CLOSE WINDOW

GT1356: rdo rje dbyings kyi dkyil 'khor chen po'i cho ga rdo rje thams cad 'byung ba zhes bya ba'i don bsdus pa
Wyliee-texts produced with BDRC’s OCR application

རབ་ཏུ་གནས་པའི་ཆོ་ག་ནི།། བྱས་པས་སྦྲུལ་སྐུ་ཐོབ་པར་ཤོག། རྣལ་འབྱོར་གྱི་རྒྱུད་ཀྱི་རབ་ཏུ་གནས་པའི་ཆོ་ག། རབ་གནས་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགསོ།། #།། རྒྱ་གར་སྐད་དུ། བཛྲ་དྷཱ་ཏྱ་མཧཱ ་མཎྜ་ལ་ལོ་པ་ཨི་ཀ་སརྦ་བཛྲོད་ཡ་ནཱ་མ~ཾ་པིཎི་བྷཱནྟ། བོད་སྐད་དུ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྡོ་རྗེ་ཐམས་ཅད་འབྱུང་བ་ཞེས་བྱ་པོའི་དོན་བསྡུས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། གང་གི་ལུས་ངག་ཡིད ་དག་རྣམ་དག་པས།། བདུད་ཀྱི་འཚེ་བ་གོ་སྐབས་མེད་མཛད་ཅིང་།། བསོད་ནམས་ཚིགས་དང་དེ་བཞིན་ཡེ་ཤེས་ཏེ།། དེ་གཉིས་རབ་རྗེགྲོ། ས་རྒྱུ་དངོས་འགྲོ་ཕན་མཛད།། སྐྱེ་བ་གཅིག་གིས་ཐོགས་དོང་སིང་མཐའ་བ།། ལེགས་བགྲོད་དེ ་ནས་རང་གི་སེམས་རྟོགས་པ།། སྔོན་འགྲོ་མངོན་པར་བྱང་ཆུབ་རིན་བཟང་པོས།། ཆོས་རྒྱལ་ཉིད་བརྙེས་བྱམས་པ་ལ་སོགས་ཕྱིར།། དཀྱིལ་འཁོར་སྤྲུལ་མཛད་ཕྱོགས་བཅུའི་དཀྱིལ་འཁོར་བ།། རུང་གི་རྣམ་པར་ཐར་པུས ་ཡང་དག་པར།། འགྲོ་བ་གདུལ་ཕྱིར་བསྡུས་ཤིང་ལས་ལ་བཞག། རྣམ་པར་བྱ་བ་ཁྱབ་པ་བསྡུས་པས་རྣམ་འཕྲུལ་བསྟན།། དེ་ནས་འཛམ་བུའི་རྒྱལ་མཚན་མོ་རྣམས་ལ།། ཕན་ཕྱིར་ཇི་བཞིན་ཆོ་ག་བཟང་པོ་ཡིས།། ཚོན ་གྱི་དཀྱིལ་འཁོར་སྐྱོན་མང་སྟོན་མཛད་པ།། བདག་དང་གཞན་དོན་ཕུན་གསུམ་གནས་བརྙེས་པ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་རྣམས་འདྲེན་པ།། རྣལ་འབྱོར་རྒྱུད་ཀྱི་དབང་ཕྱུག་བདག་ཅག་འཚལ།། འདི་ནི་གོ་རིམས ་ངེས་པ་ཙམ།། གཙོ་བོར་བྱ་ལ་གཞོལ་བ་ཡི།། དཀྱིལ་འཁོར་ཆོ་ག་མཆོག་འདི་ཡི།། དོན་བསྡུས་བདག་ཉིད་དྲན་ཕྱིར་བྲི།། གང་དུ་རྣམ་པར་རྨོངས་པའི་གནས།། དེར་ནི་ཚིག་དོན་འགའ་ཞིག་བརྗོད།། གཞན་དུ་བློ་གྲོས་ངན ་པ་རྣམས།། སྒྲ་ཙམྱ་ལ་ཡང་ལྡོག་པ་རོ་རྟོགས།། དེང་གསང་སྔགས་ཀྱི་ཐེག་པ་མཆོག། ཡི་གེའི་དོན་གྱིས་རྣམ་དཀྲུགས་ཤིང་།། བླ་མཱ་གཅིག་ནས་གཅིག་འོངས་པའི།། མན་དྲག་རིམ་ལ་གུས་དང་བྲལ།། དེ་ཕྱིར་བླ་མའི་མན་ངག ་གིས།། འདིའི་སྙིང་པོ་ཅུང་ཟད་བྲི།། འདིར་སློབ་དཔོན་གྱི་ཞལ་སྔ་ནས། རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ཀྱིས་སློབ་མ་དབང་བསྐུར་ཏེ། ཚེ་འདི་ཉིད་ལ་དགའ་བ་དང་བདེ་བའི་མཆོག་གི་མཐར་ཐུག་པ་འཐོབ་པ་ལ་སོགས་པའི་དགོས ་པ་གཟིགས་ནས། དཀྱིལ་འཁོར་ཆོ་ག་རྒྱས་པ་བསྡུ་བ་བཞེད་པས། ཕྱག་འཚོལ་དངོས་པོ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་སྨོས་པ་མཛད་།། དེ་ལྔ་འདིར་ཅིའི་ཕྱིར་ཕྱག་བཙལ་ཞེ་ན། བདག་ཉིད་དམ་པའི་སྤྱོད ་པ་ཅན་དུ་བསྟན་པའི་ཕྱིར་དང་། འདྲིའི་སྒྲུབ་པར་བྱ་བ་དཔལ་རྡོ་རྗེ་སེམས་དཔའ་ལ་དང་བ་ནི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུ་ཡིན་པས་གཞན་དེ་ལ་དང་བ་བསྐྱེད་པའི་ཕྱིར་དང་། བགེགས་ཞི་བར་བྱ་བའི་ཡང་ཕྱིར་རོ།། ་དེ་ལ་ཕྱག་བཙལ་པོ་ནི་འདུད་པ་སྟེ། སྐད་ཀྱི་བྱིངས་ལས་དེ་སྐད་དུ་བསྟན་པས་སོ།། རབ་ཀྱི་སྒྲ་ནི་མཆོག་ཏུ་གྱུར་པ་སྟེ་དེ་ཡང་ལུས་དང་ངག་དང་ཡིད་ཐམས་ཅད་ཀྱོས་གུས་པ་ཉེ་བར་གནས་པས།། དེའི་ཕྱིར་དངོས་པོ་ཐོད ་ཀྱིས་ཞེས་པ་སྟེ། ལུས་ངག་ཡིད་ཐམས་ཅད་ཀྱིས་སོ།། གཞན་དག་འདིར་རིགས་སྤྱི་དང་ཁྱད་པར་གྱི་ཕྱག་འཚལ་ལྔ་ནི་དངོས་པོ་ཐམས་ཅད་ཀྱིས་ཞེས་ཟེར་ན། འདི་སློབ་དཔོན་གྱི་དེ་ཁོ་ན་ལྟར་མཛད་ཅེས་གྲུབ་པར་མི་ནུས་པས ་བཏགས་པ་ཙམ་དུ་ཟད་དོ།། སུ་ཞིག་ལ་ཕྱག་འཚལ་ཞེ་ན། རྡོར་སེམས་ཁྱབ་བདོག་ཆེན་པོ་ལ། ཞེས་པ་སྟེ། རྡོ་རྗེ་ཟབ་མོའི་ཆ་བརྗོད་པ་སྟེ། འདིར་བསྐལ་པ་གྲངས་པ་དེ་སྙེད་དུ་སྤྲོས་པའི་ཚོགས་བོར་ཏེ་ཤིན་ཏུ་བརྟན་པ་དང་། ་འཕེལ་འགྲིབ་མེད་པར་བྱས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ། དང་པོའི་བྱེ་བྲག་མ་ལུས་པ་འགེགས་པས་ནོར་བུ་རིན་པོ་ཆེ་རྡོ་རྗེ་དང་འདྲ་བའི་ཕྱིར་རོ།། དེ་ལྟར་ན། བསྐལ་པ་དུ་མར་རབ་གོམས་བྱས་པ་ཡི།། རྒྱུ་དང ་རིགས་པའི་ཚུལ་དང་སྭ་ལ་མཁས།། གང་གིས་འདུས་བྱས་གྲོང་ཁྱེར་རྣམ་འཇིག་པ།། ཡེ་ཤེས་རྡོ་རྗེ་བརྟན་དེ་འཕགས་བདག་སྩོལ། ཞེས་གསུངས།། དེ་ཡང་བུར་པའི་དྲི་མ་རྣམས་བསལ་བཾ་ཁོ་ནར་ཟད་ཀྱི། རང་གི་ངོ་བོ་ཉིད་ཐོག ་མ་ནས་རྡོ་རྗེ་ལྟ་བུ་མི་ཕྱེད་པས་ན། རབ་ཏུ་བརྟན་ཞིང་དུས་གསུམ་དུ་མི་འགྱུར་བར་གནས་པས་སེམས་དཔའ་སྟེ། སེམས་དཔའ་སྔོན་དང་ཐ་མ་མེད།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། འདི་ནི་རང་འབྱུང་བཅོམ་ལྡན་འདས ་གཅིག་པུ་རབ་ཏུ་ཕྱེ་བའི་ལྷ།། ཞེས་གསུངས་པ་ལྟ་བུའོ།། དེ་ལྟར་ཐོག་མ་དང་ཐ་མ་མེད་པའི་ཕྱིར། འདི་ནི་སེམས་ཅན་གྱི་གནས་སྐབས་ན་ཡང་བརྟེན་པ། སེམས་ཅན་ཀུན་གྱི་སེམས་གང་ཡིན།། རྡོ་རྗེ་ཞེས་ནི་བཤད་པ་སྟེ།། ། ་བརྟན་པའི་ཕྱིར་ན་དཔའ་ཞེས་བརྗོད།། ཅེས་གསུངས་ཤིང་། དེ་ཉིད་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་སངས་རྒྱས་ཀྱི་ས་ལ་ཡང་དེ་ལས་ལྷག་པར་མ་གྱུར་པསྡུ་ན། རྣམ་པ་ཀུན་མཁྱེན་ཡེ་ཤེས་ནི།། དེ་འདིར་རྡོ་རྗེ་སེམ ་དཔའ་སྟེ།། བསྟན་པོའི་ཕྱིར་ནི་དཔའ་ཞེས་བྱ་ཞེས་གསུང་སོ།། དེ་ལྟར་ན་འདྲི་ནི་ཆོས་སྐུའི་ངོ་བོ་ཅན་ཏེ། བསྒྲིབས་པ་དང་མུ་བསྒྲིབས་པའི་ལུས་དག་ཏུ་ཡང་རང་གི་བདག་ཉིད་ལ་འབྲི་བ་དང་། འཕེལ་བ་སྤོངས་པས་མི་འགྱུར་བ་ནི།། དེ་བཞིན ་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་སྟེ། ཆོས་རྣམས་ཀྱི་དེ་བཞིན་ཉིད་དེ། དེ་བཞིན་དུ་གནས་པའོ་ཞེས་གསུངས་པ་བཞིན་ནོ།། དེ་ལྟར་ཆོས་ཀྱི་སྐུའི་དབང་ལས་གཟུགས་ཀྱི་སྐུ་དཔེ་མེད་པ་འབྱུང་བ་ནི་རྒྱ་ཆེ་བ་སྟེ། ་སྐད་དུ། རྒྱལ་བས་ཆོས་ཉིད་ལུས་མེང་རབ་ཞི་བ།། གཉིས་མེད་རང་པ་ཞིན་མེད་པ་ཐུགས་ཆུང་ནས།། གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡིས།། འགྲོ་བ་མ་ལུས་བཀང་ཞིང་སྟོན་པར་མཛད། ཅེས་གསུངས་པས་སོ།། ་དེ་ལྟར་དེ་ལྟ་བུར་ཐམས་ཅད་དུ་ཁྱབ་པ་ནི་ཁྱབ་བདག་སྟེ་བརྟན་པ་དང་གཡོ་བ་ཐམས་ཅད་དུ་སྣང་བ་སྟོན་པས་ཤིན་ཏུ་རྒྱ་ཆེར་གྱུར་ཏོ།། དེ་ལྟར་ཟབ་པ་རྒྱ་ཆེ་བ་འདི་ནི་ཇི་སྐད་དུ། མཚན་ཡང་དག་པར་བརྗོད་པ་ལས།། མི ་འགྱུར་ཀུན་འགྲོ་ཁྱབ་པ་པོ།། ཞེས་གསུངས་པོས་གསལ་པོར་མཛ་།། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་ས་བཅུ་པའི་བཀོད་པ་ཀྱང་བསྒྲིན་དུ་མེད་པས་ན་ཆེན་པོའི་སྒྲ་ཡིས་བསྟན་པ་སྟེ། རང་བཞིན་དང་། ལས་དང་། རྒྱུ་དག ་ཆེ་བས་ན་འདྲི་ཆེན་པོ་ཡང་ཡིན་ལ་ཁྱབ་བདག་ཀྱང་ཡིན་པས་ན་ཆེན་པོ་ཁྱབ་བདག་གོ།། དེ་ལྟར་ཟབ་པ་དང་རྒྱ་ཆེ་བའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ནས་ད་འདིར་ཅི་ཞིག་བྱེད་ཅེ་ན། དཀྱིལ་འཁོར་ཆོ་ག ་བཤད་བྱ་སྟེ།། རྡོ་རྗེ་ཐམས་ཅད་འབྱུང་དགེ་བ།། ཞེས་བྱ་བ་སྨོས་ཏེ། འདིས་ནི་འདིར་རྟོགས་པ་དང་ལྡན་པ་དྲག་འཇུག་པའི་ཡན་ལག་ཏུ་གྱུར་པ་དགོས་པ་དང་ཐབས་ཕུལ་དུ་བྱུང་བ་དྲག་བསྟན་ཏེ། རེ་ཤིག་དང་པོ་ཉིད་དུ་འདི་ལ ་བརྗོད་པར་བྱ་བ་ཁྱད་པར་ཅན་མེད་དེ། སྨྱོན་པའི་ཚིག་ལས་དུར་ཁྲོད་དང་རི་རྩེ་ཉམས་མི་དགའ་བར་ཡུལ་གྱི་བཟང་མོ་དང་ཕྲད་པ་མེད་པ་ལྟ་བུའོ་སྙམ་དུ་སེམས་དཔའ་དགགོ་པའི་ཕྱིར། དཀྱིལ་འཁོར་གྱི་ཆོ་ག་བཤད་བྱ་སྟེ། ་ཞེས་བྱ་བ་སྨོས་ཏེ། འདི་ན་སྔགས་ཀྱི་ཐེག་པ་འདི་ལ་དཀྱིལ་འཁོར་ནི་རབ་ཏུ་གྲགས་པས་ཁྱབ་པའི་དངོས་པོའི་སྟོབས་གོམས་ཤིང་སྐྱེས་བུའི་འདོད་པ་ཙམ་གྱིས་མ་ཕྱེ་བ་ཡིན་ལ། དེ་དང་མཐུན་པའི་བརྗོད་པ་དཀྱིལ་འཁོར ་གྱི་ཆོ་ག་བཤད་པར་བྱའོ།། ཞེས་དམུ་བཅའ་བ་ནི་སྙིང་ལ་འབབ་པས་ནི་སྟོན་པའི་ཚིག་ལས་འཕགས་པས་ན་འདི་ལ་བརྗོད་པར་བྱ་བ་ཡོད་དམ་ཞེས་རྟོག་པར་འགྱུར་གྱི་འདི་ནི་མི་འཚམ་པའི་ངག་གོ་ཞེས་ཟློག་པའི་ཡན ་ལག་མ་ཡིན་པའི་ཕྱིར་རོ།། འདིར་བརྗོད་པར་བྱ་བ་དེ་ཡང་གང་ཞིག་ཡིན། དཀྱིལ་འཁོར་ནི་འདི་ན་རབ་ཏུ་མང་སྟེ་འདི་ལ་ཕྱི་རོལ་ཏུ་གྱུར་པའི་དཀྱིལ་འཁོར་ཡང་ཡོད་ལ། དེ་ནི་སྔགས་ཀྱི་རྒྱུད་ལས་བཀག་སྟེ། ཁ་ཅིག ་ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པས། ངན་སོང་གྲི་དཀྱིལ་འཁོར་དུ་འཇུག་པ་དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་པས་སོ།། ཡང་འདི་ན་བྱ་བའི་རྒྱུད་ལས་རབ་ཏུ་སྡུག་བསྔལ་བའི་དཀའ་ཐུབ་རྟེན་པར ་བྱ་བའི་དཀྱིལ་འཁོར་ཡོད་ལ། དེ་ཡང་འདོད་པར་བྱ་བ་མ་ཡིན་ཏེ་རྣམ་པར་གཡེང་བས་ནང་གི་རྣལ་འབྱོར་དང་འགལ་ཞིང་གཅིག་ཏུ་སྡུག་བསྔལ་བས་ན་མི་འདོད་ལ། དེ་ཡང་དཔལ་མཆོག་དང་པོ་ལས་བཀག་སྟེ། དཀའ་ཐུབ་སྤྱད་པ་མི་ཟད ་པོཔས།། སེམས་གཡེང་གྱུར་ནས་མི་འགྲུབ་བོ།། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟན་པས་སོ།། དེ་བཞིན་དུ་འདི་ན་ཁ་ཅིག་དེ་བཞིན་གཤེགས་པའི་དགོངས་ཏེ་གསུངས་པ་ཁོང་དུ་མ་ཆུད་པས་བུད་མེད་བརྟེན་པ་ལ་སོགས་པ་སྒྲ་ཇི་བཞིན་པར ་འཛིན་ཅིང་བུད་མེད་བརྟེན་པའི་དཀྱིལ་འཁོར་དག་ཡོད་ལ། དེ་ཡང་འདོད་པ་མ་ཡིན་ཏེ། རྡོ་རྗེ་རྩེ་མོ་ལ་སོགས་པའི་རྒྱུད་ལས་རིང་དུ་སྤངས་པའི་ཕྱིར་རོ།། དེས་ན་འདི་ལ་བརྗོད་པར་བྱ་བ་ཡོད་ཀྱང་བརྗོད་པར་བྱ་བ་ཁྱད་པར་ཅན་མ་ཡིན་ནམ། ་ཞེས་བཟློག་པ་སྲིད་པས་ན་དེ་དགག་པའི་ཕྱིར། རྡོ་རྗེ་ཐམས་ཅད་འབྱུང་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་དབྱིངས་ནས་ཇི་སྲིད་རྡོ་རྗེ་འབེབས་པའི་བར་དུ་ལྷ་སུམ་ཅུ་རྩ་བདུན་སྙེད་ནི་ཐམས་ཅད་རྡོ་རྗེའི་མང་གིས་མཚོན་པས་ན་རྡོ་རྗེ་སྟེ། དེ་རྣམས ་མ་ལུས་པ་བརྗོད་པ་ནི་ཐམས་ཅད་དེ། འདི་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་ཐམས་ཅད་རྡོ་རྗེའོ།། དེ་རྣམས་ཀྱི་འབྱུང་བ་ནི་ཇི་ལྟར་བསྐྱེད་པ་དང་། བྱིན་གྱིས་བརླབ་པ་དང་། མཆོད་པ་དང་། བཟླས་བརྗོད་བྱ་བའི་ཐབ ་ཀྱི་རིམ་པ་ཕྱིན་ཅི་མ་ལོག་པར་འབྱུང་བར་བྱེད་སྟོན་པར་བྱེད་ལ་གསལ་བར་བྱེད་ཅེས་པའི་བར་དུ་སྟེ། དེས་ནི་ཐེ་ཚོམ་ལས་བཟློག་པའི་རྒྱུར་གྱུར་པའི་དཀྱིལ་འཁོར་ཐམས་ཅད་བསལ་བས། ཐུན་མོངས་མ་ཡིན་པའི་དཀྱིལ་འཁོར ་ངེས་པར་བཟུང་བས་འཇུག་ཏུ་རུང་བར་བྱས་སོ།། དེ་ལྟར་བསྟན་པས་བརྗོད་པར་བྱ་བ་ཡོད་དུ་ཟིན་ཀྱང་བརྗོད་པར་བྱ་བུ་བསྟན་པའི་གཞུང་འདི་ལ་དོན་བྱེད་པ་ཁྱད་པར་ཅན་ཅི་ཡང་མེད་པས་འདི་མི་བརྩམ་སྟེ། བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་ཉིད་ཀྱིས་རྩ་བའི་རྒྱུད་ལས་དཀྱིལ་འཁོར་གྱི་ཆོ་ག་བཤད་ཟིན་ལ། གདུལ་བྱ་ཆེན་པོ་དག་གིསོ་ནི་རྀ་རབ་ཀྱི་རྩེ་མོར་དཀྱིལ་འཁོར་སྩོལ་པ་མཐོང་ཟིན་པས་ན་དེའི་ཆོ་ག་མི་དགོ་སོ་ཞེ་ན། དེའི་ཕྱིར་སྔར་བཤད་བྱ་སྟེ། ་ཞེས་བྱ་བ་སྨོས་ཏེ། གདུལ་བྱ་ཆེན་པོ་དག་ལ་མ་ཡིན་ཡང་། ཕྱིས་འབྱུང་བའི་སྐྱེ་བོ་ཕལ་ལ་དཀྱིལ་འཁོར་གྱི་ཆོ་ག་དགོས་ཤིང་། དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་ནི་ཟུར་ཙམ་ཞིག་བསྟན་པས་ན་བློ་གྲོས་ཆུང ་ངུའི་སྐྱེ་བོ་དག་གིས་ག་ལྔ་རྟོགས། དེ་བས་ན་དེ་ནི་མ་བཤད་པ་དང་འདྲ་སྟེ། དོན་བྱི་བ་ལ་མཐུ་ཆེ་བ་མ་ཡིན་པས་སོ།། སློབ་དཔོན་གྱི་ཞལ་སྔ་ནས་འདིར་དེ་གསལ་ཞིང་རྫོགས་པར་རྣམ་པར་ཕྱེ་བས་ཐེ་ཚོམ་མེད་པར་བྱ་སྟེ། ་དེ་ནས་དཀྱིལ་འཁོར་གྱི་ཆོ་ག་བདེ་བླག་ཏུ་རྟོགས་པར་བྱས་པ་ན་འདི་རྩོམ་པའི་དགོས་པ་སྟེ། འདི་བྱ་རོག་གི་སོ་བརྟག་པའི་བསྟན་བཅོས་ལྟ་བུ་མ་ཡིན་ནོ།། ཁ་ཅིག་འདི་ལ་འབྲེལ་བ་མང་པོར་ཐེ་ཚོམ་ཟ་བས་བརྗོད་བྱ་དེ ་འདིས་བརྗོད་པར་བྱེད་དམ་ཅི་མ་ཡིན་ཞེས་རྟོགས་པ་སྲིད་ན་འདི་ལ་འབྲེལ་པ་ཡོད་དེ། གང་ཞིག་གང་མེང་ན་མི་འབྱུ་གང་ཡོད་ན་འབྱུང་བ་དེ་ནི་རྒྱུ་དང་འབྲས་བུར་འཁྲུལ་པ་མེད་ཅིང་འདི་ལས་གཞན་གྱིས ་ལྟར་ཡང་རྡོ་རྗེ་ཐམས་ཅད་བསྟོན་པ་འབྱུང་བ་གསལ་པོར་རྟོགས་པ་མི་འབྱུང་ལ། འདི་ལས་ནི་ངེས་པར་དེ་འབྱུང་བས་འདི་དག་ཐབས་དང་། དེ་ལས་འབྱུང་བར་ངེས་པས་དེ་ཉིད་ལས་བྱུང་བའི་འབྲེལ་བའོ།། དེས་ན་འཛེག ་གཙུག་གི་ནོར་བུ་བླངས་པའི་ཡོན་ཏན་གྱི་སྙན་དངགས་ལྟར་འདི་ནུས་པ་མེད་པའི་ངོ་བོ་མ་ཡིན་ནོ།། དེའི་མཚན་ཉིད་ཁོང་དུ་ཆུད་པས་ཀྱང་ཅི་ཞིག་བྱ། མ་བག་མར་བླངས་པའི་རིམ་པའི་མན་ངག་ལ་བརྗོད་པར་བྱ་བ་དང་དགོས ་པ་དང་འབྲེལ་པ་ཡོད་ཀྱང་དེ་འདོད་པར་བྱ་བ་མ་ཡིན་ནོ་ཞེ་ན། དེ་བསལ་བའི་ཕྱིར་དགེ་བྱའི་ཞེས་བྱ་བ་སྨོས་ཏེ།། འདིར་དེ་དག་གི་མཚན་ཉིད་བདེ་བླག་ཏུ་རྟོགས་ནས་འཇུག་པར་བྱེད་པ་ནི་ཐུན་མོང་དང་མྱེད་པོར་གྱི་དངོས་གྲུ ་རྣམས་ཐོབ་པས་དགེ་ཞིང་དོན་ཡོད་པར་འགྱུར་ཏེ་དེ་མི་འཆད་པར་འགྱུར་པོ་ལས། རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག། དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ། ཞེས་གསུངས།། དེ་བུས་ན་འདི་ན་འདི་མངོན་པར་མིན ་བ་དང་ལེགས་པ་ཐམས་ཅད་འབྱུང་བས་ན་དགས་པའི་དགོས་པ་གྲུབ་པོ།། དེ་ལྟར་དོན་མཐའ་དག་ལ་ཐེ་ཚོམ་བསྐྱེད་པ་ནི་འཇུག་པའི་ཡན་ལག་སྟེ། འོདི་ན་མཁས་པའི་རང་བཞིན་ཅན་དོན་མེད་པར་ཐེ་ཚོམ་བསྐྱེད ་ནི་བཟློག་པར་བྱེད་དེ། དུག་ཏུ་ཐེ་ཚོམ་ཟ་བ་ལ་ནི་ལོངས་སྤྱོད་པ་ལས་ལྡོག་ལ། ཞིང་པ་ལ་སོགས་པ་དོན་ཡོད་པར་ཐེ་ཚོམ་ཟ་བ་ནི་འཇུག་པར་བྱེད་དེ། དངོས་པོའི་སྟོབས་ཀྱིས་ཞུགས་པ་འདི་དེ་ཁོ་ན་ལྟར་བྱ་བ་བྱས་པར་འགྱུར་གྱི་མི་བྱ ་པ་བྱས་པར་ཡོང་མི་འགྱུརརོ།། དེ་ལྟར་འདི་ལ་རྟོག་པ་དང་ལྡན་པ་དག་འཇུག་པའི་ཡན་ལག་ཏུ་གྱུར་པའི་བརྗོད་པར་བྱ་བ་དང་། དགོས་པ་དང་། ཐབས་དང་། དགོས་པའི་དགོས་པ་དག་བརྗོད་ཅིང་མཐར་ཐུག་པའི་གོ་འཕང་བསྒྲུབ ་པར་བྱ་བ་དགོས་པའི་དགོས་པར་རྟོགས་པ་ཡང་ཟུར་གྱིས་བསྟན་ནས། ད་ནི་འདིར་དཀྱིལ་འཁོར་ཆོ་ག་བཤད་པར་བྱ་སྟེ། ཞེས་བྱ་བ་ལས་གླེངས་ཏེ་དཀྱིལ་འཁོར་ནི་ཇི་ལྟ་བུ། དེ་ཇི་སྙེད་ཅིག་ཅིའི་ཕྱིར་དེ་སྐད་ཅེས་བྱ་ཞེས་བྱ་བ ་བསམས་པ་དང་། ཆོ་ག་ནི་ཇི་ལྟ་བུ་ཆོ་གའི་སྒྲ་དོན་གང་ཞེས་པ་འདིར་བརྗོད་དེ། གཞུང་འདྲིའི་བརྗོད་པར་བྱ་བ་ནི་འདི་ཙམ་དུ་ཟད་དོ།། དེ་ལ་འདིར་དཀྱིལ་འཁོར་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་རང་བཞིན་ཆོས་ཀྱི་དབྱིངས་ཏེ་དེ་ནི། ་སྙིང་པོར་གྱུར་པས་སོ།། དེ་ལྟར་ནི། ཡན་ལག་ཀུན་ལས་རྣམ་གྲོལ་ཞིང་།། དབྱངས་དང་ཡི་གེ་རྣམ་བྲལ་བ།། འདྲེན་དྲང་ཆེག་ལས་ཡང་དག་འདས།། འདྲི་ནི་དཀྱིལོ་འཁོར་མཆོག་ཅེས་གསུངསོ།། དེ་བཞིན་དུ་ཆོས་ཀྱི་དབྱིངས ་དེ་ཇི་ལྟ་བར་རྟོགས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་དཀྱིལ་འཁོར་ཏོ།། འདི་ལྟ་བུ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། བླ་ན་མེད་པ་རྟོགས་གྱུར་པ།། རྒྱལ་བས་གསུངས ་པའི་ཡེ་ཤེས་གང་།། དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས་ཞེས་སོ།། དེ་བཞིན་དུ་སྔོན་གྱི་སྨོན་ལམ་དང་ཚོགས་ཀྱི་མཐུས་ཡུལ་དང་དུས་དང་དེར་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུའི་བཀོད་པ་དཔེ ་མེད་པ་སྣང་བ་ཡང་དཀྱིལ་འཁོར་ཏེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་བྱ་བ་གསུངས་པས་སོ།། དེ་ཉིད་ནི་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱ་སྟེ། གདུལ་བྱའི་ངོར་ངེས་པ་མེད ་པར་སྣ་ཚོགས་པར་སྤྲུལ་པའི་ཕྱིར་རོ།། འདི་ལ་རྣམ་པར་སྨིན་པའང་མེད་པ་མ་ཡིན་ཏེ། ཡུན་རིང་དུ་ཤིན་དུ་གོམས་པར་བྱས་པ་ལས་བྱུང་བའི་ཕྱིར་ཏེ། རང་གི་མི་མཐུན་པའི་ཕྱོགས་དེ་དང་དེ་རྣམ་པར་སྤངས་པས་བརྙེས་པའོ།། ་འོན་ཀྱང་འདི་ནི་རྟོགས་པའི་ལམ་དུ་གྱུར་པ་དཀོན་ལ། སྣ་ཚོགས་པར་སྣང་བ་ནི་མོས་པས་སྤྲུལ་པའི་དཀྱིལ་འཁོར་གཅིག་ཀྱང་སྣ་ཚོགས་པར་བརྗོད་དོ།། དེ་ལྟར་དཀྱིལ་འཁོར་དེ་དག་ནི་འབྲས་བུའི་ངོ་བོར་གྲུབ་པས་འབྲས ་བུའི་དཀྱིལ་འཁོར་ཞེས་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ཀྱིས་བསྟན་ཏོ།། དེ་བཞིན་དུ་རྣལ་འབྱོར་པའི་སེམས་དང་སེམས་ལས་བྱུང་བ་ཐ་མལ་པའི་རྣམ་པར་རྟོག་པ་ལས་གྲོལ་བ་ཏིང་འཛིན་ཁྱད་པར་ཅན་འདི་ལྟ་སྟེ། དེ་བཞིན ་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་རབ་ཏུ་འདྲ་བར་བསྒོམས་པའི་དཀྱིལ་འཁོར་འདི་ནི་ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱ་བ་སྟེ། རྣམ་པ་འདྲ་བར་མོས་པའི་ཕྱིར་དང་། དེའི་འབྲས་བུ་ལ་རྒྱུ་དེ་ཇི་ལྟ་བར་སྦྱོར ་བའི་ཕྱིར་རོ།། གང་དུ་སྤྲུལ་པའི་དཀྱིལ་འཁོར་དེ་རྗེ་སུ་དྲན་པའི་རྟེན་གྱུར་པ་དང་། རྣམ་པ་འདྲའང་རུང་སྟེ། རྡུལ་ཚོན་དང་བྲིས་སྐུར་བྱས་པ་ལ་སོགས་པ་ཡང་ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་ཞེས་བྱའོ།། དེ་བཞིན་དུ་རྣལ་འབྱོར་པ་རྣམ ་ཀྱིས་ཐ་མལ་པའི་གནས་སྐབས་ཀྱི་ཆོས་ཀྱི་དབྱིངས་དག་པ་མ་ཡིན་པ་དང་། བདག་མེད་པ་གཉིས་ལ་གཞོལ་བའི་ཤེས་རབ་དང་ཏིང་ངེ་འཛིན་ཡང་དཀྱིལ་འཁོར་ཞེས་བྱ་སྟེ། འབྲས་བུ་ཉེ་བར་བརྟོགས་པ་ལས་གནོད་པ་མེད་པསོ།། ་དེ་ལྟར་དེ་དག་ནི་རྣམ་པར་མི་རྟོག་པའི་འབྲས་བུའི་དཀྱིལ་འཁོར་འཐོབ་པའི་ཐབས་ཀྱི་དངོས་པོའི་ཕྱིར་ན་དཀྱིལ་འཁོར་ཏེ། ཇི་སྐད་དུ་དཀྱིལ་འཁོར་ནི་སྙིང་པོའོ།། འཁོར་ནི་ལེན་པའོ་ཞེས་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི ་རྒྱུད་ལས་གསུངས་པ་བཞིན་ནོ།། དེ་ལྟར་དེ་དག་ནི་རྒྱུད་བསྡུས་པའི་དཀྱིལ་འཁོར་དུ་བརྗོད་དོ།། དེ་ལྷོར་བྱས་ན་དཀྱིལ་འཁོར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་དང་། དེའི་རྒྱུ་རིགས་དང་ལམ་གྱི་བདག་ཉིད་ནི་ཙམ་ཞིག་ལ་བྱའོ།། དེའི་རྣམ ་བཻར་དབྱེ་བ་ཡང་ཇི་ལྟར་བསྟན་པའི་ཕྱོགས་ལས་རྣམ་པ་བདུན་ཏེ། རྒྱས་པར་དབྱེ་བ་ལ་ནི་ཚད་མེད་དོ།། དེའི་མིང་གི་དོན་ཀྱང་སྙིང་པོ་འཛིན་པར་བྱེད་པཱ་ཞེས་བྱེ་བྲག་མེད་པར་བྱས་ཏེ། ཡང་བྱེ་བྲག་ཏུ་ན་འབྲས་བུ་ནི་དེའི་རང་བཞིན ་འཛིན་པས་སྙིང་པོ་ཉིད་འཛིན་པ་ཞེས་བྱ་བ་འམ། སྙིང་པོ་ཡང་ཡིན་ལ་འཛིན་པོ་ཡང་ཡིན་པས་སྙིང་པོ་འཛིན་པ་ཞེས་བསྡུའོ།། རྒྱུ་ནི་སྙིང་པོའི་ཕྱིར་འཛིན་པ་འམ། སྙིང་པོ་ལེན་པ་ཞེས་བསྡུའོ།། དེ་ལྟར་ན་འདིར་འབྲས་བུའི་དཀྱིར ་ནི་ཐབས་ལས་བྱུང་བ་ཡིན་ལ། རྒྱུའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི་དེ་ཐོབ་པའི་ཐབས་ཕུལ་དུ་བྱུང་བ་དབེན་པས་འདི་དག་ཐབས་དང་ཐབས་ལས་བྱུང་བའི་འབྲེལ་པ་ཁྱད་པར་ཅན་དང་བཅས་པ་སྟེ། འབྲས་བུས་ཀྱང་འགྲོ་བ ་མཐའ་དག་ལ་ཇི་སྲིད་ན་མཁའ་གནས་པ་དེ་སྲིད་དུ་ཕན་པ་དང་བདེ་བ་བསྒྲུབས་པས་འདིའི་འབྲས་བུའི་འབྲས་བུ་སྟེ། རྒྱུའི་རྗེས་ལ་བདག་པོའི་ཡུལ་བདག་ཉིད།། འབྲས་བུའི་སྟོབས་ཀྱིས་དགུ་ལུས་རྣམ་པར་རྒྱལ་བ་ཞེས་པ་དང་། གཞན ་དོན་ཕུན་ཚོགས་སངས་རྒྱས་ཀྱི།། འབྲས་བུའི་གཙོ་བོར་འདོད་པ་སྟེ།། སངས་རྒྱས་ཉིད་སོགས་དེ་ལས་གཞན།། དེ་ཡི་དོན་གྱི་འབྲས་བུར་འདོད་ཅེས་གསུངས་པས་སོ།། དེ་ལྟ་བས་ན་གཞུང་འདིའི་བརྗོད་པར་བྱ་བ་དཀྱིལ་འཁོར་ཡིན་ལ།། ་དཀྱིལ་འཁོར་དེ་ཡང་རྒྱུ་དང་འབྲས་བུས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་དོན་དུ་འགྱུར་བས་འདི་དོན་ཆེན་པོར་ཉེ་བར་གནས་པའི་ཕྱིར་འབད་པས་བཤད་པར་རིགསོ་ཞེས་བྱ་བ་ནི་ལམ་དང་འབྲས་བུའི་གོ ་རིམསོ།། དེ་ཁོང་དུ་ཆུད་པར་བྱེད་པའི་རིམ་པའི་གཞུང་ནི་འདིར་ཆོ་ག་ཞེས་བྱ་སྟེ། ཉེ་བ.