| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ཏྲཻ་ལོཀྱ་བི་ཛྙཱ་ཡ་མཎྜ་ལོ་པ་ཡི་ཀ་ཨཱརྱ་ཏཏྟ་སཾ་གྲ་ཧ་ཏནྟོ་དྷི་ཏ། བོད་སྐད་དུ། དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པ་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད ་ལས་བཏུས་པ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལོ།། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ཁྱབ་བདག་གདུལ་དཀའ་འདུལ་བ་པོ།། རྡོ་རྗེ་ཧཱུཾ་མཛད་ཕྱག་འཚལ་ཏེ།། འཇིག་རྟེན་གསུམ་རྒྱལ་འཐུབ ་ཡི།། དཀྱིལ་འཁོར་ཆོ་ག་བཤད་པར་བྱ།། དེ་ལ་རེ་ཞིག་སློབ་དཔོན་གསང་བའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་ཐོབ་པ། རིག་པའི་སྡོམ་པ་ཡོངསུ་བཟུང་བ། གསང་བའི་ཆོ་ག་ཐམས་ཅད་ཀྱི་བྱ་བ་ཤེས་པ། དཔའ་བ། ་བརྟན་པ། སྤྲོ་བ་ཆེ་བ། མཁས་པ། དུལ་པོ། འདུལ་བའི་ཀུན་ཏུ་སྤྱོད་པ་ལ་གནས་པ། དད་པ་དང་ལྡན་པ། ཆོས་ཟབ་མོ་ལ་ལྷག་པར་མོས་པ། སེམས་ཅན་ཐམས་ཅད་ཡོངསུ་སྐྱོབ་པའི་བློ་ཅན། ལུས་དྲང་སྲོག་ལ་ལྟོས ་པ་མེད་པ། གྲོགས་དཀྱིལ་འཁོར་མཐོང་བ། དད་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ། གསང་བའི་ཚུལ་གྱི་ཆོ་གའི་བྱ་བ་ཤེས་པ། གཙང་ཞིང་གཙང་མར་སྤྱོད་པ། གསང་བའི་ཆོ་གོའི་བྱ་བ་ལ་མཁས་པ། སྙིང་སྟོབས་དང ་ལྡན་པ། བློ་བརྟན་པ་དང་ལྷན་ཅིག་གམ། ཡང་ན་གྲོགས་མེད་པར་རི་བོ་འམ། ནོགས་སམ། ཆུ་འགྲམ་མམ། སྐྱེད་མོས་ཚལ་ལམ། གཙུག་ལག་ཁང་ལ་སོགས་པའི་ཡིད་དང་རྗེསུ་མཐུན་པའི་གན་སུ་སྔོན་དུ་བསྙེན་པ་བྱ ་དེ་ལ་དང་པོར་རེ་ཞིག་རིམ་པ་འདིས་རྣམ་པར་རྟོག་པ་ལ་སྤྱོད་པའི་ཁྲུས་བརྩམ་པར་བྱའོ།། ཁྲོ་བོ་ཏི་རཱིན་ཏི་རའི་ཕྱག་རྒྱ་བཅིངས་ལ་སྙིང་གར་བཞག་སྟེ། ཨོཾ་དྷུ་པི་དྷཱུ་པི་ཀཱ་ཡཱ་དྷཱུ་པཱི་པྲ་ཛཱ་ལ་ནཱི་སྭཱཧཱ། ཞེས་ཟློས་ཤིང ་བདག་ཉིད་འབར་བར་བྱའོ།། ཨོཾ་ཊུཾ་ཞེས་བྱ་བས་གོ་བགོས་ལ་རྡོ་རྗེ་གནོད་སྦྱིན་གྱི་མཆེ་བའི་ཕྱག་རྒྱ་བཅིངས་ཏེ་བགེགས་ཐམས་ཅད་བཟའ་བར་བྱའོ།། ཡང་དེ་ཉིད་དང་ཨ་ཞེས་བྱ་བ་བཟློས་ཤིང་བདུད་རྩི་ཐེབ་སྦྱོར་གྱིས་ཡང ་ཨོཾ་བྷུ་ར་ཛཱ་ལ་ཧཱུཾ་སྭཱ་ཧཱ། ཞེས་ཟློས་ཤིང་ཆུ་ཁྱོར་བ་གསུམ་བླུགས་པར་བྱའོ།། རིག་པ་འདི་ཉིད་ཀྱིས་ས་གཙང་མ་བླངས་ལ་ཆ་གསུམ་དུ་བྱས་ཏེ། ཆ་གཅིག་གིས་རྐེད་པ་མན་ཆང་བཀྲི། གཉིས་པས་ལུས་ཐམས་ཅད་བཀྲུའོ།། གསུཾ ་པས་ལག་པ་བཀྲུས་ལ་ཉེ་རེག་བྱས་ཏེ། རོང་གི་སྔགས་དང་ཕྱག་རྒྱས་སྤྱི་བོར་ཆུ་བླུགས་ལ། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ཏེ། ཆུ་ལས་ལངས་ནས་རྡོ་རྗེ་སེམས་དཔའ་ཟློས་ཤིང་ཆུའི་བསྲུང་བ་བསལ་ལ། ཧཱུཾ ་བཞི་རྡོ་རྗེ་ཚིག་གིས་ཡིད་ལ་ཟློས་ཤིང་ལྷའི་ཁང་པའམ། རི་བོ་ལ་སོགས་པའི་གནས་སུའང་ཁྲུས་དང་། ཉེ་རིག་བྱས་ཏེ། རྡོ་རྗེ་རྩེ་མོ་མངོན་པར་བཟླས་པའི་ཆུས་གོས་ལ་སོགས་པ་ལ་བསང་གཏོར་བྱོས་ལ། གནས་ཁ ་ལ་སོགས་པར་ཆུ་དེ་ཉིད་ཀྱིས་ལྷའི་ཁང་པའི་ནང་ཀུན་ཏུ་བགེགས་བསལ་བར་བྱས་ནས་སྟན་བདེ་བ་ལ་སོགས་པར་ཇི་ལྟར་བདེ་བར་འདུག་སྟེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ། མཛུབ་མོ་གཉིས་གཤིབས་ཏེ་རྩེ་མོར ་བྱས་ནས། མཐེ་བོང་གཉིས་གྱེན་དུ་བལྟས་པར་གཤེབས་ཏེ། སྐྱིལ་མོ་ཀྲུང་གི་སྟེང་དུ་བཞུག་ལ། ཨོཾ་སརྦ་ཐ་ཤུདྡྷ་དྷརྨ་ཏཱ་བཛྲ་སཏྭཱ་ཧཱུཾ་ཞེས་ལན་གསུམ་བཟླ་བར་བྱའོ།། དེ་ནས་ལྐོག་མའི་ཕྱོག་སུ་ཧྲཱི་ལས་པདྨ་འདབ་མ་བརྒྱད་པ ་བསྡམ་པའི་ལྕེའི་པདྨ་འདབ་མར་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ་བཛྲ་ཛྲི་ཧྭཱ་ཞེས་བྱ་བའི་རིག་པ་འདིས་བྱིན་གྱིས་བརླབ་པར་བྱའོ།། ལག་པ་གཉིསུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པསམྦྷས་ལ། དེ་ག ་ཀྱི་སྟེང་དུ་ཧཱུཾ་གཉིས་ལས་རྡོ་རྗེ་བསམ་ཞིང་ལག་པའི་སོ་མོ་ཡང་རྡོ་རྗེ་རྩེ་མོར་བསྐྱེད་ལཾ། འོག་ནས་བཤད་པའི་རིམ་པས་བགེགས་གཞོམ་པ་ལ་སོགས་པ་བྱས་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་ཙཀྲ་ཧཱུཾ ་ཞེས་བརྗོད་པར་བྱའོ།། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས།། མཛུབ་མོ་མཐེ་ཆུང་རྡོ་རྗེ་མདུང།། རྡོ་རྗེ་འཁོར་ལོ་ཞེས་གྲགས་ཏེ།། དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་ཡིན།། རིགས་ཐམས་ཅད་ཀྱི ་འཁོར་ལོ་བསྐོར་བ་འདིས་ཕྱོགས་ཐམས་ཅད་དུ་གཡས་ནས་བསྐོར་ལ་ཁར་བཞག་ནས་བལྟ་བཞིན་དུ་སྔགས་ལན་བརྒྱ་རྩ་བརྒྱད་དུ་བཟླས་ན་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་པར་འགྱུརརོ།། དེ་ནས་དཀྱིལ ་འཁོར་བློས་མངོན་སུམ་ལྟ་བུར་དམིགས་ལ་མེ་ཏོག་ལ་སོགས་པས་ལྷ་ཐམས་ཅད་ཡང་དག་པར་མཆོད་དེ་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལྔ་པང་འདིས་ཕྱག་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྵིཏྟ་པྲ་ཎ་མེ་ན ་བཛྲ་བི་དཱ་ནཱཾ་ཀ་རོ་མི། དེ་ནས་ཕྱག་བཞི་བྱ་སྟེ། འདི་ལྟར་རྡོ་རྗེ་ཐལ་མོ་བརྐྱང་ལ་སྔགས་འདི་དང་ལུས་ཐམས་ཅད་ཀྱི་ཕྱག་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦྦ་ཏ་ཐཱ་ག་ཏཱ་བཛྲ ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ། དེ་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ་སྙིང་གར་སྦྱར་ལ། འདིས་དཔྲལ་བས་ཕྱག་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཨཱཏྨ་ནཱཾ་ནིརྱ་ཏ་ཡཱཾ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། དེ་ནས ་དེ་བཞིན་དུ་ལངས་ལ་རྡོ་རྗེ་ཐལ་མོ་སྤྱི་བེར་བཞག་སྟེ་འདི་དང་ཁས་ཕྱག་བྱའོ།། ཨོཾ་སརྦྦ་ཏ་ཐཱ་ག་ཏེ་པཱུ་ཛ་པྲ་བཱརྟ་ནཱཾ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མྲྀ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨྨ་པྲ་བརྟ་ཡ་མཱཾ། དེ་ནས་དེ་བཞིན་དུ་གནས་པ་ལས་རྡོ་རྗེ་ཐལ་མོ ་སྤྱི་བོ་ནས་ཕབ་སྟེ་སྙིང་གར་སྦྱར་ལ། བྱང་ཕྱོགས་སུ་སྤྱི་བོ་ས་ལ་རེག་པར་བྱས་ནས་འདིས་ཕྱག་བྱའོ།། ཨོཾ་སརྦ་ཏ་ཐཱ་གཽ་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མཽ་སྱཱརྦེ་ཏ་ཐཱ་གཱ་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཕྱག་འཚལ་བའི་ཕྱག་རྒྱ ་བཅིངས་ནས་སྡིག་པ་ཐམས་ཅད་བཤགས་པར་འགྱིའོ།། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་ཆེན་པོ་དང་། པདྨ་དང་། ལས་ཀྱི་རིགསུཾ་བཞུགས ་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་བདག་ལ་དགོངསུ་གསོལ། བདག་མིང་འདི་ཞེས་བགྱི་བ་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ ་ཐམས་ཅད་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་བཞུགས་པ་ཐམས་ཅད་དང་། སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་། རིག་སྔགས་ཀྱི་ལྷ་ཐམས་ཅད་ཀྱི ་སྤྱན་སྔར་སྡིག་པ་ཐམས་ཅད་བླ་ན་མེད་པའི་སོ་སོར་བཤགས་པས་སོ་སོར་བཤགས་པར་བགྱིའོ།། ཕྱོགས་བཅུ་ན་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས ་དང་། རང་སངས་རྒྱས་དང་། འཕགས་པ་ཉན་ཐོས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་རྣམས་དང་། སེམས་ཅན་གྱི་ཚོགས་ཐམས་ཅད་ཀྱི་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེ་སུ་ཡི་རང་བར་བགྱིའོ།། ་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཕྱིར་བསྐུལ་བར་བགྱིའོ།། ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས ་ཡོངསུ་མྱ་ངན་ལས་འདའ་བར་བཞེད་པ་གང་ཡིན་པ་དེ་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་འཚལོ།། དེ་ནས་མེ་ཏོག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས ་འདིབམོ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནི་ལྷ་དང་མི་རྣམས་ཀྱི་མེ་ཏོག་གི་བྱེ་བྲག་ཡིད་ལས་བྱུང་བ་འམ། ཆུ་ལོས་སྐྱེས་པ་དང་། ཐང་ལས་སྐྱེས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བྱའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རིགས་ལྔ་དང་བཅས་པར་བཞུགས་པ་ཐམས་ཅད་དང ་སྙིང་པོ་དང་། ཕྱག་རྒྱ་དང་། གསང་སྔགས་དང་རིག་སྔགས་ཀྱི་ལྷ་ཐམས་ཅད་ལ་དབུལ་བར་བགྱིའོ།། ཨོཾ་སརྦོ་ཏ་ཐཱ་ག་ཏ་པུཥྤ་པཱུ་ཛ་མེ་གྷ་སཾ་མུ་དྲ་སྥོ་ར་ཎི་སྭ་མ་ཡེ་ཧཱུཾ། བདུག་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར ་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མེ་རྣམས་ཀྱི་བདུག་པའི་བྱེ་བྲག་ལྷན་ཅིག་སྐྱེས་པོ་འམ། ཡང་དག་པར་སྦྱར་བ་འམ། ཡོངསུ ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་དྷུ་པྲེ་པཱུ་ཛ་མེ་གྷ་ས་མུ་དྲཱ་སྥ་ར་ཎ་ས་མྲ་ཡེ་ཧཱུཾ། མར་མེའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗིད་པོར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། ཡང ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་སྣང་བའི་བྱེ་བྲག་ཡིད་ལས་བྱུང་བའམ། རིན་པོ་ཆེའི་འོད་དམ། མར་མོའི་སྣང་བ་ལ་སོགས་པ་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། ་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཨཱ ་ལོ་ཀཱ་པཱུ་ཛ་མེ་གྷ་སྭ་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དྲིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི ་བྱེ་བྲག་ལྷན་ཅིག་སྐྱེས་པ་འམ། ཡང་དག་པར་སྦྱར་བ་འམ། ཡོངསུ་གྱུར་པ་ཅན་གང་དག་ཡོད་པ་དེ་རྣམས་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཕྱག ་འཆོལ་བའི་ཐལ་མོ་སྤྱི་བོར་གཞག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་རིན་པོ་ཆེའི་རི་བོ་འམ། རྒྱ་མཚོ ་ཆེན་པོའི་ཆོ་གས་གྲང་དག་ཡོད་པ་དེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ།། ཨོཾ་སརྦ་ཏཱ་ཐཱ་ག་ཏ་བོ་ཎྱེ་ག་རཏྣ་ཨ་ལང་ཀཱ་ར་པཱུ་ཛ་མེ་གྷཱ་ས་མུ་དྲ་སྥ་ར་ཎ་སྭ་མ་ཡེ་ཧཱུཾ། དེ་ནས་བཞད་པའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར ་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་རྒོད་པ་དང་། སྒེག་པ་དང་། དགའ་བ་དང་། རྩིང་འཛིའི་བདེ་བྱེ་བྲག་གང་དག་ཡོད་པ་དེ ་དགའ་བ་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཧཱ་སྱ་ལཱ་སྱཱ་ར་ཏི་ཀྲཱི་ཊ་སཽ་ཁྱཱ་ཨ་ནུཏྟཱ་ར་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་སཱ་མ་ཡེ་ཧཱུཾ། བཞད་པའི་ཕྱག་རྒྱ་དེ་ཉིད་རྡོ་རྗེ་ཐལ་མོ་བསྐོར་བ་འདི་སྤྱི་བོར་བཞག ་ལ། ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བ་བཅིངས་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཡང་འཇིག་རྟེན་གྱི་ཁོམས་འདི་འམ། གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐོམས་ཅད་ན་དཔག་བསམ་གྱི་ཤིང་གང་དག་ཡོད་པ ་དེ་ཐམས་ཅད་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་རཱ་བོ་དྷི་ཨཱ་ལཱཾ་ཀ་ར་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སེམས ་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་རྗེསུ་དྲན་པར་བྱས་ནས། སྙིང་རྗེའི་དབང་གི་སེམས་ཅན་ཐམས་ཅད་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། མ་རྒལ་བ་རྣམས་བསྒྲོལ་བར་བྱ་བའི་ཕྱིར་དང་། ་མ་གྲོལ་བ་རྣམས་དགྲོལ་བར་བྱ་བའི་ཕྱིར་དང་། དབུགས་མོ་བྱུང་བ་རྣམས་དབུགས་དབྱུང་བའི་ཕྱིར་དང་། ཡོངསུ་མྱ་ངན་ལས་མི་འདས་པ་རྣམས་ཡོངསུ་མྱ་ངན་ལོས་བཟླ་བའི་ཕྱིར་དང་། སེམས་ཅན་གྱི་ཁམས་མ་ལུས ་པ་འཁོར་བའི་རྒྱ་མཆི་ལས་ཡང་དག་པར་བསྒྲལ་བར་བྱ་བའི་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་པ་བགྱིའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བོ་དྷི་ཙིཏྟ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། སྒེག་མོའི་ཕྱག་རྒྱ་བཅིངས་ལ་འདི་སྐད ་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཡོ་བྱད་ཐམས་ཅད་ཀྱི་ཡང་དག་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་ཐམས་ཅད་འདོད་པ་ཙམ་ལ་རག་ལུས་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲོད་བྷ་བ་དཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་ཕྲེང་བ་མའི་ཕྱོག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མི་དགེ་བའི་ལུས་དང་ངག་དང་ཡིད་ཀྱི་ལས་ཀྱི་མཐའ་ཐམས་ཅད་དང་ཡང་དག་པར་བྲལ་བར་གྱུར་ཅིག། ་དགེ་བའི་ལུས་དང་ངག་དང་། ཡིད་ཀྱི་ལས་ཀྱི་མཐོའ་ཐམས་ཅད་དང་ཡང་དག་པར་ལྡན་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་བོ་དྷྱ་ཧཱ་ར་ཤཱི་ལ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། རྡོ་རྗེ་གླུ་མཁན ་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་མཚན་དང་དཔེ་བྱད་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པར་བྱས་པ་དང་། རྟག་ཏུ་ཕན་ཚུན་འཇིགས་པ་མེད་པ་དང་། ཞེ་འགྲས་པ ་མེད་པོར་ཞུགས་ཞིང་མིག་དང་ཡིང་མངོན་པཱར་དགའ་བཱ་དང་། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་དང་ལྡན་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏྱཱ་ཨ་ནུཏྟ་ར་མ་ཧཱ་དྷརྨ་ཨ་བ་བོ་དྷི་ཀྵན་ཏི་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྭེ་སྥ་ར་ཎ ་ས་མ་ཡེ་ཧཱུ~ཾ། གར་མཁན་མའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མངོན་པར་བརྩོན་པ་དང་ལྡན་པ་དང་། སངས་རྒྱས་ཉིད་ཡོངསུ་གཞོལ ་ཞིང་འཁོར་བ་ཡོངསུ་མི་སྤོང་བའི་བརྩོན་འགྲུས་དང་ལྡན་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་སན་སཱ་རཱ་པ་རི་ཏྱཾ་ཀ་ཨ་ནུཏྟ་ར་མ་ཧཱ་བཱིརྱ་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ནས་མྱེ་ཏོག་གི་ཕྱག་རྒྱ་བཅིངས། ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་བྲེལ་བར་གྱུར་ཅིག། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིངངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ་མངོན་པར་ཤེས་པ་རྣམས་དང་། རིག་པ་ཐམས་ཅད་དབང་དུ་གྱུར་པར་ཕུན་སུམ་ཚོགས་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་མ་ཧཱ་སཽ་ཁྱ་བི་ཧ་ར་དྷཱ་ན་པཱ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བདུག ་སྤོས་ཀྱི་ཕྱུག་རྒྱུ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་ཡེ་ཤེས་རྣམས་དང་ཡང་དག་པར་ལྡན་པར་གྱུར་ཅིག། སོ་སོ་ཡང་དག་པར་རིག ་པ་བཞི་ཐོབ་སྟེ། བཟོ་དང་བསྟན་བཅོས་ཐམས་ཅད་ཤེས་ཤིང་སྒྱུ་རྩལ་དང་ལྡན་ལ་གསང་བའི་ཆོ་ག་ཤེས་པ་དང་། དེ་ཁོ་ན་ཉིད་མཐོང་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང་དག་པར་གཅོད་པའི་ཡེ་ཤེས་ཐོབ ་པར་གྱུར་ཅིག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་ཀླེ་ཤཙྪེ་ད་སརྦ་དྷརྨཱ་ས་མནྟ་ཛྙཱ་ན་མ་ཧཱ་པྲཛྙཱ་པ་ར་མི་ཏཱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ལུས་ཀྱི་བསྙེན་བཀུར་བྱ་བའི་ཕྱིར་བདག་ཉིད་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས ་མ་ལུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་དྲུང་དུ་ཕྱིན་བྱན་མོས་པ་བྱས་ལ། ཨོཾ་སརྦྦ་ཏ་ཐཱ་ག་ཏཀྵཱ་ཡ་ནནྱ་ཏ་ན་བྷཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་དྡྷ། རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པར་བརྗོད་པའི་ཚུལ་དུ་བཅི ་ལ་ཐམས་ཅད་དུ་ལྕེ་བརྒྱ་སྟོང་བྱུག་སྐྱེད་ཀྱི་སྒོ་ནས་མཉམ་མེད་མི་གཡོ་ཞེས་བྱ་བ་ལ་སོགས་པའི་བསྐྱེད་པས་མཆོད་པར་ལྷག་པར་མོས་པར་བྱས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཐཱ་ག་ནིནྱ་ཏན་པཱུང ་མེ་གྷ་ས་མུ་དྲ་སྥ་ར་ཎཱ་ས་མོ་ཡེ་ཧཱུཾ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང་བསོམ་པ་གཅིག་པའི་སྦྱོར་བས། ཆོས་ཐམས་ཅད་མཉམ་པ་ཉིད་ལོ་ལྷག་པར་མྱོས་པར་བྱས་ལ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་ཙིཏྟ་ནིརྱཱ་ཏཱ་ན་པཱུ་ཛ་མེ་གྷ་ས ་མུ་དྲ་སྥ་ར་ཎ་སྭ་མ་ཡེ་ཧཱུཾ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚོན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པར་ལྷག་པར་མོས་པར་བྱོས་ལ། འདི་སྐད་ཅེས་བརྗོད་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག ་ཏ་གུ་ཧྱ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་བྱར་མཆོང་ནས་བདག་ཉིད་དབུལ་བར་བྱའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ ་བར་བགྱི། བདག་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་སོ་སོར་བཞེས་སུ་གསོལོ།། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་ཁྱེད་རྣམས་ཀྱིས་དམ་ཚིག་ཆེན་པོའོ་དངོས་གྲུབ་བདག་ལ་སྩལ་དུ་གསོལ་ཞེས་བརྗོད་ལ། ་དགེ་བའི་རྩ་བ་དེ་ཡང་སེམས་ཅན་ཐམས་ཅད་དང་ཐུན་མོངས་དུ་བྱས་ཏེ། དགེ་བའི་རྩ་བ་འདིས་བདག་དང་སེམས་ཅན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་བར་གྱུར ་ཅིག། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡང་དྲག་པར་ལྡན་པའི་བདེ་བ་ཉིད་དང་། ཡིད་བདེ་བ་ཉིད་ཀྱི་མིའི་མཆོག་སངས་རྒྱས་ཉིད་དུ་ཚེ་འདི་ཉིད་ལ་གྱུར་ཅིག། བདག་ནི་དགེ་བའི ་ལས་རྣམས་འདི་དག་གིས།། འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག། འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང་།། སེམས་ཅན་སྡུག་བསྔལ་མང་པོས་གཟིར་ལས་དགྲོལ།། ཞེས་བླ་ན་མེད་པ་ཡང་དག་པར་རྫོགས ་པའི་བྱང་ཆུབ་ཏུ་ཡོངསུ་བསྔོས་ལ་སྡོམ་པ་བཟུང་བར་གྱིའོ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནི་ངེས་མཛད་པའི།། བྱང་ཆུབ་སེམས་ནི་བླ་མེད་པ།། དམ་པ་བདག་གིས་བསྐྱེད་པར་བགྱི།། སངས་རྒྱས་རྣལ ་འབྱོར་སྡོམ་པ་ལ།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་བརྟན་པར་གཟུང་བར་བགྱི།། སངས་རྒྱས་ཆོས་དང་དགེ་འདུན་ཏོ།། བླ་ན་མེད ་པའོ་དཀོན་མཆོག་གསུམ།། དེང་ནས་བརྩམས་ཏེ་གཟུང་བར་བགྱི།། རྡོ་རྗེ་རིགས་མཆོག་ཆེན་པོ་ལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་གཟུང་བར་བགྱི།། སློབ་དཔོན་བདག་ཀྱང་གཟུང་བར་བགྱི།། རིན་ཆེན ་རིགས་མཆོག་ཆེན་པོ་ཡི།། དམ་ཚིག་ཡིད་དུ་འོང་བ་ལ།། ཉིན་རེ་བཞིན་དུ་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བ།། པདྨའི་རིགས་མཆོག་དམ་པ་ལ།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས ་ནི་གཟུང་བར་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་ངག་ཉིད་དུ་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། བྱང་ཆུབ་སེམོས་ནི་བླ་མེད་པ།། དམ་པ་བདག་གིས་བསྐྱེད་བགྱི ་ཞིང་།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། བདག་གིས་སྡོམ་པ་མ་ལུས་གཟུང་།། མ་གྲོལ་བ་ནི་གྲོལ་བར་བགྱི།། མ་བརྒལ་བ་ནི་བསྒྲལ་བར་བགྱི།། དབུགས་མ་བྱུང་བ་དབུགས་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལོ་དགོད།། ་ཅེས་བརྗོད་དོ།། དེ་ནས་དེ་བཞིན་གཤེགས་པ་དང་། ལྷ་མོ་རྣམས་ཀྱི་སྐུ་བདག་ཉིད་ལ་གཟུགས་བརྙན་དུ་སྣང་བས་རྒྱལ་པོའི་བཀའ་ལྟར་འདའ་བར་དཀའ་ཞིང་གཞིག་པར་མི་ནུས་པས་ཕྱག་རྒྱ་བཅིངས་པ་དང་། སྔགས ་བརྗོད་པ་ཐམས་ཅད་ལ་རྒྱལ་བ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་ལྟར་འདའ་བར་མི་མཛད་པའི་ལྷའི་ང་རྒྱལ་མངོན་དུ་བསྐྱེད་ཅིང་ཕྱག་རྒྱ་བཅིང་བར་བགྱིའོ།། དེ་ལ་ཕྱག་རྒྱ་བཅིང་བ་ནི་འདི་ཡིན་ཏེ། ཐལ་མོ་སྦྱར་བར་བྱེད་པ་ནི་འདི ་སྐད་ཅེས་བརྗོད་པར་བྱའོ།། ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསོར་མོ་ཕན་ཚུན་བཅེར་བ་ན། པ་ར་སྥ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་\ུ0f7fབཛྲ་ཨཉྩོ་ལི། རབ་ཏུ་བསྡམ་ཕྱིར་རྡོ་རྗེ་བསྡ་མ།། ཨོཾ་ཏྱན་ཨ་ནུ་པྲ་བིཥྚ་སརྦ་དྷརྨ་བཛྲ་བན་དྷི། ཞེས་བྱ་བ་འདིས་ལྷ། ་རྣམས་རེག་པ་དང་། ཕན་ཚུན་རྗེས་ཞུགས་པ་དང་། གཅིག་ཏུ་གྱུར་བྱ་ས་ས་བྷཱས་སྤྱོད་པས་ངེས་པར་འབྱུང་བཊྚི་སྱན་ཚྭའི་རང་བཞིན་དུ་ལྷག་པར་མོས་པར་བྱའོ།། དཱ་ནུས་བྱཱདྡྷ་བཱནྡྷ་ཏྲཱཊྚ་ཅེས་ཟློས་ངྒེ་སྐྱོང་གརུ་དྷ་རྦྷ་བྷཱས་ན ་བྲལ་བར་བྱའོ།། དེ་བཞིན་གཤེགས་པོ་ཐམས་ཅད་ཀྱང་བགེགས་རྣམས་གཞོམ་པའི་ཕྱིར་ཁྲོས་པར་གྱུར་ཅིག། ཧཱུ~ཾ་ཏ་གི་བོ་ང་ཡ་མ་ཧཱ་བྷཱི་ར་ག་ཙཀྐི་བཛྲ་དྷ་ར་སྱཱད་དེ་བྷྱོ་ཞེས་ཟློས་ཤིང་བྷཱུ་ཞེས་བྱེ་བས་དམ་པའི་ཆོས་ཀྱི་འཁོར་ལོ་ཕྱག ་རྒྱ་བྲལ་བར་བྱའོ།། རྡོ་རྗེ་བསྡམས་ལས་མཐེ་བོང་ལས། མཐེའུ་ཆུང་གཉིས་ནི་བསྙམས་ཏེ་བསྒྲེང་།། དབུས་མ་གསུམ་བསྒྲེང་ཁ་ཕྱེ་ལ།། འཁོར་ལོ་དམ་ཆེས་འཁོར་ལོ་ཡིན།། དེ་ནས་ལྔ་པོ་བསྡུས་པ་བཅིངས་ལ་འདི་སྐད་ཅེས་བརྗོད ་ཨོཾ་མཱ་ཧཱ་སུ་ཁ་བཛྲ་སིདྡྷ་ཡ་སརྦ་སཏྭེ་བྷྱོ་ཛཿཧཱུཾ་བཱཾ་ཧོཿརྡོ་རྗེ་བསྡམས་པ་བཅིངས་ནས་སུ།། མཛུབ་མོ་མཐེའི་སྐྱེས་གན་སུ།། གཡོས་པའི་མཐེ་བོའི་མཚན་མ་ནཱི།། བཅུག་ལ་བསྐྱེད་དེ་གཙིར་བར་བྱ།། ཞེས་བྱ་བ་འདི་ནི་ལྔ་པོ་བསྡུས ་པའོ།། ཨོཾ་བཛྲ་ཨཱུ་བེ་ཤ་ཞེས་བྱ་བས་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ་ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ།། རྡོ་རྗེ་ཁུ་ཚུར་གྱི་རྩེ་མོ་གཉིས་སྦྱར་བ་ནི་རྡོ་རྗེ་དྲབབ་པའོ།། དྲབབ་པ་དེ་ཡུང་འདིས་བརྟེན་པར་བྱའོ།། ཏིཥྛ་བཛྲེ་དཱི་བྷྱོ ་མེ་བྷ་ཥཱ་ཤཱ་ཤྭེ་ཏ་མི་བྷ་བ། ཧྲྀ་ཛི་ཡ་མེ་ཨེ་དྷི་ཏིཥྛ་སརྦ་བོཛྫི་མོ་པྲ་ཡནྡྷ་སརྦ་ཀརྨ་སུ་ཙ་མོ་ཙིཏྟ་ཤྲི་ཡ་ཀུ་རུ་ཧཱུ~ཾ་ཧ་ཧ་ཧ་ཧོ་ཧོཿདེ་ནས་བཛྲ་མུཥྚི་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་མུཥྚི་བི་ཞེས་བརྗོད་པར་བྱའོ།། ་བསྡམས་པའི་མཛུབ་མོ་གཉིས་ཀྱི་བར་དུ་མཐེ་བོང་རྩེ་མོ་བཅུག་ལ་མཛུབ་མོ་གཉིས་ཀྱིས་གཙིར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་དོ།། དེ་དག་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྲལ་བར་བྱའོ།། ་དེ་ནས་དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་སྔགས་ལན་གསུམ་བརྗོད་ཅིང་ཨོཾ་བཛྲ་མུཿཞེས་པས་རང་གི་སྙིང་གར་དགྲོལ་བར་བྱའོ།། དེ་ནས་རུང་གི་སྙིང་གར་གནས་པའི་སེམས་དཔའི ་རྡོ་རྗེ་ལ་ཡི་གེ་ཧཱུཾ་ཡིད་ཀྱིས་མངོན་པར་བྲིས་ལ་དེ་ཉིད་ཡིད་ལ་ཟློས་ཤིང་བདག་མེད་པར་བསྒོམ་པར་བྱའོ།། དེ་ཉིད་ལས་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་དེ་ཉིད་ལས་ཟླ་བའི་དཀྱིལ ་འཁོར་གཉིས་པ། ཡང་དེ་ཧཱུཾ་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པི་འབར་བ་ལས། དེའི་དབུས་སུ་ཡང་ཡི་གེ་ཧཱུཾ་བཀོད་ལ་དེ་ཉིད་ཟློས་ཤིང་། སེམས་དཔའ་ཇི་ལྟ་བའི་ཕྱག་རྒྱ་དེ་བཞིན་ཏེ། བདག་ཀྱང་དེ་བཞིན་ནོ་ཞེས་རྡོ་རྗེའི་ང་རྒྱལ་བསྒོམ ་ཞིང་རྡོ་རྗེ་དེ་ལས་རྡོ་རྗེའི་རིགས་ཐམས་ཅད་སྤྲོས་ལ། ངེས་གདུག་པ་ཐམས་ཅད་བརྟུལ་ནས། དེ་ཐམས་ཅད་རྡོ་རྗེ་དེར་བཅུག་ལ། སེམས་དཔར་གྲགས་པ་ཀུན་གྱི་བདག།། བདག་ཉིད་བདག་ལ་ཡང་དག་གནས།། དེ་བས་ན་བཛྲོ་ཧཾ་ཞེས ་ཟློས་ཤིང་། རྡོ་རྗེ་དེ་རྡོ་རྗེ་སེམས་དཔའ་བསྙེམས་པ་དང་། བཅས་པས་རྡོ་རྗེ་གསོར་ཞིང་བཛྲ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ།། ཡང་ཡི་གེ་ཧཱུཾ་ཟློས་ཉིད་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་ལྷག་པར་མོས་ལ་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ།། འདི་ནི ་ཐོག་མ་ཐ་མ་མེད་པའི་སེམས་བསྒོམ་པའོ།། དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ས་མ་ཡོ་ཧཾ། འདི་ཡང་བསྒྱུར་བསྒོམ་པ་དེ་ཡང་ཁམས་གསུམ་རྣམ་པར ་རྒྱལ་བ་དེ་ཉིད་ཀྱི་སྙིང་ག་དང་། དཔྲལ་བ་དང་། ལྐོག་མཱ་དང་། སྤྱི་བོར་བྱིན་གྱིས་བརླབས་ལ། ས་མ་ཡ་སྟྭ~ཾ་ཨ་དྷི་ཏཱིཥྛ་སྭ་མཾ་ཞེས་བརྗོད་པར་བྱའོ།། དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། དེ་ནས་ས་མ་ཡ་ཨ་ཞེས་བརྗོད་དེ་མདུན་དུ་ཟླ་བའི ་དཀྱིལ་འཁོར་སྤྲུལ་ལ། ཧཱུཾ་ཨ་ཞེས་བྱ་བ་འདིས་དེའི་སྟེང་དུ་རྡོ་རྗེ་འབར་བ་བདག་ཉིད་དབབ་པར་བྱའོ།། དེ་ནས་བཛྲ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། རྡོ་རྗེ་དེ་ཉིད་བཛྲ་ཧཱུཾ་ཀ་རོ་ཧཾ་ཞེས་ཟློས་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པར་བྱའོ།། ་དེ་ནས་དེ་ཉིད་དུ་བཅོམ་ལྡན་འདས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ ་གྲྀཧྞ་ཧཱུཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པེ་ཡ་ཧཱུཾ་ཨཱ་ན་ཡ་ཧོ་བྷ་ག་བན་བཛྲ་ཧཱུཾ་ཕཊ། དྲྀ་ཤྱ་ཞེས་པས་བལྟ་བར་བྱའོ།། ཡེ་ཤེས་སེམས་དཔའ་དེ་མཐོང་ནས།། རང་གི་ལས་ལ་རབ་ཏུ་བསྒོམ།། དགུག་ཅིང་བཅུག་ལ། བཅིངས་པ་དང་། དབང་དུ་བྱས ་ཏེ་བསྒྲུབ་པར་བྱའོ།། ཛཿཧཱུཾ་བཾ་ཧོཿཞེས་ཟློས་ཤིང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། དེ་ཉིད་དང་ས་ལ་ཡ་སྟྭཾ་ཧྲིཿཞེས་བརྗོད་ཅིང་རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། དེ་ཉིད་དང་ས་མ་ཡ་སྟྭཾ་ཨ་ཧཾ་ཞེས ་བརྗོད་དེ། དེར་བདག་ཉིད་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པར་བྱའོ།། གཡོན་བརྐྱང་བ་ཡིས་ལེགས་པར་བཞུགས།། འབར་བའི་ཕྲེང་བ་འཁྲུག་པའི་འོད།། ཤིན་དུ་གདུལ་དཀའ་དྲག་པོའི་ལུས།། གཡོན་པའི་ཞབས་ཀྱི་ཡང་དག་མནན།། ་གཡས་པ་ཡིས་ནི་ཨུ་མ་ཡི།། ནུ་མ་རྒྱས་པ་གནོན་པར་བསམ།། སྤྱན་འབར་འཇིག་སུ་རུང་བ་སྟེ།། ཨུཏྤལ་སྔོན་པོ་ཆེན་པོའི་མདོག། རྡོ་རྗེ་ཧཱུཾ་མཛད་བསྡུས་པ་ཡིན།། ཞལ་གདངས་མཆེ་བ་ཅུང་ཟད་གཙིགས།། ཁྲོ་བཅས་ཞལ་ནི་བཞད ་པ་ཡིན།། ཞལ་བཞི་པ་ལ་ཕྱག་བརྒྱད་པ།། ཕྱག་གཉིས་ཀྱི་ནི་ཐུགས་ཀ་རུ།། ཁམས་གསུམ་རྣམ་རྒྱལ་ཕྱག་རྒྱ་ཡིས།། རྡོ་རྗེ་དྲིལ་བུ་བསྡམས་པར་མཛད།། ཕྱག་གཉིས་ན་ནི་མངའ་གཞུ་བསྣམས།། གཉིས་ན་རལ་གྲི་ལྕགས ་ཀྱུ་བསྣམས།། གཉིས་ན་རྡོ་རྗེ་ཞུགས་པ་བསྣམས།། སངས་རྒྱས་ཆུན་འཕྱང་ཕྲེང་བ་ཅན།། དེ་བཞིན་གཤེགས་དང་རིན་ཆེན་ཕྲེང་།། པདྨ་རྡོ་རྗེ་དར་དཔྱངས་ཀྱི།། དབང་བསྐུར་དང་ལྡན་སྣ་ཚོགས་པའི།། རྒྱུན་རྣམས་ཀུན་གྱིས་རབ ་བརྒྱན་པའོ།། ཡང་ན་ཀྲོ་དྷ་དྲྀཥྚི་ཧྲཱིཿཞེས་བྱ་བ་མིག་ཏུ་བཀོད་ལ། ཞལ་གཅིག་པ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་ལྡན་པར་བྱའོ།། སྔ་མ་བཞིན་དུ་ལྕེ་ལེ་རྡོ་རྗེ་ཧཱུཾ་དང་བཅས་པ་བསམ་པར་བྱའོ།། དེ་ནས་བཅོམ་ལྡན ་འདས་ཀྱི་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་ཡང་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ།། དེའི་རྗེས་ལ་བསྡུ་བའི་ཕྱག་རྒྱ་བཅིངས་ལ། ཛ་ཧཱུཾ་བ~ཾ་ཧོཿཞེས་བརྗོད་དེ། ཡིད་ཀྱིས་ལེགས་པའི་སྦྱོར་བས་རང་གི་ལུས་ལ་སངས་རྒྱས་ཐང ་གཞུག་པར་བྱ་སྟེ། བཛྲ་དྷཱ་ཏུ་དྲྀ་ཤྱ་ཛཧཱུ~ཾ་བ~ཾ་ཧཽཿས་མུ་ཡཱུ་སྟྭ~ཾ་ས་མ་ཡ་སྟྭཾ་ཨ་ཧོ་ཞེས་བྱ་བ་དང་། རང་གི་སྔགས་ཀྱང་ལན་གསུམ་བརྗོད་ལ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གྷྲི་ཤྭ་ར་དྷཱ། ་ཞེས་བྱ་བ་ནི་བཅོམ་ལྡན་འངས་རྣམ་པར་སྣང་མཛད་ཀྱི་སྔག་སོ།། ཨོཾ་བཛྲ་སཏྭ་ཧཱུཾ། ཞེས་བྱ་བ་ནི་མི་བསྐྱོད་པའི་སྔག་སོ།། ཨོཾ་བཛྲ་རཏྣ་ཧཱུ~ཾ། ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྗོན་གྱི་སྔག་སོ།། ཨོཾ་བཛྲ་དྷརྨ་ཧཱུ~ཾ། ཞེས་བྱ་བ་ནི་སྣང་བ་མ ་ཡས་ཀྱི་སྔགསོ།། ཨོཾ་བཛྲ་ཀརྨ་ཧཱུཾ། ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་སྒྲུབ་པའི་སྔགསོ།། དེ་ནས་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་སེམས་མ་རྡོ་རྗེ་མ་བརྟན་པར་བྱོས་ལ། གུང་མོ ་གཉིས་བསྒྲེང་སྟེ་མྱུ་གུ་ལྟར་མཉམ་པར་བསྒྲེང་བ་ནི་རྣམ་པར་སྣང་མཛད་ཀྱིའོ།། གུང་མོ་ནང་དུ་གཤིབས་པ་ནི་མི་བསྐྱོད་པོའི་འོ།། གུང་མོ་དང་མཐེ་བོང་རིན་པོ་ཆེ་ལྟར་བྱས་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། གུང་མོ་པདྨ་འདྲ ་བར་བྱས་པ་ནི་འོད་དཔག་ཏུ་མེད་པའོ།། དེ་བཞིན་དུ་མཛུབ་མོ་བཀུག་པ་ནི་དོན་ཡོད་པའི་དམ་ཚིག་གི་ཕྱག་རྒྱའོ།། མི་བསྐྱོད་པ་ལ་སོགས་པའི་ཕྱག་རྒྱ་བཞི་པོ་འདི་དག་ནི་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ལས་བྱུང་བ་ཡིན་ནོ། ་དེ་ནས་བཛྲ་ཛྙཱ་ན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྗགས་ལས་བསམ་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ་བཙང་བར་བྱའོ།། དེ་ལ་འདི་ནི་རྡོ་རྗེ་ཁུ་ཚུར་ལས་འབྱུང་བ་སྟེ། ་གཡོན་པའི་རྡོ་རྗེ་མཛུབ་མོ་ནི།། གཡས་པའི་ནང་དུ་བསྒྲེང་བར་བྱ།། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེ།། སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ།། རྣམ་པར་སྣང་མཛད་ཀྱིའོ།། གཡོན་པའི་ཁུ་ཚུར་ཆོས་གོས་ཀྱི་ཐ་མ་འཛིན་པའི་ཚུལ་དུ་སྣ ་ཁར་གཞག་ལ། གཡས་པའི་སོར་མོ་བརྐྱང་བས་ས་ལ་རེག་པའི་ཚུལ་དུ་བྱ་བ་ནི་མཽ་བསྐྱོད་པའི་འོ།། འདི་ཉིད་ལག་པ་གཡས་པ་མཆོག་སྦྱིན་པ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལག་པ་གཉིས་ཀྱི་སོར ་མོ་བརྐྱང་ལ་ལྷུང་བཟེད་འཛིན་པའི་ཚུལ་དུ་བླང་བར་བཞག་པ་འདི་ནི་ཏིང་འཛིནི་མཆོག་ཙོས་བྱ་སྟེ། འོད་དཔག་ཏུ་མེད་པའི་འོ།། མི་བསྐྱོད་པའི་ཕྱག་རྒྱ་ལས་ལག་པ་གཡས་པ་མི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱས་ནས་བཞག ་པ་ནི་དོན་ཡོད་གྲུབ་པའི་འོ།། དེ་ནས་རང་གི་སྙིང་གར་རྡོ་རྗེ་བསམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། ཇི་སྐད་དུ་བཤད་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་ཀྱིའོ།། ་ཏིངེ་འཛིན་མཆོག་གི་ཕྱག་རྒྱ་བཅིངས་ལ་ལག་པ་གཡས་པ་ས་ལ་རེག་པ་ནི་མི་བསྐྱོད་པའི་འོ།། དེ་ལས་ཕྱག་གཡས་པ་མཆོག་སྦྱིན་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ཏིང་འཛིན་མཆོག་ནི་འོད་དཔག་ཏུ་མེད་པའི་འོ།། མི ་བསྐྱོད་པའི་ཕྱག་རྒྱ་ལས་ཕྱག་གཡས་པ་ནི་འཇིགས་པ་སྦྱིན་པའི་ཚུལ་དུ་བྱ་བ་ནི་དོན་ཡོད་པའི་ཕྱག་རྒྱ་ཆེན་པོ་སྟེ། འདི་དག་ནི་ཕྱག་མཚན་དང་བཅས་པ་ཡིན་ནོ།། དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་དང་། ་དྷྲཱུ་ཐཱགས་བྱུང་བ་དང་། ལ་དང་། ཞུགས་དང་སྐྱེ་བར་འདག་ད་ཀྱི་བན་བླུན་བྱ།། ངན་ས་སྤྱོད་ག་དུ་རྗེ་སེམས་ས་ཕྱུག་རྒྱུ་སྨྲ་ཤཱ་ས་རྒྱུན་སས། ག་སྨྲ་ས། ་རྡོ་རྗེ་ལས་མས་བྱིན་གྱིས་བརླབས་ལ། ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭེ་ཏྭེ་ནེ་པ་ཏིཥྛ། དྲྀ་ཌྷོ་མ~ཾ་བྷ་བ། སུ་ཏོཥྱ་མེ་བྷཱ་བ། ཨ་ནུ་རཀྟོ་མེ་བྷ་བོ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མེ་པྲ་ཡཙྪཿསརྦྦ་ཀརྨཱ་སུ་ཙ་མེ། ཙིཏྟཾ་ཤྲི ་ཡཿཀུ་རུ་ཧཱུཾ། ཧོ་ཧཱ་ཧ་ཧ་ཧོཿབྷ་ག་བན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲ་བྷ་བ་མ་ཧཱ་སེ་མ་ཡེ་སཏྭ་ཨཱཿཞེས་བྱ་བ་ཡི་གེ་བརྒྱ་པ་ལན་གསུམ་བཟླས་པས་བརྟན་པར་བྱས་ནས་བསྲུང་བ་ཆེན་པོ་བྱ་བའི་ཕྱིར། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ ་ཕཊ། ཅེས་བྱ་བའི་རིག་པ་འདིས་ཕྱག་རྒྱ་དང་བཅས་པ་གཙུག་ཏོར་དུ་དགོད་པར་བྱའོ།། རྡོ་རྗེ་བཅིང་བ་དམ་བཅིངས་ཏེ།། མཐེ་བོང་ནང་དུ་སྦྱར་ནས་ནི།། མཛུབ་མོ་བཀུག་སྟེ་གཽཉི་གས་དག་བ།། སེམས་དཔའི་གཙུག་ཏོར་ཞེས་བྱའོ།། ཞེས ་བྱ་བ་འདི་མངའི་ཕྱག་རྒྱའོ།། ཡང་གཙུག་ཏོར་གྱི་སྟེང་དུ་སྔགས་འདིའི་ཕྱག་རྒྱ་དོང་ལྡན་པས་གཟི་བརྗིད་ཕུང་པོ་འབར་བའི་ཕྱག་རྒྱ་གཞག་པར་བྱའོ།། ཨོཾ་ན་མཱཿསཱརྦ་ཏཱ་ཐཱ་ག་ཏཱ་ཨུཥྞཱི་ཥ་ཏྟེ་ཛོ་རཱ་ཤི་ཨཱ་ན་པ་ལི་ཀི་ནྣ་མུ་རོ་དྷ་ཧཱུཾ་ཛྙཱ ་ལོ་ཏ་ཀི་བདྨ་ར་བི་དྷ་རོ་ཚིནྡ་བྷིནྡ་ཧཱུཾ་ཕཊ། རྡོ་རྗེ་བཅིང་བ་བྱས་ནས་ནི།། མཐེ་བོང་གུང་མོ་མཐེའུ་ཆུང་བསྒྲེང་།། གཟི་བརྗིད་ཕུང་པོ་ཞེས་བྱ་སྟེ།། དངོས་གྲུབ་མྱུར་དུ་སྦྱིན་བྱེད་པའོ།། དེ་ནས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་བཅིངས་ལ། ་སྤྱི་གཙུག་ཏུ་ཨ་ལཱས་རྣམ་པར་སྣང་མཛད་བསྐྱེད་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ཨོཾ་བཛྲ་དྷ་ཏཱི་ཤྭ་རི་ཧཱུ~ཾ་བཛྲཱ་ཎ་ཨ་བྷི་ཥཉྩ་མ། མི་བསྐྱོད་པའི་ཕྱག་རྒྱ་བཅངས་ལ་སཾ་གེ་ཧཱུཾ་ལས་དཔྲལ་བའི་སྟེང་དུ་མི་བསྐྱོད་བྱ་སྟྭ~ཾ། ཨོཾ་བཛྲ་བཛྲཱ་རྡྷནྟུ། ་ཨོཾ་བྷི་ཤིཉྩ་མཱཾ། རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིངས་ལ་ཡི་གེ་ཏྲེ་ལས་རྣོ་བ་གཡས་པའི་སྟེང་དུ་རིན་ཆེན་འབྱུང་ལྡན་ནོ།། ཨོཾ་རཏྣ་བཛྲི་ཎི་ཧཱུ~ཾ་ཨ་བྷི་ཥཉྩི་མཱ། འོད་དཔག་ཏུ་མེད་པའི་ཕྱག་རྒྱ་བཅིངས་ལཱྀ། ཡི་གེ་ཧྲཱིཿལས་རྒྱབ་ཏུ་ནི ་འོད་དཔག་ཏུ་མེད་པའོ།། ཨོཾ་དྷརྨཱ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། དོན་ཡོད་གྲུབ་པའི་ཕྱག་རྒྱ་བཅིངས་ལ། རྣ་བ་གཡོན་པའི་སྟེང་དུ་ཡི་གེ་ཨ་ལས་དོན་ཡོད་གྲུབ་པ་བསྐྱེད་ལ་འདི་སྐད་ཅེས་བརྗོད་དོ།། ཨོཾ་ཀརྨ་བཛྲི་ཎི་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། རྡོ་རྗེ་ཐལ ་མོ་བཅིངས་ལ། མཐེ་བོང་གཉིས་ནི་བསྣོལ་བྱས་ལ།། མཛུབ་མོ་རྩེ་མོ་བཀུག་པས་ནི། གུང་མོ་བསྙམས་པའི་ཚིགསུ་སྦྱར།། རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤོད།། དེ་ཉིད་གུང་མོ་རྡོ་རྗེར་བྱ།། གུང་མོ་གཉིས་ནི་ནོར་བུར་བྱ།། པདྨོར་སྲིན ་ལག་མཐེའུ་ཆུང་གུང་།། ལག་པ་སོར་མོ་རབ་ཏུ་བརྐྱང་།། ཞེས་བྱའོ།། ཨོཾ་བཛྲཱ་ཛྭཱ་ལ་ཨཱུ་ནཱ་ལཱརྦྦ་ཧཱུཾ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་ལ། རྡོ་རྗེ་ཏཱི་རིན་ཏི་རའི་ཕྱག་རྒྱ་སུ་རྡོ་རྗེ་མེ་ལྟར་འབར་བའི་དབང་བསྐུར་བ་བླང་བར་བྱའོ།། རྡོ་རྗེ་བསྡུམ་ས ་བ་ནང་བཅིངས་ནས།། ཡིད་ཀྱིས་ཁྲོས་ནས་དགའ་བོར་བྱ།། རྡོ་རྗེ་མཐེ་བོ་དམ་པོ་སྟེ།། ཁྲོ་བོ་ཏི་རིན་ཏི་རིར་བཤད།། འདིས་སྤྱི་བོ་ནས་བརྩམས་ནས་ཕྱོགས་བཞི་རྡོ་རྗེ་ཕྲེང་བ་བཅིངས་པའི་ཚུལ་དུ་བྱས་ལ། དཔྲལ་བར་གཞགོ། ཨོཾ་ནུ ་ཞེས་བྱ་བ་ནི་ཕྱག་རྒྱ་དང་ལྡན་པས་གོ་ཆ་བཅིང་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་སྙིང་གར་མདུད་པའི་ཚུལ་དུ་བྱ་བ་དང་། དེ་བཞིན་དུ་མགྲིན་པ་དང་། ལྟག་པ་དང་། ཡང་སྙིང་ག་དང་། རུ་མའི་བར་དང་། སླར་ཡང་སྙིང ་ག་དང་། མགྲིན་པ་དང་། ལྷག་པ་དང་། དཔྲལ་བའི་སྟེང་དུ་མདུད་པའི་ཚུལ་དུ་བྱས་ལ། མགོ་བོར་ཕྲེང་བ་བཅིང་བའི་ཚུལ་དུ་བྱས་ལ། ཐ་མ་ལ་སོགས་པ་ལ་ནས་དགྲོལ་བའི་ཚུལ་གྱིས་ངར་དཔྱངས་བྱ་བའི་ཐབསུ་བྱས་ལ། དེ ་མཉམ་པའི་ཐལ་མོ་བཛྲ་ཏུ་ཥྱེ་ཧོཿཞེས་བྱ་བས་མཉེས་པར་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་ཕྱག་བྱས་ནས། ཡི་གེ་ཧཱུཾ་ལས་བསྐྱེད་པའི་རྡོ་རྗེ་གཟུང་བར་བྱའོ།། སངས་རྒྱས་ཀུན་གྱི་རྡོ་རྗེའི ་དབང་།། དེང་འདིར་ཁྱོད་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་གྱི་རབ་སྒྲུབ་ཕྱིར།། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང་།། ཨོཾ་བཛྲ་ཨ་དྷི་པ་ཏི་ཛྙཱ་ཨཱ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡཽ་སྟྭཾ། ཨོཾ་བཛྲ་པཱ་ཎི་བཛྲ་ཀརྨ་ཀ་རོད་བྷ་བ་ཞེས་བྱ་བ་འདིས ་རྡོརྗེ་སྤྲ་བོར་གཞགས་ལྔ། མིང་གི་དབང་བསྐུར་བ་བླང་བར་བྱའོ།། ཨོཾ་བཛྲ་ཀྲོ་དྷྲྀ་ཛྫ་ཨོཾ་བྷི་ཥིཉྩ་མི་བཛྲ་ནཱ་མ་ཨཱ་བྷི་ཥེ་ཀུ་ཏ། ཀྱེ་ཧཱུཾ་མཛད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སོ།། དེ་ནས་སྒེག་མོ་ལ་སོགས་པའི་གསང་བའི་མཆོད ་པ་བཞིས་བདག་ཉིད་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ་ཡང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་བར་བྱའོ།། རྡོ་རྗེ་སེམས་དཔའ་བརྟུལ་བས་ན།། ཁྲོ་བོ་རྟག་ཏུ་ཆགས་ལྔ ་འབྱུང་།། རྡོ་རྗེ་མེ་ལྟར་འབར་བ་ནི།། བདག་ནི་རབ་ཏུ་འཇིགས་བྱེད་པའོ།། ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དོ།། ཨ་ལས་ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ།། ཐམས་ཅད་ན་མཁའི་མཚན་ཉིད་དེ།། ན་མཁའ་ལ་ཡང་མཚན་ཉིད་མེད།། ན་མཁའ ་དང་མཉམ་རྣལ་འབྱོར་པས།། ཐམས་ཅད་མྱུར་བ་ཉིད་དུ་འགྲུབ་ཅེས་བྱ་བ་ནི་ཆོས་སོ།། དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབ་པར་བྱ་སྟེ། ཐམས་ཅད་ན་མཁར་སྦྱོར་བ་ཡིས།། ཐམས་ཅད་ན་མཁའ་ཞེས་སྨྲ་ཞིང་།། རྡོ་རྗེའི་ཕྱག ་རྒྱས་རྒྱས་བཏབ་ལ།། ཁམས་གསུམ་པོ་ནི་བཟའ་བར་བྱ།། ཞེས་པ་ནི་དམ་ཚིག་གོ།། དེ་ནས་འདིས་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱ་སྟེ། འདི་དེ་སངས་རྒྱས་ཐམས་ཅད་དེ།། ཕྱག་ན་རྡོ་རྗེའི་ལག་ན་འདུག། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། ཕྱག ་ནརྡོ་རྗེའི་བརྟུལ་ཞུགས་བརྡྷནཱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་སོ་མ་ཡ་ཏིཥྛ་ཨེ་ཥ་ཏཱ་དྷ་ར་སཱ་མཾ་བཛྲཱ་སཏྭཱ་ཧི་ཧེ་ཧི་ཧ~ཾ་ཧཱུཾ། གལ་དྷེ་རྣལ་འབྱོར་ཆེན་པོ་བྱེད་འདོད་ན་སྣ་མ་བཞིན་དུ་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པ་དང་། ཕྱག་རྒྱ་ཆེན ་པོ་བཅིང་བའི་བར་གྱི་ཆོ་གའི་རྗེསུ་སྤྱད་ལ། རང་གི་ལུས་ལ་ཡིད་ཀྱི་ན་མཁའ་དང་མཉམ་པའི་སྦྱོར་བས། སྙིང་གར་སྟོང་གསུམ་པའི་ཆ་དང་མཉམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་ཙམ་གྱི་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཁམས ་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལས་གསུངས་པའི་སྙིང་པོ་ལྔས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ཏེ། ཁྲོ་བོ་ཏི་རོ ་ཏི་རའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིངས་ནས། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་གཟུང་ལ། འཇུག་པའི་སྔགས་ཟློས་ཤིང་རང་གི་སྙིང་གར་གནས་པའི་དཀྱིལ་འཁོར་དེར་འཇུག་པར་བྱའོ།། དེ་ནས་མེ་ཏོག་དོར་བའི་སྔགས་ཀྱིས ་རང་གི་སྤྱི་བོར་མེ་ཏོག་གི་ཕྲེང་བ་དོར་ལ། ཕྲེང་བའི་དབང་བསྐུར་བའི་སྔགས་ཀྱིས་རང་གི་མགོ་ལ་བཅིངས་ནས། གདོང་གཡོགས་དགྲོལ་བའི་སྔགས་ཀྱིས་གདོང་གཡོགས་བཀྲོལ་ལ། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ་རང་གི ་སྙིང་གའི་དཀྱིལ་འཁོར་བལྟས་ལ། ཏཱིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པའི་འཇུག་པའི་ཕྱག་རྒྱ་སྙིང་གར་བཀྲོལ་ལ་ཆུའི་དབང་བསྐུར་བ་དེའི་སྙིང་པོ་ཡིད་ཀྱིས་བླངས་ནས། སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱས ་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ།། དེ་ནས་རྡོ་རྗེ་དང་བདག་པོ་དྲང་མིང་གི་དབང་བསྐུར་བ་བླངས་ཏེ། རྡོ་རྗེ་བརྟུལ་ཞུགས་བཟུང་ནས་དཀྱིལ་འཁོར་དེ་རང་གི་སྙིང་གའི་ཟླ་བར ་ཐིམ་པར་བསམ་པར་བྱའོ།། དེ་ནས་ས་མཱ་ཡ་ཨ་ཞེས་ཟློས་ཤིང་རང་གི་ལུས་ལ་ལྷ་ཐམ་ས་ཅད་ཀྱི་གནསུ་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། མདུན་གྱི་ནམ་མཁའི་ཕྱོགསུ་ཡང་དེ་བཞིན་དུ་ཟླ་བའི་དཀྱིལ ་འཁོར་དེའི་སྟེང་དུ། ཨོཾ་སུ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ་ཨཱཿཞེས་བྱ་བས་དེ་བཞིན་དུ་འབར་བའི་རྡོ་རྗེར་བདག་ཉིད་དབབ་པར་བྱས་ཏེ། རྡོ་རྗེའི་ང་རྒྱལ་རྣམ་པར་བསྒོམས ་ནས། རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་པ་ཡང་བྱས་ལ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། བལྟ་བ་བྱས་ནས་རང་གི་ལུས་ལ་བཅུག་ལ་འོད་ཀྱི་དཀྱིལ་འཁོར་བསྐྱེ་དེ། ཨ.ཱབྷྲཱུཾ.་སྟྭཾ་ཨ་ཧཾ་ཞེས་བྱ་བ་དང་། ཧཱུཾ་བཞི་ཡང ་བརྗོད་ལ། རྡོ་རྗེ་ཧཱུཾ་མཛད་བསྒྲུབ་པར་བྱའོ།། དེ་བཞིན་དུ་ཁྲོ་བོ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་སརྦ་ས་མ་ཡན་ཧཱུཾ་ཨཿཞེས་བྱ་བ་འདས་མདུན་དུ་རྡོ་རྗེ་དྲིལ་བུར་གཟུགསུ་བདག་ཉིད ་དབབ་པ་བྱས་ནས། བཛྲ་གྷ་ཎོ་ཊོ་ཧཾ་ཞེས་བྱ་བས་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ།། དེ་ནས་ཡང་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཧཱུཾ། ཞེས་བྱ་བས་ཁྲོ་བོ་རྡོ་རྗེ་འབེབས་པའི་ང་རྒྱལ་བྱས་ལ། དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྟེ་དགུག་པས་དང་། ་གཞུག་པོ་དང་། བཅིངས་པ་དང་། དབང་དུ་བྱས་ནས་ཁྲོ་བོ་ཆེན་པོའི་རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་དོ།། ཨོཾ་བཛྲ་ཨཱ་པྲེ་ཤུ་མ་ཧཱ་ཀྲོ་དྷ་ཨཱ་བཽ་ཤ་ཡ་སརྦ་ས་མ་ཡན་ཧཱུཾ་ཨ་དྲྀ་ཤྩ། ཡང་དུམ་ཚིག་གི་ཕྱག་རྒྱ་དེ་ཉིད ་དང་། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དོ།། རྡོ་རྗེ་འབེབས་པ་རང་གི་གནསུ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། ས་མ་ཡཻ་སྟྭཾ་ཧྲི། ཞེས་ཟློས་ཤིང་རྒྱབ་ཏུ་འབར་བའི་ཕྲེང་བ་འཁྲུག་པའི་འོད་ཀྱི་དཀྱིལ་འཁོར་བསྐྱོད་ལ། ་ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་བྱ་བ་དང་། དེའི་སྔགས་ཀྱང་ཟློས་ཤིང་དེར་བདག་ཉིད་ཁྲོ་བོ་རྡོ་རྗེ་འབེབས་པར་བསྒོམ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་དང་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་གདབ་བོ།། དེ་ནས་སྔ་མ ་བཞིན་དུ་ལྷ་རྣམས་ཀྱི་སྐུ་དང་རང་གི་ལུས་ལ་ཡིད་ཀྱི་ལེགས་པའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ། ཕྱག་རྒྱས་བཞིས་རྒྱས་གདབ་པར་བྱའོ།། དེའི་རྗེས་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག ་རྒྱ་ལྔ་པས་སྔ་མ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་གཙུག་ཏོར་དང་གཟི་བརྗིད་ཕུང་པོའི་གཙུག་ཏོར་ཡང་བཀོད་ལ། ཡི་གེ་བརྒྱ་པ་ཡང་བཟླས་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི ་བར་གྱི་ཆོ་ག་རྗེ་སུ་སྤྱད་པར་བྱའོ།། དེ་ནས་གནས་ཀྱི་ངེས་པ་བཤད་པར་བྱ་སྟེ། སྒྲུབ་པ་པོའི་མདུན་གྱི་སྙིང་གའི་ཟླ་བར་རྡོ་རྗེ་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་སེམས་དཔའ། གཡས་ལོག་སུ་ཁྲོ་བོའི་རྒྱལ་པོ།། གཡོན་ལོགསུ་ཆགས་པ། རྒྱབ་ཏུ་ལེག ་པ། དཔྲལ་བར་རིན་ཆེན་ཧཱུཾ་མཛད་དང་ཁྲོ་བོ་ཁྲོ་གཉེར་ཅན། རྒྱབ་དུ་ཉི་མ། ཕྲག་པ་དག་ཏུ་རྒྱལ་མཚན། སོའི་ཕྲེང་བ་གཉིས་ལ་བཞད་པ། ལྐོག་མར་ཆོས་ཀྱི་ཧཱུཾ་མཛད་དང་ཁྲོ་བོ་རྡོ་རྗེ་ཆོས།། ནུ་མ་གཉིས་ཀྱི་རབ་ཏུ་རྣོན་པོ། ལྟེ་བར་རྒྱུ། ལྕེ ་ལ་སྨྲ་བ། སྤྱི་བོར་ལས་ཀྱི་ཧཱུཾ་མཇེད་དང་། ཁྲོ་བོ་རྡོ་རྗེ་ལས། ནམ་ཚམས་སུ་རྡོ་རྗེ་བསྲུང་བ། ཁར་རྡོ་རྗེ་གནོད་སྦྱིན། དཀུར་ཁྲོ་བོ་རྡོ་རྗེ་ཁུ་ཚུར། ཁྲོ་བོ་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་གཡོན་ལོག་སུ་སྒེག་མོ ་དང་། ཕྲེང་བ་དང་། གླུ་མ་དང་། གར་མ་བཞུགས།། ཡང་སྔགས་པའི་གསང་བའི་གནས་ཀྱི་ཕྱོགསུ་བདུག་པ་མ། མགོ་བོར་མེ་ཏོག་མ། མིག་གཉི་སུ་མར་མེ་མ། ནུ་མ་དང་། བྲང་དང་། སྙིང་གར་བྱུག་པ་མ། ལག་པ་གཡ་སུ་ཛྲ ་རྗེ་ལྕགས་ཀྱུ་གཡོན་དུ་ཞགས་པ། བྱིན་པ་གཡས་སུ་ལྕགས་སྒྲོགས། བྱིན་པ་གཡོན་དུ་འབེབས་པའོ།། དེ་བཞིན་གཤེགས་པ་རྣམས་ནི་ཡན་ལག་གི་ཆ་ཐམས་ཅད་དུ་བཞུག་སོ།། དེ་ནས་ཕྱག་བཞི་བྱས་ལ། ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཨོཾ ་སྭ་བྷཱ་བ་ཤུདྡྷ&ཧཾ། ཨོཾ་སརྦ་ས་མོ་ཧཾ། ཞེས་བྱ་བའི་སྙིང་པོ་གསུམ་ཟློས་ཤིང་རྡོ་རྗེའི་བདག་ཉིད་ཅན་དང་། རང་བཞིན་ཅན་གྱིས་དག་པ་དང་། བདག་མེད་པའི་མཉམ་པ་ཉིད་ཀྱིས་ལྷ་ཐམས་ཅད་དང་མཉམ་པར་བདག་ཉིད་བསྒོམ་པར ་བྱའོ།། ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ལ་འོག་ནས་བཤད་པའི་ཚུལ་དུ་ལྷ་ཆེན་པོའི་ཆུང་མ་དང་བཅས་པ་བཀུག་སྟེ། རྐང་པ་གཉིས་ཇི་ལྟ་བ་བཞིན་མནན་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེ་དབུས ་སུ་བཟླས་པར་བྱ་བའི་སྔགས་ཡིད་ཀྱིས་བྲིས་ནས། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དབུས་ན་གནས་ཤིང་བཟླས་པའི་དོན་ཡིད་ལ་སེམས་བཞིན་དུ་རྡོ་རྗེའི་ཚིག་གམ་ཁྲོ་བོའི་ཚིག་གིས་ཟློས་ཤིང་། འདོད ་ཆགས་ཉིད་ལོས་ཡང་དག་བྱུང་།། ཁྲོ་བོ་བདག་ཅེས་བསྒོམ་པར་བྱ།། སྙིང་པོ་ཕྱག་རྒྱ་སྔགས་རིག་པ། མྱུར་དུ་འགྲུབ་པར་བྱེད་པ་ཡིན།། ཞེས་བྱ་བའི་ཏིང་འཛིན་འདི་བསྒོམ་པར་བྱའོ།། ཡང་ན་རང་གི་སྙིང་གར་གནས་པའི ་ཟླ་བའི་དཀྱིལ་འཁོར་ལ་སྔར་བཤད་པའི་རྡོ་རྗེ་འཁོར་ལོས་ཁམས་གསུམ་རྣོམ་པོར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སྤྲུལ་ལ། ཨོཾ་བཛྲ་ཛྭ་ལཱགྣི་པྲ་ཏི་བ་ཏ་ཨཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛཿཞེས་བྱ ་བ་ནས། ཨོཾ་བཛྲ་ཨཱ་བེ་ཤ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་སརྦ་ས་མ་ཡཾ་ཧཱུཾ་ཨཿཞེས་བྱ་བའི་བར་གྱི་སྔགས་ཀྱིས་དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་སེང་གེའི་གདན་ལ་བཞུགས་པ་དང་། ་ནམ་མཁའ་དང་མཉམ་པའི་སྦྱོར་བས་དེ་རྣམས་དང་བདག་ཉིད་སྟན་གཅིག་ཏུ་གྱུར་པར་རྣམ་པོརྱ་བསམས་ལ། བཛྲ་ཨཏྨ་ཀོ་ལ་སོགས་པའི་སྙིང་པོ་གསུམ་ཟློས་ཤིང་དྲོའི་དོན་གསུམ་བསྒོམས་ལ་ཁམས་གསུམ་རྣམ་པར་རྒྱལ ་བའི་དཀྱིལ་འཁོར་ནི་བདག་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ།། དེ་ནས་དེ་བཞིན་དུ་སྔགས་ཟློས་ཤིང་བསྒོམ་པར་བྱའོ།། ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་ཀྱི་སྒྲ་མངོན་པར་སྒྲོགས་པར་མཛད་པར་ལྷག་པར་བསམ ་པར་བྱ་སྟེ། དེ་ལྟ་བུས་ནི་ཟླས་པ་ཐམས་ཅད་བཟླས་པོར་འགྱུརརོ།། དེ་ནས་བཟླས་པའི་ངན་ནི་ཨོཾ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ།། སུམ་པ་ཞེས་བྱ་བ་ནི་བདེ་པའོ།། ནི་སུམ་བྷ་ཞེས་བྱ་བ་ནི་དེ་རྣམས་རྗེ་སུ་ཐུལ་ཅིག ་པའོ།། ཧཱུཾ་ཞེས་པ་ནི་དེས་སོང་ཅིག་པའོ།། ཕཊ་ཅེས་བྱ་བ་ནི་ངན་འགྲོའི་འགྲོ་བ་འཕོ་བར་བྱའོ།། ལྷག་མ་ནི་གོ་བར་ཟད་དོ།། ཧཱུཾ་བཞི་པ་ནི་ལྡན་བཞི་བརྗོད་པར་སྟོན་པོའི་རང་བཞིན་ནོ།། དེ་ཡང་ཨོཾ་ནི་དེ་བཞིན་གཤེགས་པའོ།། སུམ ་བྷ་ནི་སུམ་བྷ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་རྗེ་སུ་ཐུལ་ཅིག་ཅེས་གསུངས་པའོ།། འདི་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་རྣམས་ཀྱང་འདུལ་བར་མཛད་ན་ལྷ་ལ་སོགས་པ་ལྟ་སྨོས་ཀྱང ་ཅི་དགོས།། འདུལ་བ་སྡུག་བསྔལ་འཇིགས་པ་སྟེ།། སྲིད་པའི་སྡུག་བསྔལ་གཅོད་པ་ཡིན།། ཧཱུཾ་ཞེས་བྱ་བ་གསོད་པའི་མཆོག། གདུག་པ་བསྒྲག་པ་གསོད་པ་ཡིན་ཞེས་བྱ་བ་དང་། ཉོན་མོངས་གདུག་པ་ལྟུང་བྱེད་ཅིང་། ཞི་བས་འགུགས ་པ་ཡིན་པར་བཤད།། ཕཊ་ཅེས་བྱ་བ་ལྟུང་བའི་སྒྲ།། ངན་འགྲོའི་འགྲོ་བ་ལྟུང་བའོ།། ཡང་ནི་ཏིང་འཛིན་གསུམ་བསྒོམ་པར་བྱ་སྟེ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་མཐར་ཐུག་པའི་ཆོ་ག་རྣམས་རྗེསུ་སྤྱད་ལ། རྣལ་འབྱོར་ཆེན་པོ་དང ་ལྡན་པའམ། རྣལ་འབྱོར་གཅིག་དང་། ལྡན་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བློས་ན་མཁའི་ཕྱོགསུ་གནས་ཏེ། སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཡི་གེ་ཨའི་དོན་བསྒོམས་པས། ནམ་མཁའ་དང་མཉམ་པར ་བསམས་ལ། ན་མཁོའི་ཕྱོགས་དེར་ཡི་གེ་ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་བཾ་ལོས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་གསེར་གྱི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་བཾ་ལས་རྒྱ་མཚོ་ཆེན་པོ།། ཆུ་དང་གསེར་གྱི ་དཀྱིལ་འཁོར་དེར། ཧཱུཾ་སུཾ་ཧཱུ~ཾ་ཞེས་བྱ་བ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན། རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་བསམས་ལ། ཨོཾ་བཛྲ་དྲྀ་ཌྷོ་མྱེ་བྷ་བ་རཀྵ་སོརྦ་སྭཱ་ཧཱ།། ཞེས་ཟློས་ཤིང་རྡོ་རྗེ ་བསྡམས་པ་ས་གཞི་ལོ་རེག་པས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་སྔར་བཤད་པའི་རྡོ་རྗེ་འཁོར་ལོས་གཞལ་ཡས་ཁང་སྤྲུལ་ལ། བགེགས་གཞོམ་པ་ལ་སོགས་པ་ནས། རྣམ་པར་སྣང་མཛད་ཀྱི་གནསུ ་།། ཨ་སི་ཨ་ཞེས་བྱ་བ་ལས་སེང་གེའི་གདན། མི་བསྐྱོད་པའི་གན་སུ་ཧཱུ་ག་ཧཱུ་ཞེས་བྱ་བ་ལས་གླང་པོ་ཆེའི་གདན། རིན་ཆེན་འབྱུང་ལྡན་གྱི་གན་སུ་ཏཱ་བ་ཏཱ་ཞེས་བྱ་བ་ལས་རྟའི་གདན། འོད་དཔག་ཏུ་མེད་པའི་གན་སུ་ཧྲཱིཿ ་ཧྲཱིཿཞེས་བྱ་བ་ལ་རྨ་བྱའི་གདན། དོན་ཡོད་གྲུབ་པའི་གནསུ་ཨཿགཾ་ཨཿཞེས་བྱ་བ་ལས་ན་མཁའ་ལྡིང་གི་གདན་ལ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱིས་མནན་པ་རྣམ་པར་བསམས་ནས་སེམས་དཔའི་སྐྱིལ ་མེ་ཀྲུང་བཅས་ཏེ་འདུག་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་ཉིད་དང་། ཆོས་ཉིད་དང་། ཐེག་པ་ཆེན་པོས་ངེས་པར་འབྱུང་། ཆོས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་ཡང་དག་པར་བསྡུས ་པའི་དགེ་འདུན་རྗེསུ་གནས་པར་བྱའོ།། དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་འགྲོ་བ་ཐམས་ཅད་ཀྱིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ལྷག་པར་བྱམས་པ་བསྐྱེད་པར་བྱ་བ་དང་། ངན་འགྲོ་ལ་སོགས་པའི་སྡུག ་བསྔལ་གྱིས་བསྡུས་པ་ཐམས་ཅད་ལ་སྙིང་རྗེ་བ་དང་། འཕགས་པ་ཐམས་ཅད་ལ་དགའ་བ་དང་། འཇིག་རྟེན་གྱི་ཆོས་ཐམས་ཅད་ལ་ཡང་བཏང་སྙོམ་སུ་བྱ་བ་དང་། ཆོས་ཐམས་ཅད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་དང ་སྒྱུ་མ་དང་མཚུངས་པ་ཉིད་དང་། མིག་ཡོར་དང་མཚུངས་པ་ཉིད་དུ་ལྷག་པར་མོས་པར་བྱ་བ་དང་། བྱང་ཆུབ་ཀྱི་སེམས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པའི་སྤྱོད་པ་དང་། རིགས་ལྔ་དང་། ་དང་། དྲིལ་བུ་དང་། ཕྱག་རྒྱ་དང་སློབ་དཔོན་ཉིད་དང་། བྱམས་པ་དང་། མི་འཇིགས་པ་དང་། ཟང་ཟིང་དང་། ཆོས་སྦྱིན་པ་མངོན་དུ་བྱ་བ་དང་། གསང་སྔགས་ཀྱི་སྒོའི་སྤྱོད་པ་རྣམས་དང་བཅས་པའི་ཆོས་ཐམས་ཅད་ཀྱི་ཚུལ་ཐམས་ཅད་སྟོན་པ་དང་། ་བསློབ་པ་དང་། སྡོམ་པ་ཐམས་ཅད་ནན་ཏན་དུ་བྱས་ཤིང་ཚོགས་ཡོང་སུ་རྫོགས་པ་དང་། སེམས་ཅན་རྣམས་བསྐྱབ་པ་དང་། དེ་བཞིན་གཤེགས་པ་རྣམས་མཆོད་ཅིང་བསྙེན་བཀུར་བྱ་བ་ཡང་མངོན་དུ་བྱས་ནས་བདག་ཉིད་ཅོད་པན་གྱི ་དབང་བསྐུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པར་ལྷག་པར་མོས་པས་འོག་མིན་དུ་མངོན་པར་བྱང་ཆུབ་པ་མངོན་དུ་བྱས་ནས་མི་བསྐྱོད་པ་ལ་སོགས་པས་ཡོངསུ་བསྐོར་ཏེ། རིའི་རྒྱལ་པོ་རི ་རབ་ཀྱི་རྩེ་མོ་ན་གནས་པའི་རྡོ་རྗེ་དང་། ནོར་བུ་དང་། རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསོད་ནམས་ལས་ངེས་པར་འབྱུང་བའི་སེང་གེའི་གདན་ལ་ཞལ་ཐམས་ཅད་པས ་བཞུགས་པར་བསམས་ལ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་བདག་ཉིད་བྱིན་གྱིས་བརླབས་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། བཛྲ་སཏྭ་ཞེས་ཟློས་ཤིང་ཟླ་བའི་དཀྱིལ་འཁོར་རྣམས་རང་གི་སྙིང་ག་ནས་ཕྱུང་ལ་ལྷ་ཐང ་ཀྱི་གནསུ་ཇི་ལྟ་བ་བཞིན་དུ་ཡང་དགེ་བར་བཞག་ནས། རྡོ་རྗེ་སེམས་དཔའ་ཉིད་བདག་བྱིན་གྱིས་བོརླབས་པའི་བར་དུ་བྱས་ནས་ཆེད་དུ་བརྗོད་པ་འདིས་ཚོང་དུ་བརྗོད་པར་བྱའོ།། འདི་དེ་སངས་རྒྱས་ཐམས་ཅད་ཀྱི།། གྲུབ་པའི་རྡོ་རྗེ་ཐ ་ན་མེད།། བདག་དེ་བདག་གི་ལག་ཏུ་བྱིན།། རྡོ་རྗེ་ལས་ནི་རྡོ་རྗེ་གནས།། དང་པོ་སྦྱོར་བའི་ཏིང་འཛིན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁམས་གསུམ་ལས་རྣམ་པཱར་རྒྱལ་བར་བྱ་བའི་ཕྱིར། རྡོ་རྗེ་སེམས ་དཔའ་རྡོ་རྗེ་ཆེ་ཞེས་བྱ་བ་ནས་བརྩམས་ཏེ་རང་གི་རིགས་ནི་བསྐྱོད་པར་མཛོད།། ཅེས་བྱ་བའི་བར་གྱི་མཚན་བརྒྱ་རྩ་བརྒྱུད་པས་བདག་ཉིད་ལ་གསོལ་བ་གདབ་པར་བསམས་པར་བྱའོ།། དེ་ནས་རྡོ་རྗེ་བདོག་ཉིད་ཀྱི་སྙིང་གར་བཞག ་སྟེ། དེ་བཞིན་གཤེགས་པ་དེ་ཐམས་ཅད་ལ་བོས་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མ་འཚལ་ཏོ།། བཀའ་སྩལ་པ། ཅིའི་ཕྱིར་བཅོམ་ལྡན་འདས་དབང་ཕྱུག་ཆེན་པོ་ལ་སོགས་པ་མ ་རུངས་པ་ཡི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་བཞིན་གཤེགས་པ་ཁྱོད་རྣམས་ཀྱི་ཀྱང་ཞི་བས་འདུལ་བར་མི་སྤྱོད་པ་དེ་དག་ལ་བདག་གིས་ཇི་ལྟར་སྒྲུབ་པར་བགྱི། དེ་ནས་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། ་ཐ་མི་དད་པ་ལྷག་པར་མོས་པར་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་སྙིང་གར་ཞུགས་པར་བྱའོ།། དེ་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ནས་ཧཱུཾ་ཞེས་བྱ་བས་རྡོ་རྗེ་སེམས་དཔའ་བསྐུལ་བར་བྱའོ།། དེ་ནས ་ཕྱག་ན་རྡོ་རྗེའི་ཐུགས་ཀར་རྡོ་རྗེ་ལས་ཀུན་ཏུ་འབར་བའི་སྙིང་པོ་ཁྲོ་གཉེར་ཅན་སྨིན་མ་བཅུམ་ཞིང་དཔྲལ་བ་བསྙེར་པ་མཚོ་བ་ལྷག་གེ་ཕྱུང་ཞིང་སོ་གཙིགས་པ། རྡོ་རྗེ་དང་། ལྕགས་ཀྱུ་དང་། རལ་གྲི་དང་། ཞགས་པ་ལ་སོགས ་པའི་རྡོ་རྗེའི་མེ་ལྕེ་འབར་བའི་མཚོན་ཆ་ལག་ན་ཐོགས་པ་རྣམ་པ་དུ་མའི་ཁ་དོག་དང་། རྒྱན་སྣ་ཚོགས་ཀྱི་ཆ་ལུགས་འཛིན་པའི་ཕྱག་ན་རྡོ་རྗེར་སྐུར་གྱུར་ནས་སྐུ་ལས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཤིན་ཏུ་མ་རུངས་པ ་ཐམས་ཅད་གདུལ་བ་བྱས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་ཀུན་ཏུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཀྱེ་མ་ཐམས་ཅད ་འདུལ་བ་ཡི།། ཐབས་ཆེན་ལྡན་པ་བདག་ཡིན་ཏེ།། གང་ཕྱིར་སེམས་ཅན་གདུལ་ཐབས་ཕྱི་རོ།། དྲི་མ་མེད་པའི་ཁྲོ་བོར་གྱུར།། ཡང་བདག་ཉིད་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་ཐ་མི་དད་པར་ལྷག་པར་མོས་ལ། བྱང་ཆུབ ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷཱ་ག་བཱན་བཛྲ་ཧཱུཾ་ཕཊ། ཅེས་ཟློས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱག་ན་རྡོ་རྗེའི ་གཟུགསུ་གྱུར་ཏེ་བྱུང་ནས། འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་ཐམས་ཅད་ན་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་བྱིན་གྱིས་བརླབས་ཏེ ་སྤྱན་དྲངས་ནས། རྡོ་རྗེའི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ། དམོ་ཚིག་བཅིངས་ནས། ཡང་གཅིག་ཏུ་འདུས་ཏེ། རྡོ་རྗེ་ཁྲོ་བོ་ཆེན་པོའི་ལུས་སུ་གྱུར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར ་འདུག་སྟེ། ཆེད་དུ་བརྗོད་པ་ནི་ཆེད་དུ་བརྗོད་དོ།། ཨེ་མའོ་བྱང་ཆུབ་སེམས་འདི་ནི།། ཀུན་དུ་བཟུང་ཞིང་སྡིག་མེད་དེ།། གང་ཕྱིར་སེམས་ཅན་འདུལ་དོན་དུ།། ཁྲོ་བོ་ཡང་ནི་ཡིད་འོང་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས ་ཀ་ནས་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཟླ་བའི་དཀྱིལ་འཁོར་ལ་གནས་ཏེ། བཀའ་ནོད་ཅིང་འདུག་གོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་བདག་ནི་ཁྲོ་བོའི་དབང་དུ་བགྱིས་ལ། ཚར་བཅད་པར ་འོས་པ་རྣམས་ཚར་བཅད་པར་བགྱི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་འགྲུབ་པར་བགྱི་བ་བཀའ་སྩལ་དུ་གསོལ། དེ་ནས་ཧཱུཾ་ཊཀྐི་ཛཿཞེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་བཀའ་ཁྲོ་བོ་འཁོར་ལོ་ཐམས་ཅད་ཀྱང་རང་གི་སྙིང་ག་ནས ་ཕྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་བཞག་ལ། ཧཱུཾ་ཊཀྐི་ཛཿཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་དགུག་པར་བྱའོ།། ཕྱག་རྒྱ་ནི་འདི་ཡིན་ཏེ། མཐེའུ་ཆུང་གཉིས ་ལྕགས་ཀྱུར་བཅིང་། རྡོ་རྗེ་གཉི་ག་བླ་འོག་ཏུ།། དམ་ཆོག་ལྕགས་ཀྱུའི་ཕྱག་རྒྱ་འདི།། སྐད་ཅིག་གི་ན་ཐམས་ཅད་འགུགས།། ཨོཾ་ནི་སུཾ་བྷ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བའི་དེ་བཞིན་གཤེགས་པའི་བཀས་ཁམས་གསུམ་རྣམ ་པར་རྒྱལ་བ་བཅིངས་ལ་ཧཱུཾ་ཞེས་བྱ་བས་ཐམས་ཅད་ཀུན་ཏུ་བརྒྱལ་ཞིང་། ཁ་སྦུབ་ཏུ་འགལ་ལ་ལྷ་ཆེན་པོ་ནི་ཤི་བར་བསམ་པར་བྱའོ།། ལྷ་ཆེན་པོ་གྲགས་པོ་ཁྱབ་འཇུག་ལ་སོགས་པ་ནི། ཨོཾ་བཛྲ་ཏིཥྛ་ཞེས་བྱ་བའི་ཕྱག ་རྒྱ་དང་བཅས་པས་གསུམ་ལ་སྐྱབསུ་འགྲོ་བ་ལ་བཞག་སྟེ་བླང་ངོ་།། རྡོ་རྗེ་མཛུབ་མོ་སོར་གཉིས་ལེགས་པར།། རབ་མཉམ་གཞག་པ་བསྙམས་ན་ནི།། ཤི་བ་ཐམས་ཅད་སློང་བ་སྟེ།། རྡོ་རྗེ་སློང་བ་སྟེ་ཞེས་བྱའོ།། གསོས་ན་འདི་ཡང་སྐྱེས་བུ་དམ ་པར་འགྱུར་རོ།། ཞེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་བཀས་བཛྲ་ཨཱ་ཡུ་ཞེས་བྱ་བའི་སྙིང་པོ་དང་། བཅས་པ་ལྷ་ཆེན་པོ་གསོལ་བར་བྱའོ།། རྡོ་རྗེ་མཛུབ་མོ་གཉིས་ལེགས་པར།། རྡོ་རྗེ་བཅིངས་པ་བཅིངས་ནས་སུ།། བསྒྱུར་ཏེ་གཙུག་ཏུ་གཞག་པ ་ཚེ་དང་ནད་མེང་འཕེལ་བབའོ།། ཨོཾ་པེ་ད་ཨཱ་ཀཪྵ་ཎ་བཛྲ་ཧཱུཾ་ཞེས་བྱ་བས་རྐང་པའི་མཐིལ་ནས་ཁྲོ་བོ་རྐང་པས་འགུགས་པའི་ཀུན་ཏུ་འབར་བའི་སྙིང་པོའི་ཁྲོ་གཉེར་བྱས་པས་མཆེ་བ་རྣམ་པར་གཙིགས་པ།། གདོན་ཆེན་པོ་ཕྱུང་ནས་བཀའ ་ནོད་ཅིང་འདུག་པར་བསམ་པར་བྱའོ།། ཨོཾ་བཱི་ད་ཨཱ་ཀ་ཥ་ཡ་སརྦ་བཛྲ་དྷ་ར་ཨ་ནུ་ར་ཙ་ཀ་ད་དྷ་བཛྲ་ཧཱུཾ་ཛཿཞེས་བྱ་བ་འདི་ཕྱག་རྒྱ་དང་བཅས་པས་ལྷ་ཆེན་པོ་ཆུང་མ་དང་བཅས་པ་བཀུག་སྟེ། སྔགས་པའི་རང་གི་རྐང་པའི་དྲུང་དུ་གཞག་གོ།། ་རྡོ་རྗེ་བཅིང་བ་དམ་བྱས་ཏེ།། མཐེ་བོ་བསྙམས་པའི་ནང་དུ་གཞུག། མཛུབ་མོ་དང་པོར་བཀུག་ནས་སུ།། བཙོས་པ་ཞབ་སུ་བཀུག་པའོ།། ཨོཾ་བཛྲ་ཀྲ་མ་ཧོ་ཞེས་ཟློས་ཤིང་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་རྐང་པ ་གཡོན་པས་ལྷ་ཆེན་པོ་གནན་ལ། གཡས་པས་ནུ་མའི་བར་སྟེང་ནས་བཙིར་ལ། ཨོཾ་བིཛྲེ་ཨཱ་བེ་ཤ་ཧ་ན་པ་ཏྲ་ཏ་ཊ་ཅེས་བྱ་བ་ལྷ་ཆེན་པོ་འབབ་པའི་ཕྱག་རྒྱ་དང་བཅས་པའི་འབབ་པར་བྱའོ།། རྡོ་རྗེ་ཕྱག་རྒྱ་གཉིས་བཅིངས་ཏེ།། ་གཅིག་ལ་གཅིག་ནི་བརྡབས་པ་ནི།། སེམས་ཅན་གང་གི་ལུས་པ་ཡང་།། བབས་ནས་དེ་ཡང་རྡོབ་པར་བྱེད།། ཨོཾ་བུདྡྷ་མཻ་ཏྲི་བཛྲ་རཀྵ་ཧཾ། ཞེས་བྱ་བ་འདིས་ཕྱག་རྒྱ་དང་བཅས་པས་བབས་པའི་སྡུག་བསྔལ་བསྩལ་བར་བྱའོ།། ་རྡོ་རྗེ་ཕྱག་རྒྱན་གཉིས་བཅིངས་ཏེ།། བདག་གམ་ཕ་རོལ་གོ་ཆར་བྱ།། མཛུབ་མོ་གཉིས་ཀྱིས་བཅིངས་བྱས་གནས།། རྟག་པ་ཉིད་དུ་བསྲུང་བར་འགྱུར།། དེ་ནས་ལྷ་ཆེན་པོའི་ལུས་ལས་ཆེད་དུ་བརྗོད་པ་འབྱུང་བར་མོས་པར་བྱའོ།། ཨེ་མའོ ་སངས་རྒྱས་ཐམས་ཅད་ཀྱི།། སངས་རྒྱས་ཡེ་ཤེས་བླ་ན་མེད།། ཡི་གེའི་ཚིག་གིས་མནན་ནས་སུ།། མྱ་ངན་ལས་ནི་འདས་པར་གཞག། ཡང་ཐམས་ཅད་གསུམ་ལ་སྐྱབསུ་འགྲོ་བ་དང་། བསླབ་པ་དང་། དམ་ཚིག་དང་། སྡོམ་པ་དང་། ་བྱང་ཆུབ་ཀྱི་སེམས་ཉིད་ལ་བཀོད་ནས་འཇུག་པའི་དམ་ཚིག་ཆེན་པོའི་ཕྱག་རྒྱ་བཅིང་བ་བྱས་ནས་འདིས་འཆིང་དུ་གཞུག་གོ། ཨོཾ་བཛྲ་ས་མ་ཡ་གྲྀཧྞ་བན་དྷ་ས་མོ་ཡ་མ་ནུ་སྥུ་ར་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་སྟྭཾ། དྲྀ་ཌྷོ་མེ་བྷ་བེ། ཨཧྱ་རོ་མེ་བྷ ་བོ། ཨ་པྲ་ཏི་ཧཱདྱོ་མེ་བྷ་བ། སརྦ་ཀརྨ་སུ་ཙི་མེ་ཙིཏྟ་ཤྭེ་ཡཿཀུ་རུ་ཧ་ཧཱ་ཧཱ་ཧོ་ཧོཿདེ་བཞིན་དུ་འདིས་ཁྲོ་བོ་ཏི་རིན་ཏི་རའི་ཕྱག་རྒྱ་བཅིངས་ལ་ལྡེག་པ་གཉིས་སུ་དབབ་པར་བྱའོ།། ཨོཾ་ས་མ་ཡ་པྲེ་བེ་ཤ་མི། དེ་ནས་དཀྱིལ་འཁོར་ཆེན་པོ ་ཐམས་ཅད་གོ་རིམས་ཇི་ལྟ་བ་བཞིན་དུ་སན་ཏེ། ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ་ཞེས་བྱ་བ་འདའི་འོག་ནས་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་ལ་སོགས་པ་ལ་དབང་བསྐུར་བར་བྱའོ།། དེ་ནས་འདིས ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པས་རྡོ་རྗེའི་མཚན་མ་ལག་ཏུ་སྦྱིན་ནོ།། ཨོཾ་བཛྲ་ཨ་བྷི་ཥིཤྩ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་ར་ཏྭེ་བཛྲ་པཱ་ཎི་ཧི་ཧ་ཧ་ཧ་ཧ། དེའི་རྗེས་ལ་མིང་གི་དབང་བསྐུར་བ་སྦྱིན་པར་བྱའོ།། དེ་ནས་མིང་རྣམས་བཤད་པར ་བྱ་སྟེ། འདི་ལྟ་སྟེ་དབང་ཕྱུག་ཆེན་པོ་ནི་རིག་པའི་རྒྱལ་པོའི་ཁྲོ་བོའོ།། ཁྱབ་འཇུག་ནི་རིག་པའི་རྒྱལ་པོའི་སྒྱུ་མའོ།། གཞོན་ནུ་ཀར་ཏཱཾ་ཀ་ནི་རིག་པའི་རྒྱལ་པོའི་དྲིལ་བུའོ།། ཚངས་པ་ནི་རིག་པའི་རྒྱལ་པོའི་ཐུབ་པའོ།། དབང་པོ་ནི་རིག་པའི ་རྒྱལ་པོའི་མཚོན་ཆ་ཞེས་བྱའོ།། བཱར་སྣང་ལ་སྤྱོད་པ་རྣམས་ལ་ཉི་མ་ནི་ཁྲོ་བོ་རྡོ་རྗེ་འཁྱིལ་པའོ།། ཟླ་བ་ནི་ཁྲོ་བོ་རྡོ་རྗེ་འོད་།། སྤེན་པ་ནི་ཁྲོ་བོ་རྡོ་རྗེ་དབྱུག་པའོ།། མིག་དམར་ནི་ཁྲོ་བོ་རྡོ་རྗེ་སེར་སྨུག་ཅེས་བྱའོ།། ན་མཁའ་ལ་སྤྱོད་པ་རྣམས ་སྟོབས་བཟངས་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་གླང་པོའི་སྣའོ།། སྦྲང་རྩི་བྱེད་པ་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་ཕྱེང་བའོ།། རྒྱལ་བ་ནི་ཚོགས་ཀྱི་བདག་པོ་རྡོ་རྗེ་དབང་པོའོ།། རྒྱལ་བར་བྱེད་པ་ནི་ཚོགས་ཀྱི་བདག་པོ་རྣམ་པར་རྒྱལ་བ ་ཞེས་བྱའོ།། ས་བླ་བ་རྣམས་ལ་ནོར་སྦྱིནྡ་ནི་ཕོ་ཉ་རྡོ་རྗེ་ཐོབ་པའོ།། རླུང་ལྷ་ནི་ཕོ་ཉི་རྡོ་རྗེ་རླུང་ངོ་།། མེ་ལྷ་ནི་ཕོ་ཉ་རྡོ་རྗེ་མའོ།། ལུས་དྲནྡ་ནི་ཕོ་ཉ་རྡོ་རྗེ་འཇིགས་པ་ཞེས་བྱའོ།། སུ་འོག་ན་གནས་པོ་རྣམས་ལ་ཕག་ནི་བྲན་རྡོ་རྗེ་ལྕགས་ཀྱུའོ།། གཤིན ་རྗེ་ནི་བྲན་རྡོ་རྗེ་དུས་སོ།། ཚོགས་ཀྱི་བདག་པོ་ནི་བྲན་རྡོ་རྗེ་བགེགས་ཀྱི་གཙོ་བོའོ།། ཆུ་ལྷ་ནི་བྲན་ཀླུའི་རྡོ་རྗེ་ཞེས་བྱའོ།། ཨུ་མ་ནི་རྡོ་རྗེའི་རྒྱལ་མོ་ཁྲོ་བོ་རྡོ་རྗེ་མེའོ།། རུག་མ་ནི་རྡོ་རྗེ་རྒྱལ་མོའི་རྡོ་རྗེ་གསེར་རོ།། དྲུག་ལྡན་མ་ནི་རྡོ་རྗེ་རྒྱལ་མོ་རྡོ་རྗེ་གཞོ། ་ནུ་མའོ།། ཚངས་མ་ནི་རྡོ་རྗེ་རྒྱལ་མོ་རྡོ་ཎཱཾ་ཞི་བ་མའོ།། དབང་མཽ་ནརྀ་དྷཱ་རྒྱལ་མོ་རྡོ་རྗེ་ཁུ་ཚུར་ཞེས་བྱའོ།། བར་སྣང་ལ་སྤྱོད་པའི་བུད་མེད་རྣམས་ལ་མི་འམ་ཙི་ནི་ཁྲོ་བོ་རྡོ་རྗེ་མི་འཆི་མའོ།། རྡོ་རོ་ཧི་མ་ནི་ཁྲོ་བོ་རྡོ་རྗེ་མདངས་སོ།། ་དབུགས་འཛིན་མ་ནི་ཁྲོ་མོ་རྡོ་རྗེ་དབྱུག་མཆོག་མའོ།། སྐྱེ་བ་འཕྲོགས་མ་ནི་ཁྲོ་བོ་རྡོ་རྗེ་རྐེད་འཆི་མ་ཞེས་བྱའོ།། ན་མཁའ་ལ་སྤྱོད་པ་རྣམས་ལ་གསོད་མུ་ནི་གཙོ་མོ་རྡོ་རྗེ་འཛུམ་མའོ།། ཟླ་བ་མ་ནི་གཙོ་མོ་རྡོ་རྗེ་ཟ་བ་མའོ།། མགོ་བ་མྱ་ནི ་གཙོ་མོ་རྡོ་རྗེ་མགོ་བྱ་མའོ།། དགའ་བ་མ་ནི་གཙོ་མོ་རྡོ་རྗེ་དབང་མོ་ཞེས་བྱའོ།། ས་ལ་སྤྱོད་པ་རྣམས་ལ་ཞི་བ་མོ་ཕོ་ཉ་མོའོ།། རླུང་མ་ནི་ཕོ་ཉ་རྡོ་རྗེ་མགྱོགས་མའོ།། མེ་མོ་ནི་ཕོ་ཉ་མོ་རྡོ་རྗེ་འབར་མའོ།། ལུས་ངན་མོ་ནི་ཕོ་ཉ་མོ་རྡོ་རྗེ ་འཁྱོར་མའོ།། ས་འོག་ན་གནས་པའི་མ་མོ་རྣམས་ལ། ཕག་མོ་ནི་བྲན་མོ་རྡོ་རྗེ་ཁ་ཅན་མའོ།། ཙ་མུཎ་ཊི་ན་བྲན་མོ་རྡོ་རྗེ་དུས་མའོ།། སྣ་ཅན་མ་ནི་རྡོ་རྗེ་རུལ་པ་མའོ།། ཆུ་ལྷ་མ་ནི་རྡོ་རྗེ་ཆུ་སྲིན་མ་ཞེས་བྱའོ།། དེ་ནས་རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། ་སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། དམ་ཚིག་འདི་ལས་འདས་ན་ནི།། རིགས་རྣམས་མྱུར་དུ་ཐལ་བར་བྱེད།། ཨོཾ་ཧ་ན་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་། ཕྱག་རྒྱ་དང་བཅས་པ་འདས་ལྷ་ཆེན་པོ་ལ་སོགས་པ་མ་མོའི་ཚོགས ་དང་བཅས་པ་རྣམས་དམ་ཚིག་འཛིན་དུ་གཞུག་གོ།། སེམས་དཔའ་རྡོ་རྗེ་དམ་བཅས་ཏེ།། མཐེ་བོང་གཉིས་ཀྱི་བོར་མནན་ཅིང་།། མཐེ་ཆུང་རྡོ་རྗེ་རྩེ་མོ་རྀ་ནི།། རྣོན་པོ་དམ་ཚིག་འཛིན་པའོ།། ཨོཾ་བ་ལིཏི་བ་ལི་ཏ་བཛྲ་ཨ་ཀཪྵ་ཧཱུཾ་ཛཿཞེས་བྱ ་བ་ཕྱག་རྒྱ་དང་བཅས་པས་ལྷ་ཆེན་པོ་ལ་སོགས་པའི་རྒྱལ་པོ་རྣམས་བཀའ་བསྒོ་བ་ལ་སྦྱར་བར་བྱའོ།། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེའི་ཕྱག་གཉིས་བཅིངས་ཏེ། མཛུབ་མོ་ལྕགས་ཀྱུར་བཅིངས་ནས་ནི།། གཅུ་ཞིང་ཕྱིར་ཡང ་བཅུ་པར་བྱ།། ལྷ་རྣམས་དགུགས་པ་དམ་པ་ཡིན།། ཧཱུཾ་བཛྲ་ཨ་ཀྲི་པ་ཏཱ་ཡ་ས་མ་ཡ་ཧཱུཾ་ཞེས་བྱ་བས་ནི་ཁྲོ་བོ་རྣམས་སོ།། འདིའི་ཕྱག་རྒྱ་ནི་རྡོ་རྗེ་བཙོང་བ་དམ་བྱས་ཏེ།། མཛུབ་མོ་བཀུག་ནས་རབ་ཏུ་མནན།། མཐེ་བོང་གཉིས་ཀ་མཚམས ་སྦྱར་ནས།། གུང་མོ་གཉིས་ཀ་རབ་ཏུ་མནན།། ཨོཾ་བཛྲ་མ་ལྱ་ཨ་ཀྲ་བཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ནི་ཚོགས་རྣམསོ།། ཕྱག་རྒྱནི་འདི་ཡིནྡ་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ག་ཡི།། མཐེའུ་ཆུང་སོར་མོ་བཅངས་ནས་ནི།། མཛུབ་མོ་སོར་མོ ་རྒྱོབ་ནས་མདུད།། བཟློག་སྟེ་མགོ་བོར་གཞག་པར་བྱ།། ཨོཾ་བཛྲ་བནྡྷ། ཧཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ནི་ཕོ་ཉ་རྣམས་སོ།། ཕྱོག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་བསྲུང་བ་དམ་བཅིངས་ཏེ།། རྡོ་རྗེ་བསྡམས་པ་ངེས་མནན་པ།། འདི་ནི་ས་ཡི ་ངོམ་ཚིག་སྟེ།། སེམས་ཅན་ཐམས་ཅད་བསྲུང་བའོ།། ཨོཾ་བཛྲ་པཱ་ཏཱ་ལ་བྷིཉྫ་བྷཱཉྩ་ཧཱུཾ་ཕཊ་ཅེས་བྱ་བས་ནི་བྲན་རྣམསོ།། འདིའི་ཕྱག་རྒྱ་ནི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་མནན།། གཅུ་ཞིང་སླར་གཅུ་བྱས་ནས་ནི།། ་མཐེ་ཆུང་གཉིས་ནི་བརྡབ་པར་བྱ།། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧཱུཾ་ཕཊ་མ་ཧཱ་རོ་ཥ་སྥོ་ཊ་ཡ་ཙཱུ་ཏྲོག་ཧེ་མ་ཞོས་ཟློས་ཤིང་གཟུགས་བརྙན་དེ་ར་མོ་གྲིས་གཏུབ་པར་བྱ་བ་འམ། དུག་དང་རྐེ་ཚེ་དང་ལན་ཚྭ་ལ་སོགས་པས་གཟུགས་བརྙན་ལ ་བསྐུས་ལ་མེ་ཡིས་གདུང་བར་བྱའོ།། མེ་ཡིས་གདུངས་པས་དེ་ཉིད་ཀྱང་།། ཞི་བར་གྱུར་པར་ཐེ་ཚོམ་མེད།། ཚངས་པ་འམ་བརྒྱ་བྱིན་ཡིན། ཡང་།། དེ་ཡི་མོང་ལ་མྱུར་དུ་འཚིག། ཅེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་ཀྱིས་གསུངསོ།། ལས་འདི་ཡང་འཕགས་པ་མི་གཡོ་བའི་རྣལ་འབྱོར་གྱི་གསང་སྔགས་འདི་ཁྲི་བཟླས་པའི་མངོན་དུ་བསྙེན་པ་བྱས་ནས། དེའི་འོག་ཏུ་ལས་བརྩམ་པར་བྱའོ།། ཡང་ན་ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་འདིས་འཕགས་པ ་མ་དཔལ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་བཞི་པ། ཞབས་དྲུག་པ། ཕྱག་གཡས་གཉིས་ན་རལ་གྲི་དང་དག་སྟ་བསྣམས་པ། ཕྱག་གཡོན་གཉིས་ན་ཞགས་པ་དང་། གཏུན་ཤིང་བསྣམས་པ་ལྷོ་ཕྱོགས་ཁྲོ་བོའི ་ཚོགས་རྣམས་ཀྱིས་ན་མཁའི་གཏོས་ཀུན་ཏུ་གང་བར་མཛད་པར་བསམས་ལ་མདུང་ཐུང་གི་ཕྱག་རྒྱ་བཅིངས་ཏེ། སྤྲིན་ལ་སོགས་པ་བཟློག་པའི་བསམ་པས་ཚམ་ངམ་དང་བཅས་པས་རབ་ཏུ་སྦྱར་བར་བྱའོ།། རྡོ་རྗེ་བསྡམས ་བའི་ནང་དུ་བཅིངས་ལ། མཛུབ་མོ་གཉིས་ནང་དུ་སྦྱར་བ་ནི་མདུང་ཐུང་གི་ཕྱག་རྒྱའོ།། དེ་ལྟར་ན་ཡོད་གལ་ཏེ་བགེགས་རྣམས་ཞི་བར་འགྱུར་ན། ཁམ་པོར་སོ་མ་གཏང་བ་གཉིས་ཀྱི་ནང་དུ་ཁྲག་དང་། དུར་ཁྲོད་ཀྱི་སོལ་བ་དང་། དུག ་དང་། སྐེ་ཚེ་དང་། ད་དུ་རའི་ལོ་མའི་ཁུ་བས་གསང་སྔགས་བྲིས་ལོ།། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། ཁམ་པོར་ཁ་སྦྱར་ཏེ་དེའི་ནང་དུ་བཞག་ལ། མའི་བགེགས་ལ་སོགས་པ་བསམས་ཏེ། སྲེག་ཐུས ་བརྒྱའམ། སྲེག་བླུགས་བདུན་སྦྱིན་སྲེག་བྱའོ།། དེ་ནས་དེ་དག་འཇིགས་པ་འམ། འཆི་བ་འམ། མི་མ་ཡིན་པས་གཟུང་བར་འགྱུར་རོ།། ཡང་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་ཡི་གེ་ཧཱུཾ་བཟླས་བརྗོད་འབུམ་བྱས་ལ། མི་རུས་ལས་བྱས་པའི ་ཕུར་བུ་སོར་བཞི་པའི་ཚད་ཙམ་ལྷོ་ལན་བརྒྱ་རྩ་བརྒྱད་བཟླས་ནས་དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཙོང་བ་བྱས་ནས་གཟུགས་བརྙན་ཕུར་བུས་གང་པོ་པར་བྱའོ།། དེ་ནས་མེའི་ཚེ་བཞི་པ ་བཤད་པར་བྱ་སྟེ། མེའི་སྟེང་དུ་ཡི་གེ་བམ་ལས་ཆུའི་དཀྱིལ་འཁོར། དེའི་སྟེང་དུ་པདྨའི་དབུས་ན་གནས་པའི་འཁོར་ལོ།། དེའི་སྟེང་དུ་ཡི་གེ་བཾ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུང་དང་ཀུན་དོ་ལྟར་དཀར་བ་སྟེང་ན་བཞུགས ་ཏེ། མཚོ་ཆེན་པོ་མ་དྲོས་པ་འདྲ་བའི་རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བོ་ཆེན་པོ་བཞི་འབབ་པ་ལྟ་བུའི་ཆར་གྱི་རྒྱུན་སར་པས་ཕྱོགས་བཅུར་འགེངས་པར་འགྱུར་བར་བསམ་པར་བྱའོ།། རྡོ་རྗེ་སྤྱན་དང་རྡོ་རྗེ་མེ་ལྟར་འབར་བའི་ཀྱང་ཁམ ་ཕོར་གྱི་རི་རབ་དང་ཕུར་བུས་ཡང་དག་པར་བསྲུངས་ལ། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་དྲུག་གིས་དེ་རྣམས་ཀྱི་ནམ་མཁའ་བཅིང་བར་བྱས་ལ་རྡོ་རྗེ་བསྡམས་པས་རྡོ་རྗེ་དྲ་བ་བྱའོ།། ཡང་མངོན་སྤྱོད་ཀྱི་སྦྱིན་སྲེག་གི ་བགེགས་རྣམས་བཟློག་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཕུར་བུ། ཧཱུ~ཾ་བཞིས་བཏོན་ལ། རང་གི་ལག་ན་གནས་པའི་རྡོ་རྗེར་བཅུག་སྟེ། འོག་ནས་བཤད་པའི་ཚོན་ལྔས་ཕུར་བུའི་བུ་ག་བཀང་ལ་མཉམ ་པོར་བྱས་ནས། ཐིག་སྐུང་ཚོན་དཀར་པོ་དྲི་ཞིམ་པོར་སྤངས་གདབ་པར་བྱའོ།། དེ་ལྟར་ཐིག་ལེགས་པར་བཏབ་ནས། ཧི་ཞེས་བྱ་བ་ལས་མིག་གཡས་པ་དང་། གཡོན་པར་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་ཏུ ་བལྟས་ལ་སྒོ་རྣམས་དབྱེའོ།། དེ་ནས་ཆེན་རྩི་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་ཚོན་རྩི་ཐམས་ཅད་ལན་བདུན་བཟླས་ན་རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ ་རྗེརྗེ་འཆང་ཆེན་པོས་གསུངསོ།། ཕྱག་རྒྱ་ནི་འདི་ཡི་ནི་སརྦ་དུཥྚ་ས་མཽ་ཡ་མུ་པྲ་བྷཉྩ་ཀ་ཧཱུཾ་ཕཊ། འོདི་ནི་དབུས་མཽ་ལ་སོགས་པའི་མ་མོའི་ཚོགས་རྣམསོ།། འདིའི་ཕྱག་རྒྱ་ནི། རྡོ་རྗེ་བཅིངས་པ་སྤེལ་བ་ནི། མཛུབ་མོ་གཉིས་ནི་དམ་པོར་བྱ།། ་མཐེ་བོང་གུང་མོ་རྩེ་མོ་གཉིས།། རྡོ་རྗེ་ཕྱག་རྒྱ་བཅིངས་ནས་ཀྱང་།། ཡོངསུ་བཟློག་སྟེ་དཔྲལ་བར་བཞག། མཐེ་བོ་ཁར་ནི་གཞག་པར་བྱ།། ཨོཾ་སུཾ་བྷ་ནི་སུཾ་བྷཱ་ཧཱུ~ཾ་ཕཊ། ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང་། ཨོཾ་བཛྲ་ས་མ་ཡ ་ཨཱ་ཀཪྵ་ཡ་སརྦ་དུཥྚ་མཎྜ་ལཾ་བཛྲ་དྷ་ར་སདྡྷི་མྦྷ་ཏི་ཀྲ་མ་ཧཱུཾ་ཕཊ། ཅེས་བྱ་བ་འདི་ཕྱག་རྒྱ་དང་བཅས་པས་མ་རུངས་པའི་དཀྱིལ་འཁོར་དགུག་པར་བྱའོ།། རྡོ་རྗེ་ལྕགས་ཀྱུ་གཉིས་བཅིངས་ཏེ།། སྙིང་གར་ཡོངསུ་བསྐོར་བར་བྱའོ།། མཛུབ ་གཉིས་ལྕགས་ཀྱུའི་ཕྱི་རོལ་གྱི།། དཀྱིལ་འ་ཁོར་དགུག་པའི་མཆོག་ཡིན་ནོ།། སོང་ཨོཾ་སུཾ་བྷཱ་ནཾ་སུཾ་བྷཱ་ཧཱུཾ་ཕཊ། ཅེས་བྱ་བའི་རྣམ་པར་སྣང་མཛད་ཀྱི་བཀའ་དང་། ཨོཾ་དུཥྚ་བིཛྲ་ཀྲོ་དྷ་ཕ་ན་ད་ཧ་པ་ཙ་བི་རྫ་ན་ས་ཡ་བི་ཀི་ར་སརྦ་དུཥྚོས་མ ་མུ་དཱན་མནྟ་བྷཉྫ་བྷཉྩ་མརྡ་མརྡ། ཁ་དྷ་ཁ་དྷ། བ་ར་མན་ཏྲཾ་བཛྲ་ཧཾ་ཕཊ། ཅེས་བྱ་བ་ནི་ཕྱག་རྒྱ་དང་བཅས་པས་མ་རུངས་པའི་དཀྱིལ་འཁོར་རྣམ་པར་གཞིག་པར་བྱའོ།། རྡོ་རྗེ་ཁྲོ་བོ་མཛུབ་ལེགས་པར།། སོར་མོ་སྦྲང་དེ་བཀྲིས་ནས་ཀྱང་།། ་རྩེ་མོ་གཉིས་ནི་དམ་སྦྱར་བ།། ཕྱག་རྒྱ་འདི་ནི་མ་རུངས་འཇོམས།། ཨོཾ་ནི་སུཾ་བྷ་ཧ་ན་དོ་ཧ་བོ་ཙཾ་གྲྀཧྞ་བནྡྷ་ཧཱུཾ་ཕཊ། ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང་། ཨོཾ་མ~ཾ་ཧཱ་བཛྲ་ཀུ་ར་ཀྲོ་དྷ་བ་ཧ་ཡ། སརྦ་དུཥྚ་མཎྜ་ལ་བི་ཤཱ་ས། ཨན་དུ་ནས་མ་མཐ ་སྥོ་ཌྷ་ཡ། བྷཱཉྫ་སརྦ་དུཥྚཱཾ་ས་མ་ཡ་མུ་དྲ་བ་དྷཱ་ནཱ། གྲྀཧྞ་ཧཱ་ན་ད་ཧ་པ་ཙ་སརྦ་དུཥྚཱཾ་ས་མ་ཡ་སཏྭཱ~ཾ་ནཱ་བཛྲཱི་ས་མ་ཡ་ཧཱུ~ཾ་ཕཊ། ཅེས་བྱ་བ་དང་། ཁྲོ་བོ་ཆེན་པོ་གདུག་པ་ཕྱག་དང་ཞལ་སྟོང་མངའ་བྱས་མ་རུངས་པ་ཐམས་ཅད་བཙམ་ནས ་མཚོ་ཆེན་པོར་ལྟུང་བར་བྱས་པར་བསམ་མོ།། དེ་ནས་འདིའི་ཕྱག་རྒྱ་བཤད་དེ།། གཡོན་པའི་རྡོ་རྗེ་མཛུབ་མོ་ལོ།། གཡས་པའི་མཛུབ་མོ་བཀུག་པས་བཟུང་།། རབ་ཏུ་ཁྲོས་ནས་དྲག་གཏོགས་ནས།། རི་རབ་ཀྱང་ནི་ལྷུང་བར་བྱེད།། ཨོཾ ་ཧ་ན་ཧ་ན་བཛྲ་ཧཱུཾ་ཕཊ། ཅེས་བྱ་བའི་དེ་བཞིན་གཤེགས་པའི་བཀའ་དང་ཨོཾ་བཛྲ་ཨ་ཀཪྵ་ཡ་ཤཱི་གྷྲ་སརྦ་དུཥྚཱཾ་གྲ་ཧ་ན་བཛྲ་དྷཱ་ར་སརྦྦེ་ན་ཧཱུཾ་ཛཿཞེས་བྱ་བའི་ཕྱག་རྒྱ་དང་བཅས་པས་ཕྲ་མེ་ནས་ལ་སོགས་པ་གདོན་མ་རུངས་པ་ཐམས ་ཅང་དགུག་པར་བྱའོ།། ཕྱག་རྒྱ་ནི་འདི་ཡིན་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་ལ།། གཡས་པའི་མཛུབ་མོ་ལྕགས་ཀྱུས་གཟུང་།། རབ་ཏུ་ཁྲོས་ཤིང་དགུག་པ་ཡིས།། གདོན་རྣམས་ཐམས་ཅད་དབང་དུ་བྱེད།། ཨོཾ་བཛྲ་པྲ་ཏི་གྲྀཧྞ་ཧྲྀང་ཡ ་ཨཱ་ཀཪྵ་ཡརྱ་ཡན་སྤང་ཨརུ་དྷེ་ན་མྲི་ཡཱ་ཏེ་ཏ་ས་ཧྲྀ་ད་ཡན་ཏིཥྛ་མ་ཏུ་ས་མ་ཡ་ཧཱུཾ་ཛཿཞེས་བྱ་བ་དང་། ཕྱག་རྒྱ་འདིས་འཆི་བར་གྱུར་བ་དེ་རྣམས་ཀྱི་མཚན་མོ་སྙིང་བྱུང་བ་ལ་འཕྲ་མེན་མ་གདོན་རྣམས་ལ ་སྦྱིན་ནོ།། དེ་ནས་དགའ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གྲུབ་པར་བྱེད་དོ།། ཕྱག་རྒྱ་དེ་ནི་འདི་ཡིན་ཏོ། རྡོ་རྗེ་བཙོང་བ་བྱས་ནས་ནི།། ལག་ངར་སྙིང་གར་ཤིན་ཏུ་བསྡམས།། རྡོ་རྗེ་མཛུབ་མོ་རང་མཚན་ཁུང་།། བླུད་པ་ཡི ་ནི་སྙིང་འབྱིན་ནོ།། ཨོཾ་ཧཱུཾ་ཕཊ། ཅེས་བྱ་བ་དེ་བཞིན་གཤེགས་པའི་བཀོའ་དང་། ཨོཾ་བཛྲ་སྭ་མ་ཡ་ཨེ་ན་ཡ་སརྦ་དུཥྚ་ཛཱ་རང་ནཱི་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། ཅེས་བཟློས་ཤིང་ཕྱག་རྒྱ་དང་བཅས་པས་རིམས་ལ་སོགས་དགུག ་པར་བྱའོ།། ཕྱག་རྒྱ་ནི་འདི་ཡིན་ཏེ། མཛུབ་མོ་གཉིས་ཀྱིས་རྩེ་མོ་ཡིས།། མཐེ་བོང་གཉིས་ཀའི་དྲུང་དུ་ནི།། ཡིད་ཀྱིས་ཁྲོས་ནས་བཙིར་བར་བྱ།། རིམས་ལ་སོགས་པ་དགུག་པའོ།། ཨོཾ་བཛྲ་ཀརྨ་བི་ཤོ་དྷ་ཡ་སརྦ་ཨཱ་བ་ར་ཎ་ནི ་བུད་དྷོ་ས་ཏྱ་ན་མ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདིས་ཕྱག་རྒྱ་དང་བཅས་པས་རང་ངམ་གཞན་གྱི་རིམས་ལ་སོགས་པའི་ནང་བསལ་བར་བྱའོ།། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཐལ་མོ་དམ་སྦྱར་ཏེ།། གུང་མོ་གཉིས་ཀ ་བཀུག་ནས་སུ།། མཐེ་བོ་རབ་ཏུ་མཉམ་སྦྱར་པོས།། མནན་པ་དེ་ནི་སྡིག་འཕྲོག་པའོ།། ཨོཾ་ཀྵ་པ་ཡ་བཛྲ་སྭཱ་ཧཱ། ཞེས་བྱ་བ་དེ་བཞིན་གཤེགས་པའི་བཀའ་དང་། ཨོཾ་སརྦ་ཨ་པ་ཡ་ཨཱ་ཀོཪྵ་ཎ་བི་ཤོ་དྷ་ན་བཛྲ་ས་མ་ཡ ་ཧཱུཾ་ཕཊ་ཅེས་བྱ་བ་འདི་ཕྱག་རྒྱ་དང་བཅས་པས་ངན་སོང་དགུག་པར་བྱའོ།། ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ནང་དུ།། མཛུབ་མོ་གཉིས་ནི་བཅིངས་ནས་ཀྱང་།། ལེགས་པར་གྱེན་དུ་འཕངས་པ་ནི།། ལྟུང་བ་སློང་བའི་དམ་པའོ།། ་ཨོཾ་བཛྲ་པཱ་ཎི་བི་སྥོ་ཊ་ཡོ་སརྦ་ཨ་པ་ཡ་བནྡྷ་ནཱ་ནི་པྲ་མོཀྵ་ཡ་སརྦ་ཨོཾ་པ་ཡ་ག་ཏི་བྷྱཿསརྦ་སཏྲཱན་སརྦཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏྲཊ་ཅེས་བྱ་བ་འདིས་དྲན་འགྲོའི་འགྲོ་བ་ཐམས་ཅད་རྣམ་པར་སྦྱངས་ལ། བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་ཞབས་དྲུང་དུ་སྐྱེས་པར་བསམ་པར་བྱའོ།། དེ་ནས་འདིའི་ཕྱག་རྒྱ་བཤད་དེ། རྡོ་རྗེ་བཅིངས་པ་དམ་བྱས་ཏེ།། གུང་མོ་གཉིས་ག་ངོས་སྒྱུར་ནས།། ཐ་མ་བཞི་ཡང་རྩེ་སྤྱད་པ།། སྐད་ཅིག་ཏུ་ནི་སྡིག་བྲལ་ལོ།། རྡོ་རྗེ ་ཁྲོ་བོ་དཀྱིལ་འཁོར་གྱི་རྒྱལ་བའི་མཆོག་ཅེས་བྱ་བའི་ཏིངེ་འཛིན་ཏོ།། དེ་ནས་བསྡུ་བ་བྱས་ལ་སངས་རྒྱས་ཐམས་ཅད་ཀྱིས་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་བསྐུར་བར་བྱའོ།། ཡང་དགུག་པ་དང་། གཞུག་པ་དང ་བཅིང་བ་དང་། དབང་དུ་བྱོས་ལ། ཇི་ལྟར་ཡོངསུ་བསྒོམ་པའི་དཀྱིལ་འཁོར་གྱི་གན་སུ་ལྷ་ཐམས་ཅད་ཕྱག་རྒྱ་བཞིས་རྒྱས་གདབ་པ་བྱས་ནས། ཕྱག་རྒྱ་ཆེན་པོས་རང་གི་ལས་མཛད་པ་ལ་སྦྱར་བར་བྱའོ།། རྡོ་རྗེ་ཁྲོ ་བོ་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་འཛིན་ཏོ།། དང་པོར་སྦྱོར་བ་དང་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོའི་མཆོག་གི་ཏིང་འཛིན་ལ་མཉམ་པར་བཞག་པས་སྙོམས་པར་འཇུག་པར་བྱའོ།། ཞེས་གསུངས་པ ་ཏིངངེ་འཛིན་གསུམ་པོ་འདི་དག་ནི་ངེས་པར་བསྒོམ་པར་བྱའོ།། ཡང་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་ཇི་ལྟ་བ་བཞིན་དུ་བསྟོད་པར་བྱའོ།། དེ་ནས་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ལ་མཆོད་ཡོན་ཕུལ་ནས་ཐམས ་ཅད་རང་གི་ཕྱག་རྒྱ་བཞིས་རྒྱས་བཏབ་ལ། དབང་བསྐུར་ལ་མེ་ཏོག་ལ་སོགས་པའི་རྣམ་པ་བརྒྱད་དམ་མཆོད་པ་བཅུ་དྲུག་གི་ཡང་དག་པར་མཆོད་ལ། ཕྱག་བཞི་བྱས་ནས་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིངས་ནས་རྡོ་རྗེ་བདག ་ཉིད་ཅན་དང་། རང་བཞིན་གྱི་དག་པ་དང་། བདག་མེད་པའི་མཉམ་པ་ཉིད་ཀྱི་སེམས་དཔའ་ཐམས་ཅད་དང་བདག་ཉིད་རྣམ་པར་བསྒོམས་ནས། ཁྲོ་བོའི་ཚིག་གམ་རྡོ་རྗེའི་ཚིག་གམ། ཡིད་ཉིད་ཀྱི་ཧཱུཾ་བཞི་ཟློས་ཤིང་ཆོས་བདག་མེད ་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་དབང་དུ་བྱས་ལྔ་ཇི་སྲིད་སོ་སྔོར་སྣང་བའི་སྦྱོར་བས་ཁྲོ་བོའི་འཁོར་ལོར་གཏོགས་པ་ཐམས་ཅད་བསྒོམ་པར་བྱའོ།། ལྷ་ཐམས་ཅད་ཀྱི་ཞལ་ནས་ཀྱང་ཧཱུཾ་བཞིའི་སྒྲ་བྱུང་བར་ལྷག་པར་མོས་པར ་བྱའོ།། བསྒོམ་པ་ཉེ་བར་སྡུད་པའི་དུས་སུ་ཡང་དེ་བཞིན་དུ་ཡིད་ཀྱིས་ལེགས་པོར་སྦྱོར་བས་རང་གི་ལུས་ལ་གཞུག་པར་བྱ་ཞིང་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དབུས་ན་བཞུགས་པའམ། རྡོ་རྗེ་ནྟུ ་མཛད་གཅིག་པུར་བསྒོམ་པར་བྱ་བ་འམ། མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་དབུས་ན་གནས་པའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱའོ།། སྦྱོར་བ་འདིས་ནི། སངས་རྒྱས་བཀའ་ཀུན་འགྲོ་ཀུན ་དོན།། དངོས་གྲུབ་ཀུན་གྱི་ཆོ་ག་ཡིས།། ཕྱག་རྒྱ་ཆེན་པོ་བསྒོམས་ན་ནི།། ཚེ་འདི་ཉིད་ལ་ཚང་རྒྱའོ།། གལ་ཏེ་གང་གི་ཚེ་ཕྱག་རྒྱར་བྱིན་གྱིས་བརླབས་ལྷོད་པར་གྱུར་ཏམ་བདག་ཉིད་གཏོང་བར་འདོད་པར་གྱུར་ན་དེའི་ཚེ་ཡི་གེ་བརྒྱ་པས ་བརྟན་པར་བྱའོ།། བསྒོམས་པས་དུབ་པོར་གྱུར་ན་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་དང་། མཆོད་པ་རྣམས་པ་བརྒྱད་དང་ཕྱག་བཞི་བྱའོ།། དེ་ལྟར་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། སྐྱོ་བར་གྱུར་ན་ཡང ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་དང་། མེཆོད་པ་ཐམས་ཅད་དང་། ཕྱག་བཞི་བྱས་ནས། ཨོཾ་བཛྲ་སཏྭ་ཧཱུཾ་ཛཿཞེས་བྱ་བ་བརྒྱ་དང་ལྡན་པས་ལྷ་ཆེན་པོ་གསོ་བར་བྱའོ།། དེ་ཡང་འདི་ཡིན་ཏེ། གསང་བའི་ལྕགས་ཀྱུ་བསྡམ་བྱས་ཏེ།། ཐ་མ ་མཉམ་དུ་བརྐྱང་ནས་ནི།། ཤི་བའི་མགོ་བོར་བཞག་ནས་ནི།། སྲོག་ནི་ཕྱིརརོ་ཡང་འཐོབ་པར་འགྱུར།། རྡོ་རྗེ་བསྡམས་པོ་ནང་དུ་གཞིབས་ནས་མཛུབ་མོ་གཉིས་ལྕགས་ཀྱུར་བྱ་བ་ནི་གསང་བྱའི་ལྕགས་ཀྱུའོ།། དེ་ནས་ཨོཾ་བཛྲ་མུཿཞེས་བྱ་བ ་འདི་ཕྱག་རྒྱ་དང་ལྡན་པས་ལྷ་ཆེན་པོ་ཆུང་མ་དང་བཅས་པ་རྐང་པའི་འོག་ནས་གཏད་པར་བྱའོ།། དེ་ནི་འདྲི་ཡིན་ཏེ། རྡོ་རྗེ་ཁྲོ་བོ་མཛུབ་ལེགས་པར།། ཟུར་སྦྲང་བསྡམས་ཏེ་གཞག་པ་ནི།། རྡོ་རྗེ་དེ་དག་བསྒྱུར་བྱས་ཤིག། འོག་ནས་ཡང་དག ་འབྱིན་པར་བྱེད།། བཛྲོ་ཏ་ཏིཥྛ་ཞེས་བྱ་བས་ཀྱང་སླར་དབང་བསྐུར་བར་བྱའོ།། ཨོཾ་ཙནྟོཏྟ་རེ་སཽ་མནྟ་བྷ་དྲ་ཀི་ར་ཎི་མ་ཧཱ་བཛྲེ་ནི་ཧཱུཾ་ཞེས་བྱ་བ་ནི་ཕྱག་རྒྱ་དང་བཅུ་རཤྱ་སྟེ་དེ་ནི་འདི་། རྡོ་རྗེ་བཅིངས་པ་དམ་བྱས་ཏེ།། མཐེ་བོང་མཐེ་ཆུང་མཉམ་པོར ་ནི་ཁསྙམས་ནས་ལེགས་པར་བརྐྱང་བ་ནི།། ཟླ་བའི་རི་མོ་ཞེས་ཀྱང་གྲགས།། ལྷ་མོ་དབུ་མ་ཡང་སྔར་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་ལ། ལྷ་ཆེན་པོ་གསང་བའི་མཆོད་པ་བཞིས་ལེགས་པར ་མཆོད་དེ། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་དགེ་བའི་རྩ་བ་བསྔོས་ནས་མཆོད་ཡོན་ཕུལ་ལ། ཕྱག་རྒྱང་གྲོལ་བར་བྱས་ནས།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དང་བཅས་པ་ལ་བཟོད་པ་གསོལ་བར ་བྱའོ།། བཅོམ་ལྡན་འདས་བདག་སོ་སོའི་སྐྱེ་བོར་གྱུར་པས། ཆོ་ག་ལྷག་ཆད་དུ་གྱུར་པ་གང་ཅི་བགྱིས་པོ་དེ་ཐམས་ཅད་བདོག་ལ་བཟོད་པར་མཛོད་ཅིག་ཅེས་བཟོད་པ་གསོལ་བར་བྱའོ།། དེ་ནས་གཤེགསུ་གསོལ་བའི་ཕྱིར ་བསྐུལ་བར་བྱ་སྟེ། ཨོཾ་ཁྱོད་ཀྱིས་འགྲོ་བའི་དོན་ཀུན་མཛད།། རྗེ་སུ་མཐུན་པའི་དངོས་གྲུབ་གསོལ།། སངས་རྒྱས་ཡུལ་དུ་གཤེ་གསུ་གསོལ།། སླར་ཡང་གཤེགས་པར་མཇེད་དུ་གསོལ།། ཞེས་པ་དང་ཁྲོ་པོ་ཏའི་ན་ཏི་རའི་ཧཱུ~ཾ་བཞིས ་མུཿཞེས་བྱ་བའི་མཐའོ་དང་ལྡན་པ་གྱེན་དུ་དགྲོལ་ལོ།། དེ་ལྟ་བུས་ནི་ཐམས་ཅད་གཤེགསུ་གསོལ་བར་འགྱུརརོ།། ཇི་ལྟར་སྤྲུལ་པའི་རིགས་ཀྱི་དཀྱིལ་འཁོར་དང་བཅས་པ་ཐམས་ཅད་ཀྱང་དེ་བཞིན་ཡིད་ཀྱི་ལེགས་པར་སྦྱོར ་བས། རང་གི་ལུས་ལ་བཅུག་ལ་ཡི་གེ་བརྒྱ་པས་བརྟན་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་ལན་ཅིག་བཟླས་ཤིང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སེམས་དཔའི་གཙུག་ཏོར་དང་། རྡོ་རྗེ་ཁུ་ཚུར་གྱི་བདག་ཉིད་བསྲུང་པོ། ་བྱས་ནས། རང་གི་ལྷའི་ང་རྒྱལ་དང་ལྡན་པ་ཉིད་ཀྱིས་ལྡང་བར་བྱའོ།། དེ་ལྟར་ཉིན་རེ་བཞིན་ཐུན་བཞིར་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལེ་གཅིག་གམ། དུས་ཇི་སྲིད་ཀྱི་ལྷ་རྣམས་ཀྱི་རྗེསུ་གནང་བ་སྩལ་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར ་བྱོའོ།། མི་ནུས་པས་ནི་རྣལ་འབྱོར་ཆེན་པོ་ཉིན་རེ་བཞིན་ལན་ཅིག་བསྒོམས་ལ་སྔགས་ཐམས་ཅད་ཀྱི་བཟླས་བརྗོད་འབུམ་བྱའོ།། སྔོན་དུ་བསྙེན་པའི་ཆོ་གའོ།། ། དེའི་རྗེས་ལ་དཀྱིལ་འཁོར་བྲི་བར་བྱ་སྟེ། ཉིན་རེ ་འམ་ནི་ཟླ་བ་རེ།། ལོ་ནི་རེ་རེ་ཉིད་དག་ཏུ།། ཡར་གྱི་ངོ་ལ་ཆོ་ག་བཞིན།། བསྒྲུབ་བྱ་ཇི་ལྟར་མངོན་འདོད་བྲི།། དེ་ལ་རྒྱལ་པོ་ནི་ཁྲུ་བརྒྱའིམ་ལྔ་བཅུ་པའོ།། བློན་པོ་འམ་བློན་པོ་ཆེན་པོ་ནི་ཁྲུ་ལྔ་བཅུ་འམ་ཉི་ཤུ་རྩ་ལྔ་པའོ།། ཚོང་དཔོན་ནམ་དེང ་དཔོན་གྱི་ནི་ཁྱུ་ཉི་ཤུ་རྩཝ་ལྔ་པ་འམ་དེའི་ཕྱེད་དོ།། སྒྲུབ་པ་པོ་ཁྲུ་བཅུ་གཉིས་སམ། ཁྲུ་དྲུག་གམ། ཙཾ་ཙམ་ནུས་པ་ལ་བྱའོ།། དེ་ལ་དང་པོ་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས། མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུསུ། ་མི་རུས་ཀྱི་ཕྱེ་མོས་དཀྱིལ་འཁོར་གྱི་བགེགས་བསལ་ནས། བདག་དང་སློབ་མ་ལ་སོགས་པ་ཞི་བར་བྱེད་པའི་སྦྱིན་སྲེག་བྱའོ།། དེ་ནས་ས་སྦྱང་བར་བྱ་སྟེ། ཟབ་སུ་འདོམ་གང་ཙམ་ལ། ཁྲུ་གང་ཙམ་བརྐོས་ལ། དྲི་ཞིམ་པོས ་བྲན་པའི་སེཾས་བཀང་ནས། རྡོ་རྗེ་རྩེ་མོ་མངོན་པར་བཟླས་པའི་ཆུས་ཆག་ཆག་བཏབ་ལ་ལེགས་པར་བཽཅགས་ཏེ། ཤིན་ཏུ་མཉམ་པར་བྱས་སྒོ་བཞི་དང་། སྐར་ཁུང་གི་ཡོངསུ་བསྐོར་བ་རྟ་བབས་བཞིས་མཛེས་པར ་བྱས་པའི་ཁང་པ་བརྩེགས་མའི་ནང་དུ་ཆུད་པར་བྱས་ལ། ཐ་མར་ལེགས་པར་བྲིས་ཤིང་དྲིལ་བུ་བཏགས་པའི་རྒྱལ་མཚན་དམ་པ་དང་། བླ་རེ་མཆོག་བྲེས་པ། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་རིས་ཀྱིས་མཛེས་པར ་བྱས་པ། བའི་ལྕི་བས་ལེགས་པར་སྦྱངས་ལ། དྲིས་བྱུགས་ནས་མཚམས་བཞིར་སྤྲོས་སྣོད་བཞི་དང་། མེ་ཏོག་དང་མར་མ་ལ་སོགས་པས་ཉེ་བར་མཛེས་པར་བྱས་ལ། ས་ལ་ལོག་པས་རེག་པར་བྱ་སྟེ། ཧཱུཾ་བཞི་དང་ཡི་གེ་བརྒྱ་པ་ལན ་བདུན་ཡོངསུ་བཟླས་པར་བྱའོ།། དེ་ནས་བདག་ཉིད་ཁྲུས་བྱས་ཤིང་དྲིས་བྱུགས་ལ་གོས་དང་སྟོད་གཡོགས་སྔོན་པོ་དགོས་ཤིང་སེམས་དཔའི་གཙུག་ཏོར་དང་། མེ་ཏོག་གི་ཕྲེང་བ་བཏགས་པ་ཁ་དྲི་ཞིམ་པར་བྱ་བ་དང་། གདུ་བུ་དང ་རྣ་ཆ་ལ་སོགས་པས་བརྒྱན་པར་བྱས་ལ། ཟླ་བའི་ཉ་ནས་ཕྱི་མའི་ཉའི་བར་དུ་དཀྱིལ་འཁོར་གྱི་ལས་བྱ་བ་འམ། ཡར་གྱི་ངོའི་ཚེས་གཅིག་ནས་བརྩམས་པའམ། དེ་བཞིན་དུ་ཚེས་བརྒྱད་དམ། དགུ་འམ་བཅུ་འམ། བཅུ་གསུམ ་མ་མ། བཅུ་བཞི་ལ་བརྩམས་ནས་ཉའི་བར་བྱ་འམ། སྔ་དྲོའི་དུས་ནས་བརྩམས་ཏེ་བྱའོ།། གལ་ཏེ་ནུས་པར་གྱུར་ན་ནི་བསྙུང་བར་བྱའོ།། འོན་ཏེ་མ་ནུས་ན་དེའི་ཚེ་རྡོ་རྗེ་ཆོས་ཡོངསུ་བཟླས་པའི་སྤོས་ཆུས་གསང་བའི་དཀར་གསུམ་བཟའ ་བར་བྱ་སྟེ། སྤྱན་འདྲེན་པའི་ཞག་བསྙུང་བར་གནས་པ་འམ། ཆོས་དང་ལྡན་པའི་ཟས་ལ་བརྟེན་པར་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངསོ།། དེ་ལ་རེ་ཞིག་དཀྱིལ་འཁོར་གྱི་སའི་དབུསུ་འདུག་ལ། བགེགས་གཞོན ་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱའོ།། དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དེ་བཞིན་དུ་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ནས་ལྷའི་རྣལ་འབྱོར་དང་ཁང་པ་བརྩེགས་མ་དང་། གདན ་རྣམས་བསྐྱེད་ལ། དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔེའི་སྐྱིལ་མོ་ཀྲུང་གིས་འདུག་ལ། བདག་ཉིད་སྤྲོ་བོ་བསྐྱེད་པར་བྱའོ།། དེང་དུ་བདག་ཚེ་འབྲས་བུ་ཡོད།། བདག་གི་གསོན་པ་འམ་འབྲས་བུར་བཅས།། ལྷ་དང་ངམ་ཚིག་གི ་མཉམ་པོར་གྱུར་པར་བདག་ཉིད་སོམ་ཉི་མེད།། བྱང་ཆུབ་སེམས་དང་སེམས་གཅིག་ལས།། མི་ལྡོག་པར་ནི་བདག་གྱུར་ཏོ།། དེ་བཞིན་གཤེགས་པའི་རིགསུ་ནི།། དེང་བདག་སྐྱེ་བར་ཐེ་ཚོམ་མེད།། དེང་བདག་ཉི་མ་དམ་པ་སྟེ།། ་བདག་གི་མཆོད་སྦྱིན་བླ་ན་མེད།། སངས་རྒྱུ་ས་ཐམས་ཅད་སྤྱན་འདྲེན་པས།། དེང་བདག་འདུས་པའི་མཆོག་ཡིན་ནོ།། དེ་ནསྭཱ་ཡན་ལག་ཐམས་ཅད་ཀྱི་ཕྱག་བྱས་ལ་སྤོས་སྣོད་ལ་གོ་ཏུ་ཐོགས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང ་བར་བྱའོ།། མ་ལུས་ཕྱོགས་ན་བཞུགས་པ་ཡི།། སངས་རྒྱས་ཐམས་ཅད་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ཡིས།། རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བྲི།། དེང་འདིར་སངས་རྒྱས་ཀུན་གཤེགས་ཏེ།། དངོས་གྲུབ་འདི་ནི་སྩོལ ་དུ་གསོལ།། ངོ་རྗེསོ་ལ་སྔར་བཤང་བའི་རིམ་པས་དེ་བཞིན་དུ་ཏིང་འཛིན་གསུམ་བསྒོམ་པར་བྱའོ།། དེ་ནས་དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གི་ས་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ནས ་སྙིང་པོ་བཟླ།། དེ་ལྟར་དམ་ཚིག་གསུམ་མཆོག་ཏུ་ཐོབ་པའི་སློབ་དཔོན་གྱིས།། རང་གི་ཕྱག་རྒྱས། འཁོར་ལོ་ཀུན་གྱི་ཆོ་ག་ནི།། རྡོ་རྗེ་དྲིལ་བུ་འཛིན་པས་བྱ།། དཀྱིལ་འཁོར་ཐམས་ཅད་སྒྲུབ་བྱེད་པའི།། རྟོག་པ་ཀུན་ལ ་འཇུག། དམ་ཚིག་ཆེ་གསུམ་ཞེས་བྱ་བ།། རྒྱ་འདི་གསང་སྔགས་སྒྲུབ་བྱེད་ཡིན།། དངོས་གྲུབ་ཀུན་གྱི་ཆོ་ག་ལོ།། རྡོ་རྗེ་དྲིལ་བུ་རབ་སྒྲུབ་ཡིན།། ཆོ་ག་ལྷག་གམ་མ་ཚང་ཡོང་།། འགྲུབ་འགྱུར་སྨད་པར་མི་བྱའོ།། བཅོམ་ལྡན་འདས་ལ་ཡང ་གསོལ་བ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་སེམས་ཅན་གྱི་ཁམསོ་མ་ལུས་པ་ལུས་པ་མེད་པའི་སྐྱབས་དང་། ཕན་པ་དང་། བདེ་བ་ཐམས་ཅད་མྱོང་བར་བགྱི་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་གྲུབ་པ ་དམ་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ་འཚོལ་ཅིག་པར་བདག་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གྲུབ་པའི་རྡོ་རྗེ་རྩོལ་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་སྩལ་ན། མི་འདི་རྣམས་ཇི་ལྟར ་བགྱི་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྩོལ་ཅིག། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་གཅིག་ཏུ་འདུས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨོཾ་བཛྲ་པཱ་ཎི་མ་ཧཱ་མ་ད་ལཾ། པྲ་བེ་ཤ་ཡ་སརྦ་ན་དུཥྚཾ་རོ་ཏྲན་ནི་པ་ར ་ཡ་བ་བེ་བྱ། པྲ་མོ་ཀྵ་ཡ་དུར་དྲྀཥྚ་པརྱ་བན་དྷ་བི་ཤོ་དྷ་ཡ་ནཱ་ཤ་ཡ། བི་ནཱ་ཤ་ཡ་ཧ་ཧ་ཧ་ཧ་ཧཱུཾ། དེ་ལྟར་རྗེ་སུ་གནང་བ་ཐོབ་པ་དང་། ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱས་དཀྱིལ་འཁོར་སྟེང་དུ་ན་མཁའ་ལ་གཞག་ནས། དེ ་ཉིད་ཀྱིས་བདག་ཉིད་བྱིན་གྱིས་བརླབ་སྟེ། ཕྱག་རྒྱ་དེ་ཉིད་རང་གི་སྙིང་གྲཝར་གཞག་ལཱ། དེའི་ང་རྒྱལ་དང་ལྡན་པས་ཁྲོ་བོའི་ལྟ་བས་བལྟ་ཞིང་དབང་ལྡན་ནས་བརྩམས་ཏེ། བགེགས་ཐམས་ཅད་བསྐྲད་པ་ལ་བརྩོན་པར་བྱའོ།། ཡི་གེ ་ཨ་ལས་རང་གི་རྐང་མཐིལ་གཉིསུ་སྣ་ཚོགས་རྡོ་རྗེ་བཀོད་ལ། རང་གི་རྐང་མཐིལ་གྱིས་ཡོངསུ་བཟུང་བ་ནས། རླུང་གི་དཀྱིལ་འཁོར་ནས་བརྩམས་ཏེ། རི་རབ་ཀྱི་སྟེང་གི་བར་དུ་དཀྱིལ་འཁོར་གྱི་གནས་དེ་རྡོ་རྗེའི་རང་བཞིན་དུ་གྱུར ་པར་མོས་པས་ཧཱུཾ་བཞི་བཟློས་ཤིང་། གཡས་ནས་བསྐོར་བས་འགྲོ་བར་བྱའོ།། དེ་ནས་ཁྲོ་བོའི་ལྟ་བས་དཀྱིལ་འཁོར་བཅིང་བ་དང་། ར་བ་དང་། རྡོ་རྗེ་དྲ་བ་བྱའོ།། ཡང་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཉིད་ཀྱིས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་ཁྲོ་བོ་ལ་སོགས་པ་རྡོ་རྗེ་འབར་བ་འཇིག་སུ་རུང་བ་ཀུན་ཏུ་འཁྲུགས་པ། ཧཱུཾ་ཞེས་བྱ་བའི་སྒྲ་འཇིག་སུ་རུང་བས་ལྐོག་མའི་ཕྱོགས་ཀུན་ཏུ་གང ་ཁྲོ་བོའི་སྐུ་མཆོག་གི་མིག་གཡོ་བ་རྡོ་རྗེ་འབེབས་པའི་ཚུལ་གྱིས་ན་མཁའ་ནས་བབས་ཏེ། གར་ལས་བྱུང་བའི་མེ་ཏོག་གི་ཐལ་མོས་དེ་བཞིན་གཤེགས་པ་ཡང་དག་པོར་མཆོད་ལ། དཀྱིལ་འཁོར་གྱི་ལྟེ་བར་གཡོན་བརྐྱང ་བས་འདུག་སྟེ། བསྐལ་པའི་མེ་དཔུང་ལྟར་འབར་བའི་ཁྲོ་བོའི་ཚོགས་འབྱིན་པས་བདུད་ཐམས་ཅད་ཀུན་ཏུ་སྒྲུབ་པར་བྱའོ།། དེ་ནས་དགའ་བས་ཡོངསུ་བསྐོར་བའི་ཚུལ་གྱིས་ཤར་ཕྱོགསུ་འགྲོ་བར་བྱའོ།། དེ་ནས་དེས་གཡོན ་བརྐྱང་བ་ཉིད་ཀྱིས་འདུག་ལ། བགེགས་ཐམས་ཅད་བསྐྲང་བར་བྱའོ།། དེ་ནས་གནས་དེ་ནས་ལྷོ་ཕྱོགསུ་སོང་ལ་གཡས་བརྐྱང་བའི་གནས་པས་དེ་བཞིན་དུ་འགེགས་རྣམས་རྗེ་སུ་བསྐྲད་པར་བྱའོ།། དེ་ནས་གནས། ་དེ་ནས་གཡས་བརྐྱང་བ་དང་། གཡོན་བརྐྱང་བ་དག་གིས་ནུབ་ཕྱོགསུ་སྟོང་ལ། ཟླུམ་པོའི་འདུག་སྟངས་བཅས་ནས་དེ་བཞིན་དུ་བགེགས་རྣམས་བསྐྲང་པར་བྱའོ།། དེ་ནས་གནས་དེ་ནས་ན་མཁའི་ཁམས་མ་ལུས་པར ་ཁྱབ་པར་གཏོགས་པའི་འཇིག་རྟེན་གྱི་ཁམས་རྣམས་གཡོ་བར་བྱེད་པའི་རྡོ་རྗེ་འགྲོས་ཀྱི་བྱང་ཕྱོགསུ་འགྲོ་བྱར་བྱའོ།། དེ་ནས་གཡས་བརྐྱང་བ་དང་མཐུན་པའི་རྐང་སྟབས་དང་། ཟླུམ་པོའི་འདུག་སྟངས་དང་། ས་གའི་འདུག ་སྟོངས་རྣམས་ཀྱིས་བགེགས་རྣམས་ངེས་པར་བསྐྲད་པར་བྱས་ནས་རྡོ་རྗེའི་འགྲོས་ཀྱིས་ཤར་ཕྱོགསུ་འགྲོ་བར་བྱའོ།། དེ་ལྟར་ན་སྟང་སྟབས་བཞིས་བགེགས་ཐམས་ཅད་གཞོམ་པར་བྱའོ།། ཡང་རྡོ་རྗེ་འགྲོས་ཀྱི་དཀྱིལ ་འཁོར་ལྟེ་བ་བསྐོར་བར་བྱས་ལ། ཤར་ཕྱོགས་སུ་མངོན་པོར་བལྟས་ཏེ། མཆོངས་ནས་དཀྱིལ་འཁོར་གྱི་ལྟེ་བ་ཕུར་བུའི་འགྲོས་སུ་འགྲོ་བར་བྱའོ།། དེ་བཞིན་དུ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཁྲོ་བོའི་ཕུར་བུས ་དཀྱིལ་འཁོར་གྱི་གནས་ཕུར་བུས་གདབ་པར་བྱའོ།། སྟང་སྟབས་བྱེད་པའི་དུས་འདིར་ཁྲོ་བོའི་ཚིག་གིས་ཧཱུཾ་ཞེས་བྱ་བའི་སྒྲ་རྒྱུན་མི་འཆད་པར་གདོན་པོར་བྱའོ།། དེ་ནས་རྡོ་རྗེའི་འདུག་སྟངས་ཕྱེད་ཀྱིས་འདུག་ལ། ཨོཾ་བཛྲ་ཛྭ་ལ ་ཨཱན་ཝཱརྐ་ཧཱུཾ་ཞེས་ཟློས་ཤིང་གཡོན་པའི་རྡོ་རྗེ་ཁུ་ཚུར་སྙིང་གར་བཞག་ནས། གཡས་པས་རྡོ་རྗེ་གསོར་ཞིང་བགེགས་རྣམས་ལ་བསྣུན་པར་བྱའོ།། ཡང་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅུས་པས་ཀྱང་བགེགས་རྣམས་བསྲེག་བྱ་ལ ་སོགས་པ་བྱཾ་སྟེ། ཧཱུཾ་བཛྲ་ཨཱ་ན་ལ་ཧ་ན་ད་ཧ་པེ་ཙི་མ་ཐཱ་བྷཉྩ་ར་ཎཱ་ཧཱུཾ་ཕཊ།། རྡོ་རྗེ་བསྡམས་པ་ནང་དུ་བཅིངས།། སོར་མོ་རྣམས་ནང་དུ་བབར་བ་ལྟར་བྱས་ལ་མཐེ་བོ་རྡོ་རྗེ་ལྟར་བྱས་ལ་མཐེ་བོ་རྡོ་རྗེ་ལྟར་བསྒྲེང་བ་ནི་རྡོ་རྗེ་མེའི་ཕྱག་རྒྱའོ།། ཨོཾ ་བཛྲ་ནེ་ཏྲི་བནྡྷོ་སརྦ་བཾགྷ་ནཱ་ཞེས་བྱ་བ་ཕྱག་རྒྱ་དང་ལྡན་པས་བགེགས་རྣམས་བཅིང་བར་བྱའོ།། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་བརྐྱང་སྟེ་བསྙམས་ལ་གཞག་པ་ནི་རྡོ་རྗེ་སྤྱན་དང་ལྡན་པའི་ཕྱག་རྒྱའོ།། རྡོ་རྗེ་བསྣམས་པ ་བརྐྱང་ལ་གཞག་པ། ཨོཾ་བཛྲ་དྲྀ་ཌྷོ་མྲྀ་བྷ་བཱ་རཀྵ་སྭརྦ་སྭཱ་ཧཱ། ཞེས་བྱ་བ་དང་འོག་བཅིང་བར་བྱའོ།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དང་སྔགས། ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་བྱ་བ་ཕྱག་རྒྱ་དང་བཅས་པས་ན་མཁོའ་བཅིང་བར་བྱའོ།། རྡོ་རྗེ་ཐལ ་མོ་མཐེ་བོ་གཉིས་བརྐྱང་ལ་མཛུབ་མོ་གཉིས་མེ་ཆེ་བ་ལྟ་བུར་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ།། ཡང་རྡོ་རྗེ་འཇིགས་བྱེད་ཀྱི་སྤྱན་གྱིས་སྟེང་དུ་ན་མཁའ་བཅིང་བར་བྱའོ།། ཨོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། རྡོ་རྗེ་ཁུ་ཚུར་གཉིས་བཅིང ་ལ་འགལ་མེའི་འཁོར་ལོ་བཞིན་དུ་བསྐོར་ཏེ། མགོ་བོའི་སྟེང་དུ་མཛུབ་མོ་གཉིས་ལྕགསོ་ཀྱིའི་ཚུལ་དུ་གཞག་པ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་ཕྱག་རྒྱའོ།། རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་དང་བཅས་པས་ཤར་ཕྱོགས་བཅིང ་ན་རྒྱུན་། ས་ཕྱུ་སྡུང་སམ་ནསནམ་ན།། བ་ག་ཞུག་ན་རྒྱུགནས་བྷྱ་སྒྱུག་རྒྱུ ་སྱཱང་རྡོ་རྗེ་ཞུགས་བསུ་དེ་ཉིད་བརྙི་བར་བྱ་སྟྭཾ། བྷྲཱུཾ་བདྷཱུ་བྷཱུ་ཤུདྡྷེ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཁྲིག་མ་མདུད་པོ་བྱིས་པ་ནི་རྡོ་རྗེ་ཞུགས་པའོ།། རྡོ་རྗེ་བ་དོན་གྱི་ནུའི་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་བ་ཏང་ཀི་ནོ་རཏྣ་རྡོ་རྗེ་བཅཝམ ་པའི་མཐེ་བོ་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱས་ལ། མཛུབ་མོ་གཉིས་བསྙམས་ནས་སྲིན་ལག་ཕྱེ་སྟེ། མཐེའུ་ཆུང་གཉིས་བ་དན་གྱི་རྩེ་མོ་ལྟར་བྱས་པ་ནི་པ་དན་གྱི་ཕྱག་རྒྱའོ།། དེ་ནས་རྡོ་རྗེ་ནག་མོས་བྱང་ཕྱོགས་བཅིང ་བར་བྱ་སྟེ། ཨོཾ་ཧྲཱིཿབཛྲ་ཀཱ་ལི་རུ་ཊཱ་མཊ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཉིད་སྙིངྒ་གཞག་ལ་བརྟན་པར་བྱས་པ་ནི་རྡོ་རྗེ་ནག་མོའིའོ།། རྡོ་རྗེ་རྩེ་མོས་ལྷོ་ཕྱོགས་བཅིང་བར་བྱ་སྟེ། ཨོཾ་བཛྲ་ཤི་ཁ་རུ་ཊ་མཊ་རྡོ་རྗེ་ཁུ་ཚུ་རོ་ཉིད་ཀྱི་རི་བོ་འཇིག ་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་རྩེ་མོའི་ཕྱག་རྒྱའོ།། རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་བཅིང་བར་བྱའོ།། ཧཱུཾ་བཛྲ་ཀརྨཾ། ཡང་ཧཱུཾ་ཞེས་བྱ་བ་རྡོ་རྗེ་ཧཱུཾ་མཛད་ཀྱིས་ར་བ་བྱས་ནས། རྡོ་རྗེ་བསྡོམས་པས་རྡོ་རྗེ་དྲ་བ་བྱའོ།། སྔགས་ནི་བཛྲ་བནྡྷ་བཾ། དེའི་རྗེས ་ལ་སྒྲོ་དབྱེ་བའི་ཕྱག་རྒྱས་སྒྲོ་ཕྱེ་ལ། རྡོ་རྗེའི་རྒྱུ་རང་བཞིན་ཅན་གྱི་གསང་བའི་དཀྱིལ་འཁོར་ཞལ་བཞི་པ། ཕྱག་བཞི་པ། བཛྲ་མཎྜ་ལ་ཧཱུཾ་ཛཿཞེས་བྱ་བའི་ཕྱག་རྒྱ་དང་བཅས་པས་དགུག་པར་བྱའོ།། རྫ་རྗེ་ཁུ་ཚུར ་གཉིས་ཀྱི་མཛུབ་མོ་དང་། མཐེ་བོང་རྡོནྡྷ་བྱཱ་བྱཱ་ནཾ་དཀྱི་ཀཱ་འཁོར་རྣམས་རྒྱུང་འགུགས་པའོ།། རྡོ་གཁོར་ལོའི་ཕྱུག་རྒྱུ། ཨོཾ་མ་ཧཱ་བཛྲཱ་ནཀྲ་ཨ་དྷཱི་ཏིཥྛ་སིདྡྷྱ་དྷཱུ་ཞེས་བྱ་བ་དང་བཅས་པས་དགུག་པ་ནི་དཀྱིལ་འཁོར་དེས་བྱིན་གྱིས་བརྒྱུ ་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་འཁོར་ལོ་བསྐོར་བའི་ཚུལ་གྱིས་བསྐོར་བ་ནི་འདིའི་ཕྱག་རྒྱའོ།། དེ་ནས་སེང་ལྡེང་གི་ཕུར་བུ་ཡི་གཾ་ཧཱུཾ་ལས་མཐའི་ཡས་བྱ། རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་ཞེས་བྱ། སྟོང་ཁྲོ་བ ་གཟུགས་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་རྣམ་པར་བསམས་ལ། ཙན་དན་དམར་པོའི་བྱུག་པས་བྱུགས་ཤིང་སྲད་བུ་དམར་པོས་བཅིང་བ་བྱས་ལ། ཧཾ་ཀྲོ་དྷ་ཡ་ས་ཧི་ཊཱ་ཊ་ནུ་ཏ་ཏྲ་ཏི་མ་ཏ་ཞེས་བྱ་བ་བརྒྱ་རྩ་བརྒྱད་ཟློས་ཤིང་གཡོན ་པའི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་ལ། དཀྱིལ་འཁོར་གྱི་གྲཝ་བཞིར་རྡོ་རྗེས་བརྡུང་བར་བྱ་བའམ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བླངས་ལ། ལག་པ་གཡས་རྡོ་རྩེ་གསུམ་པ་ལྟར་བུར་བྱས་པས་དབང་ལྡན་གྱི་ཕྱོགས ་ནས་བརྩམས་ཏེ། དཀྱིལ་འཁོར་གྲཝ་བཞིར་ཛཱ་སྐད་དུ་བཤད་པའི་ཕུར་བུ་བཞི་སྔགས་འདིས་བསྐྱུད་བཅིང་བརྡུང་བར་བྱའོ།། ཨོཾ་གྷཱཿགྷཿགྷཱ་ཏ་ཡ་གྷ་ཏཱ་ཡཱ་སརྦ་དུཥྚཱཾ་ཕཊ། ཀཱ་ལ་ཡ་ཀཱི་ལ་ཡ་སརྦོ་པཱ་བཾ་ཕཊ། བཛྲ་ཀཱི་ལ་ཡ་བཛྲ ་དྷུ་རོ། ཨཱ་ཛྙཱ་བ་ཡ་ཏི་སྭཱཏྨ། ཡང་ནི་ཨོཾ་བཛྲ་ཀཱི་ལ་ཡ~ཾ་སརྦ་བི.ཽཾ་ཧཱུ~ཾ་ཕཊ། ཅེས་བྱེ་བ་ཕུར་ཐུ་ཞི་མི་ཡོངསུ་བཟླས་ལ་འོང་ཉིད་ཟློས་མཽང་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་གཡས་པའི་འབར་བའི་རྡོ་རྗེས་བརྡུངས ་དཀྱིལ་འཁོར་གྲཝ་བཞིར་གདབ་པར་བྱའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་གསལ་བ་དང་། ར་བ་དང་དྲ་བ་ཡང་བྱས་ལ། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་གྱི་སྒོ་བཅད་དེ། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཨོཾ་ཧཱུཾ་ཞེས་བྱ་བའི་སྔགས ་དང་བཅས་པས་ལྷ་རྣམས་དང་། བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་པ་ནས། རྡོ་རྗེ་གནོད་སྦྱིན་བཟླས་པའི་བུམ་པས་བསྲུང་གཏོར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་ཁང་པའི་སྒོར་བཞག་ལ། རྡོ་རྗེ་གནོད་སྦྱིན་ཟློས་ཤིང ་བདག་ཉིད་དམ། གྲོགས་དང་བཅས་པས་དཀྱིལ་འཁོར་གྱི་ཤྭར་ནས་བརྩམས་ཏེ་བྱུག་པར་བྱའོ།། དེ་ནས་སློབ་དཔོན་གྱི་བདག་པོ་ལྔའི་གན་སུ་ཙ་ནཽ་དན་དང་གུར་ཀུམ་ལ་སོགས་པས་དཀྱིལ་འཁོར་གྲུ་བཞི་པ་བྱ། ལྷ་ལྷག་མ ་རྣམས་ཀྱི་གནསུ་ནི་དཀྱིལ་འཁོར་ཟླུམ་པོར་བྱ་ཞིང་རང་རང་གི་སྔགས་ལན་བདུན་བདུན་བཟླས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་ཡིད་ཀྱིས་དཀྱིལ་འཁོར་ཐམས་ཅད་ཡོངསུ་བརྟག་པ་བྱས་ནས། ནམ ་མཁའི་ཕྱོགས་ནས་དེ་བཞིན་གཤེགས་པོ་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་གུར་ཀུམ་ལ་སོགས་པའི་ཐིག་ལེ་དེ་རྣམསུ་རྣམ་པར་སྣང་མཛད་ལ་སོགས་པའི་རང་རང ་གི་སྔགས་ཀྱི་བཞུགསུ་གསོལ་ལ་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་པར་བྱའོ།། དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་ཉེ་རེག་བྱས་ནས། མཆོད་ཡོན་ལ་མཆོད་ཡོན་གྱི་ཕྱག་རྒྱ་དང་ཡི་གེ་ཧཱུཾ་བརྒྱ་རྩ་བརྒྱད ་བཟླས་ནས། ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པའི་བུམ་པར་སྤྲོས་ཆུ་ཅུང་ཟད་བཅུག་ལ། ཧཱུཾ་ལས་རྡོ་རྗེ་གནོད་སྦྱིན་བསྐྱེད་དེ། རང་གི་ཕྱག་རྒྱ་བཞིས། རྒྱས་བཏབ་ལ། དབང་བསྒྱུར་བའི་ཕྱག་རྒྱས་དབ་བསྐུར་ནས། མཆོད ་ཡོན་ཕུལ་ལ་མཆོང་བ་རྣམ་པ་ལྔ་དང་། སྒེག་མོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་ནས།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱུས་ཡོངསུ་གཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ལྐོག་མ་ལས། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས ་བརྒྱ་རྩ་བརྒྱད་བཟླས་ནས་མེ་ཏོག་སིལ་མ་གཏོར་ཞིང་སྤོས་ཀྱང་གཏུལ་བར་བྱའོ།། དེ་བཞིན་དུ་རྡོ་རྗེ་མེ་དང་རྡོ་རྗེ་ཧཱུཾ་མཛད་གཉིས་ཡོངསུ་བཟླས་པའི་བདུག་སྤོས་དབུལ་བར་བྱ་ཞིང་དཀྱིལ་འཁོར་གྱི་ཞག་ནི་ཐུན་གསུམ་དུ་བཟླའོ།། ་དེ་ནས་ཧཱུཾ་མཛད་ཀྱི་སྤྱན་སྔར་གཞག་པར་བྱའོ།། བུམ་པ་ལྷག་མར་གནས་པའི་ཆོ་གའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་དང་། རྡོ་རྗེ་ཧཱུཾ་མཛད་དང་མཱ་མ་ཀཱི་ལ་རེ་རེ་ཞིང་མར་ལ་སོགས་པའི་རྫས་ལས་བརྒྱ་རྩ་བརྒྱད་དབུལ ་བར་བྱའོ།། ལྷག་པར་གནས་པའི་སྦྱིན་སྲེག་གི་ཆོ་གའོ།། དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། སྒེག་མོ་ལ་སོགས་པ་བརྒྱད་དང་། མེ་ཏོག་ལ་སོགས་པས་ཀྱང་ཡང ་དག་པར་མཆོད་ལ། ཕྱག་བྱས་ནས་མཆོད་ཡོན་ཕུལ་ལ་སློབ་མ་ལྷག་པར་གནས་པར་བྱའོ།། དེ་ལ་རེ་ཤིག་དང་པོར་ལེགས་པར་ཁྲུས་བྱས་ལ། གོས་གཙང་མ་བགོས་ཤིང་ལག་པར་མེ་ཏོག་ཐོགས་པའི་སློབ་མས ་སློབ་དཔོན་ལ་ཕྱུག་བྱས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ།། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ།། བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚའོ།། ་དམ་ཚིག་དེ་ཉིད་སྩལ་དུ་གསོལ།། བྱང་ཆུབ་སེམས་ཀྱང་སྩལ་དུ་གསོལ།། སངས་རྒྱ་སོ་ཆོས་དང་དགེ་འདུན་ཏེ། སྐྱབས་གསུམ་དག་ཀྱང་སྩལ་དུ་གསོལ།། ཐར་པ་ཆེན་པོའི་གྲོང་མ་ཆོག་ཏུ།། མགོན་པོ་བདག་ནི་འཇུག ་པར་གྱིས།། དེ་ནས་སློབ་དཔོན་གྱིས་སློབ་མོའི་སྙིང་གར་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ། འཁུ་ཚུར་གཡས་པས་རྡོ་རྗེ་བཟུང་སྟེ། སྙིང་པོ་དེའི་སྙིང་གར་གཞག་པར་བྱའོ།། སུ་ར་ཏ་ས་མུ་ཡ་སྟྭཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁ་ཞེས་བྱ་བ་བརྗོད ་ནས་དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་གཞུག་པར་བྱཾ་སྟེ། རྟོག་པཱ་མི་ལུས་ལེགས་པར་བསྡུས་ནས་ནི།། ཤིན་ཏུ་བསམ་པ་བཟང་པོས་ལྡན་པས་གསོན།། བརྗོད་ངས་བློ་ལ་རྡོ་རྗེ་ལ་སོགས་པོའི།། བདེ ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་བརློབ།། དབོང་མེད་བདག་གིསཽ་མི་དགེ་བགྱིས་པ་དང་།། རྗེ་སུ་ཡ་རང་ཡང་ན་བགྱིད་སྩལ་གང་།། དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི།། སྤྱན་སྔར་མ་ལུས་སོ་སོར་བཤགས ་པར་བགྱི།། བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་།། རྒྱ་ཆེན་འགྲོ་བ་མ་ལུས་པ་ཡི་དན།། སྒྲུབ་པར་བྱེད་དང་དེ་ལས་གཞན་པ་ལའང་།། རྟག་ཏུ་བདག་ནི་རྗེ་སུ་ཡི་རང་ངོ་།། ཐུགས་རྗེས་ཁྱབ་པའི་ཐུབ་དང་། ་ལྡན་གྱུར་ཅིང་།། བློ་གྲོས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ།། མ་ལུས་རིགས་ཀྱི་པདྨའི་ནང་བཞུགས་པ།། བདེ་བར་གཤེགས་པ་རྣམས་ལ་སྐྱབསུ་མཆི།། བློ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ།། དམན་པའི་འཇིགས་པ ་པ་ཉིད་ཀྱི་རྒྱལ་བྱེད་ཚལ།། སྲིད་པའི་འབྱོར་པ་ཟིལ་གྱི་གནོན་པའི་མཆོག། གསུང་མཆོག་ཆོས་ལ་བདག་ནི་སྐྱབསུ་མཆི།། འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ་ཞིང་།། བློ་གྲོས་རྣམས་རྒྱས་ཐུགས་རྗེ་ཆེར་ལྡན་པའི།། ་བརྟུལ་ཞུགས་བཟང་པོའི་ཚོགས་ལ་སྐྱབསུ་མཆི།། སྲིད་དང་བྲལ་བ་རྣམས་ལ་བདག་ཕྲགུ་260། རྒྱུ་ཡི་རྗེས་ལྀ་བདག་པོའི་ཡུལ་བདག་ཉིད།། འབྲས་བུའི་སྟོབས་ཀྱིས་དགུ་ལས་རྒྱལ་གྱུར་པ།། སྙིང་རྗེའི་རྩ་བ་ཟུག་ཅིང་ཡང་དག ་རྟོགས།། མཉམ་མེད་བྱང་ཆུབ་རྣམ་གསུམ་གཟུང་བར་བགྱི།། སེམས་ཅན་རྣམས་ནི་ཡོངསུ་སྨིན་པ་འམ།། ཡང་ན་ཡོངསུ་བསྐྱབ་པར་བྱ་ཕྱིར་རམ།། རང་གི་སེམས་ནི་དག་པོར་བྱ་བའི་ཕྱིར།། འདི་དག་ཐམས་ཅད་རྩཝ་སོགས ་བཞིན་དུ་གཏང་།། དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་།། བསམ་གཏན་ཤེས་རབ་བླ་ན་མེད་པ་ནི།། བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར།། སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བགྱི།། བདེ་བར་གཤེགས ་པའི་སྔགས་ལ་མཁས་པ་ཡི།། ཆོས་རྒྱལ་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི།། འགྲོ་བ་འདི་ཡིས་ཐོབ་པར་བྱ་བའི་ཕྱིར།། ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི་ཞེས་བྱ་བ་ལན་གསུམ་བརྗོད་དོ།། བདག་གིས་དེ་སྐད ་ཅེས་བརྗོད་པའི་དགེ་བའི་རྩ་བ་འདིས། བདག་གི་ཐམས་ཅད་ཡོངསུ་བཏང་བར་བགྱིའོ།། བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱི།། བདག་གིས་སེམས་ཅན་ཐམས་ཅད་ཐེག་པ ་ཐམས་ཅད་དང་། ཐབས་ཀྱི་བྱེ་བྲག་ཐམས་ཅད་ཀྱིས་བཏུལ་ནས། མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་གཞག་པར་བགྱིའོ།། བདག་གིས་སེམས་ཅན་ཐམས་ཅད་ཡོངསུ་མྱ་དྲན་ལས་འདས་པར་གྱུར་ཀྱང ་སེམས་ཅན་འགའ་ཡང་མྱ་ངོན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བགྱིའོ།། བདག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པ་ཉིད་དུ་རྗེ་སུ་རྟོགས་པར་བགྱིའོ།། བདག་གིས་མ་ཡེངས་པའི་སེམས་དང་། ཐམས་ཅད ་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བགྱིའོ།། བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ།། བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ ་བདུན་ལ་གནས་པའི་སོ་སོར་རྟོགས་པར་བྱ་བའི་ཕྱིར་བསླབ་པར་བགྱིའོ།། བདག་གིས་སྟོབས་བཅུ་དང་། མི་འཇིགས་པ་དང་། སོ་སོར་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས ་བར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ།། དེ་བཞིན་དུ་བདག་གི་སངས་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པོར་བསྒྲུབ་པར་བགྱིའོ།། འདི་ཉིད་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང་། དེ་བཞིན་གཤེགས་པ་ཐོད ་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་ནི་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའོ།། དེའི་དགེ་བའི་རྩ་བ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་རྫོགས་པའི་སྟོབས་ཀྱིས་བདག་སེམས་བསྐྱེད་པ་འདི་ལ་གནས་པས་ཀུན་ཏུ་བཟང་པོ ་སྤྱོད་པ་ཞེས་བྱ་བ་སྒོ་མཐའ་ཡས་པ་ལ་གནས་པ་མཐའ་མེད་པར་གྱུར་པ། རྫོགས་པར་བྱས་ནས་གདུལ་བྱའི་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་སྒོ་མང་པོ་བསྟོན་པས་ཡང་དག་པར་མགུ་བར་བྱ་བ་དང་། ་ཡོང་དག་པར་དགའ་བར་བྱ་བ་དང་། ཡང་དག་པར་གཟེངས་བསྟོད་པ་ལ་ངེས་པར་བགྱིའོ།། སྡོམ་པ་དྲོན་དུ་གཉེར་བ་ལ་བསླབ་པའི་གཞི་ལྔ་འཛིན་དུ་གཞུག་གོ།། དེ་ནས་སློབ་མའི་ལག་ཏུ་རྡོ་རྗེ་དྲིས་དྲི། མེ་ཏོག་གིས་མེ་ཏོག་སྦྱིན ་ཞིང་། བདུག་པས་ཀྱང་སློབ་མ་ཡང་དག་པར་བདུགས་ལ། མར་མེ་མས་མར་མེས་སྣང་བར་བྱའོ།། དེ་ནས་ཨུ་དུམ་པ་ར་འམ་ཨ་ཤྭང་ཐའི་སོ་ཤིང་སྤོས་དང་མེ་ཏོག་ལ་སོགས་པ་དང་ལྡན་པ་ལ་ཁྲོ་བོ་རྡོ་རྗེ་བཞུད་པ་བཟླས་པ ་དང་། ཀུ་ཤ་སར་པ་མ་ཉམས་པ་ལ་ཁྲོ་བོ་རྡོ་རྗེ་རྣོན་པོ་བཟླས་ལ་དེ་ལ་སྦྱིན་པར་བྱའོ།། དེ་ནས་ཁྲོ་བོ་རྡོ་རྗེ་བསྲུང་བ་བཟླས་པའི་སྲུང་སྐུད་མདུད་པ་གསུམ་དང་ལྡན་པ། དེའི་དཔུང་པ་གཡོན་པར་བདག་ཉིད་ཀྱིས་བཅིང་བར་བྱ་ཞིང ་རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱིས་ཡང་དག་པར་བསྲུང་བ་དང་། བྱམས་པའི་གོ་ཆ་བསྐོན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བཞིན་བཟངས་ལོངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱོས་ཤིག ་དང་པོར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུརོ།། དེ་ནས་ཉི་མ་འཆར་ཀོའི་དུས་སུ་ལྷོ་ཐམས་ཅད་དེ་བཞིན་དུ་བར་སྣང་ལ་གཞག་སྟེ། དཀྱིལ་འཁོར་གྱི་གནས་སྤོས་ཆུས་བྱུགས་ལ་མེ་ཏོག་ལ་སོགས་པས་ཀྱང་མཛེས་པར་བྱས ་ནས། ཚོན་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོ་དྲི་ཞོམ་པོས་བགོས་པས་སྲད་བུ་སོ་སོར་ཁ་སྦྱར་ལ་གོ་རིམས་འདི་ཉིད་ཀྱིས་གཞག་ནས། ཧཱུ~ཾ་ཏེ་ཧྲི་ཨ་ཨཱ་ཞེས་བྱ་བའི་རང་གི་ས་བོན་འདི་ལས ་བྱུང་བའི་ཐིག་གི་འོད་ཟེར་གྱིས་མི་བསྐྱོད་པ་ལ་སོགས་པ་རང་རང་གི་ཕྱོགས་ན་བཞུགས་པར་ཡང་དག་པར་བཏང་བ་དང་། འབར་བའི་ལྕགས་ཀྱུས་དྲངས་ཏེ་རང་གི་ལག་ན་གནས་པའི་སྲད་བུ་ལེགས་པར་དགང་བར་བྱ་ཞིང ་ཨི་ཨ་ནྱོ་ནྱ་ཨ་ནུ་གྲ་ཏཱ་སརྦ་དྷརྨཱཿཔ་ར་སྥོ་ར་ཨ་ནུ་པྲ་བིཥྚི་སརྦ་དྷརྨྨཿ་ཏྱན་ཏ་ཨ་ནུ་པཾ་བིཥྚ་སརྦ་དྷརྨཱ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བྱའོ།། དེ་ནས་སྲད་བུ་དེ་ཙན་དན་བཟང་པོ་ལ་སོགས་པས་བྱུགས་པའི་གསེར་གྱི་སྣོད་ལ་སོགས ་པར་བཞག་ལ། མེ་ཏོག་གིས་མཆོད་དེ་རྡོ་རྗེ་བསྡམས་པས་བཟུང་ལ། ཐིག་གདབ་པའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། དེ་ནས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བདག་པོ་རྣམས་ཀྱི་སྔགས་ཀྱང་བརྒྱ་རྩ་བརྒྱད་པ་ཟླ་བར་བྱའོ།། ་དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ལ་ཕྱག་བྱས་ནས་ལང་སཱུ་ཏེ་ཡིད་ཀྱིས་རྣམ་པར་སྣང་མཛད་དུ་གྱུར་ནས་ཕྱུག་ན་རྡོ་རྗེའི་ཐུགས་ཀ་ནས་རྡོ་རྗེའི་གྲགས་ཧཱུཾ་ཞེས་བྱ་བ་འདས་ཁྲོ་བོའི་རྡོ་རྗེ་ལས་ཀྱི་གཟུགསུ་བྱུང་བར ་བྱའོ།། ཡང་དེ་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་པ་ལ་མིག་གཡས་པ་དང་གཡོན་གཉིསུ་ཡི་གེ་ཛ་ལས་ཟླ་བ་དང་ཉི་མ་སྱེར་པོ་སྣང་བ་བསྐྱེད་ལ་ཛ་ཞེས་བྱ་བས། སྒྲུབ་པའི་གྲོགས་མཆོག་གི་ལྷག་ཏུ་སྲད་བུ་དེ་བཏང་ལ། སྲད་བུ་དང་པོར ་གཡོན་པའི་ཁུ་ཚུར་གྱི་བཟུང་ལ་ཕྱིས་ནི་ཅི་བདེར་བྱ་ཞིང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསམ་མོ།། ཕྱོགས་ཀུན་མཉམ་པ་ཉིད་དམིགས་ལ། མཁས་པས་དཀྱིལ་འཁོར་ཐིག་གདབ་སྟེ། ཤར་དང་ནུབ་དང་བྱང་དང་ལྷོར ་ཐིག་བཞི་བཏབ་པས་དཀྱིལ་འཁོར་བརྒྱད། ཨོཾ་བོཛྲ་སཱུ་ཏྲོ་མ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་འདི་དང་། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་སེམས་ཅན་གྱི་དོན་གྱི་ཕྱིར་འདིར་གཤེགས་སུ ་གསོལ་ཞེས་བསྐུལ་བར་བྱའོ།། གྲུ་བཞིར་བྱ་ཞིང་སྒོ་བཞིར་གླདོང་།། རྟ་བབས་བཞིར་ཀྱང་རབ་ཏུ་བརྒྱན།། སྲད་བུ་བཞི་དང་ལྡན་པ་སྟེ།། དར་དང་ཕྲེང་བས་ཤིན་ཏུ་བརྒྱན།། ཟླ་བ་ཕྱེད་པར་རབ་གནས་པོའི།། ཁྱམས་ཀྱིས་ཡོངསུ ་བསྐོར་བ་དང་།། དྲི་བ་དྲ་ཕྱེང་དག་གིས་སྤྲསོ།། སྒོ་རྣམས་དང་ནི་རྒྱན་ཆ་ཅན།། རླུང་གིས་སྐྱོད་པ་སྣ་ཚོགས་མཆོག། བ་དན་དྲིལ་བུ་སྒྲ་སྒྲོགས་པ།། ཁྱམས་ནི་མེད་པར་གྱུར་པའི་སྒོ།། མེ་ཏོག་ཆུན་འཕྱང་བརྒྱན་གྱིས་བསྐོར།། ་འཁོར་ཀུན་གྱི་སྒྲ་རྣམས་དང་།། སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ།། རྡོ་རྗེ་རིན་ཆེན་བརྒྱན་པར་ནི།། དཀྱིལ་འཁོར་ཕྱི་རིམས་སྲང་བུ་བྲེ།། ཤེས་རབ་ཅན་གྱི་དེ་ནང་དུ།། རྡོ་རྗེ་རིན་ཆེན་གྱིས་བརྒྱན་ཏེ།། གྲུ་བཞི་པ་ལ ་སྒོ་བཞི་པ།། ཀ་བ་བརྒྱད་དང་རྟ་བབས་བཅས།། རྡོ་རྗེ་ཀ་བའི་ནང་ལོགསུ།། དཀྱིལ་འཁོར་ལྔ་ཡིས་བརྒྱན་པ་སྟེ།། དེ་ལྟར་དཀྱིལ་འཁོར་སང་བུ་བེ།། སྲད་བུ་བྲེས་པས་ཚོན་གྱིས་གང་།། ལྷག་མ་ནི་ཕྱིའི་དཀྱིལ་འཁོར་ཡིན། ་པར་བལྟའོ།། གལ་ཏོ་བགེགས་བཟློག་པར་བྱེད་འདོད་པར་གྱུར་ནས་སོང་ལྡེང་གི་ཕུར་བུ་སྟོང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ལ། སླང་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་ལ་སྔ་མ་བཞིན་དུ་རྡོ་རྗེ་ཕུར་བུའི་སྔགས་བཟླས་ཏེ། དཀྱིལ་འཁོར་ལྟེ་བར ་རྡོ་རྗེས་བརྡུང་བར་བྱའོ།། ཡང་དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུ་བསྟན་པའི་ཕུར་བུ་དང་འདྲ་བའི་ཕུར་བུ་གཞན་དག་ལ་ཕུར་བུའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པས་གོ་རིམས་འདི་བཞིན་དུ་བགེགས་ཐམས་ཅད ་ལ་ཕུར་བུས་གདབ་པར་བྱའོ།། ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་གྱི་ལྟེ་བ་ལ་བཏགས་པའི་སླད་བུས་བསྐོར་ཕྱོགསུ། ཕྱིའི་དཀྱིལ་འཁོར་ཟླུམ་པོ་དང་འོད་ཀྱི་དཀྱིལ་འཁོར་ཐིག་གདབ་པའི་ཡང་ཕྱི་རོལ་ཏུ། དེ ་བཞིན་དུ་འཁོར་ཡུག་ཆེན་པོ་ཟླུམ་པོར་ཐིག་ལེགས་པར་གདབ་པར་བྱའོ།། འོད་ཀྱི་དཀྱིལ་འཁོར་དེར་གྲོག་མཁར་གྱི་སཽ་ལ་སོགས་པའི་བགེགས་ཀྱི་གཟུགས་བརྙན་བྱས་ནས་བརྒྱ་བྱིན་གྱི་གཟུགས་བརྙན་རང ་གི་ཕྱོགས་ན་གནས་པ་ལ་ཨི་ལས་བརྒྱ་བྱིན་སེར་པོའོ།། མེ་ལ་སོགས་པའི་གཟུགས་བརྟན་ལའང་དེ་བཞིན་ཏེ། རཾ་ལས་མེ་ལྷ་དམར་པོ། ཨོཾ་ཧཾ་ལས་གཤིན་རྗེ་ནག་པོ། ཀྲྀ་ལས་སྲིན་པོ་ནག་པོ། བཾ་ལས་ཆུ་ལྷ་དཀར་པོ། ་ལས་རླུང་ལྷ་དུད་ཀ། ཕཊ་ལས་ལུས་དྲན་པོ་སེར་པོ། སུ་བྷཱ་ལས་དབང་ལྡན་དཀར་པོ་བསྐྱེད་ལ་འདོད་པའི་རྒྱལ་པོས་བཀུག་སྟེ། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས ་ཕུར་བུས་གདབ་པོ།། ཤིན་དུ་ཡུན་རིང་དུ་བགེགས་མེད་པར་འདོད་ནི་སས་དག་པ་པོར་བྱའོ།། དེ་ལྟར་ན་ཡང་གལ་ཏེ་བགེགས་བྱེད་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ་འདོད་པའི་རྒྱལ་པོས་བཀུག་ནས། རྡོ་རྗེ་ལྕགས་ཀྱུ་ལ ་སོགས་པས་ཀྱང་དགུག་པ་ལ་སོགས་པ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། རྐང་པ་གཡོན་པས་བགེགས་ཀྱི་གཟུགས་བརྙན་མནན་ཏེ། ཧཱུཾ་བཾ་ཧཱུ~ཾ་ཞེས་བྱ་བ་ལ་སོགས་པ་སྤེལ་བའི་ཚུལ་གྱིས་ཟློས་གཡོན ་བརྐྱང་བའི་གནས་པས་གནས་ན། དེ་ལྟ་བུས་བགེགས་བཅོམ་པར་འགྱུརརོ།། ཡང་ན་སྟོང་པ་ཉིད་ཀྱི་ཏིང་འཛིན་མངོན་དུ་བྱ་བའི་རྗེས་ཐོགས་ལ། ཨཱ་ལ་སཱི་རྣམ་པར་སྣོང་མཛད་དུ་གྱུར་ནས། རྒྱུད་ལས་གསུངས་པའི་རྣམ ་པར་སྣང་མཛད་ཀྱི་སྐུར་ངེས་པར་བསམས་ལ། རང་གི་སྙིང་ནས་ཧཾ་ལས་འཕགས་པ་མ་གཡོ་བ་ཡིད་ཀྱིས་ཕྱུང་སྟེ། བཛྲ་ཧ~ཾ་བནྡྷ་ཞེས་ཡིད་ལ་ཟློས་ཤིང་། ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་རླུང་གི་མཚམ་སུ་དྲིས་ཐིག་ལེ ་བདུན་བྱས་ཏེ། ཐིག་ལེ་རེ་རེ་ཞིང་ཡང་ནང་དུ་ཆུད་པར་བྱས་ལ། དབུས་མ་དང་ཐིག་ལེ་བདུན་དང་ལྡན་པར་བྱའོ།། ཐིག་ལེ་བདུན་པོ་དེ་དག་ཀྱང་རླུང་ལྷ་བདུན་པོ་མདོག་ནག་པོ་རི་དགས་ལ་ཞོན་པར་བསམས་ལ། ་འཕགས་པ་མི་གཡོ་བས་བཀུག་ནས་ཞགས་པས་བཅིངས་པར་གྱུར་པར་བསམ་མོ།། དེ་རྣམས་ཀྱི་དབུས་ཀྱི་དབུས་མ་གཅིག་ནི་གཙོ་བོ་ཡིན་ལ། ལྷག་མ་རླུང་ལ་དྲུག་ནི་དེ་འཁོར་དུ་ཀུན་ནས་གནས་པ་ཡིན་ནོ།། དེ་ནས་ཁམ་པོར་ཨ ་ལས་རི་རབ་ཏུ་བསམས་ལ། དེའི་སྟེང་དུ་ཨ་ཉིད་ལས་དབང་ཆེན་གྱི་དཀྱིལ་འཁོར་ཐམས་ཅད་དུ་རྡོ་རྗེས་གཡོགས་བྱ། དབུས་སུ་ཡི་གེ་ཧཱུཾ་གི་ས་བོན་ལྷས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ། མཚམས་རྣམསུ་མདུང་རྩེ་རྣམ་པར་བསམས་ལ། དེ ་བཞིན་དུ་བཛྲ་ཧཾ་བྷནྡྷ་ཞེས་ཟློས་ཤིང་ཁཾ་བོར་དེས་ཇི་སྐད་བཤད་པའི་ཡི་གེ་ཡཾ་བདུན་པོ་དགབ་པར་བྱའོ།། དེ་ནས་ཁཾ་ཕོར་དང་རི་རབ་ཀྱི་སྟེང་དུ་ཡི་གེ་ཨོཾ་ལས་སྔར་བཤད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསམས་ལ། ་འཕགས་པ་མི་གཡོ་བ་ཡང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཡོན་བརྐྱང་བའི་གནས་པས་རཱི་རབ་བཟུང་ནས་རལ་གྲི་དང་ཞགས་པས་རླུང་ལྷ་རྣམས་ལ་བསྡིགས་པར་བསམས་པར་བྱ་སྟེ། དེ་ལྟ་བུས་ནི་རླུང་ཐམས་ཅད་བཅིང ་བ་བྱས་པར་འགྱུར་རོ།། དེ་ནས་ཆུ་ལ་སོགས་པའི་བགེགས་བཟློག་པ་བཤད་པར་བྱ་སྟེ། ཡི་གེ་ཧཾ་ལས་འཕགས་པ་མི་གཡོ་བ་རླུང་དང་མོའི་དཀྱིལ་འཁོརེ་ལ་གནས་པར་བདག་ཉིད་བསྐྱེད་ལ། གྲོག་མཁར་གྱིས་འམ། ལྕིག ་ས་ལ་མ་ལྷུང་བ་ལས་བགེགས་ཀྱི་གཟུགས་བརྙན་བྱས་ནས། ཡི་གེ་ཁ་ལས་རལ་གྲི་དང་། ར་ལས་ནང་ན་མེ་ཡོད་པར་བསྐྱེད་ཅིང་། ཀྵ་ལས་ཞགས་པ་དང་ལྕགས་ཀྱུ་བསྐྱེད་དེ། ལག་པ་གཡོན་པས་བཟུང་ལ། ལག་པ་གཡས་པ་ས ་རལ་གྲི་དང་ཞགས་པས་དྲངས་ནས་བགེགས་ཀྱི་གཟུགས་བརྙན་གྱི་ནང་དུ་བཅུག་སྟེ། གཡོན་བརྐྱང་བའི་གནས་པས་གནས་ལ། རྐང་པ་གཡོན་པས་སྤྱི་བོ་ནས་བཙི་རི་ནས། ན་མཿས་མནྟ་བཛྲ་ཎཱཾ་ཙཎྜ་སྟེ། རྡོ་རྗེའི་ཕྱག་རྒྱ་གཉིས ་ལས་ནི།། མཛུབ་མོའི་རྩེ་མོ་མཉམ་སྦྱར་བ།། བྱས་ནས་ཆེན་རྩི་ཐམས་ཅད་ནི།། འབར་བའི་ལྟ་བས་དགུག་པར་བྱའོ།། ཧི་ཞེས་བྱ་བ་དང་རྡོ་རྗེ་ཉི་མའི་དམ་ཚིག་གི་ཕྱག་རྒྱ་མཐར་སྦར་བར་བྱའོ།། དེ་ལ་འབར་བའི་ལྟ་བ་ནི་འདི་ཡིན་ཏེ།། ་རབ་ཏུ་འབར་བར་མིག་བསྐུལ་ཞིང་།། མིག་གི་རྫི་མ་འགུགས་བྱེད་པ།། ལྟ་བ་གཟི་ཅན་ཡིན་པར་བཤང་།། འགྲོ་བ་ཐམས་ཅད་འགུགས་བྱེད་པ།། དཱི་པ་ཏཱ་དྲྀཥྚ་ཨཾ་ཀུ་ཤ་ཛཿཞེས་བྱ་བ་འདི་ཡང་མིག་ཏུ་དགོད་དོ།། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། ་ཞེས་ཟློས་ཤིང་གཡོན་པའི་ཁུ་ཚུར་གྱི་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ་གཡས་ནས་བསྐོར་བས་ཚོན་རྩི་དགྱེ་བར་བྱ་སྟེ། ཕྱིས་ཙོ་བདེ་བར་བྱའོ།། དེ་ལ་རིམ་པ་ནི་འདི་ཡིན་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང ་གུ་དང་། དཀར་པོའོ།། དེ་ཡང་སྔོན་པོ་རྡོ་རྗེ་རྩེའི་རང་བཞིན་ནི།། གཉིས་པ་གསེར་ལ་དམིགས་པ་སྟེ།། པདྨ་རཱ་གའི་རང་བཞིན་གཞན།། དེ་བཞིན་གཞན་དག་མར་གཊ་འདྲ།། དཀར་པོ་ནང་དུ་ཤེས་པར་བྱ།། འདི་ནི་ཚོན་གྱི་རིམ་བླ ་བཤད།། ཅེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུང་སོ།། ཤར་ཕྱོགས་སུ་ནི་སྔོན་པོ་སྟེ།། ལྷོར་ནཱི་སེར་པོ་དང་ལྡན་པ།། ནུབ་ཀྱི་ཆ་ནི་དམར་པོ་སྟེ།། བྱུང་ན་ལྗང་གུ་ཡང་དག་ལྡན།། དབུས་ཀྱི་ས་ཡི་ཆ་ཉིད་ནི། ་ཤེལ་ལྟར་སྣང་བ་བླ་ན་མེད།། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་།། རབ་མཉམ་གཞག་པས་བྲི་བར་བྱའོ།། ཡང་ན་སྔ་མ་བཞིན་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ལས་བྱས་ནསོ།། གསེར་རམ་དངུལ་ལས་བྱས་པའམ།། ས་ཡང་རུང་སྟེ ་ལེགས་བྲིས་པའི།། ཕ་གུ་གྲུ་བཞིར་བྱས་པ་ལ།། སངས་རྒྱས་གཟུགས་ནི་གཞག་པར་བྱ།། ཨོཾ་བཛྲ་ཛྭཱ་ལ་ཨགྣི་པྲ་དཱི་བ་ཏ་ཨཱ་ཀཪྵ་ཡ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛཿསངས་རྒྱས་སྤྱན་སྔར་རྡོ་རྗེ་ནི།། འབར་བས། ་བསྐོར་བ་གཞག་པར་བྱ།། དེ་བཞིན་རིན་ཆེན་འོད་བསྐོར་བ།། པདྨོ་རྡོ་རྗེ་ཀུན་དེ་བཞིན།། སྙིང་པོ་ནི་འདིས་བྱའོ།། ཨོཾ་བཛྲ་སཏྭ་བཛྲཱི་ཛྭ་ལ་མཱ་ལ་ཧཱུཾ་ཕཊ། ཨོཾ་རཏྣ་བཛྲ་ཛྭ་ལ་མཱ་ལ་ཧཱུཾ་ཏྲཾ། ཨོཾ་དྷརྨ་བཛྲི་ཛྭ་ལ་མཱ་ལཱ་ཧཱུཾ་ཧྲཱིཿོཾ་ཀརྨ་བཛྲ་ཛཱ ་ལམྦྷ་ལ་ཧཱུཾ་ཨཱཿརྡོ་རྗེ་ཤུགས་ཀྱི་བརྒལ་ནས་ནི།། སངས་རྒྱས་སྦྱིན་སྟར་དེ་བཞིན་དུ།། མཁས་པས་ཚོ་གྲཝ་བཞིན་བྲི་བ།། རྡོ་རྗེ་ཧཱུཾ་མཛད་དཀྱིལ་འཁོར་རོ།། དེ་ལ་རྡོ་རྗེ་ཤུགས་ཀྱི་སྙིང་པོ་ནི་འདི་ཡིན་ནོ།། ཨོཾ་བཛྲེ་བེ་གཱ་ཀྲ་མྱ ་ཧཱུཾ་དེ་ནས་འདིའི་ཕྱག་རྒྱ་བཤད་དེ། ཡིད་ཀྱི་རི་མོ་གཏེག་ནས་ནོ།། རྡོ་རྗེ་སྲད་བུ་འམ་གཞན་ཡང་རུང་།། ཕྱིར་བྱུང་ནང་དུ་ཞུགས་ཀྱང་ནི།། དམ་ཚིག་འགལ་བར་དེ་མི་འགྱུར།། དེ་ཡི་དབུས་སུ་སེམས་དཔའ་ཚེ།། ཕྱག་ན་རྡོ་རྗེ ་བྲི་བ་ནི།། ཨུཏྤལ་ཚེ་སྔོ་འཚེར་བའི་མདོག། རྡོ་རྗེ་ཧཱུཾ་མཛད་བསྡུས་པ་ནི།། ཁྲོ་དང་བཅས་པས་འཛུམ་པའི་ཞལ།། གཡོན་བརྐྱང་ཚུལ་དུ་གནས་པ་སྟེ།། འབར་བའི་ཕྲེང་བས་འཁྲིགས་པའི་འོད།། གཡོན་པའི་ཞབས་ཀྱི་མཐིལ ་གྱིས་ནི།། དབང་ཕྱུག་ཆེན་པོ་མནན་པར་བྱ།། གཡས་པའི་ཞབས་ཀྱི་ཨུ་མེ་ཡི།། ནུ་མའི་སྟེང་དུ་གནོན་པ་བཱི།། དེ་ཡི་སྙིང་པོ་འདི་ཡིན་ནོ།། ཧཱུཾ་ཨོཾ་ནི་སུཾ་བྷཱ་བཛྲ་བི་ཏྱོཏ་ཏ་མ་ཧཱུཾ་ཕཊ་ཅེས་བྱ་བ་དང་། ཨོཾ་བཛྲ་ཤཱུ་ལ་ཞེས་བྱ་བའི་སྙིང་པོ ་གཉིས་ནི་ལྷ་ཆེན་པོའོ།། ཨོཾ་ཀྲོ་དྷ་བཛྲ་ཨཱགྣི་དྷཱ་ལ་ཡ་ཏཱི་ཤཱུ་ལཾ་བྷིན་ད་ཡཾ་བཛྲེ་ཎཱ་ཧཱུཾ་ཕཊ། ཅེས་པ་ནི་ཨུ་མའི་འོ།། དེ་ཡི་ཕྱོགས་ནི་ཐམས་ཅད་དུ།། རྡོ་རྗེ་ཁྲོ་བོ་གཞག་པ་ནི།། ཁྲོས་པ་ཚོ་བ་འབྱུང་བ་སྟེ།། འབར་བཞིའི་ཕྲེང་བས་འཁྲིས ་པའི་འོད་།། དེ་ནས་དེ་དག་གི་སྙིང་པོ་ནི་འདི་ཡིན་ནོ།། ཨོཾ་བཛྲཱི་སཏྭ་ཀྲོ་དྷཱ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱ་ཀཪྵ་ཡ་ཧཱུ~ཾ་ཕཊ། ཨོཾ་བཛྲ་ཀཪྻ་ཀྲོ་དྷ་རཱ་གཱ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་དྷུ་ཥི་ཀྲོ་དྷ་སཱ་དྷུ་སཱ་དྷུ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི།། དཀྱིལ་འཁོརྱ ་དམ་པ་གཉིས་པར་ཡང་།། དེརརྱ་ནི་རྡོ་རྗེ་དབང་བསྐུར་བ།། རྡོ་རྗེ་ཁྲོ་བོས་བསྐོར་བ་བྲི།། དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ།། ཏྲཾ་ཨོཾ་བཛྲ་བི་ཤུད་དྷི་ཀྲོ་དྷ་ཧ་ར་ཧ་ར་ཧཱུཾ་ཕཊ། ཨོཾ་བཛྲ་སུཪྵ་མ་ཧཱ་ཛྭ་ལ་མཱ་ལ་ཀྲོ་དྷ་ཛྭ་ལ་ཡ་རྦཾ་ཧཱུཾ་ཕཊ། ཨོཾ ་བཛྲ་ཀྲོ་དྷ་ཀེ་ཏུ་དེ་ཧི་ཧཱུཾ་ཕཊ། ཨོཾ་བཛྲ་ཨེ་ཏ་ཏ་ས་ཧ་ཀྲོ་དྷ་ཧ་ཧ་ཧ་ཧེ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི།། དཀྱིལ་འཁོར་དམ་པ་གསུམ་པ་ཡང་།། རྡོ་རྗེའི་སྡེ་ནི་བྲི་བར་བྱ།། ཁྲོ་བོ་བདག་ཉིད་ཆེན་པོས་བསྐོར།། དེ་ནས་དེ་རྣམས་ཀྱི ་སྙིང་པོ་བཤད།། ཧྲཱིཿོཾ་བཛྲ་དྷརྨ་ཀྲོ་དྷ་བི་ནཱ་ཤ་ཡ་བི་ཤོ་དྷཱ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཏིཥྛ་ཀྲོ་དྷ་ཙྪིན་ད་ཙྪིན་ད་ཧཱུཾ་ཕཊ། ཨོཾ་བཛྲ་ཀེ་ཏུ་ཀྲོ་དྷ་བཱ་བེ་ཤ་པྲ་རེ་ཡ་མཎྜ་ལེ་སརྦ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་བྷཱ་ཥ་བ་ད་བ་ད་ཧཱུཾ་ཕཊ། ་རྡོརྗེ་ཤུགས་ཀྱིས་བརྒལ་ནས་ནི།། དཀྱིལ་འཁོར་དམ་པ་བཞི་པར་ཡང་།། རྡོ་རྗེ་དབབ་པ་བི་བ་ནི།། རྡོ་ཎཱ~ཾ་ཁྲོ་བོའི་ཚོགས་ཀྱིས་བསྐོར།། དེ་ནས་དེ་རྣམས་ཀྱི་སྙིང་པོ་བཤ་།། ཨ་ཨོཾ་བཛྲ་ཀརྨ་ཧཱུཾ་ཕཊ། ཨོཾ་བཛྲ་ཀ་བོ་ཙི་ཀྲོ་དྷ་རཀྵ་རཀྵ་ཧཱུཾ་ཕཊ། ཨོཾ ་བཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་དཱ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མུཥྚི་ས་དྷ་ཡྱ་ས་མ་ཡ་ཧཱུཾ་ཕཊ། དཀྱིལ་འཁོར་གྱི་ནི་གྲུ་རྣམསུ།། རྡོ་རྗེ་དབྱིངས་ཀྱི་ཚུལ་བཞིན་དུ།། ཇི་ལྟར་གོ་རིམས་བཞིན་དུ་ནི།། གསང་བའི་མཆོད་པ་ཀུན་བྲིའོ།། དེ་ནས་དེ་རྣམས་ཀྱི ་སྙིང་པོ་ནི་འདི་ཡིན་ནོ།། ཨོཾ་བཛྲ་ལཱ་སྱེ་རཱ་གཽ་ཡ་ཧཱུ~ཾ་ཕཊ། ཨོཾ་བཛྲཱ་མཱ་ལེ་ཨོཾ་བྷི་ཥིཉྩ་ཧཱུཾ་ཕཊ། ཨོཾ་བཛྲ་གཱི་ཏྭེ་ག་ཏཱ་ཧཱུཾ་ཕཊ། ཨོཾ་བཛྲ་ནཻར་ཏྱེ་བ་ཤཾ་ཀུ་རུ་ཧཱུཾ་ཕཊ། རྡོ་རྗེ་ཤུགས་ཀྱིས་བརྒལྔ་ནས་ནི།། དཀྱིལ་འཁོར་དམ་པའི་ཕྱི་རོལ་ཏུ།། དྭེ ་ཡི་གྲཝ་རྣམས་ཉིད་དུ་ནི།། མཆོད་པའི་ལྷ་མོ་བཞི་རྣམས་གཞག། དེ་ནས་དེ་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ནོ།། ཨོཾ་བཛྲ་དྷཱུ་པ་པཱུ་ཛ་སྥ་ར་ཎ་ས་མ་ལེ་ཧཱུཾ་ཕཊ། ཨོཾ་པུཥྤེ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། ཨོཾ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་སྥ་ར་ཎ་ས་མ་ཡེ ་ཧཱུཾ་ཕཊ། ཨོཾ་བཛྲ་གནྡྷ་པཱུ་ཛ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཕཊ། སྒོ་རྣམས་ཀུན་གྱི་དབུས་སུ་ནི།། ལྕགས་ཀྱུ་ལ་སོགས་བཞག་པར་བྱ།། དཀྱིལ་འཁོར་ཕྱི་རོལ་གནས་རྣམསུ།། ཕྱིའི་རྡོ་རྗེའི་རིགས་རྣམསུ།། དེ་ནས་དེ་དག་གི་སྙིང་པོ་བ ་ཨོཾ་བཛྲ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ། ཨཱ་ཀཪྵ་ཡ་སརྦ་ས་མ་ཡ་ན་ཧཱུཾ་ཛ་ཨོཾ་བཛྲ་མཧཱ་ཀྲོ་དྷ་པྲཱ་བེ་ཤཱ་ཡ་སརྦ་ས་མ་ཡ་ན་ཧཱུཾ་ཧཱུཾ་ཨོཾ་བཛྲ་སྥོ་ཊྚ་མ་ཧཱ་ཀྲོ་དྷ་བནྡྷ་བནྡྷ་སརྦ་ས་མ་ཡ་ན་ཧཱུཾ་ཧཱུཾ་པྲཾ་ཨོཾ་བཛྲ་ཨཱ་བེ་ཤ་ཡ་མཧཱ་ཀྲོ་དྷ་ཨཱ་བེ་ཤ་ཡ་སརྦ་ས་མ་ཡ་ན ་ཧཱུཾ་ཧོ་ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ལ། ཤར་ཕྱོགསུ་བྱམས་པ་དང་། མཐོང་བ་དྲོན་ཡོད་དང་། ངན་སོང་ཐམས་ཅད་སྦྱོང་བ་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་རྡོ་རྗེ་རྩེ་ལྔ་པ་བསྣམས་པ་བྲིའོ།། ་ལྷོ་ཕྱོགསུ་སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བོ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་རིན་པོ་ཆེ་བསྣམས་པར་བྲིའོ།། ནུབ་ཕྱོགསུ་འོད་དཔག་ཏུ་མེད་པ་དང་། ཟླ་བའི་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་པདྨ་བསྣམས ་བའོ།། བྱང་གི་ཆར་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མྱི་ཟད་པ་དང་། སྤོབས་པ་བརྩེགས་པ་དང་། ཀུན་ཏུ་བཟང་པོ་སྣ་ཚོགས་རྡོ་རྗེ་བསྣམས་པའོ།། ཡང་ན་འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་ཞེས ་བྱ་བའི་དེ་བཞིན་གཤེགས་པ་བཞི་པོ་མ་གཏོགས་པ། བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་བཞི་ཡིས་སྟེང་དུ་མ་ཚང་བ་ཤར་ཕྱོགས་ནས་བརྩམས་ཏེ་ཁྱམས་ལ། ཨོཾ་སརྦ་ས་སྐར་པ་རི་ཤུདྡྷ ་དྷརྨ་ཏེ་མ་ཧཱ་ཡ་ན་པ་རི་བཱ་རེ་སྭཱཧཱ། ཞེས་བྱ་བའི་རིག་པ་འདི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ།། ཡང་ཕྱིའི་དཀྱིལ་འཁོར་གྱི་ཁྱམས་ལ་ཕྱོགསུ་སྒྱུ་མའི་རྡོ་རྗེ། རྡོ་རྗེ་དྲིལ་བུ། ཐུབ་པའི་རྡོ་རྗེ་རྡོ་རྗེ་མཚོན་ཆ་ཆུང་མ་དང་བཅས་པ། ་ལྷོར་བདུད་རྩི་འཁྱིལ་པ། རྡོ་རྗེ་འོད། རྡོ་རྗེ་དབྱིག་པ། རྡོ་རྗེ་གསེར་སྨུག་ཆུང་ས་དང་བཅས་པའོ།། ནུབ་ཏུ་རྡོ་རྗེ་གླང་པོ་སྣ། རྡོ་རྗེ་ཕྲེང་བ་རྡོ་རྗེ་དབང་། རྡོ་རྗེ་རྣམ་པར་རྒྱལ་བ། རྡོ་རྗེ་གཏུན་ཤིང་། རྡོ་རྗེ་རླུང་། རྡོ་རྗེ་མེ། རྡོ་རྗེ་འཇིགས ་པ་ཆུང་མ་དང་བཅས་པར་རོ།། བྱང་ཕྱོགསུ་ནི་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་དུས། རྡོ་རྗེ་བགེགས་ཀྱི་གཙོ་བོ།། རྡོ་རྗེ་གླུ་ཆུང་མ་དང་བཅས་པར་བྲི་བར་བྱའོ།། ཁྱབ་འཇུག་ལ་སོགས་པ་དག་ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་པའི་ལྷ ་རྣམས་སྐུའི་ཕྱེད་ཀྱི་ཚད་ཙམ་ཁྱམས་ལ་བརྟེན་པར་བྱའོ།། ཞེས་རྡོ་རྗེ་རྩེ་མོ་ལས་གསུངས་པ་ཡིན་ནོ།། དེ་ནས་རྡོ་རྗེ་གསེར་ལ་སོགས་པ་འད་རྣམས་ཀྱི་སྙིང་པོ་དང་རིག་པ་རྣམས་བཤད།། ཨོཾ་བཛྲ་ཙཀྲ་ཧཱུཾ། ཨོཾ་བཛྲ་ཧེ་མེ་ཚིནྡྷ་ཙཀྲེན ་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་གཱན་ཏེ་ཀོ་ཧཱུ~ཾ། ཨོཾ་བཛྲ་གཽ་མ་ཊཱི་ཤི་གཾ་ཨཱ་པེ་ཤ་ཡ་གཽ་ཏ་ཤ་བ་ཏེ་ན། བཛྲ་པཱ་ཎ་པྲི་ཡེ་བཛྲ་སྱཱ་མ་ཡ་མ་ནུ་སྨ་ར་ར་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ཤཱནྟི་ཛཱི་པ་ཛ་པ་ཨཀྵ་མ་ལ་ཡཱ་སརྦ་ན་མཱ་ར་ཡ་ཤྭནྟ་ཏིཥྛ་ཧཱུཾ་ཕཊ། ཨོཾ་བཛྲ ་ཨཱ་ཡུ་ཛ་ཧཱུཾ་ཕ་ཨོཾ་བཛྲ་མུཥྚི་ཧཱ་ན་ཧ་ནཾ་བཛྲེ་ཎ་བྷིནྡ་བྷིནྡ་པི་ཏ་ཡ་པི་ཏ་ཡ་སརྦ་དུཥྚཱཾ་ཧྲྀ་ད་ཡ་ནི་ཨོཾ་སུཾ་བྷ་ནི་སུ་བྷ་ཧཱུཾ་ཕཊ། ཨོཾ་ཛྭ་ལི་ཏ་དི་བ་ཏ་བཛྲ་ཧཱུཾ། ཨོཾ་ཨ་མྲྀ་ཏེ་སརྦ་དུཥྚཱཾ་གྲིཧྞ་བནྡྷ་ན་ཧ་ཧ་ན་པཱ་ཙ་བི་དྷཱ་ན་ས་ཡ་བྲི་ནཱ་ཤ་ཡཾ་ཚིནྡ་བྷིནྡ་བྷསྨི་ཀུ་རུ ་མུར་ཏ་ན། ཧ་ད་ཡ་བཛྲེ་ཎ་ཡཻ་ཀེ་ཙིཏྟེ་མ་མ་ཨ་མུ་ཀ་སྱ་བྷ་བི་ཎཱ་ཡཾ་ཀ་སྟཾ་ད་མ་ཡ་བི་བ་ཏ་ཀོ་དྷ་བཛྲ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཀན་ཏི་མ་ར་ཡ་སོ་མྱ་དུ་བེ་པྲ་དཱི་པ་ཏ་རཱ་གེ་ན་ཤཱི་གྷྲམ། སྥོ་ཊ་ཡ་ཧྲྀ་ད་ཡཾ་བཛྲ་དྷ་སྔང་དེ་ནེ་མ་ཧཱ་ཛྱང་ནེ་ཀ་རེ་ལི་ཤི་ཏ ་རཤྨ་བཛྲེ་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་དནྟ་ཧཱུཾ་ཕཊ། ཨོཾ་བཛྲ་དནྡྷ་ཨགྣི་གྷཱ་ཏ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཀྲྀ་ཏ་ཧཱུཾ་ཕཊ། ཨོཾ་བཛྲ་མེ་ཁ་ལེ་ཁ་ཎི་ཁ་ཎུ་ཤ་བ་དེ་ན་བ་ཤུ་ཀུ་ཏྲི་ཏྲིཥྛ་མཱ་ར་ཡ་བྷཱ་ཤ་ནི་ཧཱུཾ་ཕཊ། ཨོཾ་བཛྲ་མ་དེ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ལ་ཡེ་ཧཱུཾ་ཆེནྡ་ཨ་སི ་ན་བྷིནྡ་བཛྲེ་ཎ་མཱ་ར་ཡ་ཨུད་མ་ད་ཡ་བི་བ་བཱི་བ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཡཱ་ཧཱུཾ། ཨོཾ་བཛྲ་ཨཱ་ཤན་ནེ་བྷཀྵ་ཡཱ་སརྦ་དུཥྚཱན་བཛྲ་ད་ཤ་ནེ་ཤཀྟི་ད་ར་ཎི་མ་ནུ་ཥ་མ་ནཱ་སཱ་ཨཱ་ཧ་རེ་ཎ། ན་ར་རུ་དྷི་ར་ཨ་བ་ས་པྲི་ཡེ་མཛྙཱ་ས་ནུ་ལེ་བ་ཎཱ་བི་ལ་བི་ཏ་ག་ཏེ ་ཨ་ན་ཡ། སརྦ་དྷ་ན་དྷ་ན་ཧ་རཱ་ཎྱ་སུ་བཪྵ་ཨ་ཏྲི་ནི་སང་ཀྲ་མ་ཡ་བ་ར་ཏེ་བྷཀྵི་ན~ཾ་ཧཱུཾ་ཕཊ། ཨོཾ་བཛྲ་མཱ་དྷཱ་ཧཱུ~ཾ། ཨོཾ་བཛྲ་བ་ཤེ་ཨ་ན་ཡ་བ་ཤཱཾ་ཀུ་རུ་སརྦ་པུ་རུ་ཥ་དྷ་སི་ཀུ་རུ་ཏྲུང་དྷེ་པྲཱ་ས་ད་ཡ་བྱ་ཧ་ར་བྷྱོ།། བྷུ་ཏ་ར་བི་ཛཱི་ཡ་མ་ཀ་རི་བཛྲ་པ་ཏི་ཀ་ཏ་ཎི ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་སི་ཧཱུཾ། ཨོཾ་བཛྲ་བ་སེ་ནི་ཨ་ན་ཡ་སརྦ་བསྟཾ། ཨཎྜ་བ་ན་དཾ། ཏྱུ་པ་ཀཱ་རཎཱ་ཎི་ཤྲཱི་གྷྲཾ་བ་ཤཾ་ཀུར་བི་དཱི་པྲ་ཡཙྪ་ཨ་བི་ཤ་ས་ཏྱཾ་ཀ་ཐ་ཡ། བཛྲེ་ཀཽ་ཤ་དྷ་རི་ཎཱཾ་ཧཱུཾ་ཕཊ། ཨོཾ་མུ་སཽ་ལྀ་ཧཱུཾ་ཕཊ། ཨོཾ་བཛྲ་དྷུ་ཏི་ཨ་ན་ཡ་སརྦ་རྦམ ་མཎྜ་ལཾ་པྲ་བེ་ཤ་ཡ། ཨཱ་བི་ཤཱ་ཡུ་བནྡྷ་ཡ་བྱནྡྷ་ཡ། སརྦྦ་ཀཱ་རཱ་ཎི་མྱེ་ཀུ་ཤྲཱི་གྷྲཾ། ཤི་གྷི་ལ་གྷུ་ལ་གྷུ་ཏྲ་ས་སྭ་མ་རཱ་ཡཻ་ནཱ་ཪྴ་བི་ཎཱ་བཛྲ་ཁ་ཊྭཱཾ་ག་དྷ་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་པ་ཏ་ཧཱུ~ཾ་ཕཊ། ཨོཾ་བཛྲ་བི་ག་བཛྲི་ཎི་གྷུ་གྷུ་གྷུ་ཤ་བ་དེ་ནཱ་མ་ར་ཡ། བི ་ག་ར་བྷི་དྷཱ་ན་ས་ཡ་བཛྲ་པ་ཏ་དྷ་རི་ཧཱུཾ་ཕཊ། ཨོཾ་བཛྲ་ཛྭ་ལ་ནི་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཡ་སརྦ་བཛྲ་ཛྭ་ལ་ཡ་ད་ཧ་ད་ཧ་བྷསྨི་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲ་གྲ་ཧ་ཧཱུཾ། ཨོཾ་བཛྲ་བ་གེ་ཏེ་པྲ་བི་ཀ་ཏ་དཾཥྚ་ཀ་ར་ཡ་བི་ཥ་ན་བག་ཏི་ཤཱི་གྷྲཾ་གྲྀཧྞ་ཨཱ་བེ་ཤ་ཡ ་བྷཀྵ་ཡ་རུ་དྷི་ར་ཎ་བི་བུ་མ་ཧཱ་ཡཀྵ་ཎི་བཛྲ་བ་ཤ་ད་རི་ཎི་ཧཱུཾ་ཕཊ། ཨོཾ་བཛྲ་ཙཱཥྚ་ཧཱུཾ། ཨོཾ་བཛྲ་མུ་ཁ་ཨ་ན་ཡ་བཛྲ་དཥྚི་པ་ཡ་ཎི་ཀེ་པཱ་ཏཱ་ལ་ཎི་བ་སི་ནཱི་ཁཱ་ཁ། ཁཱ་ཧི་ཁཱ་ཧི་སརྦ་མུ་ཁེ། པྲ་བེ་ཤ་ཡ་སྥོ་ཊ་ཡ་མ་མ་ཎཱི་སརྦ་དུཥྚཿ ་ན་བཛྲ་ཎི་སི་ཏ་ཨ་དྷ་རི་ཎི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མ་རཱ་ཎཱ་ཧཱུཾ། ཨོཾ་བཛྲ་ཀཱ་ལི་མ་ཧཱ་པྲེ་ཏ་རུ་པི་ནི་མི་ནུ་ཥ། མཱ་ས་རུ་དྷི་ར་པྲི་ཡེ་ཨཻ་ཧྱེ་ཧི་གྲྀཧྞ་གྲྀཧྞཱ་བ་ཀྲྀ་ཡ་བཛྲ་ཌཱ་ཀི་ནི་བཛྲ་ཤང་ཀ་ལཾ་སརྦ་དྭེ་བཱ་ག་ན་མྱ་ཏི་བྷུ་ཏི་ཧ་ར་ཧ་ར་པྲཱ་ཎ་ཎ། ཨ་མུ་ཀ ་སྱ་ཀ་པཱ་ལ་ཨ་ལཾ་ཀྲི་ཏ་སརྦཾ་ཀ་ཡེ་ཀིཉྩ་ར་ཡ་སི། བཛྲ་ཁཱ་ཊྭཱཾ་ག་དྷ་རཱི་ཎི་པྲེ་ཏ་མ་ནུ་ཥ། ཤ་ནྟི་རཱྀ་ཤྲཱི་གྷྲཾ། པྲ་བེ་ཤྲ་ཡ། བནཱ་དྷ་ཡ་བ་ཤཾ་ཀུ་རུ་མཱ་ར་ཡ་བཛྲ་ར་གྲི་ས་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་བིགྷྣཱཾ་ཧཱུཾ། ཨོཾ་བཛྲ་བྷཱུ་ཏ་ནེ་མ་ནུ་ཥཾ་མན་སརྦ་ས་དུ ་དི་ར་མུ་དྲེ་པུ་རི་ཤི་ཥེ་ཤི་གྷ་ན། ཀ་རེ་ཏཽ་གརྦྷ་ཧཱ་རི་དྷཱ་ཡ་ཧི་ཤྲཱི་གྷྲ~ཾ་ཨི་དོ་ཨ་མུ་སྱ་ཀུ་རུ་བཛྲ་ཤོ་དྷེ་ན~ཾ་ཀ་ཏེ་རི་ཎི་སརྦ་དྷརྨ་ཎི་མེ་ཀུ་རུ་ཀུ་རུ་ཧཱུཾ་ཕཊ། ཨོཾ་བཛྲེ་ཧ་ར་ཎ་ཧཱུ~ཾ། ཨོཾ་བཛྲ་མ་ཀ་རེ་གྲྀ་ས་ཤཱི་གྷྲཾ་པྲ་བི་ཤ་ཡ། པ་ཀྲ་ལཾ་བྷཀྵ་ཡ་བཛྲ ་མ་ཀཱ་ར་དྷ་ནི་ཧཱུཾ་ཕཊ། མེའི་མཚམས་ནས་བརྣམས་ཏེ། སྐོར་ཕྱོགས་སུ་བྷི་མ་དང་། དཔལ་མོ་དང་། དབང་ལྡན་མ་དང་། དཀའ་ཐུབ་ཟློག་མ་ཡང་འདིས་བྲི་བྱར་བྱའོ།། ཨོཾ་སརྦྦ་གྷ་མི་ནི་སརྦ་བྷཀྵཱཾ་སཱ་དྷཱ་ཡ་གུ་ཧྱ་བཛྲཱ་ཎཱི་ཧཱུཾ་ཕཊ། ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཟླ་བའི་མདོག་ཅན་ཞལ་བཞི་པ། རྡོ་རྗེ་སྐྱིལ་མོ་ཀྲུང་དང་། ཕྱག་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་སྔོན་པོ་ཇི་སྐད་བཤད་པའི་ཕྱག་རྒྱས ་རྡོ་རྗེ་དྲིལ་བུ་བསྣམས་པ། ཁྲོ་བོ་རྡོ་རྗེ་སེམས་དཔའ་ཡང་སྐུ་མདོག་སྔོན་པོ།། རྒྱལ་པོ་གསེར་གྱི་མདོག་ཅན།། ཚུགས་པ་དམར་པོ། ལེགས་པ་མརྒ་ཏ་ཀྱི་མདོག་ཅན། རིན་ཆེན་ཧཱུཾ་མཛད་དང་། རིན་ཆེན་གསེར་གྱི་མདོག་ཅན། ཉི ་མ་མདོག་དམིར་པོ། རྒྱལ་མཚན་ན་མཁའི་མདོག་ཙནྡ། བཞད་པ་དཀར་སེར། ཆོས་ཀྱི་ཧཱུཾ་མཛད་དང་། རྡོ་རྗེ་ཆོས་ཀྱང་སྐུ་མདོག་དཀར་དམར། རྣོན་པོ་ནུ་མཁའི་མདོག་ཅན། རྒྱུ་གསེར་གྱི་མདོག་ཅན། སླུ་བཟུངས་ཀྱི་མདོག ་ཅན། ལས་ཀྱི་ཧཱུཾ་མཛད་དང་། ཁྲོ་བོ་ལས་སྣ་ཚོགས་པའི་མདོག་ཅན། སྲུང་བ་གསེར་མདོག། གནོད་སྦྱིན་གནག། ཁུ་ཚུར་སེར། ཁྲོ་བོ་སྒེག་མོ་སྔོན་མོ་ཁྲོ་མོ་ཁུ་ཚུར་གཉིས་ཀྱི་རྡོ་རྗེ་གཉིས་བསྣམས་ཏེ་རྡོ་རྗེ་བསྙེམས་པའི ་ཚུལ་གྱིས་ཆུང་ཟད་འདུད་བ། ཆེ་ལང་བརྡུང་བ་ལ་སོགས་པའི་ལྷ་མོ་བཞིས་བསྐོར་བ། ཕྲེང་བ་མ་སེར་མོ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་ཕྲེང་བ་འཛིན་པ། མན་ཏ་ལི་ཀ་བརྡུང་བའི་ལྷ་མོ་བཞིས་བསྐོར་བྱ། གླུ་མ་མདོག་དམྱུར་སྐྱ ་པི་ཝང་ལེན་པ་ལ་བརྩོན་པས་གནས་པའི་ལྷ་མོ་བཞིས་བསྐོར་བ། གར་མ་སྣ་ཚོགས་པའི་མདོག་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་བསྣམས་ཏེ་གར་བྱེད་པ་ལ་བརྩོན་པ། མུ་ཀུན་ད་ཐོགས་པ་གནས་པའི་སྒོ་མ ་བཞིས་བསྐོར་དེ་གནས་པའོ།། བདུག་པ་མ་མདོག་སྔོ་བ་གཡོན་པའི་ཁྲོ་བོ་ཁུ་ཚུར་སྡིགས་མཛུབ་བསྒྲེང་བ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སྤོས་ཁང་བསྣམས་པ། རུ་དུང་འབུད་པ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་བ། ་མེ་ཏོག་མ་སེར་བ། ཕྱག་གསོན་པ་མེ་ཏོག་གི་སྣོད་ཐོགས་ནས། གཡས་ཀྱི་མེ་ཏོག་གི་ཆར་འབེབས་པ། པ་ཊྚ་ཧ་ཐོགས་པའི་ལྷ་མོ་བཞིས་བསྐོར་ཏེ་ཞུགས་པ། མར་མེ་མ་མདོག་དཀར་དམར། གཡན ་པའི་ཁུ་ཚུར་སྡིགས་མཛུབ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མར་མེའི་སྡོང་བུ་བསྣམས་པ། ཏི་མི་ལ་བརྡུང་བ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་བ། བྱུག་པ་མ་སྣ་ཚོགས་པའི་མདོག་ཅན། ཕྱག་གཡོན་པས་དྲིས ་གང་བའི་དུང་ཆེས་བསྣམས་པ། གཡས་པ་དྲི་འཐོར་བ་དྷ་ཀྵ་བརྡུང་བ་ལ་བརྩོན་པའི་ལྷ་མོ་བཞིས་བསྐོར་པ། ལྕགས་ཀྱུ་སྔོན་པོ། ཞགས་པ་སེར་པོ། ལྕགས་སྒྲོག་དཀར་དམར། དྲིལ་བུ་སྣ་ཚོ་གོས་པའི་མདོག་ཅན། བསྐལ ་པ་བཟང་པོའི་མཐར་ཐུག་པ་འདི་དག་ཐམས་ཅད་ཀྱང་གང་ལ་ཁྱབ་པར་བགྱིས་གདགས་པ་མེད་པ་དེར་ནི་གཡོན་བརྐྱང་བྱའི་གནས་པས་བཞུགས་པ། ཐུགས་ཀར་ཁྲོ་བོའི་སྡིགས་མཛུབ་བསྒྲེང་བ་ལ་བརྩོན་པ། ་གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་རང་གི་མཚན་མ་བསྣམས་ཏེ་ཚོམ་ངམ་གྱི་ཚུལ་གྱིས་བཞུགས་པའོ།། གཞན་ཡང་དྲག་པོ་ལ་སོགས་པ་ཕྱི་རོལ་གྱི་རྡོ་རྗེ་རིགས་ཡང་དག་པར་བྲི་བར་བྱའོ།། དེ་ལ་དྲག་པོ་ནི་མདོག་དཀར ་པོ་ལག་པ་བཞི་པ། གཡས་ཀྱི་ལག་པ་གཅིག་གིས་ཨུ་མ་ལ་འཁྱུད་པ། གཉིས་པ་རྡོ་རྗེ་རྩེ་གསུམ་པ་དང་བཅས་པས་མཆོག་སྦྱིན་པ། གཡོན་པ་གཅིག་གིས་མདུང་རྩེ་གསུམ་པོ། གཉིས་པ་ཁ་ཊྭཱཾ་ག་འཛིན་པ ་ཁྱུ་མཆོག་ལ་ཞོན་པ། སྦྲུལ་གྱི་མཆོད་ཕྱིར་ཐོགས་པ་ཡོད་པ། རིན་པོ་ཆེའི་ཅོད་པན་ཟླ་བ་ཕྱེད་པས་བརྒྱན་པ། མགྲིན་པ་སྔོ་བར་བྲི་བར་བྱ་སྟེ། བཱ་ཤུ་པ་ཏི་ནཱི་ལ་ཀཎྜ་ཨུ་མྲ་པྲི་ཡང་ཞེས་སྨོས་པའི་ཕྱིར་རོ།། ཁྱབ་འཇུག ་མདོག་ནག་པོ་ལག་པ་བཞི་པ། གཡས་པ་གཉིས་ན་དབྱིག་པ་དང་། རྡོ་རྗེ་ཐོགས་པ། གཡོན་པ་གཉིས་ན་དུང་དང་འཁོར་ལོ་ཐོགས་པ། ན་མཁའ་ལྡིང་ལ་ཞོན་པའོ་རྡོ་རྗེ་སེར་པོ་ནི་གསེར་གྱི་མདོག་ཅན། ལག་པོ་ན་མཚན་ཆ ་དང་། སྟན་ཁྱབ་འཇུག་དང་འདྲའོ།། རྡོ་རྗེ་དྲིལ་བུ་ནི་མདོག་དོམར་པེ། གདོང་དྲུག་པ། ལག་པ་གཡས་མདུང་ཐུང་དང་རྡོ་རྗེ་ཐོགས་པ། གཡོན་གཉིས་ན་ཁྱིམ་བྱ་དང་དྲིལ་བུ་ཐོགས་པ། རྨ་བྱ་ལ་ཞོན་པའོ།། རྡོ་རྗེ་གཞོན་ནུ་མ་ནི། ་རྡོ་རྗེ་དྲིལ་བུ་དཀྲོལ་བར་ཤེས་པར་བྱའོ།། ཐུབ་པའི་རྡོ་རྗེ་ནི་གསེར་གྱི་མདོག་ཅན་གདོང་བཞི་པ་ལག་པ་བཞི་པ། གཡས་གཉིས་ན་རྡོ་རྗེ་དང་བགྲང་ཕྲེང་ཐོགས་པོ། གཡོན་གཉིས་དབྱུག་པོ་དང་སྟེ་བླུགས་ཐོགས་པ། དང་པ་ལ་ཞོན ་པའོ།། རྡོ་རྗེ་བཞི་པ་ནི་ཚངས་པ་དང་འོདྲ་བར་བྱའོ།། རྡོ་རྗེ་མཚོན་ཆནི་མདོག་སྟེར་བ། ལག་པ་གཡོན་ན་རང་གཱི་རྡོ་རྗེ་ཐོགས་པ། གཡས་ན་འཇིག་རྟེན་ལས་འདས་པའི་རྡོ་རྗེ་ཐོགས་པ། གླང་པོ་ཚེ་དཀར་པོ་ལ་ཞོན་པ། རྡོ་རྗེ་ཁུ་ཚུར ་ནི་རྡོ་རྗེ་མཚོན་ཆ་དང་འདྲ་བར་ཤེས་པར་བྱའོ།། ཁྲོ་བོ་རྡོ་རྗེ་འཁྱིལ་པ་ནི་མདོག་དམར་པོ། ལག་པ་གཡས་ཀྱི་པདྨ་དང་བཅས་པའི་རྡོ་རྗེ་ཐོགས་པ། གཡོན་ན་པདྨ་དང་བཅས་པའི་ཉི་མའི་དཀྱིལ་འཁོར་བསྣམས་པ། རྟས་དྲངས ་པའི་ཤིང་རྟ་ལ་ཞོན་པའོ།། རྡོ་རྗེ་མི་འཆི་བ་ནི་ཁྲོ་བོ་རྡོ་རྗེ་འཁྱིལ་པ་དང་འདྲ་བ་ཉིད་དོ།། ཁྲོ་བོ་རྡོ་རྗེ་འོད་ནི་མདོག་དཀར་པོ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་པདྨ་དང་བཅས་པའི་ཟླ་བ་ཐོགས་པ། ངང་པ་ལ་ཞོན་པའོ།། རྡོ་རྗེ ་མངངས་ནི་ཁྲོ་བོ་རྡོ་རྗེ་འོད་དང་འདྲ་བའོ།། ཁྲོ་བོ་རྡོ་རྗེ་དབྱིག་པ་ནི་མདོག་སྔོན་པོ། གཡས་ན་རྡོ་རྗེ་ཐོགས་པ། རུས་སྦལ་ལ་ཞོན་པའོ།། དབྱུག་མཆོག་མ་ནི། ཁྲོ་བོ་རྡོ་རྗེ་དབྱུག་པ་དང་འདྲའོ།། ཁྲོ་བོ་རྡོ་རྗེ་སེར་སྨུག་ནི། མདོག་དམར་པོ། ལག་པ་གཡས ་ན་རྡོ་རྗེ་ཐོགས་པ། གཡོན་ན་མི་མགོ་ཐོགས་ནས་ཟོ་ཞིང་གནས་པ། རྡོ་རྗེ་རྐེང་འཆིངས་མ་ནི། ཁྲོ་བོ་སེར་སྨུག་དང་འདྲའོ།། རྡོ་རྗེ་གླང་པོའི་སྣ་ནི་ཚོགས་ཀྱི་བདུག་པོ་སྟེ། མདོག་དཀར་པོ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་གཤོལ་ཐོགས ་ཏེ་གནས་པ་གླང་པོ་ཆེ་ལ་ཞོན་པའོ།། རྡོ་རྗེ་འཛུམ་ནི་གླང་སྣ་དང་འདྲ་བ་ལས་ཁྱད་པར་ནི་འདི་ཡོད་དེ། འདི་ལྟར་ལག་པ་གཡོན་ན་ཁ་ཊྭཱཾ་ག་ཐོགས་པའོ།། ཚོགས་ཀྱི་བདག་པོ་ཁྲོ་བོ་རྡོ་རྗེ་ཕྲེང་བ་ནི་མདོག་ལྗང་གུ། ལག་པ་གཡས་ན་རྡོ་རྗེ ་ཐོགས་པའོ།། གཡོན་ན་མེ་ཏོག་གི་ཕྲེང་བ་འཛིན་པ་ཁུ་བྱུག་ལ་ཞོན་པའོ།། རྡོ་རྗེ་ཟ་བུ་མོ་ནི་རྡོ་རྗེ་ཕྲེང་བ་དང་འདྲ་པ་ལས། དེ་ལས་ཁྱབ་པར་ནི་འདྲི་ཡོད་དོ།། འདི་ལག་པ་གཡོན་མདུང་རྩེ་ཡོད་པའོ།། རྡོ་རྗེ་དབང་ནི་མདོག་སེར་པོ་ལག་པ ་གཡས་ན་རྡོ་རྗེ་ཐོགས་པའོ།། གཡོན་ན་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་ཕག་ལ་ཞོན་པའོ།། རྟ་མགོ་མ་ནི་རྡོ་རྗེ་དབང་དང་འདྲ་བ་ལོས་ཁྱད་པར་ནི་འདི་ཡོད་དེ་འདི་ལྟར་ཁ་དོག་དམར་བ་ཡིན་ནོ།། ཚོགས་ཀྱི་བདག་པོ་རྣམ་པར་རྒྱལ་བ ་ནི་མདོག་དཀར་པོ། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་རལ་གྲི་ཐོགས་པ་རྩན་དུ་ཀ་ལ་ཞོན་པའོ།། རྡོ་རྗེ་དགའ་མོ་ནི་རྣམ་པར་རྒྱལ་བ་དང་འདྲའོ།། ཕོ་ཉ་རྡོ་རྗེ་ཐོ་བ་ནི་མདོག་སེར་པོ།། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་གཏུན ་ཤིང་ཐོགས་པའོ།། མེ་ཏོག་ཅན་གྱི་དྲི་ལ་ཞོན་པའོ།། རྡོ་རྗེ་ཕོ་ཉ་མེ་ནི་རྡོ་རྗེ་ཐོ་བ་དང་འདྲ་བྱ་ལས་ཁྱད་པར་ནི་བདི་ཡོད་དོ།། འདི་ལྟར་ལག་པ་གཡོན་ན་ཁ་ཊྭཱཾ་ག་ཐོགས་པའོ།། ཕོ་ཉ་རྡོ་རྗེ་རླུང་ནི་མདོག་སྔོན་པོ།། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། ་གཡོན་ནུ་བ་དན་ཐོགས་པཱ་རི་དགས་ལ་ཞོན་པའོ།། ཕོ་ཉ་རྡོ་རྗེ་མ་ནི་མདོག་དམར་པོ།། ལག་པོ་གཡས་གཉིས་ན་རྡོ་རྗེ་དགང་གཟར་ཐོགས་པ། གཡོན་གཉིས་ན་དབྱུག་པ་དང་སྤྱི་བླུགས་ཐོགས་པ། འོད་ཟེར་གྱེན་དུ་འབྱར་བ། འབར ་བའི་རྩེ་མོ་གསུམ་པ། ར་སྐྱེས་ལ་ཞོན་པའོ།། རྡོ་རྗེ་འབར་བ་ནི་ཕོ་ཉ། རྡོ་རྗེ་འབར་བ་དང་འདྲའོ།། མགྱོགས་པ་རྡོ་རྗེ་མ་ནི་ཕོ་ཉ་རྡོ་རྗེ་རླུང་དང་འདྲའོ།། པོ་ཉ་རྡོ་རྗེ་འཇིགས་པ་ནི་མདོག་སྔོན་པོ། ལག་པ་གཡས་ན་རྡོ་རྗེ། གཡོན་ན་དབྱུག་པ ་ཐོགས་པ་མི་རོ་ལ་ཞོན་པོའོ།། ཕོ་ཉ་མོ་རྡོ་རྗེ་འཁྱོར་མ་ནི་རྡོ་རྗེ་འཇིགས་པ་དང་འདྲ་བ་ལས་ཁྱད་པར་ནི་ལག་པ་གཡོན་ན་ཞགས་པ་ཐོགས་པའོ།། བྲན་མོ་རྡོ་རྗེ་ལྕགས་ཀྱུ་ནི་མདོག་སྔོན་པོ།། ལག་པ་གཡས་ན་རྡོ་རྗེ་ཐོགས་པ་གཡོན ་པ་ལྕགས་ཀྱུ་ཐོགས་པ་ཀླུའི་རྒྱལ་པོ་ཤེ་ཤ་ལོ་ཞོན་པའོ།། བྲན་མོ་རྡོ་རྗེ་ཁ་ནི་མདོག་སྔོན་མོ།། ཕག་གི་མགོ་ཅན་ལག་པ་གཡས་ན་རྡོ་རྗེ། གཡོན་ན་རལ་གྲི་ཐོགས་པ་མི་ལ་ཞོན་པའོ།། བྲན་མོ་རྡོ་རྗེ་དུས་ནི་མདོག་ནག་པོ་ལག ་པ་གཡས་ན་རྡོ་རྗེ། གཡོན་ན་གཤིན་རྗེའི་དབྱུག་པ་ཐོགས་པ། མ་ཧེ་ལ་ཞོན་པའོ།། བྲན་མོ་རྡོ་རྗེ་དུས་ནི་མདོག་ནག་མོ།། ལག་པ་གཡས་ན་རྡོ་རྗེ། གཡོན་ན་ཁ་ཊྭཱཾ་ག་ཐོགས་པ་རོ་ལངས་ལ་ཞོན་པའོ།། བྲན་བགེགས་ཀྱི་གཙོ་བོ ་ནི་མདོག་དཀར་པོ་གླང་པོའི་གདོང་ཅན། ལག་པ་གཡས་གཉིས་ན་རྡོ་རྗེ་དང་དགྲ་སྟ་ཐོགས་པ། གཡོན་གཉིས་ན་མདུང་རྩེ་གསུམ་དང་སོ་ཐོགས་པ། ལུག་ཐུག་ལ་ཞོན་པའོ།། ཕོ་ཉ་མོ་རྡུལ་མ་ནི་མདོག་སྔོན་མོ། ལག་པ་གཡས་ན ་རྡོ་རྗེ་ཐོགས་པ། གཡོན་ནས་ན་མ་ཛ་ནི་ཀ་ཐོགས་པ། བྱི་བ་ལ་ཞོན་པའོ།། བྲན་རྡོ་རྗེ་གླུ་ནི་མདོག་དཀར་པོ།། ལག་པ་གཡས་ན་རྡོ་རྗེ་ཐོགས་པ། གཡོན་ན་ཞགས་པ་ཐོགས་པ། གདེངས་ཀ་བརྒྱད་ཡོད་པ་ཆུ་སྲིན་ལ་ཞོན་པའོ།། བྲན ་མོ་ཆུ་སྲིན་མ་ནི་མདོག་དཀར་མོ།། ལག་པ་གཡས་ན་རྡོ་རྗེ་ཐོགས་པའོ།། གཡོན་ན་རྡོ་རྗེས་མཚན་པའི་ཆུ་སྲིན་ཐོགས་པ། ཆུ་སྲིན་ལ་ཞོན་པའོ།། འཇིགས་མ་གདོང་ལྗང་གུ་ལག་པ་གཡས་ནི་རྡོ་རྗེ་ཐོགས་པ། གཡོན་རལ་གྲི་དང ་ཕུབ་ཐོགས་པའོ།། དཔལ་མོ་མདོག་སེར་མོ་ལག་པ་གཡས་ན་རྡོ་རྗེ། གཡོན་ན་པདྨ་ཐོགས་པའོ།། དབྱངས་ཅན་མ་མདོག་དམར་མོ།། ལག་པ་གཡས་ན་རྡོ་རྗེ། གཡོན་པི་ཝཾ་ཐོགས་པའོ།། དཀའ་ཐུབ་ཟློག་པ་མདོག་ལྗང་གུ། ལག ་པ་གཡས་གཉིས་ན་རྡོ་རྗེ་དང་འཁོར་ལོ་ཐོགས་པ། གཡོན་གཉིས་ན་པ་ཏི་ས་དང་རལ་གྲི་ཐོགས་པའོ།། མ་མོ་ཐམས་ཅད་དང་། དྲག་པོ་ལ་སོགས་པ་ནས་ཆུ་ལྷའི་མཐར་ཐུག་པ་རྣམས་ཀྱི་ལག་པ་གཡས་ན་རྡོ་རྗེ་ཐོགས་པ་གང་ཡཱི ་པ་དེ་རྩ་གསུམ་པ་ཡིན་པར་ཤེས་པར་བྱའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མངོན་དུ་ཕྱོགས་པར་བྲིའོ།། དེ་ནས་རྒོངས་ཀའི་དུས་ལ་བབ་པ་ན། རྡོ་རྗེ་ཏི་རིན ་ཏི་རའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ལ། ཡི་གེ་ཧཱུཾ་བཞི་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱས་ལ། དཀྱིལ་འཁོར་ཐམས་ཅད་ཀྱི་ལྷག་པ་དང་མཆོང་བ་ཉེ་བར་ཞི་བར་བྱ་བའི་ཕྱིར་བལྟས་ལ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་རྡོ་རྗེ། ་ཤུགས་ཀྱིས་དཀྱིལ་འཁོར་ལེན་བདུན་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་ཕྲེང་བ་འདི་ཕུལ་ཏེ། རྡོ་རྗེའི་གར་བྱས་ནས་བླངས་ལ་ཡི་གེ་ཧཱུ~ཾ་བཞིས་རང་གི་མགོ་ལ་བཅིང་བར་བྱའོ།། དེ་ཡང་རྡོ་རྗེ་དྲིལ་བུ་རབ་བསྐུལ་བས།། མཁ ་པས་མ་ཚང་ཡོངསུ་སྐོང་།། ལྷག་པ་གང་ཡ་ནི་འདིར་མཛད་པ།། འགྲུབ་འགྱུར་སྨད་པར་མི་བྱའོ།། ཞེས་གསུངས་པ་ཡིན་ནོ།། དེ་ནས་དབུས་སུ་འདུག་ནས་ནི།། རྡོ་རྗེ་སློབ་དཔོན་མཉམ་གཞག་པས།། རྡོ་རྗེ་སྒོ་ནི་རྣམ་བཞི ་པོ། ཡིད་ཀྱིས་སུ་ནི་དབྱེ་བར་བྱ།། ཨོཾ་བཛྲོད་གྷ་ཊཱ་ཡ་སྭ་མ་ཡ་པྲ་བེ་ཤ་ཧཱུ~ཾ། འདིའི་ཕྱག་རྒྱ་ནི་རྡོ་རྗེ་མཛུབ་མོ་ཡང་དག་པར།། སྦྱར་ལ་བཀན་ཏེ་བསྡམས་ནས་སུ།། རབ་ཏུ་ཁྲོས་ནས་དབྱེ་བ་ནི།། སྒོ་འབྱེད་པ་ཡི་མཆོག་ཡིན་ནོ།། དེ་ནས ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པསཽ་བྱའོ།། དེ་ནས་རིན་པོ་ཆེ་སྣ་བདུན་ནམ། ས་ལས་བྱིས་པའི་བུམ་པ་རྩ་བ་མི་གནག་པ། གསུས་པ་ཆེ་བ། མགྲིན་པ་རིང་བ། མཆ་འཕྱང་བ། ཆུ་བཟང་པོ་དང་། རིན་པོ་ཆེ་དང་། སྨན་དང་། འབྲུ ་།། ཐམས་ཅད་ཀྱིས་ཡོངསུ་དགང་ཞིང་འབྲས་བུ་དང་བཅས་པས་ལྡུམ་བུས་ཁ་བརྒྱན་པ། མགྲིན་པ་རས་དཀར་པོས་བཅིངས་ནས་བསྲུང་བ་བྱས་ལ་ཕྱི་རོལ་ཀུན་ཏུ་དྲི་ཞིམ་པོས་བྱུགས་ཏེ། སྟེང་དུ་རྡོ་རྗེས་མཚན ་བའི་མེ་ཏོག་གི་ཕྲེང་བ་དང་། རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབ་པར་བྱ་ཞིང་ཁྲོ་བོ་ཏི་རིན་ཏེ་རེའི་ཡོངསུ་བཟུང་བའི་རྡོ་རྗེ་དང་མེ་ཏོག་གི་ལྕགས་མ་ལས། ཨོཾ་བཛྲོད་ཀ་ཧཱུཾ། ཞེས་བྱ་བ་འདི་ལན་སྟོང་རྩཝ་བརྒྱད་བཟླས་པ་དང་། ཧཱུཾ་བཞི་པ་ལན་བརྒྱ ་རྩ་བརྒྱད་མངོན་པར་བཟླས་པར་བྱས་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་སྤྱན་སྔར་ལེགས་པར་བཞག། བུམ་པ་གཉིས་པ་ལ་ཧཱུཾ་བཞི་ལན་བརྒྱ་རྩ་བརྒྱད་བཟླས་ནས་འཇུག་པའི་སྒོར་མངོན་པར་ཕྱོགས་པར་གཞག་གོ།། ་ཆུ་དེས་བདག་ཉིད་དང་སློབ་མ་དབོང་བསྐུར་བར་བྱ་བ་འམ། འཇུག་པའི་ཕྱག་རྒྱ་བཅིང་བར་བྱའོ།། བྱུ་རུ་དང་ནི་ས་ལེ་སྦྲམ།། དུང་དང་མུ་ཏིག་ནོར་བུ་སྟེ།། རིན་ཚོན་ཀུན་ཅེས་བྱ་བ་ལ།། ལྔ་པོ་འདི་དག་ཤེས་པར་བྱ།། སིང་ཧི་བྱ་གྲི་གཱི ་རི་ཀ་ར་ཎི།། ཧ་ས་ས་ཧ་དེ་བ་སྟེ།། སྨན་རྣམས་ཀུན་ཅེས་བྱ་བ་ལ།། ལྔ་པོ་འདི་དག་ཤེས་པར་བྱ།། འབྲས་ཀྱི་སོ་བ་མོན་སྲན་གྲེའུ།། ནས་དང་གྲོ་དང་ཏིལ་དག་སྟེ།། འབྲུ་རྣམས་ཀུན་ཅེས་བྱ་བ་ལ།། ལྔ་པོ་འདི་དག་ཤེས་པར་བྱ།། དེའི ་རྗེས་ལ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་བར་བྱས་ནས་རས་སྔོན་པོ་ལ་རྡོ་རྗེ་གནོད་སྦྱིན་ཡོངསུ་བཟླས་ཏེ། སེམས་དཔའི་གཙུག་ཏོར་གྱིས་གཙུག་ཏོརོ་བཅིང་བ་དང་། གདོང་གཡོགས་བྱས་ལ། ་རྡོརྗེ་གོ་ཆས་སྟོང་གཡོགས་དང་། གཙུག་ཏོར་ལྔ་བརྩེགས་པས་དགོངས་ནས། སློབ་དཔོན་ཁྲོ་བྱོ་ཏི་རིན་ཏི་རིས་མེ་ཏོག་གི་ཕྲེང་བ་སྔོན་པོ་བཟུང་ལ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་མི་ཞེས་ཟློས་ཤིང་ཞུགས་ལ། བཅོམ་ལྡན་འདས ་དབང་ཕྱུག་ཆེན་པོ་ལ་སོགས་པ་མ་རུངས་པའི་སེམས་ཅན་དག་ཀྱང་མཆིས་ཏེ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ།། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པ་བྱས ་ནས་མེ་ཏོག་དཀྱིལ་འཁོར་ཆེན་པོར་དོར་ལ་རང་གི་མགོ་ལ་བཅིངས་ནས་གདོང་གཡོགས་བཀྲོལ་ཏེ། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བལྟས་ནས། ཏིཥྛ་བཛྲེ་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཕྱག་རྒྱ་དགྲོལ་བར་བྱས ་ལ། ཆུའི་དབང་བསྐུར་བ་དང་། སངས་རྒྱས་ལྔའི་ཅོད་པན་དང་། ངར་དབྱངས་དང་། རྡོ་རྗེ་ཕྲེང་བྱ་དང་། རྡོ་རྗེའི་བདག་པོ་དང་། རྡོ་རྗེ་མིང་གི་དབང་བསྐུར་བ་ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་དེ་བླངས་ནས ་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་དང་། རྡོ་རྗེ་བརྟུལ་ཞུགས་ཀྱང་བླངས་ནས་མེ་ཏོག་ལ་སོགས་པ་དང་། སྒེག་མོ་ལ་སོགས་པ་བདག་ཉིད་ཡང་དགྲ་པར་མཆོད་དེ་ཆོ་གསུ་བཙོད་པ་ལྔས་རྗེ་སུ་སྣང་བ་དང་། ཧཱུཾ་བཞི་པ་དང་། ་གཟེངས་བསྟོད་པ་དང་། ལུང་བསྟན་པ་ཡང་བླངས་ལ། ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བཟླས་པ་བྱས་ནས། བདག་ནི་ཧཱུཾ་མཛད་རྡོ་རྗེའོ་ཞེས་རང་གི་མིང་ནས ་བརྗོད་པ་བྱས་ལ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེའི་སྔགས་ཨ་ཞེས་བྱ་བ་མཐའ་དང་བཅས་པ་རྣམ་པར་སྣང་མཛད་ཀྱི་གནསུ་དེ་བཞིན་གཤེགས་པའི་རྡོ་རྗེའི་བདག་ཉིད་དབབ་པར་བྱའོ།། ་བཛྲོ་ཧཾ་ཞེས་རྡོ་རྗེའི་ང་རྒྱལ་དུ་རྣམ་པར་བསྒོམ་ལ། རྡོ་རྗེ་དེ་བཛྲ་དྷི་ཏུ་ར་ཧཾ་ཞེས་བྱ་བས་རྣམ་པར་སྣང་མཇེད་དུ་བསྒོམ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བྱང་ཕྱོགས་ཀྱི་སྒོར། དེའི ་སྔགས་ཨ་ཞེས་བྱ་བའི་མཐའ་དང་བཅས་པས་རྡོ་རྗེ་དྲིལ་བུར་བདག་ཉིད་དབབ་པར་བྱས་ལ། བཛྲ་གྷཎ་ཊོ་ཧཾ་ཞེས་ང་རྒྱལ་བསྐྱེད་ནས། དཻ་བཛྲ་ཨཱ་བེ་ཤ་ཀྲོ་དྷ་ཧཾ་ཞེསོ་ཁྲོ་བོ་རྡོ་རྗེ་འབེབས་པར་བསྒོམ་པོར་བྱ་སྟེ། དེ་ལྟར་ན ་རྡོ་རྗེ་བསྒྲུབ་པར་འགྱུརརོ།། རྡོ་རྗེ་སློབ་དཔོན་སེམས་དཔའ་ནི།། རྡོ་རྗེ་ལྕགས་ཀྱུ་བཅིངས་ནསཽ་ནི།། སེ་གོལ་མང་པོ་བརྡབས་ཀྱི་ལ།། སངས་རྒྱས་ཐམས་ཅད་བསྡུ་བར་བགྱི།། ཨོཾ་བཛྲ་ས་མ་ཡ་ཛཿཛ་ཧཱུཾ་བཾ་ཧོཿཞེས་ལོན་ཉི་ཤུ་རྩ ་གཅིག་བཟླ་བར་བྱའོ།། དེ་ནས་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་། མཚན་བརྒྱ་རྩ་བརྒྱད་དམ་པ་ནི། ལན་ཅིག་རབ་ཏུ་བརྗོད་པར་བགྱིའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་རང་རང་གི་སྒོ་ནས་དགུག་པ་དང་། ་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། ཧཱུཾ་བཞི་པས་མཆོད་ཡོན་ཕུལ་ལོ། དཔལ་རྣམ་པར་སྣང་མཛད་ལ་སོགས་པ་ནས་བསྐལ་པ་བཟང་པོའི་བར་དུ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱ་སྟེ། རང་གི་སྔགས ་བརྗོད་ལ། དྭི་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡཱ་སྟྭཾ་ཨ་ཧཱ་ཞེས་བརྗོད་དོ།། དེ་ནས་རླུང་གི་སྔགས་དང་སྙིང་པོ་བརྗོད་པར་བྱ་སྟེ། དེ་ལྟར་ན་འགྲུབ་པར་འགྱུ་རོ།། དེ་ནས་དམ་ཚིག་གི་ཕྱག་རྒྱུ་རྣམས་བཤད་དེ།། རྡོ་རྗེ་གཉིས་ལས་བྱུང་བ་ནི།། དམ ་ཚིག་མཆོག་ཏུ་གྲགས་པ་ཡིན།། དེ་དག་བཅིང་བ་བཤད་བྱ་བ།། ཁྲོ་བོ་བཅིང་བ་བླ་ན་མེད།། ལག་པར་རྡོ་རྗེར་བྱས་ནས་སུ།། མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ།། མཛུབ་མོ་གཉིས་ཀྱིས་བསྡིགས་པ་ནི།། འཇིག་རྟེན་གསུམ་ལ ་རྒྱལ་ཞེས་བྱ།། དེ་བཞིན་མཛུབ་མོ་ངོས་སྒྱུར་ཏེ།། ནོར་བུ་འདྲ་བོར་རབ་ཏུ་དགུག། གུང་མོ་མཉམ་བསྒྲེང་པདྨར་བྱ།། གུང་མོ་མཛུབ་མོ་གཉིས་ཀ་བསྡིགས།། མཛུབ་མོ་གོཉིས་ཀ་རྡོ་རྗེར་བྱ།། གཡས་པ་ལྕགས་ཀྱུ་དགུག་པར་བྱ།། དེ་ཉིད་ཧཱུཾ ་ཞེས་བྱ་བར་འདུད།། ལེགས་པ་སྦྱིན་པ་དེ་བཞིན་ཏེ།། མཛུབ་གཉིས་དཔྲལ་བའི་གཉེར་མར་གཞག། སྙིང་གར་མཛུབ་མོས་ཉི་མར་བསྐོར།། ལག་པ་བརྐྱང་སྟེ་སྤྱི་བོར་བཞག། མཛུབ་མོ་ཁ་ནས་རྒོད་ལྟར་བྱ།། མཛུབ་མོའི་སེན་མོ་སྦྱར ་བཔར་བྱ།། གཡས་པས་རལ་གྲི་བཅིངས་པའོ།། གུང་མཛུབ་མཉམ་བསྒྲེང་འཁོར་ལོ་ཡི།། ཁ་ཡི་ནང་ནས་དབྱུང་བ་དང་།། མཛུབ་མོ་གུང་མོ་རྡོ་རྗེར་བྱ།། མཛུབ་མོ་ཡིས་ནི་མགུལ་བར་བསྐོར།། མཛུབ་མོ་གཉིས་ནི་མཆེ་བ་ཆེ།། ་མཛུབ་མོ་བཀུག་པ་རྡོ་རྗེར་བཅིངས།། སྒེག་མོ་ལ་སོགས་པའི་ནི་རྡོ་རྗེ་དབྱིངས་ལ་སོགས་པ་ཉིད་ལ་ཧཱུཾ་ཞེས་བྱས་པ་རྡོ་རྗེ་བསྡམས་པ་དེ་ཇི་ལྟ་བ་བཞིན་དུ་བཅིང་ངོ་།། སྙིང་གར་མཐེ་བོང་མཉམ་ལ་བཞག། རབ་ཏུ་བརྐྱང་བ་ཕྲེང་བའོ།། ་ཐལ་མོ་སྦྱར་ཏེ་ཁ་ནས་བྱུང་།། གར་ལས་ཐལ་སྦྱར་སྤྱི་བོར་བཞག། རྡོ་རྗེ་བཅིངས་པ་ཐུར་དུ་བླུགས།། རང་གི་ཐལ་སྦྱར་གྱེན་དུ་གཏོར།། མཐེ་བོས་མ་ཉམས་ཏེ་རབ་ཏུ་བསྡམས།། རབ་ཏུ་བརྐྱང་ནས་བྱུག་པའོ།། མཛུབ་མེ་གཅིག ་པུ་དགུག་པ་དང་། མཐེ་བོ་གཉིས་ནི་མདུད་པ་དོར།། མཐེ་བོ་མཛུབ་མོ་གདུ་བུར་བཅིང་།། རྡོ་རྗེ་ཁུ་ཚུར་མཛུབ་མོ་བལྟམས།། ཐུགསོ་ཀར་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་རྣམ་པར་བསམས་ལ། ཡི་གེ་ཧཱུཾ་ཉིད་ཟློས་ཤིང་ཕྱག་རྒྱ་ཐམས་ཅད་བཅིང ་བར་བྱའོ།། དེ་ནས་ཕྱག་རྒྱའི་ངེས་པ་བཤད་དེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་། རྣམ་པར་སྣང་མཛོད་དང་། རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་ཧཱུཾ་མཛད་དང་། ཆོས་ཀྱི་ཧཱུཾ་མཛད་དང་། ལས་ཀྱི་ཧཱུཾ་མཛད་ཀྱི་བདག་ནས་ཉིད་དོ།། དེ་ནས་རིན་ཆེན་ཧཱུཾ་མཛད ་ལ་སོགས་པའི་སྔགས་བཤད་དེ། ཨོཾ་བཛྲ་བྷྲྀ་ཀུ་ཊི་ཀྲོ་དྷི་ན་ཡ་སརྦ་རཏྣ་མ་ཧྲཱིཿཕཊ། ཨོཾ་བཛྲ་དི་ཤྲི་ཀྲོ་དྷ་དྲྀ་ཤུ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བི་ཤྭ་ཀྲོ་དྷ་ཀུ་རུ་སརྦ་བི་ཤྭ་རུ་པ་ཏྲ་ཡ་ས་ད་ཡེ་ཧཱུཾ་ཕཊ། འདིའི་ཕྱག་རྒྱ་ནི་སེམས་མ་རྡོ་རྗེ་མ་ནས ་བརྩམས་ཏེ་བལྟ་བར་བྱའོ།། དེ་ཡང་རིག་ཐམས་ཅད་ཀྱི།། འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད་པ་ཡིན་ནོ།། རྡོ་རྗེ་དེ་དང་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་ཚོགས་བསྡུས་པ་ནི།། འདིར་བཅོམ་ལྡན་འདས་རྡོ་རྗེ་ཧཱུ~ཾ་མཛད་ཡིན་པར་བཤད་ཀྱི། ་རྡོ་རྗེ་ཧཱུཾ་མཛད་གཞན་དུ་གྱུར་པ་ནི་མི་རིགས་ཏེ། རྒྱུད་ཐམས་ཅད་ལས་ཁམས་གསུམ་རྣམ་པར་རྒྱལ་བ་ཉིད་རྡོ་རྗེ་ཧཱུཾ་མཛད་ཡིན་པར་བསྟན་ཏོ།། དེའི་རྗེས་ལ་དེ་བཞིན་དུ་ལྗགས་ལ་རྡོ་རྗེ་བཀོད་དེ། གཽ་རོ་མོ་ཇི་ལྟ་བ་བཞིན་དུ་སངས ་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པའི་ཆོས་ཀྱི་ཡི་གེ་དགོད་པར་བྱའོ།། དེ་ནི་འདི་ཡིན་ཏེ། ཧཱུཾ་ནི་རྡོ་རྗེ་སེམས་དཔའོ།། ཏྲ་ནི་རིན་ཆེན་སེམས་མཱའི་འོ།། དྷཱི་ནི་ཆོས་ཀྱི་སེམས་མའི་འོ།། ཨ་ནི་ལས་ཀྱི་སེམས་མའི་འོ།། ཧཱུཾ་བཛྲ་སཏྭ་བཛྲ། ཏྲཾ་རཏྣ་བིཛྲ། ་ཧྲཱི་59། ཧཱུཾ་ཧེ་ཏྲཾ་ཏཾ། ཧཱི་ཧི་དེ་ཧ་དྷྲྀ་ཀ། དྷི་ཧཱུཾ། གྲྀ། ཀྲྀ། བཾ། དྲི། ཨཿཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འོ།། མེ་ཧཱ་ར་ཏེ་ཧཱུཾ། རཱུ་པ་ཤོ་བྷེ་ཧཱུཾ། ཤྲྀ་ཏྲ་སཽ་ཁྱེ་ཧཱུཾ། སརྦ་པཱུ་ཛེ་ཧཱུཾ། པྲ་ཧ་ལ་ད་ནི་ཧཱུཾ། ཕུ་ལ་གཱ་མེ་ཧཱུཾ། སུ་ཏེ་ཛཱ་གྲི་ཧཱུཾ། སུ་གན་དྷ་གཱི ་ཧཱུ~ཾ། ཨ་ཡ་ཧི་ཛྲ་ཧཱུཾ། ཨ་ཧི་ཧཱུཾ་ཧཱུཾ་ཧཱུཾ། ཧེ་སྥོ་ཊ་བཾ་ཧཱུཾ། གྷཎ་ཊ་ཨ་ཨ་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་སྒེག་མོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ཡིན་ནོ།། དེའི་རྗེས་ལ་ཡི་གེ་ཨ་ལས་ཐུགས་ཀར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། ལས་ཀྱི་ཕྱག་རྒྱ་བཅི ་བར་བྱའོ།། དྲོ་ནི་འདི་ཡིན་ཏོ།། ཁྲོ་བོའི་ཁུ་ཚུར་གཉིས་བྱས་ལ།། གཡོན་པའི་རྡོ་རྗེ་མཛུབ་མོ་ནི།། གཡས་པའི་ནང་དུ་བསྒྲེང་བར་བྱའོ།། བྱང་ཆུབ་མཆོག་གི་ཕྱག་རྒྱ་འདི།། སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ།། བསྒྱིངས་བཅས་གསོར་བས ་གཉིས~ཾ་ཀ་ཡིས།། ཤེས་པ་ནི་རིན་ཆེན་ཧཱུཾ་མཛད་དང་།། རྡོ་རྗེ་སེམས་དཔའ་དང་། སེམས་མ་རྡོ་རྗེ་མའི་འོ།། ལྕགས་ཀྱུ་འཛིན་ལྟ་རོ་གནས་པ་དང་། མངའ་འཕང་པ་ཡི་ཚུལ་དཔོ་ནི།། ལེགསོ་ཞེས་པ་སྙིང་གར་གཞག། དབང་བསྐུར ་བནི་རྡོ་རྗེ་གཉིས།། ཞེས་བྱ་བ་ནི་རིན་ཆེན་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་ཁྲོགཉེར་ཅན་དང་། རིན་ཆེན་སེམས་མའི་འོ།། སྙིང་གར་ཉི་མ་བརྟན་པར་བྱ།། གཡོན་པ་ལ་ནི་གྲུ་མོ་གཟུགས།། དེ་བཞིན་ཁ་ཕྱོགས་བསྐོར་བར་བྱ།། གཡས་པ ་མས་ནི་གཡོན་པ་དབྱེ།། ཞེས་བྱ་བ་ན་ཆོས་ཀྱི་ཧཱུཾ་མཛད་དང་། རྡོ་རྗེ་ཆོས་དང་། ཆོས་ཀྱི་སེམས་མའོ།། སྙིང་གར་གཡོན་པར་རལ་གྲི་མདུད།། མགལ་མེའི་འཁོར་ལོ་བསྐོར་བ་དང་།། རྡོ་རྗེ་གཉིས་ཀ་ཁ་ནས་དབྱུང་།། རྡོ་རྗེ་ག ་བསྐོར་དགྲོལ་བ་ཡིས།། ཐལ་མོ་འགྲམ་པ་སྤྱི་བོར་གཞག། ཅེས་བྱ་བ་ནི་ལས་ཀྱི་ཧཱུཾ་མཛད་དང་། རྡོ་རྗེ་ལས་དང་། ལས་ཀྱི་སེམས་མའོ།། གོ་ཆ་མཐེ་ཆུང་ཆེ་བ་མཆོག། ཁུ་ཚུར་གཉིས་ནི་མནན་པའོ།། རྡོ་རྗེ་བསྒྱིངས་པའི་ཚུལ་གྱི་སུ།། བསམ ་བ་གཡོས་པས་སྡུད་པར་བྱའོ།། ཕྲེང་བ་བཅིངས་པ་ཁ་ནས་དབྱུང་།། གར་ལས་ཐལ་སྦྱར་སྤྱི་བོར་གཞག། ཐུར་དུ་བླུགས་དང་གྱེན་དུ་གཏོར།། མཐེ་བོས་བསྙམས་ཏེ་རབ་ཏུ་བསྡམས།། རབ་ཏུ་བརྐྱང་ནས་བྱུག་པ་ནི།། མཆོད་པའི་ཕྱག ་རྒྱུ་རབ་ཏུ་བརྟན།། མཛུབ་མོ་ལྕགས་ཀྱུ་བཅིངས་པ་ནི།། མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཚོ།། མཁྲིག་མ་མདུད་པ་མཛུབ་གཉིས་གདུབ།། རྒྱུ་བ་གཉིས་ཀྱང་ནི་བསྙམས་ཏེ་མནན།། སྒོ་བསྲུངས་ཀྱི་ནི་ཕྱག་རྒྱ་ཀུན།། ལས་ཀྱི་ཕྱག་རྒྱར ་གྲོར་ལས་བྱུང་།། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ནི་ཇི་ལྟར་བྲིས་པའི་རྗེསུ་འབྲངས་ཏེ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་། ཆོས་དང་། ལོས་ཀྱི་ཁྲོ་བོ་རྣམས་ཀྱི་ཕྱག་རྒྱ ་ཆེན་པོ་གང་ཡིན་པ་དེ་ནི་སེམས་མི་རྡོ་རྗེ་དང་། རིན་ཆེན་མ་ངོ་།། ཆོས་མ་དང་། རྡོ་རྗེ་ལས་མ་ཡང་ཡིན་པ་ལས་འདི་རྣམས་ནི་རྡོ་རྗེའི་ནང་དུ་ཆུད་པའི་ལྷ་མོའི་གཟུགས་འཛིན་པ་ཡིན།། བདག་ཉིད་ཆེན་པོ་གང་གང་གི། ཕྱོག ་རྒྱུ་གང་དང་གང་བཅིངས་པ།། བཟླས་པའི་སྙིང་པོའི་དོན་དུ་ནི།། དར་ནི་བདག་ཉིད་བསྒོམ་པར་བྱ།། ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་གོ།། གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་བཀན་ལ། ལག་པ་གཡས་པའི ་མཛུབ་མོ་དང་། མཐེ་བོ་གཉིས་ཀྱིས་མཐེ་ཆུང་ནས་བརྩམས་ཏེ། ཕྱེ་ནས་ཐལ་མོ་ཁོང་སྟོང་དུ་བྱ་བ་འདི་ནི་བྱམས་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་རྣམས་ཀྱི་རིག་པ་ཡང་སྔར་བཤད་པ་ཡིན་ནོ།། རིག་པ་དེ ་ཉིད་དེ་རྣམས་ཀྱི་ལྗགས་ལ་བཀོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ།། ཡི་གེ་ཨ་ལས་རང་གི་སྙིང་གོར་སྣ་ཚོགས་རྡོ་རྗེ་བསྐྱེད་ལ་བྲིས་པ་དང་། རྗེསུ་མཐུན་པར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི་ལས་ཀྱི་ཕྱག་རྒྱར ་འགྱུར་རོ།། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་བྲིས་པ་དང་། རྗེ་སུ་མཐུན་པ་ཁོ་ནར་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། རིག་པ་དེ་ཉིད་ཀྱང་སྤྱི་ཡིན་ནོ།། མཐེ་བོ་མཐེ་ཆུང་བཅིངས་ནས་ནི།། གཡོན་པ་སོར་མོ་དབུས་མ ་གསུམ།། རྩེ་གསུམ་པ་ཡི་བུམ་པ་རྩེ།། རྡོ་རྗེ་ཕྱག་རྒྱར་བཟུང་བ་སྟེ།། རྡོ་རྗེ་རིག་མ་དམ་པ་འདི།། རྡོ་རྗེ་མཐུ་ཞེས་བྱ་བའོ།། དེ་ནས་རབ་ཏུ་བཤད་པ་ནི།། རྡོ་རྗེ་སྒྱུ་མ་ལ་སོགས་བཏགས།། རྡོ་རྗེ་བཅིངས་པ་དམ་བཅས་ཏེ།། གཡོན་པ་རྡོ ་བཅིང་བར་བྱ།། རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ།། རྡོ་རྗེ་རིགས་ནི་ཀུན་གྱི་འདིའི།། རྡོ་རྗེ་དེ་ནི་གཉིས་བྱས་ཏེ།། མཚོན་མ་ཀུན་ནི་དེ་གཞག།། རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི།། ཕྱག་རྒྱ་རྣམས་ཀྱང་འབྱུང་བ་སྟེ།། མདུན་དུ་བརྐྱང་སྟེ ་བཞག་པ་དང་།། མཛུབ་མོ་མཐེ་བོ་བསྟན་བཅད་པ་དང་།། ཨོཾ་ཞེས་བྱ་བ་སྤྱིར་བོར་སྦྱར།། རྡོ་རྗེ་སྟེང་དུ་གཞག་པའོ།། རིག་པའི་རྒྱལ་པོའི་ཕྱག་རྒྱ་ཆེན་པོའི་ཚོགས་རྣམ་སོ།། རབ་ཏུ་བརྐྱང་ནསཱ་ལག་གནས་པ།། ལག་པའི་རྒྱུབ་ཏུ ་དེ་བཞིན་ཏེ།། ཁུ་ཚུར་བཅས་ལ་ལག་ངར་བསྐུམ།། ཁ་ཕྱོགས་སུ་ནི་བསྐོར་བར་བྱ།། རྡོ་རྗེ་ཁྲོ་བོའི་ཕྱག་རྒྱའི་ཚོགས་སོ།། གཡོན་པའི་མཐེ་བོའི་སྟེང་དུ་གཞག། ཕྲེང་བ་བཅིང་བའི་ཐབསུ་སྦྱར།། ནོར་སྦྱིན་པར་ནི་གཡས་བྱར་སྟེ།། རལ་གྲི ་ཕྱག་རྒྱ་ཁུ་ཚུར་གཅིག། ཚོགས་ཀྱི་བདག་པོ་ཆེན་པོའོ་ཕྱག་རྒྱའི་ཚོགསོ།། གཡས་པ་མདུན་དུ་མདུང་རིངས་འཛིན།། ལག་པ་བརྐྱང་བ་འང་དེ་བཞིན་ཏེ།། གཡས་པ་འོད་ནི་འབར་བ་བསྟོན།། རྡོ་རྗེ་ཁྲོ་ཚུར་བསྐྱོད་པའོ།། ཕོ་ཉའི་ཕྱག་རྒྱ་ཆེན ་པོའི་ཚོགས་སོ།། བསྒྱིངས་བཅས་མཛུབ་མོ་ཁར་མཆེ་བ།། དབྱུག་པ་བསྣུན་ཅིང་མནན་པ་དང་།། དཔུང་པ་སྐུམ་ཞིང་བཅར་བ་དང་།། གཡས་པ་གཡོན་བགྱི་འདྲེན་པའོ།། བྲན་གྱི་ཕྱག་རྒྱ་ཆེན་པོའི་ཚོགས།། དེ་ནས་དབུ་མ་ལ་སོགས་བྱེ་མ ་མོ་རྣམས་ཀྱི་ཕྱག་རྒྱ་བཤད་པར་བྱ་སྟེ།། གཡོན་པ་རྡོ་རྗེ་མཛུབ་བཅིངས་པས།། རྩེ་གསུམ་མཚན་མ་མནན་བྱར་བྱ།། འདི་བཅིངས་པས་ནི་ཡང་དག་པར།། རྙོག་པ་དམེ་བ་རཱང་འགྲུབ་འགྱུར།། རྡོ་རྗེ་རིགས་ནི་ཐམས་ཅད་ཀྱི།། གཡོན་པ ་རྡོ་རྗེ་གཙོ་བོར་འདུས།། དམ་ཚིག་གཽ་ནི་ཇི་བཞིན་པར།། ཕྱག་རྒྱ་བཅིང་བ་བཤང་པར་བྱ།། ཐམས་ཅད་འཁོར་ལོ་སོར་རྩེ་བཅུ་མ།། དྲིལ་བུ་ཕྱག་རྒྱའང་དེ་བཞིན་ནོ།། དེ་བཞིན་ཨོཾ་གྱི་ཕྱག་རྒྱ་དང་།། སེང་གེའི་རྣ་བ་ཡོངསུ་བཟུང་།། ་པའི་རྒྱལ་པོའི་ཕྱག་རྒྱ་རྣམསོ།། འབརྱ་བ་ཀུན་དུ་འཛིན་པ་དང་།། འདི་ནི་ཡང་དག་འདུས་པ་ཉིད།། དབྱིག་པའི་ཁུ་ཚུར་འཛིན་པ་དང་།། ཁ་འགྲམ་ཕྱག་རྒྱ་བསྐོར་བའོ།། ཁྲོ་བོ་དམ་ཚིག་རྣམསོ།། བཏུད་པའི་ཕྱག་རྒྱ་དང་འཕྲང་བ།། རྡོ་རྗེས་མནན ་ནས་བཏུད་པ་སྟེ།། སྤྱི་བོར་བཞག་པ་ཚོགས་ཀྱི་སྟེ།། དཀྱིལ་འཁོར་གྱི་ནི་བསྲུང་བའོ།། ཚོགས་རྣམས་ཀྱི་ནི་དམ་ཚིག་གོ།། ལག་པ་བསྐུམ་པ་ཁར་བཞག་སྟེ།། རྒྱབ་དུ་ཡང་ནི་བསྐོར་བར་བྱ།། འབར་དང་མོ་སྟག་གཏོང་བ་སྟེ།། ཕྱེ་ནཱ ་ཁར་ཡང་གནས་པར་བྱ།། ཕོ་ཉ་མོའི་དམ་ཚིག་རྣམསོ།། ཐ་མ་གཉིས་ནི་ཁར་བཅུག་དང་།། གཅོད་ཅིང་རབ་ཏུ་གནོན་པའོ།། དཔུང་པ་བསྣོལ་བས་བསྣོལ་བ་དང་།། མྱུར་དུ་ཕྱོགས་པ་འང་དེ་བཞིན་ནོ།། བྲན་མོ་རྣམས་ཀྱི་དམ་ཆིག།། ་དེ་ནས་ལྷ་ཆེན་པོ་ལ་སོགས་པའི་ལྕེ་ལྔ་དེའི་སྔགས་དགོད་པ་འདི་ནི་དེ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ།། ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་དེ་བཞིན་དུ་བསྐྱོད་ལ། དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་པ་ནི་ལས་ཀྱི། ་ཕྱག་རྒྱར་འགྱུར་རོ།། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམས་ལ། ཕྱག་རྒྱ་ཆེན་པོ་བྲིས་པ་དང་རྗེསུ་མཐུན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། བསྐོལ་པ་བཟང་པོ་རྣམས་དང་། ཕྱི་རོལ་གྱི་རྡོ་རྗེའི་རིགས ་རྣམས་ནི་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བས་དབང་བསྐུར་བོར་བྱའོ།། དཔལ་ཧཱུཾ་མཛད་ལ་སོགས་པ་ནི་སངས་རྒྱས་ལྔའི་ཅོད་པན་དང་རྡོ་རྗེ་དང་དར་དབྱངས་ཀྱི་དབང་བསྐུར་བས་དབང་བསྐུར་བར་བྱ།། དེ་ནས་མཆོད་ཡོན་ཕུལ་ལ ་མཆོད་པ་བྱ་སྟེ། དེ་ལ་རེ་ཞིག་རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱས་པའི་བུམ་པ་ལྔར་བཤད་པའི་མཚན་ཉིད་དང་ལྡན་པ། རྡོ་རྗེ་ལ་སོགས་པ་རང་རང་གི་མཚན་མུ་ཅན་ལ་རྣམ་པར་སྣང་མཛད་ལ་སོགས་པའི་རང ་གི་སྔགས་བརྒྱ་རྩ་བརྒྱད་བཟླས་པ་དང་བུམ་པ་གྲང་བ་རྣམས་ཕྱིའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་དབུལ་བར་བྱའོ།། རས་ཟུང་འབུམ་མམ། ཁྲི་འམ། བརྒྱ་འམ། སྟོང་ངམ། རེ་རེ་ཞིང་ངམ། ཐམས་ཅད་ལ་སྤྱིར་ཟུང་ཞིག་དབུལ ་བ་དང་། བླ་རེ་རྣམས་པ་སྣ་ཚོགས་པ་དང་། གྲཝ་བཞིར་བ་ངན་སྣ་ཚོགས་བཏགས་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་ཀྱང་ཨོ་དང་རྡོ་རྗེ་ཧཱུཾ་མཛད་ཡོངསུ་བཟླས་ཤིང་བཛྲ་སྥ་ར་ཎ་ཁ་ཞེས་བྱ་བ་འདིས་ལྷ ་ཐམས་ཅད་ལ་དབུལ་བར་བྱའོ།། མེ་ཏོག་གི་ཤིང་བརྒྱུ་འམ། བཞི་འམ། ཤིངྒ་དང་། མེ་ཏོག་ཐམས་ཅད་ཀྱང་རྡོ་རྗེ་མེའི་ཕྱག་རྒྱ་དང་བཅས་པ་དང་། ཨོཾ་བཛྲ་པུཥྤེ་ཧཱུཾ་ཞེས་བྱ་བ་མེ་ཏོག་གི་ཕྱག་རྒྱ་དང་བཅས་པས་མེ་ཏོག ་ལ་མངོན་པར་བཟླ་བ་དང་། བྱུག་པ་ནི་དྲི་ཞིམ་ཞིང་དྲོ་བཟང་པོས་བསྒོས་པའི་དྲི་བཟང་པོ་ཐམས་ཅད་ལ་དབུལ་བར་བྱའོ།། རྡོ་རྗེ་མེ་དང་། ཨོཾ་བཛྲ་གནྡྷེ་ཞེས་བྱ་བ་འདིའི་ཕྱག་རྒྱ་དང་བཅས་པ་དང་། ག་བུར་དང་། ཨ་ཀ་རུ ་དང་། དུ་རུ་ཀ་དང་། ཙན་ངན་ལ་སོགས་པ་ལེགས་པར་སྦྱར་བ་ལ། རྡོ་རྗེ་མེ་དང་། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་ཞེས་བྱ་བ་འདིས་འདུག་སྤོས་ཀྱི་ཕྱག་རྒྱ་དང་ལྡན་པས། སྤོས་སྣོད་འོ་བུམ་མམ། ཁྲི་འམ་སྟོང་ངམ། བརྒྱ་འམ། ཅི་འཙུ ་བ་རྣམས་དང་། མར་མེ་འབུམ་མམ?། ཁྲི་འམ། སྟོང་ངམ། བརྒྱ་འམ། དེ་བཞིན་དུ་མར་མེའི་སྣོད་ཆེན་པོ་སྡོང་བུ་འབར་བ་དང་བཅས་པ་སྟོང་ངམ། བརྒྱའམ། བཅུའམ། གཅིག་ལ་རྡོ་རྗེ་མེ་དང་། ཧཱུཾ་བཛྲ་ཨཱ་ལོ་ཀེ་ཞེས་བྱ་བ ་འདི་མར་མེའི་ཕྱག་རྒྱ་དང་ལྡན་པ་ཡོངས་བཟླས་ལཾ། སྥཱ་ར་ཎ་ཁ~ཾ་ཞེས་ཀྱང་ཟློས་ཤིང་དབུལ་བར་བྱའོ།། སསྟི་ཀེ་ལ་སོགས་པའི་བཤོས་ཀྱི་ཁ་ཟས་འབུམ་མམ། ཁྲི་འམ། སྟོང་ངམ། བརྒྱའམ། གྲངས་བཅུ་སྙེད་དང་།། བཟླའོ་བྷ་དང ་བཅའ་བ་སྣ་ཚོག་སོ་པ་ལ་དེ་བཞིན་དུ་རྡོ་མི་ཡོངསུ་བཟླས་ལ། ཨཱ་ཀཱ་རཱྀ་མུ་ཁཾ་སརྦྦ་དྷརྨཱ་དྷྭཾ་ཨདྱོ་ནཱཏ་པ་ན་ནུ་ཏཱཏ་ཅེས་ཟློས་ཤིང་དབུལ་བར་བྱའོ།། རོལ་མོའི་ཆུ་བྱད་བཅུ་པོ་འམ། སྟོང་ཕྲག་བརྒྱའམ། སྟོང་ངམ། རོལ་མོ ་ཆ་བྱད་བཅུ་བོ་ཧཱུ~ཾ་ཞེས་བྱ་བ་དང་། རོལ་མེའི་ཕྱག་རྒྱ་རྡོ་རྗེ་ཁུ་ཚུརྱ་གཉིས་ཀྱི་སོ་སོར་མོ་རྣམས་ཀྱིས་ཚུལ་དུ་བྱེད་བྱས་དབུལ་བར་བྱའོ།། རོལ་མོའི་ཆ་བྱད་བཅུ་པོ་ནི་པི་ཝ་གླིང་བུ་དང་། མུ་ར་ཛ་དང་མུ་ཀུན་ད་དང་ཀླན་སཾ་དང་མནྟི ་ད་། མྲྀ་དཾ་ག་དང་། པཽ་ཊ་ཧ་དང་། ཀུཉྫ་དང་། ཏི་མོ་ལི་བརྡུང་བའི་ཚུལ་དུ་བྱེད་པའོ།། ཕྱི་རོལ་དུ་གར་དང་རོལ་མོ་བྱ་བ་དང་། ཅོད་པོན་དང་། གདུ་བུ་དང་། རྣ་བརྒྱན་ལ་སོགས་པའི་མཆོད་པ་རྣམས་ཀྱང་། ཨོ་ཞེས་བྱ་བ་མངོན ་བར་བཟླས་ཏེ་དབུལ་བར་བྱའོ།། དེ་བཞིན་དུ་ངར་དབྱུང་བར་བྱ་བ་དང་། མེ་ཏོག་ཆུན་འཕྱང་གིས་རྣམ་པར་བརྒྱན་པ་དང་། དྲ་བ་དང་དྲ་བ་ཕྱེད་པ་ཟླ་ཕྱེད་པས་ཉེ་བ་རོ་མཉེས་པར་བྱས་པ་དང་། རྟ་དང་། གླང་པོ་ཆེ་དང་། བ་ལང་གི ་།། ཁྱུ་ཤིན་དུ་བཏགས་པ་རྣམས་ཀྱང་དབུལ་བར་བྱའོ།། རྟ་བབས་ཡིད་དུ་འོང་བ་དྲིལ་བུ་ལ་སོགས་པ་བཏགས་པ་ཡང་བཛྲཱ་སྥཱ་ར་ཎ་ཁཾ་ཞེས་བྱ་བ་འདིས་དབུལ་ལོ།། ཨོཾ་བཛྲ་སཏྭ་སུ་སང་གྷ་ཧ་ཏ། བཛྲ་རཏྣ་མ་ནུཏྟཱ་ར ་བཛྲ་དྷ་ར་མྱ་ག་ཡ་ཎེ། བཛྲ་ཀརྨ་ཀ་རོདྦྷ་བཱི། ཞེས་ཟློས་ཤིང་གཽར་བྱས་ལྔ། རྡོ་རྗེ་སྒེག་མོ་ལ་སྩོགས་པ་མཆོད་པ་རྣམ་པ་བརྒྱད་ཁྲོ་བོ་བློ་ཁུ་ཚུར་གཉིས་མྲ་གཏོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་ཐམས ་ཅད་མཆོད་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མཛུབ་མོ་གཉིས་བརྐྱང་བ་ནི་ཁྲོ་བོའི་ཁུ་ཚུར་གཉིསུ་འགྱུརརོ།། ཡང་རྡོ་རྗེ་རིགས་ཀྱི་ལས་དཀྱིལ་འཁོར་ལས་གསུང་པོའི་ལུས་ཀྱི་ཕྱག་རྒྱ་བཅུ་དྲུག་གིས་ཡང་དག ་པར་མཆོད་ལ། ཁྲོ་བོའི་རིགས་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་དོན་མཛོད་ཅིག་ཅེས་གསོལ་བ་གདབ་པར་བྱའོ།། དེ་ནས་སྒྲུབ་པའི་གྲོགས་མཆོག་དཀྱིལ་འཁོར་དུ་གཞག ་ལ། ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱ་སྟེ། འབྲས་ཡོས་བཅས་ཤིང་ཏིལ་དང་བཽཅས།། འབྲས་ཆན་མེ་ཏོག་ཆུ་དང་བཅས།། སྲན་ཆན་བཅས་ཤིང་མང་དུ་བྱཾ།། སྣུམ་ཁུར་ལ་སོགས་བཟའ་བ་རྣམས།། ཞེས་བྱ་བའི་གཏོར ་མ་ལོ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགསོ་བ་བཟླས་ནས། ཤར་ཕྱོགས་ནས་བརྩམས་ཏེ་གསུམ་གསུམ་གཏོར་བར་བྱ་ཞིང་དྲོ་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་དང་། མཆོད་ཡོན་རྣམས་ཀྱང་ཐོག་མར་དབུའོ།། ་དེ་ལ་དང་པོར་རེ་ཞིག་མཎྜལ་རྣམས་བྱེད་དུ་གཞུག་པར་བྱའོ།། དེ་ནས་ནི་སྤྱན་དྲང་ངོ་།། དེ་ནས་དམ་ཚིག་བརྟན་ལ་མཆོད་ཡོན་ཕུལ་ཏེ། དྲི་ལ་སོགས་པས་ལེགས་པར་མཆོད་ལ་གཏོར་མ་ཕུལ་ཏེ་དེ་ནས་གཤེགས་གསོལ ་བར་བྱའོ།། དེ་ནས་སྔགས་དང་ཕྱག་རྒྱ་ནི་འདི་རྣམས་ཡིན་ཏེ། ཤར་ཕྱོགསུ་ཁ་བལྟས་ཏེ། རྐང་པ་གཡས་པ་བརྐྱང་བའི་ཚུལ་གྱིས་འདུག་ནས། ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱུ་བསྟན་ལ། གཡས་པའི་རྡོ་རྗེའི་ཕྱག ་རྒྱུ་སྟོ་ཟུར་ཕྱོགསསུ་བཞག་སྟེ། གཡས་པའི་མཛུབ་མོ་ལྕགས་ཀྱུས་སྤྱན་དྲང་བ་ནི་བརྒྱ་བྱིན་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་ལ་མཛུབ་མོ་ལྕགས་ཀྱུར་མ་བྱས་པ་ནི་བརྒྱ་བྱིན་གྱི་དོམ་ཚིག་གི་ཕྱག་རྒྱའོ།། རྐང་པ་གཡོན་བརྐྱང ་བའི་ཚུལ་གྱིས་འདུག་ལ། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏད་བྱའི་ཕྱོག་རྒྱའོ།། དེ་ནས་འདིའི་སྔགས་ན་མོ་བཛྲ་སྱ་ཙ་དི་ཤི་དི་ཤི་བཛྲ་པ་ནཻ་རཀྵ་རཀྵ་སྭཱ་ཧཱ།། མེའི་ཕྱོགསུ་བལྟས་ནས་ལག་པ་གཡོས ་པའི་མཛུབ་མོ་ཟླུམ་པོར་བཀུག་སྟེ། གུངོ་མོའི་ཚིག་གསུམ་པར་བཙུགས་ལ། མཐེ་བོ་ལ་གོ་མཐིལ་དུ་བཞག་པ་ནི་མེ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལ་མཐེ་བོ་ངོས་ལ་མཛུབ་མོ་བཙུགས་པ་ནི ་མེ་ལྷའི་དམ་ཚིག་གི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་མཐེ་བོའི་ངོས་ལ་བཙུགས་ཏེ་ཕྱིར་དྲག་ཏུ་བརྐྱང་བ་ནི་སླར་གཏོང་བའི་ཕྱག་རྒྱའོ།། དེའི་སྔགས་ནི་ཨོཾགྣེ་ཨོཾ་ཧྱ་ཀ་བ་ལྡི་ཛྭ་ལ་ཛྭ་ལ་ད་ཧཱ་ཤི་ཁི་ཏོ་ལི་པི་རཱུ ་པཀྵ་སྭཱ་ཧཱ། གཤིན་རྗེའི་ཕྱོགསུ་བལྟས་ནས་སྙིང་གི་མདུན་དུ་བཞག་སྟེ། སོར་མོ་ཕན་ཚུན་བསྣོལ་ལ་ཁུ་ཚུར་བཅངས་ནས་སྲིན་ལག་གཉིས་བསྒྲེང་སྟེ། བཞིབས་ལ་གཡབས་ཏེ་ནང་དུ་གཞག་པ་ནི་གཤིན་རྗེ་སྤྱན་དྲང་བའི་ཕྱག ་རྒྱའོ།། སྲིན་ལག་གཉིས་ཀ་ཡང་ཕྱི་རོལ་དུ་དེ་བཞིན་གཤེགས་ཏེ་བསྒྲེང་བ་སྙིང་གར་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། དེ་ཉིད་ལས་སྲིན་ལག་སྦྱར་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། སྔགས་ནི་ཡ་མཱ་ཡ་སྭཱ་ཧཱ། བདེན་བྲལ་གྱི་ཕྱོགསུ ་རྐང་པ་མཉམ་པས་འདུག་ལ། ལག་པ་གཡས་པའི་ཁུ་ཚུར་བཅངས་པ་ལས་མཛུབ་མོ་དང་གུང་མོ་རལ་གྲི་འདྲི་བར་གཞིབས་ཏེ་བསྒྲེང་ལ་བཞག། ལག་པ་གཡོན་པ་དེ་ལྟར་བྱས་ཏེ། སྟ་ཟུར་ཕྱོགསུ་བཞག་ལ། གཡོན་པོའི་མཛུག ་མོ་བཀུག་སྟེ་གཡབས་པ་ནི་བདེན་བྲལ་སྤྱན་དྲང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་ལག་པ་གཡོན་པ་སྟ་ཟུར་ཕྱོགསུ་རལ་གྲི་འདྲ་བར་བཞག་པ་ནི་བདེན་བྲལ་གྱི་དམ་ཚིགོ་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལ་མཛུབ་མོ ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། སྔགས་ནི་སརྦ་བྷཱུ་ཏ་པ་ཡཾ་ཀ་ར་ཀུ་རུ་ཀུ་རུ་སྭཱ་ཧཱ། ཆུ་ལྷའི་ཕྱོགསུ་རྐང་པ་མཉམ་པས་འདུག་ལ། ལག་པ་གཡས་པ་ཁུ་ཚུར་བཅངས་ལ། མཐེ་བོ་དང་། མཛུབ་མོ་གཅིག་ཏུ་སྦྱར་ཏེ་ཞགས་མིག་ཌྷ ་བྱས་ལ། གཡོན་པོའི་ཁུ་ཚུ་རྀ་ཡང་དེ་ལྟར་བྱས་ཏེ་སྙིང་གར་བཞག་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱང་བྱས་པ་ནི་ཆུ་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གཡོན་པའི་མཛུབ་མོ་ཁུ་ཚུར་དུ་བཞག་པ་ལས་ཞགས ་མིག་ལྟར་བྱས་པ་ནི་ཆུ་ལྷའི་དམ་ཚིག་གི་ཕྱག་རྒྱའོ།། གཡོན་པའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། སྔགས་ནི་ཨོཾ་ཏྲི་ཏཱི་པུ་ཏཱ་ཏཱི་ཏཱི་ཤི་ཁི་ཏི། ལི་བི་དུ་པཱཀྵ་སྭཱ་ཧཱ། རླུང་ལྷའི་ཕྱོགསུ་བལྟས་ཏེ་འདུག ་ལ། ལག་པོ་གཡོན་པ་ཁུ་ཚུར་བཅངས་ཏེ། གུང་མོ་བསྒྲེང་བའི་ཚིགས་དང་པོར་མཛུབ་མོ་བཀུག་པའི་ཐོར་ཏོ་བཙུགས་ལོ། ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ། སྟ་ཟུར་ལོགསུ་བཞག་ཅིང་མཐེ་བོང་བརྒལ་བ་ནི་རླུང་ལྷ ་སྤྱན་དྲང་བའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེ་བོང་སྔ་མ་བཞིན་དུ་བཞག་པ་ནི་རླུང་ལྷའི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཐེ་བོང་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། སྔགས་ནི། ཨོཾ་སྭ་ས་ཁ་ཁྭ་ཁུ་ཁ་སྭཱ་ཧཱ། ཀུ་བེ ་རོ་ལ་མངོན་དུ་བལྟས་ཏེ་འདུག་པ་ནས་ལག་པ་གཉིས་ཐལ་མོ་སྦྱར་ལ་རྡོ་རྗེ་བཅིང་བ་ནང་དུ་བཟློག་སྟེ། མཐེ་ཆུང་གཉིས་གཞིབས་ལ་བརྐྱང་དེའི་རྒྱབ་ཏུ་སྲིན་ལག་གཉིས་སོ་སོར་གནས་ནས། གུང་མོ་གཉིས་རྡོ་རྗེ་ལྟར་བཀུག ་སྟེ་གཡབས་པ་ནི་ཀུ་བོར་སྤྱན་དྲང་བའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་གུང་མོ་གཉིས་ནང་དུ་རྡོ་རྗེ་བཅིངས་པའི་ཚུལ་དུ་བཞག་པ་ནི་ཀུ་བེ་རེའི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བརྐྱང་བ ་སླར་གཏང་བའི་ཕྱག་རྒྱའོ།། སྔགས་ནི་ཨོཾ་ཀུ་བེ་ཪྵ་ཡཽ་སྭཱ་ཧཱ། དབང་ལྡན་གྱི་ཕྱོགསུ་བལྟས་ཏེ་འདུག་ལ། ལག་པ་གཅིག་ཏུ་ཐལ་མོ་སྦྱར་བ་བྱས་ལ། སྲིན་ལག་དང་མཐེའུ་ཆུང་ནང་དུ་བཀུག་སྟེ་བསྣོལ་ལ། གུང་མོ་གཉིས ་།། གཞིབས་ཏེ་བསྒྲེང་བའི་རྒྱབ་ལོགསུ་མཛུབ་མོ་གཉིས་རྡོ་རྗེ་དང་འདྲ་བ་བྱ། མཐེ་བོ་གཉིས་རབ་ཏུ་གཞིབས་ཏེ་བཞག་ལ། དེ་ཉིད་ལས་མཛུབ་མོ་གཉིས་ཕན་ཚུན་རྩེ་སྤྲད་ནས་ནང་དུ་གཡབས་པ་ནི་དབང་ལྡན་སྤྱན་དྲང་བའི ་ཕྱག་རྒྱའོ།། དེ་ཉིད་ལས་སྔ་མ་ལྟར་མཛུབ་མོ་རྡོ་རྗེའི་ཚུལ་དུ་བཞག་པ་ནི་དབང་ལྡན་གྱི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་བརྐྱང་བ་ནི། སླར་གཏོང་བའི་ཕྱག་རྒྱའོ།། སྔགས་ནི། ཧཱུཾ་ཛྲཱིཾ་ཤི་བ་སྭཱ་ཧཱ། ་གོཡོན་པ་བརྐྱང་བའི་གནས་པས་འདུག་ལ། ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ་གཞག་ལ། སྟེང་དུ་བལྟས་ཏེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས་ནི་ཚངས་པ་ལ་སོགས་པ་སྤྱན་དྲང་པོར་བྱའོ།། དེ་ཉིད་ལས་སྔ་མ་ལྟར་གཞག་པ ་ནི་དམ་ཚིག་གི་ཕྱག་རྒྱའོ།། སྤྱན་དྲང་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་བ་ནི་སླར་གཏང་བའི་ཕྱག་རྒྱའོ།། སྔགསུ་ནི་འདི་ཡིན་ཏེ། ཨུར་དྷ་བྲཱཧྨ་ཎེ་སྭཱ་ཧཱ། སཱུཪྵ་ཡ་གྲ་ཧ་ཨོཾ་དྷི་པ་ཏ་ཡཽ་སྭཱ་ཧཱ། ཙནྡྲ་ཡ་ནཀྵ་ཏྲ་ཨ་དྷི་བ་ཏ་ཡེ་སྭཱཧཱ། ་རྐང་པ་མཉམ་པར་གནས་པས་འདུག་ལ། ལག་པ་གཉིས་གཅིག་ཏུ་སྦྱར་ཏེ། སོར་མོ་རྣམ་པར་མཚ་མོས་མེད་པར་རྩེ་མོ་ཕན་ཚུན་སྦྱར། མཐེ་བོ་ཟླུམ་པར་བྱས་ལ། འོག་ཏུ་བལྟས་ཏེ་སའི་ལྷ་མོ་ལ་སོགས་པ་མཛུབ་མོ་ལྕགས ་ཀྱུས་སྤྱན་དྲང་བའི་ནི། འོག་གི་ལྷ་སྤྱན་དྲང་བའི་ཕྱག་རྒྱའོ།། སྤྱན་དྲང་པོའི་ཕྱག་རྒྱ་ལས་སྔ་མ་བཞིན་དུ་མཛུབ་མོ་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། མཛུབ་མོ་གཉིས་བཏང་པོ་ནི་སླར་བཏང་བའི་ཕྱག་རྒྱའོ།། སྔགས་ནི ་ཨ་དྷོ་པྲི་ཐི་བྷྱཿསྭཱ་ཧཱ། ཨ་སུ་རེ་བྷྱཿསྭཱ་ཧཱ། ན་གེ་བྷྱཿསྭཱ་ཧཱ། དེ་ནས་རང་གི་སྔགས་དེ་ཉིད་ཀྱི་ཐམས་ཅད་ལ་འཐོ་འཐུང་ཕུལ་ལ། བདག་དང་སློབ་མའི་ཚོགས་སུ་བཅས་པ་ལ་བགེགས་མེད་པར་མཛོད་ཅིག། ལས་ཀྱི་དངོས་གྲུབ ་ཀྱང་བདག་ལོ་སྩོལ་ཅིག། ཅེས་བརྗོད་པ་ཐམས་ཅད་སླར་བཏང་ངོ་།། ཡང་ན་དཔུང་བཟངས་ཀྱིས་ཞུས་པ་ལས་འབྱུང་བའི་ཚིགསུ་བཅད་པ་རྣམས་ཀྱིས་གཏོར་མ་དབུལ་བར་བྱ་སྟེ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ།། ་ན་མཁའ་ལྡིང་དང་འདབ་བཟངས་ལུས་སྲུལ་པོ།། དྲི་ཟླ་སྲིན་པོ་གདོན་གྱི་རིགས་རྣམས་དང་།། གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན།། བུ་སྨད་ཚོགས་བཅས་གཡོག་འཁོར་དང་བཅས་ལ།། བདག་གིས་པུས་མ~ཾ་ས་ལ ་བཙུགས་ནས་སུ།། ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི།། གསན་ནུས་ཕན་གདགས་སླད་དུ་འདིར་སྤྱོན་ཅིག། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་།། དགའ་བའི་ཚལ་དང་ལྷ་ཡི་གནས་རྣམས་དང་།། ཤར་ནུབ ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་།། རི་བོ་ཀུན་ལ་གང་དག་གནས་པ་དང་།། ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་།། རིན་ཆེན་གནས་ན་ལྷག་པར་གནས་པ་དང་།། མཚོ་དང་རྫིང་དང་ལྟེང་ཀ་ཆུ་ངོགས་དང་།། གཡའ་ཆུ་སིལ ་མ་ཅན་ན་གང་གནས་དང་།། གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་།། ཁང་སྟོང་དང་ནི་ལྷའི་ཁང་པ་དང་།། གཙུག་ལག་ཁང་ངམ་གྲོང་ཁྱེར་གནས་དག་གམ།། དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི།། རྒྱལ་པོའི ་དཀོར་ཁང་དག་ན་གང་གནས་དང་།། ལམ་སྲང་བཞི་མདོ་དྲག་དང་སུམ་མདོ་དང་།། གང་དག་ལམ་ཆེན་དང་ནི་ཤིང་གཅིག་དང་།། དུར་ཁྲོད་ཆེན་པོ་འམ་ནགས་ཚལ་ཆེན་པོ་འམ།། སེང་གེ་དྲེད་དང་གཅན་ཟན་གནས་དག ་དང་། འབྲོག་ཆེན་འཇིག་སུ་རུང་བར་གང་གནས་དང་།། གང་དག་གླིང་མཆོག་དག་ན་གནས་པ་དང་།། ལྷུན་པོ་དུར་ཁྲོད་དག་ན་གནས་པ་རྣམས།། རབ་ཏུ་དགྱེས་ཤིང་མགུ་བར་གྱུར་གནས་སུ།། ཕྲེང་བ་མེ་ཏོག་དྲི་དང་བྱུག་པ་རྣམས ་བསྟོད་དང་གཏོར་མ་མར་མེ་གུས་འབུལ་བས།། འདི་དག་བཞེས་ཏེ་བཏུང་ཞིང་བསྣམས་ནས་སུ།། ལས་འོདི་རྣམས་ཀྱི་འབྲས་བུ་མཆིས་པར་མཛོད།། དེ་ལྟར་གདོན་ལ་མཆོད་པ་བྱས་ནས་ནི།། དེ་ནས་ཕྱོགས་སྐྱོང་རྣམས་ལ་གཏོར ་མ་བྱིན།། ཤར་ཕྱོགས་རྡོ་རྗེ་ཅན་དེ་ལྷ་ཚོགས་བཅས།། གཏོར་མོ་ཕུལ་བ་འདི་དག་བཞེསུ་གསྔལ།། མེ་དང་གཤིན་རྗེ་བདེན་བྲལ་སྲིན་པོའི་བདག། ཆུ་བདག་རླུང་བདག་ནོར་གྱི་བདག་པོ་སྟེ།། དབང་ལྗོན་ལྷ་སྟེ་འབྱུང་པོའི་བདག ་པོ་དང་།། སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་།། ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་།། རི་ཡི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ།། སོ་སོ་སོ་སོར་གཏོར་མཾ་ཕུལ་བ་རྣམས།། རབ་ཏུ་དགྱེས་པ་ཡིས་ནི་བཞེས་ནས་ཀྱང་།། རང ་རང་ཕྱོགས་སུ་ལེགས་པར་བཞུགས་ནས་སུ།། རང་གི་བུ་སླད་མཛའ་བཤེས་གཉེན་འདུན་དང་།། ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ།། མེ་ཏོག་དྲི་དང་བྱུག་པ་གཏོར་མར་བཅས།། འདི་རྣམས་བཏུང་ཞིང་ལེགས ་པར་གསོལ་ནས་ཀྱང་།། བདག་གི་ལས་འདི་འབྲས་བུ་མཆིས་པར་མཛོད།། དེ་ལ་འདི་ནི་ཕྱི་དང་ནང་དུ་བཅས་པའི་གཏོར་མ་སྦྱིན་པའི་སྔག་སོ།། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུ་ཏ་བནྡྷ་ཏྭཱཏཱ། དེ་ནས་ཉེ་རེག་བྱས་ལ་ཤར་ཕྱོགས་ཀྱི་སྒོ ་ལ་མངོན་པར་བལྟས་ཏེ། གནས་པའི་ལས་ཐམས་ཅད་པའི་ཐབ་ཁུང་གིས་དབུས་སུ་དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྔགས་བཟློས་ཤིང་མེ་ཏོག་གིས་བཞུགསུ་གསོལ་ལ།། སྦྱིན ་སྲེག་གི་ཆོ་གས་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཀྱིས་བའི་མར་ལས་སྤྱི་བླུགས་བརྒྱ་རྩེ་བརྒྱད་དབུལོ།། དཔལ་རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་ཀྱང་ཁྲོ་བོ་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་བར་ཡང་སྲེག་བླུགས ་བདུན་བདུན་དབུལོ།། དེ་ནས་རྣམ་པར་སྣང་མཛད་ལ་སོགས་པ་མེ་ཐབ་ལས་མེ་ཏོག་གི་སྤྱན་དྲངས་ལ། རྣམ་པར་སྣང་མཛད་ལ་སོགས་པའི་སྔགས་ཀྱིས་བྲིས་པའི་དཀྱིལ་འཁོར་དུ་རང་རང་གི་གན་སུ་བཞུགསུ་གསོལ་བར ་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། བདག་མིང་འདི་ཞེས་བགྱི་བ་ཡི།། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེས།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། སློབ་མ་རྣམས་ནི་གཞུག་པར་བགྱི།། དེ་ལ་བཅོམ ་ལྡན་འདས་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་པ་ལ་སྣོད་དུ་གྱུར་པ་དང་། མ་གྱུར་པ་རྟག་མི་འཚལོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་ཁ་ཅིག་ནི་སྡིག་པ་ཆེན་པོ་བགྱིད་པ་ཡང་མཆིས་ཏེ། དེ་དག་གི་རྡོ་རྗེ་ཧཱུཾ་མཛད་ཀྱི ་དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཏེ། མཐོང་ན་ངན་སོང་ཐམས་ཅད་བྲལ་བར་འགྱུར་རོ།། བཅོམ་ལྡན་འདས་ནོར་དང་། བཟའ་བ་དང་། བཏུང་བ་དང་། འདོད་པའི་ཡོན་ཏན་ཐམས་ཅད་ལ་སོགས་པ་དང་། དམ་ཚིག་ལ་མི་དག ་བ་དང་། སྔར་སྤྱད་པ་ལ་སོགས་མི་ནུས་པའི་སེམས་ཅན་དག་ཀྱང་མཆིས་ཏེ། དེ་དག་ཀྱང་འདིར་ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་རྫོགས་པར་འགྱུར་རོ།། བཅོམ་ལྡན་འདས་སེམས་ཅན ་ག་ནི་གར་དང་། གླུ་དང་། གང་མོ་དང་། རྩེད་མོ་དང་། ཁ་ཟས་དང་། སྤྱོད་པ་ལ་དགའ་བ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ཁོང་དུ་མ་ཆུད་པས་ལྷ་གཞན་གྱི་རིགས ་དང་དཀྱིལ་འཁོར་དུ་འཇུག་གི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་རེ་བ་ཐམས་ཅད་ཡང་དག་པར་རྫོགས་པར་གྱུར་པ། བླ་ན་མེད་པའི་དགའ་བ་དང་། མགུ་བ་དང་། རངས་པར་འབྱུང་བ་དེར་ནི་བསླབ་པའི་ཚིག ་གིས་འཇིགས་ཤིང་སྐྲག་ནས་མི་འཇུག་པ་དག་ཀྱང་མཆིས་ཏེ། དེ་དག་ངན་སོང་གི་དཀྱིལ་འཁོར་གྱི་ལམ་དུ་འཇུག་པར་ཁ་བལྟས་ཤིང་གནས་པ་རྣམས་ཀྱང་དགའ་བ་དང་། མགུ་པའི་དམ་པ་འགྲུབ་ཅིང་། བདེ་བ་དང་། ཡིད ་བདེ་བ་མྱོང་བར་བགྱི་བ་དང་། ངན་སོང་གི་རྒྱུད་ཐམས་ཅད་དུ་ཁ་བལྟས་པའི་ལམ་ལས་བཟློག་པར་བགྱི་བའི་སླད་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཆེན་པོར་འཇུག་ཏུ་རུང་ངོ་།། བཅོམ་ལྡན་འདས་ཆོས་ཅན་གྱི་སེམས་ཅན་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་དང་། ཏིང་འཛིན་དང་ཤེས་རབ་དམ་པ་འགྲུབ་པའི་ཐབས་ཀྱིས་འབད་ཅིང་ཉོན་མོངས་པ་དག་ཀྱང་མཆིས་ཏེ། དེ་དག་ཀྱང་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་འདིར་ཞུགས་མ་ཐག་ཏུ་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱང་འགྲུབ་པར་དཀའ་བ་མ་ལགས་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་ཞུ་བར་བྱའོ།། དེ་ནས་སློབ་མ་གཞུག་པར་བྱ་སྟེ། དེ་ལ་བསླབ་པའི་གཞི་ལྔ་ཡོངསུ་གཟུང་བའི་དགེ་བསྙེན་ནམ། དགེ་སྦྱོང་ངམ། དགེ ་སློང་གི་སྡོམ་པ་ཡོངསུ་བླངས་ལ། སློབ་དཔོན་དུ་དབང་བསྐུར་བར་འོས་པས་སློབ་དཔོན་གྱི་ཞབས་གཉིས་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ ་བྱང་ཆུབ་སེམས་དཔའི་ཚུལ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལོ།། དམ་ཚིག་དེ་ཉིད་སྩལ་དུ་གསོལ།། སྡོམ་པ་རྣམས་ཀྱང་སྩལ་དུ་གསོལ།། དེ་ནས་སློབ་མ་ལ་རྡོ་རྗེ་བསྲུང་བ་ཡོངསུ་བཟླས་པའི་རས་སྔོན་པོའི་སྟོང་གཡོགས ་དང་སྨད་གཡོགས་བསྐོན་ཞིང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྒོ་བསྲུངས་བཞིས་བཟླས་པའི་གདོང་གཡོགས་བཅིངས་ལ། ཕྱག་བཞི་བྱེད་དུ་གཞུག་པར་བྱའོ།། ཡང་ལག་ན་མེ་ཏོག་ཐོགས་པའི་སློབ་མས་སློབ་དཔོན་ལ ་ཕྱག་བྱས་ལ། ལག་ན་མེ་ཏོག་ཐོགས་པ་ཉིད་དང་། བཤགས་པ་དང་། རྗེ་སུ་ཡི་རང་དང་། བསྐུར་བ་དང་། གསོལ་བ་ཡང་བྱས་ནས། འདི་སྐད་ཅེས་བརྗོད་པོར་བྱའོ།། གཙོ་བོ་བདག་ལ་སྡོམ་པ་སྩོལ།། ཐུབ་པའི་ཉི་མ་མ་ལུས ་སངས་རྒྱས་བདག་ལ་དགོངསུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ནི།། སླབ་དབང་དུ་གནས་པ་ལ།། སངས་རྒྱས་རོལ་མོ་ལས་བྱུང་བའི།། མི་ལྡོག་འཁོར་ལོའི་འབྱོར་པར་ལྡན།། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག། ་གསང་བ་ཆེན་པོར་འཇུག་པར་བགྱི།། གསང་བའི་རིགས་མཐོ་ཐམས་ཅད་དུ།། སློབ་དཔོན་ཆེན་པོ་བདག་འཇུག་མཛོད་།། མི་ལྡོག་པ་ཡིས་དབང་བསྐུར་བ།། སྐལ་བ་ཆེན་པོ་བདག་ལ་སྩོལ།། མཚན་རྣམས་ཀུན་གྱིསཽ་རྒྱས་བཏ ་ཅིང་།། དཔེ་བྱད་རྣམས་དང་ཡང་ངག་ལྡན།། སངས་རྒྱས་ཀུན་ནི་ཡིད་འོང་བ།། སློབ་དཔོན་ཆེན་པོ་བདག་ལ་སྩོལ།། དབང་བསྐུར་བ་ནི་རྨེད་བྱུང་ཆེ།། སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར།། བདག་ནི་རྟག་ཏུ་སློབ་དཔོན་གྱུར།། སློབ་དཔོན ་ཆེན་པོ་བདག་ལ་སྩོལ།། དེ་ནས་སློབ་དཔོན་གྱིས་རིགས་ཐམས་ཅད་ལ་གསོལ་ལ་གདབ་པར་བྱ་སྟེ། ཆེ་གེ་ཞེས་བྱ་བ་འདི་ཉིད་ནི།། བྱང་ཆུབ་སེམས་ནི་ཡོངས་འཛིན་ཅིང་།། དུམ་ཐིག་སྡོམ་དང་གསང་བ་ཡི།། འཁོར་ལོ་འདིར ་ཡང་འཇུག་པར་འཚལ།། དེ་ནས་སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གསང་བ་ཆེན་པོའི་རིགས་དག་པོ།། གསང་བ་ཡོངསུ་འཛིན་པར་ནི།། བདག་ཉིད་ཆེན་པོ་ཁྱོད་འདོད་དམ།། དེས་ཀྱང་འཚལ་ཞེས་བརྗོད་པར་བྱ ་སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་གསུམ་ལ་སྐྱེབསུ་སོང་།། འདི་ནི་སངས་རྒྱས་རིགས་ངག་པཱི།། དམ་ཚིག་བརྟན་པར་གྱུར་པའོ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས།། བྱང ་ཆུབ་སེམས་གང་དེ་རྡོ་རྗེ།། ཤེས་རབ་དྲིལ་བུ་ཞེས་བཤད་དོ།། སློབ་དཔོན་དག་ཀྱང་གཟུང་བར་བྱ།། བླ་མ་སངས་རྒྱས་ཀུན་དང་མཉམ།། འདི་ནི་རྡོ་རྗེ་རིགས་དག་པའི།། སྡོམ་པ་དམ་ཚིག་ཡིན་པར་གསུངས།། རིན་ཆེན་རིགས་མཆོག་ཆེན ་པོ་ལ།། ཉིན་དང་མཚན་མོ་ལན་གསུམ་དུ།། ཟང་ཟིང་མི་འཇིགས་ཆོས་དང་བྱམས།། སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན།། ཕྱི་ནང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་གཟུང་བར་བྱ།། འདི་ནི་པདྨའི་རིགས་དག་པའོ།། དམ ་ཚིག་སྡོམ་པ་ཡིན་པར་གསུངས།། ལས་ཀྱི་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་གཟུང་བར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བྱ།། དེ་ལས་གཞན་པ་བཅུ་བཞི་འདི།། ཕྲས་ཕམ་པར་ནི་རབ ་ཏུ་བཤིང་།། སྤང་ཞིང་དོར་བར་མི་བྱ་སྟེ།། རྩུ་བའི་ལྟུང་བ་ཞེས་བཤད་དོ།། ཉིན་དང་མཚན་མོ་ལེན་གསུམ་དུ།། ཉིན་རེ་ཞིང་ནི་བཟླ་བར་བྱ།། གང་ཚེ་ཉམས་གྱུར་རྣལ་འབྱོར་པ།། ཁ་ན་མ་ཐོ་སྦོམ་པོར་གྱུར།། ཁྱོད་ཀྱི་སྲོག་ཆགས ་གསད་མི་བྱ།། མ་བྱིན་པར་ཡང་མི་བླང་ངོ་།། འདོད་པ་ལོག་པ་མི་སྤྱད་ཅིང་།། བརྫུན་དུ་སྨྲ་བར་མི་བྱའོ།། ཕུང་ཁྲེལ་ཀུན་གྱི་རྩ་བ་ཡཱ།། ཆང་ན་རྣམ་པར་སྤང་བར་བྱ།། སེམས་ཅན་འདུལ་ཕྱིར་མ་གཏོགས་པ།། བྱ་བ་མ་ཡིན་ཐམས ་ཅད་སྤང་།། དམ་པོ་ཉེ་བར་བསྟེན་བྱ་ཞིང་།། རྣལ་འབྱོར་པ་རྣམས་བསྙེན་བཀུར་བྱ།། ལུས་ཀྱི་ལོས་ནི་རྣམ་གསུམ་དང་།། ངག་གི་རྣམ་པ་བཞི་རྣམས་དང་།། ཡིད་ཀྱི་རྣམ་པ་གསུམ་དག་ནི།། ཅི་ནུས་པར་ནི་རྗེསུ་སྐྱོངས།། ཐེག་པ ་དམན་ལ་འདོད་མི་བྱ།། སེམས་ཅན་དོན་ལ་རྒྱུབ་ཕྱོགས་མིན།། འཁོར་བ་དག་ཀྱང་ཡོངས་མི་སྤང་།། རྟག་ཏུ་མྱ་ངན་འདས་མི་ཆགས།། ལྷ་དང་ལྷ་མིན་གསང་བཱ་ལ།། ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་།། ཕྱག་རྒྱ་བཞོན་པ་ཚོན ་ཆ་དང་།། མཚན་མ་བསྒོམ་པར་མི་བྱའོ།། འདི་དག་དམ་ཚོག་ཡིན་པར་བཤད།། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ།། ངེས་ཀྱང་འདི་སྐད་བརྗོད་པར་བྱ་སྟེ། སློབ་དཔོན་འདིར་ནི་བདགོ་ལ་གསོན།། གཙོ་བོས་ཇི་ལྟར་བཀའ་སྩལ་པ།། དེ་ལྟར ་བདག་ནི་བགྱིད་པར་འཚལ།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། བྱང་ཆུབ་ཏུ་ནོ་ངེས་མཛད་པ།། ཞེས་བྱ་བ་ལ་སོགས་པ་ནས། སེམས་ཅན་མྱ་ངན་འདས་ལ་དགོད།། ཅེས་བྱ་བའི་བྱར་དུ་བརྗོད་པར་བྱའོ།། གླང་ཞིག་སྡོམ་པ ་འཛིན་པར་མི་བྱེད་པ་དེ་ལ། དེང་ཁྱོད་ཅེས་བྱ་བ་ལ་སོགས་པ་བརྗོད་པར་མི་བྱ་སྟེ། སློབ་དཔོན་དུ་རྗེ་སུ་གནང་པ་དང་། དབང་བསྐུར་བར་ཡང་མི་བྱ་ཞིང་། འཇུག་པ་ཙམ་ཞིག་བྱེད་དུ་གཞུགོ།། དེ་ནས་ཨོཾ་སརྦ་ཡཽ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི ་ཞེས་བྱ་བ་འདིསོ།། བྱང་ཆུབ་སེ་མོས་ནི་བླ་མེད་པ།། དམ་པ་དག་ནི་བསྐྱེད་ནས་སུཾ།། དེ་ཡི་སྙིང་གར་སྙིང་པོས་ནི།། རྡོ་རྗེ་རབ་ཏུ་གཞག་པར་བྱ།། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷ་ཡཱ་ཐཱ་སུ་ཁཱ། དེ་ནས་དེ་རྡོ་རྗེ་སེམས་དབྱར་བྱིན་གྱིས ་བརླབས་ལ། དྲི་དང་མཻ་ཏོག་ལ་སོགས་པས་མཆོད་དེ། མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོང་དྲི་ཞིམ་པར་བྱོས་ལ། ཡོན་གྱི་མཆོག་བླངས་ནས། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། ཨོཾ་གྲྀཧྞ་བཛྲ་ས་མ ་ཡ་ཧཱུཾ་ཞེས་བྱ་བ་འདིས་ཁྲོ་བོ་ཏི་རིན་ཏི་རིའི་ཕྱག་རྒྱ་རང་ཉིད་ཀྱིས་བཅིངས་ལ། སློབ་མ་རྣམས་འཆིང་དུ་གཞུག། རྡོ་རྗེ་བསྡམས་པ་ནང་བཅིངས་ནས།། ཡིད་ཀྱི་ཁྲོས་པ་དག་པ་བྱ་ཞིང་།། རྡོ་རྗེ་མཐེ་བོ་དམ་པ་སྟེ།། ཁྲོ་བོ་ཏི་རིན་ཏི་རའི་བཤད ་དེ་ནས་དེ་ཉིད་ཀྱི་མཐེ་བོ་གཉིས་ཀྱིས་མེ་ཏོག་གི་ཕྲེང་བ་འཛིན་ཏུ་བཅུག་ལ། ཨོཾ་བཛྲ་ས་མ་ཡ་པྲ་བེ་ཤ་ཡུ་མི་ཞེས་བྱ་བའི་སྙིང་པོ་འདིས་གཞུག་པར་བྱའོ།། ཤར་ཕྱོགས་ཀྱི་སྒོ་ནས་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱ་ཞིང་། ལྷོ་ཕྱོགས། ་ནས་ཞགས་པས་གཞུག་པར་བྱའོ།། ནུབ་ཕྱོགས་ནས་ལྕགས་སྒྲོགས་གིས་བསྡམ་པར་བྱའོ།། བྱང་ཕྱོགས་ནས་རྡོ་རྗེ་འབེབས་པས་དབབ་པར་བྱའོ།། དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་བཅུག་འདི་སྐད་ཅེས ་བརྗོད་པར་བྱའོ།། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འགྲུབ་པ་ཡང་འཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ ་བུའི་ཡེ་ཤེས་བསྐྱེད་པར་བྱས། ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མི་བྱེད་ཅིག། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཁྲོ་བོ་ཏཽ་རིན་ཏི་རའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ ་དང་གྱེན་དུ་བསྟན་པ་བཅིངས་ལོ།། སློབ་མའི་སྤྱི་བོར་བཞག་ལ། འདི་སྐད་ཅེས་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་གླང་པ་འགས་པར་འགྱུརརོ།། དེ་ནས་དམ་ཚིག་གི་ཕྱག ་རྒྱ་དེ་ཉིད་དང་། མནའི་སྙིང་པོ་འདི་ལན་ཅིག་བརྗོད་པའི་ཆུ་རྡོ་རྗེ་སློབ་མ་དེ་ཉིད་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི།། སྙིང ་ལ་ཡང་དག་ཞུགས་པར་མཛད།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་བྲལ་ནས་གཤེགས།། ཨོཾ་བཛྲོད་ཀ་ཐཱ་དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བཙམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ནི་ང ་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ།། ཁྱོད་ཀྱི་ང་ལ་བརྙས་པར་མ་བྱེད་ཅིག། མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རཽ། དེའི་རྗེས་ལ་ཡི་གེ་ཨ ་རྡོ་རྗེ་འོད་ཟེར་གྱི་ཕྲེང་པོ་དང་ལྡན་པ་རང་གི་སྙིང་གར་བསམ་པོར་བྱའོ།། དེ་ནསོ་སློབ་མའི་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཏྲཾ་ཧྲཱིཿ་འདི་དག་ལས ་རྡོ་རྗེ་རྩེ་ལྔ་པ་འབར་བ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོག་སྔོ་རྡོ་རྗེ་གོ་རིམས་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ།། དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་རང་དང་སློབ་མའི་སྙིང་གར་དབྱེ་བར་བྱས་ནས་རང་གི་སྙིང་ག ་ལས་ཡི་གེ་ཨ་ཕྱུང་ལ། སློབ་མའི་སྙིང་ག་ལ་གནས་པའི་རྡོ་རྗེའི་དབུས་སུ་བློས་བཙུག་སྟེ། ལུས་ཐམས་ཅད་ཀུན་ཏུ་གང་བར་གྱུར་པར་བསམས་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ་རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག། ཅེས་སྨོས་ཤིག། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་ཁྲོ་བོ་ཏི་རིན་ཏི་རའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དུ་གཞུག།། འདི་ནི ་རྡོ་རྗེ་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ཡིན་པར་གྲགས།། རྡོ་རྗེ་ཡེ་ཤེས་བླ་མེད་འདི།། དེ་རིང་ཉིད་དུ་འབིབ་པར་ཤོག། ཨོཾ་བཛྲ་ཨཱ་བེ་ཤ་ཞེས་བཅུ་འམ། ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། དྲུག་ཅུ་འམ། བདུན་ཅུ་འམ། ་བརྒྱད་ཅུའམ། དགུ་བཅུ་འམ། བརྒྱ་བཟླས་ནས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་སྐུ་མདོག་དམར་པོ་འོད་ཟེར་དམར་པོ་ཀུན་དུ་འཁྲུགས་པས་ཡོངསུ་གང་བར་བསམས་ན་ངེས་པར་འབབ་པར་འགྱུར་རོ།། ཡང་གལ་ཏེ་བབས་པར ་མ་གྱུར་ན་དེའི་ཚེ་རྡོ་རྗེ་འབེབས་པའི་དེམ་ཚིགས་གི་ཕྱག་རྒྱ་དྲིལ་བུ་དང་བཅས་པ་བཅིངས་ལ་རྐང་པ་གཡོན་པས་དེའི་རྐང་པ་གཡས་མནན་ནས་དེ་ཉིད་ལ་དབབ་པར་བྱ་བའི་ཕྱིར། སྟེང་གི་ན་མཁའ་ཕྱོགསུ་རྣམ་པར་སྣང ་མཛད་རྡོ་རྗེ་ཧཱུཾ་མཛད་ཀྱི་སྟེང་ན་ཁྲོས་པས་ཡི་གེ་ཧཱུཾ་གི་འོད་ཟེར་གྱི་ཚོགས་ཀྱིས་མནན་པར་མཛད་པ་དང་། འོག་ནས་ཀྱང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ཡ་གེ་ཧཱུཾ་གིས་འདེགས་པར་གྱུར་ལ། དེ་བཞིན་དུ་མི་བསྐྱོད་པ་ལ་སོགས ་པ་ཤར་ཕྱོགས་ལ་སོགས་པར་ཞུགས་པས། ཧཱུཾ་ཏྲཾ་ཧྲཱི་ཨ་ཞེས་བྱ་བའི་རང་རང་གི་ས་བོན་གྱི་འོད་ཀྱི་ཚོགས་ཡང་དག་པར་འབེབས་པར་བསམ་ཞིང་ཧཱུཾ་བཛྲ་ཨཱ་བེ་ཤ་ཨ་ཞེས་ལན་བརྒྱ་ཟློས་ཤིང་དེ་དབོབ་པར་བྱའོ།། གལ ་ཏེ་སྡིག་པ་ཤིན་ཏུ་ཆེ་བས་བབས་པ་གྱུར་ན་སྡིག་པར་བྲལ་བའི་ཕྱག་རྒྱས་སྡིག་པ་བྲལ་བར་བྱའོ།། དེ་ནས་ཡམ་ཤིང་དམར་པོ་རྣམས་ཀྱི་མེ།། རལ་པར་རྡོ་རྗེ་ཁྲོ་བོ་ཡི།། མཉམ་པར་བཞག་པས་སྙོམས་ཞུགས་ལ། ་ཏིལ་བསྲེགས་པས་ནི་སྡིག་བསྲེགས་ཤིང་།། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བྱ་བ་དང་ལག་པ་གཡས་པའི་སྟེང་དུ་ཏིལ་ནག་པོ་ལས་སྡིག་པའི་གཟུགས་བརྙན་བྱས་ལ། ཧཱུཾ་དབུས་སུ་བསམས་པའི་མཛུབ་མོ་དང ་མཐེ་བོས་སྦྱིན་སྲེག་བྱའོ།། དེ་ནས་སྦྱིན་སྲེག་གི་ཐབ་ཁུང་ལས་བྱུང་བའི་འབར་བའི་ཕྲེང་བ་ཀུན་ཏུ་འཁྲུགས་པའི་རྡོ་རྗེ་དེའི་ལུས་ལ་འབར་བས་སྡིག་པ་རྣམས་བསྲེགས་པར་གྱུར་པར་བསམ་པར་བྱའོ།། དེ་ནས་རྡོ་རྗེ་འབེབས ་པའི་ཕྱག་རྒྱུང་བཞིན་དུ་བཅིངས་ལོ་དབབྱེ་པར་བྱས་ན་ངེས་པར་འབབ་པར་འགྱུ་རོ།། དེ་ལྟ་བུས་ཀྱང་དབབ་པར་མ་གྱུར་པ་གང་ཡིན་པ་དེ་ལ་དབང་བསྐུར་བར་མི་བྱའོ།། བབས་ནས་སྐད་ཅིག་མ་དེ་ཉིད་ལ་མངོན་པར་ཤེས ་པལྷོ་ལ་སོགས་པ། རྫོགས་པར་འགྱུརོ།། དེ་ནས་དྲབས་པར་ཤེས་བྷ་དང་། ཨོཾ་ཛྙཱ་ཧཱུ~ཾ་སེམས་དཔཥྚ་བསྡུས་པས་ན་ཞེས་བྱ་བ་ལ་སོགས་པ་གླུ་བླངས་ལ།། ཁྱོ་བོའོ་ཁུ་ཚུར་གྱིས་དེ་བཞིན་དུ་སེམས་མྱ་རྡོ་རྗེ་མའི་ཕྱག་རྒྱ་དང ་པར་བྱའོ།། གལ་ཏེ་བབས་ནས་རྡོ་རྗེ་སེམས་དཔས་ཁྲོ་བོའི་ཁུ་ཚུར་བཅིངས་ནས་ངོའི་ཚེ་སློབ་དཔོན་གྱིས་རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་ཁུ་ཚུར་བཅིངས་པར་བྱའོ།། དེ་བཞིན་དུ་གལ་ཏེ་རྡོ་རྗེ་བཞེད་པའི་ཁྲོ་བོའི་ཁུ་ཚུ་རོ་བ ་ནས་དེའི་ཚེ་རྡོ་རྗེ་ཆོས་ཀྱི་ཁྲོ་བོའི་ཁུ་ཚུར་གྱིས་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལྟ་བུས་ནི་བྱིན་གྱིས་བརླབ་པར་འགྱུརརོ།། དེ་ནས་དེའི་ཚེ་ལྕེ་ལ་རྡོ་རྗེ་བསམྱ་ལ་སྨོས་ཤིག་རྡོ་རྗེ་ཞེས་བརྗོད་པར་བྱའོ།། དེ་ནས་ནི་ཐམས་ཅད་སྨྲ་བར་འགྱུརརོ།། དེ ་ནས་པྲ་ཏིཙྪ་བཛྲ་ཧོ།། ཞེས་བྱ་བས་ཕྲེང་བ་དེ་དཀྱིལ་འཁོར་ཆེན་པོ་རོ་དོར་བར་བྱའོ།། དེ་ནས་གང་དུ་བབས་པར་གྱུར་པ་དེ་ཉིད་ལ་འགྲུབ་པར་འགྱུར་རོ།། དེ་ནས་ཨོཾ་པྲ་ཏ་གྲྀཧྞ་སྭ་མི་མཾ་སཏྲྀ་མ་ཧཱ་བ་ལ་ཞེས་བྱ་བ་ཕྲེང་བ་དེ་དེའི་མགོ་ལ ་བཅིང་བར་བྱའོ།། དེ་ནས་ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི།། མིག་འབྱེད་པོར་ནི་བརྩོན་པར་མཛད།། མིག་ནི་ཐམས་ཅད་འབྱེད་མཛད་དེ།། རྡོ་རྗེའི་མིག་འདི་བླ་ན་མེད།། ཧེ་བཛྲ་བཱ་ཤྱ་ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར ་བྱའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་ནུས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བར་དུ་དཀྱིལ་འཁོར་ཆེན་པོ་བསྟོན་པར་བྱའོ།། དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་སློབ་མའི་སྙིང་གར་དབབ་པའི་ཕྱག་རྒྱ་དགྲོལ ་དུ་གཞུག་པར་བྱའོ།། དེ་ནས་ཕྱིའི་དཀྱིལ་འཁོར་གྱིས་ནང་ངམ་ཕྱི་རོལ་དུ་ཟླ་བའི་དཀྱིལ་འཁོར་ཤར་སྒོ་ལ་མངོན་པར་ཕྱོགས་པར་བྲིས་ལ་དེར་སློབ་མ་གཞོག་སྟེ། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་རྡོ་རྗེ་སེམས་དཔའ་ལ ་སོགས་པས་ཕྱོག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། དབང་བསྐུར་བར་བྱ་བ་ནི་མཆོད་ཡོན་བསྟབས། དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ། གདུགས་དང་རྒྱལ་མཚན་དང་། བ་ངན་ལ་སོགས་པ་དང་། དུང་དང་རོལ་མོ་ལ ་སོགས་པའི་སྒྲ་རྣམས་ཀྱིས་མཆོད་པར་བྱའོ།། དེ་ནས་བཀྲ་ཤིས་ཚིག་སུ་བཅད་པས་མངོན་པར་དགའ་བར་བྱ་ཞིང་། དང་པོར་རེ་ཤིག་ཆུ་ཡིས་དབང་བསྐུ་རོ།། དེ་ནས་ནི་ཕྱག་རྒྱའི་དབང་བསྐུར་བ་དང་། ཅོད་པན་དང་། དུར ་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་བས་དབང་བསྐུར་ནས། ཡང་མེ་ཏོག་ལ་སོགས་པ་དང་། སྒེག་མཽ་ལ་སོགས་པ་མཆོད་པ་བརྒྱད་ཀྱིས་ཡང་དག་པར་མཆོད་བར་བྱའོ།། སློབ་མས་ཀྱང་ཐལ་མོ་སྦྱར་ཏེ། ་སློབ་དཔོན་ལ་ཕྱག་བྱས་ལ་ཡོན་གྱི་མཆོག་ཕུལ་ཏེ་མེ་ཏོག་ལ་སོགས་པའི་དཔུང་བསྐུར་བ་ཡང་བླང་བར་བྱའོ།། སློབ་དཔོན་གྱི་དབང་བསྐུར་བ་ནི་ཇི་སྐད་དུ་བསྟན་པའི་གནས་སུ་རྡོ་རྗེ་ཧཱུཾ་མཛོད་ཀྱི་ཕྱག་རྒྱ་ཆེན་པོ་བཞག་ལ། དེའི ་ལུས་ལ་དཔལ་རྡོ་རྗེ་ཧཱུ~ཾ་མཛད་ལ་སོགས་པ་དམ་ཚིག་གི་ཕྱག་རྒྱས་བཀོད་དེ། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྲཾ་ཨ་བྷི་ཥོཉྩ་མི་དྲྀ་ཌྷོ་མཾ་བྷ་བ་ཛཿཧཱུཾ་བཾ་ཧོཿཧཱུཾ་ཕཊ་ཅེས་བྱ་བ་འདིས་ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་སྟོང་རྩ་བརྒྱད་བཟླས ་པར་བྱའོ།། དེ་ནས་འོད་ཉིད་ཟློས་ཤིང་རྣམ་པར་རྒྱལ་པོའོ་བུམ་པ་ལས་རྡོ་རྗེཁུ་ཚུར་གྱིས་སུ་བླངས་ལ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བ་ཟློས་ཤིང་ཆུའི་དབང་བསྐུར་བ་སྦྱིན་པར་བྱའོ།། འདི་སྐད་ཀྱང་བརྗོད་པར་བྱ་སྟེ། འདི་ནི ་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར།། རྡོ་རྗེ་བདུད་རྩིའི་ཆུས་འགྲུབ་པོ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་རྣམས།། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུས ་པའི་ནང་གནས་ན།། དད་པ་མེད་པའི་བརྒད་པར་འགྱུར།། དེ་ནས་ཆོ་ག་ཐམས་ཅད་རྗེ་སུ་བཅད་ལ། སློབ་མ་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། ཚིགསུ་བཅད་པ་ལྷས་རྗེ་སུ་གནང་བ་བྱིན་ནས་གཟེངས་བསྟོད་པ་དང་ལུང་བསྟན ་པས་སློབ་མ་ཐམས་ཅད་ལ་ལུང་བསྟན་པར་བྱའོ།། དེ་ནས་གསང་བའི་དབང་བསྐུར་བར་བཤད་པར་བྱ་སྟེ། སློབ་དཔོན་དུ་དབང་བསྐུར་བར་འོས་པ་བཅུག་ནས་དཀྱིལ་འཁོར་དང་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་ཐམས་ཅད་དང ་སློབ་དཔོན་གྱི་ལས་ཐམས་ཅད་བསླབ་པར་བྱའོ།། འདི་ཙམ་གྱིས་ནི་གསང་བའི་དབང་བསྐུར་བས་དབང་བསྐུར་བར་གྱུར་པ་ཡིན་ནོ།། ཡང་ན་རྩ་བའི་དཀྱིལ་འཁོར་ལས་ཁྲུ་གཉིས་ཙམ་ཡོངསུ་དོར་བར་དབུས་མའི་དཀྱིལ་འཁོར ་གྱི་ཕྱེད་ཀྱི་ཚད་ཙམ་གྱི་གྲུ་བཞི་པ་ལ་འཇུག་པོའི་སྒྲོ་ལ་མངོན་པར་ཕྱོགས་པར་སྒྲོ་ནུབ་ཏུ་བལྟས་པའི་དཀྱིལ་འཁོར་ཚོན་སྣ་ལྷས་བྲིས་པ་དེའི་དབུས་སུ་པདྨ་འདབ་བརྒྱད་བྲིས་ནས། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ལེགས ་པར་བྲིས་ནས་རྩ་བའི་དཀྱིལ་འཁོར་བཞིན་དུ་དཀྱིལ་འཁོར་དེ་མཆོད་ལྷ་གླང་པོ་ཆེའི་གདན་ལ་ཟླ་བའི་དཀྱིལ་འཁོར་དར་གྱིས་བཀབ་པ་ལ་རྡོ་རྗེ་གནོད་སྦྱིན་ཡོངསུ་བཟླས་ལ་དེའི་དབུས་སུ་བཞག་ལ། དབང་བསྐུར་བར ་འོས་པ་ཡང་དེ་བཞིན་དུ་བྱིན་གྱིས་བརླབས་ནས། གདན་གྱི་སྟེང་ན་གཡོན་བརྐྱང་བའི་གནས་པས་དབང་ཕྱུག་ཆེན་པོའི་སྟེང་དུ་ཇི་ལྟ་བ་བཞིན་དུ་གཞག་ནས། གླང་པོ་ཆེའི་སྟེང་དུ་བླ་རེ་བྲེས་པ་དང་། གཡས་ལེགས་སུ ་རྡོ་རྗེ་ཧཱུཾ་མཛད་བཟླས་པའི་དར་དང་། མེ་ཏོག་གི་ཆུན་འཆང་དང་། རིན་པོ་ཆེའི་ཏོག་ཅན་གྱི་གདུགས་ཀྱིས་བརྒྱན་པ་དང་། གཡོན་ལོག་སུ་ཡི་གེ་ཨོཾ་བཟླས་པའི་གོས་སྣ་ཚོགས་དང་། རྒྱལ་མཚན་དང་། བ་ངན་སྣ་ཚོགས ་བསྒྲེང་བར་བཞག་སྟེ། མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། དུང་དང་། རྔ་བོ་ཆེ་དང་། རྔ་རིངས་དང་། ཟངས་དུང་ལ་སོགས་པ་རོལ་མོའི་ཕྱག་རྒྱས་བྱིན་གྱིས་བརླབས་པ་དང་། ཕྱི་རོལ་དུ་གར་དང ་གླུ་དང་། རོལ་མོ་ལ་སོགས་པས་མཆོད་ལ། ཡོན་གྱི་མཆོག་བླངས་ནས་བཀྲ་ཤིས་ཀྱི་ཚིགསུ་བཅད་པ་དང་། མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པས་བསྟོད་ལ། དང་པོར་ནི་བུམ་པ་གང་བས་སོ།། དེ་ནས་ལྕགས་ཀྱུ་ལ་སོགས་པའི ་སྡིགས་ཟློས་ཤིང་དེ་བུམ་པས་སོ།། དེའི་རྗེས་ལ་རྣམ་པར་རྒྱལ་བའི་བུམ་པ་ལས་རྡོ་རྗེ་ཁུ་ཚུར་གྱི་ཆུ་བླངས་ལྷ་དེ་དབང་བསྐུར་ཞིང་འཐུང་དུ་ཡང་བཅུག་ནས་བུམ་པས་དབང་བ་ནི་ཆུའི་དབང་བསྐུར་བ་ཉིད་དོ།། དེ་ལ་སྦྱོར་བ་ནི་འདི་ཡིན། ་ཨོཾ་བཛྲ་ཨཾ་ཀུ་ཤ་མ་ཧཱ་ཀྲོ་དྷ་ཨ་ཀཪྵ་ཡ་སརྦ་ས་མ་ཡ་ཧཱུཾ་ཛོཿབཛྲ་ཨཱ་བྷི་ཥིཉྩ་ཞེས་བྱ་བ་ནས་དེ་བཞིན་དུ། ཨོཾ་བཛྲ་ཛྭ་ལ་ཨག་ནི་པྲཱ་ཏཱ་པ་དྷ་ཨཱ་ཀཪྵ་ཡ་སརྦྦ་ཏ་ཐཱ་ག་ཏཾ་མ་ཧཱ་བཛྲ་ས་མ་ཡ་ཧཱུཾ་ཛཿབཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བའི་བར ་ནི་རྣམ་པར་རྒྱལ་བའི་བུམ་པའི་དབང་བསྐུར་བ་སྟེ། སྦྱོར་བ་ལྷག་མ་ནི་སྔར་བཤད་པ་ཉིད་ཡིན་ནོ།། དེ་ནས་ཕྱག་རྒྱ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་བ་བྱིན་ལ། དེ་ཁོ་ན་ཉིད ་ཆོས་དང་དམ་ཚིག་ཀྱང་བྱིན་ནས་མེ་ཏོག་དང་སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་དེ། རིན་པོ་ཆེའི་མིག་ཐུར་རམ། གསེར་ལ་སོགས་པའི་ཐུར་མ་ཐོགས་ལ་མདུན་དུ་འདུག་ནས་ཚིག་འདི་སྐད་དུ་གསལ་བར་བརྗོད་པར་བྱ ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་ལིང་ཏོག་བསལ་བ་ལྟར།། བུ་ཁྱོད་ཀྱི་ནི་མི་ཤེས་པའོ།། རབ་རིབ་རྒྱལ་བ་རྣམས་ཀྱིས་བསྔལ།། དེ་ལ་འདིའི་སྙིང་པོ་ནི། ཨོཾ་བཛྲ་ཎཻ་ཏྲ་ཨ་པ་ཧ་ར་བ་ཊ་ལཾ་ཧྲཱིཿཞེས་བྱ་བ་ཡིན།། ་དེ་ནས་མེ་ལོང་བླངས་ལ་ཆོས་ཀྱི་མཚན་ཉིད་བསྟན་པར་བྱའོ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ།། དག་ཅིང་བསལ་ལ་རྙོག་པ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མང་།། རྒྱུ་དང་ལས་ལས་ཀུན་དུ་འབྱུང་།། ངོ་བོ་ཉིད་མེད་གནས ་མེད་པར།། དེ་ལྟར་ཆོས་འདི་ཤེས་ནས་སུ།། སེམས་ཅན་དོན་ནི་མཉམ་མེད་བྱོས།། འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ།། དེ་ནས་ཨ་ལས་བྱུང་བའི་དྲིལ་བུ་ཆོས་ཀྱིས་དཀྲོལ་དུ་གཞུག་པར་བྱའོ།། ཆོས་རྣམས་ན་མཁའི་མཚན་ཉིད ་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་དང་མཉམ་སྦྱོར་བ་ཡིས།། ཀུན་མཆོག་མཉམ་པ་ཉིད་དུ་གསོལ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱིས་ཤིག། ཅེས་བརྗོད་དེ། གཞུ་བྱིན་ལ་ཕྱོགས ་བཞིར་མདའ་བཞི་དང་། སྟེང་དུ་གཅིག་འོག་ཏུ་གཅིག་འཕེན་དུ་གཞུག་པར་བྱའོ།། ཧོ་ཞེས་བྱ་བ་ནི་མངའ་སྦྱིན་པའི་སྙིང་པོའོ།། ཡང་མེ་ལོང་བླངས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན།། དག་ཅིང ་གསལ་ལ་རྙོག་པ་མེད།། སངས་རྒྱས་ཀུན་བདག་རུང་ཉིད་ནི།། བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས།། འདི་སྐད་ཅེས་ཀྱང་བརྗོད་པར་བྱ་སྟེ། གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི ་ཡིན་པར་ཤེས་པར་གྱིས་ཤིག། དེ་ལ་མེ་ལོང་གི་སྔགས་ནི་ཨོཾ་བཛྲ་སཏྭ་ཞེས་བྱ་བའོ།། དེ་ནས་རྐང་པ་གཉིས་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་བཞག་ལ་ལག་པ་གཡས་སུ་དུང་བྱིན་ལ་འདི་སྐད་ཅེས་བརྗོད་པརེ་བྱ་སྟེ། དེང་ནས ་བརྩམས་ཏེ་སེམས་བསྐྱེད་པ་ཙམྲ་གྱིས་ཆོས་ཀྱི་འཁོར་ལོ་སྐོར་ཅིག། དེ་རིང་ཕོན་ཆད་འཇིག་རྟེན་ལ།། སྐྱོབ་པ་རྣམས་ཀྱི་འཁོར་ལོ་བསྐོར།། ཆོས་ཀྱི་དུང་ནི་བླ་མེད་པས།། ཀུན་ཏུ་མ་ལུས་གང་བར་གྱིས།། སོམ་ཉི་ཡིད་གཉིས ་མི་བྱ་ཞིང་།། དོགས་པ་མེད་པའི་སེམས་ཀྱིས་སུ།། གསང་སྔགས་སྤྱོད་པ་ཚུལ་གྱི་མཆོག། འཇིག་རྟེན་འོད་ལ་རབ་ཏུ་སྒྲོགས།། དེ་ལྟར་བྱས་ན་སངས་རྒྱས་ལ།། ཕན་འདོགས་དྲན་དུ་གཟི་ཞེས་བྱ།། རྡོ་རྗེ་འཛིན་པ་དེ་ཀུན་ཀྱང་།། ཀུན ་ཏུ་ཁྱོད་ལ་སྲུང་བར་བྱེད་ཅེས་བྱ་བས་རྡོ་རྗེ་འཁོར་ལོ་དང་རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཡི་གེ་དང་བཅས་པར་སྦྱིན་པར་བྱའོ།། ཡང་འཇིག་རྟེན་ཀུན་ལ་ཐམས་ཅད་དུ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་སྣ་ཚོགས་འདུལ་འགྱུར། ་བ.རོ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།། དེ་བཞིན་དུ་རྡོ་རྗེ་དང་། ཁྲོ་བོ་དང་། པདྨ་དང་ནོར་བུ་འཁོར་ལོ་རབ་ཏུ་བསྐོར་ཞེས་ཚིགསུ་བཅད་པ་ལྔས་རྗེ་སུ་སྣང་བ་སྦྱིན་པར་བྱའོ།། དེ་ནས་ཐམས་ཅད་གཟེངས་བསྟོད་པས།། ཀུན་ཏུ་སངས ་རྒྱས་བདག་བསྒོམ་བྱའོ།། རྡོ་རྗེ་མིང་དབང་བསྐུར་བས་ཀྱང་།། དེ་བཞིན་གཤེགས་པར་ལུང་བསྟན་ཉིད།། ཨོཾ་འདི་ནི་ངས་ཁྱོད་ལུང་བསྟན་ཡིན།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། སྲིད་པའི་དྲན ་འགྲོ་རྣམས་ལས་བཏོན།། ཀྱེ། རྡོ་རྗེ་ཆེ་གེ་ཞེས་བྱ་བའི་དེ་བཞིན་གཤེགས་པ། སིད་དྷི་ས་མ་ཡ་ཏཱཾ་བྷུར་བྷུ་བ་སྭཱ་ཧཱཿ། དེ་ལོ་གཟེངས་བསྟོད་པ་ནི་འདི་ཡིན་ཏེ།། དེ་བཞིན་གཤེགས་པའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་གཡོན་པས་ཚྭ ་གོས་འཛིན་པའི་ཚུལ་དུ་བྱས་ལ། གཡས་པོས་མཆོག་སྦྱིན་པའི་ཚུལ་དུ་བྱའོ།། དེ་ནས་སློབ་མེ་རྣམས་དབུགས་དབྱུང་བ་བྱས་ལ། ཐམས་ཅད་ལ་གསང་བའི་ཡེ་ཤེས་བསླབ་པར་བྱའོ།། འདོད་ཆགས་བྲལ་བ་ལྟ་བུ་ཡི།། ཁམ ་གསུམ་པ་ནི་སྡིག་མེད་དེ།། དེ་བས་འདོད་ལ་ཆགས་བྲལ་བར།། ཁྱེད་ཀྱི་ནམ་ཡང་མུ་བྱེད་གཅིག། མ་ཧཱ་ས་མ་ཡ་ཧ་ན་ཧཱུཾ་ཕཊ། དེ་ནས་སྔགས་བྱིན་ལ་རང་གི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ།། ཚི་ག་འདི་སྐད་ཅེས་བརྗོད ་པར་བྱ་སྟེ།། ཁྱོད་ཀྱིས་གཞན་ཕྱག་རྒྱ་ལ་མི་མཁས་པ་གང་ལོ་ཡང་ཕྱག་རྒྱ་གཅིག་ཙམ་ཡང་སྟོན་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་དེ་རྣམས་ཀྱི་དཀྱིལ་འཁོར་མ་མཐོང་བར་སེམས་དཔའི་ཕྱག་རྒྱ ་བཅིངས་པ་ལོ་སྦྱོར་བར་བྱེད་ཀྱང་། དེ་རྣམས་ཀྱིས་དངོས་གྲུབ་ཇི་ལྟ་བོ་བཞིན་དུ་ཐོབ་པར་མ་གྱུར་པ་དང་། དེ་ནས་དེ་སོམ་ཉི་ཟ་བར་གྱུར་པས་ཡ་ང་བ་མ་སྤངས་པར་མྱུར་བ་ཉིད་དུ་བྱས་ནས། སེམས་ཅན་དམྱལ་བ་ཆེན་པོར ་མནར་མེད་པར་ལྟུང་བར་འགྱུར་ལ། རྒྱུ་དེས་ཁྱོད་ཀྱང་ངན་འགྲོར་འགྲོ་བར་འགྱུར་རོ།། དེ་ནས་སྒེག་མོ་ལ་སོགས་པའི་མཆོད་པ་བརྒྱད་དང་མེ་ཏོག་ལ་སོགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡང་དག་པར ་མཆོད་ལ། ཐམས་ཅད་ལ་ཅི་ནུས་པར་མཆོད་དོ།། ཞེས་དེ་བཞི་ནི་གཤེགས་པ་ཐམས་ཅད་ལ་གསོལ་བཏབ་ནས། བདུག་སྤོས་ལ་སྩོགས་པས་ཅི་འདོད་པར་མཆོད་པ་བྱེད་དུ་བཅུག་ལ། ཇི་ལྟ་བ་བཞིན་དུ་ཞུགས་པ་རྣམས་ལ་འབྱོར་པ ་ཡོ་པའི་བཟའ་བ་དང་། བཏུང་བ་ལ་སོགས་པ་ཐམས་ཅད་དང་། དཀྱིལ་འཁོར་ཆེན་པོར་ཕུལ་བའི་ཡོ་བྱང་ཐམས་ཅད་ཀྱིས་ཚིམ་པར་བྱས་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། ཞེས་བྱ་བ་ལ་སོགས་པས། དངོས་གྲུབ་ཀྱི་རྡོ ་རྗེ་བརྟུལ་ཞུགས་སྦྱིན་པར་བྱའོ།། དེ་ནས་ཡང་ཐམས་ཅད་སུ་ལ་ཡང་སྨྲ་བར་མ་བྱེད་ཅིག། ཅེས་བསྒོ་ལ་མནའི་སྙིང་པོ་བརྗོད་པར་བྱའོ།། དེ་ནས་ཞུགས་པ་རྣམས་སླར་བཏང་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཚན ་བརྒྱ་རྩ་བརྒྱད་པས་བསྟོད་དོ། སྒེག་མོ་ལ་སོགས་པས་ཡང་དག་པར་མཆོད་ལོ་ཕྱག་བྱས་ནས་ལྷ་ཆེན་པོ་ཆུང་མ་དང་བཅས་པོས་སྔ་མ་བཞིན་དུ་བསླང་ལ་མཆོད་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད ་ཡོན་ཕུལ་ཏེ། དགེ་བའི་རྩེ་བ་རྣམས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་དོན་དུ་བསྔོསཽ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་བཛྲ་མུཿཞེས་བྱ་བ་འདིས་ཕྱག་རྒྱ་གང་དང་གང་ནས་བྱུང་བའི ་གནས་དེ་དང་དེ་ཉིད་ནས་དགྲོལ་བར་བྱའོ།། དེ་ནས་ཨོཾ་བཛྲ་རཏྣ་ཨ་བྷི་ཥིཉྩ། སརྦ་མུ་དྲ་མུ་བཾ་ཞེས་བྱ་བ་འདིས་སྙིང་ག་ནས་བྱུང་བ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་རང་གི་དབང་བསྐུར་བའི་གནས་སུ་གནས་པསྣ་དབང་བསྐུར་ལ། མཛུབ་མོ ་གཉིས་ཀྱིས་ཕྱེད་པ་བཅིངས་པར་བྱས་ནས། དེ་བཞིན་དུ་གོ་ཆ་བགོ་བར་བྱའོ།། དེ་ལ་རྡོ་རྗེ་རིན་ཆེན་ནི་འདིས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་མཐོ་བོ་བསྒོམས་མཛུབ་མོ་གཉིས་ཀྱི་རྩེ་མོར་སྦྱར་དེ་ནས་གོ་ཆའི་མཐར་ཕྲེང་བ་བཅིང་བ་བྱས ་ལ། བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བ་འདིས་དང་མཉམ་པའི་ཐལ་མོས་མཉེས་པར་བྱའོ།། ཡང་ཕྱག་བྱས་ལ། བདག་གི་ཆོ་ག་མ་ཚང་བ་བགྱིས་པ་གང་ལགས་པ་དེ། ཐམས་ཅད་བདག་ལ་བཟོད་པར་མཛོད་ཅིག། ཅེས་དེ་བཞིན་གོ ་པུ་ཐམས་ཅད་ལ་གསོལ་བ་བཏབ་ནས། ཁྲོ་བོ་ཏི་རིན་ཏི་རའི་ཕྱག་རྒྱ་བཅིངསཽ་ཏེ། ཡི་གེ་ཧཱུཾ་བཞིས་ཟློས། གཞན་དུ་དཀྱིལ་འཁོར་ལ་བསྐོར་པ་ལན་གསུམ་བྱས་ནས། གཤེགསུ་གསོལ་བའི་ཕྱིར་ཡང་དག་པར་བསྐུལ་བར་བྱའོ།། ་ཨོཾ་ཀྲྀ་ཏཱ་པ་སརྦྦ་སཏྭ་ཨནྟ་སིདྡྷིརྟྟ་ཡ་ཐཱ་ནུ་གཱ། གཙྪ་དྷྭཾ་བུདྡྷོ་བི་ཤྲཱྀ་ཡམ?། པུ་ན་རཱ་ག་མ~ཾ་ན་ཡ་དུ་མུའི། མཐའ་དང་བཅས་པའི་ཧཱུཾ་བཞི་ཟློས་ཤིང་། ཁྲོ་བཽ་ཏི་རིན་ཏི་རའི་ཕྱག་རྒྱ་གྱེན་དུ་དགྲོལ་བ་རྲ་བྱའོ།། དེ་ལྟ་བུས་ན་ཐམས་ཅད ་གཤེགསུ་གསོལ་བར་འགྱུར་རོ།། ཇི་ལྟ་བ་བཞིན་དུ་སྦྲེལ་པའི་འིཁོར་ལོའི་ཚོགས་འཁོར་དང་བཅས་པ་ནི་ཡིད་ཀྱི་ལེགས་པའི་སྦྱོར་བས་རང་གི་ལུས་ལ་བཅུག་ལ་ཡི་གོ་བརྒྱ་པ་དང་། རྡོ་རྗེ་སེམས་དཔའ་ཡོངསུ་བཟླས་ནས ་རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་གྱིས་བདག་ཉིད་བསྲུང་བར་བྱའོ།། དེ་ནས་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨདྱ་ནུཏ་པན་ན་ཏྭཏ་ཅེས་ཟློས་ཤིང་། དཀྱིལ་འཁོར་ཕྱིས་ལ་དམན་མ་ལ་སོགས ་པ་ཆུ་བོར་དོར་བར་བྱའོ།། དེ་ནས་ཧཱུཾ་བཞིས་ཕུར་བུ་བཏོན་ལ་ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏཥྛ་སིདྡྷ་ལོ་ཙཽ་ན་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟླས་པའི་འོ་མས་ཕུར་བུ་དང་། གཟུགས་བརྙན་ཐམས་ཅད་བཀྲུ ་པབར་བྱ་ཞིང་ཁུང་བུ་ཡང་དགང་བར་བྱའོ།། དཀྱིལ་འཁོར་ཆོ་ག་བྱས་པ་ལས།། བདག་གིས་དགེ་བ་གང་བསགས་ངེས།། ཀུན་དགའ་སྙིང་པོ་དྲག་པོ་མཆོག། འཇིག་རྟེན་ཀུན་མཁྱེན་ཉིད་གྱུར་གཅིག། དཔལ་ཁམས ་གསུམ་རྣམ་པར་རྒྱལ་བྱའི་དཀྱིལ་འཁོར་གྱི་ཆོ་ག་འཕགས་པོ་དེ་ཁོ་ན་ཉིད་བསྡུས་པ་བཏུས་པ། སློབ་དཔོན་ཀུན་དགའ་སྙིང་པོས་ཞལ་སྔ་ནས་ཀྱིས་མཛད་པ་རྫོགས་སྷོ།། ་འདིའི་གཞུང་ཚང་ནི་ཤོ་ལོ་ཀ་སྟོང་ཉིས་བརྒྱ་ཉི་ཤུ་རྩ་ལྔ་ཡོད་དོ།། རྡོ་རྗེ་ཡེ་ས་མངོན་འདོད་པའོ།། སེམས་ཅན་ཀུན་ལ་ཕན་ཕྱིར་དང་།། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར།། རིན་ཆེན་བཟང་པོས་བསྒྱུར་བ་ཡིན།། ་