| Wylie | e-texts produced with BDRC’s OCR application |
བོབསྡུས་པའི་དོན་ཨཱ་ཙཨཱརྱ་མྱནྟིནཱ་དྲ་བྷུ་དྲས་མཛད་པ་རྫོགས།། ། ཨོཾ་ཙྪརྡྷ་མུ་ནཱིན་དྲ་བྷ་དྲ་དྲུང་བོད་ཀྱི་ལོ་ཙ་ཆེ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཁརྠ ་དྷཱ་ཏྱཻ་མཎྜ་ལ་བྷ་བ་ནེ་པདྡྷིནྡོ། བོད་སྐད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་བསྒོམ་པའི་དོན་བསྡུས་པ། འཇམ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱགའཚལོ།། དང་པོར་བདག་མེད་པ་ལ་མོས་པ་དང་། ལྐོག་མ་སྦྱང་བ ་དང་ལོག་པ་སྦྱང་བ་དང་བགེགས་བསྒྲེད་པ་དང་གནས་སྲུང་བ་དང་དཀྱིལ་འཁོར་སྤྲུལ་པ་དང་། མེ་ཏོག་ལ་སོགས་པས་མཆོད་པ་དང་ཕྱག་འཚོལ་བ་དང་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། ་གསོལ་བ་གདབ་པ་དང་བསྐུལ་བ་དང་མཆོད་པ་ཉི་ཤུ་དང་བདག་ཉིད་དབུལ་བ་དང་བསྔོ་བ་དང་སྨོན་ལམ་གདབ་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་སྡོམ་པ་ཉི་ཤུ་བླང་བྱ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཕུལ ་དུ་བྱུང་བ་དང་། རང་བཞིན་གྱི་དཀྱིལ་འཁོར་དང་། སྤྲུལ་པའི་དཀྱིལ་འཁོར་དང་། བསྒོམ་པའི་དཀྱིལ་འཁོར་རྣམས་ཀྱི་གཟུགས་བརྙན་བསྒོམ་པ་དང་། ཕྱོག་རྒྱ་བཅིང་བ་སྔོན་དུ་འགྲོ་བའི་ཆོ་ག་སྒྲུབ་པ་མདོར་བསྟན་པ་དང་། རྡོརྗེ ་ཐལ་མོའི་མཚན་ཉིད་དང་དེ་དག་བྱིན་གྱིས་བརླབ་པའི་སྔགས་དང་། རྡོ་རྗེ་དབུབ་པ་བསྐྱེད་པ་དང་། དེ་བརྟན་པར་བྱ་བ་དང་། ངན་སོང་ཐ~ཾད་དགུག་པ་དང་། སྡིག་པ་ཐམས་ཅད་དྲལ་བ་དང་ཕྱག་རྒྱ་དགྲོལ་བ་དང་། དེ་ཉིད་ཕུལ་དུ ་དབྱུང་བ་དང་། རང་གི་སྙིང་གའི་རྡོ་རྗེ་ལ་སྙིང་པོ་དགོད་པ་དང་ཟླ་བ་གཉིས་བསྒོམ་པ་ད་རྡོ་རྗེ་བསྒོམ་པོ་དང་། གཞོན་སྒྲུབ་པ་ལ་ཕྱག་རྒྱ་གཞན་བསྒོམ་པ་དང་སྙིང་པོ་དགོད་པ་དང་། ཕྱག་རྒྱའི་ང་རྒྱལ་དང་སྔར་བཤད་པའི ་དཀྱིལ་འཁོར་གཞུག་པ་དང་། སེམས་དཔའ་བསྐྱེད་པ་དང་། དམ་ཚིག་སེམས་དཔའ་བསྐྱེད་པ་དང་། དམ་ཚིག་སེམས་དཔའི་ང་རྒྱལ་དོང་དམ་ཚིག་གི་ཕྱག་རྒྱས་དེའི་ང་རྒྱལ་དང་། དེ་ཉིད་ཀྱིས་གནས་གཞིར་བྱིན་གྱིས་བརླབ ་པ་དང་། ཕྱག་རྒྱ་ཆེན་པོའི་སྙིང་པོ་དང་སྔགས་དཟློས་པ་དང་། རང་གི་སྙིང་གར་དཀྱིལ་འཁོར་བསམ་པ་དང་། ཕྲེང་བ་བླངས་ཏེ་དོར་བ་དང་དཀྱིལ་འཁོར་དུ་འཇུག་པ་དང་། ཕྲེང་བ་བླངས་ཏེ། སྤྱི་བོར་བཀྲོལ་ཞིང་བཅིང་བ་ད ་གདོང་གཡོགས་དགྲོལ་བ་དང་དཀྱིལ་འཁོར་བསྟན་པ་དང་མཐོང་བ་དེ་བརྟན་པར་བྱ་བ་དང་། དབང་བསྐུར་ལྔ་དང་དཀྱིལ་འཁོར་རེ་རེ་ཞིང་དགུ་པ་བྱིན་གྱིས་བརླབ་པ་དང་དཀྱིལ་འཁོར་རེ་རེའི་བདག་ལ་བྱིན་གྱིས་བརླབ་པ་ལ ་སོགས་པ་ལྔ་བརྒྱ་དགུ་བཅུ་རྩ་གཉིས་ཀྱི་རྣལ་འབྱོར་སྒྲུབ་པ་དང་། སྙིང་གའི་དཀྱིལ་འཁོར་གཅིག་ཏུ་གྱུར་པ་དང་། རང་གི་ལུས་ལ་ཟླ་བ་མང་པོ་དགོད་པ་དང་། དེ་ནིས་ན་མཁའ་ལ་ཟླ་བའི་དཀྱིལ་འཁོར་དགོད་པ་དང་། སྙིང་པོ་དགོད ་པ་དང་རྡོ་རྗེ་ལེ་སོགས་པ་ཕྱག་མཚན་དགོད་པ་དོང་ངོའི་ང་རྒྱལ་དང་དཀྱིལ་འཁོར་བསྐྱེད་པ་དང་ཡེ་ཤེས་སེམས་དཔའ་དགུག་པ་དང་བལྟ་བྱ་དང་དགུག་པ་ལ་སོགས་པས་རང་གི་ལུས་ལ་བཞུག་པ་དང་། ཁ་དོག་དང་དབྱིབས ་ལ་སོགས་པའི་དབྱེ་བ་དང་། སྙིང་པོ་དང་སྔགས་དག་གིས་བརྟན་པར་བྱ་བ་དང་། དེ་བཞིན་གཤེགས་པ་ཐང་བཞུགས་པ་དང་། རྡོ་རྗེ་དབྱིངས་སྔོན་དུ་འགྲོ་བའི་རིགས་ལྔའི་སྔགས་ཀྱིས་བྱིན་གྱིས་བརླབ་པ་དང་གནས་བཞི་པོར་རྡོ ་རྗེ་ལ་སོགས་པ་དགོས་པ་དང་ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། ཕྱག་རྒྱ་ཐམས་ཅད་སྤྱིའི་སྔགས་ཀྱིས་བཅིང་བ་དང་། ཡི་གེ་རྒྱ་པས་བརྟན་པར་བྱ་བ་དང་། ཡང་དབང་བསྐུར་བླང་བ་དང་དགའ་བའི་གླུ་དང་གར་དང་ལཱ་སྱེ་ལ་སོགས ་པའི་མཆོད་པ་དང་། རྡོ་རྗེ་དྲིལ་བུ་བླང་བའི་དེ་ཁོ་ན་ཉིད་དང་སྔགས་བརྗོད་པ་དང་དེ་དག་བརྟན་པར་བྱ་བ་དང་། ཚིག་གསུམ་གྱིས་གླུ་བླང་བ་དང་རང་བཞིན་མེད་པའི་སྔགས་ཀྱིས་བདག་མེད་པར་བསྒོམ་པ་དང་། སྣོད་ཀྱི་འཇིག ་རྟེན་རྣམ་པར་དག་པ་དང་། སྤྱིའི་གདན་དྲང་། ཁྱད་པར་གྱི་གདན་དང་དོན་ཐད་གྲུབ་པས་བསམ་གཏན་དང་གཟུགས་མེད་པ་བསྒོམ་པ་དང་། མི་གཡོ་བ་ལ་འཇུག་པ་དང་དེ་བཞིན་གཤེགས་བླས་བཞེངས་པ་དང་དེ ་རྣམས་མཐོང་པ་དང་དེ་ལྷ་ཕྱུག་བྱ་བ་དང་དེ་རྣམས་ཀྱི་གདོམས་ངག་དང་མངོན་པར་བྱང་ཆུབ་པ་ལྔ་ནི་སེམས་སོ་སོར་རྟོག་པ་མི་བསྐྱོད་པའི་ངོ་བོ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྦྱིན་བྱའི་ཕ་རོལ་ཏུ་ཕྱིན་པ་རིན་ཆེན་འབྱུང ་ལྡན་དང་། རྡོ་རྗེ་བསྐྱོད་པ་ནི་འོདི་དཔག་ཏུ་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲོང་དེ་བཞིན་གཤེགས་པ་ཐད་ཀྱི་སྐུ་ལ་སོགས་པའི་རྡུལ་ཕྲ་རབ་ཞུགས་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་ཡོད་གྲུབ་པའོ།། གཟུཊ ་རྫོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རུང་བཞིན་ཏེ། རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ།། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བ་དང་རྗེསུ་གནང་བ་སྦྱིན་པ་དང་། རི་རབ་ཀྱི་རྩེ་མོར་གཞལ་ཡས་ཁང་བསྐྱེད་པ་དང་། དེ་བཞིན། ་གཤེགས་པ་བཞིས་ཡོངསུ་བསྐོར་བ་སྟེ་སྦྱོར་བ་དང་པོའི་ཏིང་འཛིན་ཏོ།། ནང་གི་བདག་ཉིད་ཀྱི་ཁྲུས་ནི་ལུས་དྲན་པ་ཉེ་བར་གཞུག་པའོ།། ལྐོག་མ་དང་ལྕེ་བྱིན་གྱིས་བརླབ་པ་ནི་ཚོར་བ་དྲན་པ་ཉེ་བར་གཞག་པའོ།། ལྕས ་པ་བྱིན་གྱིས་བརླབ་པ་ནི་སེམས་དྲན་པ་ཉེ་བར་གཞོག་པའོ།། བགེགས་བསྐོད་པ་ནི་ཆོས་དྲན་པ་ཉེ་བར་གཞག་པའོ།། བགེགས་འཇོམས་པ་ནི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ།། བགེགས་བཅིངས་པ་ནི་དཔྱོད་པའི་རྫུ ་འཕྲུལ་གྱི་རྐང་པའོ།། སྟེང་འོག་བཅིངས་པ་ནི་མི་དགེ་བའི་ཆོས་སྐྱེས་པ་སྤོང་བའོ།། ཡང་ཤར་ལ་སོགས་པ་བཅིངས་པ་ནི་མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པའོ།། དཀྱིལ་འཁོར་སྤྲུལ་པ་དང་དཀྱིལ་འཁོར་ལྔས་ཕྱག་བཙལ ་བུ་ནི་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པའོ།། སྡིག་པ་བཤགས་པ་ནས་བརྩམས་ཏེ། མཆོད་པ་ཉི་ཤུ་དང་སྡོམ་པ་བླང་བ་ནི་དགེ་བའི་ཆོས་སྨྱོས་པ་བསྲུང་བ་ཚོགས་ཀྱིས་ལམ་མོ།། དེ་ནས་གཟུགས་བརྙན་ལ་སོགས་པའི ་སྦྱོར་བ་ནུས་པརྩམས་ཏེ།། རྣལ་འབྱོར་ཆེན་པོའི་བར་དུ་སྦྱོར་བའི་ལཱམ་ཡིན་ཏེ། རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་དང་། རྡོ་རྗེ་དབབ་པ་དང་། བརྩོན་པར་བྱ་བ་དང་། སྡིག་པ་དྲལ་བ་དང་། ངན་འགྲོ་སྦྱོང་བ་ནི་དད་པའི་དབང་པོའོ། ་བདག་མེད་པ་བསྒོམ་པ་ནི་བརྩོན་འགྲུས་ཀྱི་དབང་པོའོ།། ཟླ་བ་གཉིས་བསྐྱེད་པ་ནི་དྲན་པའི་དབང་པོ།། དམེ་ཚི་ག་སེམས་དཔའ་བསྐྱེད་པྟ་ནི་ཏི་བཱདྡྷི་ནཽ་གྱི་དབང་པོའོ།། ཡེ་ཤེསྟྲ་སེམྦྷས་དཔའ་གཞུག་པ་ལྱ་སོགས་པ་ནི་ཤེས ་རབ་ཀྱི་དབང་པོའོ།། སྙིང་གུརུ་དཀྱིལ་འཁོར་དགོད་པ་ནི་དང་པའི་སྟོབ་སོ།། དེ་ལཱ་འཇུག་པ་ནི་བརྩོན་འགྲུས་ཀྱི་སྟོབསོ།། ཕྲེང་བའི་དབོང་ནི་དྲན་པའི་སྟོབས།། དམ་ཚིག་གསུམ་གྱི་གླུ་ནི་ཏཱི་འཛིན་གྱི་སྟོབ་སོ།། ཡང་སྟོང་པ་ཉིད ་བསྒོམ་པ་ནི་ཤེས་རབ་ཀྱི་སྟོབས་ཏེ་སྦྱོར་བའི་ལམ་མོ།། འོག་མིན་ལ་ཡིད་ཀྱི་རང་བཞིན་གྱི་ལུས་གནས་པ་ནི་ཏིང་འཛིན་བྱང་ཆུབ་ཀྱི་ཡན་ལགོ།། རི་རབ་ལ་སོགས་པ་ནི་བསྒོམ་པ་ནི་བརྩོན་འགྲུས་ལ་སོགས་པ ་བྱང་ཆུབ་ཀྱི་ཡན་ལགོ།། གྲང་ན་བསྒོམ་པ་ནི་དགའ་བ་བྱང་ཆུབ་ཀྱི་ཡན་ལགོ།། དེ་བཞིན་གཤེགས་པ་ཐང་གཤེགས་པ་ནི་ཤིན་དུ་སྦྱང་སྣ་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལགོ།། དེ་རྣམས་མཐོང་བ་ནི་ཆོས་རྣམ་པར་འབྱེད་པ ་བྱང་ཆུབ་ཀྱི་ཡན་ལགོ།། དེ་རྣམས་ཀྱི་གདམས་ངག་ནི་དྲན་པ་ཡོང་དག་བྱང་ཆུབ་ཀྱི་ཡན་ལགོ།། དེ་དག་གདམས་ངག་གིས་མི་གཡོ་བའི་ཏིང་འཛིན་སྤོང་བ་ནི། བཏང་སྙོམས་ཡང་དྲག་བྱང་ཆུབ་ཀྱི་ཡན་ལགོ།། དེ་ནི་མཐོང་བའི་ལམ ་སྟོ་ས་དང་པོའོ།། སེམས་སོ་སོར་རྟོགས་པ་ནི་ཡང་དག་པའི་ལྟ་བ་སྟེ་སཽ་གཉིས་པའོ།། སེམས་བསྐྱེད་པ་ནི་ཡང་དག་པའི་རྟོག་པ་སྟེ་ས་གསུམ་པའོ།། རྡོ་རྗེའི་བདག་ཉིད་བསྒོམ་པ་ནི་ཡོང་དག་པའི་ངག་སྟེ་ས་བཞི་པའོ།། དེ་བཞིན ་གཤེགས་པ་ཐད་བཞུགས་པ་ནི་ཡང་དག་པའི་འཚོ་བ་སྟེ་ས་ལཱཾ་པའོ།། གཟུགས་གྲུབ་པ་ནི་ཡང་དག་པའི་རྩོལ་བ་སྟེ་ས་དྲུག་པའོ།། བྱིན་གྱིས་བརླབ་པ་ནི་ཡང་དག་པའི་ལས་ཀྱི་མཐའ་སྟེ་སུ་བདུན་པའོ།། དབང་བསྐུར་བ་དང ་དབྱངས་བཅིང་བ་ནི་ཡང་དག་པའི་དྲན་པ་སྟེ་ས་བརྒྱད་པའོ།། ཡི་གེ་བརྒྱ་པས་བརྟན་པར་བྱ་བ་ནི་ཡང་དག་པའི་ཏིང་འཛིན་སྟེ་ས་དགུ་པའོ།། རྗེ་སུ་གནང་བ་ལྔ་ཐོབ་པ་ནི་ས་བཅུ་པ་སྟེ་བསྒོམ་པའི་ལམ་པའོ།། དེ་ནི་དང་པོར ་སྦྱོར་བའི་ཏིང་འཛིན་ཏོ།། དཀྱིལ་འཁོར་རྒྱལ་པོ་མཆོག་ནི་རྡོ་རྗེ་ལྟ་བུའི་ཏིང་འཛིན་སྔོན་དུ་འགྲོ་བས་རྒྱུ་དང་འབྲས་བུ་ཉེ་བར་བཏགས་པས་བཤདདོ།། ལས་རྒྱལ་པོ་མཆོག་ནི་སེམས་ཅན་གྱི་ལས་གཙོ་བོ་ཡིན་པས། ས་དྱས ་ཀྱི་ས་བཅུ་གཅིག་པ་ཀུན་ཏུ་འོད་ཅེས་བྱའོ།། ལམ་གྱི་རིམ་པའོ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་དོན་བསྒོམ་པའི་དོན་བསྡུས་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀུ་མཱ་ར ་ཀ་ལ་ཤའི་ཞལ་སྔ་ནས་བསྒྱུར་ཅིང་ཞུས་པའོ།། ་