CLOSE WINDOW

GT1355: rnal 'byor gyi rgyud kyi rab tu gnas pa'i cho ga rab gnas kyi rgyal po zhes bya ba
Wyliee-texts produced with BDRC’s OCR application

འཛིན་དང་འགྲོ་བ་རྗེ་སུ་མཉམ་པར་ཤོག། ཀུན་ཏུ་བཟང་པོའི་ཞེས་བྱ་བོའི་སྦྱིན་སྲེག་གོ་ཆོ་ག་རྫོག་སོ།། ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལོ་ཕྱག་འཚལོ།། དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ།། ཀུན ་ཀུན་ནས་དང་བས་ཕྱག་འཚལ་ཏོ།། རྒྱུད་རྣམས་ཐམས་ཅད་ལས་བསྡུས་ཏེ།། རབ་གནས་ཆོ་ག་བཤད་པར་བྱ།། དེ་ལ་དང་པོ་རེ་ཞིག་རྣལ་འབྱོར་པ་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ། རིགས་པའི་སྡོམ་པ ་གཟུང་བ། གསང་བའི་ཆོ་གའི་བྱ་བོ་ཤེས་པ། དཔལ་བརྟན་པ་སྤྲོ་བ་ཆེ་བ། དུལ་བ་ཕྲིན་ལས་རྣམ་པ་བཞིའི་སྤྱོད་པ་དང་ལྡན་པ། གསང་བའི་ཡེ་ཤེས་བསླབ་པོ། ཕྱག་རྒྱ་བཞི་བསྒོམ་པར་མྱོས་པའི་རྣལ་འབྱོར་པ་དང་། སྒྲུབ་པའི ་གྲོགས་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསང་བའི་ཆོ་གའི་བྱ་བ་ཤེས་པ། གཙང་མ། གསབྱ་བའི་བྱ་བ་ལོ་མཁས་པ། བློ་དང་ལྡན་པ་དང་། སྙིང་སྟོབས་དང་ལྡན་པའི་རྣལ་འབྱོར་པས། གྲོང་ཁྱེར་རམ་གྲོང་རྡལ་ལྡམ། ནགས་ཚལ་ལ། ་ལྗོངས་སམ། ཀུན་དགའ་ར་བཱ་འམ། གཙུག་ལག་ཁང་དུ་ལུགསོ་སུ་བླུགས་པ་འམ། འབུར་དུ་བརྐོས་པ་འམ། རི་མོར་བྲིས་པ་ཞི་པ་འམ། དབང་ངམ་རྒྱས་པ་བ་མ?། མངོན་སྤྱོང་ལོ་སོགས་པའི་སྒོ་རབ་ཏུ་གནས་པ་བྱེད་པར་འདོད་ན། ་དཀྱིལ་འཁོར་གྱི་ས་གཞི་ཉེ་འཁོར་དུ་དྲིས་ཉེ་བར་བྱུག་ནས་དཀོན་མཆོག་གསུམ་དང་། རབ་ཏུ་གནས་པར་བྱེད་པའི་ལྷ་དང་། རྡོ་རྗེ་སློབ་དཔོན་ལ་དམིགས་ཏེ། མཎྜལ་ལྔ་བྱས་ནས་མཆོད་པ་ལྷ་བཤམས་ནས། སྟོང་གཡོགས ་དང་སླད་གཡོགས་བགོས་ནས་ཅོད་པན་དང་རྒྱན་བཏགས་ཏེ། ཕྲེང་བ་དང་ངག་བྱེད་དང་ལྡན་པས། སྐར་མོ་རྒྱལ་དང་གཟའ་ཕུར་བུའི་ཉིན་པར་ཁྲུས་བྱོས་ཤིང་ཟས་དཀར་གསུམ་ཟེས་པ། གདུགས་དང་རྒྱལ་མཚན་དང་བ ་དན་དང་དྲིལ་བུ་རྣམས་བྲེས་ཏེ། གུ་གུལ་གྱི་དུང་པས་བདུག་པ་དང་། ཡུངསྭཱ་ཀར་གྱིས་བགེགས་བཟློག་ནས་བསྙེམས་པ་དང་། དེ་ལ་རེ་ཞིག་རྣམ་པར་རྟོག་པ་ཤས་ཆུང་ན། སྟོང་པ་ཉིད་ཀྱི་ཁྲུས་བྱ་བ། ལྕེ་བྱིན་གྱིས་བརླབ་པ ་དང་། ལག་པ་བྱིན་གྱིས་བརླབ་པ་དང་། ཁྲོ་བི་བཞིའི་ལུས་བསྐྱེད་པ་དང་། ཁྲོ་བོ་གསུམ་གྱིས་བགེགས་བསལ་བ་དང་། ཁྲོ་བོ་དྲུག་གིས་ཕྱོགས་བཅིང་པ་དང་། ཁྲོ་བོ་གསུམ་གྱིས་ར་བ་དང་དྲ་བ་བྱས་ལོ། མཆོད་པ་བྱིན་གྱིས ་བརླབས་ནས། རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ། མཆོད་པ་དང་ཕྱག་བཙལ་བ་དང་། སྡིག་པ་བཤགས་པ་དང་། ཌཱ་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་པ་དང་། མྱ་ངན་ལས་མི་འདའ་བར་གསོལ ་བ་གདབ་པ་དང་། མཆོད་པའི་སྤྲིན་དང་ལུས་དབུལ་བ་དང་། དགེ་བའི་རྩ་བ་སྔོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་བཟུང་བ་དང་། གཟུགས་བརྙན་གྱི་ལྷར་བསྐྱེད་ན། མཉམ་པའི་ཐོལ་མོ་དང་། རྡོ་རྗེ་བསྡམས་པ་དང་། ་བསྡམས་པ་བྲལ་བ་དང་། ཡེ་ཤེས་དབབ་པ་དང་། དབབ་པ་ཉེ་བར་བསྡུ་བ་དང་། ངན་སོང་དགུག་བཅིང་སྡིག་པ་དང་དྲལ་བ་དང་། དཀྱིལ་འཁོར་སྙིང་གར་བསྡུ་བ་དང་། མངོན་པར་བྱང་ཆུབ་པ་ལྔས་ལྷར་བསྐྱེད་ལ། བྱིན་གྱིས་བརླ ་པ་དང་། ཏིང་འཛིན་གྱིས་བསྒོམ་པ་དང་། སྙིང་གར་དབང་བསྐུར་བ་དང་། ཕྲིན་ལས་ཀྱི་བརྟུལ་ཞུགས་བླང་བ་དང་། རྣལ་འབྱོར་ཆེན་པོ་བསྐྱེད་པ་དང་། རྗེ་སུ་རྣལ་འབྱོར་དེ་བཞིན་གཤེགས་པའི་ཁམས་བཞུགས་པ་དང་། བྱིན ་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། མཆོད་པ་དང་བསྟོད་པ་བྱས་ལ། བདག་ཉིད་ཐབས་ཀྱི་འཁོར་ལོ་རྫོགས་པར་བྱས་ལ། ཡེ་ཤེས་ཀྱི་སྦྱོར་བ་སྟོང་པ་ཉིད་བསྒོམ་པ་དང་། རྡོ་རྗེའི་ས་སྦྱོང་བ་འབྱུང་བ་རིམ ་གས་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད་པ་དང་། འཆི་བའི་སྲེད་པ་རི་རབ་ཀྱི་རྩེ་མོར་ལུས་བཞག་པ་དང་། སྲིད་པ་བ.རོ་མ་ངོ་བསམ་གཏན་གཟུགས་མེད་པ་བསྒོམ་པ་དང་། སྐྱེ་བའི་རྣལ་འབྱོར་བྱང་ཆུབ ་སེམས་དཔའ་དོན་གྲུབ་ཏུ་བསྐྱེད་པ་དང་། མི་གཡོ་བའི་ཏིང་འཛིན་ལས་བསླང་ནས་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱ་ལ་པོ་མཆོག་དང་། ལས་རྒྱལ་མཆོག་བསྒོམས་ལ། ཡེ་ཤེས་སེམས་དཔའ་གཞུག་པོའི་ལས ་བརྒྱད་ཀྱིས་ཡེ་ཤྲཱིས་སེམས་དཔའ་བཅུག་ལ། རྒྱས་བཏབ་ནས་དབང་བསྐུར་བ་དང་། མཆོད་པོ་ཐམས་ཅད་ཀྱིས་མཆོད་ལོ། ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ།། དེ་ལྟར་མཚན་མ་མ་ཐོབ་ཀྱི་བར་དུ་བསྒོམ་པ་འམ། གཙོ་བ ་ལ་འབུམ་དང་། འཁོར་རྣམས་ལ་ཁྲི་ཁྲི་བཟླས་པ་དབུལ་བ་དང་། རྒྱུད་ཕྱི་མོའི་ཕྱི་མ་བཞིན་དུ། ཟླ་བ་བཞི་འམ་ཟླ་བ་དྲུག་ཏུ་བསྙེན་པ་བྱའོ།། དེ་ལྟར་བསྙེན་པ་བྱས་ནས་ས་སྦྱང་བ་འམ་མུ་སྦྱངས་པའི་གནས་སའི་ཆོ་ག་ཇི་ལྟ་བ ་བཞིན་དུ་བྱས་ཏེ། ལྷག་པར་གནས་པར་བྱའོ།། དེ་ལ་མཆོད་པ་བཤོམས་པ་དང་། རྫས་བསགས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན་ལ་གདོང་དྲི་ཞིམ་པོར་བྱས་ལ། མེ་ཏོག་གི་ཕྲེང་བ་བཏགས་ཏེ། རྒྱུ་སྐར་རྒྱལ་གྱི་ཞག ་དང་གཟའ་ཕུར་བུ་ལ། བསྲུང་བའི་འཁོར་ལྷོ་རྟེན་དང་བཅས་པ་དང་། ཚེགས་སོགས་པའི་དམིགས་པའི་ཡུལ་དང་བཅས་པ་དང་། ཚེགས་ཀྱི་ལམ་དངོས་སེམས་བསྐྱེད་པ་དང་བཅས་པ་དང་། རྡོ་རྗེ་དབབ་པ་ཆོ་ག་བཞིན་དུ་བྱ་བ ་དང་། ཕྱག་རྒྱ་ཆེན་པོ་ཆོ་ག་བཞིན་དུ་བཅིང་བ་དང་། མདུན་དུ་སེམས་དཔའ་ཆོ་ག་བཞིན་དུ་བསྐྱེད་དེ། བདག་ཉིད་རྫོགས་པར་བྱས་ནས། འབྱུང་བ་རི་རབ་དོང་བཅས་པ་བསྐྱེད་པའི་སྟེང་དུ་སའི་ལྷ་མོ་སྤྱན་དྲངས་ལ། ་ཆོ་ག་བཞིན་དུ་དེ་ནས་དཔང་དུ་གསོལ་ཏེ་ཇི་ལྟར་བཞིན་དུ་སྤྲོ་བ་བསྐྱེད་པར་བྱའོ།། དེ་ནས་བསམ་གཏན་དང་གཟུགས་མེད་ཀྱིས་ཏིང་འཛིན་གསུམ་དུ་བྱས་ནས། འོག་མིན་དུ་དོན་གྲུབ་ཀྱི་གཟུགསུ་སྐྱེས་པར་བསམས་ལ། ཕྱོ ་བཅུ་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ།། དེ་ནས་དང་པོར་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་རྒྱལ་མཆོག་བསྒོམས་ལ། བསོད་ནམས་ཀྱི་ཚོགས་སོགས་པའི་ཆོ་ག་ཇི་ལྟོ་བ་བཞིན་དུ་བྱས་ནས། ་སྒྲུབ་པའི་གྲོགས་ཀྱིས་མཚན་བརྒྱ་རྩ་བརྒྱད་པས་གསོལ་བ་བཏབ་ལ། བདག་ཉིད་འཁོར་ལོ་སྒྱུར་བའི་ཕྱེད་དུ་བརྗོད་པར་བྱ་སྟེ། དཀྱིལ་འཁོར་ན་མཁའ་ལྔ་ཁྲོ་བོའི་བསྟོད་པ་དང་། བགེགས་ལ་བཀའ་བསྒོ་བ་བྱས་ན། ་རྡོ་རྗེའི་ལྟ་བས་ར་བ་དང་། དྲ་བ་བྱས་ནས། སྟོང་སྟབས་ཀྱིས་བགེགས་བསལ་བ་དང་། སྔགས་དང་ཕྱག་རྒྱས་བསྲུང་བའི་འཁོར་ལོས་བྱས་ལ། གསང་བའི་དཀྱིལ་འཁོར་བཀུག་ནས། དེའི་ཡན་ལག་ཕུར་བུ་ཇི་ལྟོ་བ ་བཞིན་དུ་བཏབ་ནས། རྡོ་རྗེ་གནོད་སྦྱིན་གྱི་བགེགས་བསལ་ལ་དྲིའི་ཐིག་ལེ་དང་མེ་ཏོག་ཚོམ་བུ་བཀོད་ལ། ལྷ་ལྷག་པར་གནས་པར་བྱའོ།། དེ་ནས་བུམ་པ་ལྷག་པར་གནས་པ་དང་། སྦྱིན་སྲེག་ལྷག་པར་གནས ་པ་དང་། གཏོར་མ་ལྷག་པོར་གནས་པ་ཇི་ལྟ་བ་བཞིན་དུ་བྱའོ།། དེ་ནས་ཤིང་བུ་གུ་གསུལ་གྱི་ནང་དུ། ཁམ་ཕོར་བཞག་ནས། དེར་མེ་བླུགས་ལ་ཟུར་གསུམ་དུ་བག་ཟན་གྱི་སྐོང་བུ་གསུམ་བྱས་ཏེ། དོར་མེ་མར་བཏང་ནས ་བྲག་ཟན་གྱི་ཆང་བ་གསུམ་བྱས་ནས། རྡོ་རྗེ་གཙུག་ཏོར་གྱི་སྔགས་སམ། རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱིས། ཡུངས་ཀར་གྱིས་བགེགས་བཟློག་པར་བྱའོ།། སྐུ་གཟུགས་སྣམ་གླེགས་བམ་ལ་སོགསོ་པ་རབ་གནས་གང་བྱེད་པ་དེ་རས ་ཀྱིས་གཡོགས་ལཱ། ཧཱུཾ་བྲུཾ་ཧྲཱིཿགསུམ་གྱིས་བསྲུངས་ནས་གཞག་པར་བྱའོ།། དེ་ནས་སྙན་གསན་དབབ་པར་བྱ་སྟེ། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས།། དགའ་ལྡན་དུ་ནི་བཞུགས་པ་ན།། ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར།། དེ་བཞིན ་གཟུགས་བརྙན་འདིར་བཞུགས་ཤིག། འདི་རུ་མགོན་པོ་བརྟན་བཞུགས་ནས།། བྱང་ཆུབ་སེམས་ནི་བསྐྱོད་པ་དང་། ཆེ་གེ་མོ་ཡི་དོན་སླད་དུ།། བདག་ནི་འབྱིར་པ་ཉིད་ཀྱིས་ནི།། ཅི་འབྱོད་པ་ཡི་མཆོད་པ་རྣམས།། མེ་ཏོག་ལ་སོགས ་འདི་བཞེས་ཤིག། བདག་དང་སློབ་མར་བཅས་པ་ལ།། རྗེ་སུ་བརྩི་བར་དགོངསུ་གསོལོ།། ཀུན་གྱིས་འདི་ལ་བྱིན་བརླབ་ཅིང་།། དེ་ཉིད་དུ་ནི་བཞུགས་པར་རིགས།། དེ་ནས་ཉི་མོ་ཤར་ཁར་དཀྱིལ་འཁོར་ཐིག་བཏབ་ལ། ཚོན་དགྱེ་ཞིང ་ལྷ་དགོད་པའི་དཀྱིལ་འཁོར་གྱི་ཆོ་ག་ལས་བཤད་པ་བཞིན་བྱས་ལ། རྫས་བསགས་ནས། དཀྱིལ་འཁོར་བླངས་ཏེ། ལྷག་པ་དང་མ་ཚང་བ། བསྙུངས་ལ། བུམ་པ་གཞུག་པར་བྱའོ།། དཀྱིལ་འཁོར་གྱི་བྱང་ཕྱོགསུ་ཁྲུས་ཀྱི་ཁང་པ་ཡིད ་དུ་འོང་བ། ཤེལ་གྱི་ས་གཞི་ལ་རིན་པོ་ཆེ་བི་ཀ་བས་བརྒྱན་པ། མུ་ཏིག་དང་རིན་པོ་ཆེས་སྤྲས་པ་བརྩིགས་པ་འམ་བྲིསྱ་ལ། རབ་ཏུ་གནས་པ་བྱེད་པར་འདོད་པས། ཐིག་མར་ཁྲུས་ཀྱི་ཁང་པ་དེར་ལྷ་སྐྱོན་དྲོངས་ལ། ཁྲིའི་སྟེང་དུ་བཞག ་པའམ། རས་རིས་པོ་ཏི་ལ་སོགས་པ་ཡིན་ན་མདུན་དུ་བཞོག་ལ། མེ་ལོང་བསྟན་ལ་བུམ་པ་རྣམས་ཀྱིས་སྐུ་ཁྲུས་གསོལ་པ་བསྟོད་དབྱངས་དང་བཅས་པ་བྱ་སྟེ། དེ་ལ་བསྟོད་དབྱངས་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ལྷ་ཡི་ཆུ་ན ་དགྲ་པ་ཡིས།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར།། དེ་བཞིན་བདག་གོས་སྐུ་ཁྲུས་གསོལ།། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀཾ་ས་མ~ཾ་ཡ་ཤྲཱི་ཡེ་ཧཱུཾ། དེ་ནས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི། ལྷའི་སྐུ་ལ་གནས་གསུམ་དུ ་ཡི་གེ་ཨཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། གསེརུ་དངུལ་ལམ་ཟངས་ལས་བྱས་པ་བུམ་པ་ལྟོ་བཱ་ཡངས་པ་མགྲིན་པ་རིང་བ་མཆུ་འབྱུང་བ། སྨན་དང་འབྲུ་དང་རིན་པོ་ཆེ་ལྔ་དང་ལྡན་པ།། རས་སྟེར་བཱསྱ་མགུལ་ལ ་བཅིངས་པ། ལྡུམ་བཅས་ལྕུག་མས་ཁ་བརྒྱན་ལ། སྔར་བསྙེན་པ་བྱས་པའི་དྲིའི་ཆུས་གོང་བ་སློབ་དཔོན་གྱིས་ཡོངསུ་བཟུང་ནས། མེ་ལོང་དྲོའི་ཐིག་ལོ་ལྔ་དང་། ཏིལ་མར་ཐིགས་པ་ལྔ་དང་། མེ་ཏོག་གི་ཚོམ་བུ་ལྔ་དང་། ་འདག་སྔལ་ད་ས་པ་བར་གྱིས་སྨྲས་། \ུ0f89\ུ0f4་གས་ཀྱིས་ཚིགས་བབྱུང་བ་དང་། དྷཱརྡུ་ལ་སོགས་པ་རྣལ་འི་སྒྱུ་དང་བཟླས་པས་ཁྲུས་གསས་ཌཱུ་བྱ།། དུ་ས་རཱ་མྦྷ་སྤྱུགས། ། ་ག་ཏ་ཀྵ་ས་བི་ཤོ་དྷཱ་ནཱ་ཡེ་སྭཱཿ། དྲིའི་སྔགས་ནི། གན་དྷཱ་མ་ལ~ཾ་ཡ་སྱཱཏྨ། དྷུར་བའི་པིར་སྔགས་ནི། ཨོཾ་མ་ལཱ་སཾ་ཤོ་དྷ་ནྱེ་སྭཱཏྨ། དེ་ནས་སྒྲ་ཁྲུས་གསོལ་པའི་བསྟོད་དབྱངས་ནི། གཟུགས་ཀྱི་ཕུང་པོ་རྣམ་དག་པ།། ཉོན་མོངས་གཏི་མུག་སྤྱོང་ཀྱི ་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས།། དཔལ་ལྡན་སྐུའི་ཁྲུས་གསོལ་ལོ།། ཚོར་བའི་ཕུང་པོ་རྣམ་དག་པ།། ཉོན་མོངས་ང་རྒྱལ་སྦྱང་བ་ཡི།། མཉམ་པ་ཉིད་ཀྱི་ཡོཾ་ཤེས་ཀྱིས།། དཔལ་ལྡན་ཡོན་ཏན་དབང་བསྐུ་རོ།། འདུ་ཤེས་ཕུང་པོ་རྣམ ་དག་པ།། ཉོན་མོངས་འདོད་ཆགས་སྦྱོང་བྱེད་པའི།། སོ་སོར་རྟོག་པའི་ཡེ་ཤེས་ཀྱིས།། དཔལ་ལྡན་གསུང་གི་དབང་བསྐུ་རོ།། འདུ་བྱེད་ཕུང་པོ་རྣམ་དག་པ།། ཉོན་མོངས་ཕྲག་དོག་སྦྱོང་བྱེད་པ།། བྱ་བོ་ནན་ཏན་ཡེ་ཤེས་ཀྱིས།། དཔལ་ལྡན ་ཕྲིན་ལས་དབང་བསྐུརོ།། རྣམ་ཤེས་ཕུང་པོ་རྣམ་དག་པ།། ཉོན་མོངས་ཞེ་སྡང་སྦྱོང་བྱེད་པའི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱིས།། དཔྲལ་ལྡན་ཐུགས་ཀྱི་དབང་བསྐུ་རོ།། ཇི་ལྟར་ངོམ་པཱ་ཏོག་དཀར་དགའ་ལྡན་ནས།། ལྷ་མཛེས ་ལྷུམས་ནས་བལྟམས་ལ་ཁྲུས་གསོལ་ལྟར།། སྐུ་གདུང་རིང་བསྲེལ་དྲི་མ་མེད་པར་བཙོས།། སྦྲུལ་སྐུ་ཡིད་འོང་རྣམས་ལ་ཁྲུས་གསོལོ་ཞེས་བྱ་བ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་སུ་ནཾ་སུ་པྲ་ཏིཥྛི་ཏ་སྭཱ་ཧཱ། ཞེས་བྱ་བས་སྲན་ཕྱེ་དང་། བག་བྱ། ་ཆལ་དང་། ཡུང་བ་དང་། འབྲས་ཡོས་དང་། ཏིལ་མར་དང་། སྦྲང་རྩི་དང་། འོ་མ་དང་། འགན་ཏཱ་པ་དང་བཅས་པ་སྐུ་གཟུགས་ཉིད་དམ། མེ་ལོང་གི་སྟེང་དུ་བཏབ་ལ། ཙུན་དང་ག་པུར་གྱི་དྲིའི་ཐིག་ལེ་བྱས་ལ། མེ་ཏོག་དང་བཅས་པ་ལ་ཀུ་ཤྩའི། ་པིར་གྱིས་བཀྲུ་བར་བྱའོ།། དེ་ལྟར་སྐུ་ལ་སོགས་པ་ལན་གསུམ་མམ་ལྔ་ལྔ་བཀྲུས་ནས། གོས་གཙང་མའི་དྲིས་བགོས་པས་སྐུ་ཕྱིས་ཏེ། དེ་བཞིན་གཤེགས་པའི་སྐུ་གཟུགས་རྣམས་ལ་ནི། བློ་གོས་དང་སྣམ་སྦྱར་གསོལ་བར་བྱའོ།། ། ་བྱང་ཆུབ་སེམས་དཔའ་རྣམས་ལྷ་གོས་སྣ་ཚོགས་པ་དང་། ཁྲོ་བོ་རྣམས་ལ་ནི་གོས་སྔོན་པོ་དང་། དམར་པོ་དབུལ་ཞིང་བཀྲ་ཤིས་ཚེགསུ་བཅད་པར་གདོན་པར་བྱའོ།། དེ་ལ་སྣམ་སྦྱར་གསོལ་བའི་སྔགས་ནི། ཨོཾ་ད་པི་པྲ་བ་ཡོ་སྭཱ་ཧཱ། ་དོརྡོདོལ་དྲི་དབུལ་བའི་སྔགས་ནི། ཨོཾ་བཛྲ་གན་དྷེ་སྭཱ་ཧཱ། དེ་ལ་བྱང་ཆུབ་སེམས་དཔའ་ལ་སོགས་པ་ལ་རྒྱུན་དབུལ་བའི་སྟེགས་ནི། ཨོཾ་ཨཱ་པ་ར་ཎ་བྷི་བུ་ཥ་ཎེ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་ཆེན་པོ་སྤྱན་དྲངས་ལུ་གཙུག་ལག་ཁང ་ཡིན་ན། མདུན་ནམ་ཕྱོགསུ་མ་ཡོ་ཞིང་དྲང་བར་སྐུ་གཟུགས་མཛེས་པར་བགེད་ལ། དཀྱིལ་འཁོར་གྱི་ལྷ་རྣམས་གཙོ་བོ་དང་བཅས་པ་མདུན་དུ་དེར་བསྟན་ལ་དཀྱིལ་འཁོར་བསྒྲུབས་ནས་བདོག་དང་གུཙོ་བོ་དང་ཐ་མི་དད་པར ་བསྒོམས་ལ་པཱུ་ཛ་བྱོའོ།། དེ་ལྟར་བདག་ཉིད་ཀྱི་དཀྱིལ་འཁོར། པཱུ་ཛ་རྫོགས་པའི་རྗེས་ལ་རབ་གནས་ཀྱི་ལྷ་ལ་པཱུ་ཛ་ལྔ་ཕུལ་ནས་དམ་ཚིག་སེམས་དཔའ་ཡི་གེ་ཧཱུཾ་གིས་གསལ་བར་བྱས་ལ། ཡེ་ཤེས་སེམས་དཔའ ་སྤྱན་དྲངས་ཏེ་རྒྱུད་ལས་འབྱུང་བའི་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་དབང་བསྐུར་ནས་དངོསུ་འབྱོར་པའི་པཱུ་ཛ་ལྔ་དང་། ཡིད་ཀྱིས་སྤྲུལ་པ་བརྒྱད་དང་། རིག་མ་བཅུ་དྲུག་གིས་མཆོད་པར་བྱའོ།། དེ་ལ་མེ་ཏོག་དབུལ་བའི ་ཚིགསུ་བཅད་པ་ནི། ཆུ་དང་ཐང་ལས་སྐྱེས་པའི།། མེ་ཏོག་དམ་པ་མཆོག་འདི་དྲག། མཆོག་ཏུ་དང་བྱས་འབུལ་ལགས་ན།། ཁྱོད་ཀྱིས་ཅི་འདྲར་བཞེསུ་གསོལ།། ཨོཾ་བཛྲ་པུཥྤེ་ཨཿཧཱུཾ། ལྷན་ཅིག་སྐྱེས་དང་སྦྱར་བྱུང་བའི།། ལྷ ་རྫས་དམ་པའི་བདུག་པ་འདི།། མཆོག་ཏུ་དང་པས་འབུལ་ལགས་ན།། ཁྱེད་ཀྱིས་ཅི་བདེར་བཞེསུ་གསོལ།། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུ~ཾ། ལྷན་ཅིག་སྐྱེས་དང་སྦྱར་བྱུང་བའི།། ལྷ་དང་མཾ་ཡི་དྲི་མཆོག་འདི།། མཆོག་ཏུ་དད་པས་འབུལ ་ལེགས་ན།། ཅི་བདེ་བར་ནི་བཞེ་སུ་གསོལ།། ཨོཾ་བཛྲ་གན་དྷ་ཨཱཿཧཱུཾ། བཟློའ་དང་བཅའ་བ་ཕུན་ཚིགས་པའི།། ཁ་དོག་དྲྀ་དང་རོ་ལྡན་པའི།། ཐམས་ཅད་འབྱོར་པའི་ཞལ་ཟས་འདི།། བདག་གི་འབུལ་གྱིས་བཞི་སུ་གསོལ།། ཨཾ ་བཛྲ་ནཻ་བེདྡྷ་ཨཱཿཧཱུཾ། སྒེག་མོ་ལ་སོགས་པའི་ཚི་གསུ་བཅང་པ་ནི། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་ཆོས་ཀྱི་གྲུ་བླངས་པས།། རྡོ་རྗེ་ལེས་རྣམས་བྱེད་པར་ཤོ་གཽ།། ཅེས་བརྗོད་ཅིང་། བཛྲ་སཏྭ་སུ་སང་གྲ་ཧ་ཏ་ཞེས་པ་ལ་སོགས་པ་གླུ ་བླངས་པར་བྱའོ།། རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་ནས་འབྱུང་བའི་རིག་མ་བཅུ་དྲུག་གི་ཕྱག་རྒྱ་དང་བཅས་པས་ཀྱང་མཆོད་པོར་བྱའོ།། དེ་ནས་གཟུགས་རིན་ཆེན་སྣ་བདུན་དང་། དཔག་བསམ་གྱི་ཤིང་དང་། ་དུམ་པ་བཟང་པོ་དང་། འདོད་འཇོའི་བ་དང་། བཀྲ་ཤིས་ཀྱི་རྫས་བརྒྱད་དང་། སྒྲ་རོལ་མོ་ཆ་བྱང་བཅུ་དང་། དྲིའི་སྟེང་བརྒྱའམ་སྟོང་ངམ། རོའི་སྣོད་བརྒྱ་འམ་སྟོང་དུམ། རེག་བྱ་རེས་གཟུང་སྟོང་དུམ?། ཐ་མ་ཡང་སྤྱིར་ཟུང་གཅིག་དབུལོ།། ་དེ་ལྟར་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཆོད་ལ། སྦྱིན་སྲེག་དང་གཏོར་མ་བྱས་ལ། ཉིན་མོ་ཉལ་ནས། ཕྱི་དེ་ནང་བར་ཉི་མ་ཤར་ཀིར་སྤྱན་དབྱེ་བར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་ལིང་ཏོག་བསལ་བ ་ལྟར།། དེ་བཞིན་རྒྱལ་བ་རྣམས་ཀྱི་སྤྱན།། སེམས་ཅན་དོན་དུ་དབྱེ་བར་བགྱི།། ཨོཾ་ཙཀྵུ་ཙཀྵུ་ས་མཱནྟ་ཙཀྵུ་བི་ཤོ་དྷ་ནེ་སྭཱཧཱ། ཞེས་བྱ་བས་གསེར་ལ་སོགས་པའི་ཐུར་མས་སྤྱན་དབྱེ་བར་བྱའོ།། དེ་ནས་སྙན་དབྱེ་བར་བྱ་སྟེ། གསེར་ལ ་སོགས་པའི་རྣ་འབྲུ་ཐོགས་ལ། འགྲོ་བ་རྣམས་ཐོས་པས་ཕོངས་གྱུར་པ།། རྒྱལ་པོས་ཆོས་ཀྱི་རྔ་བརྡུངས་ལྟར།། དེ་བཞིན་སེམས་ཅན་དོན་གྱི་ཕྱིར།། རྒྱལ་བའི་སྙན་ནི་དབྱེ་བར་བགྱི།། ཨོཾ་དི་བྱ་ཀརྞ་ཡེ་སྭཱ་ཧཱུ~ཾ། དེ་ནས་ཤངས ་དབྱེ་བར་བྱ་སྟེ། གསེར་ལ་སོགས་པའི་སྨང་ཆེར་ཐོགས་ཏེ། ཟུག་བཅས་ཕུང་པོ་དྲི་སྤངས་པའི།། འགྲོ་བའི་སེམས་ཅན་དོན་བགྱིད་ཕྱིར།། རྣམ་པར་དོག་པཱ་དྲྀ་རྙེད་ལྟར།། རྒྱ་ལྷ་པོའི་ཤངས་ནི་དབྱེ་བར་བྱ།། དི་བྱཱ་གྷྲྀ་ཎེ་ཡེ་སྭཱ་ཧཱ། དེ་ནས ་ཐུར་མ་ཐོགས་ལ་ཞལ་དབྱེ་བར་བྱ་སྟེ། འགྲོ་བ་ཐམས་ཅང་ཚིམ་མཛད་ལྟར།། རི་མཆོག་བརྒྱ་ལྡན་ཞལ་ཟས་དམ་པ་འདི།། དབུལ་ཕྱིར་རྒྱལ་བའི་ཞལ་ནི་དབྱེ་བར་བྱ།། ཨོཾ་དི་བྱ་མུ་ཁ་ཡེ་སྭཱ་ཧཱུ~ཾ། དེ་ནས་སྤུ་གྲི་ཐོགས་ལ། རབ་ཏུ ་བྱུང་བའི་གཟུགས་ཡིན་ན། སྒྲ་བཞར་བ་ལྟར་བྱས་ཏེ། ཇི་ལྟར་རང་བྱུང་མཆོད་རྟེན་དྲུང་།། སྟོན་པས་ཁྱིམ་པའི་རྟགསུ་སྤངས་ལྟར།། འགྲོ་བ་སེམས་ཅན་དོན་གྱི་ཕྱིར།། ཁྱིམ་པའི་རྟགས་རྣམས་སྤང་བར་བྱ།། ་སྣམ་སྦྱར་དང་། ཤམ་ཐབས་དང་། བླ་གོས་གསོལ་ནས། ཇི་ལྟར་སྨན་པའི་རྒྱ་ལྷ་པོ་འཚོ་བྱེད་ཀྱིས།། རྒྱལ་བའི་སྐུ་ལྀ་ནུ་བཟའ་གསོལ་བ་ལྟར།། དེ་བཞིན་འགྲོ་བ་རྣམས་ལ་ཕན་བྱིའི་ཕྱི་རོ།། ངོ་ཚ་ཁྲེལ་ཡོད་གོས་མཆོག་གསོལ ་བཻར་བགྱི།། ཨཾ་དྲི་བྱ་བསྟ་ན་ཡེ་སྭཱ་ཧཱ།། ཆུ་ཚགས་དང་། ལྷུང་བཟང་ཐིགས་ལ། ཨོཾ་ཨི་མུ་ཡུཾ་ག་ས་པ་རི་ཀ་ར་ཡེ་སྭཱ་ཧཱ། དེ་ནས་ཐུགས་ཀཪྵ་རྡོ་རྗེ་བཟུང་ལ། མཚན་དང་དཔེ་བྱད་ལ་སོགས་བསྐྱེད་པའི་ཕྱིར།། དུང་དུང་དཔལ་བེའུ ་གྲ་ཡུང་དྲུང་འཁྱིལ་པ་དང་།། བཀྲ་ཤིས་རྫས་བརྒྱད་དག་གིས་རྣམ་བརྒྱན་པ།། རྒྱལ་བའི་ཐུགས་ལ་རྣམ་པར་བརྒྱན་པར་ཤོག། ཨོཾ་དཱ་ཏཱི་ཤང་མ་ཧཱ་པུ་རུ་ཥཱ་ལཀྵ་ཎི་ཤཱི་ཏི་ཨ་ནུ་བྱཉྫ་ནཱ་ཡ་སྭཱ་ཧཱ། པོ་ཏི་དང་གླེགས་བམ ་ཡིན་ན་ཡི་གེ་ཨཱཿཧྲཱི་རྡོ་རྗེ་ཆོས་སམ་སྣང་བ་མཐའ་ཡས་ཀྱི་སྐུར་བསྐྱེད་པ་འམ། ཡང་ན་ཡི་གེ་བུམ་ལས་ཡུམ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཞལ་གཅིག་ཕྱག་གཉིས་པ་འམ། ཞལ་གཅིག་ཕྱག་བཞི་མ། ཕྱག ་དང་པོ་གཉིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱག་རྒྱ་འཛིན་པ། གཡས་ཀྱི་གཉིས་པ་ན་བགྲང་ཕྲེང་། གཡོན་གྱི་གཉིས་པ་ན་པདྨའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པ་བསྐྱེད་ལ། ་ཡེ་ཤེས་སེམས་དཔའ་བཅུག་ནས་རྒྱས་བཏབ་སྟེ། དབང་བསྐུར་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་ལ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་ན་བཟའ་གསོལ་ཏེ། རྒྱུ་རིམ་པ་བདུན་གྱིས་གདབ་སྟེ་ཡིག་འབྲུའི་རང་བཞིན ་དུ་ཞུ་བར་བསམ་མོ།། དེ་ལ་ན་བཟའ་དབུལ་བའི་སྔགས་ནི། དི་ཕྱ་བ་སྲ་ཡེ་སྭཱ་ཧཱ། ན་བཟའི་སྟེང་དུ་མདུད་པཱ་བི་ཏ་པྲོ་ལ། སྤྲ་ཚིལ་ལས་སྲིན་དྷུ་རའི་རྒྱས་བཏབ་ལ། ཨོཾ་བཛྲ་མུ་དྲ་བེ་ན་དྲ་ཡ་ཨ་དྷི་ཏིཥྛ་སྭཱ་ཧཱ། ཞེས་བརྗོད་དྲོ།། ན ་བཟའ་དབུལ་བའི་ཚི་གསུ་བཅད་པ་ནི།། བྱང་ཆུབ་ཡན་ལག་རྣམ་དགེ་པའོ།། དམ་ཆོས་གསུང་གི་འོད་ཟེར་གྱིས།། ན་བཟའ་དྲི་མ་མེད་པ་འདི།། དམ་པའི་ཆོས་ལ་དབུལ་བར་བྱ།། ཞེས་བརྗོད་དེ།། མཆོད་རྟེན་ཡིན་ན། རིགས ་རྣམ་པ་ལྔའི་སྦྲུལ་སྐུ་བསྐྱོང་ལ། ཡེ་ཤེསྨཻ་སེམས་དཔའ་བཅུག་ནས། རྒྱས་བཏབ་ཅིང་དབང་བསྐུར་ནས། མཆོད་པ་ཐམས་ཅད་ཀྱིས་མཆོད་ལྱ། མུཐར་མཆོད་རྟེན་གྱི་ཚུལ་དུ་བཞུགས་པ་ལ། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ་བྱ་བས་ས་དཀར་གསོལ་ལོ།། ཨོཾ་ཧ་ར་མྱ་ཡེ་སྭཱ་ཧཱ། ཞེས་བྱ་བས་བྲེ་གཟུགས་པར་བྱའོ།། ཙཀྲ་བ་བ་ར་ཙ་ཏ་ནཱ་ཡེ་སྭཱ་ཧཱ། ཞེས་པས་འཁྱེར་ལོ་གཟུགས་པ་དང་། ཨོཾ་རྒྷཾ་ཏྲཾ་ཡེ་སྭཱཧཱ། ཞེས་གདུགས་གཟུགས་པ་དང་། ་ཨཾ་ཀུཾ་བྷི་ར་དྷཱ་ཛཱ་ཡེ་སྭཱ་ཧཱ། ཞེས་པས་ཆུ་སྲིན་གྱི་རྒྱལ་མཚོན་གཟུགས་པ་དང་། ཨོཾ་པ་ཏ་ཀ་དྷཱ་ཛ་ཡེ་སྭཱ་ཧཱུཾ། ཞེས་པས་བི་དན་གཟུགས་པ་དང་། ཨོཾ་པ་ཊ་ལཾ་བཱ་ཡ་སྭཱཧཱ། ཞེས་བྱ་བས་དར་དཔྱངས་གཟུགས་པ་དང་། ་ཨོཾ་གྲཱདྡྷརྫྫ་ལཱ་ཡེ་སྭཱཏྨ། ཞེས་བྱཱ་བྱཱས?་མེ་ཏོག་གི་ཕྲེང་བ་གདགས་པ་དང་། ཨོཾ་ཙཱ་མཱ་ཪྵཱ་ཡ་སྭཱཏྨ། ཞེས་བྷཱ་བསརྠཱ་ཡཔྟཀྱཻ་གཡབ་པར་བྱའོ།། བྱང་ཆུབ་སེམས་དཔའི་རྒྱུ་ལུགྶ་སྱཱ་ཡཱནཱ་ནཱ་སོ+ོ་མྱངས་དང་། ཁྱཱ་བཱ་དྷཱང་། ་བསྙུང་བུ་དང་། གྲི་དང་། ཆུ་གྲི་རྣམས་ཕུལ་ལྔ། འགྲོ་བ་སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། རིག་པའི་གནས་ལྔ་དག་ལ་བསླབ་བྱ་ཞེས།། ཇི་ལྟར་ཐུགས་དམ་རྒྱ་ཚེ་བཞེས་པ་བཞིན།། མཁོ་བོའི་ཡོ་བྱད་རྣམས་ནི་དབུལ་བར་བྱ།། ཨོཾ་ཨཱ ་པ་ཡུཾ་ཀ་ས་བཱ་སྐཱ་ར་ཡེ་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་འམ། བྱང་ཆུབ་སེམས་ཐུན་མོང་དུ་རིན་པོ་ཆེ་སྣ་བདུན་དང་། བིཀྲ་ཤིས་ཀྱུ་ཎཱི་སྲ་བརྒྱད་དང་། འཇིག་རྟེན་པ་ལ་བྱ་ཀ་ཤིས་པའི་བིལ་པ་དང་། སྟརྒྷ་དང་། ཞོ་དང་རས ་ཡུག་དཀར་པོ་དང་། གདུགས་གསེར་གྱི་ཡུ་བ་ཅན་རྣམས་དབུལ་བར་བྱ་སྟེ། དང་པོར་ལས་ཐམས་ཅད་པའི་ཆུས་བསངས་ལ་དྲིའི་ཐིག་ལེ་དང་། མེ་ཏོག་གི་ཚོམ་བུ་བཀོད་ནས་ཇི་ལྟར་མཱི་དབང་འཁོར་ལོ་སྒྱུར་བ་ཡིས།། རིན་ཆེན ་སྣ་བདུན་ཚོགས་དང་བཅོས་པ་ལྟར།། རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་ལ།། རིན་ཆེན་སྣ་བདུན་ཚོགས་ནི་དབུལ་བྲར་བྱ།། ལྷ་ཡི་དབང་པོ་ལྷ་མཱིན་གཡུལ་རྒྱལ་ནས།། བཀྲ་ཤིས་ལྷ་མོ་བརྒྱདཀྱིས་མཆོད་པར ་བགྱིས།། རྒྱལ་བ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས།། བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱིས།། འཇིག་རྟེན་ཁྱིམ་བདག་རྣམས་ཀྱི་དཔལ་རྙེད་ན།། བོལ་བ་སྟན་བུམ་པ་བཟང་དང་བཅས།། མདུན་དུ་བསྡུ ་ནས་བཀྲ་ཤིས་བྱེད་པ་ལྟར།། རྒྱལ་བ་སྲས་དང་བཅས་ལ་དབུལ་བར་བགྱི།། དེ་ནས་འབྱོར་པ་ཡོད་ན་སྦྱིན་སྲེག་བྱའོ།། མེད་ན་སྐྱེད་བུ་དཀར་པོ་གསུམ་བཙུགསུ་ལ། ས་ལས་བྱས་པའི་སྣོད་གཙང་མར། དཀར་གསུམ ་དང་། མངར་གསུམ་གྱི་གཞི་ལ་སྨན་སྣ་ཚོགས་བཏབ་སྟེ། སྦྱིན་སྲེག་གི་མེ་འམ། རིག་པའི་མེ་ལཾ་ཡི་གེ་བརྒྱ་པོ་ཟློས་ཤིང་བསྐོལ་བར་བྱའོ།། དེ་ནས་ཙཱ་རུ་དབུལ་བར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་ག། གས་སུ་གསོལ ་བ་ནི། རྫོགས་སངས་རྒྱས་དང་དེ་ཡི་སྲིས།། ཚངས་སོགས་ལྷོ་ཡོ་ཚོགས་རྣམས་དང་།། གང་དག་ཆོ་ག་མཆོང་བ།། དེ་དག་བཟོད་པ་མཛོད་པར་རིགས།། ཀུན་ཏུ་ཞི་དོང་རྒྱུ་སྣ་དང་ནི།། ཡོན་བདག་ཆེ་ལཾ་རབ་མཛད་ནས།། སངས་རྒྱས ་ཡུལ་དུ་གཤེགས་ནས་ཀྱང་།། སླར་ཡང་འབྱོན་པར་མཛད་དུ་གསོལ།། ས་དང་ཆུ་དང་མེ་རླུང་གིས།། ཇི་སྲིད་བསྐལ་པ་འཇོག་པར་རུ།། ལྷ་རྣམས་ཀུན་གྱི་སྐུ་བཞུགས་ལ།། དེ་སྲིད་བཅོམ་ལྡན་བསྲུང་བར་མཛོད།། ཐུགས་བཟངས ་དགྱེས་པར་གྱུར་པ་ཡི།། སློབ་དཔོན་སློབ་མཽར་བཅས་པ་ཡི།། བུ་དང་ཚ་བོ་བསྲུང་མཛད་ནས།། རང་གནས་དགེ་བར་གཤེགསུ་གསོལ།། དེ་ནས་དམ་ཚིག་སེམས་དཔའ་རེང་ལ་བསྡུའོ།། དེ་ནས་ཡོན་བདག་དང་སློབ་དཔོན ་གཉིས་ཀས་སྐུའི་གངདན་ཁྲི་ནས་བཟུང་ནས་མེ་ཏོག་གི་ཕྲེང་བ་ཕུལ་ཏེ། ཇི་སྲིད་མེ་དང་ཆུ་དང་ནི།། རླུང་གིས་བསྐལ་པ་འཇིག་པར་དུ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བཅོམ་ལྡན་ཁྱོད་ནི་བཞུགས་མཛོད།། དེ་ནས་ཕྱོགས ་སྐྱོང་ངམ། མ་ཧཱ་ཀཱ་ལ་དང་། ཡུལ་གྱི་བགེགས་ལ་གཏོར་མ་བྱིན་ལ། འགྲོ་བ་སེམས་ཅན་དོན་སླད་དུ།། བདེར་གཤེགས་རྣམས་ནི་བཞུགས་ཀྱི་བར།། བདག་དང་གཞན་གྱི་དོན་གྱི་ཕྱིར།། སྤྲུལ་པའི་གཟུགས་བརྙན ་བསྲུང་བྱར་མཛོད།། ཅེས་བྱ་བ་དང་། བཅོམ་ལྡན་ཕྱག་ན་རྡོ་རྗེ་ལ་ཡང་མཆོད་པ་ཕུལ་ལ། བདེ་བར་གཤེགས་པའི་སྤྲུལ་པའི་སྐུ། བསྲུང་བར་ཞལ་གྱིས་བཞེས་པས། ཇི་སྲིད་བཅོམ་ལྡན་འདས་བཞུགས་ཀྱི་བར་དུ་བསྲུང་བར་མཐ ་དུ་གསོལ།། ཞེས་བརྗོད་པ་དང་། རབ་ཏུ་བསྲུང་བའི་གནས་བརྟེན་དང་། ཁྱིམ་པའི་གཙོ་བོ་རྣམས་ལ་ཡང་། སྙིགས་མ་ལྔའི་དུས་ཀྱི་སྤྲུལ་པའི་སྐུ་ནི་འདི་ཡིན་གྱིས། འདི་ཁྱོད་ཀྱིས་མ་ཉམས་པར་སྲུངས་ཞེས་བརྗོད་པར་བྱ་ལ། ་གས་མ་འམ། རས་རས་སམ། པོ་ཏི་ཡིན་ན། ན་བཟའ་བཟང་པོ་དྲངས་ལ། ཤིང་རྟ་ལས་བསྐྱོན་ནས་དྲིའི་ཐིག་ལ་བྱས་ཏེ། འགྲོ་བ་རྣམས་དང་པར་བྱ་བའི་ཕྱིར་གྲོང་ཁྱེ་ར་རྣམས་བསྐོར་བར་བྱའོ།། ཡོན་གྱི་བདག་པོ་རྣམས ་ཀྱང་གླུ་དང་། གར་དང་། རྒྱན་གདགས་པ་དང་། བཀྲ་ཤིས་པ་རྣམས་བྱེད་དོ།། དེ་ལ་རབྱ་གནས་ཀྱི་དུས་ནི། དཔྱིད་ཟླ་ར་བ་འམ་འབྲིང་པོ་འམ། ཞེས་པ་ནས། སྐྱེ་དང་སྐྱོ་བ་འགྲུབ་པར་འགྱུར། ཞེས་པའི་བར་དེ། རྒྱུ་དང་མཐུན་ནོ།། ་གསང་སྔགས་རྡོ་རྗེ་ཐེག་པ་ལ།། བསྟན་པའི་སྙིང་པོ་མ་ནུས་པས།། རྣལ་འབྱོར་སོ་སོའི་མོས་པ་ཡིས།། འཛམ་གླིང་འདི་རུ་སྤྲུལ་པའི་སྐུ།། ཇི་ལྟར་འདོད་བཞིན་གཤེགསོ་པའི་སྐུ།། ལུགས་སྐུ་ལ་སོགས་གཟུགས་བརྙན་ལོ།། ་རབ་ཏུ་གནས་པའི་ཆོ་ག་ནི།། བྱས་པས་སྦྲུལ་སྐུ་ཐོབ་པར་ཤོག། རྣལ་འབྱོར་གྱི་རྒྱུད་ཀྱི་རབ་ཏུ་གནས་པའི་ཆོ་ག། རབ་གནས་ཀྱི་རྒྱལ་པོ་ཞེས་བྱ་བ་རྫོགསོ།། #།། རྒྱ་གར་སྐད་དུ། བཛྲ་དྷཱ་ཏྱ་མཧཱ ་