རརུ་ཁྲིད་པས་ན་ཐབས་ཡིན་ལ། ཐབས་དེ་ཡང་འདི་ལ་ཡོད་པས་ན་ཐོབས་ཅན་ཏེ། དཀྱིལ་འཁོར་གྱི་དོན་མཐའུ་དག་ཁོང་དུ་ཆུད་པར་བྱེད་པ་ལ ་བློ་འཁྲིད་པའི་ཐབས་ཟབ་མོ་དང་བཅས་པ་ཞེས་བྱ་བའི་དོན་ཏོ།། འོན་ཀྱང་འོདིར་དཀྱིལ་འཁོར་མཐའ་དག་མ་བསྟན་པས་ན་གཙོར་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་ཆོ་ག་ཟུང་ལ་གཞན་དག་གི་ཚི་ག་ཡང་ཤུགས་ལོས་གོ་ཧཱ ་བྱའོ།། ང་ནི་སློབ་དཔོན་གྱི་ཞལ་སྔ་ནས་དཀྱིལ་འཁོར་གྱི་ཆོ་ག་བསྡུ་བར་བྱ་བ་ལ་སུ་ཞིག་སྣོད་དུ་གྱུར་པ་ཡིན་པ་དེ་བསྟན་པའི་ཕྱིར། དེ་ལ་དམ་ཚིག་ལ་སོགས་པ་ཐོབ་པའི་རྣལ་འབྱོར་པའི་ཕྱིར། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ ་རྒྱུད་ཆེན་པོའི་ཆོ་གས་དཀྱིལ་འཁོར་གྱི་ཆོ་ག་ཀུན་ལས་བཏུ་བར་བྱའོ་ཞེས་སྨོས་ཏེ། གཞན་དུ་ན་ཆོ་ག་མི་འགྲུབ་ཅེས་དགོངས་ལ། ཁོ་བོས་ཆོ་ག་ཀུན་ལས་བཏུས་པ་བརྩམས་པོ་ཡང་དོན་མེད་ཅེས་དགོངས་པའོ།། འདིར་དེམ ་ཚིག་ལ་སོགས་པ་ཞེས་བྱ་བའི་སྒྲ་ནི་དབང་བསྐུར་བར་བསྡུའོ།། འདི་ན་ངམ་ཚིག་ལ་སོགས་པ་ཐོབ་པ་དེ་དག་ཉིད་ཀྱི་དངོས་གྲུབ་ཀྱི་ཕྱིར་བསྙེན་པ་བྱེད་པ། ཡང་རུང་། སློབ་མ་མངོན་པར་དབང་བསྐུར་བའི་ཕྱིར་བསྙེམས་པ་འང ་རུང་སྟེ། བསྙེམས་པའི་དཀྱིལ་འཁོར་བསྒོམ་པའི་ཆོ་ག་ནི་ཇི་ལྟ་བུ། སློབ་མ་དཔདྨ་བསྐུར་བའི་ཆོ་ག་ཇི་ལྟ་བུ་ཞེས་རྟོག་པ་ལཱ། དང་པོ་བསྙེན་པའི་ཚེ་གོ་གསུངས་པས་དེའི་གོ་རིམས་བརྗོད་དེ། འདི་ན་ཐོག་མོ་མེད་པའི་དུས་ནས ་བྱས་པའི་ལུས་དང་ངག་དང་ཡིད་ཀྱི་སྤྱོད་པ་ཕྱག་རྒྱ་དང་གསང་སྔགས་དང་ཏིང་འཛིན་འགྲུབ་པ་ལ་བར་དུ་གཙང་པའི་སྒྲིབ་པ་བསྔལ་བའི་ཕྱིར། དང་པོར་རེ་ཞིག་བདག་མེད་པ་ལ་ལྷག་པར་མོས་པས་ནང་བདག་ཉིད་རྩ ་གྱི་ཁྲུས་བྱས་ལ་ཞེས་བྱ་བ་ལ་སོགས་པས་ལུས་ངག་ཡིད་གསུམ་རྣམ་པར་དག་པར་བྱའོ།། འཇིག་རྟེན་འདི་ནི་སེམས་ཀྱི་ཁྲིད་ཅེས་བྱ་བ་ལ་སོགས་པའི་ཐེག་པ་ཆེན་པོ་འདིར་སེམས་གཙོ་བོར་གྱུར་པས་དེ་སྦྱང ་བ་སྔར་བསྟན་ཅིང་། ངག་གི་ཉེས་པ་ནི་སྒྲུབ་སླ་བས་ལུས་ཅན་རྣམས་ལ་རབ་ཏུ་མང་བའི་ཕྱིར་དང་། འདིར་བཟླས་བརྗོད་ལས་གཙོར་དངོས་གྲུབ་ཀྱི་མཚན་མ་འདོད་པའི་དབང་དུ་བྱས་པའི་ཕྱིར་དེའི་འོག་ཏུ་ངག་སྦྱང་བར ་བསྟན་ཏོ།། མཚན་ཉིད་དེ་གཉིས་ལས་བཟློག་པ་ནི་ལུས་ཡིན་པས་ཐམས་ཅད་ཀྱིས་མཇུག་ཏུའོ།། ལུས་དང་ངག་དང་ཡིད་རྣམ་པར་དག་པའི་སྒྲུབ་པ་པོ་ལ་བདུད་ཀྱི་ཀླ་གསུ་གྱུར་པ་སྤང་བའི་ཕྱིར་བ་སྲུང་བའི་བྱ་བ་ནི། དེ་ནོས་ཡི་གེ ་ཧཱུཾ་ལས་རྡོ་རྗེ་འབར་བ་ཉིད་མའི་མེ་ལྟ་བུར་བདག་ཉིད་སྤྲུལ་ཏེ་ཞེས་བྱ་བ་ལ་སོགས་པ་ཇི་སྲིད་བཛྲ་བ་ན་དྷ་བཾ་ཞེས་པའོ་ཞེས་བྱ་བའི་བར་དུ་སྨོས་པའོ།། སྐབས་འདི་ལ་བསམ་པར་བྱ་བ་འགའ་ཡོད་དེ། ཅིས་ན་བསྲུང་བའི་ཆོ་ག་གཞན ་སྟོན་པར་བྱེད། རྩ་བའི་རྒྱུད་ཉིད་ལྔས་ནི།། རྡོ་རྗེ་སེམས་དཔའི་མཚན་ཙམ་ཞིག། དྲན་ནམཉེན་པར་བྱེད་ཀྱང་རུང་།། ཞེས་བྱ་བ་ལ་སོགས་པས་རིགས་སོ་སོའི་བསྲུང་བ་གསུངས་པོ་མ་ཡིན་ནམ། དེ་ལྟ་བུ་རང་གི་ཆོ་ག་ངེས་པ་བོར་ནས ་འདིར་བསློད་པ་གཞན་སྟོན་འདི་ནི་མི་འཚམ་མོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་ཉེས་པ་མེད་དེ། འདོན་གུང་ཟག་གཉིས་ཏེ་རང་གི་བྱ་བ་ཙམ་སེམས་ཤིང་མཆོག་ཏུ་མཉམ་པར་བཞག་པ་ནང་གི་བདག་ཉིད་ལ་ལྷག་པར་གཞལ ་བའི་རྣལ་འབྱོར་པ་དང་། དེ་ལས་གཞན་པ་དཀྱིལ་འཁོར་ཆེན་པོ་སྤྲོས་པ་ལ་གཞུག་པས་སློབ་མའི་དོན་བྱེད་པའོ།། དེ་ལ་དང་པོའི་དབང་དུ་བྱས་ནས་ནི་རྩ་བའི་རྒྱུད་ལས་ནང་གི་བྱེད་པའི་བསྲུང་བ་ཚོགས་མེད་པ་བསྟན་ཏེ། དེ་ན ་ཆེས་བསྡམས་པས་དེ་ཙམ་གྱིས་བསྲུང་བར་འགྱུར་ལ། འདིར་ནི་གཙོ་ཆེར་དཀྱིལ་འཁོར་ཆེན་པོའི་སྤྲོས་པ་ལ་བཞུགས་པའི་རྡོ་རྗེ་སློབ་དཔོན་གྱི་དབང་དུ་བྱས་པས་ནང་དང་ཕྱི་རོལ་གྱི་བགེགས་ལྡང་བ་རབ་ཏུ་མོད་པའི་ཕྱིར། སྔགས ་དང་ཕྱག་རྒྱ་མཆོག་ཏུ་མི་ཟད་པར་དྲག་ཅིང་རྣོ་བ་དག་གིས་བསྲུང་བ་ཆེན་པོ་བྱ་དགོས་པས་ཉེས་པ་མེད་དོ།། ཡང་ན་འདི་སྲུང་བ་འདི་ལྟ་བུ་ཡང་ཡོད་ཅེས་རྣམ་གྲངས་ལ་མཁས་པར་བྱ་བའི་ཕྱིར་ཏེ། རང་གི་རྒྱུད་ཀྱི་བསྲུད་པ ་ཡང་སུན་མི་འབྱིན་པས་སོ།། གཞན་དག་ན་རེ་བདག་བསྲུང་བ་བསྒོམས་པོ་འདིའི་ནང་དུ་མངོན་པར་སངས་རྒྱས་པར་མི་གྱུར་གྱི་བར་དུ་འགྲོ་བར་མི་བྱའོ།། ཞེས་དམ་བཅས་པ་ལོ་གནས་པའི་བསྲུང་པོ་ནི་དང་པོ་སྟེ་འདི ་ཕྱིས་ཐུན་མཚམས་དག་ལ་ནི་ན་གི་བསྲུང་བ་ཙམ་ཞེས་ཟེར་ན་འདི་ནི་མཱ་ཡིན་ཏེ། བསྲུང་བའི་དཀྱིལ་འཁོར་རོབ་ཏུ་རྒྱ་ཆེ་བར་གྱུར་པས་འགྲི་བཱ་བགེགས་པ་མ་ཡིན་པའི་ཕྱིར་རོ།། འདིར་སུ་ཡིས་བསྲུང་བ་ཇི་ལྟར་བསྲུང ་བོ་ཇི་ལྟར་བསྲུང་དགོས་པ་གང་ཞིག་མཐོང་ཞེ་ན། རྡོ་རྗེ་འབར་བྱ་ཉི་མའི་མེ་ལྟ་བུར་བདག་ཉིད་སྤྲུལ་ཏེ་ཞེས་བྱ་བ་ནི་བསྲུང་བ་པོ་སྟེ། ཉི་མའི་མེ་ནི་མེས་འཇིག་པའི་དུས་ཀྱི་ཉི་མོ་བདུན་ཤར་བས་ཐམས་ཅད་མེའི་ཕུང་པོར ་འབར་བར་གྱུར་པ་སྟེ་དེ་དང་འདྲ་བ་པོ།། ཚིག་ཕྱི་མ་འདི་ཁོ་ནས་རྡོ་རྗེ་འབར་བ་ཞེས་བྱ་བ་འདི་བསྟན་ཏེ། རྡོ་རྗེའི་རོང་བཞིན་འདདི་འབར་བ་ཞེས་བྱ་བའི་དོན་ཏོ།། འདིའི་མཚན་ཉིད་ནི་འཕགས་པ་ངན་སོང་ཐམས་ཅད་སྦྱོང་བའི ་རྒྱུད་ལས་གསུང་སོ།། ཁྱད་པར་དུ་ན་ཡི་གེ་ཧཱུཾ་ལས་བྱུང་བ་དང་དབང་བསྐུར་ཞིང་ཆོ་ག་བྱས་ལ། རང་གི་སྔགས་ཟློས་པས་བགེགས་གཞོམ་མོ།། དེ་ལ་དབང་བསྐུར་བ་ནི་ཁྲོ་བོ་ཏི་རིན་ཏི་རིའི་ཞེས་བྱ་བ་རྡོ་རྗེ་འབར་བ་ཉི་མའི ་མེམེ་ལྟ་བུ་ཉིད་དེ་དེ་ཉིད་ཀྱི་ཕྱག་རྒྱས་འདི་ལ་དབང་བསྐུར་པར་བྱའོ།། དེ་ནས་དེ་ལ་རྡོ་རྗེ་ཕྱེད་མའི་འདུག་སྟངས་ཀྱིས་འདུག་སྟེ། རྡོ་རྗེ་ཏི་རིན་ཏི་རིའི་བཅིངས་ལ་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་བླང་ངོ་ཞེས་བྱ་བ་ནི་རྡོ་རྗེ་ཕྱེད་མའི་འདུག་སྟངས་ཏེ། ་རྡོ་རྗེ་སྐྱིལ་མོ་ཀྲུང་ཕྱེད་མོར་འདུག་ལའོ།། རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་ནི་རྒྱུད་ཕྱི་མཱ་ལུས་རིགས་སོ་སོའི་དབང་བསྐུར་བ་བསྟན་པ་ལས། རྡོ་རྗེ་རིགས་ལ་ཊཱི་རྗེ་ཕྲེང་བ་མགོ་ལ་བཅིངས་པས་དབང་བསྐུར་བར་བསྲུངས་པས་ན་འདར ་ཡང་དེ་བཞིན་ཏེ། ཁྲོ་བོ་འདི་ནི་རྡོ་རྗེ་རིགསུ་བྱུང་བས་སོ།། གཞན་དག་ཁྲོ་བོ་ཏཽ་རི་ནི་ཏི་རི་ཞེས་བྱ་བ་རྡོ་རྗེ་འབར་བ་ལས་གཞན་དུ་འདོད་པ་དེ་མི་འཐད་དེ། ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཨ་བྷི་ཥིཉྩ་མཱ་ཞེས་བྱ་བའི་སྔགས་འདིས་བྱིན་གྱིས ་བརླབས་པའི་ཏི་རིན་ཏི་རིའི་ཕྱག་རྒྱས་དབང་བསྐུར་བ་ན་ཕྱག་རྒྱ་དང་སྔགས་ཐ་དད་པ་ཕན་ཚུན་བྱིན་གྱིས་རླབ་པར་ལི་འགྱུར་བའི་ཉེས་པ་ཡོད་པ་དང་། འཕགས་པ་ངན་སོང་ཐམས་ཅད་ཡོངསུ་སྦྱོང་བྱར་ཡང་ཁྲོ་བོ་ཉི་མའི་མེ ་དཀྱིལ་འཁོར་དུ་འཇུག་པ་ནོ་ཁྲོ་བཽ་ཏི་རིན་ཏི་རི་བཅིངས་ཞེས་འདི་ཉིད་བསྟན་པ་དང་། དེ་བཞིན་དུ་དཀྱིལ་འཁོར་གང་དུ་གང་ཞིག་གཙོ་བོར་གྱུར་པ་དེའི་ཕྱག་རྒྱས་འཇུག་པར་བསྟན་པའོ།། དེ་ལ་གོ་ཆ་བྱ་བ་ནི་ཨོཾ་ཊུཾ་ཞེས་བྱ། ་བའི་ཡི་གེ་གཉིས་ཀྱི་གོ་ཆས་གོ་ཆ་བྱས་ལ་ཞེས་བྱ་བ་ནི་འཆད་པར་བྱེད་ལ། དེའི་རྗེས་ལ་ཨོ་ཊུ་ཞེས་བྱ་བ་དང་། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་མདུད་པ་བཅིང་བའི་ཚུལ་གྱིས་གོ་ཆ་བགོ་བར་བྱ་ཞིང་། དེ་བཞིན་དུ་མགྲིན་པ་དང ་ལྷག་པ་དང་། སྙིང་ག་དང་། ནུ་མའི་བར་དང་། ཡང་སྙིང་ག་དང་། མགྲིན་པ་དང་། རྒྱབ་དང་། དཔྲལ་བྱོའི་སྟེང་དུ་མདུད་པ་དང་དཔྱངས་བཅིང་བའི་ཚུལ་དུ་བྱ་སྟེ། སྒེག་པ་དང་བཅས་པས་མཐའོ་མ་ནས་བརྩམས་ལ་བཀྲོལ་ཏེ། ་ར་མཉམ་པའི་ཐལ་མོ་དང་། བཛྲ་ཏུ་ཥེ་ཧོ་ཞེས་བྱ་བས་མཉེས་པར་ཞེས་བཤད་ལ་གོ་ཆུ་བགོ་བ་འདི་ན་རྒྱས་པར་རྣ་ལྀ་འབྱོར་གྱི་རྒྱུད་གཞན་ལས་ཀྱང་གསུངས་ཏེ། རྡོ་རྗེ་སེམས་དཔའ་དཔལ་སྦྱོར་བས།། དྲི་ལྟའི ་ཚུལ་བཞིན་བྱེད་པ་ཡིས།། རྡོ་རྗེ་ཁུ་ཚུར་གཽཉིས་བཙོངས་ནས།། གོ་ཆ་བགོ་བའི་ཚུལ་དུ་བྱ།། སྤྱི་བོ་དང་ནི་དཔྲལ་པར་གཉིས།། གླཽ་གཉིས་དང་ནི་རྒྱབ་ཏུ་གཉིས།། རྡོ་རྗེ་ཕྲེང་བས་བཅིངས་པ་དང་།། སངས་རྒྱས་གཙུག་གི ་ནོར་བུ་དག། དར་ཅིང་ཐབསུ་བཅིང་ནས་ནི།། འགྱིང་དང་བཅས་པས་མཐའ་ནས་དགོལ།། དེར་དཔྱོངས་པའི་ཐོབས་བྱས་ནས།། ཐལ་མོ་བརྡབས་པས་བརྟན་པར་བྱ།། འདི་ཡིས་བསྲུང་བ་བྱས་ནས་ནི།། རྡོ་རྗེ་སེམས་དཔའ་དཔལ ་དང་འདྲ།། མི་ཆོད་པ་དང་མོ་ཕྱེད་པའི།། རྡོ་རྗེའི་སྐུ་ནི་རབ་ཏུ་འགྲུབ།། རིམས་དང་དུག་དང་དབྱིག་དུག་ནང་།། མཁའ་འགྲོས་གཙེས་དང་གདོན་རྣམས་དང་།། ཡན་ལག་མ་རུངས་བྱེད་པ་ཀུན།། འདི་ཡི་སྲུངས་ན་ཡོངས་མི ་ཚུགས།། དཔལ་རྡོ་རྗེ་གོ་ཆ་ཞེས་བྱ་བའི་ཕྱག་རྒྱའོ་ཞེས་སོ།། ཡང་དེ་ཉིད་ལས། དབུ་རྒྱན་བཅིངས་པས་བཅིངས་ནས་ནི།། འགྱིང་ཞིང་མཐའ་ནས་དགྲོལ་བར་བྱ།། དར་གྱི་ཐ་མྲ་འཆང་བ་ལྟར།། བྱས་ཏེ་ཐལ་མོ་བརྡབ་པར་བྱ ་ཞེས་སོ།། དེ་ལྟར་རྣལ་འབྱོར་ཁྱད་པར་ཅན་དབང་བསྐུར་ཞིང་གོ་ཆ་བགོས་པ་དེས་བསྲུང་བྱ་བའོ།། ཇི་ལྟར་བསྲུང་བ་བྱ་ཞེ་ན།། བྱ་བའི་རྒྱུད་ལས་ཁྱད་པར་དུ་གྱུར་པས་བསྲུང་སྟེ། དེར་ནི་མཚན་མ་ལ་མངོན་པར་དགའ་བས་བསྲུང་པོ ་ཐམས་ཅད་རྫས་ལ་བརྟེན་པ་སྟེ། ལས་ཀུན་བྱེད་པའི་གསང་སྔགས་སམ།། ཡང་ན་བགོ་གོས་ཀྱིས་དགྲས་ཀྱང་རུང་།། ངེས་པར་ཡུངས་ཀར་ལ་སོགས་པས།། དང་པོར་ཀུན་ཏུ་བསལ་བར་བྱ།། ཞེས་གསུང་སོ།། འདྲིར་ནི་ནང་གི་རྣལ ་འབྱོར་གྱི་མཐུའི་དབང་ལས་བྱུང་བའི་སྔགསོ་དང་ཕྱག་རྒྱ་ཙམ་གྱིས་འགྲུབ་པས་ན་རྫས་དེ་ལྟ་བུ་ལ་མི་བལྟོས་ཏེ། དེས་ན་ཁྲོ་བོའི་སྔགས་དང་ཕྱག་རྒྱས་ཐོག་མར་བགེགས་རབ་ཏུ་དྲག་པོ་དག་ལ་བསྣུན་ཏེ། དེ་ཡང་རང་གི་ལག ་གི་རྡོ་རྗེས་བརྒྱབ་ཅིང་བསད་པའོ།། བགེགས་པར་མ་རྣམས་ནི་བསྲེགས་པ་སྟེ། རྡོ་རྗེ་ལས་མེའི་འོད་འཕྲོས་པས་ཚིག་ཅིང་གདུངས་ཏེ་བྱེར་པར་འགྱུར་བའི་ཕྱིར་རོ།། བགེགས་རབ་ཏུ་ཕྲ་མོ་མཐུན་ཤིན་དུ་ཆུང་བ་རྣམས་ནི་དེ་ཙམ ་དུ་ཚར་བཅད་པོ་ལ་མི་བལྟོས་པས་ན་བཅིང་བ་ཙམ་ཞིག་བྱ་བ་སྟེ། དེ་ཡང་ད་གི་རྡོ་རྗེའི་འོད་འཕྲོས་པས་དེ་དག་བཅིང་བ་ལྔ་ཡིས་བཙོངས་པར་བས་མོ།། དེ་ལྟར་བགེགས་བསྐྲད་པར་བྱས་ནས། ད་ནི་ཕྱོགས་བཅིང་བ་ལ་སོགས ་པ་བྱ་བའི་ཕྱིར། རྡོ་རྗེ་བཅིང་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་མདོར་བསྡུ་ན་རྡོ་རྗེ་མེ་ལ་སོགས་པ་ནུས་རྡོ་རྗེ་ཧཱུཾ་མཛད་ཀྱི་བར་དུ་སྔགས་དང་ཕྱག་རྒྱ་ཐ་དད་པ་ཐམས་ཅད་ཀྱང་རྡོ་རྗེ་འབར་བ་ཉི་མའི་མེ་ལྟ་བུ་ཁོ་ནའི་རྣལ་འབྱོར ་ལ་གནས་པས་བྱ་བའི། གཞན་གྱིས་མ་ཡིན་ཏེ་དེ་ནི་བསྲུང་བའི་ཕྱིར་ལྷག་པར་གནས་པ་དང་། དང་པོར་བསྐྱེད་པས་སོ།། དེ་ན་ལྷ་འདྲི་དག་གི་རང་གི་རྣམ་པར་ཐར་པ་བསྡུས་པ་ནི་བཅོམ་ལྡན་འདས་འདི་ཁོ་ནའོ།། ཞེས ་དམིགས་པར་ཡོད་བྱའོ།། གཞན་དུ་ན་འདི་དགྲ་རེ་རེ་ལ་ཡང་སྐྱེད་པ་དང་དབང་བསྐུར་བ་དང་གོ་ཆ་བགོ་བའི་བྱ་བས་མཐའ་མེད་པའི་སྤྲོས་པ་འབྱུང་བར་འགྱུརརོ།། དེ་ལ་ཐོག་མར་ནི་འོག་བཙོང་སྟེ། བསྲུང་བ་འདི་ནི་ཕལ ་ཆེར་དཀྱིལ་འཁོར་དུ་རྡུལ་ཚོན་གྱི་བྱ་བ་དང་ཡང་འབྲེལ་ལ། ས་ལས་བགེགས་འབྱུང་བ་མང་བས་ན་འདི་ལྟར་ལྷ་མ་ཡིན་མ་རུངས་པ་དང་། ཀླུ་མ་རུངས་པ་དང་། ས་བདག་མ་རུངས་པ་དང་། ཐ་ན་རྐང་གིས་འགྲོ་བའི་སྲིན་བུ་དག་ཀྱང་འོག་ན ་ལྡང་བས་གནོད་པ་བསྐྱེད་པ་དེའི་ཕྱིར་དེ་བསྲུང་བ་སྟེ། འོག་ནས་ས་འགྲུགས་གཡོ་བར་བྱེད།། ཅེས་གསུངས་པ་ལྟ་བུའོ།། སྟེང་གི་བསྲུང་བ་གཉིས་ནི་ལྷའི་གདོན་མཐུ་ཆེན་པོ་དག་སྟེང་ནས་འབྱུང་བའི་ཕྱིར་ཏེ། སྟེང་ནས་མཐུ་ཆེནི ་ལྷ་རྣམསོ་ཞེས་གསུངས་པ་ལྟ་བུ་སྟེ། ཕྱོགས་དེ་ན་བདུད་སྡིག་ཅན་གྱི་དཔུང་གནས་པོས་སོ།། དེ་བཞིན་དུ་ཤར་ཕྱོགས་ཀྱང་ལན་གཉིསུ་བཅིངས་ཏེ། དྲི་ཟ་རྣམས་དང་ལྷ་རྣམས་ཕྱོགས་དེ་ནས་ཀྱང་དབང་བྱེད་པས་སོ།། དེ་ནས ་ནུབ་བཅིང་བ་ནི་སྤྲིན་དང་སེར་བ་དང་ཆར་དག་ཆེས་དཀྱིལ་འཁོར་དང་མི་འཕྲོད་ལ་དེ་དག་ཀླུ་རྣམས་ཀྱིས་བྱེད་པ་ཡིན་ལ། ཀླུ་རྣམས་ནི་ཕལ་ཆེར་འཛམྦུའི་གླིང་འདིའི་ནུབ་ཕྱོགས་ཀྱི་རྒྱ་མཚོ་ཀླུའི་གྲོང་ཁྱེར་ལོང་སྤྱོད་ལྡན ་ན་གནས་པས་སོ།། ང་ནི་སློབ་དཔོན་གྱི་ཞལ་སྔ་ནས་ཕྱོགས་བཅིང་བའི་ཆོ་ག་དེ་དག་ཁོ་ནས་མཚམས་ཀྱང་བཅིང་ངོ་ཞེས་བསྟན་པའི་ཕྱིར། ཕྱོགས་དང་མཚམས་དང་འོག་དང་སྟེང་གི་བགེགས་ཚར་བཅད་པ་བྱས་ལ་ཞེས་སྨོས་ཏེ། ་ཤར་ཕྱོགས་བཅིང་བས་ཤར་ལྷོ་བཅིང་ལ། ནུབ་ཕྱོགས་བཅིང་བས་ནུབ་བྱང་བཅིང་སྟེ། དེ་བཞིན་དུ་ལྷོ་བཅིང་བས་ལྷོ་ནུབ་ཅིང་ཞིང་། བྱང་བཅིང་བས་བྱང་ཤར་བཅིང་ཞེས་འོག་ཏུ་ཡང་སྦྱར་ཏེ། དབང་པོ་དང་མཽ་ལྷ་དྲུག་ལྷའི་རིག ་སུ་འདྲི་བ་དང་། གཤིན་རྗེ་དང་སྲིན་པོ་དག། ལས་དང་ལོངས་སྤྱོད་འདྲ་ཞིང་སྤྱོ་དོང་བྱེ་བྲག་ཏུ་གནས་པ་ཙམ་གྱི་ཕྱིར་དང་། ཀླུ་དང་རླུང་ལྷ་དགོ་ལས་མཐུན་པོ་ལ་གནས་ཏེ། ཀླུ་རྣམས་ཀྱི་བསེར་བུ་དང་ཡུལ་ངན་པ་དང་བ་མོ་དག་བྱེད་པ། ་ལྟར་རླུང་ལྷ་ཡང་དེ་བཞིན་པའི་ཕྱིར་དང་། གནོད་སྦྱིན་དྲང་འབྱུང་པོ་དག་རིགྲོས་གཅིག་པ་དང་ལྔསྣ་དང་ལྗོངསྔོ་སྤྱོད་འདྲ་བའི་ཕྱིར་ཞེས་བྱ་བ་རྒྱུ་མཚན་ཏེ། དེ་དག་ཐམས་ཅད་བགེ་གསུ་གཅིག་པ་ཁོ་ནས་རྩ་བའི་རྒྱུད་ལས་བསྲུང ་བ་རེ་རེ་ཞིག་རིགས་རེ་རེ་ལ་བསྟོན་པར་ཟད་དོ།། དེ་བཞིན་དུ་གཏོར་མ་འདོད་པ་ལ་སོགས་པའི་ཕྱིར་གནོད་སྦྱིན་དག་བར་དུ་གཅོད་པ་ལོ་བརྩོན་པས་དེ་མ་ཐག་ཏུ་བྱང་བཅིང་བས་བཅིང་བ་སྟེ། ཐམས་ཅད་ཀྱི་མཇུག་ཏུ་ལྷོ་བཅང ་བ་ནི་གཤིན་རྗེ་རྣམས་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ལུང་གིས་འཇུག་ལ། དེ་ནི་རྡོ་རྗེ་སློབ་དཔོན་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པས་འགྲོ་བ་ཡོངསུ་སྐྱོབ་པ་ལ་བར་ཚ་དུ་གཅོད་པ་ལ་མི་བརྩོན་པས། འདི་དག་གི་གནོད ་པ་ཤིན་དུ་ཉེ་བ་ཡིན་པས་ན་ཐོ་མར་བསྲུང་བའོ།། རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིང་བ་བྱས་ལ་རབ་སྦྱིན་ནོ་ཞེས་བྱ་བ་ལ། དེ་ལ་དཀྱིལ་འཁོར་བཅིང་བ་ནི་ཇི་ལྟར་བྱ་བའི་རྒྱུད་ལས། ཙན་དན་དམར་པོས་བྱུགས་པ་ཡིས།། སེང ་ལྡེང་ཕུར་བུ་མཛུབ་གང་ལ།། རྣོན་པོར་བྱས་པ་བཞི་དག་ལ།། སྐུད་པ་དམར་པོ་དག་གིས་དཀྲོས།། རྡོ་རྗེ་ཕུར་བུ་བརྒྱར་བསྡིགས་ཏེ།། ག་སམ་ཁྱིམ་དག་ཏུ་ཡང་རུང་།། ཁུ་ཚུར་གྱིས་ནི་ཕྱོགས་བཞིར་གདབ།། ལས་ཀུན་བྱེད་པའི་རིག ་སྔགས་ཀྱིས།། ཚོན་སྣ་ལྔ་ཡི་སྲད་བུ་ལོ།། ལན་བརྒྱར་སྔགས་ནས་དང་པོར་དེས།། ཕུར་བུ་རྣམས་ལ་བྲི་བར་བྱ།། ཕུར་བུ་རྡོ་རྗེ་འདྲ་བ་འམ།། ཡང་ན་རྩི་གཅིག་སྦོམ་པོ་ལ།། རྡོ་རྗེ་པུར་བུ་ལན་བརྒྱ་རུ།། མངོན་པར་བསྔགས་པ་བྱས་པ ་དགེ། ལྷ་ཡི་གནས་ཀྱི་ཕྱི་རོལ་གྱི།། གྲཝ་བཞིར་ཀུན་དུ་གདབ་པར་བྱ།། ཡང་ན་དཀྱིལ་འཁོར་ཕྱི་རོལ་ཏུ།། བཏབོ་ནས་ལས་རྣམས་རབ་ཏུ་བྱ།། རྡོ་རྗེ་ཕུར་བུའི་ཆོ་ག་འདི།། ལས་ཀུན་བྱེད་པར་ཤེས་པར་བྱ།། སྒྲུབ་ཚེ་འདི་ལ་བགེགས་མེད། ་ཅིང་།། སྒྲུབ་པ་པོ་ཡིས་དངོས་གྲུབ་འཐོབ་ཅེས་གསུངས།། དཀྱིལ་འཁོར་གྱི་ནི་འགྲམ་ལོགས་བཞིར།། སེང་ལྡེང་ཕུར་བུ་བཞི་བཙུགས་ཏེ།། ཆེན་སྐུད་ཁ་དོག་སྣ་ལྔ་པས།། འཁོར་བར་དམ་དུ་བྲོ་བར་བྱ།། ཞེས་གསུངས་ཏེ། འདི ་ཉིད་དཀྱིལ་འཁོར་བཅིང་བ་དང་།། ཁོར་ཡུག་བཅིང་བ་ཞེས་བྱའོ།། རྣལ་འབྱོར་གྱི་རྒྱུད་འདིར་ནི་དེ་ལྟ་བུའི་ཕྱི་རོལ་གྱི་བྱ་བ་ལ་མི་བལྟོས་ཀྱི། རྡོ་རྗེ་ལས་ཀྱི་སྔགས་དང་ཕྱག་རྒྱ་ཉིད་ཀྱིས་དེ་དང་འདྲ་བར་བགེགས་ཀྱིས་འཇུག ་པུར་དཀའ་བའི་དཀྱིལ་འཁོར་བཅིང་བ་བྱས་པར་འགྱུར།། ར་བ་སྦྱིན་པ་ཡང་བྱ་བའི་རྒྱུད་དུ་ནི།། རྡོ་རྗེ་ར་བས་བསྔགས་པོ་ཡི།། ལྕོགས་ཀྱི་ཕྱེ་མས་རབ་ཏུ་བྱ།། ཞེས་པ་དང་། དེ་ནས་ཚིག་འདི་དག་བྱ།། སོ་སོའི་ཕྱོགས་ཀྱི་རི་མོའི་མཐར།། ་རྡོ་རྗེ་རྩེ་གསུམ་བྱ་བར་གསུངས།། དབུས་ཀྱི་དངོས་རྣམས་དག་ཏུ་ཡང་།། རྡོ་རྗེ་སྦྲེངས་པའི་ཕྲེང་བ་བྱ།། རྡོ་རྗེ་རཱུ་བའི་གསང་སྔགས་ཀྱིས།། ཆོ་གོ་དེ་ནི་བྱ་བར་བསྟན།། དེ་ཡི་དབུསུ་བཞུགས་ནས་སུ།། རྗེས་རྣམས་རབ་ཏུ་བསྒྲུབ་པར་བྱ།། ཞེས ་གསུངས་ཏེ། འདིར་ནི་དེ་ཡང་སྔ་མུ་བཞིན་དུ་རྡོ་རྗེ་ལས་ཀྱི་སྔགས་དང་ཕྱག་རྒྱ་ཉིད་ཀྱིས་འགྲུབ་པོ།། འདིའི་ཕྱག་རྒྱ་ནི་འོག་ནས་འཆད་པས་བདེ་རོ་མ་སྨོས་སོ།། སླར་ཡང་ནང་གི་རཾ་བ་སྟེ། ཞེས་བྱ་བ་ཡང་ལྕགས་ཀྱི་ཕྱི་མས་སྔ་མ་བཞི ་ཞེས་བྱ་བའི་རྒྱུད་དུའོ།། འདིར་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་དང་ཕྱག་རྒྱ་ཉིད་ཀྱིས་སོ།། འོ་ན་ར་བི་དང་ནང་གི་ར་བ་ལྀ་བྱེ་བྲག་ཅི་ཡོད་ཅེ་ན། ར་བ་ནི་ཀུན་ནས་གྲུ་བཞི་ལྷམ་པ་སྟོང་གསུམ་གྱི་སྟོང་ཚོན་པོའི་ཚད་དང་མཉམ་པར་གྱུར་པ ་ལ། ནང་གི་ར་བ་ནི་ཀུན་ནས་ཟླུམ་པོ་བཅོམ་པ་དང་ལྡན་པོའི་འཇིག་རྟེན་གྱི་ཁམས་འདིའི་ཆེད་དུ་གྱུར་པའོ།། རྀ་མ~ཾ་ལ་ཡང་ར་བ་ནི་ཐིག་གྲུ་བཞིར་བཏབ་པ་ཇི་སྲིད་པ་མ་ལུས་པར་བསྐོར་ལ། ནང་གི་ར་བ་ནི་ཟླུམ་པོར་དཀྱོར་ལོ། ་ན་བསྐོར་བའོ།། འོ་ན་སློབ་དཔོན་རབ་འབྱོར་བསྐྱངས་ཀྱི་ཞལ་སྔ་ནས་ནང་གི་རྡོ་རྗེའི་ར་བ་ཡང་གྲུ་བཞིར་མཛད་ཇི་ལྟ་བུ་ཞེ་ན། གང་དུ་དེ་གྲུ་བཞིར་བྱས་པ་དེར་ནི་བཅོམ་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་འདིའི་སྙིང་པོ་རི་རབ་ཀྱི་རྩེ་མོ ་རྣལ་འབྱོར་གྱི་རྒྱུད་ཀྱི་གནས་ཆེན་པོ་གཙོར་མཛད་པ་དགོངས་པར་མཛད།། དེས་ན་བཅོམ་ལྡན་འདས་ཀྱིས་བཅོམ་པ་དང་ལྡན་པ་འཇིག་རྟེན་གྱི་ཁམས་འདིར་མངོན་པར་བྱང་ཆུབ་པ་ཆེན་པོ་བརྙེས་ནས། མི་མཇེད་ཀྱི་འཇིག་རྟེན ་གྱི་ཁམོས་འདིར་མཛད་པ་རྒྱས་པས་འདུལ་བའི་ཞིང་དུ་མཛད་པ་ལྟར་བསྔགས་པའི་དབང་ཕྱུག་གིས་ཀྱང་དེ་བཞིན་དུ་སྤྱད་པའི་ར་བ་དང་ནང་གི་ར་བ་གཉིས་ཀྱིས་ཞིང་བྱིན་གྱིས་བརླབས་པའོ།། རྡོ་རྗེའི་དྲི་བ་སྦྱིན་ནོ་ཞེས་བྱ་བ ་ལ། དེ་ཡང་བྱ་བའི་རྒྱུད་ལས་ནི།། རྡོ་རྗེའི་དྲ་བཱ་གསང་སྔགས་ཀྱིས།། ལན་བརྒྱར་བསྔགས་པའི་ཕྱེ་མ་ལས།། རྡོ་རྗེའི་ཕྲེང་བས་ཁྲོར་ཡུག་ཏུ།། བྲིས་ནས་རྡོ་རྗེའི་དྲ་བ་འགྱུར་ཞེས་པ་དང་།། ཆོ་ག་འདི་ཡིས་ཕྱི་ནོང་དུ།། རྡོ་རྗེ་ལྟ ་བུའི་དྲུ་བ་བྱོ།། རྡོ་རྗེ་རཱུ་བའི་གསང་སྔགས་ཀྱིས།། ཤིན་དུ་ཐུབ་པར་དཀའ་བར་འགྱུར།། ཞེས་གསུངས་ཏེ། ཕྱི་ནང་ཞེས་བྱ་བ་ནི་ཕྱིའི་དྲ་བ་ཕྱིའི་རྡོ་རྗེ་ར་བའི་ཕྱི་རོལ་ཁོ་ན་ཡིན་ལཱ། ནང་གི་དྲ་བ་ནི་ཐིག་ཟླུམ་པོས་བསྐོར་བའི ་མེའི་འོད་ཀྱི་ཕྲེང་བའི་ནང་དུ་བྱའོ།། ཞེས་བྱ་བ་བླ་མའི་ལུང་ངོ་།། དེ་ལྟ་བུར་ཡང་རྣལ་འབྱོར་གྱི་རྒྱུད་འདིརོ་ནི་སྔགས་དང་ཕྱག་རྒྱས་འོགྲུབ་པས་ཕྱི་རོལ་གྱི་བྱ་བ་ལ་མི་བལྟོས་སོ།། རྡོ་རྗེ་བཅིང་བ་ནི་རྡོ་རྗེ་ལྕགས་སྒྲོག ་སྟེ། ཕྱག་རྒྱ་ཡང་དེའི་ལས་ཀྱི་ཕྱག་རྒྱ་འོག་ནས་སྟོན་ཏོ།། གཞན་དག་ནི་ཡེ་ཤེས་དབབ་པའི་དུས་ཀྱི་རྡོ་རྗེ་བཅིང་བར་འདོད་དོ།། དེ་ལ་དྲ་བ་ནི་ར་བ་དང་མཚན་པར་སྟེང་གཡོགས་ཀྱི་རྡོ་རྗེ་ཟེ་བ་འབྲི་བའོ།། དེ་ལྟར་ན། ་བསྐྲད་པ་དང་ནི་འགོ་བཙོང་དང་།། སྟེང་ཡང་བཅིང་ཞིང་ཁོར་ཡུག་ཏུ།། མཚམས་བཅང་ཕྱོགས་ཀྱང་བཅིང་བྱ་ཞིང་།། རྡོ་རྗེ་ར་བ་དྲ་བ་བྱ།། རྒྱུད་དང་སློབ་དཔོན་ལུང་དག་གིས།། བདག་དང་རྫས་དང་ལྷ་ཡང་བསྲུང་།། གསང་སྔགས ་དྲག་གིས་ཕྱི་ནང་དུ།། བགེགས་རྣམས་ཐམས་ཅད་བཟློག་པར་བྱ་ཞེས་བྱ་བའི་རྒྱུད་ལས་གསུངས་པ་འདིར་ནང་གི་བྱ་བ་ཙམ་གྱིས་བསྒྲུབས་པའོ།། རྡོ་རྗེ་རྩེ་མོ་ལས་བསྲུང་བའི་ཆོ་ག་བྱས་པ་ལ། བགེགས་ནི་མེད་ཀྱི་མ་འཇིགས ་ཤིག་ཅེས་གསུངས་པས་བསྲུང་བ་ལས་མི་འཇིགས་པ་རྙེད་ཙོང་དེ་ལས་བགེགས་མེད་པར་གྱུར་པ་སྲ་ལས་གྲུབ་པ་ནི་འདིའི་དགོས་པ་སྟེ། གཞན་དུ་ན་རྩ་བའི་རྒྱུད་ལས་འཇིག་ལས་ལྷག་པའི་བགེགས་གཞན་མེད་ཅེས ་གསུངས་པའི་བགེགས་ལྡང་བའི་ཕྱིར་རོ།། དེ་ལྟར་ལུས་དང་ངག་དང་ཡིད་རྣམ་པར་དག་པ་བསྲུང་བ་ཆེན་པོས་བསྲུངས་པ་དེ་ཚེ་འདི་ཉིད་ལ་མངོན་པར་བྱང་ཆུབ་པར་བྱ་བའི་ཕྱིར་བསོད་ནམས་ཀྱི་ཚོགས་བསགས་པ ་ལ་འཇུག་དགོས་ཤིང་། དེ་ཡང་ཡུལ་ཁྱད་པར་ཅན་ལ་བརྟེན་པས་འགྲུབ་པའི་ཕྱིར། དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མདུན་ཉིད་དུ་འགྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདྲིའི་སྔགས་དང་ཕྱག་རྒྱ་ལན་གཅིག་གཡས་ནས་བསྐོར་བས་ཁང་པ་རྩེགས་མ་དང་བཅས་པའི་ལྷ་རྣམས་འགྲུབ་པས་ན་འདིས་ཕྱོགས་ཐམས་ཅད་དུ་གཡས་ནས་བསྐོར་བས་དཀྱིལ་འཁོར་ཐམས་ཅད་སྤྲུལ ་པར་འགྱུར་རོ།། ཞེས་གསུངསོ།། གཞན་དག་ནི་ལྷ་ཇི་སྙེད་པའི་གྲངས་ཀྱི་ཕྱིར་འགྱེད་པར་གཡས་ནས་བསྐོར་བས་ལྷ་རྣམས་འབའ་ཞིག་ན་མཁའ་ལ་བསམ་གྱི། ཁང་པོ་རྩེགས་མ་མེད་ཅེས་ཟེར་རོ།། དེ་ལྟར་དཀྱིལ་འཁོར་སྦྲེལ ་པར་ཞུགས་ནས། ང་ནི་ཚོགས་བསགས་པའི་བྱེ་བ་ལ་འཇུག་པར་བསྟན་པ་དེ་ནས་དཀྱིལ་འཁོར་བློས་མངོན་སུམ་དྲང་འདྲ་བར་དམིགས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་ཞེས་བྱ་བ་ལ་སོགས་པ་རྒྱུ ་ཆེར་སྨོས་སོ།། འདིར་བསམ་པར་བྱ་བ་འགའ་ཞིག་ཡོད་དོ། ཁ་ཅིག་ན་རེ་གང་དུ་ཡང་དང་པོར་ཕྱག་འཚལ་བ་དང་། དེ་ནས་མཆོད་པ་དང་། སྡིག་པ་བཤགས་པ་དང་། རྗེ་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ ་པའི་མཐར་ཡོངསུ་བསྔོ་བ་བྱས་པ་ཡིན་ལ། འོག་ནས་སློབ་མ་འཇུག་པ་ལ་ཡང་རིམ་པ་དེ་ལྟར་བྱས་པས་འདིར་ཡང་གོ་རིམ་དེ་ཉིད་བླང་ངོ་ཞེས་ཟེར་རོ།། དེ་བཞིན་དུ་འཆད་པར་འགྱུར་བ་ལས། དེ་ལྟར་མཆོད་པ་རྣམ་པ་ཉི་ཤུས ་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་ལ་ཞེས་བྱ་བ་འདིར་མཆོད་པ་པོཅོ་བརྒྱད་ལས་མ་སྨོས་པས་མཆོད་པ་གཉིས་གཞན་ནས་འདིར་དྲང་ངོ་ཞེས་ཟེར་རོ།། དེ་ལ་དང་པོ་ལ་བརྗོད་པ་བདེན་མོད ་ཀྱི་འོན་ཀྱང་འདི་ལ་ཡང་གནོད་པ་མེད་དེ་འདིར་དང་པོ་མཆོད་པ་དང་ཕྱག་བཙལ་བ་བྱ་སྟེ། དེ་ནས་སྡིག་པ་བཤགས་པ་ནས་གསོལ་པ་གདབ་པའི་བར་དུ་བྱས་ལ། ཡང་མཆོད་པ་བཅོ་བརྒྱད་བྱས་ནས་བདག ་དབུལ་བ་དང་ཡོངསུ་བསྔོ་བ་དང་། སྡོམ་པ་གཟུང་བ་བསྟན་པ་འདི་ལ་ཉེས་པ་མེད་པོ་ནི་རྒྱུད་དང་མདོ་སྡེ་དང་དེ་དང་དེར་བྱང་ཆུབ་སེམས་དཔའ་འཇམ་དཔལ་ལ་སོགས་པས་དང་པོ་མཆོད་པ་བཀོད་པས་མཆོད་ལ། དེ་ནས་ཕྱག་བཙལ ་བུ་སྣང་ལ་ཁ་ཅིག་ཏུ་རིམ་པ་གཞན་དུ་ཡང་སྣང་བ་འདི་ལ་ངེས་པར་གཅིག་སྒྲུབ་པའི་ངེས་པ་མེད་པས་གང་དུ་གང་བསྟན་པ་ཉིད་ཚད་མར་བྱའོ།། གང་དུ་ཡང་ལུང་མཐོང་བ་དང་འགལ་བར་བྱ་བ་ནི་སྔགས་ཀྱི་ལམོ་འདིར ་མེད་ཀྱི་ལུང་གིས་ལུང་གཞན་རྣམ་པར་ཕྱེ་བི་ནི་མ་རྟོག་སོ།། འདོད་པ་གཉིས་ལོ་ཡང་བརྗོད་པ་ནི་འདིར་མཆོད་པ་གཉིས་གང་དག་དང་ཞེ་ན། འོགྲོ་ནས་ལས་ཀྱི་རྒྱལ་པོ་མཆོག་གི་སྐབས་ནས་ཡོན་ཆུབ་དང་བཤོས་དབུལ་བ་འབྲུ ་བས་འདིར་དྲང་བར་རིགས་ཏེ། ཡོན་ཆ་བོ་ནི་མཆོད་པ་གཞན་གྱི་སྔོན་དུ་བྱེད་པའི་ཕྱིར་རིགས་ལ་འདོད་པའི་ཡོན་ཏན་ལྔ་ལས་རི་ཡང་འདི་སྨོས་པར་རིགས་པས་ན་མ་སྨོས་ཏེ་དེས་ན་དེ་གཉིས་འདིར་དྲང་ངོ་ཞེས་ཟེར་རོ།། དེ་ན ་མ་ཡིན་ཏེ་ཡོན་ཆབ་ནི་གང་དུ་ལྷ་སྤྱན་དྲངས་པ་དེར་དབུལ་བ་ཡིན་ཏེ། ཇི་སྐད་དུ་དེ་ནིས་སྤོབས་པའི་བློ་གྲོས་གཡོག་འཁོར་དང་བཅས་པས་བཅོམ་ལྡན་འདས་བསུ་ནས། ཡོན་ཆབ་དང་ཞབས་བསིལ་དབུལ་བས་བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་གསུངས་པ་ལྟ་བུའོ།། འདིར་ནི་ལྷ་རྣམས་སྤྲུལ་བཙམས་ལས་སྤྱན་དྲངས་པ་མེད་པས་མཱི་འཐད་དེ། འདིར་སྤྲུལ་ཅེས་བྱ་བ་ཡང་ཇི་ལྟར་ཐམས་ཅད་དུ་ཁྱབ་པ་ཆོས་ཀྱི་སྐུ་ལས་སྡུག ་དང་ཕྱུག་རྒྱུའི་བྱེད་པས་གཟུགས་ཀྱི་སྐུར་སྣང་བ་ཤྭར་བ་ཙམ་ལ་བྱ་ལ། དེ་ཡང་ཐ་སྙད་ཀྱི་བདེན་པར་བྱོན་པ་ལས་འདས་པའོ།། དེ་བཞིན་དུ་བྱ་བའི་རྒྱུད་ལས་ནི་ལྷ་བོ་ཤོས་དབུལ་བ་གསང་སྔགས་ཀྱོས་ཁ་ཟས་ཡིན་པར་འདྲིད་རྗེ ་ན་ཞེས་བྱ་བ་ལ་སོགས་པས་རྣམ་པར་རྟོག་པ་དྲག་པོས་ལྷ་བཤོས་དབུལ་བ་ལ་རྣམ་པ་སྟོང་དུ་ནན་ཏན་བྱེད་པ་ཡིན་ལ། རྣལ་འབྱོར་གྱི་རྒྱུད་འདིར་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཟས་ཀྱི་ལྟོས་པ་དང་བྲལ་བ་རྣམས་ལ་ངེས ་པར་དབུལ་བའི་ཚེགས་ཀྱིས་ཅི་ཞིག་བྱའི། གང་དུ་རང་གི་རྣལ་འབྱོར་འཕེལ་བ་དང་། སེམས་ཅན་རྣམས་རྗེ་སུ་བསྲུང་བ་དོ་ཙམ་གཙོ་པོར་གྱུར་པས་ན་ངེས་པོར་འདིར་ལྷ་བཤོས་དབུལ་བའི་ལུང་མེད་དོ།། ལས་ཀྱི་རྒྱལ་པོ ་མཆོག་ལ་སོགས་པར་ནི་ལྷ་རྣམས་སྤྱན་དྲངས་པས་འཇིག་རྟེན་གྱི་ལུགས་མི་བྱོར་པར་བྱ་བས་འཇུག་པའི་ཕྱིར་དེ་དག་སྨོས་པས་ཉེས་པ་མེད་དོ།། གཞན་དག་འདིར་ཚད་མེད་པ་བཞི་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པའི ་མཆོད་པ་བསྣན་ཏེ་ཉི་ཤུའོ་ཞེས་ཟེར་ན་དེ་དག་ཡང་ལན་གཉིས་སྨོས་པ་ལ་དགོས་པ་མོང་ངོ་དོ།། གཞན་དག་ཨོཾ་བཾ་གྱི་སྒྲ་བྱུང་བར་གྱུར་པ་ལ་སྦྱར་ནས་བདག་དབུལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་མཆོད་པ་གཉིས ་བརྗོད་དེ། དེ་ལྟ་ན་མཆོད་གནས་བདག་དབུལ་ཞེས་བར་དུ་གཅོད་པའི་ཚིག་མི་འཐད་པར་འགྱུརརོ།། ཡང་གཞན་དག་ནི་གོས་དང་རྒྱན་དགུ་རེ་རེ་ལ་ཤེས་རབ་དག་རེ་རེར་འགྲང་ན་དེ་དག་གི་སྔགས་མ་སྨོས་པ་དང་། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཙམ་དུ་མཛད་པ་དང་། དཔག་བསམ་གྱི་ཤིང་དང་གོས་ཀྱི་ཤིང་དག་སྨོས་པ་ན་དཔག་བསམ་གྱི་ཤིང་ལས་གོས་འབྱུང་བས་དེ་རྒྱུན་གྱི་རྒྱུར་སྨྲ་བ་དེ་དག་གི་དེ་མི་ངེས་པས་སོ།། འོ་ན་ཅི ་ཞེ་ན་ཇི་ལྟར་སྦྱར་བའི་མཆོད་པ་བཅོ་བརྒྱད་པོ་ན་རྣལ་འབྱོར་གྱི་རྒྱུད་དུ་ཐུན་མོང་དུ་གྲགས་པ་རྫསྔ་ལ་བརྟེན་པ་མ་ཡིན་གྱི། ནང་གི་བྱེད་པ་ལ་རག་ལས་པའི་མཆོད་པ་སྟེ། ཀུ་རུ་ཀུལླེ་ལས་འབྱུང་བ་ལས་ཀྱང་མཆོད་པ་བཅོ ་བརྒྱད་ཀྱིས་མཆོད་ལ་ཞེས་གསུང་སོ།། ཡང་རྣལ་འབྱོར་གྱི་རྒྱུད་ཀྱི་ཆོ་ག་ཁ་ཅིག་ཏུ་དེ་དག་གི་སྟེང་དུ་མེ་ཏོག་ལ་སོགས་པ་བཞི་དངོསུ་ཡོད་པ་དང་། ཕྱག་འཚལ་བ་བཞི་ལ་མིཆོད་པ་གཅིག་ཏུ་བྱས་པ་ཁོ་ན་ལ་མཆོད་པ་ཉི་ཤུ ་ཞེས་འདོད་དེ། དེ་ན་འདིར་ཡང་དང་པོ་ཉིད་དུ་དེ་ནས་བློས་དཀྱིལ་འཁོར་མངོན་སུམ་ལྟ་བུར་དམིགས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མོཆོད་དེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་མཆོད་པ་གཅིག་སྟེ་མེ་ཏོག་ལ་སོགས ་པས་ནི་ཚིག་མེད་པས་ལྷ་སྤྱན་དྲངས་པ་འམ་ཅིག་ཤོས་ལ་ཡང་འདོད་ལ་ཡོན་ཚབ་དང་ལྷ་བཤོས་དག་ནི་འདི་ལྟར་མ་ཡིན་པས་འདིར་ནན་གྱིས་མི་རྗོད་དེ། དེ་ནས་རིགས་བཞིའི་ཕྱག་འཚལ་ས་ནི་བསྙེན་བསྐུར་གྱི་མཆོད ་དང་། དབང་བསྐུར་བའི་མཆོད་པ་དང་། འཇུག་པའི་མཆོད་པ་དང་། ལས་ཀྱི་མཆོད་པ་བཞིའི་ངོ་བོ་སྟེ། དེ་དག་ཕྱག་འཚལ་བས་བསྡུས་པས་གཅིག། དེ་ལྟར་འདིར་མཆོད་པ་དེ་གཉིས་ཁོ་ནས་བསྐྲུན་པས་མཆོད་པ་ཉི་ཤུ་སྟེ། གཞན་དུ་ན ་མཆོད་པ་བཅོ་བརྒྱད་ལུས་མེད་པར་དེ་ལྟར་མཆོད་པ་ཉི་ཤུ་ཞེས་སྟོན་ན་ནི་སློབ་དཔོན་གྱི་ཞལ་སྔ་ནས་སླད་དུ་འཁྲུལ་པར་འགྱུར་ཏེ། བླ་མའི་ལུང་ལ་སློབ་མ་བལྟོས་པར་བྱ་བའི་ཕྱིར་རོ།། ཞེ་ན་ཡང་དེ་ལྟ་ན་མཐའ་མེད་པའི ་གཞུང་ཕྱིན་ཅི་ལོག་དགོས་ཤིང་འདི་ལྟ་བུའི་བྱ་བ་ཕལ་པ་ཐམས་ཅད་ལ་ཕན་པ་ལྟ་ཞིག་གི། དོན་ཟབ་མོའི་ཡུལ་ལ་མི་སྨྲ་བ་ལ་ཐུག་པར་འགྱུར་རོ།། སྡོམ་པ་གཟུང་བ་མེད་ན་མཆོད་པ་ལ་སོགས་པ་ཙམ་གྱིས་དངོས་གྲུབ་ཐོབ ་པཱར་མི་ནུས་པས་ན་སྡོམ་པ་གཟུང་བར་བྱའོ་ཞེས་གསུངས་ཏེ། འདིར་བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། སྨོན་པ་དང་འཇུག་པའོ།། དེ་དག་གཉིས་ཀ་བསྐྱེད་པར་བྱ་བ་ཡིན་པས་དྲང་པོ་སྨོན་པའི་ངོ་བོར་བསྐྱེད་པར་བ ་ཞེས་བྱ་བ་ལ་སོགས་པའོ།། འཇུག་པའི་བྱང་ཆུབ་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཡིན་ལ། དེ་ཡང་འདི་གསང་སྔགས་ཀྱི་སྒོ་ནས་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་ཁྱད་པར་སྟེ། དེ་བླང་བ་ནི ་དང་པོ་ཐུན་མོང་པ་ཕ་རོལ་ཏུ་ཕྱིན་པའི་སྡོམ་པོ་དང་པོ་བྱ་བར་རིགས་པས་ན་དེ་གཟུང་བའི་ཕྱིར། ཚུལ་ཁྲིམས་སླབ་པ་རྣམ་པ་གསུམ་ཞེས་བྱ་བ་ལ་སོགས་པོའོ།། དེ་ནས་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི ་སྡོམ་པ་བླང་བ་ནི། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། ཞེས་བྱ་བ་ལ་སོགས་པའོ།། དེས་འདི་སྐད་བསྟན་ཏེ། གལ་ཏེ་ལྷ་རྣམས་ཀྱིས་མྱུར་དུ་བྱིན་གྱིས་བརླབ་པར་འདོད་ན་དང་པོ་སྨོན་པ་བྱང་ཆུབ་ཀྱི་སེམས་བརྟན་པོར ་བྱ་ཞིང་། དེ་ནས་ཐུན་མོང་གི་བྱང་ཆུབ་སེམས་དཔའི་སྡོམ་པ་གཟུང་།། དེ་ནས་ཐུན་མོང་མ་ཡིན་པའི་བྱང་ཆུབ་སེམས་དཔའི་སྡོམ་པ་རིག་འཛིན་གྱི་སྡོམ་པར་བརྗོད་པ་བླང་ངོ་ཞེས་བྱ་བའི་དོན་ཏོ།། དེ་ནས་འོག་གཉིད་ནས། སེམས་ཅན ་ཀུན་གྱི་དོན་གྱི་རྒྱུར།། བླ་ན་མོང་པའི་བྱང་ཆུབ་སེམས།། དམ་པ་བསྐྱེད་པ་བྱས་ནས་ནི།། སྡོམ་པ་མ་ལུས་བཟུང་བ་ཡིས།། མ་རྒལ་བ་ནི་བསྒྲལ་བའི་ཕྱིར།། ཞེས་བྱ་བ་ལ་སེ་གསོ་པས་སླར་ཡང་སྨོན་པའི་སེམས་ནི་བརྟན་པོར་བྱས ་ཏེ། བྱང་ཆུབ་སེམས་དཔའི་ལེགས་པ་ཐམས་ཅད་ཀྱིས་རྟེན་གྱི་གཙོ་པོ་ནི་སྨོན་པའི་སེམས་དེ་ཁོ་ན་ཡིན་པས། དེ་ཡང་ནས་ཡང་དུ་བརྟན་པར་བྱ་བ་ནི་ཆེས་རིགས་པར་འགྱུར་རོ།། དེ་ལ་ཐུན་མོང་གི་སྡོམ་པ་ནི་བྱང་ཆུབ་སེམས་དབྱི ་སའི་ཚུལ་ཁྲིམས་ཀྱི་ལེའུ་ལས་བསལོ།། ཐུན་མོང་མ་ཡིན་པ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་ལ་དཀོན་མཆོག་གསུམ་གཟུང་བ་རྣམ་པ་གཅིག་དང་། རྡོ་རྗེའི་རིགས་ལ་རྡོ་རྗེ་དང་། དྲིལ་བུའི་ཕྱག་རྒྱ་གཟུང་བ ་དང་། སློབ་དཔོན་གཟུང་བ་སྟེ། གསུམ་དང་། རིན་པོ་ཆེའི་རིགས་ལ་ཟང་ཟིང་དང་། ཆོས་དང་། མི་འཇིགས་པ་དང་། བྱམས་པ་སྦྱིན་པ་སྟེ་བཞི་དང་། པདྨའི་རིགས་ལ་ཕྱི་རོལ་གྱི་ཆོས་ཤེས་བྱ་བ་རིག་བྱེད་ལ་སོགས་པ་དང་། ་གསང་བའི་ཐེག་པ་སྟེ་ཉན་ཐོས་དང་། རང་སངས་རྒྱས་དང་། ཐེག་པ་ཆེན་པོ་སྟེ་དེ་ལྟར་གསུམ་དང་ཕྱི་རོལ་གྱི་དང་བཞིའོ།། ལས་ཀྱི་རིགས་ལ་ནི་སྡོམ་པ་ཐམས་ཅད་དང་ལྡན་པར་བྱ་བ་དང་། མཆོད་པའི་ལས་བྱ་བ་སྟེ་གཉིས།། དེ་ལྟར ་གཅིག་དང་གསུམ་དྲང་བཞི་དང་བཞི་དང་གཉིས་ལ་བཅུ་བཞི་ཡིན་པས་ན། འོག་ནས་ཀྱང་འདི་དག་སློབ་མ་ལ་སྦྱིན་ལ་བདག་ཉིད་ཀྱང་འདི་དག་གཟུང་བའོ།། ང་ནི་སྐབས་འདིར་ཅུང་ཟོང་བརྗོད་པ་ཡང་ཡོད་དེ། ཐེག་པ་མཐར་ཐུག་པའི་དོན ་དུ་དཀོན་མཆོག་གཅིག་ཁོ་ནར་འདོད་དེ། ལམ་དང་ལམ་བསྒོམ་པ་པོ་གཅིག་པའི་བརྒྱུད་ཡིན་པ་དང་། བསྟན་པོ་དང་སྟོན་པ་པོ་ཡང་བརྒྱུད་གཅིག་པ་དང་། དོན་དུམ་ཡང་དེ་བཞིན་གཤེགས་པ་ལས་ཐ་དད་པ་མ་ཡིན་ཏེ། དེ་བཞིན་ཉིད་དུ ་སངས་རྒྱས་དང་། ཕན་ཚུན་བརྟན་པ་རྟེན་མེད་ཅིང་། རྣམ་གྲངས་ཁས་མི་ལེན་པ་དང་། ཞེས་གསུངས་པའི་ཕྱིར་ཏེ། དེ་ནས་སངས་རྒྱས་དཀོན་མཆོག་ཉིད་དང་ཆོས་དཀོན་མཆོག།། སེམས་དཔའ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ ་ཡང་བཅོམ་ལྡན་འདས་ཉིད་ཀྱི་སྤྲུལ་པ་བཀོད་པ་ཡིན་པས་དགེ་འདུན་དཀོན་མཆོག་ཀྱང་སངས་རྒྱས་དཀོན་མཆོག་ཉིད་དོ།། དེ་ནས་ཀུན་རྫོབ་ལ་ཡང་དེ་དག་མཚན་ཉིད་གཅིག་པའི་ཕྱིར། འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ནི། ་པོའི་མདོ་ལས་སངས་རྒྱས་དཀོན་མཆོག་འབའ་ཞིག་ལ་སྐྱབསུ་འགྲོ་བར་བྱ་བ་རྒྱས་པར་གསུངས་ཏེ། དེ་ལྟར་རྒྱུ་མཚན་གཅིག་པའི་རྟེན་བཟུང་བས་སྡོམ་པ་དེ་གཅིགོ།། པདྨའི་རིགས་ལ་ཁ་ཅིག་ཕྱི་ཞེས་བྱ་བ་ནི་ཉན་ཐོས་དང་། ་རང་སངས་རྒྱས་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ཡིན་ལ། གསང་བའི་ཐེག་པ་ནི་གསུམ་སྟེ། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་གྱི་ཐེག་པའོ་ཞེས་ཟེར་ཏེ། དེ་ནི་མི་རིགས་ཏེ་དེ་དག་ཕྱི་རོལ་བར་བཞག་པ་ནམ་ཡང་མི་འཐད ་ཆོས་འདི་པ་ཞེས་གསལ་པོར་གྲུབ་སྟེ། སྐྱབས་འདྲ་བ་དང་བདག་མེད་པ་འདྲ་བའི་ལྟ་བ་ཅན་དང་། མི་རྟག་པར་ལྟ་བོ་དང་མྱ་ངན་ལས་འདས་པར་ཞི་བར་འདོད་པ་དང་འདུས་བྱས་སྡུག་བསྔལ་བར་འདོད་པ་འདི་ཙམ་གྱིས་ཕྱི་ནང་དུ་བརྗོད ་པསོ།། དེས་ན་འོག་ནས་ཀྱང་ཚུལ་ཐམས་ཅད་བསྟན་པའི་ཐེག་པ་གསུམ་གྱིས་ངེས་པར་འབྱུང་བ་སྔགས་ཀྱི་སྤྱོད་པའི་སྒོ་ཡོད་མངོན་དུ་བྱས་ལ་ཞེས་སྨོས་ཏེ། ཐེག་པ་གསུམ་གྱི་རབ་ཀྱི་མཐར་ཐུག་སྔགས་ཀྱི་ཐེག་པ་སྟེ། དེ་ནི་ཐོག་པ་ཆེན་པོ། ་ཉིད་དུ་འདུས་ཞེས་དགོངས་པའོ།། དེའི་ཕྱིར་དང་པོར་བསྟན་པར་བཟུང་།། ལས་ཀྱི་རིགས་ལ་ཡང་སྡོམ་པ་ཐམས་ཅད་ལྡན་པ་ཞེས་བྱ་བ་ལ་ལར་འདུལ་བའི་དབང་གིས་མུ་སྟེགས་ཀྱི་སྡོམ་པ་དང་དཀའ་ཐུབ་དང་བརྟུལ་ཞུགས་དྲག་པོ་ཡང་བསྟུ ་པཱཔར་བྱཱ་བ་སྟེ། ཇི་ལྟར་བྱཕགས་བྱ་དཀོན་མཆོག་སྒྲོན་མའི་མདོ་ལས་རྒྱ་ཆེར་བསྟན་པ་ལྟ་བུའོ།། དེ་བཞིན་སེམས་ཅན་དག་གང་གིས་འདུལ་བ་དང་། སངས་རྒྱས་རྣམས་གང་གིས་ཉེས་པ་འདི་ཙམ་ལ་ལས་ཀྱི་རིགས་ཀྱི་སྡོམ་པ་བརྗོད ་རིགས་གཞན་གྱི་སྡོམ་པ་ནི་གོ་བར་སྨྲ་བས་རྣམ་པར་མ་བྱའོ།། ང་ནི་དེ་ལྟར་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྐྱེད་པ་བྱས་པ་དེ་ལ་བྱ་བ་གཞན་བསྟན་པའི་ཕྱིར་ཡེ་ཤེས་དེབབ་པ་བསྐྱེ ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱི་སེམས་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་དང་དོན་དམ་པའོ།། དེ་ལ་སྔར་བསྟན་པ་གཉིས་ཀ་ཀུན་རྫོབ་པ་སྟེ། བསོད་ནམས་ཀྱི་ཚོགས་ཙ་མོ་དེ་ལས་གྲོང་དུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་ཀྱི་ཚོགས་ཀྱི་རང ་བཞིན་ཏོ།། དེ་མ་བསྐྱོད་ནི་ཆོས་ཀྱི་སྐུ་འགྲུབ་པ་མི་རུང་བ་དེ་བསྐྱེད་པར་རིགསོ།། དོན་དམ་པའི་བྱང་ཆུབ་ཀྱི་སེམས་དེ་ཡང་སྔར་དཀྱིལ་འཁོར་ཆེན་པོར་འཇུག་པ་ན་བླ་མའི་དྲིན་གྱིས་བཻཏང་སྟེ། རང་གི་ལས་ཀྱི་མཐུའི་རྐྱེན་ལྷ་རྣམས་ཀྱིས་མཛད ་པས་ལན་འགའ་ཉམ་སུ་མྱོང་བའོ།། ང་འདིར་བླ་མ་ལ་མི་ལྟོས་པར་རང་གིས་གདབ་པར་བྱའོ།། འདིར་ཡེ་ཤེས་ཇི་ལྟར་དབེབ་དགོས་པ་ནི་གང་དབབ་པའི་རྣམ་པར་དབྱེ་བ་ཇི་ལྟ་བུ་འདིའི་སྒྲ་དོན་ཇི་ལྟར་བསྟན་ཅེ་ན། དེ་དག་ཅུང་ཟད་བརྗོད། དེ་ནས་གཟུཊ ་བརྙན་ལ་སོགས་པའི་རབ་ཏུ་སྦྱོར་བས་ཕྱག་རྒྱ་བཅིང་བ་སྔོན་དུ་འགྲོ་བའི་ཆོ་ག་ཐམས་ཅད་རྗེ་སུ་སྒྲུ་བོ་ཞེས་བྱ་བ་ལ་སོགས་པ་ནི་འདི་ཇི་ལྟར་དབབ་པའི་ཐབས་ཏེ། ཇི་ལྟར་སོ་སོར་རྟོག་པའི་ཤེས་རབ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་། ་བས་ནཱ་འདིར་དང་པོ་གཅིག་དོང་དུ་མ་ཉིད་བྲལ་བའི་ཕྱིར་རྒྱུ་བོ་དང་། མི་རྒྱུ་བ་སྒྱུ་མ་དང་རྨི་ལམ་དྲང་ཆུའི་ཟླ་བ་ལྟར་མོས་པར་བྱས་ལ། རྡོ་རྗེ་ཐལ་མོ་དམ་པོར་བསྡམས་ནས་ལག་པ་གཡས་གཡོན་དག་འཁོར་བ་དང་མྱ་ངན་ལས་འདས་པ ་གྱུར་ཅིང་གང་དུ་དེ་གཉིས་ལ་མངོན་པར་ཞེན་པ་དམོ་པོས་གནས་པ་དེ་དེ་ལྟ་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པས། དེ་དག་བྲལ་ཏེ་གཉི་ག་ཆགས་པ་བཅད་ཅེས་ཤེས་པ་དང་། དེ་ནས་བཛྲ་ཨཱ་བེ་ཤ་ཨ་ཞེས་པས་རྡོ་རྗེ་ལྟ ་བུའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་སྟེ། སྐད་ཅག་ཐང་ཅིག་ཡུད་ཙམ་ཞིག་ལས་མི་གནས་དགག་ཅིང་ཇི་ཙམ་སྲིད་པའི་གྲོང་ཁྱེར་འདི་རབ་ཏུ་གསལ་བར་ལན་ཅིག་སྒྱུ་མ་ལྟར་ཉམ་སུ་མྱོང་བ་དེ་སྲིད་དུ་བརྟན་པ ་བྱ་བའི་ཕྱིར་བརྟན་པར་བྱ་བའི་ཆོ་ག་བཤདདོ།། ཐབས་དེ་ལྟར་ཕབ་པའི་དགོས་པ་ནི་ཐམས་ཅད་སྒྱུ་མ་ལྟར་ཤེས་པས་བྱ་བ་ཐམས་ཅད་ལ་དངོས་པོར་མངོན་པར་ཞེན་པ་བོར་བྱས་རབ་ཏུ་མཐུ་དང་ལྡན་པར་འགྱུར་ཏེ། དངོས་པོར་དམི ་པོ་མེད་པ་ལས་བྱུང་བ་འབྲས་བུ་ཆེན་པོ་སྟེ། རྒྱས་པའི་རྒྱུ་ལས་བྱུང་བའི་ཕྱིར། ས་བོན་གྲུང་པོའི་མུག་གསོགས་བཞིན། ཞེས་དབུ་མའི་གཙུག་ལག་ལས་བཤད་པ་བཞི་ནོ།། དེ་ལ་དབབ་པའི་རྣམ་པར་དབྱེ་བ་གང་ཞེ་ན། དེ་ནི་སེམ ་དཔའ་དབབ་པ་དང་། རྡོ་རྗེ་དབུབ་པ་དང་། ཨོཾ་ཤེས་དབབ་པ་དང་། དབུབོ་པ་ཐ་མལ་པའོ།། ཇི་ལྟ་ཞེ་ན། དང་པོ་དཀྱིལ་འཁོར་དུ་སློབ་དཔོན་བདག་ཉིད་འཇུག་པ་ན་སེམས་དཔའ་ཆེན་པོ་གྱང་རུང་བ་ཞོག་བདག་ཉིད་ཁོ་ན་ལ ་དབབ་པ་བྱས་ལ་དགེ་བ་དང་མི་དགེ་བ་ལ་སོགས་པ་ཤེས་པར་བྱའོ།། འདྲི་ཡང་རྩ་བའི་རྒྱུད་ཉིད་ལྔས་གསུལ་པོར་གསུངསོ།། དེ་ལ་རྡོ་རྗེ་དབབ་པ་གྲང་ཞེ་ན། དཀྱིལ་འཁོར་ཆེན་པོར་སློབ་མ་འཇུག་པ་ནི་སློབ་མ་སྣོད་དུ་མ ་གྱུར་པ་དང་མ་གྱུར་པ་བརྟག་པ་དང་། བྱ་བ་དག་ངེས་པར་ཤེས་པོར་བྱ་བའི་ཕྱིར་སློབ་དཔོན་གྱི་སྙིང་གའི་རྡོ་རྗེ་ལས་སློབ་མའི་སྙིང་གར་དབབ་པའི་ཆོ་ག་སྟེ། འོག་ནས་རྒྱས་པར་བསྟན་ཏོ།། ཡེ་ཤེས་དབབ་པ་ནི་གན། ་སྐབས་འདི་ཉིད་དུ་ཇི་ལྟར་བསྟན་པའོ།། དེ་དག་ལས་གཞན་པའི་དབབ་པ་ཐ་མལ་པ་ནི་རྣལ་འབྱོར་དང་བྱ་བའི་རྒྱུད་དེ་དང་དེ་དག་ཏུ་མེ་ལོང་དང་མཐེ་བོང་རང་རལ་གྲི་ལ་སོགས་པ་དབབ་པའི་ཆོ་ག་བསྟན་པ་སྟེ། དེ་དག་ཀྱང་ཕལ་ཆེར་འབྲས ་བུ་མཚུངས་པ་ནི། འོག་ནས་རྒྱུད་ཀྱི་ཚིགས་མདོར་སྨོས་པ་ལས། བབས་ན་དེའི་སྐད་ཅིག་ཁོ་ན་ལོ་མངོན་པོར་ཤེས་པ་ལྔ་ལ་སོགས་པ་འགྲུབ་པར་འགྱུརརོ་ཞེས་སྨོས་པ་སྟེ། སོགས་པ་ཞེས་པ་ནི་དམན་པ་འཕྲལ་གྱི་བྱ་བ་ཐ་མལ་ཙམ་དུ། ་མཆོག་རྣམ་པར་མི་རྟོག་པའི་ཡེ་ཤེས་ངག་བསྡུ་སྟེ། བབས་པའི་ཡོན་རྒྱ་ཆེར་ནི་རྒྱུད་ལས་ཁོང་དུ་ཆུད་པར་བྱའོ།། གཞན་དག་ནི་འདིར་རྟོག་གེ་ངག་ལ་ཡེ་ཤེས་འཇུག་ཅེས་བྱ་བའི་ལུགས་ཀྱིས་ཀུན་རྫོབ་ཤེས་པ་སྐྱེའི་རྣམ་པར་མི་རྟོག ་པའི་ཡེ་ཤེས་ནི་མ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཞེས་གསུངས་པ་མི་ངེས་པ་དང་འདི་ལུས་རྣམ་པར་མི་རྟོག་པ་མི་སྐྱེ་བའི་མངོན་པར་ཤེས་པ་ལྔ་སྐྱེ་བའི་རྒྱུ་མཚན་ཡང་མེདདོ།། འོན་ཀྱང་རྣམ་པར་མི ་རྟོག་པའི་ཡེ་ཤེས་སྐྱེ་བ་ནི་དཀའ་ལ་གཞན་རྙེད་སླ་བའོ།། དེ་ལ་ཡེ་ཤེས་དབབ་པ་དབབ་པ་ཞེས་བྱ་བའི་མིང་གི་དོན་ནི་རང་གི་སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའ་ཡེ་ཤོས་སེམས་དཔའ་དེ་ལ་ཕྱོགས་བཅུའི་དེ་བཞིན་ག ་པཾ་རྣམས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་རྣམས་དབབ་པ་སྟེ། དྲལ་བའི་དུས་ཁོ་ནར་བདག་དང་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ཕྱེ་ནས་དེ་དག་ཞུགས་པར་གྱུར་པར་མོས་པས་འདི་འགྲུའོ།། གང་ཡང་དང་པོ་དཀྱིལ་འཁོར་དུ་བླམས ་ཡེ་ཤེས་དབབ་པའི་བྱ་བ་མ་བྱས་པ་དེས་ནི་ཉམསུ་མྱོང་བ་དེས་ན་ནམ་ཡང་དབབ་པར་མི་ནུས་པར་ཤེས་པར་བྱའོ།། དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས་ཤིང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པ་དེས། ད་ནི་གཞན ་གྱི་དོན་བྱ་བར་འོས་པས་ངན་འགྲོའི་སེམས་ཅན་རྣམས་ཐར་བར་བྱ་བའི་སྦྱོར་བ་བསྟན་པ་བཛྲ་མུཥྚི་ཞེས་བྱ་བ་ལོ་སོགས་པ་སྟེ། འདིར་དོན་ནི་ཇི་ལྟར་བཅོམ་ལྡན་འདས་ཁམས་གསུམ་རྣམ་པར་རྒྱལ་བས་ངན་འགྲོའི་འགྲོ ་རྣམས་རང་དབང་མེད་པར་བཀུག་སྟི་ཐར་བར་བྱས་པ་ལྟར། རྣལ་འབྱོར་པ་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱར་བཏབ་པར་གྱུར་པ་དེས་ཀྱང་། ངན་སོང་བ་རྣམས་དང་པོར་བཀུག་ལ། དེ་ནས ་སྡིག་པ་དྲལ་བས་ཐར་བར་བྱ་སྟེ། འདིར་སེམས་ཅན་སོ་སོའི་སྙིང་ལ་སྡིག་པའི་གཟུགས་ཤོ་ཟ་ལྟར་མི་སྡུག་ཅིང་སྐྲ་གྲོལ་བ་གཅེར་བུ་མཆེ་བ་གཙིགས་པ་མིའུ་ཐུང་དག་གནས་པ་དྲལ་བའི་ཕྱག་རྒྱས་ཕྱིར་འཐོན་ཏེ། དེ་ལ་རྡོ་རྗེ་ཁུ་ཚུར ་གྱིས་བསྣུན་པས་མེད་པར་གྱུར་པཱར་བསམས་ཏེ། སེམས་ཅན་དེ་དག་ཀྱང་ངན་འགྲོའི་ལུས་ལས་འཕོས་ཏེ་ལྷའི་འཇིག་རྟེན་དུ་གྱུར་པར་བསམ་ཤིང་དེ་དག་གི་ངན་འགྲོའི་ལུས་ཀྱང་བེ་ཚྭའི་རྒྱ་མཚོར་བོ་ར་བར་གྱུར་པར་བསམ་པ་ནི་དྷ ་པའི་མཐུའི་བྱེད་པསོ།། འདིར་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལས་གསལ་པོར་རྟོགས་པར་བྱ་སྟེ་ཆོ་གའི་ཆད་པར་འདི་དག་གིས་རྣལ་འབྱོར་པའི་གནས་ངོ་རོ་རབ་ཀྱི་རྩེ་མོར་གྱུར་པར་མོས་པར་བྱའོ།། གཞན ་དག་ནི་དེ་ནི་མངོན་པར་བྱང་ཆུབ་པ་བརྙེས་ནས་ཀྱི་གནས་ཏེ། ད་ལྟ་ནི་མིའི་ཡུལ་དུ་གྱུར་པ་སོ་ཞེས་ཟེར་ཏེ། དེ་ནི་མ་ཡིན་ཏེ། ཕྱག་རྒྱ་གཅིག་པ་ལ་སོགས་པ་ལ་མངོན་པར་བྱང་ཆུབ་པའི་ངེས་པ་མེད་ཀྱིས་རྣལ་འབྱོར་ཆེན་པོ་ཙམ་ལས་མི ་བྱེད་ཀྱང་རི་རབ་ཀྱི་རྩེ་མོར་གྱུར་པ་ནི་མི་དོར་རོ།། དེ་ལྟར་བདག་དང་གཞན་ལ་ཕན་པ་སྤྱད་ནས་ང་ནི་རང་གི་ལྷ་དྲན་པ་དང་། སྔར་གྱི་དཀྱིལ་འཁོར་སྤྲུལ་པ་བྱས་པ་དེ་དགྲོལ་བའི་ཕྱིར། དེ་ནས་རྣམ་པར་སྣང་མཛོད་ལ་སོགས་པའི་དམ ་ཆོ་ག་གི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་ལན་གསུམ་བརྗོད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་སྣང་མཛད་ནས་རྡོ་རྗེ་འབེབས་པའི་བར་དུ་རང་གི་ལྷག་པའི་ལྷོ་གང་ཡིན་པ་དེ་ཁོ་ནའི་དམ་ཚིག་གི་ཕྱག་རྒྱ་བཅིངས ་དཱས་དེ་ཁོ་ནའི་སྔགས་ལན་གསུམ་བརྗོད་དེ། འདི་ཅིའི་དྲོན་ཡིན་ཞེ་ན། དང་པོ་ཁྲོ་བོ་རྡོ་རྗེ་འབིར་བ་ཉི་མའི་མེ་ལྟ་བུར་བདག་བསྐྱེད་པ་ནུས་ད་ལྟ་ངན་འགྲོ་བ་ཐར་པར་བྱ་བའི་བར་དུ་ཁྲོ་བོའི་རྣལ་འབྱོར་ལ་གནས་པོས་བྱེ་བ་མང ་ཞིག་བྱས་པ། རང་གི་ལྷའི་རྣལ་འབྱོར་རྗེ་སུ་དྲན་པ་ཡུན་རིང་དུ་བོར་བས་ལྷ་སྤངས་པ་དང་འདྲ་བར་གྱུར་པ་སཾ་དེ་དྲན་པར་བྱ་བའི་ཕྱིརརོ།། གཞན་དྲུག་རྣམ་པར་སྣང་མཛོད་ལ་སོགས་པའི་ལྷ་མ་ལུས་པའི་སྔགས་དང་ཕྱག་རྒྱས ་བྱའོ་ཞེས་ཟེར་བ་ནི་མི་འཐད། དེ་ལྟར་ན་དེ་རྣམས་ཀྱིས་ཞེས་མང་པོའི་ཚིག་ཏུ་སྟོན་པའི་རིགས་ལ། དེ་ལྟར་བྱས་ནི་ཡང་དགོས་པོ་ཆེན་པོ་མ་དམིགས་པས་དེ་སྤངངོ་།། འདིས་རང་གི་སྙིང་གར་དགོལ་ཏེ། ཨོཾ་བཛྲ་མུཿཞེས་བྱའོ་ཞེས ་བྱ་བ་ནི་ཕྱག་རྒྱའི་ཚོགས་ཇི་ལྟར་བཅིངས་པ་རྣམས་རང་གི་སྙིང་གའི་ནམ་མཁའུ་ལ་དགྲོལ་བ་སྟེ། གཟུགས་ཀྱི་སྐུའི་ངོ་བོར་རྡོ་རྗེ་རྒྱུའི་སྔགས་དང་ཕྱག་རྒྱ་རྣམས་རང་གི་སྙིང་གའི་ན་མཁའ་ལས་དགྲོལ་བ་སྟེ། གཟུགས་ཀྱི་སྐུའི་ངོ ་བོར་རྡོ་རྗེ་རྒྱུའི་སྩོགས་དང་ཕྱོག་རྒྱས་རང་དབང་མེད་པར་བཅིངས་པ་ལུས་བཀྲོལ་ལ་སླར་ཆོས་ཀྱོ་སྐུའི་ངང་དུ་བཞུད་པར་བྱའོ།། ཇི་ལྟར་ནམ་ཁའ་ལྕེ་གློག་སྣང་བ་དེ་ཉིད་དུ་ཐིམ་པར་གྱུར་པའི་དཔེས་འདིར་དེ་ལྟར་ན་མཁའ་ལས་ལྷའི་སྐུར་སྣང ་བ་རྣམས་སླར་དེ་ཉིད་དུ་བསྒོམ་པ་སྟེ། འདིས་ནི་འོག་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པའི་དོན་ཡང་བརྗོད་པར་ཤེས་པར་བྱའོ།། འདི་ལ་དགོས་པ་ཅི་ཡོད་ཅེ་ན། དེའི་ཕྱིར་དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་མ་སྤངས་པར་འགྱུརརོ་ཞེས་བྱི་བ ་སྨོས་ཏེ། རང་གི་ལྷ་དྲན་པ་དང་ཕྱག་རྒྱ་བཀྲོལ་བ་དེ་ལྟར་ན་ཕྱག་རྒྱ་ཐམས་ཅད་དེ་ལྷག་པའི་ལྷ་དང་དཀྱིལ་འཁོར་ཐམས་ཅད་ངོ་།། མ་སྤངས་པར་འགྱུར་བ་ནི་རྗེསུ་དྲན་པོའི་སྒོ་ནས་ངོ་མ་བཏིང་བ་དང་། ལྷ་རྣམས་སླར་གཤེགས་སུ ་གསོལ་བ་ཡང་གུས་པའི་ངོ་བོ་སྟེ། ལྕེ་ལ་བརྙས་པ་སྤངས་པོས་ན་ལྷ་རྣམས་ཀྱི་སྤྱི་དང་ཁྱེད་བར་དུ་བཅས་པ་བས་སྤངས་ཤིང་བརྙས་པར་མི་བྱས་པར་འགྱུ་རོ།། དེ་ལྟར་ན་རང་གི་ལྷ་དྲན་པ་ནི་ཕྱག་རྒྱུ་བཀྲོལ་ནས་བྱ་བའི་རིག ་ཤེ་ན་མ་ཡིན་ཏེ། དཀྱིལ་འཁོར་བའི་ཁོངས་ན་རང་གི་ལྷ་མངོན་སུམ་དུ་ཞུགས་པ་ཁོ་ན་ལོ་དྲན་པ་གསལ་པོ་དྲན་པ་བྱ་བར་རིགས་ཤིང་ཕྱག་རྒྱ་བཀྲོལ་བའི་རྗེས་ལ་ནི་དྲན་པའི་ཡུལ་གསལ་པོ་མོད་པའི་ཕྱིར་དོང་། རང་གི ་ལྷའི་ཕྱག་རྒྱའི་རྣལ་འབྱོར་ཆེན་པོ་བྱིན་གྱིས་བརླབ་པ་ཡང་འཇུག་པས་དེ་དྲན་པ་དེ་དང་གིས་ཀྱང་འབྱུང་བས་དེ་ཉིད་ཆེས་འཚམས་པའོ།། དེ་ནས་ད་ནི་ཆོ་ག་ཇི་སྙེད་སྔར་སྤྱད་པ་ཐམས་ཅད་ཀྱང་ཕན་ཡོན་བསྡུས་ཏེ་བསྟན་པའི་ཕྱིར། ་འདི་བྱས་པས་རྣལ་འབྱོར་པ་བསྐུལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུ་བ་སེམས་དཔའ་དང་འདྲ་བར་འགྱུརརོ་ཞེས་བྱ་བ་ས་བཅུ་པའི་དབང་ཕྱུག་དང་འདྲའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་ཞེ་ན་འདི་ན་སྐྱེས་བུ་ཆེན་པོ ་སློབ་པ་ཐེག་པ་ཆེན་པོ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་འཆང་།། མི་སློབ་པ་ཡང་གཉིས་ཏེ། རྡོ་རྗེ་འཆང་ཆེན་པོ་དང་དེ་བཞིན་གཤེགས་པའོ།། དེ་འདིར་བྱང་ཆུབ་སེམས་དཔའ་ཆེན་པོ་བསྐལ་པ་གྲངས་མེད་པ་དང ་པས་འཇིག་རྟེན་ཆོས་ཀྱི་མཆོག་ཐོབ་ཙོང་། བསྐལ་པ་གྲངས་མེད་པ་གཉིས་པས་ས་བརྒྱད་བ་མི་གཡོ་བ་ཐོབ་པས་ན། དེར་བཤིན་དུ་མཚན་མ་མེད་པའི་དབྱིངས་ནས་སངས་རྒྱས་ཐམས་ཅད་ཀྱིས་བསླང་སྟེ། ཡིད་ཀྱི་ལུས་ཐོབ་པས་སེན ་གྱི་དོན་མཐའ་ཡས་པ་ཅིག་ཅར་སྒྲུབ་པས་བསྐལ་པ་གྲངས་མེད་པ་གསུམ་པ་ལས་ངེས་པར་བྱུང་ནས་ས་བཅུ་པའི་དབང་ཕྱུག་ཆེན་པོར་འོག་མིན་དུ་འདི་འདིའི་རྣམ་པར་སྨིན་པའི་ལུས་འགྲུབ་པ་སྟེ། འདི་བསྐལ་པ་གྲངས་མེད ་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་སྟེ། གནས་སྐབས་དེ་སྙེད་སློབ་པ་བྱང་ཆུབ་སེམས་དཔའོ།། དེ་ལ་དེ་འདྲ་བ་ནི་རྡོ་རྗེ་འཆང་སྟེ། ཚེ་འདི་ཉིད་ལ་དེ་དང་འདྲ་བ་ནི་ནང་གི་བདག་ཉིད་ཀྱི་ཁྲུས་བྱས་པས་བདག་མེད ་པ་གཉིས་མཐོང་བས་མཐོང་བའི་ལམ་སྟེ། དེ་ནས་ངག་དྲག་པ་ནས་གཟུང་སྟེ་སྡོམ་པ་གཟུང་བའི་མཐར་ཐུག་པ་ནི་ས་ལྷག་མ་དྲུག།། དེ་ནས་ཡེ་ཤེས་དབབ་པ་ནི་ས་བརྒྱད་པ་ཡེ་ཤེས་ཙམ་གྱི་སའོ།། དེའི་ངན་འགྲོ་སྦྱང་གི ་ཕྱག་རྒྱ་དགྲོལ་བ་ནཱི་ས་བརྒྱད་པ་ལས་ལངས་ཏེ་ས་དགུ་པ་དང་བཅུ་པའི་ངོ་བོ་སྟེ། འདི་དག་གི་རྟེན་འཇིག་རྟེན་པའི་ས་བསྐལ་པ་གྲངས་མེད་པ་གཅིག་གི་བགྲོད་པར་བྱ་བ་ནི་དང་པོ་དབྱུང་བསྐུར་ཞིང་བླ་མའི་ལྷའི་ལུས་སུ་བྱས་པ་ཁོ་ན ་འདི་ཙམ་གྱིས་རྡོ་རྗེ་འཆང་སློབ་པ་ཞེས་བྱའོ།། དེ་ནས་ས་བཅུ་པའི་དབང་ཕྱུག་དེ་ཉིད་སྐྱེ་བ་གཅིག་གིས་ཐོགས་པའི་ངོ་བོ་དགའ་ལྡན་དུ་བྱོན་པ་ནི་རྣལ་འབྱོར་ཆེན་པོར་བྱིན་གྱིས་བརླབ་པའོ།། དེ་ཉིད་སྲིད་པ་ཐེ་མོ་པར་གྱུར་པ་ནི ་རྣལ་འབྱོར་ཆེན་པོ་རྫོགས་པར་བྱ་བ་སྟེ། དེའི་འོག་ཏུ་རྡོ་རྗེ་ལྟ་བུའི་ཏིང་འཛིན་པར་ཆད་མེད་པའི་ལཱམ་དེ་ནི་མངོན་པར་བྱང་ཆུབ་པ་ལྔའི་བདག་ཉིད།། དེ་ནས་དེའི་འོག་ཏུ་ནཱི་རྡོ་རྗེ་འཆང་ཆེན་པོ་སྟེ། སྔགས་ཀྱི་ལམ་གྱིས་མངོན ་པར་བྱང་ཆུབ་པ་ནི་སློབ་པའོ།། གང་ཡང་བཛྲམྦྷའི་གླིང་འདིརི་ཉན་ཐོས་རྣམས་དང་ཐུན་མོང་པའི་སྤྲུལ་པའི་སྐུ་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པ་སྟེ། མི་སློབ་པའོ།། དེ་ལྟར་ལམ་འབྲས་བུ་མཐའ་ངག་ཐ་དད་པར་བྱས ་པ་འདི་ནི་སྐྱེ་བོ་ལམ་ཐ་དད་པ་ལ་དགའ་བའི་ངོར་བྱས་པ་ཁོ་ན་སྟེ། མཚན་ཉིད་པ་མ་ཡིནོ།། དེ་ཉིད་ཀྱི་ཕྱིར་ཁ་ཅིག་ཏུ་མངོན་པར་བྱང་ཆུབ་པ་ལྔ་ཉིད་ལ་མཐོང་བའི་ལམ་ལ་སོགས་པ་སྦྱར་བ་བསྟན་པ་ཟད་།། དེ་ལྟར ་དོན་དེ་དག་བརྗོད་ནས་ད་ནི་བར་ཆད་མེད་པའི་ལམ་གྱི་སྟེགསུ་གྱུར་པ་རྣལ་འབྱོར་ཆེན་པོའི་ཆོ་ག་བརྗོད། དེ་ལ་རྣལ་འབྱོར་པ་ཆེན་པོ་ཡང་ལྷག་པར་གནས་པ་དང་། དེ་རྫོགས་པར་བྱས་པས་གཉིས་ཏེ། དང་པོ་བདག་ཉིད་ལྷག་པ་ལྔའི་རྒྱུ ་དུ་དུ་ལྷག་པར་གནས་པར་བྱའོ།། གཉིས་པ་ནི་དེ་ཉིད་བརྟན་པར་བྱེད་པའི་ཡན་ལོག་ཡོངས་སུ་རྫོགས་པར་བྱེད་པ་སྟེ། འདི་རྣོལ་འབྱོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རྣལ་འབྱོར་ཆེན་པོ་འམ། འདི་ནི་རྣལ་འབྱོར་རྣམས་ཀྱི་ནང་ན་ཆེ་བློ ་ན་རྣལ་འབྱོར་སྟེ་མཆོག་ཏུ་རྒྱས་པའི་རྒྱུ་ལས་བྱུང་བ་དང་། བདོག་ཉིད་ཆེན་པོའི་གཟུགས་འཛིན་པ་དང་། ཤིན་ཏུ་བྱིན་གྱིས་བརླབས་དང་། འབྲས་བུ་ཆེན་པོ་བསྐྱེད་པས་ན་འདི་ནི་ཆེན་པོའོ།། ཐབས་དང་ཤེས་རབ་ཟུང་དུ་འཇུག་པ་འམ ་བཞིན་ཡང་ལ་བྱེད་པར་སྦྱོར་བས་ན་རྣལ་འབྱོརརོ།། དེ་ཙམ་ཞིག་སྤྱིར་བརྗོད་ནས་ང་ནི་ལྷག་པར་གནས་པ་ལ་སོགས་པའི་གོ་རིམས་བརྗོད། དང་པོ་ཉིད་དུ་བདག་མེད་པ་བསྒོམ་ཞིང་ཟླ་བ་ཟུང་དང་དེ་ལས་རང་གི་མཚན་མ ་དང་སྙིང་པོ་དང་། དེ་ལ་ང་རྒྱལ་བྱོ་ཞིང་སྤྲུལ་པ་བསྔོ་བ་ལ་སོགས་པའི་སྦྱོར་བས་ལྷའི་ལུས་སུ་གྱུར་པ་དང་། དེ་ལ་དམ་ཚིག་དང་ཕྱག་རྒྱ་ཆེན་པོས་བྱིན་གྱིས་བརླབ་ཅིང་། དཀྱིལ་འཁོར་སྤྲུལ་པ་ཞུགས་ལ་དབང་བསྐུར་བ ་བླངས་ཏེ་རྡོ་རྗེ་བརྟུལ་ཞུགས་བློང་བ་འདི་ཙམ་ཞིག་ལ་རང་ལྷག་པར་གནས་པའི་རིམ་པ་ཡིས་རྣལ་འབྱོར་ཆེན་པོ་ལ་སྦྱོར་བའོ།། དེ་ལ་དེ་ནས་རང་གི་སྙིང་ལ་སོན་པའི་རྡོ་རྗེའི་དང་སུ་རང་གི་ལྷའི་སྙིང་པོ་ས་མ་ཡ་བྲིས་ལ ་ཞེས་བྱ་བ་ལ། དེ་ནས་ནི་ཕྱག་རྒྱ་བཏང་ནསོ།། རང་གི་ཞེས་བྱ་བ་ནི་ཁྲོ་བོའི་ལུས་ཀྱི་སྟེ། གཞན་དྲུག་ནི་ལུས་ཐུ་མལ་པ་ཞེས་ཟེར་ལ། གཞན་དགུ་ནི་དང་པོ་བླ་མསཱ་རྡོ་རྗེ་དབབ་པའི་དུསུ་བསྐྱེད་པའི་རྣལ་འབྱོར་གྱིས་ཟེར་ཏེ། བསྲུང ་བ་ལྡན་པས་ལྷའི་ལུས་བསྒོམ་པར་རིགས་ལ། ལྷའི་ལུས་གྲུབ་ནས་དེ་ཉིད་ཀྱི་བསྲུང་བར་གསུངས་པས་ཕྱོགས་དང་པོ་བླང་ངོ་རང་གི་སྙིང་ལ་སོན་པའི་རྡོ་རྗེ་ནི་སྙིང་སྟེ། སྙིང་གི་ནང་དུ་སོན་པ་ཞེས་བྱ་བོ་དང་པོར་བླ་མས་རྡོ་རྗེ་དབབ་པའི་དུས ་བྱིན་པས་བླ་མས་ཐུགས་ལས་འཐོན་ཏེ་འདིར་སོན་ཏེ་འདིར་སོན་པའོ།། རྡོ་རྗེ་ནི་རྡོ་རྗེ་འཆང་ཆེན་པོའི་རྡོ་རྗེའོ།། དེའི་དབུས་ན་ལྟེ་བའི་ནང་དུའོ།། རང་གི་ལྷའི་སྙིང་པོ་ནི་བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པ་སྟེ། དོན་འདི་ནི་གཞན་ལས། སྙིདྱ་ནི་སྔགས ་ཀྱི་གནས་ཡིན་པར། ཤེས་ན་དངོས་གྲུབ་ཐོབ་པར་འགྱུར། ཞེས་བྱ་བ་དང་། རྩ་བའི་རྒྱུད་ལས་ཀྱང་། ཏིང་འཛིན་སྒྲུབ་པའི་སྙིང་ག་ནས།། དེ་བས་སྙིང་པོ་ཞེས་བྱའོ།། ཞེས་གསུངས་ཏེ། འདིར་ནི་ཏིང་འཛིན་ཡང་རྣལ་འབྱོར་ཆེན་པོའོ།། གཞན ་དག་ནི་འདིར་རང་གི་སྙིང་རྟོགས་པ་ཞེས་ཟེར་ཏེ། སྐད་ཀྱི་བྱིངས་ལྔས་ག་ཏའི་སྒྲ་རྟོགས་པར་འདྲེན་པསོ།། རྟོགས་པ་དེ་ཡང་རྡོ་རྗེ་སྟེ་རྡོ་རྗེ་སེམས་དཔའི་ཞི་བ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཆང་བའོ།། དེའི་དབུས་ནི་དེའི་ཐུགས ་ཀའི་ཟླ་བ་ལ་སྟེ། དེ་ལྟར་བྱས་ན། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན།། དག་ཅིང་གསལ་ལ་རྙོག་པ་མེད།། སངས་རྒྱས་ཀུན་བདེག་རིང་ཉིད་ནི།། བུ་ཁྱོད་ཀྱི་ནི་སྙིང་ལ་གནས་ཞེས་བྱ་བ་ལ་སོགས་པ་ཡང་འཚལ། འདིའི་མཐུས་ཀྱང ་གང་འདོད་པའི་ལྷའི་ལུས་སུ་འགྱུར་རོ།། དེ་བཞིན་གཤེགས་དུ་རིན་པོ་ཆེ་ལ་སོགས་པ་ཡང་རང་རང་གི་སེམས་དཔའ་ཆེན་པོའོ་ཞེས་ཟེར་ཏེ། གང་དུ་གནོད་པ་མེད་པ་དེར་ནི་གཞུང་གཞན་དུ་དྲངས་པ་ལ་དགོས་པ་མེད་པས་ཤིན་དུ་འཚམ ་བ་ཡི་ནོ།། ས་མ་ཡ་བྲིས་ལ་ཞེས་པ་ནི་འདིར་ས་མ་ཡའི་སྒྲ་ནི་དོན་དུ་མ་ལ་འཇུག་པར་མཐོང་སྟེ། དོན་དུ་མ་བསྡུས་པ་ལས། ས་མ་ཡ་མཉམ་ཇི་བཞིན་སྤྱོང་།། གྲུབ་པའི་མཐའ་དང་ཕུན་སུམ་ཚོགས།། ཁྲིམས་བྱ་གཞན་ཡང་རྒྱས་པར ་བསྟན།། བརྡ་དང་དུས་དང་སྐད་རྣམ་སོ།། ཞེས་བསྟན་པ་ལྟ་བུའོ།། དེ་ལས་འདིར་གང་ཞིག་ངེས་པར་ཟུང་བར་རིགས་ཤེ་ན། ཁ་ཅིག་ཕུན་སུམ་ཚོགས་པ་ལ་བསྔགས་པ་བྱེད་དེ། ལྷའི་སྙིང་པོ་ཁཱ་དོག་དང་དབྱིབས་ཕུན་སུམ་ཚོགས་པ ་བཻ་ཌཱུརྱ་བཞུ་བསྡུ་བྲིས་པ་ལྟར་ཟླ་བུ་ལ་བྲིས་ཞེས་ཟེར་རོ།། ཡང་གཞན་དྲག་ནི་འདིར་མཉམ་པ་ལ་བསྔགས་པ་བྱེད། མ་ཆང་མ་ལྷག་ལཱ་ཡི་གེ་མཉམ་པར་བྲིའོ་ཞེས་ཁ་ཅིག་ནི་འདིར་ཁྲིམསུ་བྱ་བོར་འདོད་དེ་ཏིང་འཛིན་འདི ་ལྟ་བུ་སྒྲུབ་པ་ན་སྙིང་པོ་ནི་སྙིང་ལི་སྒོམ་པ་ངེས་པར་འདུའ་བར་བྱ་བ་མ་ཡིན་པས་དམ་ཚིག་སྟེ། རྒྱུའི་ཡུལ་ལས་མི་འདའ་བས།། དམ་ཚིག་ཅེས་ནི་མངོན་པར་བརྗོད། ཙྪེ་ས་བཤད་པས། ཏིངེ་འཛིན་འགྲུབ་པའི་རྒྱུའི་སྤྱོད་ཡུལ་ཝ། ་མི་འདའ་བར་བྱ་བའི་ཕྱིར་འདི་ཡིད་ཀྱིས་བྲིས་ལ་བསྒོམ་པ་སྟེ། དེས་ན་ས་མ་ཡ་ནི་རྟོགས་པར་ཡང་དྲང་ལ་ཁྲིམ་སུ་བྱ་བར་ཡང་དྲང་སྟེ། རྟོགས་པས་བྲི་བ་འམ་དམ་ཚིག་གིས་བྲིས་ཞེས་ཟེ་རོ།། ཐད་ཀྱང་དོན་དང་མི་འབྲོལྔ་མ་ཡིན ་མོད་ཀྱི། སྤྱོད་པ་ཇི་ལྟ་བར་དྲང་ན་ཐང་འདུ་བས་དེ་ཉིད་སྔགསོ།། དེ་ཉིད་རང་གི་ལྷའི་གཟུགསུ་རྣམ་པར་བསམས་ཏེ་ཞེས་བྱ་བཱ་ནི་ཇི་ལྟར་སྙིང་གའི་ཕྱག་རྒྱ་ལྷའི་ལུསུ་གྱུར་པ་ལྟར་དེའི་རྟེན་བདག་ཀྱང་ལྷའི་ལུསུ་གྱུར་པ་ནི་བྱ ་བ་དང་བྱེད་པ་པོ་ཐ་མྱི་དད་པར་བརྟགས་པསོ།། སྙིང་གར་སོན་པའི་དཀྱིལ་འཁོར་དུ་ཡིད་ཀྱིས་འཇུག།། ཞེས་བྱ་བ་ནི་ལུས་བཀོད་པ་གཉིས་པ་སྟེ། ཛྷ་ལྟར་བྱང་ཆུ་བོ་སེམས་དཔའི་སྤྱན་རས་གཟིགས་དབང་ཕྱུག་རང་གི་བཻ་སྤུའི་བུ་འོ། ་ན་གནས་པའི་དྲང་སྲོང་དག་ལ་ཆོས་སྟོན་པར་བྱེད་པའི་ལུས་བཀོད་པ་བསྟན་པ་བཞིནོ།། ཕྲེང་བ་དེ་ཡང་རོང་གི་སྤྱི་བོར་ཞེས་བྱ་བ་ན་དཀྱིལ་འཁོར་སྙིང་གི་ནང་ན་ཡོད་པས་ན་ཞེས་དགོས་པ་སྙིང་གའི་ཐད་ཀ་ཕྱི་རོལ་ཏུ་བསྒོམ ་པ་སྦྱར་ཚོགས་བསྲེགས་པའི་ཡུལ་ལྟ་བུ་དགོག་པའི་ཕྱིརརོ།། སེམས་མཾ་རྡོ་རྗེ་མ་བཅིང་བ་ཡང་ཏིཥྛ་བཛྲ་ཞེས་བརྗོད་པ་འོངས་སྙིང་གར་དགྲོལོ་ཞེས་བྱ་བ་འདི་ནི་རྩཝ་བའི་རྒྱུད་ལས་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པ ་ན་འདིའི་ཕྱག་རྒྱ་ཕྱེད་མའི་གུང་མོ་གཡས་པའི་ཆང་པ་སོ་ཡང་དང་ཡང་དྲངས་པས་བདག་ཉིད་ལ་སེམས་དཔའ་དབབ་པ་བྱས་གསུངས་པས་འདིར་ཡང་དེ་བཞིནོ་ཞེས་རྟོག་པཱ་སིད་པས་ན་དེ་དགག་པུ་འདིར་ནི་དབེབ་པ ་མ་ཡིན་གྱི་ཕྱག་རྒྱ་དེ་རང་གི་སྙིང་གའི་སེམས་མའི་རྡོ་རྗེ་མའི་རང་བཞིན་དུ་སླར་བརྟན་པར་བཀོད་དེ་གཞག་ཅེས་པའི་དོན་ཏོ།། གཞན་དག་ནི་འདིར་དཀྱིལ་འཁོར་སྐུར་སྔོན་བཞིན་བསྟིམ་པ་ཡིན་ལ། འོག་ནས་སྙིང་གའི ་ཟླ་བར་དཀྱིལ་འཁོར་དེ་གཅིག་ཏུ་གྱུར་པར་བསམོ་ཞེས་བྱ་བ་ནི་སླར་དཀྱིལ་འཁོར་གཅིག་ཏུ་སྟེ་རྟེན་ཟླ་བ་གཅིག་ལ་བརྟེན་པས་གཅིག་ཏུ་རྫོགས་པར་བསྐྱེད་ཅེས་ཟེར་ན། འདིར་དེ་སླར་བཏང་བ་ལ་དགོས་པ་མེད་པ་དང་། དབང ་བསྐུར་བ་ཡང་དཀྱིལ་འཁོར་གྱི་སྤྱན་སྔར་བླང་བར་བྱ་བ་དང་། འོག་ནས་ཀྱང་དཀྱིལ་འཁོར་བསྐྱེད་པའི་རྒྱུ་མེད་ལྔ། གཅིག་ཏུ་བསྡུས་པའི་སྒྲས་བསྟན་པོས་དེ་རབ་ཏུ་སྨད་པར་རིགས་པར་བྱའོ།། རྡོ་རྗེའི་ཁུ་ཚུར་ནི་རྡོ་རྗེས ་མཚན་པའི་ཁུ་ཚུ་རོ།། དར་དཔྱངས་ནི་དེར་དཀར་པོ་སྲིད་དུ་ཁྲུ་ཉི་ཤུ་རྩ་ལྔ་ལ་ཞིང་དུ་ཁྲུ་གང་པོ་སྟེ་དེ་དབུ་རྒྱན་གྱི་རྩ་རུ་ཐོད་དུ་ཡང་དང་ཡང་བཅིངས་ལ་རྣ་ལྕག་གཉིས་སོར་བཞི་བཞི་པཽ་སྟེང་དུ་མཐོ་བར་གྲངས་ནས ་ལྷག་མ་འཆང་བས་བྱིན་པརོ་སླེབས་པར་བྱ་བའི་ཕྱིར་དར་དཔྱངས་ཀྱི་དབང་བླང་བའོ།། དེ་དང་རིགས་ལྔའི་དབུ་རྒྱན་ནི་དངོསུ་ཡང་བླང་ལ་མེད་པ་སྣ་ཇི་ལྟར་བསྟན་པའི་ཏིངེ་འཛིན་གྱིསོ།། ཆུའི་དབང་བསྐུར་བ་ནི་རྡོ་རྗེ ་དྲིལ་བུ་དང་། མིང་དང་བཅས་པར་དངོས་ཁོ་ནོར་རོ།། ཡང་སྔགས་པཱ་རབ་ཏུ་བྱུང་བས་ནི་དབུ་རྒྱན་དང་ངར་དཔྱངས་དྲངོསུ་མི་བླང་སྟེ། རབ་ཏུ་བྱུང་བུའི་རྟགས་ཡང་དག་པར་ལེན་ཏོ།། ཁྱིམ་པའི་རྟགས་སྤོང་ངོ་ཞེས ་སྨྲས་པ་དང་འགལ་བར་སྦྱོང་བས་སོ།། ཨོཾ་བཛྲ་ཨ་དྷི་པ་ཏི་ཥྚྲྀ་ཨ་བྷི་ཥིཉྩ་མི་ཏིཥྚི་བཛྲ་ས་མ་ཡ་སྟྭཾ་ཞེས་བྱ་བ་ནི་དྲིལ་བུའི་དབང་བསྐུར་བ་སྟེ། འདིར་འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ་སྒྲ་ཡིས་རྗེས་འགྲོར་བཤད། ་ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱུ་ལ་བཞེད་ཅེས་ཚིག་སུ་བཅད་པ་སྟོན་དུ་བརྗོད་པསོ།། དེ་བཞིན་དུ་རྡོ་རྗེའི་དབང་བསྐུར་ལ་ཡང་ཆགསུ་བཅད་པའི་མཐར་འོག་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་སྔགས ་སྦྱར་ཏེ། གང་ཞིག་ཏུ་ནི་ལས་ཡོངས་ལ།། ལས་ཀྱི་ཚིག་མེད་གྱུར་པ།། དེར་ནི་སྤྱིར་རྒྱུད་ལས་གྲགས་པའི།། ཆོ་ག་མཁས་པས་ཤེས་པར་བྱ། ཞེས་གསུངས་པསོ།། འོ་ན་དྲིལ་བུའི་དབང་བསྐུར་བར་འདི་ཇི་ལྟར་ཤེས་ཤེ་ན། གཞན་དུ་སྔགས ་འདི་དྲིལ་བུ་ལ་སྦྱར་བ་མཐོང་བ་དང་། བདག་པོའི་སྒྲ་ཡང་དྲིལ་བུ་སྟེ། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ་དེ་ཡང་བདག་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོ་དང་། བདག་པོ་དང་བྱེད་པ་པོ་དང ་ལྟ་བུ་དང་མ་ལྟ་བུའི་ཕྱིརརོ།། གཞན་ཡང་རྡོ་རྗེ་འབའ་ཞིག་གིས་དབང་བསྐུར་གྱིས་དྲིལ་བུས་མ་ཡིན་པ་མེད་པས་སློབ་དཔོན་གྱིས་གཉིས་ཀ་བསྡུས་ཏེ་བསྟན་ཏོ།། དེ་ལྟར་ན་དེ་ནི་རང་ལ་ལྷའི་རྣལ་འབྱོར་ཆེན་པོར་ལྷག་པར་གནས ་པའི་རྣལ་འབྱོར་ཆེན་པོ་ཞེས་བྱའོ།། ལྷག་གནས་ཤིངདྭ་རྟའི་ཡན་ལག་དང་། མཐུ་དང་དབྱིངས་ན་གནས་པའོ་ཞེས་བསྟན་པས་རང་ལ་ཞེན་པ་འམ་རང་རྒྱས་པར་བྱ་བའི་ཆོ་ག་ལ་རང་ལྷག་པར་གནས་པའོ་ཞེས་བྱ་བ་ནི་གཞན ་གྱི་ལུགས་ཏེ་དེ་ལ་ཡང་སྐྱོན་བརྗོད་པར་མི་བྱའོ།། ད་ནི་འདིར་རང་ལྷག་པར་གནས་པ་བྱ་བ་འདི་ཉིད་ལེགས་པར་རྫོགས་ཤིང་ཡན་ལག་ཚང་བ་དང་། ཆེས་མཐུ་དང་ལྡན་པར་བྱ་བའི་ཕྱིར་བདག་ཉིད་རྫོགས་པར་བྱ་བ་བསྟན་ཕྲ། ་དེའི་གོ་རིམ་བསྡུས་པ་དྲན་པར་བྱ་སྟེ། དེ་ལ་དེ་ལྟར་རང་ལྷག་པར་གནས་པ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་གོ་རིམ་མཚམས་སྦྱར་བ་སྟེ། རང་ལྷག་པར་གནས་པ་ནི་རང་གྲི་ལྷའི་རྣལ་འབྱོར་ཆེན་པོར ་གྲུབ་ཙམ་ཡིན་ལ། སོགས་པ་སྨོས་པ་ནི་དམ་ཚིག་གི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོས་བྱིན་གྱིས་བརླབ་པ་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་བསྡུས་ཏེ་དེའི་ཡན་ལག་རྣམས་བཟུང་།། བྱས་པ་ནི་ལེགས་པར་རྫོགས་པར་བྱས ་ཏེ་ཞེས་པའི་དོན་ཏོ།། བསྒྲུབ་པར་བྱའོ།། ཞེས་པ་ནི་ཁ་ཅིག་ཕྱག་རྒྱ་བཞི་དང་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་ཡང་བདག་རྫོགས་པར་བྱ་བ་དང་། མངོན་པར་བྱང་ཆུབ་པ་དང་དཀྱིལ་འཁོར་རྒྱ་ལོ་མཆོག་དག་བྱའོ་ཞེས ་རྟོག་པ་སྲིད་པས་དེ་དགག་སྟེ། ཕྱག་རྒྱ་བསྡུས་པ་དག་བསྒོམོ་པ་ནི་བདག་ཉིད་རྫོགས་པ་ལུས་ལ་དཀྱིལ་འཁོར་བསྒོམ་པ་མི་དགོས་ཀྱི། རང་ལྷག་པར་གནས་པ་ཡན་ལག་དང་བཅས་པ་བྱས་ལ་སྒྲུབ་པ་སྟེ་བཟླས་བརྗོད ་ལ་སོགས་པ་བྱའོ་ཞེས་པ་སྟེ། འོག་ནས་ཀྱང་ཡང་ན་སྔོན་བཞིན་དུ་རྣལ་འབྱོར་ཆེན་པོ་དང་མཆོད་པ་ཆེན་པོ་ལ་སོགས་པ་བྱས་ལ་ཞེས་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྔགས་ཐམས་ཅད་ནི་རྣལ་འབྱོར ་ཆེན་པོས་བསྒྲུབ་པར་བྱ་བ་ཡིན་པས། གང་ཡང་དཀྱིལ་འཁོར་བསྒོམ་པོར་མི་ནུས་པ་དེས་ནི་རྣལ་འབྱོར་ཆེན་པོ་བྱས་ལ་ཞེས་བྱེ་བྲག་ཏུ་རྟོགས་པར་མཛད་།། ད་ནི་འདིར་དཀྱིལ་འཁོར་བསྒོམ་ཡང་རུང་། མི་བསྒོམ་ཡང ་རུང་སྟེ། སྐུར་རྡོ་རྗེའི་རྒྱུའི་སྔགས་དང་ཕྱག་རྒྱ་རང་གི་སྙིང་གར་དཀྱིལ་འཁོར་སྤྲུལ་པ་དེ་སླར་བསྡུའོ་ཞེས་བསྟན་པའི་ཕྱིར་དེ་ལ་དང་པོར་རུང་གི་སྙིང་གའི་ཟླ་བ་ལ་དཀྱིལ་འཁོར་དེ་གཅིག་པ་ཅན་དུ་གྱུར་པར་བསམ ་ཞེས་བྱ་བར་སྨོས་ཏེ། དེ་ལ་ཞེས་བྱ་བ་ནི་ཚིག་དགོས་པ་ལ་འཇུག་པའི་ཚིག་གི་ཕྲད་པ་དང་། དང་པོ་རྩོམ་པའི་ཚིག་གི་རྒྱན་ཏོ་བདུན་པའོ།། དང་པོར་ནི་བདག་ཉིད་རྫོགས་པར་བྱ་བའི་དང་པོར་རོ།། རེ་ཞིག་ནི་རིམ་གྱིས་ཞེས ་པ་སྟེ། དང་པོ་འདི་བྱས་ལ་དེ་ལསཽ་གཞནོ་ཞེས་པའི་དོན་ཏོ།། རང་གི་སྙིང་གའི་ཟླ་བ་ལ་ཞེས་པ་ནི་སྔར་རྡོ་རྗེ་རྒྱུའི་བྱེད་པས་དཀྱིལ་འཁོར་སྤྲུལ་བ་ནི་ལྷ་རྣམས་གྲུབ་པ་དང་དུས་གཅིག་ཁོ་ནར་དེ་དག་གི་གདན་ཟླ་བའི་དཀྱོར ་ཆེན་པོ་གཅིག་གྲུབ་པར་གྱུར་པ་དེ་ལ་ལྷ་རྣམས་ཐིམ་པར་གྱུར་ཅིང་ཟླ་བའི་དཀྱིལ་འཁོར་དེ་ཡང་རང་གི་སེམས་དཔའི་རྡོ་རྗེའི་ལྟེ་བར་གནས་པའི་ཟླ་བ་ལ་ཐིམ་པ་སྟེ་དེ་ནི་དཀྱིལ་འཁོར་དེ་གཅིག་པ་ཅན་དུ་གྱུར ་པར་བསམོ་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་ཞིང་བྱིན་གྱིས་བརླབ་པ་ཟིན་པས་ད་ནི་བྱ་བ་རྫོགས་པའི་ཕྱིར་སླར་གཤེགསུ་གསོལ་བར་རིགས་པས་ན་འདིར་ཆོ་ག་དེ་བསྟན་ཏེ། ་དེ་ནས་རང་གི་ལུས་ལ་ས་མ་ཡ་ཨ་ཞེས་ཟློས་ཤིང་ཞེས་བྱ་བ་ལ་སོགས་པས་ནི་དང་པོར་གདན་བསྒོམ་ཞིང་དེ་ནས་རང་གི་ཕྱག་རྒྱ་དཔབ་པའི་རིམ་པས་ང་རྒྱལ་ཡང་བྱས་ལ་གཟུགས་སྒོམ་ཞིང་ཡེ་ཤེས་སོང ་བསྲེག་པ་དང་། བལྟ་བ་དང་ནང་དུ་བྱ་བ་དང་ཟླ་བའི་དཀྱིལ་འཁོར་བསྒོམ་ཞིང་ཡང་ང་རྒྱལ་བྱ་བ་དང་། སྙིང་པོ་དང་སྔགས་ཀྱང་བརྗོད་ཅིང་སངས་རྒྱས་ཐམས་ཅད་བསྡུས་ཏེ། ཕྱག་རྒྱ་གསུམ་གྱིས་བཏབ་ལ། རིགས་ཀྱི་ཡུམ ་བཞིས་བྱིན་གྱིས་བརླབ་ཅིང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བྱིན་གྱིས་བརླབས་ལ་ཡི་གེ་བརྒྱད་པས་བརྟན་པར་བྱ་སྟེ། དབང་བསྐུར་བ་ལྔ་དང་བརྟུལ་ཞུགས་བླངས་ལ། གླུ་དང་གར་དང་བཅས་པའི་མཆོད་པ་བྱ་སྟེ། རྡོ ་དང་དྲིལ་བུ་བྱིན་གྱིས་བརླབས་ལ་དེམོ་ཚིག་གསུམ་གཟུང་སྟེ། དམ་ཚིག་གསུམ་གྱི་གླུའི་མཆོད་པཧཱསྟེ། དེ་ལྟར་རྣམ་པོ་ཉི་ཤུ་རྩ་གསུམ་པོ་འདི་ཙམ་ཁེ་ན་བདག་ཉིད་རྫོགས་པར་བྱ་བའི་ཆོ་ག་སྐྱོན་མེད་པའི་གོ་རི་མོ་རྣལ་མའི ་དེ་བཞིན་གཤེགས་པའི་ཟློས་པ་པོ་ཡང་རྣམ་པ་ལྔས་མངོན་པར་བྱང་ཆུབ་པའི་རིམ་པས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོར་བསྒྲུབ་ལ། ཆོ་ག་ཐམས་ཅད་རྗེ་སུ་སྒྲུབ་པོ་ཞེས་བྱ་བ་ནི། གང་གི་ལྷག་པའི་ལྷ ་རིགས་ལྔ་སངས་རྒྱས་ལས་འགའ་ཞིག་ཡིན་པས་དེརུ་བསྐྱེད་པོར་འདོད་ན་དང་པོ་རང་ལྷག་པར་གནས་པའི་དུས་སུ་རྣམ་པ་ལྔ་སྒོམ་པར་བྱང་ཆུབ་པ་བསྒོམ་པས་རྒྱལ་བའི་སྐུ་བསྒྲུབས་ལ། དེ་བཞིན་གཤེགས ་པ་ཐམས་ཅད་ལུས་ལ་བཅུག་སྟེ། སེམས་མ་རྡོ་རྗེ་མ་ལ་སོགས་པས་གནས་བཞིར་བྱིན་གྱིས་བརླབ་ཅིང་རིན་པོ་ཆེའི་དབུ་རྒྱན་དང་ངར་དབྱངས་ཀྱིས་དབང་བསྐུར་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞིར་བྱིན ་གྱིས་བརླབ་ཅིང་དེ་ནས་ལུས་ལ་དཀྱིལ་འཁོར་བསྒོམ་པ་ནས་བརྩམས་ཏེ། དམ་ཚིག་གསུམ་གྱི་གླུའི་མཆོད་པའི་བར་དུ་བྱའོ།། ཞེས་པའི་དོན་ཏོ།། ཕྱོགས་འདི་ལ་ནི་བདག་ལྷག་པར་གནས་པ ་པ་དང་རྫོགས་པར་བྱ་བ་བདག་མེད་ཀྱི་མངོན་པར་བྱང་ཆུབ་པ་དང་དེ་རྫོགས་པར་བྱ་བ་ཞེས་ཡན་ལག་གཉིས་ཏེ། དེ་མ་ཐག་ཏུ་དཀྱིལ་འཁོར་རྒྱལ་མཆོག་བསྒོམ་པོས་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་གནས ་གསུམ་པ་ཡང་མེད་པའོ།། གཞན་དག་ནི་འདིར་ཆོ་གའི་ཡན་ལག་ཕལ་ཆེར་རྫོགས་ནས་དེ་བཞིན་གཤེགས་པའི་ཟློས་པ་པོ་དམ་ཚིག་སེམས་པར་བསྐྱེད་པར་བསྟན་པ་དང་། བདག་ཉིད་རྫོགས་པར་བྱ་བ ་ལུས་ལ་དགོད་པའི་ལྷ་དེ་བཞིན་གཤེགས་པའི་རིགས་ཉི་ཚེ་ལས་དེ་བཞིན་གཤེགས་པའི་ཟློས་པ་པོས་རང་ལྷག་པར་གནས་པ་དང་བདག་ཉིད་རྫོགས་པར་བྱ་བ་གཉིས་ཀ་སྤངས་ཏེ། མངོན་པར་བྱང་ཆུབ ་པ་ལྔའི་འོག་ཏུ་བལྟ་བ་དང་དེ་བཞིན་གཤེགས་པ་ཐམས་ཅད་ལུས་ལ་གཞུག་པ་ལ་སོགས་པ་ལྔ་དང་། ཡི་གེ་བརྒྱ་པས་བསྟན་པར་བྱ་བ་ལ་སོགས་པས་བྱོས་ལ་དཀྱིལ་འཁོར་རྒྱལ་པོ་མཆོག་བསྒོམ ་ཞེས་ཟེར་རོ།། དེ་ནི་མི་འཐད་དེ་དེ་ལ་ཡང་ཕྱག་རྒྱ་ཡི་ང་རྒྱལ་བསྒོམ་པ་ལ་སོགས་པ་ཆོ་གའི་ཡན་ལག་ཁས་སྤང་བར་བྱ་བ་རྒྱུད་ལས་གསུངས་པ་ངེས་པ་དག་དོར་བར་མི་བྱ་བ། སེམས་དཔའ་ལ་སོགས་པ ་ལུས་དགོད་པ་ལ་ཡང་ཉེས་པ་མ་མཐོང་བས་སོ།། དེ་ལྟར་དོན་བསྡུས་ཏེ་བསྟན་ནས། ཚིག་གི་དོན་འགའ་ཞིག་བརྗོད། ནམ་མཁའི་ཕྱོགསུ་མདུན་ཉིད་དུ་ཟླ་བའི་དཀྱིལ་འཁོར་ཏེ་ཞེས་པ་ནི་ལྷ་རེ་རེ་ལ་ཟླ་བའི་དཀྱིལ་འ། ་རེ་རེ་སྟེ་དེ་ཉིད་ཀྱི་སྔགས་ཀྱིས་ཞེས་སྨོས་པསོ།། དེའི་སྟེང་དུ་རྡོ་རྗེའི་བདག་ཉིད་དབབ་སྟེ་ཞེས་པ་ནི་སྙིང་པོ་བརྗོད་པས་ཕྱག་རྒྱ་རྡོ་རྗེ་ལྕོགས་ཀྱུ་མདའ་དགུ་དང་ཞེས་བྱ་བ་ལ་སོགས་པ་དེར་བབས་ཏེ། འོག་མིན་ན་སྤྲུལ་པའི་དཀྱི ་འཁོར་གནས་པའི་རང་གི་སེམས་དཔའི་ཐུགས་ཀ་ནས་འདིར་ཕབ་པས་སོ།། གཞན་དག་ནི་ན་མཁའི་ངོས་དེ་ཉིད་ལས་འཐོན་ཏེ་ཕབ་པ་ནི་དེ་དག་ཆོས་ཀྱི་སྐུ་ཁྱབ་པའི་ཕྱིར་གང་ན་ཡང་གཞུག་པ་ཇི་ལྟར་རྒྱུད་ལས་རྣར ་སྣང་མཛད་ཆེན་པོའི་གླེང་གཞི་སྨོས་པ་ལྟ་བུ་ཡིན་ལ། དེ་དག་གི་སྤྲུལ་པ་བྱིན་གྱིས་བརླབ་པ་ཡང་གང་དུ་གདུལ་བྱ་རྙེད་པ་དེར་འབྱུང་བའི་ཕྱིར་ཞེས་ཟེར་རོ།། གཞན་དག་ནི་རང་ལྷག་པར་གནས་པའི་དུས་དཀྱིལ་འཁོར ་སྤྲུལ་པ་རྒྱ་ཆེན་པོ་གཞལ་ཡས་ཁང་དང་བཅས་པ་བདག་ཉིད་རྫོགས་པརོ་བྱེད་པ་ནི་སྙིང་གར་ཟླ་བ་གཅིག་ལ་རྟོན་པར་གྱུར་པས་ན་གཅིག་པ་ཅན་ཏེ། དཔུང་གཅིག་དང་ནགས་གཅིག་ཅེས་པ་བཞིན།། དེས་ན་དེའི ་ཐུགས་ཀ་ནས་དབབ་ཅེས་ཟེར་ན། དེ་ལྟར་ན་དཀྱིལ་འཁོར་དེ་སླར་བཏང་བ་ནམ་ཡང་མ་བསྟན་པས་མི་འཐད་ལ། སྔ་མ་ལ་ཡང་སྒྲུབ་པ་མི་དམིགས་པས་ལུགས་དང་གཟུང་།། དེ་ཉིད་རྡོ་རྗེ་སེམས་དཔའ་དཀར ་ཞེས་བྱ་བ་ནི། སྙིང་པོ་ལས་རྡོ་རྗེར་གྱུར་ཅིང་དེ་ལ་ཡང་རྡོ་རྗེ་ཕབ་པ་ལ། རྡོ་རྗེ་དེ་ལས་འོད་ཟེར་མང་པོ་འཕྲོས་པས་འགྲོ་བ་སྦྱངས་ཏེ་སླར་འདུས་པ་ལས་གཟུགས་འགྲུབ་པར་བྱའོ།། རྡོ་རྗེ་ལྕགས་ལ་སོགས ་པས་ཞེས་བྱ་བ་ནི་འོག་ནས་བཛྲ་ཨཾ་ཀུ་ཤ་ཛཿཞེས་པ་ལ་སོགས་པ་དང་། ལས་ཀྱི་ཕྱག་རྒྱ་བྱ་བར་བསྟན་པའོ།། དེ་རྡོ་རྗེ་རྒྱལ་པོ་གསེར་མདོག་སྙིང་གའི་གཡ་སུའོ་ཞེས་བྱ་བ་ལཾ་སོགས་པ་ལ་འདྲར་རྡོ་རྗེའི་རིགས ་ནི་སེམས་ཀྱི་ངོ་བོར་རྒྱུད་ལུས་གྲགས་ལ། སེམས་དེ་ནི་སྙིང་ལ་གནས་ཞེས་གྲགས་པའི་ངོ་བྱོར་བྱས་ནས་རྡོ་རྗེའི་རིགས་ཀྱི་སེམས་དཔའ་བཞི་སྙིང་གར་བཀོད་དོ།། རིན་པོ་ཆེ་སཽ་དབང་བསྐུར་བའི་གནས་ནི་དཔྲལ་བའི་གན ་ཡིན་པས་དེར་རིན་པོ་ཆེའོ།། སེམས་རྟོགས་པ་ལས་བརྩམས་ནས་ནི། ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱེ། ཞེས་བྱ་བའི་ལུགས་ཀྱིས་ལྷག་པར་ཉི་མའི་དཀྱིལ་འཁོར་བསྒོམ་པར་འབྱུང་བར་དེར་ཉི་མའོ།། ་ཕྲག་ཁར་རྒྱལ་མཚན་གྱི་ཡུ་བ་བརྟན་པའི་ཚུལ་གྱིས་དེར་རྒྱལ་མཚན་ནོ།། གཉིས་ཀྱི་ཚིག་ཅན་ནི་གང་ཡང་རུང་བའི་དོན་ཏོ།། བཞད་པ་ནི་སོ་སྣང་བས་དེར་རོ།། པདྨའི་རིགས་ནི་ངག་གི་རིགས་ཡིན་ལ། ངག་དེ་སྔ ་ལྟེ་བ་བྲང་དང་མགྲིན་པ་དང་ལྕེ་ལས་བྱུང་བ་ནི་ཕྱིར་ཞིང་ལྕེ་རུ་ཕྱིན་པ་དང་ཞེས་བྱ་བ་ལ་སོགས་པའི་ལུགས་ཀྱིས་ཏེ། དེ་བས་ན་དེ་དག་ནི་ངག་གིས་གནས་དག་ཏུའོ།། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་པ་ཙམ་དུ ་སྟོན་པ་དང་། སངས་རྒྱས་མ་ལུས་པའི་འཕྲིན་ལས་མཛད་པའི་རྟགསུ་སྤྱི་བོར་རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེ་ལྷ་ཁ་ཅིག་ལ་བསྒོམ་པར་རྣལ་འབྱོར་གྱི་རྒྱུད་ལ་ལལཱ་ལྷས་གསུངས་པས། དེ་ཉིད་ནི་སེམས་དཔའ་རྡོ་རྗེ་རྒྱལ ་པོར་ཤེས་པར་འགྱུར་བའི་ཕྱིར་དེའི་སྐྱེ་བོར་རོ།། ཡན་ལག་ཐམས་ཅད་དང་བཅས་པར་བསྲུངས་པས་ན་དེ་ཡན་ལག་དག་ལས་དེ་རྐང་ལག་དག་ལའོ།། གཉིས་ཀྱི་ཚིག་ཅན་ནི་སྔོན་བཞིནོ།། གནོད་སྦྱིན་ལྟར་འཇིག་བཱི ་མཆེ་བ་ནི་ཁ་ན་སྣང་བས་དེ་ཁར་རོ།། སྒེག་པའི་ཁུ་ཚུར་འཆང་བས་འགྱེང་བའི་ཁུ་ཚུར་དཀུར་སྟོན་པས་སྐུ་གཡས་པར་རོ།། གསང་བའི་མཆོད་པ་བཞི་ནི་སེམས་དཔའ་ཆེན་པོ་དང་འདྲ་བར་རང་རང་གི་དེ་བཞིན་གཤེགས ་པས་བདག་གིར་མཛད་བདེ་དག་གི་དྲུང་དུའོ།། ཤིན་དུ་སྐྱིད་དེ་བར་བསྐྱེད་པའི་འཇིག་རྟེན་དྲུག་བདུག་སྤོས་ཀྱི་དྲིས་འཇོམས་ཀྱི་ཕྱོགས་ཀྱི་འཛག་སྒོ་དག་ཀྱང་དྲི་ཞིམ་པོས་བདུགས་ཏེ་ལོང་སྤྱོད་པའི་ལུས་ཀྱིས་དེ་འདོམསུ་སྟེ་མཚན ་ལྟག་ཏུའོ།། ཁ་ཙག་ཏུ་བདུག་སྤོས་མདུན་དུའོ་ཞེས་པོ་དང་། འོད་དཀྱིལ་འཁོར་ལའོ་ཞེས་བསྟན་པ་ནི་ལུས་ལ་དགོད་པའི་དབང་དུ་མོ་བྱས་པའོ།། ལུས་ཅན་རྣམས་ལ་མཛེས་པར་བྱ་བའི་ཕྱིར་མེ་ཏོག་ཕྲེང་རྒྱུན་དང་། རྣ་རྒྱན་ལ་སོགས་པ ་མགོ་བརྒྱན་པར་བྱེད་པས་ཕྲེང་བའི་གནས་མགོ་སྟེ་སྤྱི་བོའི་གཙུགོ། མར་མེ་ནི་མིག་གི་ཡུལ་སྣང་བར་བྱེད་པས་མིག་ལ་ཕན་པ་སྟེ། ཇི་སྐད་དུ་མིག་གི་དབང་པོ་དང་ཡུལ་དང་ཡིད་ལོ་བྱེད་པ་ལས་མིག་གི་རྣམ་པར་ཤེས་པའོ།། ་ཞེས་པ་སྟེ། དེས་ན་དེ་མིག་ལྔའོ།། རབ་ཏུ་དྲི་ཞིམ་པ་དང་བསིལ་བར་བྱ་བའི་ཕྱིར་སྒྱིད་དེ་བ་བདག་སྙིང་གར་ཅན་གྱི་ལྡེ་གུ་ལ་སོགས་པ་ཉུག་པས་དྲིའི་གནས་ནི་དེའོ།། འབྱུང་བ་དང་འཇུག་པ་ནི་སྒོ་བཞི་ནས་བྱེད་ཅིང་དེ་ལ ་རག་ལས་ལ་བརླ་གཉིས་དང་བྱིན་པ་གཉིས་ཏེ་རྐང་པ་དག་གིས་ཀྱང་འགྲོ་བ་དྲང་འོང་བ་ལ་དབང་བྱེད་པས་འདི་དག་སྒོ་དང་ཆོས་མཐུན་པས་དེ་དག་ཏུ་སྒོ་སྐྱོང་དག་གཞག་ལ། གོ་རིམས་མི་ཉམས་པར་བྱ་བའི་ཕྱིར་ནི་གཡས་ནས ་དང་སྟེང་ནསོ།། འདིར་སྟོན་པར་ཡོད་ཆེས་པའི་རྒྱུ་མཚན་འཚམ་པའི་གན་སུ་འདི་དག་སྦྱར་གྱི། གོང་དུ་བཀོད་ཀྱང་དངོས་གྲུབ་དུ་བྱེད་དོ།། འོན་ཀྱང་འཚམོ་པར་བསྟན་པ་འཇུག་པའི་རྒྱུ་ཡིན་ཏེ། དེ་དང་དེ་ལ་གོམས་པས་མཐོང་གི ་གཞན་མ་ཡིན་པ་དང་། འཚམ་པ་དེ་ཉིད་དངོས་གྲུབ་ཀྱི་རྒྱུར་བསྔགས་ཏེ་བསྐྲད་པར་རུང་བས་ནའོ།། འདིར་སངས་རྒྱས་ལྔ་ནི་དབུ་རྒྱན་དུ་བཞུགས་པ་དང་། སེམས་མ་རྡོ་རྗེ་མ་ལ་སོགས་པ་ཡང་གནས་བཞིར་བྱིན་གྱིས་བརླབས་ན ་བཞུགས་པས་འདི་དག་ལ་དགོས་པ་ཕྱེ་སྟེ་མ་བསྟན།། ཁ་ཅིག་ན་རེ་ལུས་ལོ་ལྷ་འདི་དག་བཀོད་པ་ནི་རྣལ་འབྱོར་རྒྱ་ཆེན་པོས་ཡིན་པས། རྣལ་འབྱོར་ཆེན་པོ་ནི་འདི་ལྟ་སྟེ། རང་ལྷག་པར་གནས་པ་ནི་མ་ཡིན་ནོ་ཞེས་ཟེར་ན་དེ ་ནི་ཡང་དག་པ་མ་ཡིན་ཏེ་གལ་ཏེ་རང་ལྷག་པར་གནས་པ་མ་བྱས་ན་ལྷའི་ལུསུ་མ་གྱུར་པས་ལུས་ལ་ལྷ་དེ་དག་དགོད་པའི་གནས་རང་དུ་ཡང་མི་འགྱུར་བ་དང་། འདི་རང་ལྷག་པར་གནས་པའི་ཡན་ལག་ཙམ་དུ་རབ་ཏུ ་གསལ་བའི་ཕྱིར་དང་། ཕྱག་རྒྱ་གཅིག་པ་ལ་སོགས་པའི་རྣལ་འབྱོར་ལ་རྣལ་འབྱོར་ཆེན་པོ་ཙམ་བྱ་བར་སྟོན་པ་ན་དཀྱིལ་འཁོར་མི་སྒོམ་པར་ལུས་ལ་དཀྱིལ་འཁོར་དགོད་པ་མི་རིགས་ཤིང་ལུས་ལྷར་བྱ་བའི་ཆོ་ག་མེད་པར་དེ་ལྟ ་བུ་དེ་ལ་ཡང་འགྱུར་བྱས་དེ་ལྟ་བུ་དེ་སྤང་ངོ་།། དེ་ལྟར་ཕྱག་རྒྱ་བཞིས་རྒྱས་བཏབ་ནས་དངོས་གྲུབ་ཐོད་རབ་ཏུ་སྦྱིན་པར་འགྱུརརོ་ཞེས་བྱ་པ་ལ། དེ་བཞིན་གཤེགས་པ་ལ་སོགས་པ་དེ་དག་ནི་སྐུ་གསུང་ཐུགས་ཕྲིན་ལས་དང་བཅས་པ་སྟེ། ་དེ་ལ་དམ་ཚིག་དང་ཆོས་དང་ཕྱག་རྒྱ་ཆེན་པོ་དག་ནི་ཐུགས་དང་གསུང་དང་སྐུའི་ངོ་བོ་ཉིད་ཡིན་ལ། ལས་ཀྱི་ཕྱག་རྒྱ་ནི་ཕྲིན་ལསོ་ཏེ། དེ་ཡང་ཐུགས་ནི་བདག་གི་དོན་ཡིན་ལ། སྐུ་ལ་སོགས་པ་གཞན་གྱི་དོན་ཏེ་བདག་དང་གཞན་གྱི ་དོན་ཕུན་སུམ་ཚོགས་པའི་རང་བཞིན་ལ་གཞག་པ་ནི་ཇི་ལྟ་བའི་གནས་སྐབས་ཐོབ་པས་དངོས་གྲུབ་སྦྱིན་པོར་འགྱུར་ཏེ། དེས་ན་རྣལ་འབྱོར་པའི་རྒྱུད་མ་ལུས་པར་ཕྱག་རྒྱ་བཞི་བསྡུས་པ་དང་རྒྱས་པར་བསྟན་པའོ།། ཨོཾ་བཛྲ་སཏྭ ་སུ་སཾ་གྲ་ཧཱ་དཱ་ཞེས་བྱ་བ་ནས་དམ་ཚིག་གསུམ་གྱི་གླུ་ཡི་མཆོད་པ་རྫོགས་པའི་བར་འདིས་ནི་བདག་ཉིད་བརྟན་པར་བྱ་ཞིང་གཟེངས་བསྟོད་པ་སྟེ། དེ་ཡང་དང་པོ་བློདག་ཉིད་ཐད་དུ་ཡོངསུ་རྫོགས་པའི་དམ་ཚིག་སེམས་དཔར ་གྲུབ་པས་དེའི་ལས་ཀྱི་འབྲས་བུ་བདག་ཉིད་ལ་བདག་ཉིད་མཆོད་པར་གླུ་དང་གར་སྔོན་དུ་བྱ་སྟེ། མཆོད་པ་བརྒྱད་ཀྱིས་མཆོད་ནས་ཊཀྐི་ཧཱུ~ཾ་ཛཿཞེས་པས་རྡོ་རྗེ་དང་དྲིལ་བུ་ལས་ལྷའི་གཟུགས་དཔག་ཏུ་མེད་པ་འཕྲོས་པས་སྲིད ་གསུམ་དུ་གཏོགས་པའི་སྔོན་མ་ལུས་པ་རྣམ་པར་སྦྱང་ཞིང་། ཡང་ཊཀྐི་ཛཿཧོ་ཞེས་པས་རྡོ་རྗེ་དང་དྲིལ་བུ་ལས་དཔག་ཏུ་མེད་པའི་ལྷ་རྣམས་འཕོས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐ~ཾང་དགྱེས་པའི་མཆོད་པའི་སྤྲིན་རབ་འབྱམ ་སྤྲུལ་པར་བལྟ་བའོ།། དེ་ལྟ་དེ་དག་གིས་སྲིད་པ་ཐ་མ་པའི་བར་དུ་ཡོང་སུ་རྫོགས་པས་ན་དེ་ལྟར་བྱས་པ་ལུས་དང་ངག་དང་ཡིད་རྡོ་རྗེ་སེམས་དཔའ་འགྱུར་རོ་ཞེས་པ་སྟེ། ཇི་ལྟར་ས་བཅུ་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱ་སུ་བརྗོད་པ་ལྟར་འདི ་ཡང་རྡོ་རྗེ་སེམས་དཔར་བརྗོད།། ད་ནི་བཤད་པ་དང་མ་བཤད་པའི་རྡོ་རྗེ་དྲིལ་བུ་གཟུང་བ་ཐད་ཀྱང་ས་བོན་ལས་བསྐྱེད་པར་བསྟན་པའི་ཕྱིར་དེ་དག་གི་ས་བོན་དང་བཅས་པར་རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱ་གཟུང་བ་བསྟན་པ་ནི་ཡི་གེ་ཧཱུ~ཾ་ལས་རྡོ་རྗེ་ཞེས་བྱ་བ། ་ལ་སོགས་པའོ།། བཅོམ་ལྡན་འདས་སྐྱེས་བུ་དམ་པ་དང་ཀྵོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། དེ་ཉིད་རྡོ་རྗེ་འོངའོ།། ཞེས་པའི་དོན་ཏོ།། དྲིལ་བུ་ཆོས་ཀྱིས་གསིལ་བར་བྱ་ཞེས་བྱ་བ་ལ། ཆོས་ནི་བསྟན་པའི་ཆོས་ཁྱད་པར་ཅན་ཏེ། སྲིད་པ་ངོ ་ཉིད་ཀྱིས་དག་ཅེས་བྱ་བ་ལ་སོགས་པ་སྟེ་ཆོས་དེ་བརྗོད་པས་གསལ་ཞེས་པའི་དོན་ཏོ།། འདི་ལྟར་དེ་ནི་ཞེས་པ་ནི་དྲིལ་བུའོ།། བཅོམ་ལྡན་འདས་སྲིད་པ་མཆོག་གི་བདག་པོ་ཞེས་པ་ནི་སྲིད་པ་གཉིས་མྱཆོ་གྲོ་སྟེ་མྱ་ངན་ལས་འདས ་པའོ།། དེའི་བདག་པོ་ནི་དེ་ལ་དབང་བྱེད་པ་རྣམ་པར་མི་རྟོག་པའི་ཡེ་ཤེས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་བཙོས་ཏེ་ཡེ་ཤེས་ཀྱི་སྐུའོ།། ཡང་དག་མ་མཐོང་འཇིག་རྟེན་དང་།། མྱ་ངན་འདས་པར་རློམ་སེམས་བྱེད།། ཡང་དག ་མཐོང་བར་འཇིག་རྟེན་དང་།། མྱ་ངན་འདས་པར་རློམ་སེམས་མེད་ཅེས་པ་དང་། སྲིད་པ་དང་ནི་མྱ་ངན་འདས།། འདི་གཉིས་ཡོད་པ་མ་ཡིན་ཏེ།། སྲིད་པ་ཡོངསུ་ཤེས་པ་ནི།། མྱ་ངན་འདས་པ་ཞེས་བཤ་།། ཞེས་པའི་ཚུལ་གྱིས་སྲིད་པ་ཉིད་མཆོག་ཏུ ་གྲུབ་སྟེ། མི་གནས་པའི་མྱ་ངོན་ལས་འདས་པར་ད་ལྟ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཐུས་གནས་པ་ནི་མཐོང་བའི་ཆོས་ལ་མྱ་ངན་འདས། བྱ་བ་བྱས་པའང་དེ་ཉིད་།། ཞེས་གསུངས་པ་ལྟ་བུའོ།། དྲིལ་བུའི་སྒྲ་གཉིས་ཏེ། སྲིད་པ་ངོ་བོ ་ཉིད་ཀྱིས་དག་ཅེས་བྱ་བོ་ལ་སོགས་པར་མོས་པ་དང་། རྣལ་འབྱོར་པ་ཡང་ཚིག་དེ་བརྗོད་ཅིང་དེའི་དོན་ལ་གཞོལ་བས་ན་ཐ~ཾད་ཀྱི་མཆོག་དབང་ཕྱུག་དོམ་པོ་མཆོག་གི་ཆོས་ཤེས་པར་བྱེད་པ་ཞེས་དྲིལ་བུའི་བདག་ཉིད་ཆེན་པོ་བསྟན་ཏོ།། ། ་དྷརྨ་ཨ་ཞེས་པ་དང་ཧཱུཾ་གི་ཡི་གེ་རྡོ་རྗེའི་ས་བོན་གཉིས་འདིརོ་ཁ་དོག་དཀར་པོ་སྟེ། སྟོང་པ་ཉིད་ལས་ཡི་གེ་འབྲུ་དང་དེ་ལས་དེ་དག་སྟེ་ཡེ་ཤེས་ཀྱི་རང་བཞིན་དུ་གྲུབ་པར་བྱ་བའོ།། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་ལྷག་པར་གནས ་པར་བྱའོ་ཞེས་བྱ་བ་དང་པོ་དཀྱིལ་འཁོར་དུ་འཇུག་པ་ན། འདོད་ཆགས་བྲལ་བ་ལྟ་བུའི་སྡིག་ཅེས་པ་ནས་མ་ཧཱ་སཾ་མ་ཡ་ཧ་ན་ཧཱུཾ་ཕཊ་ཅེས་བྱ་བའི་བར་གྱིས་གསང་བའི་ཡེ་ཤེས་ཀྱི་དམ་ཚིག་གཉེར་གཏད་པ་ནི་དམ་ཚིག་སྟེ། ་དམ་ཆོག་དེ་ཡོས་ཕྱག་རྒྱ་ཆེན་པོ་འདོད་ཆགས་ཆེན་པོ་ལ་གནས་པའི་རིང་བཞིན་འཁོར་ལོ་སྒྱུར་བ་ཆས་པ་ལྟ་བུ་ལྷག་པར་གནས་པར་བྱའི། ཉན་ཐོས་ལྟར་ལུས་སུན་འབྱིན་ཅིང་མྱུར་དུ་དབྱིངསུ་འཇུག་པར་མི་བྱའོ།། འོ་ན ་དེ་ལྟ་ན་སྲིད་པའི་བདེ་བ་ལ་ལྷག་པར་ཆགས་པས་གནས་པར་བྱ་འམ། དེ་ལྟ་ན་ཡང་འཁོར་བ་གཅིག་པུ་བགྲོད་པར་སེམས་ཞེས་པའི་ལྟུང་བར་འགྱུརརོ་ཞེ་ན། དེའི་ཕྱིར་སྲིད་པའི་བདེ་བ་ཤིན་ཏུ་ཆུང་། ཞེས་བྱ་བ་ལ་སོག། ་པ་སྨོས་ཏེ། སྲིད་པ་ལ་ནི་ཆགས་པར་རུང་བའི་བདེ་བ་མེད་དེ་ཡུན་ཐུང་བ་དང་གནོད་པ་དང་འབྲེལ་པ་དང་། རང་བཞིན་གྱི་དམན་པསོ།། སྲིད་པས་སྐྲག་ནས་མྱུར་དུ་མྱ་ངན་ལས་འདའ་བར་མི་རིགས་ཏེ། བསམ་གྱིས་མི་ཁྱབ་པ་འཛིན ་ལས་འདས་པའི་འབྱོར་པ་ལས་ཉམས་པར་འགྱུར་བས་སོ།། དེའི་ཕྱིར་སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། ཤིན་དུ་བདེ་བ་དམ་པའི་ཐེབས། ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྨོས་པ་སྟེ། མངོན་པར་ཞེན་པ་མཐའོ་དག་དང ་བྲལ་བ་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ་གནས་པའི་ལྷའི་ལུས་ལ་མཆོད་པས་འདོད་པའི་ལྟོན་ལྔས་ཚིམ་པོར་བྱེད་ཅིང་བདག་དང་གཞན་ལ་ཕན་འདོག་པོས་དགའ་བ་དང་བདེ་བའི་མཆོག་གི་རོ་མྱོང་བ་དང་མི་འབྲལ་བར་ལམ་བདེ ་བས་བླ་ན་མེད་པའི་བྱང་ཆུབ་སྒྲུབ་ཀྱི། སེམས་ཅན་ཡལ་བར་བོར་ཏེ་རང་འབའ་ཞིག་ཞི་བར་འགྲོ་བར་མི་བྱ་བ་འདི་ནི་བྱང་ཆུབ་ཀྱི་སེམས་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་མི་གཏོང་བའི་རྒྱུ་དམ་ཚིག་གི་རྩེ་བ་ཡིན་པས་འདི ་ཉིད་དམ་ཚིག་ཆེན་པོའོ།། དེས་ཀྱང་ཐེག་པ་དམན་པ་དང་། སྲིད་པར་ཆགས་པ་ངན་པ་འཇོམས་པས་ན་ཧ་ན་སྟེ། དམ་ཚིག་ཆེན་པོ་ཉིད་ཀྱིས་འཇོམས་པ་ཞེས་བྱའོ།། ཧཱུཾ་ཕཊ་ཅེས་པ་ནི་དེ་བྱིན་གྱིས་བརླབ་ཅིང་དེ་ལ་བརྟན་པར་བྱ། ་བའི་སྔག་སོ།། ཐབས་དེ་ནི་ཆེས་འཐད་པ་སྟེ། སྙིགས་མ་ལྔ་དང་ལྡན་པའི་སེན་མ་རུངས་པ་དག་ཁ་ཅིག་སྲིད་པ་ཁོ་ན་ལ་དམ་པོར་ཞེན་པས་དེ་ལས་དཔྲལ་བའི་ཕྱིར་ནི་སྒྱུ་མ་ལྟ་བུའི་འདོད་པའི་སྨོན་ལྔ་དཔེ་མེད་པར་བདེ་བ་རྒྱས་ཤིང ་ཡུན་རིང་བ་ལ་ལོང་སྤྱོད་པར་བརྟན་ལ་ཁ་ཅིག་སྲིད་པ་མི་འབར་བ་ལྟར་ཤེས་ཤིང་ཐོག་མ་མེད་པའི་སྡུག་བསྔལ་རྒྱུད་མ་དྲན་པས་སྐྲག་སྟེ་སེན་འདོར་བ་ལ་ཞུགས་པ་དག་ལ་ཡང་། དེང་ཕན་ཆད་ཅི་བདིར་སྤྱད་པས་འཁོར་བ་ལས་ཐར ་བས་སྔོན་ལྟ་བུའི་སྡུག་བསྔལ་ཡང་སྤྱད་མི་དགོས་ལ། སེམས་ཅན་ཡང་བཏང་མི་དགོས་ཞེས་བསྟན་པས་ཐེག་པ་དམན་པ་ལས་ངེས་པར་བཟློག་སྟེ། གཞན་དུ་ན་ཁ་ཅིག་ནི་འཁོར་བ་ལས་འབྲལ་བར་མི་ནུས་ལ། ཁ་ཅིག་ནི ་མྱུར་དུ་མྱ་ངན་ལས་འདའ་བྱས་ཐེག་པ་ཆེན་པོའི་རིགས་ཟད་པར་འགྱུ་རོ།། བདེན་པ་གཉིས་རྣམ་པར་ངེས་པའི་ལམ་སྦྱིན་པ་ལ་སོགས་པས་བརྒྱན་པ། ཤིན་ཏུ་ངེས་ཤིང་སླུ་བ་མེད་པ་ཕ་རོལ་ཏུ་ཕྱིན་པའི་ལམ་དེ་ཡང་དུས ་ཀྱིས་གནོད་པ་བྱས་པའི་སྐྱེ་བོ་འདི་དག་ཤིན་དུ་འཕྲོད་པ་མ་ཡིན་ཏེ། དེ་ལས་འདོད་པ་ལྔ་བསྟེན་པ་ལ་སོགས་པ་ནི་ལན་འགའ་སྣང་ཞིང་དེ་དག་དགག་པ་དང་བརྟུལ་ཞུགས་དང་སྡོམ་པ་དག་ནི་ཡང་དང་ཡང་སྨོས་པས་ཅུང ་ཟད་ཡིད་སྐྲག་པོར་འགྱུར་པོས་འཇུག་པར་དཀའོ།། དེའི་ཕྱིར་མཆོག་ཏུ་ཐུགས་རྗེ་ཆེ་བའི་དེ་བཞིན་གཤེགས་པས་བརྩོད་པའི་དུས་འདིར་འདུལ་བའི་སྣོད་དང་འཚམ་པར་གསང་སྔགས་ཀྱི་ཐེག་པ་བསྟན་ཅིང་། དམ་ཚིག་འདི་ལྟ ་བུ་བཙའ་བར་མཛད་ལ། བྱ་བའི་རྒྱུད་དག་ཏུ་ཡང་། སྔགས་ཀྱི་ཐེག་པ་སྒྱིང་ཆེན་གྱི།། ཐེག་པ་ལ་ནི་མ་མོས་པ།། དེ་དག་བསྟན་འདིར་བསྐལ་པ་མེད། དེ་དག་ནམ་ཡང་མི་གཟུང་།། ཞེས་བྱ་བས་ཚིག་གི་དབུགས་དབྱུང ་བ་མཛད་།། འདྲིར་ཐབས་ཁྱད་པར་ཅན་གྱིས་སྙིང་པོར་གནས་པའི་རྒྱུ་ནི་ལམྦ་འདིར་ལྷའི་གཟུགསུ་བདག་ཉིད་བསྒོམ་པ་ཡིན་པས་ན། གང་ཕྱིར་དམ་ཚིག་ཕྱག་རྒྱར་བཤད།། ཡིད་ཀྱི་ལུས་ནི་བརྟན་པ་ཉིད་ཅེས་སྨོས་ཏེ། ཡིད་ཀྱིས་བསྒོམ ་བའི་ལུས་ནི་ཡིད་ཀྱི་ལུས་ཏཱཾ། བརྟན་པ་ནི་སྔགས་དང་ཕྱག་རྒྱ་དུ་མས་བྱིན་གྱིས་བརླབས་པ་དང་། སྙིང་པོ་བྱང་ཆུབ་ཀྱི་བར་དུ་ཡང་དེར་སྣང་བས་མོ་བཏང་བས་སོ།། དེ་ལྟ་བུའི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཆེན་པོར་ལྷའི་རྣལ་འབྱོར་ཕྱག་རྒྱ་བཞིས་སྔོན་བཞིན ་རྒྱས་བཏབ་པའོ།། དེ་ལྟ་བུ་དེ་ནི་ཐེག་པ་མཆོག་ལས་མཽ་ཉམས་པར་འདོད་པ་དག་གིས་འདའ་བར་བྱ་བ་མོ་ཡིན་པས་དེ་ཉིད་དམ་ཚི་གོ།། དེ་ལྟར་ན་གང་གི་ཕྱིར་དེ་རྒྱུ་མཚན་འདི་དག་གིས་ཞེས་པའོ།། དེ་ལྟར་སྙིང་རྗེ་ཚོན་པོ་མཚོན་པའི་རྡོ་རྗེ་དང ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དྲན་པའི་ཡན་ལག་དྲིལ་བུ་དང་། ཐབས་དང་ཤེས་རབ་དང་ལྡན་པས་འཁོར་བ་སྲིད་དུ་ཇི་ལྟར་དགའ་བར་གནས་པའི་ངོམ་ཚིག་ཕྱག་རྒྱ་བསྒོམ་པ་འདི་ནི་རྣལ་འབྱོར་ཆེན་པོར་བསྒྲུབས་བརྟན་ཞིང་ཡེ ་པར་བྱའོ།། དེ་ནས་དྲིལ་བུ་གསིལ་ཞིང་དམ་ཚིག་གསུམ་གྱི་གླུ་ཉེ་བར་སྦྱར་ཏེ་དེ་ནི་འདིའོ།། ཨོཾ་ནི་མཁའ་ལས་བྱུང་མཚན་ལྡན་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། འདིར་དམ་ཚིག་གསུམ་ནི་དེ་ཁོ་ནའི་དམ་ཚིག་དང་ཆོས་ཀྱི་དམ་ཚིག་དང ་དམ་ཚིག་གི་ཕྱག་རྒྱའི་དམ་ཚིག།། དེ་ལ་དེ་ཁོ་ནའི་དམ་ཚིག་དེ་ལ་ཡང་རྣམ་པ་གསུམ་སྟེ། རང་བཞིན་གྱི་དེ་ཁོ་ན་དང་། དབང་འབྱོར་པའི་དེ་ཁོ་ན་དང་། རྣམ་པར་དག་པའི་དེ་ཁོ་ནའོ།། དེ་དག་ལས་དང་པོར་རང་བཞིན་གྱི་དེ་ཁོ་ནའི་དབང་དུ་བྱས ་ནས་ནི། ཨོཾ་ན་མཁའི་ལས་བྱུང་ཞེས་བྱ་བ་ལ་སོགས་པའོ།། དབང་འབྱོར་པའི་དེ་ཁོ་ནའི་དབང་དུ་བྱས་ཏེ་ནི། ཀུན་མཆོག་ཅེས་བྱ་བ་ལ་སོགས་པའོ།། རྣམ་པར་དག་པའི་དེ་ཁོ་ནའི་དབང་དུ་བྱས་ཏེ་ཡང་ཉེས་པ་མི་མངའ་ཞེས་བྱ་བ་ལ་སོ།། ་པའོ།། ཆོས་ཀྱི་དམ་ཚིག་གི་དབང་དུ་བྱས་ཏེ་ནི་ཤིན་དུ་དག་པ་ཞེས་བྱ་བ་ལ་སོགས་པའོ།། དམ་ཚིག་གི་ཕྱག་རྒྱའི་དམ་ཚིག་གི་དབང་དུ་བྱས་པ་སྟེ་ནི། ཀུན་མཆོག་ཅེས་བྱ་བ་ལ་སོགས་པའོ།། དེ་ལྟར་གླུ་དེ་ལྟ་བུ་ནི་བདག་འཁོར་བ་སྲིད་དུ ་གནས་པ་ལྔ་དེ་བཞིན་གཤེགས་པོ་ཁྱེད་ཀྱིས་གྲོགས་མཛད་པར་རིགས་ཏེ་བདག་ནི་གནོད་དུ་གྱུར་པ་ལགསོ་ཞེས་གསོལ་པོ་གང་པོ།། ཁ་ཅིག་ནི་འདིར་དམ་ཚིག་སྟེ་ལྷའི་རྣལ་འབྱོར་བཟུང་ནས་དེའི་རྗེ་སུ་གླུ་འདི་སྦྱར་བསྙེན་དམ ་ཚིག་དང་འབྲེལ་བའི་གླུ་ཞེས་ཟེར་ཏེ། དེ་ལྟ་ན་གསུམ་ཞེས་བྱ་བ་མ་བརྗེད་པར་འགྱུརརོ།། གཞན་དགྲ་རྡོ་རྗེ་དང་དྲིལ་བུ་དང་ཕྱག་རྒྱ་སྟེ། དེ་གསུམ་ནི་དམ་ཚིག་གསུམ་ཡིན་ལ། དེ་གསུམ་གསུངས་ནས་གླུ་འདི་སྦྱར་བས་ནི་དམ་ཚིག ་གསུམ་དང་འབྲེལ་བའི་གླུ་ཞེ་ཟེར་ཏེ། དེ་ལྟ་ན་ཤུགས་ཀྱིས་གོ་བས་འབྲེལ་པ་བསྟན་པའི་ཚིག་དོན་མེདོ།། དེ་བཞིན་དུ་གཞོན་དག་སྐུ་གསུང་ཐུགས་ཤེས་ཟེར་བ་ཡང་སྒྲུབ་མེད་པས་གསལ་ཏོ།། དེ་ལྟར་བདག་ཉིད་བསྒྲུབས་ནས་ཕྱག ་རྒྱ་ཆེན་པོས་ན་མཁའི་ཕྱོགསུ་འདུག་སྟེ་ཞེས་བྱ་བ་ལ་སོགས་པས་རྣམ་པར་དེ་སྙེད་ཀྱིས་རིམ་གྱིས་སྲིད་པ་ཐ་ལ་ལྟར་བྱང་ཆུབ་ཆེན་པོ་ལ་མཆོག་ཏུ་ཉེ་བར་བྱས་ལ། ད་ནི་བར་ཆད་མེད་པའི་ལམ་གྱི་ངོ་བོ་ལྔ་མངོན་པར་བྱང་ཆུབ་པ། ་བསྒོམ་པར་སྟོན་ཏེ། འདི་ཉིད་རྒྱུའི་མཐར་ཐུག་པའོ།། དེ་ལ་ནཱ་མཁའི་ངོས་ནི་རི་རབ་ཀྱི་སྟེང་གི་ནམ་མཁའི་ཕྱོགས་ཏེ། དང་པོ་བསྲུང་བ་བསྒོམ་པས་ན་དེར་མོས་པ་ཙམ་གྱིས་གནས་པསོ།། རླུང་གི་དཀྱིལ་འཁོར་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་དོང་སྟེང་སྤྱི ་ཕུད་འདིའོ།། དྲི་ལ་དང་པོ་ནི་གྲུ་བཞི་ལ། གཉིས་པོ་ནི་ཟླུམ་པོ་སྟེ། དེ་ནས་བཾ་ལས་ཆུའི་དཀྱིལ་འཁོར་ཏེ་དེའི་སྟེང་དུ་ལ་ལས་སའི་དཀྱིལ་འཁོརོ།། ཡང་དེའི་སྟེང་དུ་བཾ་ལས་སྟེང་གི་རྒྱ་མཚོ་སྟེ། དེའི་དབུསུ་རི་རབ་བོ།། ཁོངསུ་འདུ་བ་ཐད་ནི་ཡིད་ཙམ་གྱིས་མོས་པ ་བྱའོ།། སྔོན་བཞིན་དུ་ཞེས་བྱ་བ་ནི་བསྲུང་བ་བསྒོམ་པའི་ཆོ་ག་ལས་འོག་བཅིང་བའི་སྔགས་སྔོན་བཞིན་ཏེ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦ་སྭཱ་ཧཱ་སྟེཿོཾ་རྡོ་བཅིང་བ་བྱིན་གྱིས་བརླབོ་ཞེས་བྱ་བ་ནི་སྔར་རྡོ་རྗེ་བཅིང་བ་བརྐྱང་སྟེ་ས་ལ་བཞག་པས་འོག་བཅིང་བར་བྱའོ་ཞེ ་བསྟན་པས་འདིར་ཡངངོ་།། འདིར་ནི་ཞིང་ཡོངསུ་སྦྱོང་བ་ཡིན་ལ། བསྲུང་བ་རྣམས་ནི་སྔར་རང་གི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པས་བཀོད་པ་རྣམ་པར་དག་པས་སྒྱུ་མ་ལྟ་བུར་གྲུབ་པས་འདི་སྟོང་པ་ཉི་དུ་བྱིན་གྱིས་བརླབ་ཏུ་མེད་པས་ང་ཡང་སྒོམ་མོ་དགོས ་འོན་ཀྱང་གནས་ཀྱི་བཞི་རི་རབ་དེ་གསར་དུ་རྣམ་པར་སྤྲུལ་པར་བྱས་པ་དང་། དེ་ལ་ཡང་ཐག་བཟང་རིས་ལ་སོགས་པའི་གནོད་པ་ཆེན་པོ་ཡོད་པར་བཤད་པས། རྟོག་པ་བླང་ཐབས་པ་འབྱུང་བ་སྲིད་པར་དགག་པར་འོག་བཅིང་བ་འབའ་ཞིག ་ཀྱང་བྱའོ།། དབུསུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ་ཞེས་བྱ་བ་ལ། འདིར་དཀྱིལ་འཁོར་ཆེན་པོ་སྒོམ་ན་ངེས་པར་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་དགོས་པས་སྔར་རྡོ་རྗེ་སེམས་དཔའ་ལ་སོགས་པར་བསྐྱེད་དམ། དེ་བཞིན་གཤེཌ་བའི་དམ ་ཚིག་སེམས་དཔར་བསྐྱེད་ཀྱང་རུང་སྟེ་འདིར་རྣམ་པར་སྣང་མཛད་ཀྱི་གན་སུ་འདུག་ལ་རྣམ་པར་སྣང་མཛད་དུ་གྱུར་པར་བྱའོ་ཞེས་པའི་དོན་ཏོ།། བསམ་གཏན་དང་གཟུགས་མེད་པའི་སྙོམས་པར་འཇུག་པ་སྔོན་དུ་བྱ་བ་ནི་ཁམས་གསུམ་ཆར་ལ ་འདོད་ཆགས་དང་བྲལ་པོར་བྱས་ལ། དེ་ནས་མངོན་པར་བྱང་ཆུབ་པ་བསྟན་པའི་ཕྱིརརོ།། འདིར་ཐོད་རྒལ་གྱི་སྙོམས་པར་འཇུག་པ་དང་། དེའི་འོག་ཏུ་ཡང་བསམ་གཏན་བཞི་པའི་ཆུང་ངུའི་ཆུང་ངུ་ལ་སྙོམས་པར་འཇུག་ཅིང་། དེ་ནས་ཡིད་ཀྱི་ལུས ་ཀྱིས་འོག་མིན་གྱི་ཁང་པར་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དོན་ཐང་གྲུབ་པའི་གཟུགསུ་བདག་ཉིད་སྐྱེས་པར་བསམས་ཏེ། སྔར་ངན་སོང་བ་ཐར་བར་བྱས་པའི་དུས་དང་། འདི་གཉི་གར་སྣ ་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་བྱུང་བ་སྨོས་པ་ནི་གཉི་ག་ཡང་ས་བཅུ་པོའི་དབང་ཕྱུག་ཏུ་འདྲ་བ་ན་སྟེ། འོན་ཀྱང་དེར་ནི་ཐ་མལ་པ་ཡིན་ལ། འདིར་སྐྱེ་བ་གཅིག་གིས་ཐོགས་པ་དང་། སྲིད་པོ་ཐ་མལ་པ་ལྟ་བུ་དང་། བྱང་ཆུབ་ཀྱི་སྙིང ་པོ་ལ་འཁོད་པ་དག་ནི། ས་བཅུ་པའི་མཆོག་ཏུ་གྱུར་པར་རིག་པར་བྱའོ།། ང་ནི་འདིར་སྔ་མ་དང་ཕྱི་མ་དག་གི་གོ་རིམ་དྲན་པར་བྱ་སྟེ། དང་པོ་གནས་ངེས་པར་བྱ་སྟེ། དེ་ནས་ཞིང་ཡོངསུ་སྦྱངས་ལ། གནས་བསྲུང་བ་དང་བརྟེན་གྱི་དཀྱིལ་འཁོར་དང་། ་གང་ན་བསྒོམས་ཏེ། བུསུ་བདག་ཉིད་འདུག་ནས་ཁམས་གོང་མ་གཉིས་ཀྱི་ཏི་ངེ་འཛིན་བསྐྱེད། འོག་མིན་དུ་གནས་པས་སངས་རྒྱས་ཐཾད་ཀྱི་སྤྱན་སྔར་རིགས་ལྷའི་དམ་ཚིག་ལ་ཞུགས་ཏེ། ཏིང་འཛིན་མཁའ་ཁྱབ་ལ་སྙོམས་པར་ཇུ། ་ལ། དེ་བཞིན་གཤེགས་པ་ལྔའི་ལུང་ལ་བརྟེན་ནས་མངོན་པར་བྱང་ཆུབ་པ་ལྔ་བསྐྱོད། དེ་བྱིན་གྱིས་བརླབ་པའི་ཕྱིར་སངས་རྒྱས་ཐང་ལུས་ལ་བཅུག་ཅིང་། སེམས་མུ་རྡོ་རྗེ་མ་ལ་སྩོགས་པས་གནས་བཞིར་བྱིན་གྱིས་བརླབས་ཏེ། རིགས་ལྷའི ་གོ་འཕང་ལ་གནས་པས་དབང་བསྐུར་བ་མནོས་ཏེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ཀྱང་གནས་བཞིར་བྱིན་གྱིས་བརླབས་ལ། དྲི་བཞིན་གཤེགས་པ་བཞིས་བསྐོར་ཏེ་རི་རབ་ཀྱི་རྩེ་མོར་བཞུགས་པར་བྱའོ་ཞེས་བྱའོ།། དེ་ལ་འདིར་ཁ་ཅི་གེ་ན ་རེ་དཀོན་མཆོག་གསུམ་དྲན་པའི་སྔོན་དུ་དེ་བཞིན་གཤེགས་པ་ཐད་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་བཞིན་དུ་ཡོངསུ་གང་ངོ་ཞེས་བྱ་བ་འདི་ལ་དོན་མེད་པས་ངག་ལྷག་པར་བརྗོད་དོ།། ཡང་གོལ་ཏེ་དང་པོ་ནས་དེ་བཞིན ་གཤེགས་པ་དེ་དག་བྱོན་ནས་སེམས་དཔའ་ཆེན་པོ་འདི་ཡང་མི་གཡོ་བའི་ཏིང་འཛིན་ལ་འཇུག་པ་ལུས་བཟློག་ནས་མངོན་པར་བྱང་ཆུབ་པ་སྟོན་པར་མཛད་ཀྱི་ཡལ་བར་མི་འདོར་རོ་ཞེས་བྱ་བ་དང་། རིགས་ལྔའི་དམ་ཚིག་ལ་འཇུག ་པ་འདི་ལ་དགོས་པ་མ་སྔར་དམ་ཚིག་གཟུང་ཟིན་པས་འདིར་དེ་དྲན་པ་ལ་དགོས་པ་ཁྱད་པར་ཅན་མདོ་ཞེས་ཟེར་ལ། གཞན་ཡང་མངོན་པར་བྱང་ཆུབ་པ་ལྔའི་དུས་དང་པོ་ནི་མཐོང་བའི་ལོམ་ཡིན་ལ།། གཉིས་པ་ནི་བསྒོམ་པའི་ལ ་གསུམ་པ་དང་བཞི་པ་ནི་བར་ཆད་མེད་པའི་ལམ་ལ། ལྔ་པ་ནི་མཐར་ཕྱིན་པའི་ལམ་ཡིན་པ་ལས། སློབ་དཔོན་གྱིས་རྣམ་པར་དབྱེ་བ་མེད་པ་ཁོ་ནར་སྨོས་པས་འདིར་གཟུང་བར་བྱ་བ་མེད་པས་སྐབས་འདིར་ལེགས་པར་མ་བསྟན་ཏོ་ཞེས ་ཟེརོ།། དེ་ནི་དམ་པ་མ་ཡིན་ཏེ་དང་པོ་དེ་བཞིན་གཤེགས་པ་འདུས་པོ་ཁོ་ནའི་སྤྱན་སྔར་རིགས་ལྔའི་དམ་ཚིག་བརྟན་པོར་དམ་བཅའ་བས་དེ་བཞིན་གཤེགས་པ་དེ་དགི་ན། བྱང་ཆུབ་པའི་མན་ངག་བསྟན་པའི་སྐལ་པ་བར་དུ་བྱེད་པ་སྟེ། ་གདུལ་བྱ་འབྱུང་བར་འགྱུར་བ་དག་ཀྱང་དམ་ཚིག་ལ་ལྷག་པར་ནན་ཏན་བྱེད་པ་ལྟོ་ན་བླ་མས་མན་ངག་བསྟན་གྱི་གཞན་དུ་མ་ཡིནོ་ཞེས་ཀྱང་བསྟན་པའི་ཕྱིརརོ།། དེ་བཞིན་གཤེགས་པ་དེ་དག་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས། ་བྱོན་ཏེ། སེམས་དཔའ་ཆེན་པོ་དེ་ཁོ་ན་ལ་ལུང་དབྲོག་པའི་ཕྱིར་འདུས་ཀྱང་དུས་ལ་གཟིགས་པས་ད་དུང་མངོན་པར་བྱང་ཆུབ་པར་མི་སྟོན་ཏེ། མཱི་གཡོ་བའི་ཏིང་འཛིན་གྱིས་བྱང་ཆུབ་མངོན་པོར་རྫོགས་པརུ་འཚང་རྒྱུ་བར་བྱ་བར་མི ་ནུས་པ་དང་། དེའི་འོག་ཏུ་གདོད་ལམ་སྦྱིན་པ་ནི་ཏིང་འཛིན་དེ་ལ་དམ་པར་ལྟ་བ་དག་ལྡོག་པར་འགྱུར་གྱི་གཞན་དུ་ནོ་མངོན་པར་བྱང་ཆུབ་པའི་ལམ་གྱིས་རྫོགས་པར་འཚོང་རྒྱ་བ་ལྟར་མི་གཡོ་བའི་ཏིང་འཛིན་གྱིས་ཀྱང་འཚུང ་རྒྱ་བར་ནུས་པས་མཐུ་འདྲའོ་ཞེས་དེ་ལ་མངོན་པར་ཞེན་པ་མི་ལྡོག་པར་འགྱུར་བས་སོ།། དེས་ན་དེ་ལ་ཉེས་པ་མི་བརྗོད།། རིགས་ལྔའི་དམ་ཚིག་ལ་འཇུག་པ་ཡང་དོན་ཆེ་སྟེ། སྔར་བརྗོད་པ་ལྟར་བསྟན་པར་འགྱུར་བའི་རྒྱུ་དང་སྣོད ་དུ་གཟིགས་པ་དང་། གདུལ་བྱ་འབྱུང་བར་འགྱུར་བ་ལ་ཡང་ཕན་པར་འགྱུར་བ་དང་རང་བཞིན་གྱིས་ཀྱང་བློ་ཆེན་པོ་ཅན་དག་དོན་ཆེན་པོ་སྒྲུབ་པར་ཉེ་བར་གནས་པ་ན་དེ་སྒྲུབ་པའི་རྒྱུད་དམ་བཅས་པ་ལྷག་པར་བརྟན་པ་དང་། ་མི་ཕྱེད་པར་དམ་འཆའ་སྟེ། དགོས་པ་སྒྲུབ་པ་ལ་མཁས་རྣམས་སྲན་ཐུབ་པས་དཀའ་བ་རྣམས་ཀྱང་དཀའ་བ་མེད་པར་རྒྱལ་ཞེས་བརྗོད་པ་ལྟ་བུའོ།། མངོན་པར་བྱང་ཆུབ་པ་རྣམ་པ་ལྔའི་རྣམ་པར་བསྟན་པ་ནི་སློབ་དཔོན་གྱི ་ཞལ་སྔ་ནས་རྩ་བའི་རྒྱུད་ཀྱི་བཤད་པ་དེ་ཁོ་ན་སྣང་བའི་ནང་དུ་རེ་རེ་ནས་ཡེ་ཤེས་ལྔའི་དབང་དུ་བྱས་ཏེ་བསྟན་པས། དེ་ཉིད་ཀྱི་དོན་གོ་བས་འདིར་ཡང་རྒྱུད་ཀྱི་ཚིག་རིམ་པ་མ་བསྟན་པས་འདི་ལ་ཡང་ཉེས་པ་མེདོ།། གང་དག་མདྨོ། ་པར་བྱང་ཆུབ་པ་དང་པོ་ནི་འཇིག་རྟེན་ལས་འདས་པ་དོན་དམ་པ་བྱང་ཆུབ་ཀྱི་སེམས་མཐོང་བས་མཐོང་བའི་ལམུ་སྟེ། ཟླ་བའི་དཀྱིལ་འཁོར་དུ་ཡང་སྣང་ལ། ངེས་འབྱེད་ཡན་ལག་དང་མཐོང་བའི།། ལམ་དང་བསྒོམ་པའི་ལམ ་ཉིད་ལོ།། ཡང་དང་ཡང་དུ་སེམས་པ་དང་།། འཇལ་དང་ངེས་རྟོག་སྒོམ་པའི་ལམ། ཞེས་བྱ་བའི་ལུགས་ཀྱིས་སྒོམ་པའི་ལམ་ནི་མཚན་ཉིད་པ་མེད་ཀྱི་ལམ་སྔ་མཱ་ཉོད་གོམས་པར་བྱེད་པས་ན་ཟླ་བའི་དཀྱིལ་འཁོར་སྔ་མ་ཉིད ་ཚོར་འཕེལ་བ་སྟེ་སྔ་མ་ནི་ཆོས་གཅིག་པའི་རྣམ་པ་ལྟ་བུ་ལ་འདི་ནི་ཉ་གང་བ་ལྟ་བུའོ།། དེ་ནས་བསྒོམ་པའི་ལམ་དེ་ཉིད་རབ་ཏུ་བརྟན་དེ་སྐད་ཅིག་ཁོ་ནས་སྒྲིབ་པ་གཉིས་ཕྲ་བའི་ཕྲ་བ་ཡོན་ཆད་སེལ་བས་སངས་རྒྱས་ཀྱི་སའི་སྒྲིབ ་པ་འཇོམ་པ་ལྟ་རྡོ་རྗེ་ལྟ་བུའི་ཏིངངེ་འཛིན་གྱི་ངོ་བོ་དང་པོ་ནི་རྡོ་རྗེ་བསྒོམ་པ་ཡིན་ལ། དེའི་མཐར་ཐུག་པ་ནི་རྡོ་རྗེའི་ང་རྒྱལ་བྱ་བ་སྟེ། འདིས་རྣམ་པ་ཐཾད་དང་དྲལ་བའི་ཆོས་ཀྱི་སྐུ་བརྙེས་ནས། དེའི་མཐུ་ལས་གཟུགས་ཀྱི་སྐུ་འབྱུང་བ་མངོན ་པར་བྱང་ཆུབ་པ་ཐ་མ་སྟེ། ཇི་ལྟར་འཕགས་པ་འཇིག་རྟེན་ལས་འདས་པའི་ལེའུ་ལུས།། རྒྱལ་བས་ཆོས་ཉིད་ལུས་མེད་རབ་ཞི་བ།། གཉིས་མེད་རང་བཞིན་མེད་པ་ཐུགས་ཆུད་ནས།། གཟུགས་སྐུ་བཟང་པོ་མཚན་གྱིས་བརྒྱན་པ་ཡི།། འགྲོ། ་པ་མོ་ལུས་བཀང་ཞིང་སྟོན་པར་མཛད། ཅེས་གསུངས་པ་ལྟ་བུའོ།། དེས་ན་དང་པོ་ཟླ་བ་ཆེས་གཅིག་པ་ནས་གཟུང་བའི་བར་འདི་ནི་འཇིག་རྟེན་ལས་འདས་པའི་ལམ་མོ་ཞེས་ཟེའོ།། གཞན་དག་ནི་རྡོ་རྗེ་རྩེ་མོ་ལས་ཟླ་བའི་དཀྱིལ ་འཁོར་ཆེན་པོ་གཉིས་པ་ཞེས་འབྱུང་བས་ཟླ་བ་གཉིས་ཀ་ཉ་གང་བའོ་ཞེས་ཟེ་རོ།། གཞན་དག་ནི་གདུལ་བྱའི་ངོར་ཟླ་བ་ལ་སོགས་པ་བརྟན་ཀྱང་། རང་བཞིན་གྱིས་མངོན་པར་བྱང་ཆུབ་པ་ལ་མཚན་མར་སྣང་བ་དེ་དག་མེདོ་ཞེས་ཟེར ་སློབ་དཔོན་གྱི་ཞལ་སྔ་ནས་ནི་ཡེ་ཤེས་ལྔའི་རྒྱུར་བསྟན་པས་མངོན་པར་བྱང་ཆུབ་པ་ལྔ་བཀོད་ཅིང་མི་བསྐྱོད་པ་ལ་སོགས་པས་བྱིན་གྱིས་བརླབ་པར་བཞེ་དེ། མདོར་བསྡུས་ན་གསང་སྔགས་ཀྱི་ལམ་འདི་ནི་ཁྱད་པར་གྱི་ལ ་གྱི་བར་དུ་ཡང་བླ་མ་ལས་འཐོབ་ཀྱི་རང་གིས་མ་ཡིན་ཞེས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འདི་སྒོམ་པ་དེ་ཡང་སྔར་བསྐལ་པ་གྲངས་མེད་པ་གསུམ་གྱིས་ངེས་པར་འབྱུང་བའི་བྱང་ཆུབ་སེམས་དཔའ་དང་འདྲ་བར་གྱུར་ནས ་ད་ནི་འདིར་མཐོང་བའི་ལམ་ནས་བརྩམས་ཏེ། ལམ་བསྒོམས་པའི་ནི་ཆེས་འདོད་པར་བྱ་བ་མ་ཡིན་པས་ན། ཡེ་ཤེས་ལྔ་དང་སྦྱར་བ་འདི་ཉིད་མཆོགོ།། གང་ཡང་རྒྱུད་དང་མདོ་སྡེ་དེ་དག་ལས་མངོན་པར་བྱང་ཆུབ་པའི ་ཐབས་མི་འདྲ་བ་རྣམ་པ་མང་པོ་བསྟན་པ་དེ་དག་ཐུད་ཀྱང་གདུལ་བྱའི་བསམ་པའི་བྱེ་བྲག་ལ་བརྟེན་པ་ཁོ་ན་སྟེ་རང་གི་མཚན་ཉིད་པའི་མངོན་པར་བྱང་ཆུབ་པ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བསྟན་པོ་ཁོ་ནར་ཟད་པ ་ཐད་དུ་དེ་ཉིད་སྔགས་ཏེ། དེ་བས་ན་བཅྡོཾས་ནི་ཐབས་ཀྱི་རིམ་པ་མཐའ་ཡས་པ་ཞིག་གིས་གདུལ་བྱ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ལ་མངོན་པར་གཞག་པར་མཛད་པའོ།། འདི་ལ་རྒྱུ་ཇི་ལྟར་བསྒོམས་པའི་འབྲས་བུ་ཐ་དད ་པས་ལམ་ཐ་དད་པ་ལས་འབྲས་བུ་ཐ་དད་པར་འགྱུར་ཞེས་ཀྱང་མི་བརྗོད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་འགྱུར་བའི་སྐད་ཅིག་གཅིག་ལ་རང་དང་སྐྱེའི་མཚན་ཉིད་ཀྱིས་བསྡུས་པའི་ཆོས་ཐ~ཾད་མཁྱེན་པ ་རྒྱུ་ལ་ལ་སྤྱད་ལྔ། ལ་ལ་མ་བརླབས་ཤེས་བརྗོད་པར་ཡང་མི་ནུས་པསོ།། ཞར་ལ་འོངས་པས་ཆོག་གི་རྣལ་མ་དཔྱད་དེ་དང་པོ་དཀོན་མཆོག་གསུམ་དྲན་པ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིགོ།། དེ་ནས་བྱམས་པ་དངོ་སྐྱིང ་རིང་། འོག་ནས་སེམས་ཅན་ཐཾདེ་ལ་ཕན་པ་དང་བདེ་བའི་མཆོག་གྲུབ་པའི་ཕྱིར་ཞེས་པ་དང་། དགའ་བ་དང་བཏང་སྙོམས་ནི་སྡོམ་པ་ཐད་ཅེས་བྱ་བ་དང་། མཆོད་པའི་ལས་ཞེས་བྱ་བ་ལས་ཀྱི་རིགསོ།། རིགས་ལྷག་མོ་རྣམས་ཀྱི་དམཆོག ་གི་ནི་གས་ལོ།། ཚུལ་ཐ~ཾད་ཉེ་བར་བསྟན་པས་ནི་ཕྱི་རོལ་པའི་ལུང་ཡང་བསྡུས་ཏེ་ཐད་དུ་གཏོགས་པ་དང་། རང་གི་ལུགས་ཀྱིས་ཀྱང་དེ་དཔྱད་པ་དང་ལྡན་པསོ།། སྔགས་ཀྱི་སྤྱོད་པའི་སྒོ་ནི་ཐེག་པ་ཆེན་པོ་ཉིད་ཀྱི་ཁྱད་པར་ཏེ། དེ་སྔོན་དུ་བྲུ་བ་ནི་སྔར ་དམ་བཅུས་པ་དེ་ད་བདག་གི་མཐར་དབྱུ་ཞེསོ།། མཁའ་ཁྱབ་ཀྱི་ཏིངེ་འཛིན་ལ་སྙོམས་པར་ཞུག་སོ་ཞེས་བྱ་བཱ་ལ་ཏིང་འཛིན་འདིའི་ངོ་བོ་ཅི་ཞིག་ཡིན། ཅིའི་ཕྱིར་འདི་ལ་སྙོམས་པར་འཇུག། ལྗིདི་ཉིད་ཁོ་ནའི་འབྲས་བུ་ནི་ཅི་ཞེ་ན། དེ་དག་བརྗོད་པར ་བྱ་སྟེ། ཏིངེ་འཛིན་གང་གིས་ཤིན་དུ་སྟོང་པ་ཉིད་ལ་གཞོལ་བས་སྣང་བའི་ཕྲེང་བ་མ་ལུས་པ་གསལ་ཏེ། ཇི་སྲིད་ན་མཁའི་མཐས་ཀླས་པ་ཤིན་དུ་སྟོང་པོ་སྐྱེས་བུ་མིག་བཙུམ་པའི་མིག་གི་ལམ་དུ་གཟུགས་ཐད་འཆང་ཅིང་མི་འཇུག ་པོ་ལྟ་བུ་ནི་འདིའི་ངོ་བོ་སྟེ། གཡོ་བ་མིང་ལ་དྲན་པ་དང་། ཡིད་ལི་བྱེད་པ་ཐུང་ཆད་པས་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཐབས་མཁས་པ་དང་བྲལ་བའོ།། གང་དགྲ་འདི་རྣལ་འབྱོར་སྤྱོད་པ་རྣམ་པ་མེད་པའི་གྲུབ་པའི་མཐའོ་ཞེས ་ཟེར་བ་ནི་མི་འདོད་།། དེ་དག་ནི་རྣམ་པ་མི་འདོད་ཀྱིས་ཀྱང་འཕགས་པ་སོ་སོ་རང་རིག་པ་རང་བཞིན་གྱིས་འོད་གསལ་བ་མཐའ་ཡས་པར་ཁྱབ་པ་ཁས་ལེན་པས་ནི་འདི་དང་མཐུན་པ་མོ་ཡིནོ།། འདི་ལ་ཅིའི་ཕྱིར་སྙོམསྨྲ་པར་འཇུག ་རྨ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་ནི་རྣམ་པ་ཐ~ཾད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མ་རྟོགས་ན་ཉི་ཆའི་སྟོང་པ་དང་། ཆད་པར་བྱེད་པའི་རྣམ་པོ་སུན་འབྱིན་པའི་སྟོང་པས་མངོན་པར་འཆང་མི་རྒྱའོ་ཞེས་བསྟོན་པའི་ཕྱིར་ལ་འ ་ནི་གཙོར་བླ་མའི་དྲིན་གྱིས་མ་བསྐྱངས་ན་རང་གི་ཤེས་པའི་མཐུས་ནི་ལམ་ཁྱད་པར་ཅན་མི་རྟོག་སོ་ཞེས་བླ་མ་ལ་གུས་པར་བྱ་བའི་ཕྱིརརོ།། འོ་ན་བཅྡོཾས་ཀྱིས་ཀྱང་།། ཉེར་འགྲོ་ང་ནི་སངས་རྒྱས་ཏེ།། དཱ་ལ་སློབ་དཔོན་སུ་ཡང་མེད ་ཅེས་གསུངས་ཤིང་རང་གི་ཡེ་ཤེས་ཤེས་པ་བྱ་བའང་གསུངས་ལ། རང་སངས་རྒྱས་ཀྱང་རང་གི་ཤེས་པས་འབྲས་བུ་ཐོབ་ན། སྔགས་ཀྱི་ལམ་འོདིར་ཅིས་ན་བླ་མ་ལ་རག་ལས་པ་གཙོར་བྱེད་ཅེ་ན། ལམ་འདིར་ནི་ཤིན་དུ་མཚན་མ་དང་། ་བཅས་པའི་བྱ་བ་དང་། ཤིན་དུ་སྤྱད་པར་དཀའོ་བའི་བྱ་བ་བུད་མེད་བསྟེན་པ་ལ་སོགས་ཡང་དང་ཡང་བསྟན་ཏེ། དེ་དག་བསྟན་པ་མེད་པར་ནི་ཐེག་པ་ཆེན་པོ་འདི་ལ་འདུན་པ་ཆེས་ཉུང་བར་འགྱུར་ཞིང་། དེ་དག་ཀྱང་དེ་ཁོ་ན་ལྟར་སྒྲ་ཇི ་བཞིན་དུ་སྤྱད་པར་བྱ་བ་མ་ཡིན་པས་ན་དང་པོ་འདི་ལ་གཞུག་ཅིང་ཞུགས་ནས་སྒྲ་ཇི་བཞིན་པའི་ལམ་གྱིས་ཡོངསུ་ཉམས་པ་དགག་པའི་ཕྱིར། ཆེས་ཐབས་དམ་པ་སྟོན་པའི་བླ་མ་ལ་རེག་ལས་པར་རིགས་ཏེ་དགེ་སློང་གི་དངོས ་པོ་རྙེད་ནཱས་གནས་བཞིར་བསྒྲགས་པ་ལྟ་བུའོ།། ཏིང་ངེ་འཛིན་འདིའི་འབྲས་བུ་ནི་དམུ་པར་གྱུར་པ་ཅི་ཡང་མེདདོ།། དངོས་པོའོ་སྟོབས་ཀྱིས་མ་ཞུགས་པའི་ཕྱིརརོ།། དེ་ཡང་དངོས་པོ་ནི་རྣམ་པ་ཐ~ཾད་དང་ལྡན་པ་དང་། རྣམ་པ་ཐ~ཾད་ཀྱི་མཆོག་དང ་ལྡན་པའི་སྟོང་པ་ཉིད་དུ་རྣམ་པར་གནས་ལ། དེའི་བློ་ནི་རྣམ་པ་ཐཾད་དང་བྲལ་བའི་སྟོང་པ་ཉིད་ལ་ཞུགས་པསོ།། ལྷག་མ་རྣམས་ཀྱི་ཚིག་གི་དོན་ནི་གོ་སླའོ།། གཞན་གྱི་དོན་དུ་དཀྱིལ་འཁོར་སྤྲུལ་པའི་དང་པོར་ཆོ་ག་དེ་སྙེད་ཀྱིས་བདང ་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱ་སུ་གྲུབ་པར་བྱ་བའི་རྣལ་འབྱོར་རབ་ཏུ་རྒྱས་པ་འདི་ཡིན་པས་ན་དང་པོའི་རྣལ་འབྱོར་ཞེས་བྱ་བའི་ཏིང་འཛིན་ཏོ་ཞེས་བྱ་བ་སྨོས་ཏེ། དེ་ཙམ་གྱིས་བདག་གི་དོན་ཕུན་སུམ་ཚོགས་པར་འགྲུབ་པར ་ཁོང་དུ་ཆུང་བར་བྱའོ།། ད་ནི་བདག་གི་དོན་ཇི་ལྟ་བར་གྲུབ་ནས་ད་བོ་མེད་པའི་འཁོར་དང་གནས་ཀྱི་ལོངས་སྤྱོད་བཀོད་པོ་བསྟན་པོ་སྔོན་དུ་འགྲོ་བས་ཕ་རོལ་ཏུ་ཕྱིན་པའི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་མཆོག་ཏུ་གཞོལ་བརྣ། ་དང་། ཉན་ཐོས་དང་རང་སངས་རྒྱས་སྲིད་པས་སྐྱོ་ཞིང་ཡིད་བྱུང་བ་རྣམས་དང་། མུ་སྟེགས་བྱེད་ཕྱུགས་ལྟ་བུ་ལམ་ངོན་པ་ལ་གནས་པ་དགེ་དང་། ཁ་ཅིག་ལྷ་དང་མིའི་འབྱོར་པོ་ལ་ལྷག་པར་ཆགས་ནས་སྲིད་པ་གྱེན་དུ་འབྱུང་བར་མི་སྩོལ་བ ་ངག་ལ་ལྷ་དང་མི་ལས་ཡང་དག་པར་འདས་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་བྱིན་གྱིས་བརླབས་པས་དེ་དག་གི་བདེ་བ་ཆེན་པོ་འདོད་པའི་སྟོན་ལྔ་འདོད་ཆགས་དང་བྲལ་བ་དག་ཀྱང་ཡིད་འཕྲོག་པར་བྱེད་པ་འདིར་མངོན་པར་དགའ ་བཞིན་དུ་འཇུག་པར་བྱ་བའི་ཕྱིར་བཙུན་མོ་དང་། བློན་པོ་དང་། སྲས་དང་། གཡོག་མོ་དང་། རྩེ་རྒོད་དང་བཅས་པའི་ནང་གི་ལོངས་སྤྱོད་དང་། དཔེ་མེད་པའི་གནས་དང་བརྒྱན་བཀོད་པའི་དཀྱིལ་འཁོ་རོ་སྤྲུལ་པ་བསྟན་ཏེ། འདི་ལྟར་བཅོས་ལྡན ་རྣམ་པར་སྣང་མཛད་ནི་ཆོས་ཀྱི་རྒྱལ་པོའོ།། དེ་བཞིན་གཤེགས་པ་མི་བསྐྱོད་པ་ལ་སོགས་པ་ནི་བློན་པོ་ཆེན་པོ་ལྟ་བུའོ།། རྡོ་རྗེ་སེམས་མ་ལ་སོགས་པ་བཞི་ནི་བཙུན་མོ་དམ་པ་ལྟ་བུའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིན། ་སྲས་རྒྱལ་ཚབ་ལྱ་སོགས་པའོ།། རྡོ་རྗེ་སྒེག་མོ་ལ་སོགས་པ་ནི་བློན་པོའི་ཆུང་མ་སྟེ་རྒྱལ་པོའི་འབྲངས་མོ་དམ་པ་རྣམསོ།། རྡོ་རྗེ་མེ་ཏོག་མ་ལ་སོགས་པ་ནི་གཡོག་མོ་དམ་པ་རྣམ་སོ།། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་ནི ་པ་རྣམ་སོ།། གཞན་ཡང་ཕྱི་རོལ་གྱི་འཁོར་སའི་སྣམ་བུ་ལ་མཐའ་ཡས་པར་མཆོད་པས་ལོག་པ་སྦྲེལ་ཅིང་གླུ་ལེན་ལ། རྡོ་རྗེའི་གྲཝར་བྱེད་པའི་ལྷ་མོ་བུད་མེད་རིན་པོ་ཆེ་ཟིལ་གྱིས་གནོན་པ་རྣམས་ཀྱིས་སྐད་ཅིག་ཀྱང་བྲལ་མི་ནུས་པར ་དགའ་བར་བྱེད་ལ། ཡིད་འཕྲོག་པའི་ལྷ་མོ་དང་། རིན་པོ་ཆེའི་གདུགས་དང་། པ་དན་དང་། ལྷའི་གོས་དང་། ལྔ་ལྷོ་མཆོག་དང་། བླ་རེ་དང་། དྷཱ་ཡབ་དཀར་པོ་ནོར་བུ་དང་གསེར་གྱི་ཡུ་བ་ཅན་དང་མེ་ལོང་དང་མུ་ཏོག་གི་དོ་ཤལ་དང་དོ་ཤེལ་ཕྱེད ་པ་དང་མུ་ཏིགྲྀ་དམར་པོའི་ཤེམྦྷ་བུ་དང་དཔེ་མེད་པར་དྲི་ཞིམ་པའི་བདུག་པ་དང་དྲི་དང་ལྷའི་ལས་འདས་པའི་བདུད་རྩིའི་བྱེ་བྲག་སྣ་ཚོགས་པའི་བཟའ་བ་དང་བཏུང་བ་དང་བཅའ་བ་དང་མྱང་བ་དང་ལྷག་པ་དང་། བཞིཔ་པ་དང་ཐཱད་ཁ་དོག་དང ་དྲི་དང་རཾ་དང་རེག་པ་ཕུན་སུམ་ཚོགས་པས་གང་བ། ལྷའི་ཚོགས་དེ་དག་ཀྱང་ཕན་ཚུན་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱིས་དགྱེས་ཤིང་འཛུམ་པ་ཟག་པ་མེད་པའི་བདེ་བ་དཔེ་མེད་པས་ཉམ་སུ་མྱོང་བ་བཞུགས་པ་སྟེ། དེ་ནི་འདི་ལྟར་བཅོས ་དང་པོ་གསང་སྔགས་ཀྱི་ལམ་དུ་སེམས་བསྐྱེད་པ་ནས་བརྩམས་ཏེ་ཡུན་རིང་ཞིག་ཏུ་དཀྱིལ་འཁོར་ཆེན་པོར་སྣང་བ་ལྟ་བུའི་མཆོད་པ་བྱས་ཤིང་ཏིང་འཛིན་དེ་ལྟ་ཡང་ཡུན་ཤིན་དུ་རིང་བར་གོམས་པར་བྱས་པས་དེའི་འབྲས་བུ་གྲུབ ་ལ་ལོངས་སྤྱོད་པའི་ཕྱིརོ།། རྣམ་པ་འདི་ལྟ་བུའི་དཀྱིལ་འཁོར་སྤྲུལ་པས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་ཡང་ལམ་བདེ་བ་འདིར་མོས་པར་བྱས་ལ་འདོད་པའི་ལྷའི་རྒྱལ་པོ་ཡང་བྱང་ཆུབ་ཏུ་སེམས ་བསྐྱེད་ཅིང་འཛི་མྦུའི་གླིང་དུ་རྒྱལ་པོ་ཀ་བཻ་ན་ཡང་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་ཅེས་གྲགས་པས། དོན་ཆེན་པོ་འདི་ལྟ་བུའི་ཕྱིར་ཡང་འདི་བསྟན་ཏོ།། དེ་ལ་འདོར་གོ་རིམས་ཀྱི་དོན་ནི་དང་པོའི་རྣལ་འབྱོར་བྱས་མ་ཐག་ཏུ་ལྟ ་རྣམས་ཀྱི་གནསུ་གདན་ཟླ་བ་བསམས་ལ། དེའི་འོག་ཏུ་མཚན་མ་སྤྲོས་ཏེ་དེ་ཡོངས་གྱུར་པ་ལ་སེམས་དཔའ་ཆེན་པོ་དེ་དང་དྲི་ལ་སོགས་པའི་གཟུགསུ་གྱུར་པས་ཐུགས་ཀ་ནས་ཆེད་དུ་བརྗོད་པ་སྨྲ་ཞིང་། དེའི་འོག་ཏུ་དབང་བསྐུ ་བའི་མཐར་ཡང་ཆེད་དུ་བརྗོད་པར་སྨྲ་བར་ལྟ་སྟེ། དེ་ནི་གོ་རམི་སོ།། དེ་ལ་དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་གནས་བཞིར་པདྨག་ཉིད་ལ་བྱིན་གྱིས་བརླབས་ལྔ་ཞེས་བྱ་བ་ནི་སྔར་དང་པོའི་རྣལ་འབྱོར་གྱི་མཐར་བྱ་བ་སྟེ། ་འདིར་བསྟན་པ་ནི་དྲང་པོ་རྣལ་འབྱོར་བྱས་མཱ་ཐག་ཏུ་དཀྱིལ་འཁོར་སྤྲོ་བ་ལ་འཇུག་པོར་བྱའོ།། ཞེས་པར་མ་ཆད་པར་བསྟན་པའི་ཕྱི་རོ།། རང་གི་སྙིང་གར་སོན་པའི་རྡོ་རྗེ་སྣོམས་དཔེའ་ནི། སྙིང་གའི་གློན་སུ་བླ་མས་རྡོ་རྗེ་ཕབ ་པ་སྟེ། བརྗེད་པ་གཉིས་སྔོན་བཞི་ནོ།། དེ་བཞིན་གཤེགས་པ་ཐད་ནི་རྣམ་པར་སྣང་མཛད་ཉིད།། དེ་ཉིད་ལ་སྔར་དེ་བཞིན་གཤེགས་པོ་ཞུགས་པས་སོ་གཞན་དག་ནི་རང་གི་རིགས་ཀྱི་གདན་རང་རང་གི་དེ་བཞིན་གཤེགས་པཱི།། ་ཐུགས་ཀ་ནས་སྤྲོས་པས་ཐད་ཀྱི་སྒྲས་སངས་རྒྱས་ལྔ་གཟུང་ཞེས་ཟེ་རོ།། དེ་ནས་དེ་དག་ལས་བྱས་པ་ལ་སོགས་པས་ནི་སེམས་དཔའ་ཆེན་པོ་རེ་རེ་ཡང་ཐམས་ཅད་ཀྱི་བདག་ཉིད་དུ་བསྟན་པའི་ཕྱིར་ཕན་ཚུན་བསྡུས ་པའི་རྒྱུར་སྦྱོར་བའོ།། ཆུད་ཆེན་པོའི་རྡོ་རྗེ་བསྒོམ་པ་ནི་ཡང་དག་པར་ན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོའི་མཐུའི་འཕྲུལ་པ་སེམས་དཔའ་རྡོ་རྗེ་སྣང་བས་འདི་ཆོས་ཀྱི་སྐུ་ལ་བྱུང་བར་བསྟན་པའོ།། ཡང་ཐུགས་ཀར ་སོན་པོའི་རྡོ་རྗེའི་ཚད་ཉིད་དུ་གྱུར། ཞེས་པ་ནི་རང་གི་ལུས་འབྱུང་བ་དང་མཚམས་པའི་རྒྱུར་བྱིན་གྱིས་བརླབ་པ་སྟེ། གཟུགས་ཀྱི་ན་མཁའི་གཏོས་ཐམས་ཅད་ཁྱབ་པར་དམིགས་པར་མི་ནུས་པསོ།། རང་གི་ལུག་ཏུ་གནས་པར ་བསམ་པ་ནི་འདི་དག་བཅོམ་ལྡན་འདས་འདིའི་ཕྱག་རྒྱ་ལྟར་གནས་ཏེ་སྐྱེས་བུའི་ལག་པ་གཡས་པ་ལྟར་དགོས་པ་ཐམས་ཅད་བྱེད་པར་བསྟན་པའི་ཕྱིརོ།། ཐུགས་གར་གྱུར་པའི་རྡོ་རྗེ་ལ་ཞུགས་པ་ནི་ང་ནི་ཕྱི་རོལ་གྱི་ལུས་མ ་ཡིན་ཏེ་དེ་བཞིན་གཤེགས་པའི་ཐུགས་ཉིད་དོ་ཞེས་བསྟན་པའོ།། ཆོ་ག་འདི་དག་གིས་ཀྱང་དཀྱིལ་འཁོར་ཇི་ལྟ་ཇི་སྙེད་པ་ནི་རླུང་གི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་པའོ་ཞེས་བསྟན་པས་རྒྱུད་གཞན་དུ་འཛིན་པའི་རྟོག་པ་བཀ ་པའོ།། སངས་རྒྱས་ལྔའི་དབུ་རྒྱན་གྱི་དབང་བསྐུར་བས་ཀྱང་མངོན་པར་དབང་བསྐུར་ཏེ་བྱ་བ་ལ། འདི་དག་ན་རིགས་ལྔའི་དེ་བཞིན་གཤེགས་པའི་རིགསུ་བྱུང་བ་ཡིན་ལ། རིགས་རེ་རེ་ཡང་རིགས་ལྔ་ལྔ་དང་མཚུངས་པར་ལྡན ་པས་ན་རིགས་ལྔའི་བདག་པོས་དབུ་བརྒྱན་པར་བྱའོ།། གང་དུ་དེ་བཞིན་གཤེགས་པ་རྣམས་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བ་དེར་ནི་དེ་དག་ལ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཕུལ་པའི ་ཀྱིས་མཚན་པ་ཡིན་ལྔ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ལ་རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བ་ཡང་། དེ་དག་ནི་ཐ~ཾད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཁོ་ནར་ཡིན་ལ། སྐྱེ་བ་གཅིག་གིས ་ཐོགས་པ་དག་ལ་ནི་ངེས་པར་དེ་བཞིན་གཤེགས་པའི་དབུ་རྒྱན་ཉིད་གནང་བས་དེ་ཉིད་རིགས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་དགའ་ལྡན་དུ་ཉིད་ཀྱི་དབུ་རྒྱན་ཕུད་ནས་བྱང་ཆུབ་སེམས་དཔོའ་སེམས་དཔའ ་ཆེན་པོ་བྱམས་པའི་མགོ་ལ་བཞགོ་ཞེས་གསུངས་པ་ལྟ་བུའོ།། བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་ཏེ་དེ་བཞིན་གཤེགས་པ་ཐོད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བཪྵ་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པར་བྱེད ་པ་དང་པོའི་རྡོ་རྗེ་དང་། དང་པོའི་རྡོ་རྗེས་མཚན་པའི་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ལེ་བླ་ན་མེད་པའི་ཚུལ་ཁྲིམས་ལ་སོགས་པ་ནི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར ་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགསོ་པའི་ཕུང་པོ་ཞེས་བྱ་བ་མི་སློབ་པའི་ཕུང་པོ་ལྔ་སྟེ། དེ་དག་དགྲ་བཅོམ་པ་ལ་སོགས་པ་ཡང་ཡོད་དེ་བསལ་བའི་ཕྱིར་བླ་ན་མེད་པ་སྨོས་ཏེ། སངས་རྒྱས་ཀྱིས ་སས་བསྡུས་པ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་སངས་རྒྱས་ཀྱི་སའི་ཆོས་ཐང་བསྡུ་བར་དེ་བཞིན་གཤེགས་པ་ཐ~ཾད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བར་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས།། དེ་སྒྲུབ་པར་བྱེད་པ ་དབང་བསྐུར་བ་སྟེ། དེ་ཡང་དང་པོའི་རྡོ་རྗེ་སྟེ་དེ་བཞིན་གཤེགས་པའི་རྡོ་རྗེ་དང་དེས་མཚན་པའི་དྲིལ་བུ་ལ་སོགས་པས་དབང་བསྐུར་བའོ།། ཕྱོགས་འདིས་ནི་སེམས་དཔའ་ཆེན་པོ་དག་ལ་མོས་པའི་གང་ཟག་དགའ་བར་བྱས་པར་ཡང་ལྟ ་སྟེ། དེ་དག་དེ་བཞིན་གཤེགས་པ་ཉིད་དུ་བསྒྲུབས་པསོ།། མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་རྣམས་འགྲུབ་པའི་ཕྱིར་དང་། ཀུན་ཏུ་བཟང་པོའི་ཕྱིར་སྦྱིན་ཞེས་གཉིས་ཀ་བཞི་པའི་མཐའ་བསྟན་པ་ནཽ། དབང་བསྐུར་བ ་དེ་དག་གིས་སེམས་དཔའ་ཆེན་པོ་དེའི་བདག་དང་གཞན་གྱི་དོན་འགྲུབ་པར་བསྟན་པའོ།། མིང་གི་དབང་བསྐུར་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པས་ནི་རྗེ་སུཾ་གནང་བ་དང་ལུང་བསྟན་པ་དག་ཏུ་བསྡུའོ།། གཞན་དག་ནི་འདི ་ལ་ལུང་བསྟན་པ་མི་འདོད་དེ་རྗེསུ་གནང་བ་ཙམ་ཞེས་ཟེ་རོ།། ལུང་བསྟན་པ་ཁས་བླང་བ་ལ་ཉེས་པ་མེད་དེ་ཐ་དད་པ་མེད་ཀྱང་སེམས་ཅན་གྱི་དོན་དུ་ཐ་དདུ་པར་བསྟན་ནསཱ་ནམྲ་ཞིག་ན་དེ་ཡང་རྫོགས་པར་བྱང་ཆུབ་པའི་དཀོར་གྱི ་བདག་པོར་ཞེས་ཐབས་མཁས་པའི་ཁྱད་པར་གྱིས་ཏེ་འདི་ལེགསོ།། གཞན་དག་དང་པོ་ཆུའི་དབང་བསྐུར་བ་འདིར་སོགས་པའི་སྒྲ་སྨོས་པས་བསྡུས་ཞེས་ཟེར་རོ།། དེ་ནི་མི་འདོད་དེ་ཐ་མར་བསྟན་པས་དང་པོ་བྱ་བ་བསྡུ་བ་ནི་ཧ ་ཅད་ཁྱབ་ཆེས་པའི་ཕྱིར་དང་། ཆུའི་དབང་བསྐུར་བ་ནི་ཤུགས་ཀྱིས་རྟོགས་ཏེ་གང་དུ་ཡང་བུམ་པ་མེད་པར་དབང་བསྐུར་བ་མི་འཚམ་ལ་བུམ་པ་ཡང་ཆུས་མ་བཀང་བའི་སྟོང་པས་མིན་ཞེས་འཇིག་རྟེན་གྱི་ལུགས་ཉིད་ལ་ལྟོས ་པས་སོ།། ཆོ་ག་དེ་དག་ནི་སེམས་དཔའ་ལྷག་མ་རྣམས་ལ་ཡང་བལྟའོ།། ཞེས་བསྟན་པའི་ཕྱིར་ནི། དེ་ལྟར་བསྐྱེད་པ་དང་ཞེས་བྱ་བ་སྨོས་པ་སྟེ། བསྐྱེད་པ་ནི་ཟླ་བ་དང་རྡོ་རྗེ་ཆེན་པོ་དང་། རྡོ་རྗེ་ཆུང་ངུ་དང་སེམས་དཔའི་ལུས་རྣམ་སོ།། སྤྲོ ་བ་ནི་དེ་དག་ལས་འོད་ཟེར་རྣམསོ།། བསྡུ་བ་ནི་སླར་དེ་དག་ཉིད་ལའོ།། དེས་ན་སྤྲོ་བའི་གན་སོ་དང་བསྡུ་བའི་གོནས་ཤེས་སྦྱར་ཏེ་རྡོ་རྗེ་རྣམ་པ་གཉིས་པོ་དག་ནི་སྤྲོ་བ་དང་བསྡུ་བ་གཉིས་ཀའི་གནས།། ཟླ་བ་ནི་སྤྲོ་བའི་གནས་སོ།། ། ་སེམས་དཔའི་ལུས་ནི་བསྡུ་བའི་གནས།། དེ་དག་བརྟན་པར་བསྒོམ་པ་ནི་སེམས་མི་གཡེང་བར་བྱ་བ་སྟེ། དེ་དག་ནི་རྡོ་རྗེ་ཁུ་ཚུར་གྱི་བར་དུ་བལྟ་བའོ་ཞེས་སྦྱ་རོ།། སེམས་མ་རྡོ་རྗེ་མ་ལ་སོགས་པའི་ནི་ལུགས་གཞན་ཡིན་པས ་དེ་ནས་མི་བསྐྱོད་པའི་ང་རྒྱལ་གྱིས་སེམས་མ་རྡོ་རྗེ་མ་སྒྲུབ་བོ་ཞེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་དབུས་ན་གནས་པའི་འདུ་ཤེས་བཏང་བྱས་དབུས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞུགས་པ་ལ་མཆོད་པའི་ཕྱིར་ཏིང ་འཛིན་འདི་ལྟ་བུ་བྱ་བ་སྟེ། ཇི་ལྟར་དང་པོ་རྒྱུད་ཀྱི་སེམས་དཔའ་འབྱུང་བའི་བཤད་པའི་རྗེསུ་འབྲང་ཞེས་པའི་དོན་ཏོ།། འདི་ནི་དཀྱིལ་འཁོར་རྣམས་ཀྱི་རྒྱལ་པོ་ཡིན་པས་དཀྱིལ་འཁོར་རྒྱལ་པོ་སྟེ། འདིར་དབང་བསྐུར་ན ་རིགས་ལྷག་མ་རྣམས་དྲང་རང་གི་གཟུགས་ཀྱི་དཀྱིལ་འཁོར་ལ་སོགས་པར་ཡང་དབང་བསྐུར་བར་འགྱུར་བས་སོ།། དེ་ཉིད་ཀྱི་ཕྱིར་ན་མཆོག་སྟེ་དམ་པ་ཞེས་བྱ་བའི་དོན་ཏོ།། དེ་སྐད་ཅེས་བྱ་བའི་ཏིང་འཛིན་དེ་བཤད་པ་ནི་ལོང་སྤྱོད ་རྫོགས་པའི་སྐུ་ལ་མོས་པར་བྱ་བའི་ཕྱིརརོ།། འདིར་དཀྱིལ་འཁོར་དང་ལྷའི་དེ་ཁོ་ན་ཉིད་ལེགས་པར་ཁོང་དུ་ཆུད་པས་དཀྱིལ་འཁོར་འདི་ལྟ་བུ་བསྒོམས་ན་འབྲས་བུ་རབ་ཏུ་མཐུ་ཅན་དུ་འགྱུར་བ་རིགས་པར་བྱ་སྟེ། དེ་དག་ཀྱང་རྒྱུད་ཀྱི་འབྲེལ ་བར་རྒྱ་ཆེར་བསྟན་པས་དེ་ཁོང་དུ་ཆུད་པར་བྱའོ།། དེ་ལྟར་གཞན་གྱི་དོན་བྱེད་པ་དང་ཤིན་དུ་འཚམ་པའི་དཀྱིལ་འཁོར་ཆེན་པོའི་ཏིངངེ་འཛིན་བཀོད་པ་བསྟན་ནས། ད་ནི་འདིའི་གཞན་གྱི་དོན་ལ་ཇི་ལྟར་འཇུག་པོ་གཞན་གྱི་དོན་གྱི་ཕྲིན་ལས ་ལ་དཀྱིལ་འཁོར་པ་རྣམས་གཞག་པ་བསྟོན་པའི་ཕྱིར། དེ་ནས་རྣམ་པར་སྣང་མཛད་དང་བདག་ཉིད་ལྷན་ཅིག་དབྱེར་མེད་པར་རྣམ་པར་བསམས་ལ་བསྡུ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགའ་ཞིག་རྡོ་རྗེ་སེམས་དཔའ་ལ་སོགས ་པའི་རྣལ་འབྱོར་པ་ཡིན་ན་དེས་མངོན་པར་བྱང་ཆུབོ་པ་བསྟན་ཏེ། དཀྱིལ་འཁོར་སྤྲུལ་ནས་སླར་དེའི་རྣལ་འབྱོར་གྱིས་ཐ་དད་པར་གནས་པ་སྲིད་ཅིང་དེ་བཞིན་གཤེགས་པའི་རྣལ་འབྱོར་ཅིན་ཡང་ཐ་དད་པར་གནས་པས་ན་འདིར་ལྷན ་ཅིག། ཐ་མི་དད་པ་སྨོས་ཏེ། དེ་ལ་འཇུག་ཅེསོ་པའི་དོན་ཏོ།། བསྡུ་བར་བྱའོ་ཞེས་བྱ་བ་ནི་འོག་ནས་བསྟན་པའི་སྔགས་དང་ཕྱག་རྒྱ་སོ།། དེ་བཞིན་གཤེགས་པ་རྣམས་ནི་ཐུགས་དམ་གྱི་དབང་གིས་ངེས་པར་འཁོར་དང་བཅས་པར་བྱོན་པས ་དེ་ནས་འདུས་ཏེ་བྱོན་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་ཐཾད་ཅེས་སྨོས་ཏེ། དེ་དག་ཀྱང་རྣལ་འབྱོར་པ་དཀྱིལ་འཁོར་གྱི་བདག་པོར་གྱུར་པ་ལ་ཕྱག་འཚལ་ཞིང་བསྟོད་པ་ནི་ཨོཾ་ཞེས་བྱ་བ་ལ ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐད་ནི་རྣམ་པོར་སྣང་མཛད་ཁྱོད་ཉིད་དེ་བཞིན་གཤེགས་པ་ཐ~ཾད་དོ་ཞེས་པའོ།། ཨེ་མ་ཞེས་པ་ལ་སོགས་པ་ནི་བསྟོད་པ་སྟེ། ཨེ་ནཱི་སྤྲོ་བར་སྟོན་པའོ།། གང་ལ་ཡིད་སྤྲོ་ཞེ་ན་ཀུན་ཏུ་བཟང་པོའི་སྟེ། དོཀྱོར་ན། ་པའི་བདག་པོ་རྣལ་འབྱོར་པ་ཀུན་ཏུ་བཟང་པོའི་བྱང་ཆུབ་སེམས་དཔའི་བྱ་བ་མཆོག་སྟེ། འདི་བྱང་ཆུབ་སེམས་དཔའ་ཡིན་དུ་ཟིན་ཀྱང་བྱ་བ་མཆོག་སྟེ་སངས་རྒྱས་ཀྱི་བྱ་བ་རྣམས་ད་ལྟ་ཉིད་དུ་བྱེད་པ་ནི་ངེད་དེ་བཞིན་གཤེགས་པ་རྣམས། ་ཀྱི་རིགས་མི་འཆད་པོར་བྱེད་པའོ།། དེས་ན། གང་ཞིག་དེ་བཞིན་གཤེགོས་འཁོར་ལོའི།། དབུས་ནི་དེ་བཞིན་གཤེགས་པ་མཛེས་ཞེས་པ་སྟེ་ཁྱོད་མི་བསྐྱོད་པོ་ལ་སོགས་པ་བཞིའི་དབུས་ན་དེ་བཞིན་གཤེགས་པ་རྣམ་པར་སྣང ་མཛད་དུ་གྱུར་ཅིང་མཛེས་ལ་གསལ་ལོ་ཞེས་བསྟོད་པའོ།། དེ་ལྟར་ན་གསང་སྔགས་ཀྱི་ལམ་འདིར་ནི་དེ་བཞིན་གཤེགས་པའི་མཛད་པ་ལ་ཎཱཾ་སོ་སློབ་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་དུ་ནི་བྱང་ཆུབ་སེམས་དཔའ་ས་ཆེན་པོ་ལ་རབ་ཏུ་ཉྩ ་དག་གི་རྗེསུ་སློབ་ཅིང་། ཉན་ཐོས་རྣམས་ནི་དགྲ་བཅོམ་པ་དག་གི་རྗེསུ་སློབ་ལ། འཇིག་རྟེན་པ་རྣམས་ནི་ཁྱབ་འཇུག་ལ་སོགས་པ་དག་གི་རྗེསུ་སློབ་པས་གོང་ནས་གོང་དུ་ཁྱད་ཆོས་འཕགས་པའོ།། དེ་ནས་རྣམ་པར་སྣང་མཛད ་ཀྱི་ཐུགས་ལ་ཞུགས་ཏེ་ཞེས་བྱ་བ་ནི་ཁྱོད་དེ་ཙམ་དུ་བྱ་བ་དོན་ཆེན་པོ་ལ་གནས་པ་ལ་ངེད་ཀྱང་ཕན་འདོགས་པས་ཁྱོད་ཀྱི་ཡིད་བྱིན་གྱིས་བརླབ་པོ་ཞེས་པས་བཞུགས་པའོ།། དེ་བཞིན་དུ་ཁྱོད་འབའ་ཞིག་མ་ཡིན་གྱིས་ཁྱོད་ཀྱི་འཁྲོ ་དུ་ལྷག་པར་གནས་པར་བྱས་པ་འདི་དག་ཀྱང་ངེད་ཀྱི་བྱིན་གྱིས་བརླབ་བོ་ཞེས་ནས་ངེས་པར་འཐོན་ནས་སེམས་མ་རྡོ་རྗེ་ལ་སོགས་པ་རྣམས་དང་གཅིག་ཏུ་གྱུར་ཏེ་ཞེས་སྨོས།། དེ་དག་ཀྱང་ཅག་ཙཱ་རི་རིམ་གྱིས་རང་རང་གི་གཟུགས་ཀྱི་རང་རང ་གི་ལྷ་རྣམས་ལྔ་ཐིམ་ནས་སླར་ཡང་ཆེད་དུ་བརྗོད་པ་ཚོང་དུ་བརྗོད་པར་བྱེད་པ་ནི་ཨེ་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཨེ་མེ་ཞེས་པ་སྔོན་བཞི་ནོ།། སངས་རྒྱས་ཐཾད་ཀྱི་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། རྒྱ་ཆེན་ནི་གཟུགས་ཀྱི་སྐུ ་སྟེ་གདོད་ནས་སྐྱེ་བ་མེད་པ་ནི་ཆོས་ཀྱི་སྐུའོ།། དེ་ལྟར་ན་རྒྱ་ཆེ་བས་ནི་ཐོང་དུ་ཁྱབ་པར་ནུས་ལོ། གདོད་མ་ནས་མ་སྐྱེས་པས་ནི་ངོ་བོ་ཉིད་མེད་པའི་ཕྱིར་ཕན་ཚུན་ཐོགས་པ་དང་ཐ་དད་པར་ཞེན་པ་དང་བྲལ་བས་སངས་རྒྱས་གཅིག་ཉིད་ཐ~ཾད་ཀྱི ་ངོ་བོ་ཡིན་ཏེ། ཐོགས་པ་མེད་པའི་སྐུ་ཙན་ཞེས་པའི་དོན་ཏོ།། དེས་ན་རྡུལ་ཕྲིན་བགྲང་བ་ཡིན་པའི། སངས་རྒྱས་ཐ~ཾང་གཅིག་ཏུ་བྱོན།། ཞེས་པ་ནི་འཐད་པའོ།། དེ་ལྟར་རྣལ་འབྱོར་གྱི་དབང་ཕྱུག་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དེས ་རྒྱས་ཐ~ཾད་ཀྱིས་བསྟོད་ཅིང་བསྔགས་ལ་བསྐུར་བར་བྱས་པས་ལྷག་པར་མོས་པ་བརྟན་པར་བྱས་ནས་དཔེ་མེད་པའི་ཐབས་མཁས་པས་ཡང་སླར་ཐ་དད་པའི་ལུས་ལ་གནས་པས་ལུས་ཀྱི་བྱ་བ་ལ་འཇུག་པའི་ཕྱིར། དེ་ནས་དཔལ་རྡོ་རྗེ ་སེམས་པའི་གནས་ན་གནས་པའི་རྣལ་འབྱོར་པས་ཞེས་བྱ་བ་སྨོས་པ་སྟེ། འདིར་གང་ཞིག་གང་གི་ཟློས་པ་པོ་ཡིན་ཡང་རུང་སྟེ། དཔལ་རྡོ་རྗེ་སེམས་དཔའ་དང་ཐ་མི་དད་པར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནས་འཐོན་པ་དེའི་གན ་སུ་བསྡད་ཅེས་པའོ།། དེར་གནས་ནས་ཅི་ཞིག་བྱེད་ཅེ་ན། དེའི་ཕྱིར་ཕྲེང་བའི་དབང་ལ་སོགས་པ་བླངས་ལ་ཞེས་སྨོས་ཏེ། དཀྱིལ་འཁོར་དུ་ཞུགས་ལ་མིག་ཕྱེ་སྟེ། ཕྲེང་བ་དོར་ལ་དེ་བླངས་ཏེ་སྤྱི་བོར་གདགས་པས་དབང་བསྐུར་ནས་དབང་ལྷག ་མ་ལྔ་དང་རྡོ་རྗེ་བརྟུལ་ཞུགས་བླང་བ་སྔོན་བཞིན་བྱ་བ་ཞེས་བྱ་བའི་དོན་ཏོ།། ཅི་དེ་ཙམ་དུ་ཟད་དམ་ཞེ་ནུ་དེའི་ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུགས་པ་དང་བཅིང་བ་དང་དབང་དུ་བྱས་ལ་རྣམ་པར་སྣང་མཛད་ལ་སོགས ་པ་ཕྱག་རྒྱ་བཞིས་རྒྱས་གདབ་པ་བྱ་སྟེ་ཞེས་བྱ་བ་སྨོས་ཏེ། སྡོ་མ་ནི་ཕྱོགས་བཅུའི་སངས་རྒྱས་འཁོར་དང་བཅས་པ་རྣམས་བསྡུ་བས་སྤྱིར་བྱ་བ་ཡིན་ལ། འདིར་དགུག་པ་ལ་སོགས་པ་ནི་རང་གི་དཀྱིལ་འཁོར་བ་ཉི་མ་ཆོ་ག་ཐུན་མོང་མ ་ཡིན་པའོ།། འོ་ན་བྱེ་བྲག་ནི་སྤྱིར་འདུས་པས་སྔ་མའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐངད་བསྡུས་པའི་ཁོངསུ་རང་གི་དཀྱིལ་འཁོར་པ་ཡང་འདུས་པ་མ་ཡིན་ནམ། དེ་བཞིན་དུ་རིགས་པ་སྔ་མས་ལྷ་ཐད་བདག་ཉིད་གཅིག་མྱོང ་ཅེ་ན། རང་བཞིན་ལོན་ལྷ་གཅིག་ཁོ་ནའི་བྱ་བས་ལྷ་ཐམས་ཅད་ཀྱི་བྱ་བར་འགྱུར་བས་ན་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བསྟན་པའོ།། འོན་ཀྱང་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་འདི་ལྟ་བུ་ནི་ཤིན་ཏུ་སྤྲོས་པ་ལ་དགའ་བའི་ག ་ཟག་གི་ངོར་བྱས་ཤིང་ཡང་དང་ཡང་དུ་ཏིང་འཛིན་གྱི་རྣམ་པར་འཕྲུལ་པ་བསྟན་པས་རྣལ་འབྱོར་སེམས་སྦྱང་བ་ནི་འདི་ལ་ཡང་ཉེས་པས་འདིར་དགོས་པ་བསྐྱེད་པར་མི་བྱའོ།། དེ་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་བྱ་བ་དང ་ཕྱག་རྒྱ་བཞིས་རྒྱས་གདབ་པོ་ནི་སྔ་ཕྱིར་ཞིབ་ཏུ་དཔྱད་པས་འདིར་བདག་གིས་ཀྱང་བརྗོད་མི་དགོ་སོ།། དེ་ལྟར་ལོས་བྱེད་པ་པོ་རྣམས་ཀྱི་ཚུལ་རྒྱས་པར་བསྟན་ནས་ད་ནི་ལས་ཇི་ལྟོ་བ་ལ་གཞིག་པ་བསྟན་པའི་ཕྱིར་སངས་རྒྱས་ཐང་གཅིག་ཏུ ་བོསྟྲ་བོ་དང་ཞེས་བྱ་བ་ལ་སོགས་པོ་སྨོས་ཏེ། དེ་ལ་རྣམ་པར་སྣང་མཛད་ནི་དང་པོ་མངོན་པར་རྫོགས་པར་བྱང་ཆུབ་མ་ཐག་ཏུ་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་པས་རྡོ་རྗེའི་དབྱིངས་གྱུར་པས་ངོས་སངས་རྒྱས ་གཅིག་ཏུ་བསྡུས་པའོ།། མི་བསྐྱོད་པ་ལ་སོགས་པ་ཡང་སྔར་སངས་རྒྱས་ཐམས་ཅད་དུ་མོས་པས་ཕྱོགས་བཞིར་བཞུགས་ཤེས་བྱ་བའི་ཚུལ་གྱིས་སངས་རྒྱས་གཅིག་ཏུ་བསྡུས་པ་སྟེ། མདོར་བསྔོས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི ་ཁམས་རབ་འབྱམ་ཐམས་ཅད་དུ་གང་ན་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་ལོངས་སྤྱོད་རྫོགས་པའི་སྐུས་འདུལ་བ་དེ་དང་དེ་བཞིན་གཤེགས་པ་འདི་ལྔ་གཤེགས་ཏེ། ལྔ་མངོན་པར་བྱང་ཆུབ་བསྟན་ནས་དེའི་རྗེསུ་འགྲོ་བའི་རཱིས ་ང་པོ་འཇུག་པོར་མཛད་ཅེས་པའི་དོན་ཏོ།། རིགས་ཐམས་ཅད་རྒྱས་གདབ་པ་དང་ཞེས་བྱ་བ་ལ་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའོ།། འདི་ཐ~ཾད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་ན་རིགས ་ཐད་དོ།། དེ་དག་ལ་རྒྱས་གདབ་པ་ནི་སེམས་མ་རྡོ་རྗེ་མ་ལ་སོགས་པས་དཔྲལ་བའི་སྟེང་ལ་སོགས་པར་རྒྱས་བཏབ་པས་སྔར་བསྟན་པ་ལྟར་རིགས་ལྔའི་དབུ་རྒྱན་གྲུབ་པར་བྱ་བ་སྟེ། ཇི་སྐད་དུ་རྣལ་འབྱོར་གྱི་རྒྱུད་ཁ་ཅིག་ལས། རྒྱལ་འབྲས་བུས ་རྒྱས་གདབ་ཅིང་།། འབྲས་བུ་ལ་ཡང་རྒྱུའི་རྒྱུས་བཏབ།། གཞན་དུ་བསྐལ་པ་བྱེ་བར་ཡང་།། དངོས་གྲུབ་འབྱུང་བར་མི་འགྱུརརོ་ཞེས་གསུངས་པ་འདིར་རྒྱུ་སྟེ། དེ་བཞིན་གཤེགས་པའི་རིགས་རྣམས་ལོ་འབྲས་བུ་དེ་བཞིན་གཤེགས་པ་རྣམས་ཀྱི ་རྒྱས་གདབ་བོ།། དེ་ཡང་བུའི་རྒྱུན་མ་མས་འདོགས་པ་ལྟར་རིགས་ཀྱི་ཡུམ་རྣམས་ཀྱིས་རྒྱས་འདེབས་པའི་བྱེད་པ་པོར་བྱའོ།། དེས་ནི་ཆོས་ཀྱི་རྒྱལ་པོའི་སྲས་སུ་བྱིན་གྱིས་བརླབས་པས་སེམས་དཔའ་རྣམས་ལྷག་པར་མཐུ་དང་ལྡན་པར་འགྱུར ་དེ་བཞིན་དུ་འབྲས་བུའི་ངོ་བོ་དེ་བཞིན་གཤེགས་པ་རྣམས་ལ་ཡང་རྒྱུ་སྟེ། རིན་ཆེན་རྡོ་རྗེ་མ་རིན་པོ་ཆེའི་དབུ་རྒྱུན་དུ་གནས་པར་བྱས་ན་འཁོར་རྣམས་ལ་ལྷག་པར་སྐྱོང་བའི་མཚན་ལས་རྒྱལ་པོར་རུང་བར་མཚན་པའོ།། དེ་ལྟར་ན་ཕྱོགས ་བཅུའི་འཇིག་རྟེན་གྱི་ཁམས་རྣམ་སུ་སེམས་མ་རྡོ་རྗེ་མ་ལ་སོགས་པ་འཕྲོས་ཏེ་གང་ནི་རྣལ་འབྱོར་པ་རིགས་དེ་དང་དེ་ལ་རྒྱས་གོང་བ་པར་འོས་པ་དེ་དག་ལ་རྒྱས་གདབ་པར་བསམ་མོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་ཞེས་བྱ་བ་ལ ་སོགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འོ།། དམ་པའི་ཆོས་ཀྱི་གྲོང་ཁྱེར་བསྐྱང་བ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པའི་དབང་དུ་བྱས་པ་སྟེ། དེ་དག་ནི་གོང་ན་དཀྱིལ་འཁོར་ཆེན་པོ་བཀོད་པ་ཡོད་པ ་དེར་སྔོན་གྱི་སྨོན་ལམ་དང་དཀྱིལ་འཁོར་དེའི་བདག་པོའི་མཐུ་དང་སྔོན་གྱི་དམ་ཚིག་གིས་ངེས་པར་འདུ་བ་ཡིན་པས་དེ་དག་ལ་དམིགས་ཀྱིས་བཀར་བའི་སྤྱན་དྲང་བུ་མེད་ཀྱང་འདུས་པར་ལྷག་པར་མོས་པར་བྱའོ།། ་དེ་ལ་འདིར་དོན་ནི་རྣལ་འབྱོར་པའི་བསྡུ་བའི་རྣལ་འབྱོར་གྱི་བསྡུས་ཏེ། བསྡུས་པས་བྱོན་པའི་ལྷ་རྣམས་ཀྱིས་ཕྱག་འཚལ་བ་དང་བསྟོད་པ་བྱས་ནས་སྙིང་གར་ཞུགས་ཤིང་སླར་ཕྱི་རོལ་ཏུ་ལྷ་རྣམསྡེ་ལ་ཐིམ་སྟེ་ཆེད་དུ་བརྗོད་ནས། དེའི ་འོག་ཏུ་རང་གི་ལྷག་པའི་ལྷའི་ལུས་ཐ་དད་པུ་ལ་བརྟེན་ཅིང་དཀྱིལ་འཁོར་དུ་འཇུག་པ་དང་དབང་བསྐུར་བ་བྱས་ལ། རྡོ་རྗེ་བརྟུལ་ཞུགས་གཟུང་ནས་ལྷ་རྣམས་དགུག་པ་དང་གཞུགས་པ་དང་། བཅིང་བ་དང་དབང་དུ་བྱ་སྟེ། ཕྱག་རྒྱ ་བཞིས་རྒྱུས་བཏབ་པ་ལ་དེའི་འོག་འདི་ལྟར་སྨོས་པར་བྱའོ།། ཅི་ཙམ་ན་མཁའི་མཐས་ཀླས་པ་འདི་ན་དཀྱིལ་འཁོར་ཆེན་པོ་འདིའོ་ལྷ་རྣམས་ཀྱིས་གདུལ་བར་བྱ་བ་ནི་ཚད་མེད་པ་ཞིག་ཡོད་པས། བདག་གི་སེམས་ཅན་ཐེད་ལ་ཕན ་པ་དང་བདེ་བ་བསྒྲུབ་པའི་ཕྱིར་དཀྱིལ་འཁོར་ཆེན་པོ་བསྒྲུབས་པ་ནི་ཕྱོགས་བཅུའི་འགྲོ་བའི་དོན་ལ་སྤྲོ་བར་བྱའོ་ཞེསོ།། དེ་ནས་དང་པོ་དེ་བཞིན་གཤེགས་པ་ལྔ་སྤྲོས་ཏེ་དེ་དག་གི་ལས་ཕྱོགས་བཅུ་རབ་འབྱམས་མཐའ་མེད་པར ་མཛད་པ་ལ་གནས་པར་བསམ་མོ།། རིམ་པ་འདིས་ཐད་ཀྱང་སྤྲོས་ཏོ།། མཇུག་ཏུ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ལ་ཡང་ཁྱེད་ཀྱང་ཕྱོགས་བཅུ་གོང་ན་གདུལ་བྱ་ཆེན་པོའི་ཕྱིརརོ།། དཀྱིལ་འཁོར་བཀོད་པ་དེར ་བཞུད་ལ་དཀྱིལ་འཁོར་གྱི་ཁང་པར་སེམས་དཔའ་ཆེན་པོས་གང་བར་མཛོད་ཅིག་ཅེས་བསྐུལ་བའི་ཡིད་ཀྱིས་དེ་དག་བཏང་བས། ཕྱོགས་བཅུ་རབ་འབྱམས་མཐའ་མེད་པའི་དཀྱིལ་འཁོར་གྱི་ཕོ་བྲང་དུ་དེ་དག་གཤེགས་ཏེ། དཀྱིལ ་འཁོར་རེ་རེ་ན་ཡང་སེམས་དཔའ་ཆེན་པོ་སྟོང་དུ་བཞིས་མ་ཚང་བ་རྣམས་འཁོད་ཅིང་དཀྱིལ་འཁོར་ཆེན་པོ་ཡོངསུ་སྐྱོང་བ་ལྟར་བསྐོར་ཏེ་གནས་པོར་མོས་པར་བྱའོ།། འདིས་ནི་རང་གི་ལྷའི་ཚོགས་ཇི་སྙེད་པ་སྟེང་འོག་དང་ཐད་ཀར ་ཕྱོགས་དང་མཚམས་ཀྱི་འཇིག་རྟེན་གྱི་ཁམས་ཐད་དུ་སེམས་ཅན་ཆེན་པོ་དག་གི་དོན་ལ་གཤེགས་པར་ལྷག་པོར་མོས་པར་བསྟན་པའོ།། གཞན་དག་ནི་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པར་བསྒྲུབ་པར་ཞེས་བྱ་བ ་ཐུན་མོང་གི་དམ་ཚིག་སེམས་དཔའ་རྣམས་ཀྱི་མཇུག་ལ་སྨོས་པ་ལྟར་དམ་པའི་ཆོས་ཀྱི་གྲོང་ཁྱེར་བསྐྱང་བ་ཞེས་བྱ་བ་འདི་ཡང་ཐུན་མོང་གི་ཚིག་ཡིན་པས་ན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ་ཞེས་ཟེར་ཏེ། དེ་ནི་མི་འཐད་དོ་ག ་ཏེ་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་འདིར་བསྒོམ་པའི་དཀྱིལ་འཁོར་ལ་མེད་ན་ཕྱིས་རྡུལ་ཚོན་ཡང་བྲི་བར་མི་རིགས་ཏེ། འདིར་ཇི་ལྟར་བསྒོམས་པ་ལྟར་ཕྱིས་རྡུལ་ཚོན་དུ་བྲི་བའི་རིགས་པས་སོ།། གཞན་དག་ནི་ཛ ་ལྟ་ར་བསྐལ་པ་བཟང་པོ་པ་རྣམས་འདིར་སྒོམ་པ་བཞིན་དུ་དཔེ་མེད་པའི་སེམས་དཔའ་དང་། དག་པའི་སེམས་དཔའ་དག་ཀྱང་སྒོམ་ཞིང་སྤྱི་སྟེ། དེ་དག་ཀྱང་དམ་པའི་ཆོས་ཀྱི་གྲང་ཁྱེར་སྐྱོང་བས་སོ་ཞེས་ཟེ་རོ།། ཡང་གཞན ་དུག་ནི་ལྷ་དང་ལྷ་མ་ཡིན་དང་ཀླུ་དང་དྲི་ཟ་ལ་སོགས་པའི་འཁོར་བསྟན་པ་འདི་ལ་དད་པ་མི་བྱེད་པ་རྣམས་ཀྱང་འདིར་བསྒོམས་པར་བྱ་སྟེ། དེ་དག་ཀྱང་སྔོན་གྱི་ངམ་ཚིག་གིས་འདུ་བར་བྱེད་ལ། ཁྭ་ཅིག་དེ་དག་གིས་འདུལ་བ་དག་ཀྱང་ཡོད ་བས་སོ་ཞེས་ཟེར་ཏེ། འདི་ལྟ་བུ་ནི་ངེས་པར་སྒྲིབ་པ་ཡང་མི་བྱ་ལ། འགའ་ཞིག་དེ་ལྟར་ལྷག་པར་མོས་པར་བྱེད་ན་ཡང་སུན་ད་བྱུང་དུ་ཅི་ཞིག་ཡོད་དེ་རང་གི་འདུན་པ་ཇི་ལྟ་བར་འཇུག་པ་ལ་ཉེས་པ་མེདོ།། སེམས་ཅན་ཟད་གསང་སྔགས་ཀྱི་ལམ ་དུ་འཇུག་ཅིང་ཡོངསུ་སྨིན་པར་བྱེད་པ་ནི་འདིར་ལས་ཏེ། ལས་རྣམས་ཀྱི་རྒྱལ་པོ་ལྟར་གཙོ་བོར་གྱུར་པས་ན་ལུས་ཀྱི་རྒྱལ་པོའོ།། དེ་ཉིད་ཀྱི་ཕྱིར་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པའི་ལས ་ལུས་མཆོག་ཏུ་གྱུར་པས་ན་མ་ཆོག་སྟེ། ཐང་དུ་ཁྱབ་པ་དང་ཐེག་པ་ཆེན་པོར་འདྲེན་པ་དང་། སངས་རྒྱས་ཀྱི་ཕྲིན་ལས་སུ་གྱུར་པ་དང་། ད་པེ་མེད་པའི་ཐབས་མཁས་པ་ལས་བྱུང་བའི་ཕྱིར་ན་མཆོག་ཅེས་བྱའོ།། དེ་སྐད་ཅེས་བྱ་བའི་ཏིང་འཛིན ་སེམས་རྩེ་གཅིག་པོའི་མཚན་ཉིད་ཀྱི་ལས་ཞེས་པའི་དོན་ཏོ།། དེ་ལྟར་ལུས་དང་ངག་དང་ཡོད་གསུམ་རྣམ་པར་དག་པས་བསྒྲེང་བ་བྱས་ཏེ་ཚོགས་རྣམ་པ་གཉིས་བསགས་ཤིང་གཞན་གྱི་དོན་བྱས་ནས་བོདག་ལྷག་པར་གནས་པ་དང་བདག ་ཉིད་རྫོགས་པར་བྱ་སྟེ། ལྔ་མངོན་པར་བྱང་ཆུབ་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་སྤྲུལ་ཏེ། ཡང་དཀྱིལ་འཁོར་པ་ཐང་ཕྱོགས་བཅུའི་འཇིག་རྟེན་དུ་ཕྲིན་ལས་ལ་བཀོད་པར་གྱུར་ཅེས་འདས་པ་ཐད་ཀྱི་ཆོ་གའི་རིམ་གྱི་དང་པོའི་རྣལ་འབྱོར ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་རྣམས་རྫོགས་པར་གྱུར་པའོ།། ད་ནི་ཕྱོགས་བཅུར་རང་རང་གི་ཕྲིན་ལས་ལ་གཤེགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐ~ཾད་སླར་བསྡུ་བའི་རྣམ་པར་འཕྲུལ ་པ་བསྟན་ཏེ། བཟླས་བརླང་བྱ་བས་མཚན་མ་ཐོབ་པར་བྱ་བ་དེ་བསྟན་ཏེ། དེ་ལྟར་ན་ལས་ཀྱི་རྒྱལ་པོ་མཆོག་གི་མཐར་ཐུག་པ་ནི་སྔོན་དུ་བསྟན་པའི་ཆོ་ག་ལས་སྔོན་དུ་བྱ་བ་ཞེས་བྱ་ལ། དེ་འདི་དག་གི་སྔོན་དུ་བསྙེན་པ་དངོས་ཏེ། འདིར་ནི ་བཟླས་བརྗོད་ཀྱི་བསྙེན་པ་གཙོ་བོར་གྱུར་ལ་བཟླས་བཛྲོད་དེ་ཡང་ང་འདིར་ཤིན་ཏུ་སྐབསུ་གྱུར་པས་སྟོན་པསོ།། དེ་ལ་དང་པོ་ནི་ལྷ་རྣམས་སྤྱན་དྲངས་པ་མཆོད་པའི་ཕྱིར་མཆོད་པ་བྱིན་གྱིས་བརླབ་ཅིང་། དེ་ནས་སྒོ་དབྱེ་ཞིང་བསྡུ་བ་དང་དཔལ ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དུ་གནས་པས་བསྟོད་པ་དང་། དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་དང་། བགེགས་བསྐྲད་ཅིང་བསྲུང་བ་བྱས་ལ་སྒོ་བཅད་པ་དང་མཆོད་ཡོན་ཕུལ་ནས་བལྟོ་ཞིང་བྱིན་གྱིས་བརླབས ་ཏེ་སྙིང་པོ་དང་སྔགས་བརྗོད་ལ་ཕྱག་རྒྱ་གསུམ་གྱིས་ཀྱང་རྒྱས་བཏབ་སྟེ་དབང་བསྐུར་ལ་མཆོད་པ་རྣམས་ཀྱིས་མཆོད་ཅིང་ཕྱག་འཚལ་ཏེ། རྡོ་རྗེ་དང་དག་པ་དང་མཉམ་པར་བསྒོམས་ནས་ཡི་གེ་བརྒྱ་པ་བརྗོད་ཅིང་ཐ~ཾད་བདག་ཏུ་མོས་པ། ་ལྷ་ཐད་བཟླས་པའི་གནས་སྐབས་ལྀ་བཞག་སྟེ། བཟླས་པོ་ལ་ཡང་སྐྱོ་ནས་བསྟོད་པ་དང་མཆོད་པ་བྱས་ཏེ་ཕྱག་བྱས་ལ་ཕྱག་རྒྱ་དགྲོལ་པ་དང་དབང་བསྐུར་བ་བྱ་སྟེ། བསྲུང་བའི་ཐལ་མོ་བརྡབས་པའི་བར་དུ་བྱས་ལ་ཡི་གེ་བརྒྱ ་བརྗོད་དེ། དགེ་བ་ཡོངསུ་བསྔོ་བ་དང་བཟོད་པར་གསོལ་བ་དང་། མཆོད་ཡོན་དང་བཅས་པས་གཤེགསུ་གསོལ་བར་བྱ་བ་ཞིང་ཇི་ལྟ་བར་སྤྲུལ་པའི་དཀྱིལ་འཁོར་བསྡུས་ལ་བསྲུང་བ་བྱསྣ་ཏེ་མཉམ་པ་ཡ་གཞག་པའི་བྱ ་བ་རྣམས་བྱ་བ་འདི་ནི་དཀྱིལ་འཁོར་ཆེན་པོའི་རྣལ་འབྱོར་གྱིས་སྔོན་དུ་བསྙེན་པ་སྟེ་དེའི་དུས་ཀྱི་ཚད་ཀྱང་གང་ཟག་གི་དབྱེ་བས་རྣམ་པ་གསུམ་དུ་བསྟན་ཅིང་། མཐར་ཐུག་པའི་དུས་ལྷས་གནང་པོ་ཡིན་པར་བསྟན་ལ། གང་ཡོང ་རུང་སྟེ་བྱ་བ་གཞན་སྤངས་པས་སྔ་དྲོ་དང་ཉི་མ་གུང་དོང་ཕྱེ་འཕྲེང་དང་ནམ་ཕྱེད་དང་དུས་མཚམས་བཞིར་བྱའོ་ཞེས་ངེས་པར་བྱས་པའོ།། དེ་བཞིན་དུ་གང་དག་ཕྱག་རྒྱ་བཞིའི་རྣལ་འབྱོར་ལ་མོས་པ་དེའི་དབང་དུ་བྱས་ཏེ་ཡང་ན ་སྔོན་བཞིན་དུ་ཞེས་བྱ་བ་ལ་སོགས་པའོ།། གང་དག་ཕྱགཽ་རྒྱུ་གཅིག་པའི་རྣལ་འབྱོར་ལ་དགའ་བ་དགའ་བ་དག་གི་ཕྱིར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འོངས་པོའི་སྔགས་ཐད་ན་ཞེས་བྱ་བ་ལ་སོགས་པ་སྨོས་པའོ།། དཀྱོར ་གྱི་སློབ་དཔོན་གང་ཡང་རུང་སྟེ། མངོན་སུམ་གྱི་མཐུ་ཅུང་ཟད་ཐོབ་ན་བདག་དང་གཞན་སྔགས་ཀྱི་ལམ་ལ་ཡིད་ཆེས་པར་འགྱུར་ཞིང་ལྷག་པར་སློབ་མ་དཀྱིལ་འཁོར་དུ་འཇུག་པ་དགོ་ཆེས་བླ་མ་ལ་དད་ཅིང་གུས་ལ་ཕྱིར། ་མི་ལྡོག་པའི་རྒྱུའི་ཕྱིར་ན་གདག་པ་དང་དབབ་པའི་ཆོ་ག་ངེས་པ་བསྟན་ཏེ་འདི་ནི་རྣལ་འབྱོར་གསུམ་གྱི་སློབ་དཔོན་གྱིས་སྔོན་དུ་བསླུ་བ་སྟེ། གཞན་དུ་ན་བྱིན་གྱིས་བརླབས་གང་ཡང་མེད་པའི་དཀྱིལ་འཁོར་གྱི་བླ་མོས ་ནི་སེན་མགུ་བར་བྱེད་མི་ནུས་པསོ།། གང་དུ་ཡང་སྔར་བསྙེན་པས་མཐུ་ཅན་དུ་མ་བྱས་པར་དཀྱིལ་འཁོར་དུ་གཞན་དབང་མི་བསྐུརོ་ཞེས་དགོངས་པས་ན་སྔོན་དུ་བསྙེན་པའི་ཆོ་གའོ།། ཞེས་གཞུང་ཉེ་བར་བསྡུ་བ་བསྟན་ཏོ།། དེ་ལྟ་ཡིན། ་ན་ཅིས་ན་སྔར་བསྡུ་བ་དང་སྤྱན་དྲང་བ་ལ་སོགས་པ་དག་ལ་ཅིས་ན་སྒོ་དབྱེ་བ་ལ་སོགས་པ་དང་། མཆོད་པ་རྒྱུས་པ་འདི་ལྟ་བུ་དང་སྒོ་བཅད་པ་ལ་སོགས་པ་ཅིས་ན་མི་བྱ་ཞེ་ན། རྣམ་པར་སྤྲོས་པ་རྒྱས་པ་འདི་ལྟ་བུ་ལྷ་ལ་དམིགས་པ ་དེ་སྙེད་དུ་བྱས་ནས་ཤིན་དུ་གཡེང་བར་འགྱུར་བ་དང་། བྱ་བའི་རྒྱུད་ལ་ཞུགས་པའི་གང་ཟག་ལྟར་བགེགས་ལ་སོགས་པའི་རྟོག་པ་ཤིན་དུ་མང་དུ་འབྱུང་ཞིང་དེ་ཉིད་ཀྱིས་གླགསུ་གྱུར་སྲིད་དེ། འཇིག་ལས་ལྷག་པའི་བགེགས ་གཞན་མོད་ཅེས་བསྟན་པས་སོ།། གཞན་ཡང་ཐམས་ཅད་དུ་འདི་ལྟ་བུའི་བྱ་བ་རྫས་དང་ཡིད་ལ་བྱེད་པས་ནུས་པའང་རབ་ཏུ་དཀའ་བས་ན་སྔར་སྔོན་དུ་བྱ་བའི་ཡན་ལག་རྣམ་པ་གསུམ་གྱིས་དུསུ་ནི་མདོར་བསྡུས་པའི་ཆོ་ག ་ཙམ་གྱིས་བྱས་ལ་འདིར་ནི་མཐར་ཐུག་པ་དངོས་གཞིའི་རྣལ་འབྱོར་ཡིན་པས་ཆོ་ག་ཐ~ཾད་རྫོགས་པར་བྱའོ།། འདིར་གང་དག་ལས་ཀྱི་རྒྱལ་པོ་མཆོག་དང་བསྙེན་པའི་བསྟན་ཆོ་ག་དངོས་གཞི་སྤྱད་པ་གཉིས་ཀ་གཅིག ་ཁོ་ནར་བྱས་ཏེ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བརྗོད་ཅིང་སྔར་ལས་ཀྱི་རྒྱལ་པོ་མཆོག་ཅེས་བསྡུས་པའི་གཞུང་ན་མདོར་བསྟན་པ་ཡིན་ལ། དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངསུ་བཟླས་པ་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར ་བསྟན་པའོ་ཞེས་ཟེར་བ་དེ་དག་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ལ་ཁ་ཕྱིར་བསྟན་པ་སྟེ་ཐམས་ཅད་དུ་ཡང་སྔར་བྱ་བ་གསུམ་བྱས་ནས་བསྙེན་པའི་དངོས་གཞི་སྤྱད་པ་ཁོ་ནར་འདོད་པས་སོ།། དེ་ལ་རྡོ་རྗེ་བསྡུས་པས་དཀྱིར། ་བྱ་ཁང་པ་རྩེགས་མཱཾའི་ཉེ་འཁོར་དུ་བྱོན་པ་ནི་སྤྱན་དྲངས་པ་དང་པོའོ།། དེ་ནས་ཡང་དེ་ནས་སྒོ་རྣམས་ཐམས་ཅད་དུ་ལྕགས་ཀྱུ་སོགས་ཀྱིས་ལོས་བགྱིས་ཏེ། ཞེས་བྱ་བ་ལ་སོགས་པས་ནི་ནང་དུ་སྤྱན་དྲངས་པ་སྟེ་གཉིས་པའོ།། བལྟ་བ་ལ ་སོགས་པས་ནི་གཉི་སུ་མེད་པར་བྱ་སྟེ། ལུས་ཀྱི་ནང་དུ་སྤྱན་དྲངས་པས་ན་ཆོ་ག་གསུམ་པའོ།། ཐམས་ཅད་ངུ་ཡང་མཚན་ཉིད་བཞི་བཞི་དང་ལྡན་པའི་ཕྱིར་ཛཿཛྙཱ་བཾ་ཧཽཿཞེས་གནས་གསུམ་ཅར་དུ་སྦྱར་རོ།། གླང་དུ་རྟོགས་པ་ཁྱད་པར་ཅན ་ཡོད་པ་དེར་ནི་ལྷ་གཅིག་གི་རྣལ་འབྱོར་གྱིས་ཐམས་ཅད་ཀྱི་རྣལ་འབྱོར་བྱས་པར་འགྱུར་བས་ན། དང་པོར་དེ་བཞིན་གཤེགས་པ་ལ་སོགས་པའི་སྐྱོ་གསུང་ཐུགས་གང་ཡིན་པ་བདག་གི་ལུས་ངག་ཡིད་དོ་ཞེས་སྨོས་དྨ་ཤྲི་། དེ་ཡང ་གདོད་མ་ནས་མ་སྐྱེས་ཤིང་གང་མོ་སྐྱེས་པ་དེ་ལ་དྲི་མ་མི་དམིགས་པོས་གདོད་མ་ནས་དག་པ་དང་། དེ་ལྟར་མ་སྐྱེས་ཤིང་དྲི་མ་མེད་པ་ཅིའི་ཕྱིར་ཞེས་སེམས་པ་སྲིད་པ་ལྔ་གང་ཟག་དང་ཆོས་ལ་བདག་མེད་པའི་ཕྱི་རོ་ཞེས་མི ་པ་འདི་ལྟ་སྟེ། དེས་ནི་ལྷ་རྣམས་ཀྱི་སྐུ་གསུང་ཐུགས་དང་བདག་གི་ལུས་དང་ངག་དང་ཡིད་མཉམ་པར་ཡང་ཡིད་ཆེས་པའི་རྒྱུར་བསྟན་ཏེ། དེ་དག་བདག་མེད་པར་འདྲ་ཞིང་བདག་དང་བྲལ་བའི་ཆོས་ཉིད་དུ་དབྱེར་མེད་པས་སོ། ་ཁ་ཅིག་བཟླས་བརྗོད་ཀྱི་རྣལ་འབྱོར་ལ་ནི་སྒོམས་པ་མི་དགོས་ཏེ། དྲག་གཙོ་བོའི་ཕྱིརརོ་ཞེས་རྟོག་པ་སྲིད་པས་ཇི་སྲིད་སྐྱོ་བ་མ་སྐྱེས་ཀྱི་བར་དུ་བསྒོམ་པར་བྱའོ།། ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་ནི་ལམ་འདི་ཡིས།། གསང་སྔགས་ཚིག ་རྣམས་བསམས་ན་ནི།། འབྲས་བུ་རྫོགས་པར་ཐོབ་འགྱུར་གྱིས།། འདོན་པ་ཉི་ཚེས་དེ་ལྟར་མིན།། ཞེས་བྱ་བའི་ལུག་སྲོ་ཀྱིས་བསྒོམ་པ་དང་བཅས་པ་ཁོ་ནར་བཟླས་ཀྱི་གཞན་དུ་ན། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།། དུས་ནི་རིང་པོར ་བྱས་གྱུར་ཀྱང་།། སེམས་གཞན་གཡེངས་པ་བྱས་པ་ནི།། དེ་ཉིད་མཁྱེན་པས་དོན་མེད་གསུངས།། ཤེས་པའི་གནས་སྐབསུ་འགྱུརརོ།། དེ་ལ་འདིའི་བསྒོམ་པ་ཇི་ལྟ་བུ་ཞེ་ན། ལྷ་ཐཾད་བཟླས་བརྗོད་ལ་གནས་པར་དམིགས་པ་དང་། ་རང་གི་སྙིང་གར་སེམས་དཔའི་རྡོ་རྗེའི་དབུས་སུ་ཟླ་བ་ལ་ལྷག་པའི་ལྷོའི་སྔགས་ཡིད་ཀྱིས་བྲིས་པ་ལ་དམིགས་པ་ནི་སྐབསུ་ཞར་ལ་དྲན་པར་བྱ་བའི་སྒོམས་པའོ།། དེ་དག་ལས་གཞན་པ། རྣལ་འབྱོར་མེད་པའི་གསང་སྔ ་འདི།། དེ་ལྟར་འབྲས་བུ་སྟེར་མི་འགྱུར་གསང་སྔགས་ཚིག་ནི་གསང་སྔགས་ཏེ། དེ་ཕྱིར་རྣལ་འབྱོར་མེད་མི་བྱ་ཞེས་བྱ་བ་འདིར་འདོད་པ་སྟེ། གསང་སྔགས་ཀྱི་ཚིག་གི་དོན་ལ་དམིགས་ཏེ་བཟླས་ཞེས་པའོ།། དེ་ལ་སྔར་བསྟན་པའི་ཚུལ ་གྱིས་བཛྲ་ནི་ཐབས་ཁྱད་པར་ཅན་ལ་སཏྭ་ནི་ཤེས་རབ་ཕུལ་ཏུ་བྱུང་བའོ་ཞེས་བྱ་བ་དང་དེ་ནི་དོན་ལ་འཇུག་པ་རྩོམ་པ་ནི་ཕྱག་འཚལ་བ་སྟེ། དེ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པ་བསྡུས་པ་རྣམ་པར་ཐར་པའི་སྒོ་བཞིས་མཚ ་པ་ནི་ཧཱུཾ་གི་ཡི་གེའོ།། དེ་ལྟར་བྱུང་བའི་ངག་གི་སྤྱོད་ཡུལ་འདི་དག་ཉིད་དཔལ་རྡོ་རྗེ་སེམས་དཔའོ་ཞེས་དམིགས་པ་འདི་ཉིད་འདིའི་བསྒོམ་པའོ།། མདོར་བསྡུས་ན་ལྷའི་དེ་ཁོ་ན་འམ་འཕྲིན་ལས་སམ་མཚན་མ་འམ་མརྒྷ ་གྱི་རྗེ་སུ་འབྲང་ཡང་རུང་བས་དེའི་རྣམ་པར་ཐར་པ་ལ་དམིགས་ཏེ། རྣམ་པར་ཐར་པ་ཁྱད་པར་ཅན་གྱི་ལྷ་དེ་ནི་སྔགས་འདིའོ་ཞེས་རྣམ་པར་གཡེང་བ་དང་བྲལ་བར་བཟླསོ།། དེས་ན་འདྲིར་ཤིན་དུ་ཡིད་ནང་དུ་ཕྱོགས་པས་ནང་གི་རྣལ་འགྱུར ་ལ་གནས་པ་ཁོ་ན་གཙོར་བྱའོ། གཞན་དུ་ན་བྱ་བའི་རྒྱུད་ཀྱི་རྗེསུ་འབྲང་བའི་རྣལ་འབྱོར་པ་ལྟར་མི་ཟད་པའི་བརྟུལ་ཞུགས་འཛིན་པ་དང་། ཡང་བྲལ་ལྕེ། ནང་གི་རྣལ་འབྱོར་ཡང་མེད་ན། ཤིན་དུ་མ་རུངས་པའི་གནས་སྐབས་ལ ་གནས་པར་འགྱུར་རོ།། གཞན་ཡང་འདིས་ནི་སློབ་མའི་ཕྱིར་སྔོན་དུ་བསྙེན་པ་བྱེད་པ་མ་ཡིན་གྱི་འགའ་ཞིག་རང་གི་དངོས་གྲུབ་ཀྱི་ཕྱིར་རྡོ་རྗེ་ཕྲ་མོའི་ཏིང་འཛིན་ལ་སོགས་པ་སྒོམ་ན་ཡང་དེས་སྔར་སྤྱད་པ་རྣམས་བྱས་ལ། ཕྱི་ནས ་འདིར་བསྒོམ་པ་ལ་འཇུག་ཞེས་ཀྱང་ཟུར་གྱིས་བསྟན་པར་རིག་པར་བྱའོ།། ཚིག་གི་དོན་རྣམས་ནི་གོ་སླ་བས་མ་བཀྲོལ་ལོ།། ཡོད་ན་སྔོན་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་ཞེས་བྱ་བ་ལྀ་སོགས་པ་ལྀ་ཕྱག་རྒྱ་བཞིའི ་དཀྱིལ་འཁོར་བསྒོམས་པས་ནི་དང་པོ་ལུས་དང་ངག་དང་ཡིད་རྣམ་པོར་དག་པར་བྱ་བ་ནས་ཐ་མ་ཕྱག་རྒྱ་གཟུང་བའི་བར་དུ་བྱས་ཏེ། དམ་ཚིག་གསུམ་གྱིས་གླུ་གླང་པོ་བྱས་ལ། དེ་ནོས་མངོན་པར་བྱང་ཆུབ་པའི་རིམ ་དཀྱིལ་འཁོར་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་མི་བསམ་པར་རྡོ་རྗེའི་བདག་ཉིད་བསྒོམས་པ་ལ་སོགས་པ་བྱས་ཏེ། རང་གི་སྙིང་གར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་སྔགས་དག་གིས་སྤྲུལ་ཏེ། སྒོ་བསྲུང་བའི་སྔགས ་ཇི་སྐད་སྔར་བསྟན་པ་རྣམས་ཀྱིས་ཕྱག་རྒྱ་བཞིའི་ལྷ་རྣམས་དགུག་པ་དང་གཞུག་པ་ལ་སོགས་པ་བྱས་ལ། བདག་དང་དཀྱིལོ་འཁོར་ཐ་དད་པ་མེད་པར་བྱ་བའི་ཕྱིར། ན་མཁའ་དང་མཉམ་པ་ཉིད་ཀྱི་རྣལ་འབྱོར་གྱིས་ཞུགས་ལ་དེ ་རྣམས་དང་ལྷན་ཅིག་ཏུ་རྡོ་རྗེའི་བདག་ཉིད་ལ་སོགས་པ་བསྒོམ་པར་བྱ་སྟེ། རྣལ་འབྱོར་རྫོགས་པར་བྱོས་ལ་གཤེགསུ་གསོལ་བའི་བྱར་དུ་བྱའོ།། གཞན་དོག་འདིར་སྔར་བསྟན་པའི་སྙིང་པོ་རྣམས་ཀྱིས་ཞེས་བྱ་བ་ལ་སོ ་པས་རྡོ་རྗེ་རྒྱུའི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་ཆེན་པོ་སྤྲུལ་ཏེ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་ན་མཁའ་དང་མཉམ་པའི་སྦྱོར་བས་བསྟིམ་ཞེས་ཟེར་ན་དེ་ལྟ་ནི་འདི་ལ་དགུག་པ་ལ་སོགས་པ་མེད་པར་འགྱུར་བས ་སྤང་ངོ་།། ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ལ་ནི་རྣལ་འབྱོར་ཆེན་པོ་ཙ་ཁོ་ན་བྱོའི། དེ་ཁོ་ན་གསུམ་སྒོམ་པ་ལ་སོགས་པ་ཡང་མེད་དོ།། འོན་ཀྱང་དེའི་རྗེས་ལ་བཟླས་པ་དང་སླར་གཤེགས་པ་དང་བསྲུང་བ་དེ་འདི་གཉི་ག་ལ ་འདོད་དོ།། བུམ་པ་ལ་སོགས་པ་སྨོས་པས་ནི་འགྲོ་བོ་སེམས་ཡོད་པ་ལྟ་སྨོས་ཀྱང་ཅི་དགོས་ཤེས་བྱ་བའི་དོན་ཏོ།། མར་གྱིས་སྦགས་པའི་སྲེག་བླུགས་སྟོང་གིས་རྡོ་རྗེ་དྲིལ་བུ་མངོན་པར་སྦྱངས་ལ་ཞེས་བྱ་བ་ནི་ཞི་བྷི། ་སྲེག་བྱ་གང་ཅི་གསུངས་པ་ཐད་མར་གྱིས་སྦགས་པ་ཁོ་ནར་བྱས་ལ་ཆོ་ག་སྔ་མས་བསྐྱེད་པའི་རྡོ་རྗེ་དྲིལ་བུ་ཐབ་ཁུང་གི་ཁར་བཞག་པ་ལྔ་དམིགས་ཏེ་དེ་དག་གི་ཉེས་པ་སྦྱང་བ་དང་གཟི་བྱིན་བསྐྱེད་པའི་ཕྱིར་སྲེག་བླུག ་སྟོང་བྱས་ན། དེ་ཉིད་ཐོགས་པས་སློབ་མ་ལ་དབབ་པའི་བྱ་བ་ཚེགས་མེད་པར་འགྲུབ་ཅེས་དགོངས་པའོ།། དཀྱིལ་འཁོར་ཆེན་པོ་འམ་ཕྱག་རྒྱ་བཞི།། ཡང་ན་ཕྱག་རྒྱ་གཅིག་པའང་རུང་།། སྒོམ་ལ་གཞོལ་བ་དམིགས་པ་བརྟན ་གྲངསོ་འབུམ་ལ་སོགས་བཟླས་པ་ཡིས།། མཚན་མ་ཐོབ་ན་དབབ་པ་འམ།། གདེག་པཱའི་ཆོ་ག་འགྲུབ་བྱ་སྟེ།། དེ་ནས་དཔལ་ལྡན་སློབ་དཔོན་ནི།། རྙིད་དང་བཀུར་སྟི་རིང་དུ་སྤངས།། ནང་གི་སྙིང་རྗེ་ཁོ་ན་ཡི།། སློབ་མའི་ཕྱིར་ནི་དཀྱིར་བྲི།། ་གཞན་དུ་སྔར་བསྙེན་མེད་པ་དང་།། ནུས་པ་ཅུང་ཟད་མ་ཐོབ་ཅིང་།། རྙེད་དང་བཀུར་སྟིའི་ཕྱིར་དུ་ནི།། དཀྱིལ་འཁོར་འབྲི་བའི་བླ་མ་ནི།། མྱུར་དུ་མནར་མེད་འདོང་བ་དང་།། ཚེ་འདི་ལ་ཡང་རབ་སྡུག་བསྔལ།། སློབ་མ་རྣམས་ཀྱང་བརླག་པ ་དྲང་།། ཡུལ་འཁོར་གཉེན་དང་རྒྱལ་པོའང་ཕུང་།། དེ་ཕྱིར་སྔོན་དུ་བྱ་བ་འདྲི།། དཀྱིལ་འཁོར་ལས་ལ་ངེས་པར་སྦྱར།། དེ་ལྟར་མཐའ་ཡས་པའི་སེན་གྱི་ཁམས་རྣམས་ལ་ཕན་པ་དང་བདེ་བ་བྱེད་པའི་དཀྱིལ་འཁོར་ཆེན་པོ་སྤྲོ ་ཞིང་བསྡུ་བ་དང་དེའི་བཟླས་བརྗོད་ལ་སོགས་པའི་བོར་དུ་བསྟན་ནས་ད་ནི་ཤིན་དུ་སྐལ་པ་དང་ལྡན་པའི་སེ་ནི་ཆེན་པོ་ཁ་ཅིག་ཡོངསུ་བསྡུ་བ་དང་། མཆོག་ཏུ་དོན་ཆེ་བ་ལ་དགོད་པའི་ཕྱིར་དཀྱིལ་འཁོར་ཆེན་པོར་སློབ་མ ་དབང་བསྐུར་བྱའི་ཆོ་ག་སྟོན་པར་བཞེད་ནས། དེ་ལྟར་སྔོན་དུ་བསྙེན་པ་བྱས་ལ་དཀྱིལ་འཁོར་བྲིའོ།། ཞེས་བྱ་བ་ལ་སོགས་པ་ཇི་སིད་གཞུང་ཡོངསུ་རྫོགས་ཀྱི་བར་དུ་གསུངས་པ་སྟེ། འདིར་དཀྱིལ་འཁོར་གྱི་ཆོ་ག་འདྲིའི་སྔོན་དུ་བྱ་བ་དེ ་སྙེད་ནི་ཐུན་མོང་མ་ཡིན་པའི་ཆོ་ག་ཡིན་པས་འདིར་བདག་གིས་ཅུང་ཟད་བརྗོད་ཟིན་ལ། སློབ་མ་དབང་བསྐོར་བུ་ལ་སོགས་པའི་ཆེ་ག་ནི་རྒྱུད་ཀྱིའི་མཚན་ཉིད་བྱ་བར་གྱུར་པས་གཞུང་གཞན་རབ་ཏུ་མང་བ་དང་། ཚིག་གི་དོན་ཡང་གོ་སླ་བས ་བརྗོད་དུ་མེད་དེ། གོ་རིམས་བསྡུས་པ་ཙམ་ཞིག་དྲན་པ་ལ་གཟུང་བདེ་བར་བྱའོ།། དེ་ལ་འདིར་དང་པོ་ཁོ་ནར་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་སཾ་ལ་བྲི་བར་རིགས་པས་སེ་སྦྱང་ཞིང་ཡོངསུ་གཟུང་བ་བྱ་ཞིང་། དེ་ནས་ཉེས་པ་དང་བྲལ་བའི་ས་ལ་ལྷ ་རྣམས་བྱིན་གྱིས་བརླབ་ཏུ་རུང་བས་དེར་ལྷ་རྣམས་སྟ་གོན་ལ་གནས་པར་བྱའོ།། དེ་ནས་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་དགོས་པས་བུ་མོ་པ་སྟ་གོན་ལ་གནས་པར་བྱའོ།། བུམ་པས་དབང་བསྐུར་བའི་གནས ་ནི་ནི་སློབ་མ་ཡིན་པས། དེའི་འོག་ཏུ་སློབ་མ་སྟ་གོན་ལ་གནས་པར་བྱའོ།། སློབ་མ་སྣོད་དུ་རུང་བར་བྱས་པ་དེ་དཀྱིལ་འཁོར་དུ་གཞུག་ཅིང་མངོན་པར་དབང་བསྐུར་བར་བྱ་བའི་ཕྱིར་དཀྱིལ་འཁོར་གྱི་ཐིག་གི་ཆོ་ག་བསྟན་ཏོ།། དཀྱིལ་འཁོར ་ཐིག་འདེབས་པ་འམ་རྡུལ་ཆེན་འགྱེད་པ་ན་བགེགས་འབྱུང་བ་སྲིད་པས་བགེགས་བསལ་བར་བྱ་བ་བསྟན་ཏོ།། དེ་ལྟར་ཐིག་བཏབ་ཅིང་བགེགས་དང་བྲལ་ནས་རྡུལ་ཚོ་ནོ་བྲི་བར་རིགས་པས་དེ་བསྟན་ཏོ།། དཀྱིལ་འཁོར་ལྷག་པར་བགེ ་མེད་ཅིང་མཐུ་དང་ལྡན་པར་བྱ་བའི་ཕྱིར་ནི་ཁྱོར་ཡུག་ཏུ་རྒྱན་དགོད་པ་དང་ཆོས་བསྒྲགས་པ་དང་བདུག་པ་དབུལ་བ་ལ་སོགས་པ་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལས་རྣམས་བྱ་བའི་ཕྱིར་སློབ་དཔོན་དཀྱིལ་འཁོར་དུ་འཇུག་ཅིང་། ་དེའི་འོག་ཏུ་བུམ་པ་བཅུག་སྟེ་མཆོད་པ་དང་ཕྱག་ལ་སོགས་པ་ཇི་སྲིད་ལུང་བསྟན་པའི་བར་དུ་བྱས་ལ། དེ་ནས་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབ་པའི་ཆོ་ག་རྒྱས་པར་བྱས་པས་ལྷ་རྣམས་གཞུག་པར་བྱ་སྟེ། མཆོད་ཅིང་གསོལ་བ ་བཏབ་ནས་གཏོར་མ་བྱིན་ཏེ་འཇུག་པའི་སྦྱིན་སྲེག་བྱས་ལ་དཀྱིལ་འཁོར་བ་ལ་སློབ་མ་གཞུག་པར་བསྒྲགས་ཏེ་ཐ~ཾད་སྣོད་དུ་གྱུར་པོར་བལྟ་བ་ནས་ཇི་སྲིད་འཇུག་པའི་ཕྱག་རྒྱ་དགྲོལ་བའི་བར་དུ་སློབ་མ་གཞུག་པའི་ཆོ་ག་རྒྱ་ཆེར་བྱས ་ལ། དེ་ནས་མདོར་བསྡུས་པ་འམ། བར་མོ་འམ། རྒྱས་པའི་ཆོ་ག་གང་རིགས་པས་མངོན་པར་དབང་བསྐུར་བ་རྫོགས་པར་བྱས་ལ། གསང་བའི་ཡེ་ཤེས་སྦྱིན་ཞིང་སྔགས་དང་རྣལ་འབྱོར་བརླབ་པ་དང་གསང་བར་བསྒོ་བ་བྱ་བ་དང་། ་མཆོད་པ་དང་སླར་གནང་བའི་ཆོ་ག་བྱ་སྟེ། བརྟུལ་ཞུགས་བྱིན་ལ་མནའ་བསྒྲགས་ལ་སློབ་མ་རྣམས་སླར་གཏངངོ་།། དེ་ནས་སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་གི་བྱ་བ་བསྟོད་པ་དང་ཕྱག་བྱ་བ་ནས་ཇི་སྲིད་བསྲུང་པོའི་སྲད་བུ ་བཅིང་བ་དང་སྙིང་གར་བྱུག་པའི་བསྲུང་བའི་བར་དུ་བྱ་སྟེ། འདི་ཙམ་ཁོ་ན་འདིའི་གོ་རིམ་ཆེ་ལིང་བསྡུས་པའོ།། དེ་དག་རེ་རེ་ཡང་ཆོ་གའི་ཡན་ལག་དུ་མས་བརྒྱན་པ་ནི་གོ་སླ་བས་རྣམ་པར་སྤྲོས་པའི་གོ་རིམ་མྱོས་ཅི་ཞིས ་ད་ནི་འདི་ཙམ་ཞིག་བསམ་པར་བྱ་སྟེ། དེ་ལྟ་བུའི་དཀྱིལ་འཁོར་གྱི་ཆོ་ག་དེ་དུས་ཇི་སྲིད་ཅིག་གི་དབང་དུ་བྱས་རྒྱུད་གཞན་ཁ་ཅིག་ལས་སའི་ལྷ་ཞེས་བྱ་བ་སྟ་གོན་ལ་གནས་པའི་ཆོ་ག་བསྟན་པ་ཅིས་ན་འདིར་མ་སྨོས། འདིར ་བསྟན་པའི་དབང་བསྐུར་བའི་ཆོ་ག་གསུམ་གྱི་བྱེ་བྲག་ཇི་ཙམ་ཞིག་ཏུ་ངེས། ཆོ་ག་མ་ཚང་བ་ཛྲཱི་ལྟར་རྫོགས་པར་བྱ་ཞེས་བྱ་བ་རྣམསོ།། དེ་ལ་དུས་ཀྱི་དབོང་དུ་བྱས་ཏེ་ནི་ཡང་ངོའི་ཚེས་བརྒྱད་ནས་བརྩམས་ཏེ་བཅུའི་བར་དང་། ་གསུམ་ནས་བརྩམས་ཏེ་བཅཝོ་ལྔའི་བར་ཏེ། དེས་ནོ་ཞིག་གསུམ་དུའོ།། དེ་ལྟར་ཡང་རྣལ་འབྱོར་གྱི་རྒྱུད་གཞན་ལསོ།། དང་པོ་ས་གཞི་ཡོངསུ་གཟུང་།། གཉིས་པོ་སྟ་གན་གནས་པ་སྟེ།། གསུམ་པ་ལ་ནི་འཇུག་པའོ།། ཞེས་གསུངས ་པས་སོ།། གལ་ཏེ་གཏད་པའི་བྱེ་བ་བྱུང་ངམ་ས་སྦྱང་བ་མི་དགོས་ན་ཞག་གཉིསུ་བྱ་བའི་ཕྱིར་བཅུ་བཞི་ནས་བརྩམས་ཏེ་ཇི་སྲིད་བཅོ་ལྔའི་བར་དུ་འམ་ཞེསོ།། གལ་ཏེ་ཤིན་དུ་གཏད་པ་འམ། བྲིས་སྐུའི་དཀྱིལ་འཁོར་དུ་འམ། ཡིད ་ཀྱི་དཀྱིལ་འཁོར་དུ་འམ། སློབ་མ་ཤིན་དུ་རྣམ་པར་དག་པའི་རྒྱུད་ཅན་ཞིག་ན་ཞག་གཅིག་ཏུ་བྱ་བའི་ཕྱིར་ཟླ་བ་ཉ་ལ་སྔ་དྲོ་ནས་བརྩམ་པར་བྱ་བ་ཡང་རུང་ཞེས་སྨོས་སོ།། ཁ་ཅིག་ན་རེ་གཞུང་ལེ་ལོས་དེ་ནས་སྔ་དྲོ་བཞི་པ་ལ་སློབ། ་མ་དཀྱིལ་འཁོར་དུ་འཇུག་པར་རྒྱས་པོའི་སྦྱིན་སྲེག་བྱ་ཞེས་བསྟན་པས། གཏད་པ་མེད་ཅོང་ནུས་ན་དུས་ཞག་བཞི་ལ་སོགས་པ་ནས། ཇི་སྲིད་ལོའི་བར་དུ་ཡང་དཀྱིལ་འཁོར་དུ་མཚང་པ་དང་བཟླས་པ་བྱས་ཏེ་མཇུག་ཏུ ་དབྱུང་བསྐུ་རོ་ཞེས་ཟེར་རོ།། གཞན་དགྲ་ནི་ཇི་སྲིད་ཞག་བདུན་གྱི་ནང་དུ་རྫོགས་པར་བྱ་སྟེ། གཞན་དུ་ན་བར་ཆད་དུ་འགྱུར་བ་སྲིད་པ་དང་། ཧ་ཅང་དུས་ཡུན་རིང་པོར་བྱས་ན་ཐུག་པ་མེད་པའི་དུས་སུ་འགྱུར་བའི་ཕྱིར ་ཞེས་ཟེར་ཏེ། ཕྱོགས་ཕྱི་མ་འདི་བསྔགསོ།། སའི་ལྷ་སྟེ་གོན་ལ་གནས་པའི་རྣལ་འབྱོར་གྱི་རྒྱུད་འདི་ཉིད་དང་གཞན་ཁ་ཅིག་ལས་ཀྱང་མ་སྨོས་པས་ངེས་པར་བྱ་བའི་ངེས་པ་མེད་ཅིང་། རྒྱུད་འགའ་ཞིག་ལས་བསྟན་པོའི ་ཆོག་ཐམས་ཅད་དུ་སྦྱར་བའི་ངེས་པ་མེད་ཅིང་ཧ་ཅུང་ཐལ་བར་འགྱུར་བས་སོ།། གང་དག་ཆོ་ག་རྒྱས་པ་ལ་དགའ་བས་དེ་ལ་ཞེས་འདུན་པ་ཡང་ན་ཡང་སློབ་དཔོན་གྱི་ཞལ་སྔ་ནས་དེ་དག་དགག་པ་མཛད་པ་དང་། གང་དུ་ལས ་ནི་ཡོང་གྱུར་ལ།། ལས་ཀྱི་ཆོ་ག་རྣམ་མེད་པ།། དེ་ནི་སྤྱིར་རྒྱུད་ལས་གྲགས་པའི།། ཆོ་ག་མཁས་པས་ཤེས་པར་བྱ་ཞེས་བཤད་པའི་དབང་དུ་བྱས་ཏེ། འདིར་ཡང་སྟ་གོན་ལ་གནས་པའི་ཐོག་མ་ཁོ་ནར་དེ་བྱ་བར་ངེས་པ ་མེད་ཅེས་བརྗོད།། དེ་བཞིན་དུ་སྔོན་དུ་བསྙེན་པ་བྱེད་པའི་དུས་ཀྱི་དང་པོར་སློབ་མ་ལ་དྲི་བ་སྔོན་དུ་འགྲོ་བས་བསྲུང་བ་དང་། ས་སྦྱོང་བ་ན་སའི་ལྷོ་ལ་མཆོད་པ་དང་དཱརྐོ་བའི་ཕྱོགས་དང་གང་ཡང་བཟླས་བརྗོད་པའི་བགྲང ་ཕྲེང་གི་བྱ་བ་ལ་སོགས་པ་འདིར་མ་སྨོས་པོའི་ཚི་ག་གཞུང་གཞན་ལས་སྣང་བ་ཐམས་ཅད་དེ་བཞིན་དུ་ཅི་དགའ་བྱ་བར་བསྟན་ཏེ། མེད་དུ་མི་རུང་བའི་ཆོ་ག་མིན་པ་དང་། ཡོད་ཀྱང་ཉེས་པ་མེད་པའི་ཆོ་ག་ཡིན་པ་སྟེ། ་གཙུག་ཕུད་བཞག་པའི་བྱ་བ་ལྟ་བུའོ།། དེ་བཞིན་དུ་དབང་བསྐུར་བའི་ཆོ་ག་རྣམ་པ་གསུམ་གྱི་བྱེ་བྲག་ནི་མདོར་བསྡུས་པའི་ཆོ་ག་ལ་ནི་དབང་བསྐུར་བའི་གནས་དཀྱིལ་འཁོར་མེད་ཀྱི་ཟླ་བའི་དཀྱིལ་འཁོར་ཙམ་དུ་ཟད་ལ། གསང ་བའི་དབང་བསྐུར་བ་དང་དབུགས་དབྱུང་བ་མ་སྨོས་ཏེ། ཆོ་ག་ཉུང་ཟད་འདས་ཁྱད་པར་གྱི་སྡོམ་པ་མི་འཛིན་གྱི་ཐུན་མོང་གི་སྡོམ་པ་ལ་གེནས་པ་རྣམས་དབང་བསྐུར་ཞེས་དགོངས་པའོ།། རིམ་པ་བར་མ་ལ་དབང་བསྐུར་བཱི ་གནས་ཀྱི་དཀྱིལ་འཁོར་དང་བཅས་པར་གསོང་བའི་དབང་གིས་དབང་བསྐུར་ཏེ། ལུང་བསྟེན་པའི་བུར་དུ་བྱའོ།། དེ་ལ་གསུང་བའི་དབང་ཞེས་བྱ་བ་ནི་ཐུན་མོང་གི་སྡོམ་པ་ཙམ་ལས་མི་འཛིན་པའི་གང་ཟག་ལ་གསང་བ ་ཡིས་ནི་གསང་བའི་དབང་སྟེ། དེ་ལ་དེ་བསྟན་པ་ལ་དགོས་པ་མེད་པས་སོ།། གཞན་ངག་འདི་སྒྲུབ་པ་པོ་ལ་གསང་ཞེས་འདོད་པ་ནི་མི་འཐད་དེ། སྒྲུབ་པ་པོ་ན་ངེས་པར་ལྷ་དང་དཀྱིལ་འཁོར་གྱི་དེ་ཁོ་ན་ཤེས་ནས་སྒྲུབ་པ་ལ ་འཇུག་པར་རིགས་ཀྱི་གཞན་དུ་ན་མོས་པ་མི་བྱེད་པར་མི་འགྱུར་བས་སོ།། བར་མ་འདི་ལ་ཡང་དབུགས་དབྱུང་བ་མེདོ།། རིམ་པ་རྒྱས་པར་འགྱུར་བ་ལཱ་ནི་གང་ཞིག་ཚེ་འདི་ཉིད་ལ་དངོས་གྲུབ་མཆོག་སྒྲུབ་པར་འདོད་ཅིང ་དེའི་སྐལ་བ་ཅན་སོ་ཤིང་དོར་པོ་དང་། མེ་ཏོག་ལྷུང་བ་དང་། ཡེ་ཤེས་དབབ་པས་ཁོང་དུ་ཆུད་པ་ལ་དབང་བསྐུར་བའི་ཆོ་ག་ཐཾད་རྒྱས་པར་བྱ་ཞིང་། འདི་ནི་དབུགས་ཀྱང་དབྱུང་སྟེ། གསང་སྔགས་ཀྱི་ལམ་འདི་ནི་བསྒོམས ་པས་རྣམ་པར་དག་པ་ཡིན་གྱི། ཐོས་པ་དང་ཤེས་པས་མ་ཡིནོ།། དེས་ན་དང་པོ་ཐུན་མོང་གི་སྡོམ་པ་ལཱ་གནས་ཏེ། རྒྱུད་ལ་སོགས་པ་མཉན་པའི་སྐལ་བ་ཅན་དུ་བྱས་བྷ་དང་། བསོད་ནམས་འདོད་པ་ཙམ་གྱིས་དབང ་བསྐུར་བ་ལེན་པའོ།། གཉིས་པ་ནི་སློབ་དཔོན་གྱི་དམ་ཚིག་ལ་གནས་ཏེ་འགྲོ་བ་རྣམས་ལ་དབང་བསྐུར་བ་དང་དཀྱིལ་འཁོར་དུ་འཇུག་པར་འདོད་པའོ།། གསུམ་པ་ནི་སྒྲུབ་པོ་པོའི་དམ་ཚིག་ལྷ་གནས་ཏེ། ཚེ་འདི་ཉིད་ལ་མངོན ་པར་མཐོ་བ་ལ་མི་ཉམས་ཤིང་། ཆེས་ཁྱད་པར་དུ་འགྲོ་བར་འདོད་པའོ།། རིམ་པ་གསུམ་པོ་འདིས་ནི་སྡོམ་པ་གང་ཡང་མི་འཛིན་པ་དེ་ནི་དབང་གང་ཡང་བསྐུར་བའི་སྐལ་བ་མེད་ཀྱི་དཀྱིལ་འཁོར་དུ་འཇུག་པ་ཙམ་ཞིག་བྱ་ཞེས ་བྱ་བ་འདི་ལེགས་པར་གནསོ།། རྒྱུད་གཞན་ལ་ལྟོས་པས་འདིར་མ་བསྟན་པའི་ཆོ་ག་མ་ཚང་བ་གང་ཞིག་རྫོགས་པར་བྱ་ཞེ་ན། ལྷག་མ་དབུགས་དབྱུང་བའི་ཆོ་ག་ནི་དཔལ་མཆོག་དང་པོར་བལྟའོ་ཞེས་བྱ་བ་སྟེ། དཔལ་མཆོག ་དྲང་པོ་མིང་གཞན་རྟོག་པ་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་སྟེ་དེ་ལྔས་ནི་དབུགས་དབྱུང་བ་འདི་སྐད་ཅེས་གསུངསོ།། མཆོག་གསང་དཀྱིལ་འཁོར་དམ་པ་ནི།། མཐོང་བ་དང་ནི་གཞུག་པ་ཡིས།། སྡིག་པ་ཀུན་ལས་ངེས་གྲོལ་བར ་ཁྱེད་རྣམས་དེ་ཉིད་ལེགས་པར་གནས།། བོད་ཆེན་ཐེག་པོ་འདི་ལས་ནི།། སླར་ཁྱེད་འཆི་བ་ཡོང་མིན་པས།། མི་ཚུགས་པ་དང་མི་སོད་དེ།། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། སྲིད་པ་ཤིན་དུ་དག་པའི་ཕྱིར།། སྲིད་པའི་སྡིག ་བསྔལ་ལས་ཁྱེད་འདས།། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། སྟོན་པའི་མཆོག་ཏུ་གྱུར་པ་ཡིན།། དམ་ཚིག་སྡོམ་པ་གྲུབ་པ་འདི།། རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ།། སངས་རྒྱས་ཀུན་གྱིས་མཐུན་པར་གསུངས།། དམྦྷ་བུ་རྟག ་པའི་བཀའ་ཡིནོ།། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་དོགས་མེད་པའི།། བྱང་ཆུབ་སེམས་ནི་བཏང་མ་བྱ།། ཕྱག་རྒྱ་རྡོ་རྗེ་གྲོང་ཡིན་པའོ།། དམ་པའི་ཆོས་ནི་མི་སྤང་ཞིང་།། ནམ་ཡང་དོར་བར་མི་བྱའོ།། མི་ཤེས་པ ་འམ་རྨོངས་པ་ཡ་སྱེ།། ཚུལ་ཆེན་བསྟན་པར་མི་བྱའོ།། བདག་ཉིད་ཡོངསུ་སྤངས་ནས་སུ།། དཀོའ་ཐུབ་ཀྱིས་ནི་མུ་གདུངས་ཤིག། ཙཾ་བདོ་བར་ནི་བདེ་བར་གཟུང་།། འདི་ནི་མ་བྱོན་རྫོགས་སངས་རྒྱས།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས།། ་ནམ་ཡང་ཡོངསུ་མི་དོར་ཞིང་།། སློབ་དཔོན་སྨད་པ་རོ་མི་བྱ་སྟེ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། སློབ་མ་སློབ་དཔོན་སངས་རྒྱས་ནི།། ཀུན་དང་མཚུངས་ལ་གང་སློང་པ།། རྟག་ཏུ་སྡུག་བསྔལ་འཐོབ་འགྱུར་ཏེ།། རིམསོ་དང་དུག་དང ་དབྱིག་དུག་ནང་།། མཁའ་འགྲོ་རྣམས་ཀྱིས་གཙེས་པ་དང་།། གདོན་དང་ལོག་འདྲེན་གཏུམ་པོ་ཡིས།། བསད་ནས་སེམས་ཅན་དམྱལ་བར་ལྟུང་།། དེ་བས་ནན་ཏན་ཐད་ཀྱིས།། རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ།། དགེ་བ་རབ་ཏུ་མི་སྨྱོན ་པགཽ་ནམ་ཡང་སྨད་པར་མི་བྱེའོ།། བླ་མ་ལ་ནི་གུས་བཅས་ཡོན།། རྗེས་མཐུན་ཁྱོད་ཀྱིས་དབུལ་བར་བྱ།། དེས་ནི་རིམས་སོགས་གནོད་པ་རྣམས།། ཕྱིར་ཞིང་འབྱུང་བར་མི་འགྱུར་རོ།། རྟག་ཏུ་རང་གི་དམ་ཚིག་བསྲུངས།། རྟོག། ་ཏུ་དེ་བཞིན་གཤེགས་པ་མཆོད།། རྟག་ཏུ་བླ་མ་ལ་ཡང་དབུལ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། དེ་ཕུལ་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་ཕུལ་བ་ཉིད་དུ་འགྱུར།། དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ།། ཚོགས ་ལས་དངོས་གྲུབ་མཆོག་ཏུ་འགྱུར།། གང་ཕྱིར་འདི་ནི་ལེགས་གནས་པར།། དེང་ཁྱེད་སྐྱེ་བོ་འབྲས་བུར་བཅས།། དམ་ཚིག་ལྷ་རྣམས་ཀུན་མཉམ་པར།། དེང་ཁྱོད་གྱུར་པར་ཐེ་ཚོམ་མེད།། སངས་རྒྱས་རྡོ་རྗེ་འཛིན་བཅས་པ།། ཀུན ་གྱིས་དེང་ཁྱོད་དབང་བསྐུར་བ།། ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ།། རྒྱལྔ་པོ་བདག་པོར་བསྟན་པ་ཡིན།། དེང་ནི་བདུད་ལས་རྣམ་རྒྱལ་ཏེ།། གྲོང་ཁྱེར་མཆོག་ཏུ་རབ་ཏུ་ཞུགས།། ཁྱེད་རྣམས་ཀྱིས་ནི་སངས་རྒྱས་མཆོད་།། དེ་ཉིད ་ཐོབ་པར་ཐེ་ཚོམ་མེད།། དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས།། རང་གི་དམ་ཚིག་མི་ཟད་བདེ་བསྐྱེད་བསྟེན་པ་བྱོས།། དེ་རིང་འགྲོ་བ་ལ་བདེ་རྡོ་རྗེ་སེམས་དཔའ་དང་།། རབ་ཏུ་མཉམ་ཞིང་བརྟག་པ་ཉིད་དུ་རྟོགས་པར་འགྱུར ་ཞེས་སོ།། དེ་ལྟར་ན་ནི་ཇི་ལྟར་ནུས་པས་དམ་ཚིག་ཐམས་ཅད་ཕན་ཚུན་ལྡན་པར་བསྲུང་བར་བྱ་བ་ཡིན་ཡང་།། ཁྱོད་པར་དུ་དབུགས་དབྱུང་བ་དང་ལྷན་ཅིག་བསྟན་པའི་ངམ་ཚིག་འདི་དག་ནི་སྒྲུབ་པ་པོའི་དབང་དུ་བྱས་པའོ ་གཞན་དག་ནི་དབུགས་དབྱུང་བ་སློབ་དཔོན་དུ་དབང་བསྐུར་བ་ལ་ཡང་སྦྱིན་ཞིང་། སྨོས་པ་དང་མ་སྨོས་པའི་རྩ་བའི་ལྟུང་བ་དག་ལས་མ་སྨོས་པ་ནི་སྒྲུབ་པ་པོའི་དམ་ཚིག་སྟེ་སྨོས་པ་རྣམས་ནི་སློབ་དཔོན་གྱིའོ།། ཞེས་ཟེར་རོ།། ་སྒྲུབ་པ་པོ་ནི་དེ་དག་མི་སྲུང་བ་མ་ཡིན་མོད་ཀྱི།། སློབ་དཔོན་གྱི་ཡང་གཉི་ག་ལ་དགག་པར་མི་སྦྱར་རོ།། དེ་ཅིའི་ཕྱིར་ཞེ་ན་བརྟན་པར་འགྱུར་བའི་ཕྱི་རོ།། སྒྲུབ་པ་པོ་ཚད་མེད་པའི་དངོས་གྲུབ་མཐོང་བའི་ཚེ་ལ་ཐོབ་པར་འདོད་པའི་སྒྲ ་ལྀ་སོགས་ཀྱང་དེ་བསྱཱང་ཞེས་བྱའོ།། ཡང་འདིར་གཞན་དག་ནི་ཆོ་ག་འདིའི་མཐར། དེ་ནས་བསྲུངས་ཏེ་སློབ་མའོ།། སྙིང་གར་ཉེ་བུར་གཏུགས་ན་སོ་ནི།། ཀུན་བྱེད་རིགས་ཀྱི་རིགས་པ་བཟླས།། སྲང་སྲུད་ལག་པ་གཡས་པར་གདགས ་དེ་ནས་བླ་མ་བདག་ཉིད་ཀྱིས།། དེ་ཡི་སྤྱི་བོར་གདུགས་ཀྱང་གཟུང་།། ཐལ་མོ་སྦྱར་བ་བྱས་ནས་ནི།། དཀྱིལ་འཁོར་ལེགས་པར་སྐོར་དུ་གཞུག། གདུགས་བཅས་པ་ཡོ་སྒོ་ཕྱོགས།། སྤྱི་བོ་འདུད་དེ་ཕྱག་འཚལ་བཞུན།། སྐྱོབ་མ་འདི ་ནི་ཕུལ་བ་ལྗགས།། གསང་སྔགས་ཀྱང་ནི་འཛིན་པར་འགྱུར།། བླ་མས་དེ་སྐད་སྨྲས་གོན་ས།། གདུགས་བཞག་ནས་ནི་བླ་མ་དེ།། ལག་པས་ལེགས་པར་བསླང་བར་བྱ།། ངོ་ནི་དཀྱིལ་འཁོར་སློབ་དཔོན་འགྱུར།། གསང་སྔགས ་སྤྱད་ཀྱང་འཛིན་པར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་དཔའི་དང་།། ཝཱ་རྣམྦྷས་ཀུན་གྱིས་བཀུར་བར་འགྱུར།། སེམས་ཅན་རྣམས་ལ་བརྩེ་བའི་ཕྱིར།། ཁྱེད་ཀྱི་དཀྱིལ་འཁོར་ཆོ་ག་བཞིནི།། ནན་ཏཱན་བསྐྱེད་དེ་བྲི་བར་བྱ།། སྒྲུབ ་བཾ་བོ་ཡང་རྒྱུད་ལ་སྦྱོར།། ཞེས་བྱ་བའི་རྒྱུད་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་གསང་བ་སྤྱིའི་རྒྱུད་ཅེས་བྱ་བ་ལས་གསུངས་པས་ཀྱང་འདིརོ་ཆོ་ག་མོ་རྫོགས་པ་རྫོགས་པར་བྱའོ་ཞེས་ཟེ་རོ།། གང་ཞིག་དཀྱིལ་འཁོར ་ཆེན་པོར་བྱུང་ཆུབ་ཏུ་སེམས་བསྐྱེད་ནས། དེ་སླར་གཏོང་ཞིང་ཉན་ཐོས་དང་རང་སངས་རྒྱུ་སུ་འདུན་པས་མྱུར་དུ་འདོད་ཆགས་དང་བྲལ་བར་བྱེད་ན། བྱང་ཆུབ་ཀྱི་སེམས་བཏང་བ་དང་བླ་མ་བསླུས་པའི་ཕྱིར་སྡིག་མེད་པས ་ན། འདོད་ཆགས་བྲལ་བ་ལྟོ་བུའི་སྡིག་ཅེས་བྱ་བོ་ལ་སོགས་པ་སྨོས་ཏེ། ཐབས་མཁས་པའི་མདོ་ལོས་བྱང་ཆུབ་ཀྱི་སེམས་བཏང་ན་རྩ་བའི་ལྟུང་བར་པོ་སྟནྡ་པ་དང་། གཞན་ལས་ཀྱང་། མི་གང་བྱང་ཆུབ་སེམས་བཏིང་ཡང་།། དེ་དག་ཐར ་པབཔར་མཛད་པ་ནི།། ལས་ཚུལ་བསམས་གྱིས་མི་ཁྱབ་ཕྱིར།། ཐམས་ཅད་མཁྱེན་པ་ཁོ་ནས་མཁྱེན་ཞེས་བཤ་དོ།། དེའི་ཕྱིར་གསང་སྔགས་ཀྱི་ལམ་འདིར་བྱང་ཆུབ་ཀྱི་སེམས་མི་བཏང་བར་བྱ་བ་སྒྲུབ་པར་བྱ་བའི་གཙོ་བོ་སྟེ་སྔར་རྒྱ ་པར་བརྗོད་པ་བཞིན་ནོ།། ཡང་དག་པར་ཚིམ་པར་བྱ་བ་ནི་སྒྲུབ་པོ་མ་ཡིན་གྱི་སློབ་མ་གང་དག་ཟོས་ལ་སྲེད་པས་དེར་འདུས་པ་ལ་སོགས་པའོ།། ཧཱུཾ་བཞི་པ་ནི་ཨོཾ་སུ~ཾ་བྷ་ནི་སུཾ་བྷ་ཧཱུཾ་ཞེས་བྱ་བ་ལ་སོགས་པའི་སྔགསོ།། གཟུགས་བརྙན་ནི་དབང་པོ ་ལ་སོགས་པའི་འོ།། སྦྱིན་སྲེག་མང་ཞིག་སྨོས་པ་ནི་དེའི་ཆོ་ག་སློབ་དཔོན་གྱི་ཞལ་སྔ་ནས་དང་གཞན་གྱིས་ཀྱང་། གཞན་དུ་ཞིབ་ཏུ་དབྱེད་པས་མཆོག་གོ།། སྙིང་གར་བྱུག་པ་ནི་སྲུང་བའི་དོན་ཏོ།། གཞན་དག་ནི་སློབ་མ་དང་བཅུགས་པར་བྱ། ་པའི་ཕྱིར་རོ་ཞེས་ཟེར་རོ།། དེ་ལྟར་དོན་མཐའ་ངག་ཡོངསུ་རྫོགས་པར་བྱས་ནས། ད་ནི་རྡོ་རྗེ་སེམས་ཤེས་བྱ་བ་ལ་སོགས་པས་དགེ་བ་བསྔོ་བ་མཛད་པ་སྟེ། དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་དེ་ལས་འདས་པའོ།། རིགས ་བའི་མཆོག་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་ཉིད་ནི་སེམས་ཅན་ཀུན་གྱི་གཉེན་གཅིག་པའོ།། ཅིའི་ཕྱིར་ཞེ་ན་གཞན་ལྔ་དེ་ཙམ་དུ་ཕན་བུ་དང་བདེ་བ་བྱ་བར་སེམས་པ་མེད་པས་མ་དང་པ་ལུས་ཀྱང་ལྷག་པའོ།། དེར ་ཀུན་དགའ་སྙིང་པོ་བདག་གྱུར་ཅིག་ཙོསྭཱ་སྦྱར་རོ།། དེ་བཞིན་དུ་སེམས་ཅན་མ་ལུས་པ་ཡང་ཁྱབ་བདག་རྡོ་རྗེ་འཚང་ཆེན་དུ་གྱུར་ཅིག་ཅེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་ཆོ་ག་རྒྱ་ཆེན་འདི།། གློ་རིམ་ལོག་པར་སྐྱེ་བ་དག། གས ་ཕྱིར་གོ་རིམ་དྲི་བཞིན་བརྗོད།། དེ་བཞིན་ཚིག་དོན་ཉུང་ཟང་གིས།། འདི་ལས་སྐྱེས་པའི་དགེ་བ་ཡོས།། འགོ་བ་སངས་རྒྱས་གནས་འགྲོ་ཤོག། འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འབྱུང་བ་ཞེས་བྱ་བའི ་བོབསྡུས་པའི་དོན་ཨཱ་ཙཨཱརྱ་མྱནྟིནཱ་དྲ་བྷུ་དྲས་མཛད་པ་རྫོགས།། ། ཨོཾ་ཙྪརྡྷ་མུ་ནཱིན་དྲ་བྷ་དྲ་དྲུང་བོད་ཀྱི་ལོ་ཙ་ཆེ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཁརྠ ་