བྱའོ།། གནོད་མཛེས་ཀྱི་སྔགས་ཀྱིས་གོས ་དམར་པོ་ལ་བཟླས་ནས་མིག་བསྡམ་པར་བྱའོ།། རང་གི་དབང་གི་རྒྱལ་བས་བྱིན་གྱིས་བརླབས་པའི་གོས་དམར་པོ་ལ་སོགས་པ་ལ་སོགས་པ་ལ་གཙུག་ཏོར་བྱས་ནས། དེ་ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་གཏོར་བྱའོ།། ་དེ་ལྟར་སི་ཏཱ་རུ་ཎི་ཞེས་བྱ་བ་ལ་སོགས་པའི་ཀླུ་ཡིས་ཕྱག་བཞི་འཚལ་བར་བྱའོ།། ཡལ་བའི་ཕྱི་རོལ་ཉིད་དུ་སྙིམ་པས་མེ་ཏོག་གི་ཕྲེང་བ་བླངས་པ་ལ་དྲི་བར་བྱའོ།། ཀྱེ་ཤིན་ཏུ་དགའ་བ་ལ་འདོད་པ་ཁྱོད་སུ། དེས་ཀྱང་སྨྲས་པ། བད ་བ་ཆེན་པོ་བདག་ནི་སྐལོ་པ་བཟང་པོའོ།། དེ་ནས་བསོང་གཏོར་བྱས་ནས། ཨཱཿཁཾ་བཱི་ར་ཧཱུཾ་ཞེས་བྱ་བའི་ཡི་གེ་ལྔས་དཀྱིལ་འཁོར་དུ་ཉེ་བར་གཞུག་པར་བྱ་སྟེ། དེ་ལ་འདི་སྐད་དུ་སྨྲ་བར་བྱའོ།། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས ་ཅད་རིགས་སུ་ཞུགས་པ། དེའི་ཕྱིར་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན། དངོས་གྲུབ་གཞན་ལྟ་ཅི་སྨོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང ་བའི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཆོག་ཉམས་པཪྵ་མ་བྱེད་ཅིག། ཨོཾ་རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ཀྱི།། སྙིང་ལ་ཡང་དག་ཀུན་ཏུ་གནས།། གལ་ཏེ་རིམ་པ་འདི་སྨྲས་ནས། བཀས་ནས་དེ་ཡི་སྐད་ཅིག་གཤེགས ་སྦྱངས་པ་དང་ནི་བཟའ་བ་ཉིད།། ཡེ་ཤྲཱིས་འབར་བའི་འདི་འཁྱིལ་པ།། བདུད་རྩི་ལྔ་ནི་དུད་ཆེན་དུ།། འཁོར་ལོར་གནས་གྲུབ་སྒྲུབ་པོ་པོས།། ལྔ་དང་གསུམ་གྱི་ས་བྷྲྀ་ནཱ་དགོས།། བླངས་ནས་སློབ་མ་འཐུང་ངུ་གཞུག། འདི་ནི་ཁྱོད་ཀྱི་དམྱལ་བ ་ཆུ། དམ་ཚིག་འདས་ན་སྒེག་པར་བྱེད།། དམ་ཚིག་བསྲུངས་ན་ཡང་དག་འགྲུབ།། རྡོ་རྗེ་བདུད་རྩི་ཆུ་འཐུངས་ཤིག། ཨོཾ་བ་ཛྲོ་ད་ཀ་ཋ། ཞེས་བྱ་བས་དམ་ཚིག་གི་བདུད་རྩི་སྦྱིན་པར་བྱའོ།། དེང་ནས་གཟུང་སྟེ་ཁྱོད་ཀྱི་ང་ཕྱོག་ནི་རྡོ་རྗེ་ཡིན ་པས། ངས་གང་སྨྲས་པ་འདྲི་གྱིས་ཤོག་དེ་ཁྱོད་ཀྱིས་བྱ་སྟེ། ཁྱོད་ཀྱིས་འདའ་བ་རཱ་མི་བྱ་ཞིང་ཡང་བ་མུ་སྤངས་པས། དུསྱཱ་ཀྱི་བྱ་བ་བྱས་ནསཽ་དམྱལ་བར་ལྷུང་འགྱུ་རོ།། དྲྀ་ནཱས་སློབ་མུ་ལུ་སྨྲོས་ཤིག་ཙེས་བརྗོད།། དེ་བཞིན་གཤེགྶ ་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའི་བདགཱ་ལ་ཆུག་ཅིག་ཅེས་ཞུ་བར་བྱའོ།། ཨོཾ་བཛྲ་སཏྭ་དླྀ་ཌྷོ་མ~ཾ་བྷ་པཽ་ཤྩ་ཤ་ཏོ་མ~ཾ་བྷ་བ་ཝི་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷིམྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་བརྗོད་ལ། ་ཡི་གེ་ལྔས་དེའི་ཕྲེང་བ་དཀྱིལ་འཁོར་དུ་དོར་བར་བྱ་བ་ཉིད་དོ།། ཡང་དེ་ཉིད་ཀྱིས་དེ་བླངས་ནས། དེའི་སྤྱི་བོར་བཅིང་ངོ་།། སྙིང་ལ་བདག་པོ་དང་། མིག་ལ་ཕྱག་འཚལ་པ་དང་། དཔྲལ་བ་ལི་རི་བསམས་ནས། ཡི་གེ་ལྔ་ཡིས་སམ། ་ཨོཾ། རྡོ་རྗེ་སེམས་དཔའ་ཉིད་ཁྱོད་ལ། དི་རིང་མིག་འབྱོར་རྩོན་པར་མཛད།། ཕྱེ་ནས་མིག་ནི་ཐམས་ཅད་ཀྱང་།། རྡོ་རྗེ་མིགུ་ནི་བླ་མེད་ཅེས་ཚིག་བཅད་ཀྱིས།། གདོང་བཅིངས་པའི་མིག་བཀབ་བཀྲོལ་ནས་དཀྱིལ་འཁོར་བསྟན་ནས། འདི་སྐད ་དུ་བརྗོད་དེ། ཀྱེ་ཡི་རྡོ་རྗེ་འདི་དྲི་ལྷས།། དཀྱིལ་འཁོར་བལྟས་ནས་དད་པ་བསྐྱེད།། དེ་རིང་སངས་རྒྱས་རིགས་ལས་སྐྱེས།། སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབས།། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས།། དམ་ཚིག་མཆོག ་ཏུ་འགྱུར་བ་ཉིད།། རྡོ་རྗེ་པདྨའི་རྩེ་མོ་མཛེས།། སྔགས་ལ་ཅིང་བླངས་ནས་དྲི་ལ་སོགས་པས་ཡང་དག་པར་མ་ཚི་དྲ་ནས་གཞག་པར་བྱ་བོ་སྟེ། སློབ་དཔོན་གྱི་དབང་ཐམས་ཅད་དོ།། དེ་ནས་སྔགས་དང་རྒྱུད་ལེགས་པར ་བསླབས་པའི་དེ་བཞིན་ཉིད་སློབ་དཔོན་ལ་དབུལ་བར་བྱའོ།། སློབ་དཔོན་གྱི་གཡོན་པའི་ངོས་སུ་བཞག་པ་དེས་བསྐྱེད་པའི་མཆོད་པོ་སྣ་ཚོགས་པ་དང་། བཟའ་བཅའ་ལ་སོགས་པ་རྣམས་ཀྱིས་མཆོད་ནི་ས། པུས་མོ་སྭཱ ་ལ་གཙུགས་ཏེ། ཐལ་མོ་སྦྱར་ནས་གསང་བའི་དབང་གི་དོན་དུ་འདིས་གསོལ་བ་གདབ་པར་བྱའོ།། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས།། བདག་གིས་བླ་མེད་བྱ་བ་ཌ་ཚལ།། ད་ལྟར་དབང་གི་རིན་ཆེན་གྱིས།། མགོན་པ་བདག་ནི ་རྗེས་གཟུང་མཛོད།། དཔལ་ལྡན་བདེ་ཆེན་མགོན་པོས་སམ།། ཇི་ལྟར་དཔལ་ལྡན་རྡོ་རྗེ་ཆོས།། དག་པའི་དེ་ཉིད་ཅེས་བྱ་བསྟན།། དེ་བཞིན་མགོན་བདག་བཀའ་དྲིན་སྟོབས།། སྡུག་བསྔལ་ཀུན་གྱི་གནས་རྣམས་ནི།། དམྱལ ་བ་ལས་ནི་གཙོ་བོས་སྒྲོལ།། མགོན་མེད་རྣམས་ལ་སྙིང་རྗེ་མཛོད།། སྡུག་བསྔལ་ཐམས་ཅད་གཅོང་མཛད་པ།། ཁྱོད་ཞབས་འདམ་སྐྱེས་སྤངས་ནས་ནི།། ཁྱབ་བདག་གཞན་ན་བདག་སྐྱབས་མེད།། འགྲོ་བའི ་དཔའ་བོ་བདེ་ཆེན་དེས།། སངས་རྒྱས་མཆོག་གི་བཀའ་དྲིན་སྐྱོབས་ཞེས་ཞུས་མ་ཐག་ཏུ། སྡོམ་པ་བསྒྲགས་པས་སྡོམ་པ་བཟང་པོ་བསྒྲགས་པར་བྱ་བ་དང་།། གསང་བ་ལས་ཆེས་གསང་བ་ནི།། བུ་ཁྱོད་སྲོག་ཆགས་གསད ་པར་གྱིས།། རྫུན་གྱི་ཚིག་ཀྱང་སྨྲ་བར་གྱིས།། མ་བྱིན་པར་ཡང་ཁྱོད་ཀྱིས་ལོངས།། ཕ་རོལ་བུད་མེད་བསྟེན་པར་གྱིས།། སྡོམ་པ་བཞི་ནི་དམ་པ་ཉིད།། ཁྱོད་ཀྱིས་བརྟུལ་ཞུགས་བསྐྱང་བར་གྱིས།། བཤང་གཅི་ཤ་དང་ཁྲག ་ལྡན་པས།། ལྔ་པ་སེམས་ལས་བྱུང་བ་ཉིད།། ཤྲཱྀ་དང་ནཱ་ཤ་ཧ་གཽ་ཤ། སྦྱངས་པ་ལ་སོགས་ཆོ་ག་ལས།། རྟག་ཏུ་ཁྱོད་ཀྱིས་བཟའ་བར་བྱ།། དམ་ཚིག་འདི་ནི་རྨད་བྱུང་ཆེ་ཞེའོ།། དེ་ནས་དེ་དང་སྙོམས་པར་ཞུགས་པ་ལས ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་ཐུ་བོ་སྲིན་ལག་གིས།། རྡོ་རྗེ་ནོར་བུ་བླངས་ནས་སློབ་མའི་ཁ་རུ་འདིས་སྦྱིན་པར་བྱའོ།། འདི་རྡོ་རྗེ་ཐམས་ཅད་ཀྱི།། དབང་གི་གོ་འཕང་མཆོག་གྱུར་པ།། ལས་ཀྱི་མཆོག་ནི་རབ་རྒྱས་པ།། སྡུག ་རྣམས་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བ་ནི་གསང་བའི་དབང་ངོ་།། དེ་ནས་པདྨ་ལ་གནས་པ་བླངས་ནས་མེ་ཏོག་དང་བཅས་པ་དང་སེམས་ལས་བྱུང་བ་རང་གི་ཁས་དེ་མཆོད་པར་བྱ་བའི་དོན་དང་རིག་མའི ་ཁས་སྦྱིན་པར་བྱའོ།། དེ་ནས་དེ་བཞིན་ཉིད་གཞན་ཡོན་ཏན་ཐམས་ཅད་དང་ལྡན་པ་དང་སྙོམས་པར་ཞུགས་པའི་སློབ་མ་ཏིང་ངེ་འཛིན་ལ་གནས་པ་ན། སློབ་དཔོན་རང་རྡོ་རྗེ་སེམས་དཔའ་དང་བཅས་པའི་གཟུགས་སུ་ལྷག ་པར་མོས་པས་རང་གི་བ་སྤུའི་ཁུང་བུར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་སོགས་པ་ཞུགས་ཤིང་། དེ་ནས་ཡང་བཏོན་པས་སློབ་མའི་ལུས་ཀྱི་བ་སྤུའི་ཁུང་བུར་བཅུག་ནས་ཞུ་བར་གྱུར་པས་བཏོན་ནས་དེའི ་ལུས་ཁྱབ་པ་རྣམས་ཀྱིས་ཉོན་མོངས་པའི་དྲི་མ་དཀྲུས་པ་རྣམས་ཀྱིས་དབང་བསྐུར་བར་བྱ་སྟེ། ཤེས་རབ་ཀྱི་དབང་ངོ་།། དེ་ལ་སློབ་མ་ལའང་དགའ་བ་ལ་སོགས་པའི་དབྱེ་བས་ལྷན་ཅིག་སྐྱེས་པའི་རང་རིག་པ་དང་། ་རང་གི་ཚིག་གིས་བརྟན་པར་བྱའོ་ཞེས་བྱ་བ་ནི་དབང་རིན་པོ་ཆེ་བཞི་པའོ།། དེ་བཞིན་དུ་གནས་པོ་ཉིད་ཀྱི་ལྷག་པ་བྱིན་ནས་དེ་བཞིན་གཤེགས་པ་དབང་པོར་བྱས་ནས། འདི་ནས་བརྩམས་ཏེ། བདག་གིས་བྱང་ཆུབ་ཆེན ་པོ་བསྒྲུབ་པའི་ཕྱིར་འདིའི་སྒྲིབ་པ་པོ་ལྀ། བུ་མོ་ཡང་དག་པར་སྩལ་པ། དེ་བཞིན་གཤེགས་པ་རྣམས་ཀྱིས་མཁྱེན་པར་མཛོད་ཅིག་ཅེས་པའོ།། དེ་ནས་དེ་ལ་འདི་སྐད་དུ་སྨྲས་ཏེ། འདི་ཁྱོད་གཟུངས་མ་ཉེམས་དགའ་བ། ་ཁྱོད་ཀྱི་རིས་དེ་རིང་བསྒྲུབ་པར་གྱིས།། སློབ་མའི་སྤྱི་བོར་ལག་བཞི་ནས།། བླ་མ་རྡོ་རྗེ་ཅན་གྱིས་ངོར།། ཐབས་གཞན་དག་གིས་འཚང་མི་རྒྱ།། དེ་ཕྱིར་འདི་ནི་རིག་མ་མཆོག། གཉིས་སུ་མེད་པའི་ཆོས་རྣམས་ནི།། གཉིས ་ཀྱི་དངོས་པོས་མཚོན་པ་ཉིད།། དེ་ཕྱིར་འཁོར་བར་སྦྱོར་བྲལ་བ།། རྟག་ཏུ་ཁྱོད་ཀྱིས་བྱ་བ་མིན།། འདི་དེ་སངས་རྒྱས་ཐམས་ཅད་ཉིད།། རིག་མའི་བརྟུལ་ཞུགས་བླ་ན་མེད་ཅེས་བྱའོ།། རིག་མའི་བརྟུལ་ཞུགས་བྱིན ་ནས་ནི།། བཀའ་ཡི་གནང་བ་སྦྱིན་པར་བྱའོ།། སེམས་ཅན་ཀུན་ལ་ཕན་དོན་ཕྱིར།། འཇིག་རྟེན་ཀུན་དུ་ཐམས་ཅད་ལས།། ཇི་ལྟར་འདུལ་བར་སྣ་ཚོགས་པའོ།། ཆོས་ཀྱིས་འཁོར་ལོ་རབ་ཏུ་བསྐོར།། དེ་སྐད་དུ་རིན་པོ་ཆེ་དང ་པདྨ་དང་ལས་དང་རྡོ་རྗེ་དང་། འ་ཁོར་ལོ་བསྐོར་བྱའོ་ཞེས་བྱ་བའི་ཚིགས་བཅད་ལྔས་བཀའི་གནང་བ་སྦྱིན་པར་བྱའོ།། ཨུད་ག་ཏའི་ལུང་བསྟན་པས། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ལས། སྙིང་ཁར་དེ་བཞིན ་གཤེགས་པའི་གཡོན་པའི་ཁུ་ཚུར་ཆོས་གོས་ཀྱི་ཟེ་འབྲུ་འཛིན་པའི་ཚུལ་གྱིས་དང་། གཡས་པ་མཆོག་སྦྱིན་གྱིས་མིང་གི་དབང་གིས་བྱའོ།། ཨོཾ། སྲིད་པའི་ངན་འགྲོ་ལས་བཏོན་ཅིང་།། ཤིན་ཏུ་སྲིད་པ་གྲུབ་པའི་ཕྱིར། དེ་བཞིན་གཤེན ་པ་རྡོར་སེམས་ཀྱིས།། ང་ཡིས་འདི་ལྟར་ཁྱོད་ལུང་བསྟན།། མཐོ་རིས་མི་ཡུལ་ས་འོག་ཏུ།། ཀྱེ་ཁྱོད་ཀྱི་གྲུབ་དུས་སུ།། དེ་བཞིན་གཤེགས་པོའི་རྡོ་རྗེ་མིང་ཞེའོ།། གང་གི་འདིས་ཨུད་ག་ཏ་ཡིས་ཕྱག་རྒྱ་ཆེན་པོར་ཡུང་བསྟན་པ་མཆོག་ཏུ ་གསང་བའི་ཆོ་ག་འདིས་བྱའོ།། དེའི་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་དང་། རྡོ་རྗེ་འཛིན་པ་དང་བཙོས་པ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་དང་། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཉིད་ཀྱི་དམ་ཚིག་དང་། རྡོ་རྗེ་སློབ་དཔོན་མགྲིན་གཅིག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་མཛད་ཀྱིས་དད་པར་གྱིས་ཤིག་ཅེས་སློབ་མ་རྣམས་ལ་བརྗོད་པར་བྱའོ།། དེ་ནས་གསང་བ ་སྨྲ་བར་བྱ་སྟེ། ཆགས་བྲལ་ལྟ་བུའི་སྡིག་པ་ནི།། ཁྱམས་གསུམ་ནཱ་ནི་གཞན་མེད་དེ།། དེ་ཕྱིར་འདོད་པའི་ཆགས་བྲལ་བ།། ཁྱོད་ཀྱིས་ཀྱང་ནི་བྱ་བ་མིན།། མ་ཧཱ་མ་ཡ་ཧ་ན་ཕཊ། དེའི་རྗེས་སུ་གཡས་པའི་མཐེ་བོང་ནས་མཁས་པས ་གཟུང་སྟེ། ལག་པ་གཡོན་པས་སློབ་མ་གཙོ་བོའི་ཆེད་དུ་ཞུན་མར་གྱི་སྲེག་བླུགས་བརྒྱའི་སྲོག་བླུགས་དབུལ་ལོ།། སྦྲང་རྩི་དང་འབྲས་ཀྱི་བོ་ག་དང་། ཞོ་དང་བསྲེས་པ་དང་། ཏིལ་གྱི་སྲེག་བླུགས་བརྒྱ་དང་། གསང་གཏོར་དང་། སྙིང་གར་རེག ་པས་རིགས་ཀྱི་རིག་མས་ཐམས་ཅད་བྱས་ཞིང་བདུད་རྩི་འཁྱིལ་པ་བཟླས་པས་ལག་པ་ལ་གདུ་བུ་བཅིང་བ་དང་། སྤྱི་བོར་གདུགས་འཛིན་པར་བྱེད་ཅིང་སྐོར་བ་བྱེད་དང་ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་སྒོར་གདུགས་དང་ལྷན ་ཅིག་ཕྱག་བྱའོ།། སློབ་མ་ལ་འདི་བརྗོད་པར་བྱ་སྟེ། རྒྱུད་འཛིན་པར་འགྱུར་རོ།། སློབ་དཔོན་གྱིས་གདུགས་དོར་ནས་དེ་ལོ་གཟེངས་བསྟོད་པ་སྨྲས་ཏེ། དེ་ལྟར་དཀྱིལ་འཁོར་སློབ་དཔོན་ཉིད།། ཁྱོད་ཀྱིས་སྔགས་དང་རྒྱུད་རྣམས་ཟུང་།། ་སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ལྷོ་རྣམས་དང་ནི་མཉམ་པ་ཉིད།། སེམས་ཅན་རྣམས་ལ་བརྩེ་དོན་དུ།། དཀྱིལ་འཁོར་ཁྱོད་ཀྱིས་ཆོ་ག་ཡིས།། རབ་ཏུ་འབད་པས་བྲི་བར་བྱ།། རྒྱུད་ལ་སྒྲུབ་པ་པོ་ཡིས་སྦྱོར།། དེ་ནས་ཇི ་ལྦུ་བ་བཞིན་དུ་མན་ངག་བྱིན་ནས།། དཱུང་བའི་དོན་ལ་སོགས་པ་དང་།། སྦས་པའི་དོན་བསྟན་པར་བྱའོ།། དེ་ནས་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ། གསང་བའི་དཀྱིལ་འཁོར་དམ་པ་ནི།། མཆོག་ཏུ་ཞུགས ་ཤིང་མཐོང་བས་ན།། སྡིག་པ་ཀུན་ལས་རྣམ་གྲོལ་བར།། དེ་རིང་ཁྱོད་ནི་ལེགས་པར་གནས།། བདེ་ཆེན་ཐེག་པ་འདི་ལཱ་སཽ་ནི།། ཁྱོད་ལ་འཆི་འགྱུར་ཡོད་མ་ཡིན།། བདག་ཉིད་ཆེན་པོས་ཐམས་ཅད་རྟོགས།། གང་ལའང་འཇིགས ་མེད་བརྩེ་བར་གྱིས།། ཞེས་སྨྲས་ནས། འདི་བརྗོད་དེ། བྱང་ཆུབ་སེམས་ནི་ངེས་མི་སྤང་།། རྡོ་རྗེ་ཞེས་བྱ་ཕྱག་རྒྱ་གང་།། གང་ཞིག་བསྐྱོད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་ཐེ་ཚོམ་མེད།། དམ་པའི་ཆོས་ལ་སྨད་མི་བྱ།། ནམ་ཡང་སྤང ་བར་མི་བྱའོ།། མི་ཤེས་ཡང་ནི་རྨོངས་པས་ཀྱང་།། གང་ཞིག་དེ་ནི་བཤགས་པར་བྱ།། རང་གི་བདག་ཉིད་སྤང་བ་དང་།། དཀའ་ཐུབ་ཀྱིས་ནི་གཟིར་མི་བྱ།། ཇི་ལྟར་བདེ་བ་བདེ་གཟུང་ནས།། འདི་ནི་སངས་རྒྱས་མ་བྱོན་པ།། རྡོ་རྗེ་དྲིལ ་བུ་ཕྱག་རྒྱ་ཡང་།། ནམ་ཡང་སྦྱང་བཱ་རཱ་མི་བྱའོ།། སློབ་དཔོན་ཡང་ནི་སྨད་མི་བྱ།། འདི་ནི་སངས་རྒྱས་ཀུན་དང་མཉམ།། གང་ཞིག་སློབ་དཔོན་སྨོད་པ་ནི།། བླ་མ་སངས་རྒྱས་ཀུན་མཉམ་པས།། སངས་རྒྱས་ཐམས་ཅད་སྨད་པ་སྡེ་ན།། ་དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ།། དི་རིང་སྐྱོ་བ་འབྲས་བུར་བཅས།། གོ་འཕང་འདིར་ནི་ལེགས་རབ་གནས།། ལྷ་རྣམས་དང་ནི་དམ་ཚིག་མཉམ།། གནས་པར་འགྱུར་བར་ཐེ་ཚོམ་མེད།། ཡིད་ནི་རབ་ཏུ་དགའ་བར་གྱིས།། རྡོ་རྗེ་རང་གི། ་དམ་ཚིག་ལ།། མི་ཟད་བདེ་བ་འདི་དག་བསྟེན།། འགྲོ་བ་བདེ་བ་ཆུང་བ་སྟེ།། དེ་རིང་རྡོ་རྗེ་སེམས་དཔའ་ལྟར།། རྟག་པ་ཉིད་དུ་ཁྱེད་རྣམས་འགྲོ།། དེ་ནས་བླ་མའི་ཞབས་ལ་སློབ་མས་གུས་པ་དང་སྡུག་པས་ཕྱག་འཚལ་ནས།། ཁྱབ ་བདག་ཇི་ལྟར་བཀའ་སྩལ་པ་བཞིན་དུ་ཐམས་ཅད་བགྱིའོ་ཞེས་སྨྲའོ།། དེ་སྐད་དུ་དམ་བཅས་པ་བྱས་པས། སློབ་མ་རྣམས་ཀྱི་ཆོ་ག་འདིས་ཞི་བའི་དོན་དུ་ཆད་པར་འགྱུར་བའི་ཆོ་གས་སྦྱིན་སྲེག་བྱའོ།། དེ་ནས་གཡོན་པའི་ལག་པས ་སློབ་མ་རེ་རེའི་གཡས་པའི་མཐེ་བོང་གཟུང་ནས། མཁས་པས་ཞུན་མར་གྱི་སྲེག་བླུགས་བདུན་གྱིས། བླུགས་གཟར་སྟེང་དུ་བཞག་ནས་བསྐོར་བའི་རིམ་པས་སྦྱིན་སྲེག་བྱས་ནས། དེ་ནས་ཐམས་ཅད་རྣམས་ལས་བླ་མ་སྭ་བླ་ཡོན ་དང་གསེར་དང་དངུལ་དང་རིན་པོ་ཆེ་རྣམས་དང་། རྞྞ་དང་གླང་པོ་ཆེ་དང་། དེ་བཞིན་དུས་རྣམས་བྱུང་བར་བྱའོ།། བླངས་ནས་དེ་ནས་སྔགས་ཀྱི་ལྕུག་མའི་ཆོ་གས་སྟོན་པར་བྱ་སྟེ། དེ་ནས་སྙོམས་པར་འཇིག་པ་ལས་བྱུང་བའི་བྱེང ་ཆུབ་ཀྱི་སེམས་བཟའ་བར་བྱའོ།། དེ་ནས་དཀྱིལ་འཁོར་མཆོད་ནས། སློབ་མ་འདི་སྐད་དུ། ཐམས་ཅད་ཇི་ལྟར་ནུས་པས། དྲི་བཞིན་གཤེགས་པ་ཐམས་ཅད་མཆོད་པ་རཾ་བྱའོ་ཞེས་སྨྲ་བར་བྱའོ།། མྱོས་བྱེད་དང་བཅས་པ ་དང་མྱོས་བྱེད་མ་ཡིན་པའི་བཏུང་བ་དང་ལྡག་པ་དང་བཟའ་བ་དང་བཙའ་བ་རྣམས་ཀྱིས་ཡང་དག་པར་མཆོད་དེ། འདི་དག་ནི་སངས་རྒྱས་ཐམས་ཅད་ཉིད་ཅེས་བྱ་བ་ལ་སོགས་པའོ།། ཡང་རྡོ་རྗེའི་བརྟུལ་ཞུགས་བྱིན་ནས། ་དེ་རྣམས་དང་ལྡན་ཅིག་ཏུམཆུན་མོ་འདྲུག་པས་མཆོག་ཏུ་རངས་མྱུག་དང་རླུང་ལ་བདྨེ་བ་ཆེན་པོའི་བསྒོམ་བྱས་སྤྲུལ་སོགས་པ་གནས་པ་དང་བཟླས་པར་བྷུ།། དེ་ནས་ལ་ག་གསུམས ་དང་བཛྲད་ནས་དཀྱིལ་འཁོར་རང་གི་སྦྲུལ་གཞུག་པར་བྱའོ།། མཱཾ་ཨ་ཀཱ་ཪྵ་ཞེསྭཱ་བྷཱ་བ་ལ་སོགས་པ་དཀྱིལ་འཁོར་གཤེགས་སྨཻ་གསོལ་ནས། གསུང་བའི་དཀྱིལ་འཁོར་ཡང་གོང་མ་བཞིནཱ་གས་ས་ག་མནཔ ་ཚོན་ལ་སོགས་པདྨའི་མཚོར་གཏོར་བར་བྱའོ།། དྷ་གིས་ཕུར་པ་བཏོན་ནས་ཞི་བའི་སྦྱིནྡ་སྲེག་བྱས་ནས་གནས་པར་བྱའོ།། གལ་ཏེ་ད་ལ་དབབ་པར་འདོད་པ་དེའི་ཆ། དཀྱིལ་འཁོར་དུ་འཇུག་པའི་མཱཊྚར་ཇི་སྐད་དྷེ་བརྗོད ་གས་དབབ་པར་བྱའོ།། རབ་ཏུ་གནས་པ་ལ་སོགས་པ་ཡང་རང་གིས་ཤེས་པར་བྱའོ།། སོའི་ལྷག་པོར་གནས་པ་དང་། ཐིག་གདང་པའི་ཆོ་ག་རྗོད་པར་བྱེད་པའི་ལེའུ་སྟེ་བཞི་བཅུ་རྩ་དྲུག་པའོ།། །། རྡོ་རྗེ་མཁའི་འགྲོའི་རྣམ་པར ་འགྲེལ་པ་ལས་ལེའུ་བཞི་བཅུ་རྩ་དྲུག་པའོ།། །། ད་ནི་ལེའུ་བཅུ་བདུན་པར་མདོར་བསྟན་པ་རྒྱས་པར་བསྟན་པ་ནི། དེ་ནས་ཞེས་བྱ་བོ་ལ་སོགས་པ་གསུང་སོ།། བཅུ་བདུན་པར་ནི་ཁྱོད་གསུངས་པ་ཞེས་བྱ་བ་ནི། ཁྱོད ་ཉིད་ཀྱིས་བཤད་དོ་ཞེས་བྱ་བར་དགོངས་པའོ།། དེ་ཡང་རྫས་ལས་སྐྱེས་པའི་ཕྱི་དང་ནང་གི་དབྱེ་པས་ཕྱེ་བ་བཤད་པ་ཡང་གོང་མ་ཉིད་དོ།། བཙུད་ཀྱིས་ལེན་གྱི་རྫས་ཀྱི་སྡེ་ཚན་ཏེ་དེའི་ལྷག་པར་བྱེད་པ་ནི་གནས་སྐབས་སོ།། དེ་ཉིད་ཀྱི ་ཆོ་ག་ཞེས་བྱ་བ་ནི། ཆོ་གར་བྱེད་པའོ།། གང་ལ་རྗོད་པར་བྱེད་པ་དེ་ཡང་འདིའི་ལེའུ་ཞེས་བྱ་བ་དེ་ནི་དེ་བཞིན་ཏེ། བཞི་བཅུ་རྩ་བདུན་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལེའུ་བཞི་བཅུ་རྩ་བདུན་པའོ།། ། ་སྦྱིན་སྲེག་གཽ་ཐབ་ཁུང་གི་ཚོད་ལ་སོགས་པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གླང་གི་ལས་ཇི་ལྟ་བུའི་ཐབ་ཁུང་གི་ཚད་དང་གདན་དང་། ཡུམ་ཤིང་ལ་སོགས་པ། དེ་ངེས་པར་བྱེད་པའི་དོན་གྱི་ལེའུ་འདི ་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ།། ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་རྫས་རྣམས་ཀྱི་གསང་བའི་དོན་གྱི་ཡུལ་ཏཱ་ཐབས་ཁུང་ལ་སོགས་པའི་མཚན་ཉིད་དེ། དེས་སྦྱིན་སྲེག་གི་ཆོ་གྲོའོ།། དེ་རྗོད་པར་བྱེད་པའི ་ལེའུ་སྟེ། བཞི་བཅུ་རྩ་བརྒྱད་པའོ།། །། རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པ་ལས་ལྡེའུ་བཞི་བཅུ་རྩ་བརྒྱད་པའོ།། །། ཤིན་ཏུ་རྒྱས་པར་བསྟན་པས་བཅུད་ཀྱིས་ལེན་རྟོགས་པར་བྱ་བའི་ཕྱིར། གྲཝར་མཛད་ནོས་ཞེས ་བྱཱ་བ་ལཱཾ་སོགས་པ་གསུངས་སོ།། དེའི་ཞེས་བྱ་བ་ལ། རྫས་རྣམས་ཀྱི་ཞེས་བྱ་བ་ནི། ཞུ་བས་སེམས་ཅན་གྱི་རིམྦྷ་གྲོ་བྱེད་པའི་ཕྱིར་རྫས་རྣམས་ཏེ། སྨན་རྣམས་སོ།། སྐྱེས་བུ་དང་བུ་མྱོང་རྣམས་ཀྱིས་གཟུང་བ་ནི་སེམས་ཅན་ནོ།། ་མཚན་ཉིད་ནི་འཇམ་པོ་ལ་སོགས་པའོ།། རང་བཞིན་ཞེས་བྱ་བ་ནི། སྐམ་ལས་སྐྱེས་པ་དང་ཆུ་ལས་སྐྱེས་པ་ལ་སོགས་པའི་དབྱེ་བས་རྣམ་པ་སྣ་ཚོགས་པའོ།། རྫས་ཀྱི་མཚན་ཉིད་ཡོན་ཏན་ལྡན་ཞེས་བྱ་བ་ནི། རྫས་རྣམས་ཀྱི་མཚན ་ཉིད་ཀྱི་ཡོན་ཏན་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ།། ཡང་ནི་ཞེས་བྱ་བ་ནི། མདོར་བསྡུས་པ་ལ་སོགས་པ་བསྟན་པའི་ཕྱིར་རོ།། བྱའོ་ཞེས་བྱ་བ་ནི། རྫས་ཀྱི་སྦྱོར་བའོ།། སྣུམ་པའི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ ་སྐྱ་བོ་དྲོང་དམ་སྣུམ་པ་ཉིད་ཅེས་བྱ་བ་ནི། བུད་མེད་དང་སྐྱེས་བུ་དག་གི་རང་བཞིན་ནོ།། གཟིངསུ་ལྟ་བུ་ཞེས་བྱ་བ་ལ། གཟིངས་ནི་གྲུའོ།། འཁྱུད་པ་ཞེས་བྱ་བྱ་ནི་འོ་ལ་སོགས་པར་ཤ་ས་པར་བྱའོ།། རྗེས་སུ་མཐུན་པར་འཁྱུད ་པོས་གཟུང་ཞེས་བྱ་བ་ནི། གང་གཽ་གང་ཞིག་འཁྱུད་པ་དོ་ནི་རྗེས་སུ་མཐུན་པ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་འཁྱུད་པ་དང་། འོ་དང་། སེན་མོ་དང་། སོས་གཅོད་པ་དང་། འདར་བ་དང་། སིཾ་ཏ་བྱས་པ་དང་། སྐྱེས་བུའི་བྱ ་དང་རྭ་སྟེང་དུ་གནས་པ་ཅན་རྣམས་ཏེ། རྣམ་པ་བརྒྱད་དུ་བརྟགས་པའི་དབྱེ་བས། བརྒྱད་བརྒྱད་དེ་དྲུག་བཅུ་རྩ་བཞི་ཞེས་ཟེར་རོ།། དེ་ལ་གདོད་དང་པོས་འགྲོ་བས་ལུས་ལ་རེག་པ་ན། རེག་པ་ཅན་ཞེས་བྱ་བའི་ཁྱད་པའོ།། ་དེ་བཞིན་དུ་གདོང་དྲུང་པོས་འགྲོ་བཱ་ན་རབ་ཏུ་སྦྱར་བར་ཟུར་གྱིས་ལུས་ལ་རེག་པ་ཙམ་གྱིས་རེག་ཅན་ཞེས་ཟེར་རོ།། ཉེ་བར་འདུག་གནས་བདག་པོ་ལེ་ནུ་མ་དག་གིས་འབིག་པར་བྱ་བ་དང་། བདག་པོས་ཀྱང་དེ་གཟུང་བར་བྱ ་ཞེས་བྱ་བོ་ནི་འབིགས་པ་ཅན་ནོ།། དེ་བཞིན་དུ་ཡང་། རབ་ཏུ་སྦྱར་པའམ་ཉེ་བར་འདུག་པ་དབེན་པར་ཅུང་ཟད་བཟུང་ནས། འོ་མ་འཛིན་པས་ཡང་དག་པར་གཟིར་བར་བྱ་བ་དང་། བདག་པོས་ཀྱང་དེ་ཀུན་ཏུ་གཟིར་བྱའོ་ཞེས་བྱ་བ་ནི། ་འབིགས་པ་ཅན་ཞེས་ཟེར་རོ།། ཕན་ཚུན་དུ་ལུ་སྭ་ཉེ་བར་འདར་བ་ཅན། ཉེ་བར་འདར་བ་ཅན་ནོ།། དེ་བཞིན་དུ་ཡང་། དེ་གཉིས་ཤིན་ཏུ་ཡུན་རིང་བ་མ་ཡིན་པར་འཇུག་པ་དང་། སྨྲ་བ་དག་དེ་དང་ཡོད་དེ། སྐྱེ་བོའི་ཚོགས་སམ་དཔོན་པར ་དལ་གྱིས་འགྲོ་བ་ན། ཤིན་ཏུ་ཐུང་བ་མ་ཡིན་པའི་དུས་སུ། ཕན་ཚུན་གྱི་ལུས་རྣམས་ཀྱི་ཉེ་བར་བདར་པ་ནི། ཉེ་བར་བདྲར་བ་ཅན་ཞེས་ཟེར་རོ།། དེ་ཉིད་རྩིག་པ་ལ་སོགས་པ་ལ་སོས་འདེབས་པར་བྱེད་པའི་ཕྱིར་གཟིར་བ་ཅན་ནོ།། དེ ་བཞིན་དུའང་དེ་ཉིད་རྩིག་པོ་ལ་སོགས་པ་ལ་སོས་ཀ་བ་ལ་སོས་མཉམ་པར་སྦྱོར་བ་ལྟ་བུར་གཟིར་བར་བྱེད་པའི་ཕྱིར་གཟིར་བ་ཅན་ཞེས་ཟེར་རོ།། འཁྲིག་ཤིང་འཁྲིལ་པ་ལ་སོགས་པ་བཞི་བསྟན་པར་བྱ་སྟེ། ཤིང་ལ་འཁྲིལ ་ཤིང་ལྟ་བུར་བདག་པོ་ལ་འཁྱུད་པ་དང་། དེའི་ཁ་ལ་འོའི་དོན་ཏུ་སི་ཏ་དང་བཅས་པར་དགུགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི། འཁྲིལ་ཤིང་འཁྲིག་པ་ཅན་ནོ།། དེ་བཞིན་དུ་ཡང་འཁིཀ་ཤིང་ས་ལ་འཁྲིལ་བར་བྱ་བ་དང་འོའི་དོན་དུ ་བདག་པོའི་ཁ་དགུག་པར་བྱ་དང་། སི་ཏ་ཆུ་རུ་བྱས་པ་འམ། དེ་ལ་གནས་ནས་ཅུང་ཟད་ཞུ་བ་ཅན་དུ་བལྟ་བར་བྱ་བ་ནི།། འཁྲིལ་ཤིང་འཁྲིལ་བ་ཅན་ཞེས་ཟེར་རོ།། རྐང་པ་གཅིག་གིས་རྐང་པ་མནན་ནས་བཱ་དག་པོའི་གཉིས་པའི ་བརླའི་ཕྱོགས་ཅིག་མནན་པོར་བྱ་བ་དང་། མཆོག་གི་སི་ཏ་དང་ལག་པ་གཅིག་གིས་ལྟག་ཁུང་ནས་འཁྱུད་པ་དང་གཉིས་པས་འོའི་དོན་དུ་ཡན་ལག་ནས་འགུགས་པར་བྱེད་པ་ནི། ལྷག་པར་ཞོན་པའི་ཕྱིར་ཤིང་ལྷག་པར་ཞོན་པའོ ་དེ་བཞིན་དུ་ཡང་རྐང་པས་རྐང་པ་མནན་ནས་གཉིས་པས་བརླའི་ཕྱོགས་ཅིག་གནོན་པར་བྱེད་པ་དང་། ཅུང་ཟད་རྔམ་པ་རྒོད་པ་དང་གྲུང་བ་དདྱ་སི་ཏ་བྱས་པ་དང་སྒྲ་མཱི་གསལ་བ་དང་། འོའི་དོན་ཁོ་ནར ་ཞོན་པར་འདོད་པའི་ཕྱིར་ཤིང་ལ་ལྷག་པར་ཞོན་པ་ཅན་ཞེས་ཟེར་རོ།། མལ་དུ་ཕྱིན་པོས་མཚམས་མེད་པར་ཉལ་བའི་ཕྱིར་ཏིལ་དང་འབྲས་ལྟ་བུའོ།། དེ་བཞིན་དུ་ཡང་མལ་དུ་ཕྱིན་པས་བྲང་འཛིན་ཅིང་ཟ་བ་དང་། ་བསྐྱོད་པ་དང་བཅས་པ་དང་། རངས་པ་དྲང་བཅས་པ་ལྟ་བུར་གང་ཞིག་དམ་པར་ཉལ་བ་དེ་ནི་ཏིལ་དང་འབྲས་ལྟ་བུ་ཅན་ནོ།། འདོད་ཆགས་ཀྱིས་ལྗོངས་པས་ཕན་ཚུན་རྗེས་སུ་ཞུགས་པ་ལྟ་བུའི་ཕྱིར་ཆུ་དང་འོ་མ ་ནོ།། དེ་བཞིན་དུ་ཡང་། འདོད་ཆགས་ཀྱིས་ལྗོངས་པ་ལྟོས་པ་མེད་པས་གང་དང་གང་ཞིག་ཕན་ཚུན་དུ་རྗེས་སུ་ཞུགས་པ་ལྟ་བུར་ཉེ་བར་འདུས་པའི་ཕྱིར། བདེ་བ་ལ་འདུག་པ་ན། མལ་དུ་ཕྱིན་པའི་ཕྱིར་ཆུ་དང་འོ་མ ་ཅན་ནོ་ཞེས་ཟེར་རོ།། འཁྱུད་པའི་རྣམ་པ་གཞན་ནི། གཞུང་མངས་སུ་དོགས་པས་མ་བྲིས་སོ།། དྲིས་པ་དེ་བཞིན་དུ་བསྟན་པ་ཡང་ཉོན་ཅིག། འཁྱུད་པའི་ཆོ་ག་ཐམས་ཅད་མི་རྣམས་ཀྱི་ཡུན་རིང་པོས་དྲི་སྐྱེ་བར ་འགྱུར་བའོ།། ཡོངས་སུ་བརྩམ་པའི་ཆོ་ག་བྱ་སྟེ། ཕུ་རོན་ལྟ་བུར་འོ་དང་མ་མཆུ་དང་། སྐྲ་ནས་གཟུང་བ་དང་འཇིབ་པ་ཞེས་བྱ་བ་ལ། ཕུ་རོན་ལྟ་བུ་ཞེས་བྱ་བ་ནི་ཕུ་རོན་ཉིད་ལྟ་བུར་ཡང་དང་ཡང་བྱེད་པའི་ཕྱིར། མགྲི ་པའི་ནང་དུ་ཕུ་རོན་གྱི་སྒྲ་ལྟ་བུར་སྐད་ཅིག་ལ་བྱེད་པའི་ཕྱིར་དང་། ཕུ་རོན་ལྟ་བུར་འོ་བྱེད་པ་ཞེས་བྱ་བར་རྟོགས་པར་བྱའོ།། མ་མཆུ་གཟུང་བའི་མཐའ་རུ་ལྗོན་ཤིང་བཞིབ་པ་དང་། སྐྲ་ནས་གཟུང་བཱ་ཁོ་ན་འབའ་ཞིག ་ཅེས་བྱ་བའི་དོན་ཏེ།། སོན་མོའི་རྨ་ཞེས་བྱ་བ་ནི། འདོད་ཚོགས་འཕེལ་བའི་དོན་དུ་དེ་ཡང་ཁྱད་པར་དུ་དང་པོ་འང་བ་ལ་སོགས་པ་ན་སེན་མོས་བྲི་བར་བྱའོ།། དེ་བཞིན་དུ་ཡང་འདོད་ཆགས་འཕེལ་བའི་ཕྱིར་རངས་པའི ་བདག་ཉིད་དང་བཅས་པས་དེའི་དང་པོར་མཉམ་པར་སྦྱོར་བ་ན་སེན་མོས་བྲི་བར་བྱའོ།། འགྲོན་དུ་འགྲོ་བ་དང་། ཕྱིར་ལོག་པ་དང་། ཁྲོས་པ་དང་། འགྲའ་བ་དང་། བཟའ་བ་ན་རབ་ཏུ་སྦྱར་ཞེས་ཟེར་རོ།། རྟག་ཏུ་མ་ཡིན་པ་དང་། གཏུམ ་པའི་ཤུག་མཱ་ཡིན་པ་དག་ཏུ་དེ་བཞིན་དུ་དེ་བདག་གི་དབང་དུ་གྱུར་པ་ན་སྤོས་གཅོད་པས། དྲལ་བ་མ་ཡིན་པ་ལ་སོགས་པ་དང་སེན་མོ་འདེབས་པ་ལ་སོགས་པ་རྣམ་པ་བརྒྱད་དོ།། དྲིལ་བ་མ་ཡིན་པ་དང་ཟླ་བ་ཕྱེད་པ་དང་དཀྱིལ ་འཁོར་དང་རི་མོ་དང་། སྟག་གི་སྡེར་མོ་དང་། རྨ་བྱའི་རྐང་པ་དང་། རི་བོང་གི་ཤུགས་དང་། སུ་ཏྤ་ལའི་འདབ་མ་ནྱན་ཞེས་བྱ་བའོ།། འགྲམ་པའི་ཕྱོགས་གཙུག་གམ། ནུ་མ་དག་གཱ་མཽ། ལ་ཆུ་ལ་ཆུང་ངུན་དུ་བྱེད་པ་དང་། རི་མོ་མི་གསལ ་བར་རེག་པ་ཙམ་གྱིས་སྐྱེས་པ་དང་། བ་སྤུ་ལྡིང་བྱེད་པ་དང་། སྔགས་དང་སེཾན་ཟེ་རོ་ཚོགས་ཀྱིས་བུ་མོ་ལ་སྦྱོར་བ་ན། འབྲས་ཀྱི་ས་པའི་ཕྱེད་ཀྱི་ཚད་ཀྱིས་སྒྲས་དྲིལ་བ་མ་ཡིན་པ་ཅན་ནོ།། དེའི་མགོ་བོར་འཕྲུག་པ་དང་། འཛེག་པ ་དང་། ཕུང་པོ་འབྱེད་པ་དང་། ཕུང་རྣམ་པར་དཀྲུགས་པ་དང་། འཇིགས་པ་ལ་རབ་ཏུ་སྦྱར་རོ།། མགྲིན་པ་དང་ནུ་མའི་སྟེང་དུ་ཡོན་པོར་སེན་མོ་གནས་སུ་བཏབ་པ་ནི། ཟླ་བ་ཕྱེད་པའོ།། དེ་དག་གཉིས་ཕན་ཚུན་དུ་ཁཱ ་སྤྲད་པ་ནི་དཀྱིལ་འཁོར་རོ།། ལྟེ་བའི་རྩ་བ་དང་། ནུ་མ་དང་། ཀུན་ཏུ་རུ་དང་། བྲག་གི་གནས་རྣམས་དང་ཐམས་ཅད་ཀྱི་གནས་སུ་རིང་པོ་མ་ཡིན་པ་ནི་རི་མོའོ།། དེ་ཉིད་ཡོན་པ་ནི་སྟག་གི་སེན་མོའོ།། ནུ་མའི་སྟེང་དུ་ཆ་ཤས་རྣམས་ཀྱི། ་ཀྱང་སེན་མོ་རྣམས་ཀྱིས་རྗེས་མཚན་ཁུང་ནས་ཁྭ་བལྟས་པ་རྨ་བྱའི་རྐང་པ་ཅན་ནོ།། དེའི་ཡང་དག་པ་རབ་ཏུ་སྦྱོར་བ་འདོད་པ་ལ། ནུ་མ་དང་མཆན་ཁུང་གི་གནས་སུ། སེན་མོ་ལྔ་ཅུང་ཟང་བྱས་པ་ནི་རི་བོང་གི་ཤུགས་ཅན་ནོ།། ནུ་མའི ་སྟེང་དང་སྐ་རིགས་ཀྱི་ལམ་དུ་ཨུཏྤ་ལའི་འད་བ་མའི་དབྱིབས་ནི། ཨུཏྤ་ལའི་འདབ་མ་ཅན་ནོ།། གཞན་ཡང་བྲང་དང་ནུ་མའི་སྟེང་དུ་འགྲོན་དུ་འགྲོ་བ་ན་དྲན་པར་བྱེད་པ་ཅན་གྱི་ཚོགས་ཀྱི་རི་མོ་གསུམ་དང་བཞིའོ།། སེན་མོའི་ཁྱད་ཀྱི་དགོས ་པཾ་ནི་རིང་པོ་ན་འོ་འཛིན་པ་ལ་སེན་མོའི་རྗེས་ཀྱི་ལང་ཚྭ་ལ་བབ་མ་མཐོང་ན་མང་དུ་ནི་གཞན་གྱི་ཡང་འདོད་ཆགས་ཀྱི་སྦྱོར་བ་སྐྱེ་བར་འགྱུར་ཏེ། སྐྱེས་བུའི་ཡང་ཕྱོགས་ཅིག་ལ་སེན་མོ་དང་སོ་ཡིས་བཏབ་པ་ན་བཙུན་མོ་སེམས་གནས ་པ་ཡིད་ཕལ་ཆེར་སེམས་གཡོ་བའོ།། དྲལ་བ་ཞེས་བྱ་བ་ནི། སོ་སྟེ་དེ་རྣམས་ཀྱིས་བསྣུན་པའོ།། དེས་དྲལ་བ་མ་ཡིན་པ་ཞེས་བྱ་བ་ནི། དྲལ་བ་མ་ཡིན་པ་ཅན་ཏེ། དེའི་ཉེ་བར་མཚན་པའི་ཕྱིར་སྤྱི་ཤུས་པ་ཡང་ངོ་།། དེ་བཞིན་དུ་ཡང་། སྤྱི ་ཤུས་པ་དང་ཅུང་ཟད་སྐྲངས་པ་དང་། བྱུ་ར་རུའི་ནོར་བུ་དང་ནོར་བུའི་ཕྲེང་བ་དང་། ཐིག་ལེ་དང་། ཐིག་ལེའི་ཕྲེང་བ་དང་། སྤྲིན་གྱི་དུམ་བུ་དང་། ན་ཆུང་མཛེས་པས་བཏབ་པ་ཞེས་ཟེར་རོ།། དྲལ་པར་བརྟགས་པའོ།། འདོང་ཆགས་ཙམ་གྱིས ་བསྒོམས་པས་ཤིན་ཏུ་དམར་བར་གྱུར་པ་ན་སྐྱི་ཤུས་པ་ཅན་ཞེས་བྱའོ།། དེ་ཉིད་གཟིར་བ་ལས་ཅུང་ཟད་སྐྲངས་པ་སྟེ། དེ་གཉིས་ཀྱི་ཐིག་ལེ་མ་མཆུའི་དབུས་སུ་ཅུང་ཟད་སྐྲངས་པ་ཅན་ནོ།། བྱུ་རུའི་ནོར་བུ་ཡངང་མཁུར་བའི་ལྐོག་ཏུ ་མཆུ་དང་སོའི་ཡང་དག་པར་སྦྱོར་བ་དགེ་ལས། རྒོང་པ་ནི་བྱུ་རུའི་ནོར་བུ་ཞེས་བྱ་བར་གྲུབ་པོ།། ནོར་བུའི་ཕྲེང་བ་ནི། ཉུང་ངུའི་ཕྱོགས་གྲཅིག་ཀྱང་སོ་གཉིས་ཀྱིས་ཟིན་པའི་ཐིག་ལེར་གྲུབ་བོ།། ཐམས་ཅད་ཀྱིས་ཐིག་ལེའི་ཕྲེང་བ་ལ་སྟེ། ་དེའི་ཕྱུང་བ་གཉིས་ཀྱང་མགྲིན་པ་དང་མཆན་ཁུང་དང་། བྲང་གི་ཕྱོགས་ཅིག་དང་དཔྲལ་པའི་སྟེང་དུ་ཐིག་ལེའི་ཕྲེང་བའོ།། སྤྲིན་གྱི་དཀྱིལ་འཁོར་ལྟ་བུ་རཱ་ནུ་མའི་སྟེང་དུ་དེ་མི་མཉམ་པར་བརྩེགས་པ་དང་། ལྡན་པ་ནི་སྤྲིན་དུམ་བུ ་ཅན་ནོ།། མཆན་ཁུང་གི་གནས་སུ་སོས་རབ་ཏུ་རིང་པོ་ལ་སོགས་པའི་ཚོགས་ཀྱི་ཆར་རླུང་ངུ་ཟངས་ལྟ་བུ་ནི་ན་ཆུང་མཛེས་པས་མནན་བྱའོ།། རཱ་མའི་སྟེང་ཉིད་དུ་དེ་གཉིས་ཀྱི་རང་གཏུམ་པའི་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པའོ།། ་གནས་རྣམས་ནི། མཚན་ཁུང་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡང་ཇི་ལྟར་འབྱུང་བའོ།། མཇུག་མ་དང་ཞེས་བྱ་བ་ནི། རོ་སྨད་དོ།། ནུ་མ་ཉེད་པ་ལ་སོགས་པ་ཞེས་བྱ་བ་ནི། སི་ཏ་ལ་སོགས་པ་སྟེ་དེ་ཡང་སྔོན་དུ་འགྲོ་བ ་ཅན་ནོ།། དེའི་ཞེས་བྱ་བ་ནི། གང་ཞིག་གང་གིས་ཤིན་ཏུ་གནས་པ་དེའི་ཞེས་བྱ་བའི་དོན་ཏོ།། སོ་སོར་རྣམ་པ་བརྒྱད་ཅེས་བྱ་བ་ནི། འཁྱུད་པཱ་དང་། འོ་དང་སོ་དང་། སེན་མོས་གཅོད་པ་དང་། འདར་བ་དང་སི ་ཏ་བྱས་པ་དང་། སྐྱེས་བུའི་བྱ་བ་དང་། སྟེང་དུ་གནས་པ་རྣམས་སོ།། སོ་སོར་རྣམ་པ་བརྒྱད་དེ། དེ་ནས་དྲུག་ཅུ་རྩ་བཞི་རྣམ་པའོ།། གཞུང་མངས་སུ་དོགས་པས་མ་བྲིས་སོ།། ཡ་མཆུ་ལ་སོགས་པ་སྤངས་ནས། འོའི་ཇི་སྙེད་པའི ་གནས་དེ་སྙེད་སོ་རྣམས་ཀྱི་ཡང་སྟེ། དེ་བཞིན་དུ་ཡང་ཡེ་མཆུ་ན་ས་ནང་གི་བཞིན་མིག་གི་བར་དུ་སྤངས་ནས་འོ་བཞིན་དུ་སོའི་གནས་རྣམས་སོ།། འདོད་ཆགས་ཀྱི་སྦྱོར་བ་ལས་འོ་ལ་སོགས་པ་སྔོན་མ་དང་ཕྱི་མ་ཡོད་པ་མ ་ཡིན་ནོ་ཞེས་ཟེར་རོ།། དེ་བཞིན་དུ་ཡང་འོ་དང་སེན་མོ་དང་། སོས་གཅོད་པ་རྣམས་ཀྱི་འདོད་ཆགས་ཀྱི་སྦྱོར་བ་ལས་སྔོན་མ་དང་ཕྱི་མ་ཡོད་པ་མ་ཡིན་ནོ།། སྔར་གྱི་ཡང་དྲག་པར་ཏུ་སྦྱོར་བ་ལས། འདི་རྣམས་ཀྱི་རབ་ཏུ་སྦྱོར་བ་ནི་ག ་བོའོ།། རྡེག་པ་དང་སི་ཏ་བྱས་པ་དག་ནི་རབ་ཏུ་སྦྱོར་བ་ལ་ཐམས་ཅད་ཐམས་ཅད་དུ་འདོད་ཆགས་ཀྱི་བལྟོས་པ་མེད་པའི་ཕྱིར་རོ་ཞེས་འདོད་པའི་བསྟན་བཅོས་ཀྱི་གཞུང་ལ་ས་ཟེར་རོ།། འདི་དག་ཐམས་ཅད་ཀྱང་ཡུལ་གྱི ་རང་བཞིན་དང་མཐུན་པར་ཤེས་པར་བྱ་སྟེ། དེ་ཡང་མ་སྨྲས་ཏེ་གཞུང་མངས་སུ་དོགས་པའི་ཕྱིར་རོ།། རྨ་དང་རྨ་མེད་པ་ཇི་སྙེད་པའོ་ཞེས་བྱ་བ་ནི། རྨ་དང་རྨ་མེད་པས་སེན་མོའི་རྗེས་ཇི་སྙེད་པ་དེ་སྙེད་པའི་འོ་ལ་སོགས ་པ་བརྒྱད་བརྒྱད་དོ།། འཇམ་པོའི་རྨ་དང་ཞེས་བྱ་བ་ནི། ཅུང་ཟད་དོ།། གང་ཞིག་ལྕགས་ཀྱུའི་རྣམ་པ་དེ་ནི། དྲུལྔ་པ་མེད་པ་ཅན་དུ་སྦྱར་བར་བྱའོ།། མཇུག་མ་དང་མཚན་འཇམ་པའི་རྨ་བྱ་ཞེས་བྱ་བ་དེ་ནི་དྲལ་བ་མ་ཡིན་པ ་ཞེས་བྱ་བའོ།། ཁུང་དང་རྒྱུ་བ་རྣམས་སུ་ཞེས་བྱ་བ་ནི། འདི་རྣམས་སུ་འམ་གཞན་རྣམས་སུ་ཤེས་པར་བྱའོ་ཞེས་དགོངས་པའོ།། བྷ་ག་དང་སྤྱི་བོ་ལ་སོགས་པར་རྨ་མི་བྱའོ་ཞེས་བྱ་བ་ནི། འོ་ལ་སོགས་པ་དང་བྷ་ག་དང་མིག་གི ་མཐའ་དང་། ཁ་རྣམསུ་ཞེས་བྱ་བར་དགོངས་པའོ།། ལྷག་མ་ནི་གོ་སླའོ།། རྡེག་པས་བསྒྲུབ་པར་བྱ་བ་ཡང་གསེར་ལ་སོགས་པ་ལས་བརྡུངས་པའི་རྡོ་རྗེས་ཡུལ་གྱི་རང་བཞིན་དང་མོ་ཐུན་པར་ཤེས་པར་བྱས་ནས་བསྒྲུབ་པར ་པར་བྱའོ།། འདོད་པས་སན་མོ་དང་ཁའི་ལས་དང་འཆི་བའི་ཁྱད་པར་ཡང་རིག་པ་ཅན་རྣམས་ཀྱིས་དགའ་བའི་བསྟན་བཅོས་ལ་ལྷག་པར་བསླབ་པར་བྱའོ།། འདི་རེ་ཞིག་སྨྲས་པ། ཁྱོགས་དང་ཞེས་བྱ་བ་ལ་སོགས་པས་བཤ ་དོ།། ཇི་སྙེད་པ་སྟེ། བསྟན་བཅོས་ཐམས་ཅད་དུ་བྱེད་པའི་ལུགས་ཞེས་བྱ་བ་ནི། དགའ་བའི་བསྟན་བཅོས་རྣམས་ལ་བྱེད་པ་ཇི་སྙེད་པ་དེ་སྙེད་དཔལ་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་རབ་ཏུ་སྦྱར་བར་བྱའོ་ཞེས་བྱ་བར་དགོངས་པའོ།། ་དེ་བཞིན་དུ་ཡང་ཕྱེ་བ་ཅན་དང་། གནོན་པ་དང་དབང་མོ་ཞེས་ཟེར་ཏེ། གསུམ་དུ་ཤེས་པར་བྱའོ།། ཕལ་ཆེར་ནི་མགོ་བོ་སྨད་པས་སྟེང་དུ་བྱིན་པ་གཉིས་བྱས་པ་ཞེས་བྱ་བ་ནི། ཕྱེ་བ་ཅན་ནོ།། དེ་ལ་དོར་བ་ལས་དམན་པ་མ་ཡིན་པ ་དང་། སྟོབས་དང་ལྡན་པ་བྱོལ་སོང་གི་ཉལ་བས་འཛིན་པ་ཞེས་བྱ་བ་ནི། གནོད་པ་ཅན་ནོ།། ངོས་དག་ཏུ་བརླ་མཉམ་པར་བཀོད་ནས། དྲོས་དག་ཏུ་པུས་མོ་བཞག་པ་ལས། གོམས་པའི་རབ་ཏུ་སྦྱོར་བའི་ཕྱིར ་དེ་ནི་དབང་པོ་མའོ།། དེ་དག་གིས་ཆེས་དམན་པའི་དགའ་བ་ཡང་ཡོངས་སུ་བཟུང་ངོ་།། མཉམ་པར་སྦྱོར་བས་དམན་པའི་འདོད་པ་ཡོངས་སུ་གཟུང་ངོ་།། འདིས་ནི་ཆེས་མནན་པའི་དགའ་བའང་ཞེའོ།། མཉམ་པར་སྦྱོར་བ ་ཅན་དང་གཟིར་བ་ནྡན་དང་། རྒོད་མ་ཙནྡ་ཞེས་བྱ་བ་ནི། གླང་པ་ཅན་རྣམས་ཀྱིའོ།། གཉིས་ཀྱི་རྐང་པ་གཉིས་དྲང་པོར་བརྐྱང་བ་ནི་མཉམ་པར་སྦྱོར་བ་ཅན་ཏོ།། དེ་ནི་རྣམ་པ་གཉིས་ཏེ། ངོས་ཀྱི་མཉམ་པར་སྦྱོར་བ་དང་ཞེའོ།། ་དེ་བཞིན་དུ་ལས་ཀྱི་སྦྱོར་བ་ལས་ངོས་ཀྱི་མལ་གཡས་པར་སྐྱེས་མ་ཉལ་བ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་སྙད་དོ།། མཉམ་པར་སྦྱོར་བས་རབ་ཏུ་ལྡན་པ་ཉིད་དུ་བརྟན་པར་བརླ་གཟིར་བར་བྱའོ་ཞེས་བྱ་བ་ནི། གཟིར་བ་ཅན་ཏེ། ་བརླ་ལྟ་བུར་བལྟ་བར་བྱའོ་ཞེས་བྱ་བཱ་ན་གཱཟིར་བ་ཅན་ནོ།། རྒོད་མྲྀ་བལྟ་བུར་དམ་དུ་འཛིན་པར་བྱེད་པའི་ཕྱིར་རྒོད་མ་ཅན་དུ་གོམས་པར་བྱེདོ་ཞེས་བྱ་བར་དགོངས་པའོ།། འདི་ལྟར་ཡང་ཙ་ཙའི་ཚུལ་གྱིས་ཤིན་ཏུ་དགའ་བ་བཤ ་པར་བྱ་སྟེ། དེའི་ཡང་རྩོད་པའི་བདོག་ཉིད་ཀྱི་ཕྱིར་དང་། འདོད་པའི་གླུའི་རང་བཞིན་གྱི་ཕྱིར་རོ།། དེའི་བརྡེག་པའི་ཡན་ལག་དེའི་གནས་རྣམས་ནི།། རྒྱ་བ་དང་མགོ་བོ་དང་ནུ་མའི་ནང་དང་། རྐང་པའི་ངོས་སུ་ཞེས་བྱ་བ་སྟེ། དེ་ཡང་རྣམ ་པ་བཞིའོ།། ལག་པ་ཕྱིན་ག་ལོག་དང་བརྐྱང་བ་ཅན་དང་དང་ཁུ་ཚུར་དང་། ཐལ་མོ་མཉམ་པར་བརྡེབས་པའོ།། དེ་ལས་བྱུང་བའི་སི་ཏ་བྱས་པ་སྟེ། དེའི་འདོད་པའི་གཟུགས་ཀྱི་ཕྱིར་རོ།། དེ་ནི་རྣམ་པ་དུ་མ་སྟེ། སྒྲ་རྣམས་ནི་ཧཱུཾ་བརྒྱ་དོ།། ་སྒྲོགས་པ་དང་མི་གསྔལ་བ་དུང་དུ་བ་དང་། པཱུ་ཏ་བྱས་པ་དང་ནཱ་ཏ་བྱས་པ་དང་། རང་གི་སི་ཨ་མེ་བཱའི་དོན་དང་། བཟློག་པའི་དོན་དང་། དྲ་གྲོལ་བའི་དོན་དང་། ཨ་ལི་གི་དོན་ཏོ།། ཡང་དག་པར་སྦྱོར་བ་ལས་དཾ་དང་དེའི་དོན་ཏོ།། ཕུ ་རོནར་ལྟ་བུ་དང་། གཞན་གྱིས་གསོས་པ་དང་། ཧ་རྀ་ཏཽ་དང་། ངང་པ་ནིག་པོ་དང་། སྦྲང་རྩི་བྱེད་པ་དང་། ངང་པ་དང་། ད་ཏྱཱ་ཧ་དང་། ལ་བ་ཀའི་སྒྲ་རྣམས་དང་། སེ་ཏ་བྱས་པ་སྟེ། སྲ་ལ་འདུས་གནས་རྣམ་པར་རྟོག་པ་རབ་ཏུ་སྦྱར་བར ་བྱའོ།། ཉེ་བར་འདུས་པ་ན་འདུག་པའི་རྒྱབ་ཏུ་ཁུ་ཚུར་གྱིས་བརྡེགས་པའི་ཁུ་ཚུར་དེ་ལ་དེས་ཐབས་དང་འདྲ་བར་འཁྲུལ་འཁོར་བཀྲོལ་ནས་སྒྲོགས་པ་དང་། ངུ་བ་དང་། སི་ཏ་དང་། མཾ་གསལ་བ་དང་། ཕྱིར་བརྡེག་པ་ཞི་ས་བྱ ་བ་ལ་སོགས་པའོ།། འཇམ་པ་མ་ཡིན་པའི་དངོས་པོར་འགྱུར་པ་ལྔས་དེ་ནས་འཁྲུལ་འཁོར་སྦྱར་བར་བྱའོ།། ཉེ་བར་འབྱིན་པ་ཅན་དང་། བཱསྲུཥྚ་པཾ་དང་བསྐོར་བ་དྲུང་ཀུན་ཏུ་ཉེད་པ་དང་། གཟེར་བཱ་ཅན་དང་། ངེས་པར་བསྣུན་པ ་དང་ཕག་གིས་བསྣུན་པ་དང་། གླང་གིས་བརྡུང་བ་དང་། མཆིལ་པའི་སྒེག་པ་དང་། མཉམ་པར་སྦྱོར་བ་ཞེས་བྱ་བའོ།། ཉེ་བར་འབྱིན་པ་ཅན་ནི། སྐྱེས་བུས་ཉེ་བར་འབྱིན་པ་སྟེ། གཞན་དུ་དྲང་པོ་མ་ཡིན་པར་ཡང་དག་པར་འདྲེས ་པའོ།། བསྒྲུབ་པ་ཞེས་བྱ་བ་ནི། ལག་པས་རྟགས་ཐམས་ཅད་དུ་སྐོར་བར་བྱེད་པའོ།། བརླ་དྲང་པོར་བྱས་ནས་འདུག་སྟེ། དཀྲུག་པར་བྱེད་པ་ནི་སྐོར་བར་བྱེད་པའོ།། དེ་ཉིད་བཟློག་པ་ལས་དགའ་བ་དང་བཟློག ་པ་ལས་དགའ་བ་དང་བཅས་པ་ནི་རྣམ་པར་ཉིད་པའོ།། གཟེར་བ་ནྡན་ནི་རྟགས་ཀྱིས་མཉམ་པར་བསྣུན་ནས་གཟིར་ཞིང་ཡུནྡ་རིང་དུ་གནས་པའོ།། ཤིན་ཏུ་རིང་བར་དྲངས་ཏེ། ཤུགས་ཀྱི་རྐང་པ་ཀུན་ཏུ་བསྒྱུར་བ་ཞེས་བྱ་བ ་ནི། ངེས་པར་བསྣུན་པའོ།། དེ་ཉིད་གཉིས་ལས་རིམ་པས་ནི་གླང་གིས་བརྡུངས་པའོ།། ཡུན་རིང་པོས་ལྟུང་བར་བྱའོ་ཞེས་བྱ་བ་ནི། ཕག་གིས་བསྣུན་པའོ།། ལན་ཅིག་ཡང་དག་པར་འདྲེས་པས་མ་བཏོན་པར་ཡང་།། དེ་ལ་འམ ་དེ་ཉིད་ལ་གཉིས་དང་གསུམ་དང་བཞི་ཞེས་བྱ་བར་དཀྲུག་པར་བྱའོ་ཞེས་བྱ་བ་ནི་མཆིལ་པའི་སྒེག་པའོ།། འདོད་ཆ་གོས་མེད་པ་ཅན་གྱི་བཤིད་པའོ།། མཉམ་པར་སྦྱོར་བ་ནི་བྱེད་པ་སྟེ། དེ་རྣམས་ཀྱི་བུད་མེད་དང་མཉན ་པ་ལས་རྣམ་པར་རྟོག་པས་རབ་ཏུ་སྦྱོར་བའོ།། སྐྱེས་བུའི་བྱ་བ་དང་སྐམ་པ་དང་། བྱང་བ་ཅན་དང་། གར་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་དུ་མ་རྣམས་སོ།། སྐམ་པ་ནི་རྒོད་མོས་ཀུན་ཏུ་འཛིན་པ་ལྟར་འདར་བ་དང་། གཟིར ་ཞིང་། ཡུན་རིང་པོར་གནས་པའོ།། བུང་བ་ཅན་ནོ་འཁྲུལ་འཁོར་དང་ལྡན་པར་འཁོར་ལོ་ལྟར་འཁོར་བར་བྱེད་པ་དང་གོམ་པར་བྱེད་པའོ།། དེ་ལས་གཞན་དུ་གར་དང་ལྡན་པར་རང་གི་རྗེ་ངར་སྟེང་དུ་བཅིང་བར་བྱ་ཞིང་རྐང་པས ་ཁྱོགས་ལྟ་བུར་བྱེད་པ་དང་ཐམས་ཅད་དུ་འཁོར་བར་བྱེད་པའོ།། སྐྱེས་བུའི་བྱ་བ་ཞེས་བྱ་བ་ནི་འཁྲུལ་འཁྲོར་དང་ལྡན་པ་ཉིད་དུ་དཔྲལ་བ་ལ་དཔྲལ་བ་བཞག་མས་ངལ་སྐྱོ་བར་བྱའོ།། ཤིན་ཏུ་དུལ་ན། སྐྱེས་བུའི་ཡང་སྒྱུར་བའོ།། འདོད ་པ་ཅན་གྱི་རབ་ཏུ་བཀབ་པ་དང་རང་བཞིན་གྱིས་ཀྱང་སྦས་པའི་ཡང་དངོས་པོའི་འཇོ་འདི་དངོས་པོ་འགྲེལ་ཅིང་། རང་གི་འདོད་ཆགས་ལས་སྟེང་དུ་མྱུར་བ་རྣམས་སོ།། ཇི་ལྟར་བུད་མེད་ཡོད་པར་གྱུར་པ་དང་། ཇི་ལྟར་རྩེ་བ ་ལ་སྤྱོད་པ་དེའི་འདི་སྙམ་དུ་སེམས་པ་རྣམས་ཀྱིས་དེ་ཐམས་ཅད་ཉེ་བར་མཚོན་པར་བྱའོ།། འདོད་པས་གཡེངས་པ་ལ་མི་བྱ་བ་དང་། རབ་ཏུ་བཙས་པ་ལ་མི་བྱ་བ་དང་། རི་དྭགས་མ་ལ་མི་བྱ་བ་དང་། སྦྲུམ་ལ་མི་བྱ་བ་དང་། བུད ་མེད་ཤིན་ཏུ་བྱ་བ་མང་བ་ལ། སྐྱེས་བུའི་བྱ་བ་སྦྱོར་བར་མི་བྱའོ་ཞེས་བྱ་བ་ལ་སོགས་པའོ།། མང་པོའི་རྣམ་པ་ནི་རང་ཉིད་ཀྱིས་བསྟན་བཅོས་ལས་ཤེས་པར་བྱའོ།། དགའ་བའི་འཁོར་ལོར་ཞུགས་པ་ནཱ་ཞེས་བྱ་བ་ལ། དགའ་བའི ་འཁོར་ལོ་ནི་དགའ་བའི་སྡེ་སྟེ། དགའ་བྱིའི་ཚོགས་སམ་དགའ་བའི་འཁོར་ལོའོ།། དེ་ལ་ཞུགས་པའི་རྣལ་འབྱོར་མ་རྣམས་ཀྱི་བསྟན་བཅོས་སུ་མཛད་པ་དེ་ལས་གསུངས་པ་ཡང་། འོ་ལ་སོགས་པའི་རིམ་པ་གང་ལས་ཤེ་ན། ་དེ་བཞིན་དུ་ཡང་། དགའ་བའི་འཁོར་ལོར་ཞུགས་པ་ན། གནས་ནི་ཡོད་མ་ཡིན་ཞེས་གསུངས་སོ།། ལྷག་མ་ནི་བཤད་པ་དང་འདྲའོ།། རྫུ་འཕྲུལ་དག་གི་ཆ་ཞེས་བྱ་བ་ནི་གསལ་ལོ།། ཆ་ནི་དུམ་བུའི་ཞེས་བྱ་བ་ནི། སྨན་ལ་སོགས་པ ་རྣམས་ཀྱི་ཆུར་འཁྲུལ་འཁོར་ལ་སོགས་པ་སྟོན་དུ་གསུངས་པའི་དངོས་པོ་དང་མཚུངས་པའི་སྦུ་བུ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པས་ནང་དུ་སྦུ་བུའི་རྣམ་པ་སྟེ། དེའི་དབུས་སུ་ཀྱོང་བུའི་ངོས ་ཐམས་ཅད་དུ་ཆུ་སྟེ། སྦུ་བུ་ཡང་སའི་བདག་ཉིད་ཅན་ནོ།། གོང་དུ་བཅུད་བཅིང་བར་གླང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་འདིའི་གོནས་སྐབསུ་བཤད་པར་བྱའོ།། གླང་པོའི་བུམ་པ་ཞེས་བྱ་བ་ནི། གླང་པོའི་སྣའི ་ཁུ་བཱ་ཞེས་བྱ་བ་སྟེ། དེའི་ཁུབཱ་སྭེང་གེའི་རྩེ་བ་ལ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ།། བཅུད་བ་ཞི་ཞེས་བྱ་བ་ནི། བཅུ་རྣམ་པ་བཞི་ཞེས་བྱ་བའི་དོན་ཏོ།། རྣམ་པ་སྨྲས་པ། ཕ་རོལ་སྦྱིན་པ་ནི་དངུལ་ཆུའོ།། མུ་ཟི་ལ་ནི་རིའི་དྲིའོ་ཞེས་བྱ་བ ་ནི། དྲི་དང་ལྗོན་པ་རྣམས་ལ་ནི་རིའི་དྲིའི་སྐྱོན་ནོ་ཞེས་བྱ་བའི་དོན་ཏོ།། ལྗོངྒ་རོས་ལྷ་ནི་དཀར་བ་འདུག་པའོ།། མཱུ་ཏིག་ལཱ་ནི་སེར་སྱ་སྙིང་པོ་མེད་པའོ་ཞེས་བྱ་བ་ནི། བཞུ་པའི་ཞེས་བྱ་བའི་དོན་ཏོ་དུའོ།། བྷུ་རུ་ལ་ནི་སྣུམ་པ་མེད་པའི ་ཞེས་བྱ་བ་ནི། གང་ཞིག་འཚོར་བ་མེད་པོ་དེ་ནི་སྙིང་པོ་མེད་པ་ཞེས་བྱ་བའི་དོན་ཏོ།། མཁར་བའི་སྐྱོན་ནི་ལྷའཾ་པྲཱ་བང་གི་ཚེ་ལོང་དེ་ཞེས་བྱ་བ་ནི། ཕྱེ་མར་འགྱུར་བའི་སྦྲང་བ་ནྡན་ནི་མཁར་བའི་སྐྱོན་ཅན་ཞེས་བྱི་བའི་དོན་ཏོ།། མུ ་མེན་ལ་ནི་ཤི་བ་ཉིད་དོ་ཞེས་བྱ་བ་ནི་མུ་མེན་རིན་པོ་ཆེ་སྣུམ་པ་མེད་པ་སྟེ། དེ་ནི་ཤི་བ་ཞེས་བརྗོད་དོ།། དེ་ཉིད་ནི་སྙིང་པོ་མེད་པའོ།། ནོར་བུ་ལ་ནི་མིགོ་ཕུག་པས་ཕུང་བར་བྱེ་དོ་ཞེས་བྱ་བ་ནི། ནོར་བུ་ཕོག་པས་པས་ནི་ཕུང་བར་བྱེད ་པ་སྟེ། བཞུ་བ་ལ་སོགས་པ་ཞེས་བྱ་བའི་དོན་ཏོ།། གསེར་ལ་ནི་ལྷག་ཅིག་པའི་བདག་ཉིད་ཅན་ཞེས་བྱ་བ་ནི། དངུལ་དང་ཟངས་དང་ལྡན་པས་གསེར་ཕུང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། དངུལ་ནི་འགས་པ་དང་སྲ་བའོ་ཞེས་བྱ ་པ་ནི། དངུ་ལ་འགས་པ་དང་། སྲ་བོ་ནི་སྙིང་པོ་མེད་པའོ།། ཞན་ནི་དཀར་པོ་ལ་ནི་ཡན་ལག་རླག་པར་བྱེད་པའོ་ཞེས་བྱ་བ་ནི། བང་ག་དེ་བཞིན་དུ་བརླག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ཀླུ་ལ་ནི་ལྟོ་འཕྱེའི་རྩེ་བ་ཞེས་བྱ་བ་ལ། ཀླུ་ནཽ ་ཞན་ནེ་སྟེ། དེ་དེ་ལྟ་བུ་ཉིད་ཀྱི་ལྟོ་འཕྱེའི་རྩེ་བ་ཞེས་བྱ་བའི་དོན་ཏོ།། དེ་ཇི་ལྟ་བུ་ཞེ་ན། མི་ཕན་ནོ།། དྲི་མ་མེད་པ་ཞེས་བྱ་བ་ནི། དྲི་མ་མེད་པ་ལ་མི་ཕན་ནོ་ཞེས་བྱ་བའི་དོན་ཏོ།། གཡུ་ལ་ནི་དཀར་པོ་ཞེས་བྱ་བ་ནི། གཡུ་དཀར་པོ་སྟེ། འདི་གཉིས ་ཀྱིས་ཀྱང་བརླག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། མཁར་བ་ལ་སོགས་པས་ཆ་དང་བྲལ་བར་བྱེད་དོ་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་མཁར་བའི་སྦྲང་བུ་ཅན་ལ་སོགས་པ་རྣམས་སོ།། སྔོན་དུ་གསུངས་པའི་སྐྱོན་བཅོམ་པས་ནི།། ་འདི་དག་ཐམས་ཅད་འབྲས་བུ་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱོན་ཞེས་བྱ་བ་ནི་རྣམ་པར་དབྱེ་བ་མེད་པའོ།། ཆོ་ག་ཞེས་བྱ་བ་ལ་སོགས་པ་ནི་འཇུག་ལ་སོགས་པའི་ཆོ་ག་སྟེ། ་བཟང་པོ་ཡིན་ནོ་ཞེས་བྱ་བ་ལྷག་མོའོ།། མ་ལུས་པ་ཞེས་བྱ་བ་ནི། འདི་དག་ཐམས་ཅོད་ལུས་པ་མེད་པ་ཞེས་བྱ་བའི་དོན་ཏོ།། ཞེས་བྱའོ་ཞེས་བྱ་བའི་སྒྲས་ནི་རིན་པོ་ཆེ་བརྟག་པར་རྫོགས་པའོ།། འཚོ་བའི་རྩ་བ་ལ་སོགས་པ་ནི་ཞེས་བྱ་བ ་ལྭ། འཚོ་བ་ནཱི་ཤཱ་ལི་ལས་སྐྱེས་པ་ལ་སོགས་པའོ།། རྩ་བ་ནཱི་སྒྲ་ཅ་ནཱ་ལ་སོགས་པའོ།། འདབ་མ་དྷི་མ་མེད་པ་ནི། དྲི་མ་མེད་པའི་པགས་པ་སེར་པོར་བྱས་པའོ།། དེ་ཅི་ཞེ་ན། ཤཱ་ལི་ལས་སྐྱེས་པ་ནི་ཞེས་བྱ་བ ་གསུངས་པ་ནི། དབྱི་ཞེས་བྱ་བའི་དོན་ཏོ།། ཕག་གཽ་རྣ་བའི་དབྱིབས་ཞེས་བྱ་བ་ནི། ཕེག་གི་རྣ་བའི་དབྱིབས་སོ།། སྐྱེན་མཽ་ལཱ་ཝཱ་སྟཱ་བྱཱ་བཱ་ནི། སེནཱ་མོ་ཙཱནྣ་ཏྭེ་སྤངས་པར་བྱ་བའོ།། ཉ་དང་རྗེ་ས་སྱཱ་དྷི་ད་བཱ་དཱཾ་ཞེས་བྱཾ་བཱ་ནཱི། ཉའི་དྲི་དྭང་དྲིང ་བའོ།། བསྲེགས་པའི་ཐལ་བར་འགྲོ་བ་ཞེས་བྱ་བ་ནི། བ་སྲོགས་པར་གྱུར་པ་ནི་ཐལ་བར་འགྲོའོ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་རི་དྭགས་ཀྱི་སྐྱོན་འདི་ཞེས་གསུངས་ཏེ། རི་དགས་ནི་ཀྲ་རྫིའོ།། སྐྱོན་ནི་ཆེན་པོ་འདི་ཞེས་བྱ་བའི་དོན་། ་ལས་ཐམས་ཅད་ལས་སྐྱེས་པ་ཕྱིན་པ་མ་ཡིན་ནོ་ཞེས་བྱ་བ་ནི། ལས་ཐམས་ཅད་ལ་ཕན་པ་མེད་ཞེས་བྱ་བའི་དོན་ཏོ།། ཁ་དོག་དང་བྲལ~ཾ་བ་ཞེས་བྱ་བ་ལ་སོགས་པས་ནི། ཡུང་བའི་སྐྱོན་གསུངས་ཏེ། ཁ་དོག་དང་བྲལ་བ་ནི ་ཁ་དོག་སྣ་ཚོགས་ཀྱིས་སྦྱོར་བའི་ཕྱིར་རོ།། རཱ་ལ་ནི་ཞེས་བྱ་བཽ་ནི་རུ་རྟའོ།། ཀཀྐོ་ལ་ཞེས་བྱ་བ་ལ་སོགས་པས་ནཽ། ཀཀྐོ་ལའི་སྐྱོན་གསུངས་སོ།། ཛཱ་ཏི་ཞེས་བྱ་བ་ལ་སོགས་པས་ནི། ཛཱ་ཏི་ཕ་ལྔ་སོགས་པའི་སྐྱོན་གསུངས་སོ།། ཨ ་ལཱའི་སྐྱོན་ནི། ཨཾ་ལཱ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྐྱོན་གསུམ་བྱེད་པའོ་ཞེས་བྱ་བ་ནི། རླུང་དང་འཁྲིས་པ་དང་བད་ཀོན་བྱེད་པའོ།། ཕོ་བ་རིས་ཀྱི་རྣམ་པ་དང་སྟེང་དུ་འགྲོ་བ་ཞེས་བྱ་བ་ནི། ཆུ་ལ་གང་ཞིག་སྟེང་དུ་འགྲོ་བ་དེའི་མ ་ནུབ་པར་འགྲོ་བའི་རེ་ཎཱ་ཀཱ་ནི་འགལ་བའོ།། སྔོ་བསངས་མཱ་ལ་ནི་ལྗང་གུ་ཆ་དང་བྲལ་བ་ཞེས་བྱ་བ་ནི། པྲི་ཡང་ཀུ་ལྗང་གུ་ཆ་དང་བྲལ་བ་ནི་འགལ་ལ་ཞེས་བྱ་བའི་དོན་ཏོ།། ཕྲ་བ་ཞེས་བྱ་བ་ལ་སོགས་པས་ནི། གུར་ཀུམ་གྱི་སྐྱོན ་གསུངས་སོ།། དམྱུར་པོ་ལས་སྐྱེས་པ་ནི་གུར་གུམེ་སྟེ་དེ་ལྟ་བུ་ནི་ཐ་མའི་ཞེས་བྱ་བར་མཁས་པས་ཤེས་པར་བྱའོ་ཞེས་བྱ་བ་ལྷག་མའོ།། འཁོར་ལོ་ཞེས་བྱ་བ་ནི་ཤིན་ཏུ་བལྟ་བའོ།། སྲིན་བུ་ཞེས་བྱ་བ་ནི་སྲིན་བུ་ལས་སྐྱེས་བྲི་སྟེ ་སྦྲང་རྩིའི་དོན་ཏོ།། མཛེ་ཅན་སྤྲིན་ཞེས་བྱ་བ་ནི་མུ་སྟ་དང་འཁོར་ལོ་ལ་སོགས་པའོ།། བུམ་པ་ཞེས་བྱ་བ་ནི། ཤུན་པའི་མཐར་སྨན་བསྒྲུབ་པ་སྟེ་ཁུ་བར་བྱེད་པ་ཡིན་ནོ།། ཡང་དེ་ནི་མྱུར་བར་སྤག་པའོ།། རྫ་སྦྱང་བར་བྱ་བ་ནི། སྤྲིན་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། སིངས་པོ་ནི་སྐྱུར་པོ་སྟེ་བཏགས་པར་གྱུར་པས་དག་པའི་སྦྱིན་ནོ།། དུས་ཇི་ཙམ་དུ་བཏག་པ་ཡིན་ཞེ་ན། ཉི་མ་གསུམ་གྱིས་ཞེས་བྱ་བ་ནི་ཉི་མ་གསུམ་ཞེས་བྱ་བ་ནི་ཉི་མ་གསུམ་ཞེས་བྱ་བའི་དོན ་ཏོ།། དེའི་དེ་མ་ཐག་ཏུ་སྦྱང་བར་བྱ་བ་ནཱི། རྙེད་ནས་ཡུལ་ག་དང་། བཙེས་ནཱ་སྣ་ཞེས་བྱ་བ་ནི། ཛྙཱམ་བཱ་དང་ཙུ་ཏ་དྲང་ཀཾ་པདྨི་དང་། མ་དུ་ལུང་ག་དང་། དཔལ་གྱི་འབྲས་བུ་གྲུབ་བོ།། བརྩེ་བ་ཐོབ་པ་ནི་སྤྲིན་དག་པར་འགྱུར་བ་ཞེས་བྱ་བ། ་དགོངས་པའོ།། སི་ཧུ་ཛ་ལ་ཞེས་བྱ་བ་ནི། སི་གྲུ་ཛ་ལའོ།། གཅི་བ་ཞེས་བྱ་བ་ནི་རའི་གཅིན་ནོ།། ཕྱི་ནས་དེ་དག་གིས་ཏེ་འདྲེས་པར་གྱུར་པ་དག་གིས་བཏགས་པས་དག་པར་འགྱུར་རོ།། ཅིར་གྱུར་པས་ཤ་ན། བུ་རམ་སྐམ་པར་བྱ། ་བཅག་པའི་ཕྱེ་མ་ཞེས་བྱ་བ་ནི། གང་ལ་པུ་རཱམ་སྐམ་པོ་དང་། འབྲས་ཀྱི་སོ་བ་ཆུག་པའི་ཕྱེ་མ་དེ་ནི་དེ་བཞིན་ནོ།། དེ་ཅི་ཞེ་ན། དང་པོ་ཞེས་གསུངས་པ་ནི། དང་པོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་སྤྲིན་ཉིད་དོ།། ་ནུ་མ་ནི་ཨ་བ་ཀུ་ཙའོ།། ཡུད་ཞེས་བྱ་བ་ནི་མཚན་མོའི་ཡུང་བའོ།། པི་ཙཱ་ལ་ཞེས་བྱ་བཱ་ནི། སྒོག་སྨྲའོ།། འདི་རྣམས་ཀྱང་སོ་སོ་སོ་སོར་སྔ་མ་བཞིན་དུ་བསྒོས་པའོ།། ཕྱི་ནཱ་ས་མིག་སྨན་མཛེས་པ་དང་། གླུ་རྩི་དང་རཱའི་གཅིན་འདི ་རྣམས་ཆ་མཉམ་པའི་ཁུ་བ་དེས་བསྒོས་པ་དེ་ནི་འཇིག་པར་འགྱུར་ཏོ་འཇིག་པར་མི་འགྱུ་རོ།། འདོད་ཆགས་ཀྱི་སྐྱོན་སི་གྲུའི་ཆུ་དང་། རའི་གཅིན་གྱིས་བསྒོས་པའི་བུ་རམ་སྐམ་པོ་དང་། འབྲས་ཀྱི་ཆག་པའི་ཕྱེ་མ་ཡང ་སྤངས་ནས། མིག་སྨན་མཛེས་པ་དང་རི་དགས་དང་རཱའི་གཅིན་གྱི་ཁུ་བུས་བསྒོས་པུསྟྲ་ཨཱ་བ་ཀུ་ཙ་ལ་སོགས་པོ་གསུམ་པོ་རྣམས་ལ་བྱའོ།། དེ་ཉིད་ནི་མཱིག་སྨན་མཛེས་པ་རི་དགས་ར། ཁྱ་བའི་ཆས་ནི་ལྷན་ཅིག་བསྒོ ་འདི་དག་གསུམ་པོ་འདས་པས་ནི། འདོད་ཆགས་འཇིག་པར་མི་ནུས་སོ་ཞེས་བྱ་བ་སྟེ། སི་གྲཝའི་ཆུ་ལ་སོགས་པ་གསུམ་པོ་འདི་དག་ནི་མི་འཐུང་ངོ་ཞེས་བྱ་བའི་དོན་ཏེ།། དང་པོར་ཞེས་བྱ་བ་ལ་སོགས་པས་ནི། ཁིཊྚ་སིའི་སྤྱ ་བ་གསུངས་པ་ནི། རྣོན་པོས་དང་པོར་ཤཱ་ལི་ཙའི་སྤུ་གཞོམ་མོ།། ཁྱོགས་ཞོན་ཡལ་ག་བབས་པ་གདུང་ཞེས་བྱ་བ་ནི། ཡལ་གའི་ཆུ་རྣམས་ཀྱིས་སྟེང་དུ་ཁྱོགས་ལྟ་བུར་རླངས་པས་གདུང་བར་བྱའོ།། རྩ་བའི་ཆུ་ཞེས་བྱ་བ་ནི།། ་མཛེས་པའི་མིག་སྨན་གྱི་རྩ་བའི་ཆུའོ།། ར་ཞེས་བྱ་བ་ནི། རིའི་ཆུ་སྟེ། ཛ་ཕྱིས་པའི་ཕྱིར། དེ་དང་དེའི་གཅི་བ་དག་གིས་བསྒོས་པའོ།། ལྷག་མ་ཞེས་བྱ་བ་ནི། ཕྱི་མའོ།། རྩར་སོན་ཞེས་བྱ་བ་ནི། མིག་སྨན་མཛེས་པའི་རྩ་བར ་ཕྱིན་པ་སྟེ། གྱིས་ཞེས་བྱ་བ་དང་འབྲེལ་ཏོ།། དྭེ་ཅི་ཞྀ་ན། ཀཽ་ཏ་ཀི་ཁ་སྦྱོར་ཞེས་བྱ་བ་ནཽ། ཀེ་ཏ་ཀིའི་ཁ་སྦྱོར་རོ།། བློའི་ཁྱད་པར་གྱིས་ཞེས་བྱ་བ་ནི། བློའི་ཁྱད་པར་གྱིས་ཀེ་ཏ་ཀའི་ཁ་སྦྱོར་དུ་སོན་པས་ཤཱ་ལི་ཛ་བྱས་ནས་མིག ་སྨན་མཛེས་པའི་རྩ་བསཽ་ཀེ་ཏ་ཀའི་ཁ་སྦྱོར་དཀྲི་བར་བྱའོ་ཞེས་དགོངས་པའོ།། དེ་ལྟར་བྱས་ནས་འབྲུ་མར་རྣོན་པོ་ལ་སོགས་པར་བཙོ་བར་བྱའོ་ཞེས་བྱ་བ་ནི། རྣོན་པོ་ཞེས་བྱ་བོ་ལ་སོགས་པས་གསུངས་ཏེ། རྣོན་པོའི ་མིར་ཁུ་ནི་ཚ་བའི་འབྲུ་མར་རོ།། སིངས་པོ་ནི་རབ་ཏུ་གྲགས་སོ།། རྡོ་རྗེ་ནི་སྟུ་ཧིའོ།། དེ་མ་ནི་དེའི་ཞོའོ།། རྫས་འདི་ཞེས་བྱས་པ་ནི། འདི་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། བ་ཙུའི་སྤྱང་བ་ནི་ཡུང་བ་སྦྱང་པ་ལྟ་བུ་སྟེ་དེ་ཉིད ་ཀྱི་ཕྱིར། བ་ཙཱ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཟླ་བ་ནི་སྔ་བྱ་བ་ནི་ཤྭེ་ཕཱ་ལི་ཀཱའོ།། མར་ཞེས་བྱ་བ་ནི་བྲགྲ་ཞུན་ནོ།། ཨུ་དཱ་ལ་ཀཻ་ཞེས་བྱ་བ་ནཱི། ཨེ་རཎྜའོ།། འདིས་ནི་འདི་བརྗོད་དེ། ཤེ་ཕཱ་ལཱའི་ཡུ་བ ་དང་བྲག་ཞུན་གྱིས་བསངས་ནས། ཨེ་རཎྜའི་འདབ་མ་ཁ་སྦྱར་དུ་བྱས་པ་ཉིད་བ་ལང་གི་ལྕི་བས་འདབ་མ་ཁ་སྦྱོར་གྱི་ཕྱི་རོལ་བྱུགས་ནས་ས་ལ་བཞག་ཅིང་འཚོད་པར་བྱེད་ན་དེ་དག་པར་འགྱུར་རོ།། དབྱིག་བསྣུན ་ཞེས་བྱ་བའི་སྒྲས་ནི་དཱར་བའོ།། བཀྲ་ཤྲཱིས་ཞེས་བྱ་བ་ནི་དཔལ་གྱིས་འབྲས་བུའོ།། པཱ་ཀ་ཞེས་བྱ་བ་ནི། ཀུ་སུ་མ་བྷའོ།། འབྲས་པུ་ཞེས་བྱ་བ་ནི། བཀྲ་ཤིས་ཀྱི་འབྲས་བུ་ཞེས་བྱ་བའི་དོན་ཏོ།། འདིས་ན ་འདི་བརྗོད་དེ། དབྱིག་པ་བསྣུན་པས་བསྒོས་པ་དྲང་དེའི་རྗེས་སུ་བཀྲུས་པ་དདཱ། བཀྲ་ཤིས་ཀྱི་འབྲས་བུའི་ཁྲོང་དུ་སོན་པཱའི་ཀུ་སྱཱམ?་བྷ་བ་ཙེ་ས་ན་དག་པར་འགྱུར་རོ།། མ་རཱ་ཁུས་མུ་ཟི་ཞེས་བྱ་བ་ནི། དྲི་ལྡན་འབྲུ་མར ་གྱིས་བསྐོལ་བཱ་སཽ་དག་པར་མི་འགྱུར་རོ།། བི་ལང་གི་ཤས། ལྗོང་རྀས་ཞེས་བྱ་བ་ནི། པ་ལང་གི་ཤས་ལྡོང་རོས་སོ།། བ་ལང་ལྕི་བས་ནི་ཞེས་བྱ་བ་ནི། བྱགྣི་སེན་མོར་རྟོགས་པ་ཡིན་ནོ།། སངས་པོར་ནི་བྲག་ཞུན་ནོ།། ཀུ་སུ་མ་དང་། ་མར་བཅས་ཤིང་ཞེས་བྱ་བ་ལྱ་ཀུ་སུ་མ་ནི་གུར་ཀུམ་མོ།། དེ་དང་མར་དུ་ལྡན་པས་དྲག་པར་འགྱུར་ཏེ། བཙེ་བ་ཐམས་ཅད་ཉིད་ལ་འོང་བལླ་བར་བྱའོ།། མདུད་པ་ཞེས་བྱ་བ་ནི་མདུད་པ་ཅན་གྱི་འདབ་མ་སྟྭཾ། བི་ལ ་གྲི་གཅིན་གྱིས་བཅོམ་ལ་བསྐོལ་ལོ་ཞེས་བྱ་བའི་དོན་ཏོ།། ཁྲག་གིས་བྱ་རོག་ཅེས་བྱ་བ་ནི། ཨ་ཀ་རུའོ།། པཱ་ལ་བཱ་གས་ཞེས་བྱ་བ་ནི་སིཧླའོ།། མེ་ཏཱི་ག་ཅེས་བྱ་བ་ནི། སྦྲང་རྩི་སྟེ་བསྒོས་ན་འགྲུབ་པོ་ཞེས་བྱ་བར་དགོངས་པའོ། ་སྦོམ་པོ་རྣམ་པ་དགུ་ཞེས་བྱ་བ་ནི། སྒོ་དགུ་ལས་བྱུང་བའོ།། རྫས་རྣམས་ཁུ་བར་བྱེད་པ་པོ་ཞེས་བྱ་བ་ནི། དེ་ནི་རྣམ་པ་དགུ་སྟེ། རྫས་རྣམས་ཞེས་བྱ་བ་ནི། སྙིང་སྟོབས་རྣམས་སོ།། ཁུ་བ་ཞེས་བྱ་བ་ནི། རྡུལ་དུ་བྱེད ་ཕྱིར་དེ་ནི་དེ་བཞིན་ཏེ། བྱང་ཆུབ་སེམས་ཀྱི་བྱེད་པ་པོ་ཞེས་བྱ་བར་ཡང་བལྟ་བར་བྱའོ།། གང་གི་ཕྱིར། རྡུལ་དང་རྫས་དག་གིས་སེམས་ཅན་རྣམས་བསྐྱེད་པ་དང་གནས་པ་ཡིན་ནོ།། བཅུད་ལས་སྐྱེས་པ་ལྷག་མ་ཉིད་ཅེས་བྱ་བ་ནི། ་དེའི་བཅུད་ལས་སྐྱེས་པའི་ལྷག་མ་ནི་རྡུལ་ཏེ། མེ་ཏོག་ཅེས་བྱ་བའི་དོན་ཏོ།། ལེན་ནི་སྙིང་སྟོབས་སྤྱོད་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཏེ། སྙིང་སྟོབས་སྡུད་པ་ཞེས་བྱ་བ་ཚེ་གནས་པར་འོང་པོ་དང་འདིས། ལེན་པར་བྱེད་པས ་སེམས་ཅན་རྣམས་ཀྱིས་ལེན་པ་ནི་སྙིང་སྟོབས་སོ།། བཅུད་ཀྱང་ཡིན་ལ་ལེན་པ་ཡང་ཡིན་པ་དེ་ནི་བཅུད་ཀྱིས་ལན་ཡིན་ཏེ། འདིར་ཡང་བཅུད་ཀྱིས་ལེན་གྱི་སྐེར་བརྗོད་དོ།། སྦོམ་པོ་བཤད་ནས་ཕྲ་མོ་བཤད་པའི་ཕྱིར། མུན་པ་ཞེས ་བྱ་བ་ལ་སོགས་པ་གསུངས་སོ།། བཅུད་ཀྱི་བཅིང་དང་སད་པ་ནི་ཞེས་བྱ་བ་ནི། བཅུད་ཕྱིར་གྲ་སྔོ་བཱའོ།། དང་པོར་ཡོངས་སུ་བ་ཙེ་ཞེས་བྱ་བ་ནི། དང་པོར་སྦྱངས་པའོ།། བ་ཅིང་སོགས་སྐྱོན་ནི་བརྒྱད་ཅུ་རྣམས།། བྱེ་བྲག་ཕྱེད་པའི་བློས་ནི ་ཞེས་བྱ་བ་ནི། སྐྱོན་བརྒྱད་ཅུ་བཅིངས་ནས་ཤེས་པར་བྱས་ནས་དང་པོར་སྦྱང་བར་བའོ།། དེ་ཉིད་ཀྱི་ཕྱིར་བཅུད་དཀའ་བར་གནས་པ་ཡིན་ཏེ། སྐྱོན་སྣ་ཚོགས་པའི་ཕྱིར་རོ།། ཁ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི། འཁྲུལ་འཁོར ་ཆེན་པོ་རྣམས་ཀྱི་ནང་དུ་གང་ཞིག་རྒོད་མ་དང་། ཀཱ་རཏྣ་ཞེས་བྱ་བ་རྣམས་སོ།། རྫ་རྔའི་རྣམ་པའི་ནང་དུ་འགྲོ་བ་དེ་ནི། པིང་པུ་དང་རྔ་མོའི་གདོང་ཡིན་ནོ།། ད་ནི་འཁྲུལ་འཁོར་ཁ་ཆེན་པོ་རྟོགས་པར་བྱ་བའི་ཕྱིར། ཁ་ཆེན་པོ་ནི་དོང་པ་དང ་མཉམ་པའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ག་ཞིག་འཁྲུལ་འཁོར་འཇིམ་པའི་རང་བཞིན་གྱི་སྨྱུ་གུ་ནང་དུ་གནས་པཱ་དེ་ནི་ཁ་ཆེན་པོ་ཞེས་བརྗོད་དོ།། ཀཱ་རཎྜ་ཞེས་བྱ་བ་ལཱ་སོགས་པས་ནི། ཀཱ་རཎྜ་ཞེ ་བཤད་དོ།། ནང་དུ་རལ་གྲི་ཤུབས་ཀྱི་རྣམ་པའི་སྦུ་གུ་དང་ལྡན་པ་སྟེ། ཀཱ་རཎྜའི་འཁྲུལ་འཁོར་གྱི་ཁྱད་པར་རོ།། བོང་བུའི་གདོང་ནི་ཀང་ཀའི་མགྲིན་པའི་སྦུ་གུས་མཛེས་པའོ།། རྔ་མོའི་གདོང་ཡང་ཕེཾ་རོག་གི་རྣམ་པའི་སྦུ་གུས་གང ་ནང་དུ་མཛེས་པའོ།། སྦལ་པའི་དབྱེ་བ་ནི་ཚར་གཅད་པའོ།། ཞེས་བྱ་བ་ནི་སྦ་ལེ་པའི་དབྱེ་བའི་རྣམ་པའི་ཀྱོང་བུས་བཅུད་ཚར་གཅད་པར་བྱའོ་ཞེས་བྱའོ།། སྦྲང་རྩིའི་བཙེ་བ་ནི་དོང་པའི་ཁྱོགས་སོ་ཞེས་བྱ་བ་ནི། དོང་པ་དང་འདྲ་བའི་སྨྱུ་གུ ་འཁྲུལ་འཁོར་དུ་ཁྱོགས་ལ་ཆུས་མ་རེག་པར་བླངས་པས་སྦྲང་རྩི་བཙྪ་བ་ནི་བཅིང་བའོ།། བུང་བའི་གཙེ་བ་ལ་ནི། ཕོ་རོག་གི་མཆུ་ལྟ་བུ་སྦུ་གུ་ཙན་དུའོ།། གླང་པོའི་བཙོ་བ་དང་སེང་གེའི་བཙེ་བ་དག་ལ་ནི་འཁྲུལ་འཁོར་རལ་གྲི་ཤུབས་ཀྱི་རྣམ ་པའི་སྦུ་གུའི་འཁྲུལ་འཁོར་རོ།། བསྲེགས་པ་དང་ཚར་བཅད་པ་དང་། སྒྲིབ་པ་དང་སའི་འཁྲུལ་འཁོར་དུ་ནུབ་པ་ཞེས་བྱ་བའོ།། བཅུད་བསད་པོ་རྙེད་པ་ནི་ཕྱིར་གསོ་བའི་དོན་དུ་གླང་པོའི་སྣ་ལ་སོགས་པའི་ཁུ་བ་བྱིན་ནས་ས་ལ་གཞག་པར ་བྱ་ཞིང་། དེ་ནས་ཕྱིར་འཚོ་བར་འགྱུར་རོ།། ཤིན་དུ་ཡང་བཅེས་ན་ཡང་ཡིབ་པ་དང་ཁྲོ་བ་དང་དོགས་པ་ཉིད་ལ་སོགས་པ་དང་པོ་དེ་རྣམས་ཉིད་ཀྱི་ཁུ་བ་བླུགས་ནས་བཙེ་བར་བྱའོ།། རྩི་བས་མ་ཡང་ཏ་ག་ར་ལ་སོགས་པ་རྣམས་ཀྱི་ཆ་ཡིས ་སྦྱིན་པར་བྱའོ།། ཆ་སོ་སོར་ངེས་པ་བཅིངས་ངོ་ཞེས་བྱ་བ་ནི། བཅུད་ཀྱི་ཆ་ག་རིག་དང་སྭ་ན་རྣམས་ཀྱི་རྩཝ་ལྔའི་ཁུ་བ་དང་། རྩིགས་མ་ཡང་ཞེས་བྱ་བའི་དོན་ཏོ།། དང་པོ་ཞེས་བྱ་བ་ལ་སོགས་པས་བཅུད་སྤྱང་བ་གསུངས་ཏེ། ལྷག་མ་ནི ་བཤད་ཟིན་ཏོ།། ཀླུའི་འདབ་མ་ནི་པརྞྞ་སའོ།། མ་ར་དཀོར་ནི་དྲི་ལྡན་ཏེ། བཅུད་ཀྱང་གང་གིས་ས་མ་སུ་ཡིས་ཀྱང་རྒྱལ་བའོ།། མཚོ་སྐྱེས་ཞེས་བྱ་བ་ནི་ལྡན་ཚ་སྟེ། སེཾན་དུ་ནས་བྱུང་ཞེས་བྱ་བའི་དོན་ཏོ།། གང་ཞིག་བསྐུ་མཉེ་བྱས་པ་ས་མཛེ ་ནད་འཇིག་པར་བྱེད་པའོ།། འཛག་པ་དང་ཞེས་བྱ་བ་ལ་སོགས་པས་ནི། སྨན་དག་གོ།། རྨོངས་པར་བྱེད་པ་ནི་བཅུང་རྒྱལ་བར་བྱེད་དོ་ཞེས་བྱ་བའི་དོན་ཧཾ། ཀུ་ན་ཀའི་ཁུ་བ་ནི་རང་གཽ་ཡོན་ཏན་ཐམས་ཅད་སོ་སོར་བྱེད་པ་སྟེ། བཅུད་ཀྱི ་རྒྱལ་བ་ཞེས་བྱ་བའི་དོན་ཏོ།། འབྲས་བུ་ཆེན་པོ་ཞེས་བྱ་བ་ནི། འབྲས་བུ་གསུམ་སྟེ། ཇི་ལྟར་འབྲུ་མར་བླང་པོ་དེ་བཞིན་དུ་སྔོན་དུ་གསུངས་པ་ཉིད་དོ།། འཛིན་མ་ཕྱོགས་བཅུས་གཏོར་ཞིང་ཡུག་ཅེས་བྱ་བ་ནི། ཏིལ་ནིག་པོ་རྣམས་སྐྱུ་རུ་རའི་རྩཝ ་བའི་ཆུས་པ་སངས་པ་དང་དེའི་རྩ་བ་བཏགས་པས་བྱུག་པར་བྱ་བའོ།། ཕྱི་ནས་འཛག་པའི་བདུག་པ་སྦྱིན་པར་བྱ་ཞིང་དྲིའི་ལོ་མ་ལ་སོགས་པ་རྣམས་ཀྱི་རྫོགས་མ་ཡང་ངོ་།། ཀླུ་ཞེས་བྱ་བ་ནཱི་ན་གོ་ག་ཤ་རའོ།། མེ་ཏོག་ཅེས་བྱ་བ་ནི ་ཛ་ཏིའི་མེ་ཏོག་གོ་ཆུ་ནི་བཱ་ལ་ཀའོ།། རལ་པ་ནི་སྤང་སྤོས་སོ།། ཏོལ་ལས་སྐྱེས་པ་ནི་འབྲུ་མར་རོ།། གནྡྷ་པཽ་ཏཱ་ལ་སོགས་པའི་ཕྱེ་མས་འབྲུ་མར་བཙོ་བར་བྱའོ་ཞེས་བྱ་བར་དགོངས་པའོ།། ཆུ་ནི་མར་ཁུའི་བཞི་འགྱུར་དང་ཞེས་བྱ་བ་ནི། བཞི ་འགྱུར་ཁོ་ནའོ།། ཨ་ཀ་རུ་ནི་སྨད་ཕྱེད་དང་ཞེས་བྱ་བ་ནི། ཨ་ཀརྱཱ་སྲང་ཕྱེད་དོ།། བཞི་ཞེས་བྱ་བ་ནི། རྩིགས་མཱ་གཞན་པའི་བཞི་ཆ་ཡིས་ཞེས་བྱ་བའི་དོན་ཏོ།། རྩིགས་མའི་བཞི་འགྱུར་ནི་འབྲུ་མར་ཞེས་བྱ་བར་དགོངས ་པའོ། ཨ་ཀ་རུའི་སྲང་ཕྱེད་ཀྱི་གྲངས་ཀྱིས་ནི་ཐམས་ཅད་དུ་གཟུང་བར་བྱའོ།། ཡང་ནཽ་ཛ་ཊི་ཞེས་བྱ་བ་ལ་སོགས་པས་ནི། འབྲུ་མྱུར་གཉིས་པ་གསུངས་སོ།། ཛ་ཌི་ལཱ་ནི་སྤང་སྤོས་སོ།། ཨཾ་བུ་ནི་བཱ་ལ་ཀཱའོ།། ཨ་སི་ཏ་ཞེས་བྱ་བ་ནི ་སྨན་གྱི་ཁྱད་པར་ཏེ། ཨོཾ་སྤྱོ་བུ་ཞེས་གང་ལ་རབ་ཏུ་གྲགས་པའོ།། གོང་མའི་ཚོད་ཉིད་དོ།། ཨ་ལཱ་མ་ལོའི་ཆུ་སྲང་གཅིག་ཅེས་བྱ་བ་ནི། བསྲེས་པའི་རྫས་ཀྱི་ཕྱེ་མ་སྲང་གཅིག་ཆུ་ལ་བླུགས་པར་བྱའོ།། ལྷ་མོ་ནི་སྠི་ཀྐའོ།། ཧ་ནྱཱ་ནི་སཽ་ཧླའོ།། ་དེ་ཉིད་དུ་ལྷ་མོ་ལ་སོགས་པ་གཞུག་པར་བྱའོ།། དྲོད་པའི་སྦྱོར་བར་གཞུག་པར་བྱ་ཞེས་བྱ་བ་ནི། ཉི་མ་ལ་བསྲོ་པས་དོང་པའི་སྦྱོར་བ་ལ་གཞུག་ཅིང་བསྒྲུབ་པར་བྱའོ་ཞེས་བྱ་བར་དགོངས་པའོ།། ཁ་ཅིག་ན་རོ། བཙེས་པའི་མར་ཁུའི ་ངལ་བས་དང་བདུག་པ་དང་ལྷག་པར་གནས་པའི་ཕྱིར་དོང་པའི་སྦྱོར་བར་གཞུག་པར་བྱའོ་ཞེས་ཟེར་རོ།། ཙ་ལ་ནཱི་སི་ཧླའོ།། འདི་རྣམས་བཞི་ལ་ནི་ཆ་གཙུག་གོ།། ལྔ་པའི་ནི་དྲུག་པའི་གྲངས་ཀྱི་ཆའོ།། དྲུག་པའི་ནི་བདུན་པའི་གྲངས་སོ།། ་བདུན་པའི་ནི་བཅུ་གཉིས་ཀྱི་གྲངས་སོ།། བཏོན་ཅིང་ཐར་སྦྱིན་བཙུན་མོ་ཉིད་ཅེས་བྱ་བ་ནི། གང་གི་ཚེ་ཚངས་པར་སྤྱོད་པ་དང་ལྡན་པའི་རྣལ་འབྱོར་པ་དེའི་ཚེ་ཐར་པ་སྦྱིན་པའི་ཞེས་བྱ་བ་ནི། བྱང་ཆུབ་སེམས་ཀྱིའོ།། བཏོན་ཞེས་བྱ་བ་ནི། ་འབྱིན་པའོ།། བཙུན་མོ་ཉིད་ཅེས་བྱ་བ་ནི་གཟུངས་མ་ཞེས་བྱ་བའི་དོན་ཏོ།། ཞི་བཱ་དང་ཞིབ་པ་མ་ཡིན་པ་དང་སྦྲང་རྩིས་བཟའ་བར་བྱའོ།། རྐུན་མཱ་ཞེས་བྱ་བ་ནི། རྒན་མོ་གཞོན་ནུར་བྱེད་པའོ།། བྷྲིང་གི་ཞེས་བྱ་བ་ནི། བུང་བའི་རྒྱལ་པོའོ།། མཚན ་མོ་ཞེས་བྱ་བ་ནི་ཡུང་བའོ།། འབྱུང་མགོན་ཞེས་བྱ་བ་ནི། འགི་ཝ་ངྲ་ངོ་།། དུས་ཀྱི་རླུང་ངང་ཉི་མ་ཉིད་ཅེས་བྱ་བ་ལ། དུས་ནི་ཤིན་ཏུ་དགའ་བ་སྟེ། འདི་རྀ་བྱ་བ་བྱེད་པ་ན། ཋཀླེ་ཐ་ན་ཀེ་ཏ་རུ་བི་ཏ་རུ་བེ་ན་ཊོ་ཀེ་ལི་ལི་ལུ་ལུ་ཧི་ལེ་མི་ལླི་ཏེ་ལེ་སི ་ལི་སི་ལི་ཨ་ཐེ་བ་ཐ་ན་ཀུ་ན་ཐེ་ཨཱ་ན་པ་ཏི་དྷ་ནཱ་པྲྀ་ཏི་ཀ་སེ་ཀ་སཾ་གྷ་སེ་གྷ་སཾ་མ་ཧཱ་གྷ་སེ་གྷ་ས་གྷ་སེ་སྭཱ་ཧཱ།། ཨོཾ་པདྨི་ལཱཀྵ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། མིག་སེར་མའོ།། གཱང་དུ་རྟོགས་པར་བྱ་ཞེ་ན། ན་ཨ་མོ་ཊཾ་ཞེས་བྱ་བ་ལ་སོགས་པར་རོ།། ཧི་མ ་བྷནྟ་སྨ་ཞེས་བྱ་བ་ལ་སོགས་པའི་སྔགས་འདིའི་ཆོ་ག་ནི། ཁྲུ་གང་ཙམ་བརྐོས་ནས་དེའི་འོག་གི་ས་ལ་ལན་བདུན་དུ་བསྔགས་པར་བྱས་ནས་དབུགས་མི་འབྱིན་པས་ཁྱིམ་གྱི་སྟེང་དུ་གཏོར་ན། ཇི་སྐད་དུ་གསུངས་པར་འགྱུར་རོ།། ་བཾ་སཾ་བྷཱི་ཏོ་ལ་ཨ་མནྟི་ཨ་ཞེས་བྱ་བ་ལ་སོགས་པས་ནི། སྔགས་ཀྱི་ལྷག་མར་གང་ཞིག་གསུངས་པ། བ་ལང་གི་གདོང་གི་ཆོ་ག་ཞེས་བྱ་བ་དང་། གླང་གི་རསཽ་མདུག་གཏོར་པ་བར་སྣང་ལས་བླངས་ཏེ་ཞེས་བྱ་བ་ནི། རང་གིས་གང་གི ་ཚེ་རས་གཏོར་བ་དེ་ཉིད་ཀྱི་ཚེ་བླང་བར་བྱའོ།། འདི་ལ་ངེས་པར་འཆོལ་པ་ཐམས་ཅད་རིམ་པའི་རབ་ཏུ་སྦྱོར་བས་རྟོགས་པར་བྱ་སྟེ། སྔགས་ཀྱང་དེ་བཞིན་ནོ།། འདི་སྐད་དུ་ཐམས་ཅིང་གོ་སླའོ།། བཀས་སྤྲིན་བཟློག་པ་ཡང་འགྲུབ་བོ།། ་ཞེས་བྱ་བ་ནི། ཨཱིནྡྲསྶ་ཏིཏྟཱ་དྷཱི་ཨཱ་ཞེས་བྱ་བ་ལཱ་སོགས་པའི་སྔགས་ཀྱིས། ཀཱ་ར་བཱི་རའི་ལྕགས་མཱ་སྤུངས་པ་ཙཱ་མ་གྱིས་རླུང་དང་སེར་བ་ལ་སོགས་པ་བཟློག་པར་བྱེད་དོ།། ཆོ་ག་འདི་ས་རྟོགས་པར་བྱའོ།། རཏྣ ་ཏི་ཞེས་བྱ་བ་ནི། ཨོཾ་རཏྣ་ར་ཏཱི་སྭཱ་ཧཱ། འདིའི་སྡིགས་ཀྱི་རབ་ཏུ་སྦྱོར་བ་ནི། བསྒྲུབ་བྱའི་བུད་མེད་ཀྱི་གཅིས་པའི་ས་བདག་ཉིད་ཀྱིས་གཅིས་པའི་ས་གཅིག་ཏུ་བྱས་པ་ལ་སོགས་པ་དང་། གཞན་ཡང་སྐྱེས་པའི་ཐོད་པ་ལ་བཽ་ལང་གི་འཆི ་ཝང་དང་། ཨ་ལ་ཀ་ཏཱ་དིགྣ་གིས་བསྒྲུབ་བྱའི་དབྱིབས་བྲི་བར་བྱ་བ་ལ་སོགས་པ་ནཱས་དེ་ལྟར་ལུས་ཀྱི་ཆོ་ག་ཡང་བྱའོ་ཞེས་བྱ་བའི་བར་དུ་གསུངས་པའོ།། དཔའ་བོ་ཁ་བལྟས་པ་ཤཱི་བའི་རས་ལ་རི་མོ་བྲིས་པས་གང་སྤྲས་པའི་ཡན ་ལག་ཅན་ཞེས་བྱ་བ་ནི། ཨོཾ་ཛམྦྷེ་མོ་ཧེ་ཞེས་རྟོགས་པར་བྱའོ།། རྐང་པ་བརྒྱུད་པའི་སྔགས་ནི་རིག་པའི་རྒྱལ་པོ་སྟེ། དེའི་ཁྱོད་པར་དང་སྤྱིའི་ལས་རྣམས་སོ།། གཟུངས་བརྒྱད་པ་ནི་གང་ཞིག་རྟག་ཏུ་ཟློས་པ་དེ་ནི་འཆི་བ་ལས་རྒྱལ ་བཱར་འགྱུར་རོ།། མཽག་སྱཱཪྵ་མའི་རབ་ཏུ་སྦྱོར་བ་ཡ་འགྱུར་རོ།། ཀཱཔྶ་རི་དྭཻཥྚཾ་ཎི་ཞེས་བྱ་བ་ནི། ག་ཤྲཱིནརྞྞ་མཆེ་བ་གཙྪི་གས་མ་སྟཾ་སའོ།། ཀུམྨ་སཱ་ཎ་སྱ་སིནྡྷི་ཨོ་ཞེས་བྱ་བ་ནི། ཨུའི་སྟན་ལ་ལེགས་པ་ར་གནས་པའོ།། མཛྫ་ཏྟསྶ་ཞེས་བྱ་བ ་ནི། གྲངས་ཀྱི་འཁོར་ལོའི་དབུས་སུ་གོནས་པ། པའི་སྒོ་མཚན་ཏོ།། མཐའ་ནི་མའོ།། མཛྙཱི་པུ་ཎི་བི་ཙ་ཨུཏྨཱ་ཐི་ཨོ་ཞེས་བྱ་བ་ནི། དེ་ཉིད་ཀྱི་པའི་སྡེ་ཚན་གྱིས་དབུས་སུ་གནས་པ་སྟེ། བཞི་པ་ནི་བྷའོ།། རབ་ཏུ་སྦྱོར་བསཾ་དེ་ལ་གནས ་པའོ།། ཛ་མ་དི་ཨ་ཨནྟོ་ཞེས་བྱ་བ་ནི། གཤིན་རྗེའི་ཕྱོགས་སུ་གནས་པའི་ཧཱའི་སྡེ་ཚན་ཏེ། དེའི་མཐའ་ནི་ནའོ།། བྷ་དྷ་ཨུ་ཨ་རི་ཨོ་སི་ཨོ་ཞེས་བྱ་བ་ནི། བཟང་པོ་སྟེ་ཨའོ།། དེས་སྟེང་དུ་ལྡན་པའོ།། པུ་ཎོ་བི་ཀུམྦོ་ཡ་མ་དཱཾ་ས་པ་སཱ་ཨི་ཨོ། ་ས་བྱ་བ་ནི། ཡང་རུ་སྦལ་ནི་ཨུ་སྟེ། ས་རབ་ཏུ་བསྒྲུབ་པ་ནི་ལྡན་ཞེས་བྱ་བའི་དོནི་ཏོ།། མྦོཙྪཿ་བ་ཨ་ཎ་སཾ་ཛུཏྟཾ་ཞེས་བྱ་བ་ནི། མྲའི་སྒྲས་ནི་ཡང་དག་པར་ལྡན་པའོ།། ཨ་གྷི་ཀུམྨ་ས་ཎཽ་ཎེ་ཧོ་ཞེས་བྱ་བ་ལ། མེ་ནི་གཤིན་རྗེ་སྲུབ་མ་སྟི་ཧའོ།། ་མགོན་པོའི་གཱ་དན་ནཽ་ཨུའོ།། བེ་ཎཻ་རི་ཧོ་ཛྷ་ལོ་སཽ་ཞེས་བྱ་བ་ནི། ཨོཾ་ཡིས་ཉེ་བར་འབར་བ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ།། ཕ་ཎི་ཕ་ཎི་བ་ཨ་ཎོ་ཛྭ་ལོ་ཎེ་ཡ་ཨོ་ཞེས་བྱ་བ་ནཱི། ཕཊ་ཕཊ་གྱིས་མགོན་པོའི་ཞལ་ཉེ་བར་འབར་བ ་སྟེ། ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ། འདི་ནི་འདིའི་སྔགས་ཀྱི་བཏུ་བའོ།། འདི་ནང་དུ་བཅུག་པ་ལས་ལས་ཐམས་ཅད་བྱེད་དོ།། དེ་ལྔ་རབ་ཏུ་སྦྱོར་བ་ནི། ཁཱ་གདོང་མ་ཞེས་བྱ་བ་ནི། ཁཱི་གདོང་དང་ལྡན་པའི་བུད་མེད་བྲི་བར་བྱའོ།། སྒྲ་གྲོལ ་མཾ་ཞེས་བྱ་བ་ནི། སྐྲ་གྲིལ་པ་ཅན་ནོ།། ག་ཙ་ར་བུ་མེ་ཞེས་བྱ་བ་ནི། དེ་ཡང་གཅེརཱ་བླ་མའོ།། ཟླ་བ་ཕྱེད་པ་ཅན་ཞེས་བྱ་བ་ནི། དེའི་སྙིང་ཁ་ཟླ་བ་ཕྱེད་པ་བྲི་བར་བྱའོ།། རྀ་མྲིག་ཏྲ་བསྒྲུབ་ཅིང་ཞེས་བྱ་བ་ནི། དེ་ལ་ཟླ་བ་ཕྱེད་པར་མིག ་དང་ལྡན་པར་བྱའོ།། སྣམ་བུ་གཉིས་པར་སྙིང་གར་ཡོངས་སུ་མཛེས་པ་ཞེས་བྱ་བ་ནི། སྙིང་གར་སྣམ་བུ་གཉིས་པ་དང་ལྡན་པར་དེ་ལྟར་བྱ་སྟེ། དེ་ལ་འདི་བྲི་བར་བྱའོ།། ལས་ཀྱི་དོན་འདི་གང་ལ་བསྒྲག་པར་བྱ་བ་ནི། ལས་ཀྱི་དོན་དུ་འབྲས ་བུ་སྟོར་བར་བྱེད་པའི་ཕྱིར་ཡང་། གང་དུ་ཡང་དོན་འདི་བསྒྲགས་པར་མི་བྱའོ།། ཇི་ལྟར་ལས་རྗེས་སུ་བཙས་པས་རྒྱུད་ལས་གསུངས་པའི་ཆོ་གས་སྦ་བར་བྱའོ།། གལ་ཏེ་དབང་པོ་དང་ཚངས་པ་དང་། ཁྱབ་འཇུག ་དང་དབང་ཕྱུག་ཆེན་པོ་རྣམས་ཀྱང་མངོན་སུམ་དུ་དཔུང་དང་གཞོན་པར་བཅས་པར་གྱུར་ཀྱང་། ཁ་གདོང་མའི་སྙིང་གར་ཡང་དག་པརཱི་གནས་པའི་འཁོར་ལོས་འཇིག་པར་འདོད་ན་ཡང་འཇིག་པར་འགྱུར་རོ།། བྷི་བྷི་བྷྲྀ་ཨ་ཎེ་ས ་ར་ཁཎྜེ་ནུ་བི་ནུ་སོ་ཧི་ཨོ་ཞེས་བྱ་བ་ལ། བྷི་དྦི་ཀཱ་ནི་སའི་དབང་ཕྱུག་སྟེ་ཨོའོ།། བཅུ་གཉི་སྡེ་པོ་འདི་རྣམས་ནི་སའི་དབང་ཕྱུག་ཅེས་བྱ་བའི་ཐ་ཚིག་གོ།། ཁཎྜེ་ནུ་བི་སོ་ཧི་ཨོ་ཞེས་བྱ་བ་ནི། ཨོཾ་ཟླ་བ་ཕྱེད་པ་དང་ཐིག་ལཾས་བརྒྱན་པ ་ཞེས་བྱ་བའི་དོན་ཏོ།། པུ་ཎོ་པ་མདྡྷ་ཛྙཱ་ས་ཧི་ཨི་ཞེས་བྱ་བ་ལ། དབུ་མཱ་ནརྀ་པཱའི་སྡེ་ཚན་ཏོ།། དྭེའི་བ་ར་མ་ནཾ་པའོ།། ཨུཏྟ་རཱ་ཛྙཱ་ཧཾ་ཞེས་བྱ་བཽ་ནི། བྱང་གི་ཕྱོགསཱ་སུཾ་གནས་པ་ནི་ཙའི་སྡེ་ཚྲྀན་ཏེ། དེའི་དབུ་མཾ་ནི་ཛའོ།། ར་བི་ཙི་ར་ཎ་ཀ་མ་ལ ་སཾ་ཛྙཱཏྟཾ་ཨཽ་ཞེས་བྱ་བ་ནི། དེའིཧཱུ~ཾའོག་ཏུ་རཱ་དང་ལྡན་པའོ།། ཏྟཱ་རིཏྟི་མི་ཀི་རཱིངྒ་སོ་ཧི་ཨཽ་ཞེས་བྱ་བ་ནི་བདེན་བྲལཾ་གྱི་ཕྱོགས་སུཾ་གནས་པའི་སྔོ་སྟེ། མི་ཀཱ་རིའི་མཚན་མྱ་ནི་ཨེ་ཡིས་བུརྒྱུན་པ་ཞེས་བྱ་བའི་དོན་ཏོ།། ཛ་ལ་ཎ་ཧ་བྷི ་དྷི་བ་རི་སཾ་ཨཽ་ཞེས་བྱ་བ་ནི། འབར་བ་སྟེ་རའོ།། འབྱེད་པ་ནི་ཨོ་སྟེ་དེས་བརྒྱན་ཅེས་བྱ་བའི་དོན་ཏོ།། ཨུཏྟ་རསྨ་པ་ཏི་ཨཾ་ཞེས་བྱ་བ་ནི། བྱང་གི་དང་པོ་སྟེ་ཙའོ།། ཡང་མསྨ་ཨནཏྟོ་ཞེས་བྱ་བ་ནི་ནའོ།། བ་ས་ཧ་ཨུཾ་ཨ་རིནྟི་ཨ་ཞེས་བྱ་བ་ནི ་གླང་སྟེང་དུ་གནས་པ་སྟེ། ཨི་ཞེས་བྱ་བའི་དོན་ཏོ།། པཱ་བ་ཎོ་ཞེས་བྱ་བ་ནི་ཡའོ།། རཎྜཱ་པ་སཱ་ཧཱི་ཨོ་ཞེས་བྱ་བ་ནི། ཨེ་ཡིས་རབ་ཏུ་བསྒྲུབས་སོ་ཞེས་བྱ་བའི་དོན་ཏོ།། ཡཱ་མ་དཾཥྞཱི་ཎི་ཞེས་བྱ་བ་ནཱི་སའོ།། ཎཻ་རི་ཨི་བ་ཨིནྡི་ཞེས་བྱ་བ་ནི། དབེན་བྲལ་དུ་གནས ་པའི་ཝཾ་སྟེ། དེ་ལ་ཞེས་བྱ་བའི་དོན་ཏོ།། མོ་ཧཱ་བྷ་ཎ་བྷཱ་རི་ཨཾ་ཀུམླྀ་ཞེསཽ་བྱ་བ་ལ། གཏི་མུག་མ་ནི་ཨའོ།། དེ་ཉིད་རྒྱན་ཏེ་དེས་གང་པའོ།། ཡ་མ་མ་ཧི་ཎཽ་མོ་ཧ་བ་རི་ཨཽ་སི་ཨཾ། ཞེས་བྱ་བ་ནཽ་གཤཱིན་རྗེ་སྲུབ་མ་སྟེ་ཧའོ།། ག་ཏི་མུག་ཅེས་བྱ་བ་ནཱི་ཨ་སྟ། ་དེས་ཡོངས་སུ་བརྒྱན་པོའོ།། དེ་ལ་འདིའི་སྔགས་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། པ་ཧི་ཨཱཾ་ཀུམླྀ་ཞེས་བྱ་བ་ནི། དང་པོར་རུ་སྦལ་ཏེ་ཨུའོ།། ཨུཏྟ་རསྶ་པྲ་ཊ་མཏྟ་བེརྟྟི་སཾ་ཛྲཏཱཾ་ཞེས་བྱ་བ་ནི། བྱང་གི་ཕྱོགས་སུ་གནས་པ་སྟེ་དང་པོ་ནི་ཙཱའོ།། དེ་ཉིད་ཀྱིས ་གཉིས་པ་ནི་ཚ་སྱེ་དེ་དང་ལྡན་པའོ།། བྷ་དྷ་ཨུ་ཨ་རི་སཾ་ཊི་ཞེས་བྱ་བ་ནི་བཟང་པོ་སྟེ། ཨི་སྟེང་དུ་གནས་པའོ།། ཡ་མ་དཱ་ཨ་བ་བ་ཎཱ་ས་ཎཾ་ཞེས་བྱ་བ་ནི། གཤིན་རྗེའི་ཕོ་ཉོ་མ་སྟེ། ཥཽའོ།། དེའི་སྟན་ནཽ་ཆུ་བདག་ཅེས་བྱ་བ་ས་ཊའོ།། ར་ཨི་མོ་ཧ་བྷཱ་བྲི་ཨཾ་ཞེས ་བྱ་བ་ནི་རའོ།། གཏི་མུག་གིསེ་བསྒོམས་པ་ནི་ཨ་ཡི་བསྒོམཾ་པ་ཞེས་བྱ་བའི་དོན་ཏོ།། པུ་ཎུ་ཀཾ་ཥཱཀྵ་ཧི་ཨཾ་ཞེས་བྱ་བ་ནི། ཡཾང་ཀ་ཥ་ཞེས་བྱ་བ་ནི། ཀླུར་བསྒྲགས་པའོ།། ཡ་མ་དཱིཥྚཾ་ཎི་ཞེས་བྱ་བི་ནཱི་སའོ།། བྷ་དྷ་སི་ར་སཽ་ཧི་ཨི་ཞེས་བྱ་བ་ནི་ཨཱི་ཡི་སཱ་མཛཱུ ་པའོ། པུ་ཎོ་བི་དཾཥྚི་ཎི་ཞེས་བྱ་བ་ནི་སའོ།། ཎཱཾ་རི་ཏི་ཨཱ་ས་ཎཾ་ཞེས་བྱ་བ་ནི། བདེན་བྲལ་དུ་གནས་པ་སྟེ། ཝེའི་སྟན་ནོ།། མོ་ཧ་ས་ཧ་ཨ་སཾ་ཛུཏྟི་ཞེས་བྱ་བ་ནི་ཨཱ་དང་ལྡན་པའོ་ཞེས་བྱ་བའི་དོན་ཏོ།། ཏ་ཧ་ས་པ་རོ་མོ་ཧ་ས་ཧ་ཨ་པ་རི་ཨོ་སི་ཨཽ ་ཞེས་བྱ་བ་ནི། དེ་བཞིན་དུ་ས་ཕ་རོལ་ནཱི་ཧའོ།། གཏི་མུག་ཙེས་བྱཱ་བ་ནི་ཨའོ།། དེ་ཉིད་གོགས་དང་སྟེ། དེས་ཡོངས་སུ་མཉེས་པའོ།། གོ་སླ་བའི་ཕྱིར་ཐམས་ཙདྲ་ནཱི་མ་བཀྲལ་ལོ།། དྭེ་ལ་དིའི་སྔགས་ནི་ཨུ་ཙཱི་བྷ་རཱཀྐ ་སི་སྭཱ་ཧཱ། པུ་ཐསྨ་ཨནཱ་ག་ཧཱི་ཨ་ཞེས་བྱ་བ་ནི། ཤར་གྱི་ཕྱོགས་སུ་གནས་པའི་ཀཱའི་སྟེ་ཚྭན་ཏཾ། དེའི་བརྒྱད་པ་ནི་ཛའོ།། མཛྫ་ཨ་ཙོ་ཨུརྠཱ་ཎཱ་སཾ་ཛུཏྟཾ་ཞེས་བྱ་བ་ལཾ། དབུ་མ་ནི་པའི་སྡེ་ཚན་ཏེ་དེའི་བཞི་པ་ནི་བྷའོ།། དེའི་ཡང་མཐའི་ནི་སྟྭཾ། ་དེ་དང་ལྡན་པའོ།། ཏ་ཧ་རཎཱ་སི་སྭ་ལགྷྲྀ་ཞེས་བྱ་བ་ལ། དེའི་ནིམྦཱའི་འོ།། རཎྜཱ་ནི་ཨེ་སྟེ། དེའི་སྤྱི་བོར་ལྷག་པའོ།། པུ་ཎོ་བི་མཛྫནྟ་གཱ་ཧི་ཨཾ་ཞེས་བྱ་བ་ལ། ཡང་དབུ་མའི་མཐའ་བླངས་པ་ནི། པའི་སྡེ་ཚན་གྱི་མཐའ་སྟེ་མ་ཞེས་བྱ་བའི་དྲོན་ཏོ།། ་བྷི་དྷཱི་མ་ཨེ་མཏྟོ་ཞེས་བྱ་བ་ནི་འབྱེད་པར་བྱེད་པའི་ཆང་གིས་མྱོས་པ་སྟེ་ཨོ་དང་ལྡན་པོ་ཞེས་བྱ་བའི་དོན་ཏོ།། ཛ་མ་མ་ཧི་ཧཱུཾ་ཎི་སཾ་ག་ཧཱི་ཨ་ཞེས་བྱ་བ་ནི། གྷཤིན་རྗེ་སྲུབ་མ་སྟེ། ཧ་གཟུང་བར་བྱའོ།། རཎྛ་ཀཱཎྜ་ཨ་བྷ་ར་ཎོ་ཞེས་བྱ་བ་ནི། ཨེ་རྣ ་བའི་རྒྱན་ནོ་ཞེས་བྱ་བའི་དོན་ཏོ།། ཨོཾ་ཨནྟ་སྭཱ་ཧཱ་ཨོཾ་བི་ཧི་པ་རི་ཨོཾ་སི་ཨོ་ཞེས་བྱ་བ་ནི། ཆོ་གས་ཡོངས་སུ་མཉྩ་སྭ་པའོ།། དེ་ལ་འདིའི་ཆོ་ག་ནི། དྲང་པོ་ར་ཨོཾ་དང་མཐར་སྭཱ་ཧཱ་ཞེས་བྱ་བའི་དོན་ཏོ།། ཐོད་པའི་ནང་དུ་གནས་པས་རྒྱལ་བར ་འགྱུར་རོ་ཞེས་བྱ་བ་ནི། ཐོད་པ་ཁ་སྦྱོར་ཁཾ་བྲིས་ནས་གནས་པ་ལ་གྲོག་མོའི་ས་ལ་གཟུགས་བརྙན་བྱས་པའི་སྙིང་གར་གཞན་པའི་རབ་ཏུ་སྦྱོར་བའི་ཆོ་གས་མིང་ནང་དུ་བཅུག་ནི་རྒྱལ་བར་འགྱུར་རོ།། དེ་ལ་འདིའི་སྔགས་ནི་ཨོཾ་ཛམྦྷ ་མོ་ཧཱ་སྭཱཿ། ཡི་གྷོ་རེ་རཱིའི་བར་དུས་བྱས་པས་སྔགས་གཉིས་པོ་འདི་གླང་གི་གཅིན་གྱི་འཆིང་བར་བྱེད་པའི་རིགས་པས་བཏུ་བར་བྱའོ།། འདི་ལ་ཚར་གཉིས་སུ་བྱ་སྟེ། དྭེ་ལ་མུ་ཨཽ་ཎི་ཀཱ་ཀ་ཀཱ་ས་ཁི་ཞེས་བྱ་བ་ལ་སོགས་པའོ།། དེ་ལ ་འདིའི་སྔགས་ནི་མུ་ཎི་ཀ་ས་ཨཾ་མུ་ཎི་སརྦྦ་ས་ཨི་མུ་ཎི་ཧ་ལངྒ་ལེ་ཧི་པཱ་ཊ་ཨི་ཆེ་གེ་མོའི་མུ་ཧ་ཧཱ་ཐ་བནྡྷ་མི་སཱུ་ཧཱ། ཚར་གཅིག་གྲོ། གཞན་ཡང་བརྗོད་པར་བྱ་སྟེ། ཨཽ་ཀཱ་ཀཱ་ཀྵི་ཀཱ་རུ་ཏེ་ཀ་པི་ཎྜོ་པ་ཧཱ་རི་ནི་ཆེ་གེ་མོའི་ཛི་པི་ཏ་གི་ཧྱ་གཙྪ་ཀྵ། ་ཀི་ཡ་ཐཱ་སུ་ཁཾ་ཕཊ། སྔགས་འདི་གཉིས་ནི་རེངས་པ་དང་སྐྲོད་པ་ལ་རབ་ཏུ་སྦྱོར་བར་བྱའོ།། ཨོཾ་ན་མོ་བྷ་གི་བ་ཏི་ཙ་མུཎྜེ་ཞེས་བྱ་བའི་སྔགས་སོ།། གཏུམ་མོའི་གདོང་གི་རབ་ཏུ་སྦྱོར་བའི་སྔགས་འདི་ནི་སྦྱོར་བ་གང་དང་གང་ལ་སྔགས་མི ་གསུངས་པར་ཆོ་ག་ཇི་ལྟར་བར་རྟོགས་པར་བྱའོ།། གྲངས་ཀྱི་འཁོར་ལོ་ལིས་འདི་བཏུ་བར་བྱའོ།། བཞུགས་པའོ།། །། ཉི་ཁྲི་དང་ནི་སྟོང་ངག་དང་། དྲུག་བརྒྱ་ཞེས་བྱོ་ལོ་ལ་ནཱི་ཞེས་བྱ་བ་ནི། ཉིན་དང་མཚན་གྱི་དབུགས་རྣམས ་འབྱུང་བར་འགྱུར་རོ།། ཉི་ཁྲི་ཆིག་སྟོང་དང་དྲུག་བརྒྱ་ཞེས་བྱ་བ་ནི། དྲུག་བརྒྱའོ།། ཇི་ལྟར་གྲངས་བྱ་ཞེ་ན། ཉིན་མཚན་ལ་དབྱི་གུ་དྲུག་ཅུ་སྟེ། སུམ་ཅུ་དང་ཆུ་ཚོད་དང་དབྱུ་གུ་ཞེས་བྱ་བ་དོན་གཞོན་མ་ཡིན་ནོ།། ལོ་ལ་ཡང་ཉི་མ་སུམ་བརྒྱ ་དང་དྲུག་ཅུ་ལྷག་པར་འགྱུར་ཏེ། དེ་རྣམས་ཀྱི་གྲངས་རྣམས་ཀྱིས་ནི་ཕུམ་བུ་གཅིག་ལ་ཡིན་ནོ།། དགོངས་པ་ཅི་ཞེ་ན་ཕུམ་བུ་གཅིག་པ་ཡང་དབུགས་སུམ་བརྒྱ་དང་དྲུག་ཅུ་ལྷག་པའོ།། དེ་རྣམས་ཀྱི་ཕུམ་བུ་དྲུག་ཅུ་རྣམས་ཀྱིས་ནི ་ཉིན་མཚན་ལའོ།། གང་གི་ཚེ་སུམྦ་བརྒྱ་དང་དྲུག་ཅུ་ལྷག་པ་དང་དྲུག་ཅུའི་གྲངས་བྱིན་ནས་བརྩི་བར་འགྱུར་བ་དེའི་ཚེ་གསུམུ་དྲུག་ཏུ་བྱས་ན་བཅོ་བརྒྱད་དང་། དྲུག་དྲུག་ཏུ་བྱས་ན་སུམ་ཅུ་རྩ་དྲུག་ཅེས་བྱ་བའི་རིམ་པས ་ཇི་སྐད་དུ་གསུངས་པར་འགྱུར་རོ།། འབྱིན་དང་རྔུབ་པ་ཉིད་ཅེས་བྱ་བ་ནི། འཇུག་པ་དང་ཕྱིར་རྒྱུ་བའི་རླུང་ངོ་།། དེ་བཞིན་ས་ནི་བཅུ་གཉིས་ཉིད།། ཕྱི་རོལ་ཏུ་ནི་མཚན་པས་བཞག་ཅའོ།། རྫས་ཀྱིས་ཤེས་པར་བྱ་བའི་འཁོར་ལོ་གསུངས་པ ་ནི། རྟོགས་པའི་བདག་ཉིད་ཅན་ཏེ། འོད་ཡང་རྒྱུད་ཉིད་ལས་གསལ་ལོ།། ཕྱི་ནཱས་འདི་ཉིད་ལས་གསལ་བར་འགྱུར་རོ།། དེ་ནས་དུས་ཀྱི་འགྲོ་བཤད་པ་ཞེས་བྱ་བ་ནི། དེ་རྣམས་སུ་རེ་མིག་བཅུ་གཉིས་པོ་རྣམས་སུ་གོང་མ་གཞིན་དུ ་ཐམས་ཅད་བྲི་བར་བྱའོ།། རོ་ཧཱི་ཏཱ་ལཱ་ནོར་རྒྱུས་པུཾ། གཏི་མུག་འཇོག་པོ་དེ་བཞིན་ཏེ།། བཟང་པོའི་གཟུགས་ནི་སྟོབས་ཀྱི་རྒྱུ།། གླང་ནི་པདྨར་ཤེས་པར་བྱ།། དེ་བཞིན་རུ་སྦལ་ཆུ་སྐྱེས་ཆེ།། ཆུ་སྲིན་དྲུང་དུ་བརྗོད་པ་སྟེ།། ར་ཎ་ཊཱི་མཐའ་ཡས ་སུ་ནི་བརྗོད།། རིག་ལྡན་གྱིས་ནི་མི་ཀི་རཱི།། མགོ་བོ་བརྒྱ་པ་འབྱུང་པ་ཉིད།། བྱཱ་ཀུ་ལིས་ནི་ཡིད་འགྲོ་སྟེ།། རྨི་ལམ་ནས་ནི་གཙིགས་པ་ཉིད།། སི་ལ་ས་ལ་ཆར་འབེབས་ཏེ།། རྟེན་ཅིང་འོབྲེལ་འབྱུང་རང་བཞིན་ལས།། འདི་དག་བཅུ་གཉིས་ལྷ ་མོ་ཆེ་ཞེའོ།། གང་ལ་བཟའ་རྣམས་ཡིན་པ་དེ་ལ་ཀླུ་རྣམས་ཞེས་གསུངས་པ་དེས་འདི་དེ་ལ་ཡང་སྐྱེ་བ་དང་ཚེས་དང་ཕུང་པོ་བགྲངས་པས་སྐར་མ་རྣམས་དང་ཕུང་པོ་རྣམས་ཀྱང་ངོ་།། དེ་སྐད་ས་ནི་མཉམ་ཤེས་ནས་ཞེས་བྱ་བ་ནི། ་གནས་མཉམ་པར་ཤེས་པར་བྱས་ནས་ཇི་སྐད་དུ་གསུངས་པའི་རིམ་པས། ཧོ་རཱ་ཞེས་པས་ལག་པས་རེག་པས་སམ་མེ་ཏོག་བསྒྱུར་བས་སམ། བརྩི་བས་དགེ་བ་དང་མི་དགེ་བསྒྲག་པར་བྱ་སྟེ། འཁོར་ལོ་ཐམས་ཅད་ལ་འདིའི་རིམ ་པས་ཏེ། དེས་གཅིག་ཏུ་བསྟན་པོར་བྱའོ།། དགའ་དང་ཞེས་བྱ་བ་ལ་སོགས་པ་ནི་དགའ་བ་བཞིའོ།། སྐད་ཅིག་མ་ཉིད་ཅེས་བྱ་བ་ནི་བཞིའོ།། འབྲས་བུ་ཡན་ལག་འགྲོ་བ་དང་དབྱེ་བ་ཞེས་བྱ་བ་ནི་འགྲོ་བ་དྲུག་གོ།། འདིས་ལ་སུམ་འགྱུར་མྱུར ་བ་ནི། ཐམས་ཅད་ཚིག་རྐང་བཞི་ཡཽས་དགང་ཞེས་བྱ་བ་ནི། བཞི་པོ་རྣམས་ཀྱི་ཚིག་རྐང་ཡོངས་སུ་དགང་ངོ་ཞེས་བྱ་བའི་དོན་ཏོ།། གང་གི་དགེ་བ་དྲང་མི་དགེ་བ་ཤེས་པར་བྱ་བ་དེའི་མིང་གཞུག་པར་བྱས་པའོ།། མདུད་པ་སྤང་བ་འབྱུང ་བ་ཉིད་ཅེས་བྱ་བ་ལ། འཁོར་ལོ་བཅུ་གཉིས་ཀྱི་མདུད་པ་སྤང་བ་ཉིད་དེ། དབྲི་ཞེས་བྱ་བའི་དོན་ཏོ།། ལྷག་མའི་དུས་འབྱུང་བ་ནི་དགེ་བ་དང་མི་དགེ་བའི་ལུས་རྣམས་ཀྱི་སྟེ། དེས་ན་རོ་ཧི་ཏ་ལ་སོགས་པ་རྣམས་ཀྱི་བསྔགས་པ་རྒྱུད་ལས་ཇི ་སྐད་གསུངས་པ་བཞིན་དུ་ཤེས་པར་བྱའོ།། ཐམས་ཅད་ཀྱི་ལྷག་མར་གྱུར་པ་ནི་གཽ་སླའོ།། ལེའུ་དགུ་པ་ལས་གོང་ཞིག་གསུངས་པ། ཕྱུགས་རྣམས་ཀྱི་ནི་རྒྱུ་བྲལ་ཕྱིར། རྒྱུ་བྲལ་གྱིས་ནི་བསྣན་པར་བྱ་ཞེས་བྱ་བ་ནི། རྣམ་པར་ཤེས་པ ་རྒྱུ་དང་རྐྱེན་དང་དགེ་བ་དང་མི་དགེ་བའི་ལོས་རྣམས་ལས་འོངས་པ། ངེས་སོན་པ་གང་ཞིག་སྲོག་སོང་བ་ཞེས་བྱ་བ་ཇི་སྙེད་པ་སྟེ། དེ་རྣམས་ལ་བསྣན་ལ་བ་ལང་གླེང་བར་བྱའོ།། རྒྱུ་བྲལ་གྱིས་ནི་ཞེས་བྱ་བ་ནི། བདག་དང་བདག་གི་གཞན ་དུ་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཁོ་ན་ཉིད་རིག་པ་དང་ཇི་ལྟ་བ་བཞིན་དུ་སྟོན་མ་དང་ཕྱི་མ་ཡོངས་སུ་དག་པའི་དོན་ཤེས་པ་མཁས་པ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ།། འདི ་སྐད་དུ་རྒྱུད་གཞན་རྣམས་སུ་ཡང་རྟོགས་པར་བྱའོ།། འདི་ཇི་ལྟར་ངེས་པར་ནུས་ཤེས་སྙམ་པ་ལྔ། མ་དང་ཡང་ནི་ཕ་དང་ཡང་།། རྒྱལ་པོ་བྲམ་ཟེ་གཙང་གཉིས་དང་།། ཡུལ་འཁོར་འཁོར་དང་བཅས་བཅོམ་ན།། བྲམོ་ཟེ་སྡིག་པ་མེད་པར ་འགྱུར་ཞེས་བྱ་བ་ལ་སོགས་པའོ།། འདུལ་བ་ལ་སོགས་པ་ལ་སྭ་ཀྱང་དེ་བཞིན་དུ་བསྟན་པའི་ཕྱིར། ཇི་ལྟར་འདི་ལ་སྲེད་པ་དང་གཏི་མུག་དང་འདོད་ཆགས་དང་ཞེ་སྡང་བཅོམ་པའི་དོན་དུ་གསུངས་པ་དེ་བཞིན་དུ་འདི་ལ་ཡང་། ལུང ་གི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་རོ་ཞེས་སེམས་པའོ།། ཡིན་མོད་ཀྱི་དེ་ལྟར་བདག་ལ་ཡང་བལྟ་བར་བྱ་སྟེ། ནོར་བཟངས་ནི་འཇིག་རྟེན་པ་གསེར་ལ་སོགས་པར་བརྗོད་དེ། གཱ་ལ་ཏྲེ་ནོར་བཟང་ཞེས་བྱ་བའི་མིང་ཙམ་དུ་རྣམ་པར ་བཤད་དེ། འདིར་འགྲོན་བུ་གཅིག་ཙོམ་ཡང་ཡོད་པ་མ་ཡིན་ནོ།། དེ་བས་ནཱ་བདེན་པ་མེད་པའི་རྟོག་གེ་ལ་ཞུགས་པའི་ཕྱིར། བདག་ཉིད་ཉམས་པར་བྱེད་པའི་ཕྱིར་རོ།། བརྡའི་དོན་གྱི་ཕྱིར་སྒྲའི་དོན་ངག་གི་ཁྱད་པར་ནི་མ་མཐོང་ངོ་།། ་གཞན་ཡང་སྐྲོད་པར་བྱེད་པ་ལ་སོགས་པ་དེའི་ཡང་གདུལ་བར་བྱ་བའི་ཕྱིར། གསལ་བར་ནུས་པས་བྱའོ།། དེའི་ཉམས་སུ་མྱོང་བ་རབ་ཏུ་བསྟན་པ་སྟེ། ཡང་གསང་བར་བྱ་བ་མ་ཡིན་ཞིང་སྙིང་རྗེས་ཐམས་ཅད་དུ་བྱ་བའི་ཕྱིར་རོ།། ་བཅས་པའོ།། གཏོར་མའི་སྣོད་དུ་ཨོཾ་ཧཱ་ར་ཞེས་བྱ་བ་ལ། ཨོཾ་ཧཱ་ར་ནི་བཟའ་བའི་རྫས་ལ་སོགས་པ་རབ་ཏུ་མང་པོར་གྱུར་པ་རྣམས་ཀྱིས་ཁ་ཟས་ལ་རྣལ་འབྱོར་མ་དུ་མཱ་རྣམས་ཀྱི་གཅིག་ཏུ་འདུས་པས་གྱུར་པ་ཉིད་དོ།། གཏོར་མུའི་སྣོད ་དུ་ཞེས་བྱ་བ་ནི་དེའི་སྣོད་ཐ་དད་པར་རོ།། ཤཱ་རློན་ལ་སོགས་ཉ་ཤ་དང་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་རབ་ཏུ་བསྟན་ཏོ།། གཡོན་པའི་ཆ་ལ་སྣོ་ཀྱི་དང་། གཡས་པའི་ཁྲོ་བོ་བསྟན་པར་བྱ་ཞེས་བྱ་བ་ནི། གཡོན་པའི་ངོས་སུ་སྣོད་དེ ་མཆོད་ཡོན་གྱི་སྣོད་བཞག་པར་བྱའོ།། དེ་ལ་གནས་པའི་མེ་ཏོག་ལ་སོགས་པ་གཡས་པའི་ཁྲོ་བོ་དང་མཐེ་བོང་དྲག་གིས་བསྐྱོར་བས་མཆོད་དེ་ཡོན་དབུལ་བར་བྱ་བའི་དོན་ཏོ།། གཞན་ནི་གོ་སླའོ།། བཅོ་བརྒྱད་པ། དུས་ཀྱི་འཁོར་ལོའི ་གནས་སྐབས་སུ་རྩི་ཆེན་སུམ་ཅུ་རྩ་གཉིས་ཀྱི་ཞེས་བྱ་བ་ནི། གཙོ་བོའོ།། བཅུ་ཕྱེད་ནཱི་ཞེས་བྱ་བ་ནི། རྩ་ལྔ་པོ་རྣམས་ཤེས་བྱ་བའི་དོན་ཏོ།། དབྱངས་ཀྱི་འགྲོ་བའི་མཚན་ཉིད་དེ་ཞེས་བྱ་བ་ཡང་གསུངས་སོ།། དཀར་དང་གནག་པའི་ཆ་ཡིས་ནི ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་དབྱེ་བས་དབྱངས་ཉི་ཤུ་རྩ་བཞིའོ།། ལུས་ཀྱི་མཚན་མ་ཞེས་བྱ་བ་གསུངས་སོ།། དབུགས་ཀྱི་སྤྲོས་པ་ཙམ་གྱིས་ནི། དྲུག་གཉིས་ལུས་ཅན་རྣམས་ཀྱི་འཚོར་ཞེས་བྱ་བ་ནི། དབུགས་སོར་བཅུ ་གཉིས་པ་རྣམས་སོ།། འཚོར་བ་ནི་འབྱིན་པའོ།། ལུས་ཅན་རྣམས་ཀྱི་འདི་ནི་རང་བཞིན་དུ་གནས་པ་སྟེ། རྟས་པར་གནས་པའིའོ།། དེ་བས་ན་གཞན་དུ་འགྲོ་བ་དེའི་ཚེ་དུས་འདི་དག་རྟོགས་པར་བྱའོ།། ཉི་ཤར་རོ་ཧི་ཏ་ཆ་ལ། ཞེས་བྱ ་བ་ནི། ཐུན་ཚོད་ཕྱེད་ཕྱེད་ལ་ངེས་པར་རླུང་འཕོ་བར་འགྱུར་བ་དེ་ལ་རོ་ཧཱི་ཏ་ལ་སོགས་པ་ཉི་མ་བཅུ་གཉིས་རྣམ་པར་དབྱེ་བར་བྱའོ།། དེས་ན་འདིའི་དོན་ནི། ཉི་མ་གཅིག་ཁོ་ན་ལ་ཚེ་སཱ་བཅུ་གཉིས་ཏེ། ངས་ཐུས་ན ་རོ་དྷི་ཏའི་ཆུ་ལ་དེའི་མཚན་ཉིད་མཚོན་པར་བྱའོ་ཞེས་བྱ་བ་ལ་སོགས་པའོ།། དབུགས་ནི་འཆད་ཅིང་ཆུད་པ་ན་ཞེས་བྱ་བ་ནི། དགུའི་མཚན་མོ་བསྟན་པརརྱ་བྱ་སྟེ། གང་གི་ཚེ་རྩ་ཆུད་པར་གྱུར་པ་དེའི་ཚེ་ཆད་པར་གྱུར་པ་ཞེས་བྱ ་བའི་དོན་ཏོ།། གང་ཚེ་ཉི་མ་དྲུག་རྒྱུ་ཞིང་།། གཅིག་ཏུ་ཉེ་བར་རྒྱུ་མཛེས་པས་ཞེས་བྱ་བ་ནི། གང་གི་ཚེ་རྒྱུན་མི་འཆད་པ་འམ་རྟག་ཏུ་རླུང་རྒྱུ་བར་གྱུར་པཾ་དེའི་ཚེ་དེ་ལ་ལོ་གསུམ་བཱརྫི་བུར་བྱའོ།། དེ་བཞིན་སུམ་བརྒྱ་དྲུག་ཅུས་ནི་ཞོ་། ་དགོངས་པ་གང་ཞེ་ན། འཁོར་ལོའི་ཕྱི་རོལ་གྱི་གྲངས་ལ་ཉི་མ་ལྷུར་རྒྱུན་ཚེ་ལོ་གསུམ་ཏུ་གསུངས་སོ།། དེའི་རྗེས་སུ་ལྔའི་མཐུར་བཅུར་འཕེལ་ཞིང་གང་གི་ཚེ་རྒྱུ་བར་གྱུར་པ་དེའི་ཚེ་ལོ་གཉིས་སུ་འཚོ་བར་འགྱུར་བར་གསུངསོ།། ་དེ་དག་གི་ནང་དུ་སོན་པའི་ཉི་མ་རྣམས་ཀྱི་གཏན་ལ་དབབ་པ་སྟེ། དེ་ལ་འདི་ལོ་གསུམ་ནི་མ་ཡིན་ཏེ། ལོ་གསུམ་གྱི་བགྲངས་པའི་ཆུ་གཟུང་བར་བྱའོ།། དེ་བས་ན་ལོ་གཉིས་ཀྱི་ཆ་དང་ཟླ་བ་དྲུག་དང་དེ་བཞིན་དུ་ཉི་མ་བཅཝོ་བརྒྱད་དུ ་འགྱུར་རོ།། དེ་ལྟར་མཐར་སོན་པའི་ཉི་མ་རྣམས་ཀྱི་འམ་གཞན་པ་རྣམས་ཀྱི་ཡང་རྟོགས་པར་བྱའོ།། སུམ་བརྒྱ་དྲུག་ཅུ་ནི་ཞེས་བྱ་བ་ནི། འདི་ཉིད་ཀྱི་ལོའི་ཆ་ཡོངས་སུ་བརྟགས་པའི་ཕྱིར་ལོའི་གྲངས་སུ་བྱས་པའོ།། འདི་དག་ཐམས ་ཅད་ནི་ནང་དུ་ཉི་མ་གུང་ཞེས་བྱ་བ་ལྔ་སོགས་པས་བཤད་པར་བྱའོ།། དེ་ལ་ཇི་ལྟར་རྙེད་ཅེ་ན། བདུན་པའི་ཆ་ཡོངས་སུ་བརྟགས་པ་ལས། གང་གི་ཚེ་ལོ་གཉིས་སུ་ནི་ཡང་དག་གསུངས།། དུས་ཀྱི་གྲངས་ཀྱིས་ཟླ་བ་རྣམསཱ་ཤའོ།། ཉི་མ ་བདུན་པ་སྤངས་ན་ནི་ཞེས་བྱ་བ་ནི། ཉི་མ་བདུན་པ་སྤངས་ནས་བརྒྱད་པ་ཞེས་བྱ་བའི་དོན་ཏོ།། གང་ཚེ་རླུང་ནི་རྒྱུ་གྱུར་ན། ལོ་གཉིས་སུ་ནི་ཡང་དག་གསུངས།། ཟླ་བ་དེ་རྣམས་རིག་བྱེད་གྲངས་ཞེས་བྱ་བ་ནི། ཟླ་བ་བཞི་ཞེས་བྱ་བའི་དོན་ཏོ།། ཉི། ་མ་རྣམས་ནི་དུས་ཀྱི་སྒྲས་བརྗོད་པར་བྱའོ།། ཉི་མ་ཉི་ཤུ་རྩ་བཞི་ཡི།། དུས་གྲངས་སུ་འཚོ་བར་འགྱུར་ཞེས། དེ་ལྟར་གཞན་ཐམས་ཅད་གོ་སླའོ།། ནང་དུ་ཉིམ་གང་གསུངས་པ།། ཞལ་མཆོག་མ་ཉིད་བཅུ་གཉིས་འདི།། ལོ་ཡི་རིམ་པས་དེ་སྦྱངས ་པས་ད་རིམ་པོའི་རྗེསཾ་སུ་བདུན་ཅུ་གཉིས།། སུམ་ཅུ་རྩ་དྲུག་བཅོ་བརྒྱད་དང་།། ཟླ་སོགས་རིམ་པ་ཇི་བཞིན་གྱིས།། ཤེས་པ་སྟེ་ལོའི་རིམ་པས་གྲངས་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ནོ།། གཅིག་དང་གཉིས་དང་གསུམ་གྱི་ཉི་མས་སམ། ལྀ་རུ ་གནས་པས་སྦྱངས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འཁོར་ལོའི་འོག་དང་སྟེང་གི་ཁ་ཡིས་ལོའི་རིམ་པས་ནི་སྟེང་གི་ཁ་ཡིས་སོ།། ཟླ་བ་དང་ཉིན་པར་གྱི་རིམ་པས་འོག་གི་ཁའོ།། དལ་གྱི་དལ་གྱིས་ཇི་ལྟར་ཕྲི་བ་དེ་བཞིན་དུ་དགང་པས་འཚོ་བའི ་བསྡུས་པར་ཤེས་པར་བྱའོ།། ཇི་ལྟར་དབྲི་བ་དེ་བཞིན་དགང་བའོ།། འདིས་ནི་ནང་གི་རེ་མིག་བཅུ་དྲུག་རྣམས་ཀྱི་གཏན་ལ་དབབ་པ་བྱས་ནས། ནང་གི་མིག་གསུམ་གྱི་ཡང་གོ་སླ་བ་ཉིད་དོ།། འདིའི་མཚན་ཉིད་ཀྱིས་ནི་འཆི་བའི་དུས་ངེས་པར ་བྱས་ནས་ཕྱིར་བཟློག་པའི་ཆོ་ག་བྱའོ།། དེའི་འཆི་བ་ཡང་དག་པར་འཚོ་བ་ལ་སོགས་པ་གོང་མ་ལྟ་བུར་རྟོགས་པར་བྱའོ།། ཁ་ཊྭཱཾ་ག་ནི་ཡན་ལག་སྦྱར་ཞེས་བྱ་བ་ལ་སོགས་པ་ནི། ཀེང་རུས་ཀྱི་གཟུགས་སུ་པགས་པ ་དང་། ཤ་དང་ཁྲག་དང་ཁུ་བ་བྲལ་བར་བདག་ཉིད་བསྒོམ་པར་བྱའོ།། དུམ་སྐྱེས་མ་ཁ་ཊྭཱཾ་ག་དང་ལྡན་པའི་ཕྱག་གི་ཐོད་པས་དབྱུང་བར་བསྒོམ་པ་གོམས་པའི་རྣལ་འབྱོར་པ་ས་ཡན་ལག་ཐམས་ཅད་བསྲུང་བར་བྱས་ནས་སྒོ་ལ་སོ། ་པར་བདུད་རྩི་ལྔས་ཁ་བཀང་ནས་བདུད་རྩིའི་བསམ་གཏན་གྱིས་བྱིན་གྱིས་བརླབ་པར་བྱ་བ་དང་། མཆོད་པ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་ལ་སོགས་པ་གོང་ཉིད་དུ་བསྟན་ཏོ།། །། ད་ནི་མུ་སྟེགས་པའི་ལྷག་པར་བྱས་པ་སྨྲས་པ ་རླུང་རྣམ་པར་བཅིངས་པ་ལ་སོགས་པ་དེས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་བྱའོ།། དེ་ངེས་པར་རླུང་དང་བདུད་རྩི་ལ་སོགས་པའི་དེ་ཁོ་ན་རྟོགས་པར་བྱ་སྟེ་ངོས་དེ་རྣམས་ཀྱི་རྟོགས་པར་བྱ་བའི་ཕྱིར་བདག་ཅག་ལ་ཡང་ཡོད ་དེདོད་ཕུང་པོ་ལ་མངོན་པར་ཞེན་པས་འཇུག་པ་རྣམས་ཀྱི་མཐོ་རཱི་སུ་ལ་སོགས་པའི་ལོངས་སྤྱོད་ལ་དགའ་བ་རྣམས་ཀྱི། གཞན་གྱི་གྲོང་ཁྱེར་དུ་འཇུག་པ་འཇུག་འཕོ་བ་ཡང་བསྟན་པར་བྱའོ།། ངེས་པར་འདི་གང་དུ་རྟོགས་པར་བྱ་ཞེ་ན། མདོ ་ལ་སོགས་པར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཡང་གང་གི་ཚེ་བྱུང་བ། བྲམ་ཟེ་དང་དྲང་སྲོང་དང་འོད་སྲུངས་ཀྱིས་དེའི་ཚེ། དགེ་སྦྱོང་གཽ་ཏ་མ་འདི། གལ་ཏེ་བདག་དོན་དམ་པའི་དེ་ཁོ་ན་ཉིད་དུ་སྨྲ་ན། དེའི་ཆོས་མཉན་པར་བྱའོ་ཞེས་བགྲོ ་ནས་བཅོམ་ལྡན་འདས་ལ་ཞུ་བར་བརྩམས་པ་དང་། དགེ་སྦྱོང་གཽ་ཏ་མ་བདག་མཆིས་སམ། བྲམ་ཟེ་ཆེན་པོ་ཇི་ལྟར་ཁྱོད་ཀྱིས་ཤེས་པའི་བདག་ཡོད་དེ་བདེན་ནོ།། ཡིད་དགའ་ཞིང་མགུ་ནས་ལེགས་སོ་ཞེས་གསོལ་ཏེ་རབ་ཏུ་བྱུང་བ ་གྱུར་ཏོ།། དེ་ལྟར་འདིའི་དཔེ་གཞན་དུའང་རྟོགས་པར་བྱའོ།། ཡོང་ན་སྙིང་རྗེའི་བདག་ཉིད་ཅན་གྱི་བསྒོམ་པའི་བདག་ཉིད་ཅན། རྣམས་ཀྱི་སེམས་ཅན་གྱི་དོན་དང་ལྡན་པར་ངན་འགྲོའི་ལམ་དགག་པར་བྱ་བའི་ཕྱིར་འཕོ་བར་བྱའོ།། སྦྱིན ་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པའི་ཕྱིར་རམ། ངན་འགྲོ་དེ་ལས་ཀྱང་གཞན་གྱི་སེམས་བསྲུང་བའི་ཕྱིར་གཞན་གྱི་གྲོང་ཁྱེར་དུ་འཇུག་པར་བྱ་སྟེ། བསྒོམ་པའི་བདག་ཉིད་ཅན་གྱི་ནུས་པས་འོདི་བྱའོ།། དང་པོར་ཉིད་དུ ་ཡོངས་སུ་དག་པ་བསྟན་པར་བྱ་སྟེ་ཕྱི་ནས་སེམས་ཀྱི་ལོས་སོ།། གཞན་ནི་གོ་སླའོ།། སྔོན་བཞིན་འཁོར་ལོ་གང་གསུངས་པ། རྣ་བ་དག་ཏུ་བཞུག་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱིས་ནང་དུ་འཁོར་ལོ་བཞིའི་བ ་ཉིད་ཅན་བསམས་ནས་ཊཱི་ག་ལེ་དང་ལྗོན་པར་སྤྲོ་སྟེ། འབྲར་བ་འཛིན་པར་ཞུགས་ཤིང་རྣ་བ་དག་ཏུ། འཇིག་རྟེན་གསུམ་དང་འདྲེས་པར་གྱུར་པས་མེ་སྟག་ལྟ་བུར་འཁོར་ཞིང་གཞུག་པར་བྱའོ།། འཇིག་རྟེན་གསུམ་དུ་སེཾན་ཞེས་བྱ་བའི་སྒྲས ་ནི་འདྲེས་པའོ།། མེ་ནི་རླུང་གིས་བསྐྱེད་ནས་ནི་ཞེས་བྱ་བ་ནི། སྤྲོས་པའི་བདག་ཉིད་ཅན་ཏེ། ཤེས་རབ་དང་ལྡན་པས་མེ་སྟག་ལྟ་བུར་རྣ་བ་དག་ཏུ་གཞུག་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདིས་ནི་རྣལ་འབྱོར་པ་རིང་པོ་ཐོས་པས་ཤེས་པར ་འགྱུར་རོ།། འདི་སྐད་དུ་མིག་གི་སྤྱོད་ཡུལ་དུ་བྱས་ནས་འཇིག་རྟེན་གསུམ་བལྟ་བར་བྱའོ།། འདི་སྐད་དུ་སྔོན་གྱི་གནས་དང་འཇིག་རྟེན་གསུམ་པོ་ཐམས་ཅད་སྣང་བར་བྱས་ནས་ཡོད་ཀྱིས་གཞན་གྱི་སེམས་ཏེ། ་གཞན་གྱི་ཡིད་ལ་འཇུག་པ་དང་རྫུ་འཕྲུལ་བྱེད་པའོ།། ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་ལ་ཞོན་ནས་འབར་ཞིང་གསལ་བར་བྱེད་པར་རོ།། གཞན་གྱི་གྲོང་ཁྱེར་དུ་འཇུག་པ་དང་། འཕོ་བའི་མཚན་ཉིད་ལ་གོམས་པས་མྱུར་བར ་འདི་ལྟ་བུ་སྐྱེ་བར་འགྱུར་རོ།། ལྷ་མོ་སྒྱུ་མ་ཆེན་མོ་ཉོན།། འགྲོ་བའི་སྒོ་ནི་མཛེས་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི། སྒོ་དགུ་ལས་རྣམ་པར་ཤེས་པ་འཕོ་བ་ན་མཆོག་དང་ཐ་མའི་དབྱེ་བས་འགྲོ་བའི་དབྱེ་བ་བསྟན་པར་བྱའོ།། ཐིག་ལེས ་གཟུགས་ཀྱི་ལུས་ཅན་ཉིད།། ལྟེ་བ་མཐོ་རིས་འདོད་པ་ཅན། ཞེ་ས་བྱ་བ་ནི་གང་གི་ཚེ་སྤྲོ་བ་དྲུང་བསྡུ་བའི་རིགས་པས་ཐིག་ལེའི་གཟུགས་ཀྱི་སེམས་ཏེ། རྣམ་པར་ཤེས་པ་ལུས་ཅན་རྣམས་ཀྱི་ལྟེ་བའི་སྒོ་ནས། བྱུང་བ་དེའི་ཚེ་མཐོ་རིས ་སུ་སྐྱེ་བར་འགྱུར་རོ།། སྟེང་ནཱ་ས་སྟེང་དུ་འགྲོ་ཞེས་བྱ་བ་ལ། སྟེང་ནི་གྲྀང་གི་ཆུའབརྱ་པཾ་འཛིནྡྲ་པ་ནིས་རྣལ་འབྱོར་པ་བྱུང་བཱ་དེའི་ཚེ། མཐོ་རིས་ལས་སྟེང་དུ་འོག་མིན་ལྔ་སོགས་པར་སྐྱེ་བར་འགྱུར་རོ།། དེས་ཕྱེ་བས་མྱུར་བ་ཉིད་དུ ་འགྱུར་རོ།། སྣ་ལས་གནོད་སྦྱིན་ཉིད་དུ་འགྱུར།། རྣོ་བ་དག་ལིས་མི་འམ་ཅི།། ལྷ་མོ་གང་ཚེ་མིག་ནས་འགྲོ། མཽ་རྣམས་ཀྱི་ནི་རྒྱལ་པོར་སྐྱེ།། ཞེས་བྱ་བ་ནི། མི་རྣམས་ཀྱི་འཁོར་ལོ་སྒྱུར་བར་འགྱུར་རོ་ཞེས་བྱི་བའི་དོན་ཏོ།། དེ་ལྟར ་འཇིག་རྟེན་ཐམས་ཅད་ཀྱི་ཞེས་བྱ་བ་ནི། གང་ཞིག་སྔར་དབྱངས་བཅུ་གཉིས་གསུངས་པ་སྟེ། རོ་ཧི་ཏ་ལ་སོགས་པའོ།། འཆར་པ་དང་ནི་ནུབ་པར་གནས་ཞེས་བྱ་བ་ལ།། དེའི་ཕྱིར་གསུངས་པ། སྒྱུ་མ་ཆེན་མོ་བཅུ་གཉིས་འདི ་སྲོག་གི་ཚུལ་དང་ཆ་རུ་བརྗོད།། དེ་རྣམས་སུ་ཕུང་པར་ཡང་དག་བཤང་།། སྐར་མ་ཐམས་ཅད་ཡང་དག་ལྡན།། ཟླ་བ་ཉི་མའི་རྣམ་ཆ་ཡིས།། འོག་དང་དེ་བཞིན་སྟེང་དུ་ཁ་ཞེས་བྱ་བ་ནི། ལུས་ལ་ཁཱ་སྟེང་དུ་བལྟས་པ་ནི་ཨཱ་ལཱ་སོ།། ་པའོ།། ཀ་ལ་སོགས་པ་ནི་ཁཱ་འོག་ཏུའོ།། གནས་པ་དང་ནི་གཡོ་བ་ཉིད།། གཉིས་གཉིས་སུ་ནི་བརྗོད་པ་དང་ཞེས་བྱ་བ་ནི། རེ་རེ་ཡུང་གནས་པ་དང་གཡོ་བའི་རང་བཞིན་ཞེས་བྱ་བའི་དོན་ཏེ། འདི་དག་གི་འགྲོ་བའི་རིམ་པས་ནི་མི་དགེ ་བ་དང་འཇུག་པའི་རིམ་པས་ནི་དགེ་བ་ཞེས་བྱ་བ་ནི་སོ་སོར་སྦྱར་རོ།། ལྷ་མོ་འོད་ཟེར་ཟུང་དེ་བཞིན།། རིང་ཡང་རྒྱལ་དང་རྒྱལ་མིན་ཉིད་ཅེས་བྱ་བ་ནི། སྔར་གསུངས་པའི་འཁོར་ལོ་ལ་ཡང་འབྲས་བུ་རྒྱས་པར་བསྟན་པར་བྱའོ། ་འོད་ཟེར་ཟུང་ཞེས་བྱ་བ་འདི་ནི་ཡི་གེ་ཟུང་སྟེ། སྡེ་ཚན་གྱི་རིམ་པས་གང་ཞིག་གསུངས་པ། དེ་རིང་པོ་དང་ཡང་བ་ནི་རྒྱལ་བ་དང་རྒྱལ་བ་མིན་པའོ།། དགོངས་པ་གང་ཞེ་ན། སྟེང་དུ་དེའི་རྒྱལ་བ་ཉིད་ཅེས་བྱ་བ་ནི། དང་པོའི་ཡི་གེ་སཾ་ཏཱ། ་ཡང་བས་ནི་རྒྱལ་བའོ།། འོག་ཏུ་འཆི་བར་ཡང་དགེ་འགྲོ་ཞེས་བྱ་བ་ནི། གཉིས་པས་ནི་འཆི་བར་ཡང་དག་པར་འགྲོ་བ་སྟེ། འགལ་བ་ཞེས་བྱ་བའི་དོན་ཏོ།། འདི་སྐད་དུ་ཐམས་ཅད་སྡེ་ཚན་ལ་ཧོར་བྲིས་ནས་ཨ་ལ་སོགས་པའི་སྡེ ་ཚན་རྣམས་ཀྱིས་རྩིས་གང་ཞིག་ལྷག་མར་གནས་པའི་ཡི་གེ་དེ་བླངས་ནས་དེའི་འཁོར་ལོ་རྩིབས་བཅུ་གཉིས་པར་གང་ཞིག་གསུངས་པའི་དགེ་བ་དང་མི་དགེ་བ་མཚོན་པར་བྱའོ།། དེ་ཡང་བཅོམ་ལྡན་འདས ་ཉིད་ཀྱིས་རྒྱུད་ལས་རྟོགས་པར་མཛད་དོ།། ཉི་མའི་རྒྱུ་བ་ཐམས་ཅད་ཀྱི་སྐར་མ་དང་། ཕུང་པོ་དང་གཟའ་དང་ཀླུ་རྣམས་ཀྱི་འབྱུང་བ་ལ་སོགས་པ་ནི་གོ་སླའོ།། གང་ལ་ཟླ་བ་རྣམ་གནས་པའི།། །། དང་པོར་སྐར་མ་བརྩི་བར ་བྱ་ཞེས་བྱ་བ་ནི། སྐྱེ་བོ་སྐྱེས་པར་གྱུར་པའི་སྐུར་མ་དང་པོར་བརྟན་པར་བྱས་ནས་བརྩི་ཞིང་། ཕྱི་ནས་དེའི་ཆོས་གྲངས་ཀྱི་ཟླ་བ་ཞེས་བྱ་བ་བརྟག་པར་བྱ་ཞིང་། གང་དུ་སྐར་མ་ཟླ་བ་གནས་པ་དེ་བགྲངས་ནས་མཚན་མ་བཞག ་པར་བྱའོ།། དེ་ནས་དྲུག་ཅེས་བརྡུང་བར་བྱ་ཞིང་། ཡང་གང་དུ་ཉི་མ་ལ་སྨྱོས་པ་དེའི་དུས་ཀྱི་ཕུམ་བུ་ཤིན་ཏུ་གང་ཞིག་འདས་པ་དེ་གཞུག་པར་བྱའོ།། དེ་ལ་ཟླ་བ་གཞུག་བྱ་སྟེ་ཞེས་བྱ་བ་འདིའི་ཡང་འདི་ཉིད་དོ་ཞེས་བྱ་བའི ་དོན་ཏོ།། ཟླ་བ་ཟོས་པའི་དུས་གཞུག་པར་བྱ་ཞིང་། ཡང་དྲུག་ཅུའི་གྲངས་རྣམས་ཀྱིས་བདུད་བར་བྱའོ།། དེ་ནས་གླང་པོ་མེ་རོ་དབང་པོས་ནཽ་ཞེས་བྱ་བ་ནི། གླང་པི་སྟེ་ཕྱོགས་ཀྱི་གླང་པོ་བཅུའོ།། མེ་ནཱི་གསུམ་མོ།། རོ་ནི་དྲུག་གོ ་དབང་པོ་ནི། གཅིག་གོ།། སྡུས་པས་ཉི་ཤུར་འགྱུར་ཏེ། འདི་རྣམས་ཀྱི་ཆ་བྲི་བར་བྱས་ནས་གང་ཞིག་ལྷག་མ་ཐོབ་པ་དེ་བཞིན་དུ་དེའི་ཡང་ཆ་བླང་བར་བྱའོ།། བཅུ་གཉིས་ཀྱི་ནི་བཟང་པོའི་ནང་ཞེས་བྱ་བ་ནི། ཁོང་པའོ།། ལྷག ་པའི་ཞེས་བྱ་བ་ནི། གང་ཞིག་ལྷག་མ་བཏུས་པ་དེའི་གནས་སྐབས་སུ་ཟ་བར་བརྗོད་དོ།། ཉིན་དང་མཚན་མོའི་རབ་སྦྱོར་བས། ལྷག་མའི་ཕུམ་བུར་བརྗོད་པ་ཉིད་ཅེས་བྱ་བ་ནི། དེ་ཉིད་ཀྱི་རྣམ་པར་འགྲེལ་པའོ།། གང་དུ་ཟླ་བ་རྣམ ་གནས་པ། རབ་ཏུ་གནས་པར་ཕམ་པར་འགྱུར་ཞེས་བྱ་བ་ནི། དེ་ལ་སྐྱེ་བའི་སྐར་མེ་ལ་གལ་ཏེ་ཟླ་བ་དང་པོ་ལ་ལྟེ་བར་གནས་པར་གྱུར་པ་ན་ཕམ་པ་སྟེ། འཆི་བ་ལ་སོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། གཉིས་པ་རྟས་པར་ཞེས ་བྱ་བ་ནི། གལ་ཏེ་ཟླ་བ་གཉིས་རྟས་པར་ཤེས་ཟེར་བྱ་བ་ཡིན་ནོ།། ཤི་བཻར་བརྩི་བར་འགྱུར་ཞེས་བྱ་བ་ནི་འཆི་བའི་གནས་སྐབས་སུ་སོན་པ་སྟེ། ཟླ་བ་སྐྱོབས་གསུམ་པ་ལ་འཆི་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། རྒོད་པ་ནི་ཟླ་བ་བཞི ་པ་ལ་མཉེས་པའོ།། ལྔ་པ་ལ་ནཱི་ནོར་འོང་བའོ།། དྲུག་པ་ལ་རིམས་ཀྱིས་ལུས་འཇིག་པའོ།། དགའ་བྱེད་ནི་ཟླ་བ་ལ་དེ་བཞིན་དུ་མཉེས་པ་དང་། ཡང་དག་འབྱུང་ནི་བདུན་པ་ལ་ཡིན་ནོ།། བརྒྱད་པར་ཞིག་པ་ན་ཟླ་བ་ལ་འཇིག་པའི ་གཟུགས་སོ།། ཉེ་བར་གནས་པ་ནི་ཞེས་བྱ་བ་ནི། དགུ་པ་ལ་གནས་པ་ན་དགྲ་བོ་དང་འཐབ་པར་འགྱུར་རོ།། བཅུ་པར་རྩེ་བཱར་བྱེད་པ་ནི་མཉེས་པར་གྱུར་པ་སྣ་ཚོགས་པར་བརྗོད་དོ།། བཅུ་གཅིག་ཚ་བར་ཞེས་བྱ་བ་ནི་ཟླ་བ་ལ་འཇིགས ་པ་སྣ་ཚོགས་སོ།། བཅུ་གཉིས་ཟ་བ་ལ་ཞེས་བྱ་བ་ནི། བདེ་བ་ཆེན་པོ་ཟླ་བ་ལ་དེ་བཞིན་དུ་སྐྱེ་བའོ།། དྲུག་ལ་སོགས་པ་ནི་ཟླ་བའི་རྒྱུ་བའི་ཆོ་གའི་རིམ་པ་སྟེ། འདི་ཡང་ཁྱོགས་ཀྱི་འཁོར་ལོ་ལ་རྟོགས་པར་བྱའོ།། ཉི་ཤུ་རྩ་ལྔ་པའོ།། ་རུང་དགེ་བ་ཡང་དྲག་གནས་ཞེས་བྱ་བ་ནི། གང་ལ་ཉ་དང་སྟོང་གི་དབྱུ་གུའི་ནང་དུ་དེ་ལ་ཞེས་བྱ་བའི་དོན་ཏོ།། ཉི་ཟླ་ལས་བྱུང་རེ་ཁཱ་ནི།། མཉམ་པར་བལྟས་པས་ཡང་འོངས་ཞེས་བྱ་བ་ལ་སོགས་རྣམས ་ཀྱིས་རྒྱུད་ལས་རྟོགས་པར་མཛད་།། ཉི་ཤུ་རྩ་བརྒྱད་པའོ།། །། དམ་པའི་མན་ངག་རྙིད་པར་དཀའ་བ་རིག་པས་དེ་ངལ་བཱ།། བླ་མ་འདིར་ནི་དཾ་ནས་དམ་པའི་སྙིང་རྗེ་བཅིངས་པའི་ཐུགས།། དེ་ཉིད་བཟང་པོ་བརྟན ་པའི་རྒྱུར་ནི་ཁྱོད་ཀྱིས་དེ་རྟོགས་པ།། ཡང་ནི་འདིར་ནི་རིག་པའི་ང་རྒྱལ་ཆ་ནི་བདག་ལ་མེད།། བདེ་གཤེགས་སྲས་དང་བཅས་པའི་ཚོགས་དང་ཡེ་ཤེས་བཙུན་མོ་རྣམས།། མཁའ་སྤྱོད་མ་དང་ས་སྦྱོང་མ་དང་ས་འོག ་གཤེགས་པ་རྣམས།། འགྲོ་བ་ཀུན་ལ་ཕན་པ་རྣམས་ཀྱིས་ནོར་བཟུངས་བྱས་པ་ལ།། འཕགས་པས་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ་བརྗོད་པར་མཛོད།། རྡོ་རྗེ་མཁའ་འགྲོའི་བཀའ་འགྲོལ་སློབ་དཔོན་ནོར་བཟངས་ཀྱིས ་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀཱ་ཡ་སྭ་པཱ་ག་ཡེ་དྷ་རའི་ཞལ་ལྔ་ནས་དང་། བོད་ཀྱི་ལོ་ཙ་བ་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་