CLOSE WINDOW

GT1342: dpal rdo rje snying po'i rgyan gyi rgyud chen po'i dka' 'grel
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་བཛྲ་མཱཎྜ་ལེ་ཀཱ་རེ་མ་ཧཱ་ཏནྟྲ་པཉྩི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ་སྙིང་པོའི་རྒྱུན་གྱི་རྒྱུད་ཆེན་པོའི་དཀའ་འགྲེལ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། མཐའ་ཡོས་ཁམས་སུ་རབ་ཏུ་གཡེངས་ལ་བརྩེ་པོ་དམ་པ་རྣམ་པར་དག་པའི་བློ།། འགྲོ་བའི་ཉམས་ཐོག་སེལ་ཅིང ་ཏུ་འདོད་པའི་བདེ་བ་ལྡན་པར་སྒྲུབ་ལ་བརྩོན།། ཁྱབ་བདག་རྣམ་སངས་རྒྱས་ལ་རྟག་པར་རབ་ཏུ་ཕྲག་བགྱི་བདག་གི་བློ་གྲོས་འདི།། མུན་པ་ལྟ་བུས་བརྩོན་པས་རྒྱུད་ཀྱི་དོན་ཆེན་སོ་སོར་དབྱེ་བས་ག་ལ་ནུས། ་འོན་ཀྱང་སྤྱོད་ཡུལ་མ་ཡིན་ཡང་།། རྣམ་པར་བརྩོན་པར་བྱེད་པ་ནི།། སྐྱེ་བོས་བཞད་བ་གང་ཆེད་དུ་དང་།། བརྩེ་བས་གཞན་གྱི་དོན་དུའོ།། རྡོ་རྗེ་སྙིང་པོའི་རྒྱན་ཞེས་བྱ་བའི་དོན་གྱི་མིང་ཅན་འདི་ནི་རྒྱུད་དོ།། འདི་ལྟར་རྡོ་རྗེ ་སྙིང་པོ་ནི་བྱང་ཆུབ་ཀྱི་སྙིང་པོ་སྟེ། སངས་རྒྱ་སུ་ཐམས་ཅད་ཀྱི་གནས་སོ།། དེའི་རྒྱུན་ནི་བླ་ན་མེད་པའི་ཁང་པ་བརྩེགས་པ་གང་ཡིན་པ་དེ་དེ་བཞིན་དུ་བརྗོད་པར་བྱའོ།། ཡང་ན་རྡོ་རྗེ་ནི་ཆོས་ཀྱི་སྐུའི་བདག་ཉིད་ཅན་ཏེ། དེབྱེ ་བར་བྱར་མེད་པ་ཉིད་ཀྱི་ཕྱིར་རོ།། སྙིང་པོ་ནི་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ཏེ། ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཉིད་ཀྱི་ཕྱིར་དང་། སེམས་ཅན་གྱི་དོན་རྫོགས་པའི་སྙིང་རྗེའི་ཕྱིར་ཡང་ངོ་།། སྣ་ཚོགས་པའི ་སྤྲུལ་པ་ནི་རྒྱན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ།། ཡང་ན་རྡོ་རྗེ་ནི་དབྱེ་བར་བྱར་མེད་པ་སྟེ་ཁང་པ་བརྩེགས་པའོ།། དེའི་སྙིང་པོ་ནི་འཛིན་པའི་ཕྱིར་རྡོ་རྗེ་སྟེ་བྱང་ཆུབ་ཀྱི་གདན་ནོ།། ་ད་ལྷག་པར་གནས་པར་རྒྱས་པར་བྱེད་པའི་ཕྱིར་རོ།། དེ་ཉིད་དཀྱིལ་འཁོར་དང་ཕྱག་རྒྱ་ལ་སོགས་པའི་ངོ་བོ་མོ་ལུས་པ་སྟེ། དེའི་བརྗོད་པར་བྱེད་པ་པོ་རྒྱུད་ལ་ཡང་དེའི་མིང་ཐོབ་པར་འགྱུར་ཏེ། སངས་རྒྱས ་ཀྱི་སྤྱོད་པ་བཞིན་ནོ།། དེའི་ཕྱིར་ཡོང་བཅོམ་ལྡན་འདས་དེ་འདིའི་མངོན་པར་རྗོད་པར་བྱེད་པར་གྱུར་པའོ།། ཞེས་རྗོད་བྱེད་དང་བརྗོད་བྱའི་མཚན་ཉིད་ཀྱི་འབྲེལ་པའོ།། དགོས་པ་ཡང་དེ་སྐྱེ་བོའི་བྱེ་བྲག་ཏུ་རིག་པར ་བྱས་པས། དེ་དང་དེ་ཐོས་ནས་ཐོས་པཱ་ལ་སོགས་པའི་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་ཀྱི་མཚན་ཉིད་མཐུན་པའི་འབྲས་བུའོ།། ཞེས་རྟོགས་པར་བྱའོ།། འདིར་ཡང་ཡང་དག་པར་བསྔོ་བར་བྱ་བའི་དོན་དུ་ཕྱག ་ནི་རྡོ་རྗེས་ཇི་ལྟར་ཐོས་པ་བསྟན་པའི་ཕྱིར། ཐོག་མར་འདི་སྐད་བདག་གིས།། ཞེས་བྱ་བ་ལ་སོགས་པ་གསུངས་པ།། འདི་སྐད་ཅེས་བྱ་བ་ནི་རྒྱུད་ཀྱི་དོན་མཆོག་ཏུ་སྟོན་པའི་ཚིག་ཕྲད་དོ།། བདོག་གིས། ཞེས་བྱ ་བ་ནི་དངོས་ལ་སྟེ་གཞན་ལས་ཐོས་པ་དང་། རྟོགས་པ་དང་རྟོགས་མ་ཡིན་པའོ།། དུས་གཅིག་ན། ཞེས་པ་འདིས་གཞན་གྱི་ཚེ་གཞན་ཐོས་ཞེས་ཐོས་པ་མང་བར་འཛིན་པར་བྱེད་དོ།། དེ་ཡང་རྣ་བས་དེ་དང་ངོའི ་རྣམ་པ་ཐོས་ཤིང་སོ་སོར་རྟོགས་པའི་དོན་ནོ་ཞེས་རིག་པར་བྱའོ།། གང་ལས་གང་དུ་ཐོས་ཞེས་གླེང་གཞི་ངེས་པར་བསྟན་པའི་ཕྱིར། གསུངས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་ལ་སོགས་པ ་རྣམས་ཀྱིས་བྱིན་གྱིས་བརླབས་པ་དེ་དམ་ཚིག་གཱི་ཡེ་ཤེས་ཏཾ། རྒྱུར་གྱུར་པའི་ཡེ་ཤེས་སོ།། ཇི་ལྟར་མེ་ལྡོང་འདི་ཡེ་ཤེས་རང་དངོས་དང་བརྒྱུད་པས་དེའི་གདུལ་བྱའི་དབྱི་བ་ལས་ལྷའི་དཀྱིལ་འཁོར་དང་། ཕྱག ་རྒྱ་ལ་སོགས་པར་བྱས་པ་ནི་རྣམ་པ་སྣ་ཚོགས་པའི་ཁྱད་པར་རོ།། དེས་ཡང་དག་པར་ལྡན་པར་གྱུར་པ་ནི་རྗེས་སུ་སོན་པའོ།། འདི་གང་ལས་ཤེ་ནཱ། གང་གི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས་བྱིན་གྱིས ་བརླབས་པས་རིན་པོ་ཆེའི་ཅོད་པན་གྱི་ཁམས་གསུམ་གྱི་རྒྱལ་པོར་དབང་བསྐུར་བ་ཐོབ་པའོ།། དེ་བཞིན་དུ་ཡང་ཅིའི་ཕྱིར་ཞེ་ན། གསུངས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམྱ་ཚིག་ཞེས་བྱ་བ་ལ ་སོགས་པ་སྟེ། དེ་བཞིན་གཤེགས་པ་རྣམ་པ་ཐམས་ཅད་ཡང་དག་པར་འབྲེལ་པ་ནི་དེ་ལས་འགོང་པར་བྱ་བ་མ་ཡིན་པ་ཉིད་ཀྱི་ཕྱིར་རོ།། ཡེ་ཤེས་ནི་སོ་སོར་རྟོགས་པའི་བདག་ཉིད་ཅན་ནོ།། དེའི་དོན་ནི་རྣལ ་འབྱོར་ཆེན་པོའོ།། ཇི་སྙེད་ཡོད་པ་དེ་དང་ཇི་ལྟར་བརྗོད་པ་དེ་རྣམས་ཀྱི་དབང་ཕྱུག་སྟེ་མངའ་བདག་གོ། དོན་དམ་པའི་རྣལ་འབྱོར་དུ་བྱ་བ་ཉིད་དུ་བལྟ་བར་བྱའོ།། ཞེས་པ་དོན་དམ་པ་ངེས་པར་བསྟན་པར་གསུངས ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ།། ཅིའི་ཕྱིརརུ་གཞན་གྱི་དོན་ཁོ་ནར་མཛད་ཅེས་ན་གསུངས་པ། ཐུགས་རྗེ་ཆེན་པོ་ཞེས་པ་རྣམ་པར་སྣང་མཛད་ཆེན་པོ་ནི་དྲི་མ ་མ་ལུས་པ་དང་བྲལ་བའི་ཕྱིར་རོ།། རྟག་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་ལས་སོ།། དུས་གསུམ་དུ་བཞུགས་པ་ནི་སྐད་ཅིག་རྟག་པ་ཉིད་ཀྱི་ཕྱིར་རོ།། ཕ་རོལ་གྱིས་ཀྱང་དབྱེ་བར་བྱ ་བ་མ་ཡིན་པ་ཉིད་ཀྱི་ཕྱིར། སྐུ་དང་གསུང་དང་ཐུགས་རྡོ་རྗེའོ།། གྲོདུལ་བར་བྱ་བའི་རྫསུ་མཐུན་པར་དེ་བཞིན་ཉིད་དུ་གནས་པར་གྱུར་པས་དེ་བཞིན་གཤེགས་པ་སྟེ། དེ་བཞིན་དུ་ཡང་དེའི་རྒྱུ་ཅན་གྱི་ཕྱག་རྒྱུ ་ཆེན་པོ་ལ་སོགས་པ་བཞི་པོ་བསྟན་ཏོ།། དེ་བཞིན་དུ་སྟོན་པ་པོའི་ཡོན་ཏན་དུ་བརྗོད་པའི་གནས་ཕུན་སུམ་ཚོགས་པ་གང་ཡིན་པ་ངེས་པར་བསྟན་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟེན ་ཅིང་ཞེས་བྱ་བ་ལ་སོགས་པའོ།། འཁོར་ཕུན་སུམ་ཚོགས་པ་ཡང་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ལ་སོགས་པས་སྟོན་པར་བྱེད་དོ།། ཡོངས་སུ་བསྐོར་ཅིང་ནི་མངའ་བདག་ཏུ་བྱས་པའོ།། མདུན་དུ་བདར་ཏེ་ནི་ཐོག ་མར་བཞག་པའོ།། ཐོག་མ་དང་བར་དང་ཐ་མ་ནི་ཐོས་པ་དང་། བསམ་པ་དང་། སྒོམ་པར་བྱེད་པའི་གནས་སྐབས་སོ།། དེ་རྣམས་སུ་དགེ་བ་ནི་ཕན་པ་ལ་གནས་པའོ།། དོན་བཟང་པོ་ནི་བྱང་ཆུབ་ཀྱི་ཐབས་ཀྱི ་དོན་ཉིད་ཀྱི་ཕྱིར་རོ།། ཚིག་འབྲུ་བཟང་པོ་ནི་སྒྲའི་ཡོན་ཏན་ཕུན་སུམ་ཚོགས་པའོ།། མ་འདྲེས་པ་ནི་གང་ཟག་ལ་བདག་མྱེད་པ་སྟོན་པའི་ཕྱིར་རོ།། ཡོངས་སུ་རྫོགས་བུ་ནི་བླ་ནུ་ཡོད་པ་དང་། བླ་ན་མེད་པའི་འབྲས་བུ་ཐོབ ་པ་པོ་ཉིད་ཀྱི་ཕྱིར་རོ།། ཆོས་ཐམས་ཅད་བདག་མེད་པ་གསལ་བར་བྱེད་པ་ཉིད་ཀྱི་ཕྱིར་རོ་ཡོངསུ་དག་པའོ།། ཐེ་ཚོམ་གྱི་ཉེས་པ་ཐམས་ཅད་སེལ་བའི་རྒྱུ་ཉིད་ཀྱི་ཕྱིར་ཡོངསུ་བྱང་བའོ།། ཆོས་ཐམས་ཅད་ཀྱི་ཚུལ་ནི ་ཐེག་པ་ཐམས་ཅད་ཅེས་པའོ།། དེ་རྣམས་ཀྱི་ཐོབ་པར་བྱ་བ་རྣམ་པར་དག་པ་ནི། སྒྲིབ་པ་ཐམས་ཅད་རབ་ཏུ་བཅོམ་པའི་མཚན་ཉིད་དོ།། དེའི་སྒོ་ནི་ཐབས་ཏེ། སྟོན་པར་བྱེད་དོ་ནི་གསུང་བར་བྱེད་པའོ།། གང ་གསུངས་པ་རྣམ་པ་སྣ་ཚོགས་པའི་ཁྱད་པར་ཡང་དག་པོར་ལྡན་པར་གྱུར་པ་ཞེས་སོ།། དེ་ལ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་ཁྱད་པར་གང་ཡིན་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་པ ་ལ་སོགས་པ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཞེས་པ་ལ་སེགས་པོས། མེ་ལོང་ལྟ་བུ་ལ་སོགས་པ་ཡོ་ཤེས་ལྔའི་རང་བཞིན་བསྟན་ཏོ།། ཇི་ལྟར་ལྷ་ཡི་གཙོ་བོའི་སྒོ་ནས་སྐུ་ཆེན ་བོའི་ཞེས་པ་ལ་སོགས་པ་གསུངས་པ་སྟེ། སྐུ་ཆེན་པོ་ནི་མི་བསྐྱོད་པ་ཉིད་ཀྱི་ཕྱིར།། རྡོ་རྗེའི་སྐུ་ནི་སེམས་མ་རྡོ་རྗེ་མ་ཉིད་ལས་སོ།། མཐའ་ཡས་པའི་སྐུ་ནི་རིན་ཆེན་བདག་པོ་ཉིད་ལས་སོ།། རིན་པོ་ཆེའི་སྐུ་ནི་རི་ནི ་ཆེན་རྡོ་རྗེ་མ་ཉིད་ལས་སོ།། ཆོས་ཀྱི་སྐུ་ནི་འོད་དཔག་མེད་དོ།། སྤྲུལ་པའི་སྐུ་ནི་ཆོས་ཀྱི་རྡོ་རྗེ་མ་ཉིད་ལས་སོ།། ལས་མཉམ་པ་ཉིད་ཀྱི་སྐུ་ནི་གདོན་མི་ཟ་བའི་རྒྱལ་པོ་རྒྱལ་བའི་གཙུག་ཏོར་ཉིད་ལས ་སོ།། མི་ཤེས་ཅན་ནི་གཟི་བརྗིད་ཕུང་པོ་ཉིད་ལས་སོ།། ཆེན་པོ་ནི་རྣམ་པར་འཕྲོ་བ་ཉིད་ལས་སོ།། ཁྱབ་བདག་ནི་རྣམ་པར་རྒྱལ་བའི་གཙུག་ཏོར་ཉིད་ལས་སོ།། དེ་ལྟ་བུའི་ངོ་བོ་ཙ་ཞེ་ན། གསུངས་པར་སྣང་མཛད་ཞེས་པ ་སྟེ་རྣམ་པར་སྣང་བ་ཁོ་ན་རྣམ་པར་སྣང་མཛད་དེ། དྲི་མ་མེད་པ་ཉིད་ལས་གསལ་བར་བྱེད་དོ་ཞེས་པའི་དོན་ནོ།། བཅོམ་ལྡན་འདས་ནི་དབང་ཕྱུག་ཆེན་པོར་གནས་པ་ཉིད་ལས་སོ།། ནམ་མཁའི་ཁམས་ཐམས་ཅད་དུ་མཉམ ་པར་གནས་པའི་སྐུ་ལ་སོགས་པའི་རྡོ་རྗེ་ནི་ཁྱབ་ཅིང་དབྱེ་བ་མེད་པའི་སྐུ་ཉིད་ཀྱི་ཕྱིར་རོ།། རྡོ་རྗེ་སེམས་དཔའ་དང་རིན་ཆེན་ལ་སོགས་པ་འཁོར་ལོ་སྒྱུར་བསྡུ་ཇི་ལྟར་རང་གི་དཀྱིལ་འཁོར་དུ་འདུས་པ་བསྐྱེད་པའི་རིམ ་པ་དང་རང་བཞིན་གྱི་ལས་འདི་གཉིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཞེས་པ་ལ་སོགས་པ་སྟེ། དེ་གཤེགས་པ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རོ།། དེ་ཉིད་ཡང ་དག་པར་འདུ་བར་བྱེད་པ་ནི་རྒྱུ་སྟེ། རྡོ་རྗེ་སེམས་དཔའ་ཀང་ཡིན་པ་དེ་དེ་བཞིན་དུ་བརྗོད་དོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་ཐུགས་ཀའི་རྡོ་རྗེ་ཕྱག་ཏུ་བཞག་ནས་དེ་ལ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་འོད་ཟེར་འཕྲོ་བར་བྱེད་པའོ།། ཡང་དག་པར་བསྡུས་ནུས་རབ་ཏུ་ཞུགས་པས་རྡོ་རྗེ་སེམས་དཔར་ཡོངས་སུ་གྱུར་པར་བྱེད་དོ།། དེ་ལས་ཕྱུང་ནས་རང་གི་གནས་སུ་ཀུན་ཏུ་གནས་སོ་ཞེས་པའི་ཇི་སྲིད་པར་ཏེ། ་དེའི་ངོ་བོ་ཕྱུང་ནས་སོ།། གང་རྡོ་རྗེའི་དབྱིབས་སམཱ་ཐམས་ཅིང་ཁོང་དུ་ཆུད་པར་བྱེད་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་བསྐྱེད་པ་བྱེད་པ་འམ། རྣམ་པར་སྣང་མཛད་ཐོབ་པར་བྱེད་པའོ།། དེའི་དོན་ནི་ཡེ ་ཤེས་སེམས་དཔའ་སྟེ། འདིས་ཀྱང་རྟོགས་པར་བྱེད་པའི་ལས་ཉིད་ཀྱི་ཕྱིར་དང་། ཡེ་ཤེས་སེམས་དཔའི་རང་བཞིན་ཉིད་དུ་བསྟན་ནོ།། ན་མཁོའི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་ཡང་དག་པར་འདུ་བར་བྱེད ་པའི་རྡོ་རྗེ་ནི། རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་དུ་བརྗོད་དོ།། བསྐྱེད་པར་བྱས་པ་དང་། སྤྲོ་བར་བྱེད་པའི་རིམ་པ་དེ་ཉིད་ཀྱང་བྱིན་གྱིས་བརླབས་ཏེ། དེའི་ཡེ་ཤེས་ཀྱི་རང་བཞིན་གྱི་སྙིང་པོ་ནི་རྡོ་རྗེ་རིན་ཆེན་ནོ།། ་ཉིད་དེ་ལྟ་བུའི་རིམ་པས་རྫོགས་པའི་རྡོ་རྗེ་སེམས་དཔའ་རྣམ་པར་སྣང་མཛོད་ཀྱི་ཐུགས་ཀ་ནས་ངེས་པར་བྱུང་སྟེ། སྤྲོས་ནུས་རྡོ་རྗེ་རིན་ཚན་གྱི་གཟུགས་ཀྱིས་ཀུན་ཏུ་གནས་སོ་ཞེས་པ་བསྐྱེད་པའི་རིམ་པ་ཡེ ་ཤེས་སེམས་དཔའི་རང་བཞིན་ཉིད་དུའང་བསྟན་ནོ་ཞེས་པའོ།། རྡོ་རྗེ་རིན་ཆེན་པོའི་མངོན་པར་དབང་བསྐུར་བའི་དམ་ཚིག་ནི་རྒྱུ་སྟེ། རྡོ་རྗེ་རིན་ཆེན་ཆེན་པོའི་དབང་བསྐུར་བའི་དམ་ཚིག་འདིས་ཀྱང་དེ་བཞིན་གཤེགས ་པ་ཐམས་ཅད་མངོན་པར་དབང་བསྐུར་བའི་བདག་ཉིད་ཅན་གྱི་ལས་སུ་བསྟན་ནོ།། དེ་བཞིན་གཤེགས་པའི་ཡེ་ཤེས། དེ་བཞིན་གཤེགས་པའི་ཕྱག་ན་གནས་པའི་རྡོ་རྗེ་དེའི་འོད་ཟེར་རྣམས་ཀྱིས ་ཀྱང་ན་མཁའ་ཐམས་ཅད་འཕྲོ་བར་བྱེད་པ་དེའི་མངོན་པར་བྱང་ཆུབ་པ་རྡོ་རྗེ་སེམས་དཔའ་གང་ཡིན་པ་དེ་དེ་བཞིན་དུ་གསུངས་སོ།། དེའི་ཕྱིར་མངོན་པར་བྱང་ཆུབ་པོར་གྱུར་པ་ནི། མངོན་པར་བྱང་ཆུབ་པ་ཐོབ་པའི ་རྡོ་རྗེ་ཆོས་སོ།། དེ་བཞིན་དུ་བསྐྱེད་པོའི་རིམ་པར་བསྟན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་རྣམ་པར་དག་པ་ཁོ་ན་ལུས་རྣམ་པར་དག་པ་ཉིད་དེ་སྒྲིབ་པ་ཐམས་ཅད་དང་བྲལ་བའོ།། དེ་ཡིས་ནི་རྒྱུར་གྱུར ་པ་ཡིས་སོ།། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི། རྒྱུ་གང་གིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་རྣམ་པར་དག་པའི་ཆོས་དེའི་ཕྱིར་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་དག་གོ་ཞེས་པ ་ཇི་སྲིད་པའོ།། དེ་ཁོ་ན་རྡོ་རྗེ་སེམས་དཔའོ།། ནམ་མཁའ་ཐམས་ཅད་ལ་ཁྱབ་པ་པོ། གཟུགས་ཐམས་ཅད་ཀུན་ཏུ་སྟོན་པའི་ཡེ་ཤེས་ཀྱི་རང་བཞིན་ནོ།། དེའི་ཕྱིར་མ་ལུས་པ་ནི་འཇིག་རྟེན་གྱི་ཁམས་དང་། ལུས་མེང ་པ་ནི་སེམས་ཅན་གྱི་ཁམས་སོ།། འདུལ་བའི་སྤྱོད་པ་མཆོག་དང་ལྡན་པ་ནི་རྡོ་རྗེ་ལས་ཏེ་འདིས་བསྐྱེད་པའི་རིམ་པ་བསྟན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ལུང་གདོན་མི་ཟ་བར་བྱེད་པ་དེ་རྣམས་སེམས ་ཅན་ཐམས་ཅད་ལ་མཉམ་པ་ཉིད་དུ་བླ་ན་མེད་པའི་ལྔས་སྣ་ཚོགས་པ་གང་ཡིན་པ་དེ་དེ་བཞིན་དུ་བརྗོད་དོ།། རྒྱུ་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ལུང་གདོན་མི་ཟ་བར་བྱེད་པའི་རང ་བཞིན་ངེས་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་བླ་ནི་མེད་པའི་ལས་སྣ་ཚོགས་པའི་དོནྡ་ནོ།། རྡོ་རྗེ་སྙིང་པོར་བརྗོད་པའི་འཁོར་ལོ་འདི་གཉིས་ཇི་ལྟར་གླཙོ་བོ་ཉིད་ཀྱིས་ཁྱད་པར་གང་ཡིན་པཽ་གསུངས་པ ་རྣམ་པར་སྣང་མཛད་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་མི་འགྱུར་བ་ཡིན་པ་དེའི་ཕྱིར་མི་བསྐྱེད་པའོ།། གཱང་གི་ཕྱིར་རབ་ཏུ་སྣང་བར་བྱེད་པ་དེའི་ཕྱིར་རིན་ཆེན་ཏོག་གོ། གང་གི་ཕྱིར་དགྲ་ལཱས ་རྒྱལ་བའི་མགོན་པོ་ཡིན་པོ་དེའི་ཕྱིར་འོད་དཔག་མེད་དེ། གཞན་དུ་དེ་ཡང་དཔག་ཏུ་མེད་པའི་འོང་ངོ་།། གང་གི་ཕྱིར་ལོས་ཐམས་ཅད་བྱེད་པ་དེའི་ཕྱིར་དོན་ཡོད་དོ།། དབང་ཆེན་པ་ལ་སོགས་པའི ་དཀྱིལ་འཁོར་གྱི་སྒོ་ནས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བ་ལ་སོགས་པ་སྟེ། མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་ཅན་དབང་ཆེན་གྱི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཀྱི་ཕྱིར ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མེ་ལོང་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་མེ་ལྷའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་མཉམ་པ་ཉིད་ཀྱི་ཤེས་རབ་ལ་རབ་ཏུ་གནས་པའོ།། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཆུ་ལྷའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོ་སོར་རྟོག ་པའི་ཡེ་ཤེས་ཀྱི་གནས་དང་གཉིས་སུ་མེད་པ་བརྙེས་པའོ།། བྱ་བ་རྗེ་སུ་སྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་རླུང་ལྷའི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱ་བ ་རྗེས་སུ་སྒྲུབ་པའི་ཡེ་ཤེས་ཡང་དག་པར་རྗེས་སུ་ཐོབ་པའོ།། གཙུག་ཏོར་གྱི་དཀྱིལ་འཁོར་གྱི་རང་བཞིན་ཉིད་ཀྱི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ།། ཁྲོ་བའི ་འཁོར་ལོའི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་གཉིས་སུ་མེད་པའི་མཉམ་པ་ཉིད་ལྀ་དམིགས་པའི་ཡེ་ཤེས་ཡོངས་སུ་དག་པ་མཐར་ཕྱིན་པའོ།། གཟུགས་ཀྱི་དཀྱིལ་འཁོར་གྱི་བདག་ཉིད་ཅན་གྱི་ཕྱིར། སྟོང་པ་ཉིད་དང་དེ་བཞིན་ཉིད་ནས་སངས་རྒྱས ་ཐམས་ཅད་ཀྱི་ཡུལ་ཞེས་པ་ཇི་སྲིད་པའོ།། དེ་ལྟར་བཅོམ་ལྡན་འདས་ཐམས་ཅད་དུ་གཞན་གྱི་དོན་ཁོ་ནར་གནས་སོ་ཞེས་སྟོན་པས་གསུངས་པ། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ལ་སོགས ་པཔ་སྟེ། སངས་རྒྱས་རྣམས་ཀྱི་མཉམ་པ་ཉིད་སྟོང་པ་ཉིད་ལྷག་པར་གནས་པ་དམིགས་པ་མངོན་དུ་བྱས་ནས་སོ།། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱག་ཆེན་པོ་ཉིད་ལ་བྱིན་གྱིས་བརླབས་ནས་ཞེས་པ་ནི་རང་གི ་ཤེས་རབ་འཇམ་དཔལ་ཉིད་དུ་མངོན་པར་རྫོགས་ནས་སོ།། འདི་ཉིད་ཐབས་བདེ་བས་རྩ་བའི་རྒྱུད་ཀྱིས་བསྡུ་བར་བྱ་བ་ནི་ཤེས་རབ་ཀྱི་སྒོ་ནས་ཉེ་བར་བསྟན་པ་གསུངས་པ། དེ་ནས་ཡང་ཞེས་བྱ་བ་ལ་སོགས ་བ་སྟེ། བཅོམ་ལྡན་འདསྭཱ་ཞེས་པ་ནི་རྣམ་པར་སྣང་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱུས་དང་། རྡོ་རྗེ་འཛིན་པ་ལ་སོགས་པ་རྣམས་སོ།། དེ་རྣམས་ཀྱི་བསྡུ་བའི་སྙིང་པོ་བུདྡྷ་དང་། ་བཛྲ་ས་མཱ་ཛའི་སྒྲ་དག་གིས་དེ་བཞིན་གཱཤེགས་པ་ལ་བསྡུས་ཤིང་བཅུག་པའོ།། རྒྱུད་རབ་འབྱམ་རྒྱ་མཚོའི་སྤྲིན་གྱི་སྒྲས་འཇིག་རྟེན་གྱི་ཁམས་ཤར་ལཱ་སོགས་པའི་ཕྱོགས་སུ་ཀུན་ཏུ་གནས་ཕྱིའི་དབྱེ་བས། ་ལྷག་པའི་གྲངས་རབ་འབྱམ་དུ་བརྗོད་པའི་རིམ་པའི་མཐར་ཐུག་པ་ནི་རྒྱུད་གཉིས་པ་ཞེས་བྱ་བ་ལ་སོགས་པར་བལྟ་བར་བྱའོ།། ཡང་དག་པར་སྦྱར་ནས་ནི་འདྲེས་པར་འགྱུར་ནས་སོ།། རྡོ་རྗེའི་བློའི་ཡེ་ཤེས ་ནོནིནོ་བླ་ན་མེད་པའི་ཤེས་རོབ་ཡེ་ཤེས་སོ།། ཡོངསུ་བསྐྱེད་དོ་ནི་མངོན་དུ་བྱ་སྟེའོ།། གནས་རྣམས་ཐམས་ཅད་དུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དང་ཐུགས་ཀ་རྣམས་སུའོ།། བཅོམ་ལྡན་འདས ་རང་གི་ཤེས་རབ་དེའི་གཟུགས་ཀྱིས་བྱིན་གྱིས་བརླབས་པ་གང་ཡིན་པ་དེའི་ཕྱིར་དེ་ཉིད་དུ་ཀུན་ཏུ་གནས་པའོ།། འཁོར་ལོས་སྒྱུར་བ་ཆེན་པོའི་སྙིང་པོ་ཞེས་པ་ནི་གཙུག་ཏོར་གྱི་སྙིང་པོ་ཡི་གེ ་གཅིག་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱིན་གྱིས་རློབ་པ་པོ་ཉིད་ཡིན་ལ་དེ་གཙོ་བོའི་ང་རྒྱལ་གྱི་སྡུད་པ་པོ་ཉིད་འདིའི་ལུས་ཀྱི་ཐུགས་ཀའི་དང་རོལ་བེའུའི་རྣམ་པ་ནི་ཐུགས་དཔལ་གྱི་བེའུ་ལའོ།། བདེ་བ་ཐམས ་ཅད་ཀུན་ཏུ་སྟོན་པར་བྱེད་པ་ནི་ཐམས་ཙྪེད་བདེ་བ་ཀུན་ཏུ་སྟོན་པའོ།། ཆགས་པས་ཆགས་པ་རབ་ཏུ་སྤྱང་བའི་ཕྱིར་དེ་ལ་སྤྱོད་པའི་དབང་དུ་བྱས་ནས་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་ངེས་པར་རྟོགས ་བར་བྱ་བའི་དོན་དུ་གསུངས་པ། ཤིན་ཏུ་དགའ་བ་རྣམ་པར་དག་པ་ཞེས་པ་ལ་སོགས་པ་སྟེ། ཤིན་ཏུ་དགའ་བ་ནི་དབང་པོ་གཉིས་སྙོམས་པར་ཞུགས་པ་ལས་སྐྱེས་པའི་བདེ་བ་ལས་བྱུང་བའོ།། དེའི་རྣམ་པར ་དག་པོ་ནི་བག་ཆགས་བསལ་བའོ།། དེའི་གནས་ནི་རྟེན་ཏེ། བྱེད་པ་པོའི་ཞེས་པའོ།། རེ་ཞིག་གང་ཞེ་ན། གསུངས་པ་འདི་ལྟ་སྟེ། ཞེས་བྱ་བ་ལ་སོགས་པའོ།། འོད་ཞེས་པ་བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས ་པ་གང་ཡིན་པ་འདི་རྣམ་པར་སྣང་མཛད་ཆེན་པོའི་གནས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཚུལ་ལོ།། དེའི་ཤིན་ཏུ་དགའ་བ་རྣམ་པར་དག་པོའི་གནས་སོ།། དེ་བཞིན་དུ་ལྟ་བ་རྣམ་པར་དག་པ་ནི་མི་བསྐྱོད་པ་དང་། ་སེམས་མ་རྡོ་རྗེ་མ་དང་། རྡོ་རྗེ་སྙེམས་དཔའ་ལ་སོགས་པ་རྣམས་ཀྱིའོ།། དགའ་བྱ་རྣམ་པར་དག་པ་ནི་སྒེག་མོ་ཡིའོ།། སྐྱེད་པ་རྣམ་པར་དག་པ་ནི་ཕྲེང་བ་མའིའོ།། འདོད་ཆགས་རྣམ་པར་དྲུག་པཱ་ནི་གླུ་མའིའོ།། ་ཞེ་སྡང་རྣམ་པར་དག་པ་ནི་གར་མའིའོ།། གཏི་མུག་རྣམ་པར་དག་པ་ནི་བདུག་པ་མའིའོ།། བསྙེམས་པ་རྣམ་པར་དག་པ་ནི་མེ་ཏོག་མའིའོ།། མཚན་ཉིད་མེད་པ་རྣམ་པར་དག་པ་ནི་སྣང་བ་མའིའོ།། ཡིད་སིམ་པ་རྣམ ་པར་དག་པ་ནི་དྲི་མའིའོ།། སྣང་བ་རྣམ་པར་དག་པ་ནི་ལྕགས་ཀྱུའིའོ།། ལུས་རྣམ་པར་དག་པ་ནི་ཞགས་པའིའོ།། དྲག་རྣམ་པར་དག་པ་ནི་ལྕགས་སྒྲོག་གིའོ།། ཡིད་རྣམ་པར་དག་པ་ནི་འབེབས་པའིའོ།། གཟུགས ་ལ་སོགས་པ་རྣམ་པར་དག་པ་ཡང་། གཟུགས་ལ་སོགས་པ་རྣམ་པར་སྦྱར་བ་རིག་པར་བྱའོ།། རིམ་པ་ནི་འཛིན་པའི་མཐར་ཐུག་པ་དེ་སྲིད་དུ་ཤིན་ཏུ་དགའ་བའི་དོན་ནོ།། བདག་ཏུ་ལྟ་བས་ནི་ཞེས་པའོ།། དེ་ནས ་བདག་ལ་དགའོ།། དེ་ནས་དོན་ལ་སྦེད་དོ།། དེ་ནས་འཁོར་ལ་ཆགས་སོ།། དེ་ནས་བདག་ལ་སོགས་པ་དང་འགལ་བ་ལ་ཞེ་སྡང་ངོ་།། འདི་དག་ཀུན་མི་ཤེས་པའི་ཕྱིར་རྨོངས་སོ།། དགའ་བ་དང་སྐྱེད་པ་དང་ཆགས་པ་རྣམས ་ཀྱིས་བསྙེམས་སོ།། ཞེ་སྡང་ལས་མི་ཁོམ་མོ།། རབ་ཏུ་བྱུང་བ་རྣམས་ཀྱི་ལུས་ལས་སྐྱེས་པ་ལ་སོགས་པའི་སྡུག་བསྔལ་རྣམ་པར་དབེན་པའི་ཕྱིར་ཡིད་ཚིམ་པའོ།། དེ་ནས་ཡེ་ཤེས་ཀྱི་སྣང་བའོ།། དེ་ནས་ཁྱད་དུ་འཕགས ་པའི་ལུས་དང་ངག་དང་ཡིད་ཀྱི་བདག་ཉིད་ཅན་དཔག་ཏུ་མེད་པའི་ཡུལ་རྣམས་ཀྱིས་འདོད་ཆགས་དང་བྲལ་བ་ཡང་རབ་ཏུ་འཇོམས་པར་བྱེད་དོ།། ཞེས་པས་གཟུགས་ལ་སོགས་རྣམ་སོ།། འདི་ཉིད་སོ་སོར ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། དེ་ཅིའི་ཕྱིར་ཞེས་པ་ལ་སོགས་པ་རྣམས་སོ།། རྣམ་པ་ཅིས་ཞེ་ན་གསུངས་པ། ཆོས་ཐམས་ཅད་རང་བཞིན་གྱིས་ཏེ། སྟོང་པ་ཉིད་ཀྱིས་ཞེས་པའོ།། གལ་ཏེ་དེ་ལྟར་ན་ཐམས་ཅད་དངོས ་བོ་མེད་པར་ཐལ་བར་འགྱུར་རོ་ཞེས་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་པ། དོན་དམ་པར་དེ་ལྟ་བུ་ཡིན་ལ་ཀུན་རྫོབ་ཀུ་ནི་འགལ་བར་བརྗོད་པའོ།། དེའི་ཕྱིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ ་ཡོངསུ་དག་པ་ཉིད།། བྱང་ཆུབ་སེམས་དཔའི་གནས་སོ།། ཆོས་ཐམས་ཅད་རྣམ་པར་དག་པ་བསྡུས་པ་ནི་ཤིན་ཏུ་དགའ་བ་ལ་སོགས་པ་རྣམ་པར་དག་པ་ཐོབ་པའོ།། སྒྲིབ་པ་ཐམས་ཅད་དང་ཆོད་པ་ལ་སོགས་པ་དེ་རྣམས ་ཉེ་བར་བསྔགས་ཀྱང་རྣམ་པར་སྣང་མཛད་ཆེན་པོས་བྱིན་གྱིས་བརླབས་པ་ལས་ཏེ། ཆོད་པ་ནི་འདོད་པའི་འདུན་པ་ལ་སོགས་པ་རྣམས་སོ།། ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་ལ་སོགས་པ་རྣམས་སོ།། ། ་ཆོས་ཀྱི་སྒྲིབ་པ་ནི་ཤེས་བྱའི་སྒྲིབ་པ་རྣམསོ།། ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པའི་མཚན་ཉིད་དེ་རྣམས་ཉེ་བར་བསགས་པའོ།། རིམ་པ་བཞིན་དུ་མི་བསྐྱོད་པ་ལ་སོགས་པ་བྱིན་གྱིས་བརླབས ་བརླབས་པས་དམྱལ་བ་ལ་སོགས་པའི་ངན་སོང་དུ་ལྷུང་བར་མི་འགྱུར་རོ།། བྱས་པ་ཙུམ་ན་ཡང་སྡུག་བསྔལ་དེ་ཟད་པར་འགྱུརརོ།། འཆང་བ་ལ་སོགས་པ་ནི་རབ་ཏུ་འཇུག་པའོ།། ཆོས་ཐམས་ཅད་མཉམ་པ་ཉིད ་རྡོ་རྗེ་ཏིང་ངེ་འཛིན་སོ་སོར་ཐོབ་པ་ནི་ཆོས་ཐམས་ཅི་ད་སྟོང་པ་ཉིད་དབྱེར་མེད་པའི་ཏིང་འཛིན་བརྙེས་པའོ།། ཆོས་ཐམས་ཅད་ཀྱི་དབང་ཕྱུག་ནི་རྣམ་པར་སྣང་མཛད་ཆེན་པོར་འགྱུར་རོ།། དགའ་ལ་སོགས་པ་ནི་བླ་མེད ་པ་ཞི་པ་དེའིའོ།། རང་དང་གཞན་དང་གཉིས་ཀུའི་དོན་ལ་དམིགས་པའི་དབྱི་བས་རྣམ་པ་གསུངས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེ་བ་བཅུ་དྲུག་རྣམས་ཀྱི་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི ་ཏིང་ངེ་འཛིན་བཅུ་དྲུག་ཐོབ་པ་རྣམས་ཀྱིས་སོ།། ། ཞི་བ་ལ་སྤྱོད་པའི་སེམས་ཅན་རྡུལ་བའི་དོན་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། དེ་ནས་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཅེས་པ་ལ་སོགས་པ་སྟེ། དེ་ནས་ཀྱི་སྒྱུ་ནི་བར་མ་ཆང་པོའོ།། ཞི་བའི་ཆོས་ཉིད་ནི་དེ་བཞིན་ཉིད་དོ།། དེའི་མངོན་པར་བྱང་ཆུབ་པ་ནི་དེ་བཞིན་གཤེགས་པ་ཡེ་ཤེས་མཐའ་ཡས་པའོ།། དེའི ་མངོན་པར་བསྒྲུབ་པ་ནི་ཐོབ་པར་བྱེད་པའོ།། དེའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། རྡོ་རྗེ་མཉམ་པ་ཉིད་ནི་འཛིན་པའི་རྣམ་པ་སྟོང་པ་ཉིད་དོ།། དེའི་མངོན་པར་བྱང་ཆུབ་པ་ནི་རྟོགས་པའོ།། དེ་ཁོ་ན་བྱང་ཆུབ་ཆེན ་པོ་སྟེ་རྣམ་པར་སྣང་མཛད་ཉིད་དོ།། ཅི་ལྟར་ཞེ་ན། གསུངས་པ་རྡོ་རྗེ་བརྟུན་པས་ཞེས་ཏེ་དེའི་འཛིན་པ་སྟོང་པ་ཉིད་དུ་ལྷག་པར་རྟོགས་པ་བསྟུན་པ་ཉིད་ཀྱིས་སོ།། དོན་མཉམ་པ་ཉིད་ནི་གཟུང་བའི ་རྣམ་པ་སྟོང་པ་ཉིད་དོ།། དེའི་མངོན་པར་བྱང་ཆུབ་ཆེན་པོ་དེ་ཁོ་ན་ཡང་བྱང་ཆུབ་ཆེན་པོ་ཞེས་ཏེ་སྔར་བཞིན་ནོ།། ཇི་ལྟར་ཞེ་ནི་གསུངས་པ། དོན་གཅིག་པ་ཉིད་ཀྱི་ཞེས་པ་གཟུང་བྱ་སྟོང་པ་ཉིད་ལ་དམིགས་པའི་ཡེ ་ཤེས་བསྟན་པ་ཉིད་ཀྱིས་སོ།། ཆོས་ནི་ལུང་དང་རྟོགས་པའི་མཚན་ཉིད་དོ།། དེ་མཉམ་པ་ཉིད་ནི་དེ་སྟོང་པ་ཉིད་དོ།། དེའི་མངོན་པར་བྱང་ཆུབ་པ་ཁོ་ན་བྱང་ཆུབ་ཆེན་པོ་ཞེས་པ་སྟེ། སྔར་བཞིན་ནོ།། ཅི་ལྟར་ཞེ་ན་གསུང ་པ། རང་བཞིན་རྣམ་པར་དག་པས་ཞེས་པ་ཆོས་རང་བཞིན་གྱིས་རྣམ་པར་དག་པ་ལ་དམིགས་པའི་ཡེ་ཤེས་བརྟན་པ་ཉིད་ཀྱིས་སོ།། ཞེས་པ་ཇི་སྲིད་པོའོ།། ཐམས་ཅད་མཉམ་པ་ཉིད་ནི་མིག་ལ་སོགས་པ་སྟོང་པ ་ཉིད་དོ།། དེའི་མངོན་པར་བྱང་ཆུབ་པ་ཁོ་ན་བྱང་ཆུབ་ཆེན་པོའི་ཞེས་པ་སྔར་བཞིན་ནོ།། ཅི་ལྟར་ཞེ་ན་གསུངས་པ། ཐམས་ཅད་ཅེས་པ་ལ་སོགས་པ་སྟེ། མིག་ལ་སོགས་པའི་ཤེས་པ་རྣམ་པར་རྟོགས་པ་སྟོང་པ་ཉིད་ལ་དམིགས ་པའི་ཡེ་ཤེས་མཆོག་གིས་སོ་ཞེས་པའི་དོན་ཏོ།། དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ཡང་རྡོ་རྗེ་ལ་སོགས་པའི་སྒྲས་བརྗོད་པར་བྱའོ།། དེ་རྣམས་ཀྱི་མཉམ་པ་ཉིད་ཞེས་པ་ལ་སོགས་པ་ནི་སྔར་བཞིན་ནོ།། ། ་བྱང་ཆུབ་ཆེན་པོ་ནི་རིམ་པ་བཞིན་དུ་དེ་མི་བསྐྱོད་པ་ལ་སོགས་པའི་གོ་འཕང་གི་རང་བཞིན་དུ་ཆུད་པར་བྱའོ།། ཆོས་བསྒྲུབ་པ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གོ་འཕང་ཐོབ་པར་བྱེད་པ་འམ། མི་བསྐྱོད་པ་ལ ་སོགས་པ་སེམས་ཅན་ཉེ་བར་འདྲེན་པ་པའོ།། །། ཞེ་སྡང་སྤྱོད་པ་རྗེས་སུ་གཟུང་བར་བྱེ་བ་རྡོ་རྗེ་ཧཱུཾ་མཛོད་ཀྱི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། དེ་ནས་བཅོམ་ལྡན་འདུས་གདུག་པ་ཐམས ་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། གདྲུག་པ་ཐམས་ཅད་ནི་ལྷ་ཆེན་པོ་ལ་སོགས་པ་རྣམས་སོ།། དེ་རྣམས་གི་དུལ་བར་བྱེད་པ་གང་གིས་ཤཱཀྱ་ཐུབ་པ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཅན་དུ་བྱས་པ་དེའོ།། ཆོས་ཐམས་ཅད ་མཉམ་པ་ཉིད་འདོད་ཆགས་ལ་སྟོང་པ་ཉིད་ཀྱིས་སོ།། རྣམ་པར་རྒྱལ་བ་ནི་དེའི་བསམ་པ་ཉིད་ཀྱིས་འདོད་ཆགས་པ་རབཽ་ཏུ་བཅོམ་པའོ།། དེའི་ཡང་དག་པར་བསྡུས་པའོ།། གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ ་ཕྱིན་པ་མངོན་པར་སྒྲུབ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་གིས་དེ་དེ་བཞིན་དུ་གསུངས་པ་དེའོ།། འདོད་ཆགས་ནི་ཞོན་པའི་མཚན་ཉིད་དོ།། དེའི་སྤྲོས་པ་དོན་དམ་པ་ཉིད་དུ་ཉེ་བར་མ་དམིགས་པའོ།། ཅི ་ལྷོལྟོར་ཞེ་ན་གསུངས་པ། འདོད་ཆགས་སྤྲོས་པ་མེད་པ་ཉིད་སྟེ། འདོད་ཆགས་ཀྱི་རྒྱུ་ཁ་དོག་ལ་སོགས་པ་ཉེ་བར་དམིགས་པ་མེད་པ་ཉིད་ཀྱིས་སོ།། ཞེ་སྡང་ནི་ཀུན་ཏུ་འཇོམས་པའི་མཚན་ཉིད་དོ།། དེའི་སྤྲོས་པ་མེད་པ་ནི ་དེ་ཁོ་ན་བཞིན་དུ། ཅི་ལྟར་ཞེ་སྡང་གཱི་སྤྲོས་པ་མེད་པ་ཉིད་ཀྱིས་ཞེ་ན་ཀུན་ནས་མནར་སེམས་པའི་གཞི་དགུ་ཉེ་བར་དམིགས་པ་མེད་པ་ཉིད་ཀྱིསོ།། གཏི་མུག་ནི་བདག་ཏུ་སྟ་བ་ལ་སོགས་པའི་མཚན་ཉིད་།། བ་སྨོས་པ་མེད་པ་བཞིན་དུ་བྱེ་བར ་དམིགས་པ་མེད་དོ། ཇི་ལྟར་ཞེ་ན། གསུངས་པ་གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ནི། བདག་ལ་སོགས་པར་ཡོངསུ་བརྟག་པའི་གཞི་རྣམས་ཉེ་བར་མ་དམིགས་པའོ།། ཆོས་ཐམས་ཅད་ནི་ཁམས་གསུམ་པའི་སེམས་དང ་སེམས་ལས་བྱུང་བའོ།། དེ་རྣམས་ཀྱི་སྤྲོས་པ་དྲོན་དམ་པ་ཉིད་དུ་ཉེ་བར་དམིགས་པ་མེད་པའོ།། ཅི་ལྟར་ཆོས་ཐམས་ཅད་ཀྱི་སྤྲོས་པ་མེད་པ་ཉིད་ཅེ་ནས་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ཏུ་ཡོང་སུ ་བཏགས་པ་རྣམས་ཀྱི་དངོས་པོ་མེད་པ་ཉིད་ཀྱིས་སོ།། སྟོང་པ་ཉིད་ལ་སོགས་པའི་རང་བཞིན་ཅན་མཆོག་ཏུ་མཐར་ཐུག་པ་འབྱེད་པར་བྱེད་པའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། འདིའི་སྤྲོས་པ་མེད་པ་ནི་དེ་ཁོ་ན་བཞི ་དུ་ཉེ་བར་དམིགས་པ་མེད་པའོ།། ཅི་ལྟར་ཞེ་ན། གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨོས་པ་མེད་པ་ཉིད་ཀྱིས་ཏེ། རྣམ་པོར་རྟོག་པ་དང་དེའི་དབྱེ་བ་རྣམས་ཉེ་བར་དམིགས་པ་མེད་པ་ཉིད་ཀྱིས་སོ།། ཞེ་སྡང་གིས་དེ་སྤང ་བ་ཉེ་བར་བ་སྟན་ནས་གཏི་མུག་ལ་སྤྱོད་པའི་སེམས་ཅན་འདུལ་བའི་དོན་དུ། དེ་ནས་བཅོམ་ལྡན་འདས་རང་བཞིན་དག་པ་ཞེས་པ་ལ་སོགས་པས་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། རང ་བཞིན་དག་པའི་ཆོས་མ་ལུས་པ་ཀུན་ཏུ་གཟིགས་པའི་ཕྱིར། རང་བཞིན་དགུ་པའི་ཆོས་ཐམས་ཅད་དོ།། ཆོས་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ།། དེ་རྣམས་ཀུན་ཏུ་གཟིགས་པ་ཉིད་ནི་མངོན་སུམ་དུ་བྱེད ་འོ།། དེ་ལ་དབང་བྱེད་པས་ན་དབང་ཕྱུག་གོ། དེའི་ཡོ་ཤེས་ནི་དཀྱིལ་འཁོར་ལ་སོགས་པ་ངེས་པའོ།། དེ་ལ་གང་གིས་རྒྱས་གང་བ་པར་བྱ་ཞིང་མཚོན་པར་བྱ་བ་ཡིན་པས་དེ་དེ་བཞིན་དུ་གསུངས་ཏེ་དེ་སྐང་བྱ ་བའིའོ།། འདོད་ཆགོས་ཐམས་ཅད་ནི་སྔར་གསུངས་པ་དེ་རྣམས་ཀྱི་རྣམ་པར་དག་པ་སྟེ། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་དབེན་པོ་ཉིད་དོ།། དེ་ཞེ་སྡང་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་ཡང་དྲག་པར ་འཇུག་པར་འགྱུར་ཏེ། རྒྱུད་ངུ་ཉིད་འགྱུར་རོ།། ལུ་ཛྱཱ་ཏེ་ཞེས་པ་ནི་འདིར་ཐོབ་པ་དང་སྐྱེ་བའོ།། ལྟ་བ་ཐམས་ཅད་ཀྱི་དྲི་མ་དེ་རྣམ་པར་དག་པ་སྟེ། དོན་དམ་པར་གདོང་མ་ནས་ཉེ་བར་དམིགས་མ་མེད་པ་ཉིད་ཀྱིས་སོ།། ་སྡིག་པ་ཐམས་ཅད་རྣམ་པར་དག་པ་ནི་མི་དགེ་བའི་སེམས་པ་ཉེ་བར་དམིགས་པ་མོད་པས་སོ།། ཆོས་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་རྣམས་སོ།། དེ་རྣམས་ཀྱི་རྣམ་པར་དག་པ་ནི་འཛིན་པ་ཉེ་བར ་དམིགས་པ་མེད་པའོ།། དེ་ནི་སེམས་ཅན་ཐམས་ཅད་རྣམ་པར་དག་པ་ཉིད་ཀྱིས་ཡང་དག་པར་འཇུག་པར་འགྱུར་རོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འགོག་པ་དང་ལམ ་དང་ཀུན་རྫོབ་དང་། གཞན་གྱི་སེམས་དང་། ཆོས་དང་། རྗེས་སུ་དང་། ཟད་པ་དང་། མི་སྐྱེ་ཤེས་པ་རྣམས་སོ།། དེ་རྣམས་ཀྱི་ཡང་དག་པ་ནི་རྣམ་པར་རྟོག་པ་གཉིས་མེད་པའོ།། དེ་ནི་ཐམས ་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་ཉིད་ཀྱིས་ཡང་དག་པར་འཇུག་པར་འགྱུར།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐོས་པ་དང་བསམ་པ་ལས་བྱུང་བའི་རྒྱུའི་གནས་སྐབས་ཡང་དག་པར་བསྡུས ་པའི་སེམས་དཔའོ།། དེའི་རྣམ་པར་དག་པ་ནི་ཉེ་བར་དམིགས་པ་མེད་པའོ།། དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཉིད་ཀྱིས། དེ་བཞིན་གཤེགས་པ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ ་ཡང་དག་པར་ཐོབ་པར་ཤེས་པར་བྱའོ།། འདོད་ཆགས་ལ་སོགས་པ་རྣམས་ཀྱིས་དེ་སྤོང་བ་ཉེ་བར་བསྟན་ནས། སེར་སྣའི་གཉེན་པོའི་དོན་ལ་ལྷག་པར་མོས་པ་རྣམས་ཡང་དྲག་པར་རྗེས་སུ་གཟུང་བའི་དོན་དུ་དེ་ནས ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་གྱི་དོན་ཉེ་བར་བསྟན་པ་གསུངས་པ། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང་བྲལ་བས་ལས་ཁམས ་གསུམ་པ་ཐམས་ཅད་ཀྱི་བདག་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་རིན་པོ་ཆེའི་ཅོད་པན་ཏེ། དེའི་འབྱུང་གནས་སོ།། གང་ལས་ཞེ་ན་ཡེ་ཤེས་ལས་སོ།། དེ་ཉིད་ཀྱི་སྙིང་པོ་གང་ཡིན་པ་དེ་ལ་དེ ་སྐད་ཅེས་བྱའོ།། མངོན་པར་དབང་བསྐུར་བ་བྱིན་པ་ནི་དཀྱིལ་འཁོར་རྣམས་སུ་བཀོད་པའི་ལྷ་རྣམས་ལ་དང་། སློབ་མ་རྣམས་ལ་ཡང་ཕྱག་རྒྱ་རྣམས་ཀྱིས་མངོན་པར་དབང་བསྐུར་བའོ།། དོན་ནི་གསེར་ལ་སོགས། ་པའོ།། ཆོས་ནི་མདོ་སྡེ་ལ་སོགས་ལ་སོགས་པའོ།། དེའི་སྦྱིན་པ་ནི་ཉོན་མོངས་པ་མེད་པས་སྟོན་པར་བྱེད་པའོ།། ཟང་ཟིང་ནི་བཟའ་བ་ལ་སོགས་པའོ།། །། དེ་ལྟར་རྣམ་པར་སྦྱོང་བར་བྱེད་པའི་དོན་དུ་སྔགས་ཀྱི་ཚུལ ་ངེས་པར་སྦྱར་བ་རྣམས་ཀྱིས་སྐུ་ལ་སོགས་པ་གཅིག་པ་ཅོན་དུ་བྱེད་པའི་མཚན་ཉིད་སྟོང་པ་ཉིད་རྗེ་སུ་དྲན་པའི་ཕྱག་རྒྱ་སྒྲུབས་པར་བྱའོ།། ཞེས་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ ་འཁོར་གྱི་དོན་ཉེ་བར་གསལ་བར་བྱེད་པ་གསུངས་པ། དེ་བཞིན་དེ་བཞིན་ཉིད་བདེན་གང་།། དེ་ནི་རྡོ་རྗེ་ཁུ་ཚུར་བརྗོད་ཞེས་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཉིད་དོ།། རབ་ཏུ་བརྙེས་པ་ནི་ལྷགས ་པར་རྟོགས་པ་དང་ལྡན་པའོ།། དེའི་གནས་སྐབས་གསལ་བར་བྱེད་པའི་དམ་ཚིག་གི་ཁུ་ཚུར་གྱི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བྱིན ་གྱིས་བརླབས་པ་ནི་བརྟན་པ་ཅན་དུ་བྱེད་པའོ།། དེ་ཉིད་རྡོ་རྗེ་སྟེ་དེ་སྐད་བྱ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ཡོངསུ་འཛིན་པ་ནི། ཕྱག་རྒྱ་ཆེན་པོ་འཆིང་བའོ།། གསུང་གི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི། ལྕེ ་ལ་ཟླ་བ་བསྒོམ་པ་སྔོན་མ་ཅན་གྱི་སྔགས་བཟླའོ།། ཆོས་ཐམས་ཅད་སོ་སོར་ཐོབ་པ་ནི་སོ་སོར་ཡང་དག་པར་རིག་པ་བཞི་བརྙེས་པའོ།། ཐུགས་ཀྱི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་རང་གི་སྙིང་གར་ཟླ་བ ་ལ། རྡོ་རྗེ་རྗེ་ལྔ་པ་བསྒོམས་པ་སྔོན་མ་ཅན་གྱི་དམ་ཚིག་གི་ཕྱག་རྒྱ་འཆིང་བའོ།། རྡོ་རྗེའི་ཕྱག་རྒྱ་ཡོངས་སུ་འཛིན་པ་ནི་རང་གི་སྙིང་གར་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་སྔོན་དུ་འདྲེན་པས་ལས་ཀྱི་ཕྱག་རྒྱའི་འཆིང་བའོ།། ་ཤེས་རབ་ཀྱི་བློ་སྒྲུབ་པར་བྱའོ་ཞེས་པས་དེ་ནས། བཅོམ་ལྡན་འདས་ཆོས་ཐམས་ཅད་སྤྲོས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེའི་ཐབས་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་དོན་ཉེ་བར་བསྟན་པ་གསུངས་པ། ཆོས ་ཐམས་ཅད་དེའི་རྒྱུ་དང་འབྲས་བུ་དོན་དུ་གཉེར་བའི་བདག་ཉིད་ཅན་ནོ།། དེ་རྣམས་ཀྱི་སྤྲོས་པ་ནི་འབྱུང་བའི་རྟོག་པ་ཡང་དག་པར་གཅོད་པའོ།། དེའི་རྗེས་སུ་མ་དམིགས་པས་ན། སྤྲོས་པ་མེད་པར་བྱེད་དོ་ཞེས་པས། སྤྲོས ་པ་མེད་པའོ།། ཡི་གེའི་འཁོར་ལོ་ནི། ཨ་རཱ་པ་ཙུ་ན་ལ་སོགས་པའོ།། ཡོངསུ་བསྐོར་བར་བྱེད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་དེ་བཞིན་དུ་བརྗོད་པ་དེའོ།། ཆོས་ཐམས་ཅད་ནི་འབྲོས་བུའི་ངོ་བོ་ཕུང་པོ ་ལྔ་པོ་དེ་རྣམས་དོན་དམ་པར་སྟོང་པ་དངོས་པོ་མེད་པའི་རང་བཞིན་ནོ།། ཅི་ལྟར་ཞེ་ན། རང་བཞིན་མེད་པའི་ཚུལ་གྱིས་ཞེས་ཏེ། གང་གི་ཕྱིར་དེ་རྣམས་དོན་དམ་པ་ཉིད་དུ་རང་བཞིན་ཉེ་བར་དམིགས་པར་བྱ་བ་མེད་དོ།། དེ ་ཉིད་ནི་མཚན་ཉིད་མེད་པ་སྟེ། ཅིའི་ཕྱིར་ན། མཚན་མ་མེད་པས་ཉེ་བར་བཟུང་སྟེ། གང་གི་ཕྱིར་དོན་དམ་ཉིད་དུ་དེ་རྣམས་ཀྱི་མཚན་མ་སྟེ་རྒྱུའི་རང་བཞིན་ཉེ་བར་ཐོབ་པར་བྱར་མེད་དེ་དེའི་ཕྱིར་མཚན་མ་མེད་པའོ།། སླར་ཡང ་དེ་ཁོ་ན་སྨོན་པ་མེད་པ་སྟེ་དོན་དུ་གཉེར་བ་མེད་པའོ།། ཅི་ལྟར་ཞེས་སྨོན་པ་མེད་པའི་ཚུལ་གྱིས་ཏེ་གང་གི་ཕྱིར། དེ་རྣམས་དོན་དམ་པར་དོན་དུ་གཉེར་བར་རྙེད་པར་མི་འགྱུར་རོ།། དེ་གསུངས་པར་འགྱུར་བ་འབྲས་བུའི་ངོ་བོ ་དེ་སྙེད་རང་བཞིན་གྱིས་སྟོང་པས་འབྲས་བུ་མེད་པའི་ཕྱིར་དང་དེའི་རྒྱུ་ཡང་ཉེ་བར་མ་དམིགས་པའི་ཕྱིར་མཚན་མ་མེད་པ་དང་དེའི་སྨོན་པ་མེད་པར་བྱ་བའི་ཡུལ་མེད་པའི་ཕྱིར་སྨོན་པ་མེད་པའོ།། དེའི་ཕྱིར་ཡང་རང་བཞིན་གྱིས་འོད ་གསོལ་བའོ།། ཅི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནི་དོན་དམ་པར་ན་དུ་དེ་བཞིན་ནོ།། ཀུན་རྫོབ་ཏུ་ནི་རྗེས་སུ་འཇུག་པ་ཁོ་ནའོ་ཞེས་སོ།། ཚིག་དེ་རྣམས་ཀྱིས་ཀྱང་རིམ་པ་ལས་སྟོང་པ་ཉིད་དང་། མཚན་མ་མེད ་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་བསྟན་པ་དང་། མེ་ལོང་ལ་སོགས་པའི་ཡེ་ཤེས་བཞིའོ་ཞེས་ཁོང་དུ་ཆུད་པར་བྱའོ།། དཀྱིལ་འཁོར་དུ་འཇུག་པ་མེད་ན་གྲུབ་པར་མི ་འགྱུར་རོ་ཞེས་པས་དེ་ནས། བཅོམ་ལྡན་འདས་ཞེས་པ་ལ་སོགས་པས་གྲུབ་པའི་ཐབས་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་གྱི་དོན་ཀུན་ཏུ་བསྟན་པ་གསུངས་པ། དེ་བཞིན་གཤེགས་པ ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྟེ། དེ་རྣམས་ཀྱང་འཁོར་ལོ་ནི་དཀྱིལ་འཁོར་རོ།། དེའི་ནང་དུ་གནས་པ་ནི་གང་དུ་ཐམས་ཅད་དེ་རྣམས་སུའོ།། ཞེས་དེ་བཞིན་དུ་བརྗོད་པར་བྱའོ།། གང་། ་གི་འཁོར་ལོ་ཆེན་པོ་རབ་ཏུ་འཇུག་པ་དེ་འཁོར་ལོ་ཆེན་པོ་རྣམས་སུ་རབ་ཏུ་འཇུག་པའོ།། རབ་ཏུ་འཇུག་པ་ཡང་ཕྱི་དང་གསང་བའི་དབྱེ་བས་རྣམ་པ་གཉིས་ཏེ། ཕྱི་ནི་ཕྱག་རྒྱ་རྣམས་ཀྱིས་སོ།། གསང་བ་ནི་རབ་ཏུ་ཞུགསོ་པ་དང ་འདི་ལ་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་ཀུན་ཏུ་རྟོགས་པ་ལ་དེ་སྐད་ཅེས་བྱའོ།། རྡོ་རྗེ་མཉམ་པ་ཉིད་ནི་འཛིན་པའི་རྣམ་པ་དང་བྲལ་བ་ཉིད་དོ།། དེ་ལ་རབ་ཏུ་ཞུགས་པ་ནི་ལྷག་པར་རྟོགས་པའོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་འཁོར་ལོ་ལ་རབ་ཏུ་ཞུགས་པའི་ཆེད་དུ་དེ་བཞིན་གཤེགས་པ་ལ་འཇུག་པའོ།། ཡང་དག་པར་འཇུག་པར་འགྱུར་རོ་ནི་སྐྱེ་བར་འགྱུར་རོ།། དོན་མཉམ་པ་ཉིད་འཇུག་པ་ནི་གཟུང་བྱའི་རྣམ་པ་སྟོང་པར་ལྷག་པར ་རྟོགས་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དོན་དུ་འཁོར་ལོ་ལ་རབ་ཏུ་ཞུགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་ཀྱི་དོན་དུ་འགྱུར་རོ།། ཆོས་ནི་ཉེན་ཐོས་པོའི་ལུང་གི་ཆོས་སྟེ། སྟོང་པ་ཉིད ་དུ་རྟོགས་པས་དམ་པོའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པའི་ཕྱིར་ཏེ། དམ་པའི་ཆོས་ཀྱི་འཁོར་ལོ་ནི་ལན་གསུམ་དང་རྣམ་པ་གཅིག་གཉིས་ཀྱི་མཚན་ཉིད་མངོན་དུ་ཕྱོགས་པར་བྱེད་པའི་དོན་དུ་སྐྱེ་བར་འགྱུར་རོ།། ལས་ནི་མཆོད ་བ་ལ་སོགས་པའི་བྱ་བའོ།། དེ་སྟོང་པ་ཉིད་དུ་རྟོགས་པས་འཇིག་རྟེན་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་དོན་རབ་ཏུ་འཇུག་པའི་དོན་དུ་འགྱུར་རོ།། །། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ཞེས་བྱ་བ་ལ་སོགས ་པས་ཞུགས་པའི་འཁོར་ལོ་རྣམས་ཀྱིས་གྲུབ་པའི་ཐབས་མཆོད་པའི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པའི་མཚན་ཉིད ་དོ།། དེ་དག་གི་ཆོ་ག་རྒྱས་པ་ནི་རྣམ་པ་སྣ་ཚོགས་པ་ཉིད་དོ།། དེའི་སྣོད་ནི་རྟེན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ཉིད་དམ་པ་སྟེ། དེ་གང་ལ་དེ་དེ་དེ་བཞིན་དུ་གསུངས་པ་དེ་ལ་དེ་སྐད་ཅེས་བྱའོ།། སྨོན་པ ་དང་འཇུག་པ་བྱང་ཆུབ་ཀྱི་རང་བཞིན་གྱི་སེམས་ནི་བྱང་ཆུབ་ཀྱི་སེམས་སོ།། དེ་བསྐྱེད་པ་ཉིད་དོ།། ངན་སོང་བ་ལ་སོགས་པའི་སྡུག་བསྔལ་དང་སྒྲིབ་པ་རྣམས་ཡོངས་སུ་སྐྱོབ་བྱའོ།། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ། ་དང་། སངས་རྒྱས་ཀྱི་ཆོས་ནི་དམ་པའི་ཆོས་སོ།། དེ་ཐོས་པ་ལ་སོགས་པ་རྣམས་ཀྱིས་ཡོངས་སུ་བཟུང་བའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྲི་བ་ལ་སོགས་པ་ནི་གོ་སླའོ།། དེ་ནས་བཅོམ་ལྡན་ཞེས་བྱ་བ་ལ་སོགས། ་བགེགས་ཀྱི་གཉེན་པོའི་ཕྱོགས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། གདུག་པ་རྣམ་པ་ཐམས་ཅད་འདུལ་བ་སྟེ། ཉེས་པར་སྤྱོད་པའོ་ཞེས་པས་སྒྲིབ་པའོ།། དེའི་མཐས་ཡོད་པ་ནི་ནུས་པ་སྟེ། སེམས ་ཅན་ཐམས་ཅད་ཉེས་པར་སྤྱོད་པ་ལ་རབ་ཏུ་ཞེན་པ་དེ་རྣམས་འདུལ་བ་ནི་དེ་དག་ཡོངས་སུ་སྤོང་བའོ།། དེའི་དོན་གྱི་ཡེ་ཤེས་ནི་སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་ཏེ། ཁྲོ་བོའི་གཟུགས་ཀུན ་ཏུ་སྟོན་པར་ནུས་པའོ།། དེ་ཉིད་སྙིང་པོ་སྟེ། དེ་སྐད་ཅེས་བྱ་བ་ཅན་ནི།། སེམས་ཅན་ཐམས་ཅད་ནི་དགྲ་བོ་དང་མཛའ་བོ་ལ་སོགས་པ་རྣམས་སོ།། མཉམ་པ་ཉིད་ཀྱི་སྟེ། མཚུངས་པ་ཉིད་ཀྱིས་ཁྲོ་བ་ཡང་མཉམ་པ ་ཉིད་དེ།། ཐམས་ཅད་རིག་པ་ཉིད་དུ་གོར་མ་ཆགས་པར་འཇོག་པ་དང་ལྡོག་པའོ།། ནུམ་གྱི་ཚེ་སོ་སོར་དུལ་བར་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་འདུལ་པ་ཉིད་པས་ཞེས་བྱ་བ་ལ་སོགས་པས་གསུངས་པ། ཇི་སྲིད ་དུ་སེམས་ཅན་ཐམས་ཅད་དུལ་བར་གྱུར་པ་དེ་སྲིད་དུ་ཁྲོ་བོའི་སྐབས་དུལ་བ་ན་ཁྲོ་བོའི་ཡང་འདུལ་བ་ཉིད་དུ་མི་འཇུག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེའི་ཕྱིར་ཉེས་པའི་བདག་ཉིད་འདི་ཡང་སྔོན་དུ་བྱས་པའི་ཕྱིར ་ཉེས་པ་མེད་པ་མེད་པ་ཉིད་དུ་བསྟན་པ་གསུངས་པ། སེམས་ཅན་ཐམས་ཅད་ཆོས་ཉིད་ཉིད་པས་ཏེ་དེ་ཁོ་ན་ནི་སེམས་ཅན་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ནོ།། ཆོས་ཉིད་ནི་སྟོང་པ་ཉིད ་དེ་ཁྲོ་བ་ཡང་དེ་ཉིད་དོ།། དེའི་ཕྱིར་ཡང་ཁྲོ་བ་ཡང་རྡོ་རྗེའི་སྒྲས་བརྗོད་དོ།། ཅིའི་ཕྱིར་ཞེ་ན་གསུངས་པ།། སེམས་ཅན་ཐམས་ཅད་འདུལ་བའི་བྱང་ཆུབ་བོ་ཞེས་པ་ནི་གང་གི་ཕྱིར་བྱང་ཆུབ་ཀྱི་མཚན་ཉིད་འདི་ཁོ་ན་སེམས ་ཅན་ཐམས་ཅད་འདུལ་བ་དེ་ཡིན་ཏེ། དེའི་ཕྱིར་སེམས་ཅན་ཐམས་ཅད་མཉམ་པ་ཉིད་ལས་ཁྲོ་བ་མཉམ་ཉིད་ནས་ཇི་སྲིད་དུ་རྡོ་རྗེ་ཉིད་དོ་ཞེས་སོ།། ད་ནི་དོན་ཡོད་རྒྱལ་པོ་ལ་སོགས་པ་ནས། རྡོ་རྗེ་ཁུ་ཚུར་གྱི་མཐར་ཐུག ་པའི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངས་པ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ཐམས་ཅད་མཉམ་པ་ཉིད་ནི་ཇི་ལྟར་གསུངས་པའི་དཀྱིལ་འཁོར་བཅུ་མཚུངས ་པ་ཉིད་དོ།། དེ་ལས་དཀྱིལ་འཁོར་ཐམས་ཅད་ཀྱི་རང་བཞིན་ཡོངསུ་གྱུར་པར་ཀུན་ཏུ་གནས་པ་ནི་ཐམས་ཅད་མཉམ་པོ་ཉིད་ལས་རབ་ཏུ་གནས་པའོ།། དཀྱིལ་འཁོར་ཐམས་ཅད་ནི་ཆོས་ཐམས་ཅད་མཉམ་པ་ཉིད ་དོ།། དེ་ཁོ་ན་མཆོག་སྟེ། གང་དུ་དེ་བཞིན་དུ་གསུངས་པ། དེ་ལ་དེ་སྐད་ཅེས་བྱའོ།། ཐམས་ཅད་མཉམ་པ་ནི་དཀྱིལ་འཁོར་ཐམས་ཅད་མཚུངས་པ་ཉིད་དེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དེ། དོན ་དམ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དཀྱིལ་འཁོར་ཐམས་ཅད་ལྟ་བུར་ལྷོག་པར་སྒྲོ་བཏགས་ནས་དེ་བཞིན་ཁོ་ནར་བརྗོད་པར་འགྱུར་པའི་ཕྱིར་རོ།། དཀྱིལ་འཁོར་རྣམས་ཐམས་ཅད་ནི་རྟེན་དེ་མངོན་པར་བྱུང་བའི་མཚན ་ཉིད་ནི་དོན་ཉིད་དོ།། གང་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པ་ཡང་དེ་ཁོ་ནའོ།། དེ་རྣམས་ཀྱི་ཆོས་ཉིད་ནི་བླ་ན་མེད་པའི་བྱང་ཆུབ་བསྐྱེད་པ་པོ་ཉིད་དེ། དེ་ཁོ་ནའོ།། དེ་ལ་ཡང་གང་དཀྱིལ་འཁོར་རྣམས་སུ་མཆོད་པ་ལ་སོགས ་པའི་ལས་ཉིད་དུམ་ཚོགས་པར་འགྱུར་བ་དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ་ཞེས་སོ།། ། འཇིག་རྟེན་པའི་ལྷ་ལ་ལྷག་པར་མོས་པ་རྣམས་བསྟན་པ་འདི་ལ་འཇུག་པར། ་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཞེས་བྱ་བ་ལ་སོགས་པས་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་གྱི་དོན་བསྟན་པ་གསུངསྭཱ་པ། དབང་ཕྱུག་དེ་བཞིན་གཤེགས་པ་ཐམས་ཅུང ་དུ་སྒོམ་པར་བྱེད་པས་བྱིན་གྱིས་རློབ་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཡིན་པ་དེ་ལ་དེ་བཞིན་དུ་གསུངསོ།། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་བདག་ཉིད་ཙ་ན་རྣམ་པར་སྣང་མཛད་དོ།། དེའི་སྙིང ་པོ་གང་ཡིན་པ་དེ་ལ་དེ་བཞིན་དུ་བརྗོད་པར་བྱའོ།། གང་ལས་ཞེ་ན། ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་སྟེ་གསུངས་པ། བྱང་ཆུབ་སེམས་དཔའི་ཀུན་ཏུ་བཟང་པོ་ནི། དེ་བཞིན་ཉིད་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་ཆོས་ཀྱི་སྐྱེ ་རྣམ་པར་སྣང་མཛད་ཆེན་པོའོ།། དེ་ཐམས་ཅད་ཀྱི་བདག་ཉིད་ཉིད་བས་ནི། སེམས་ཅན་ཐམས་ཅད་ཀྱི་རྗེསུ་འགྲོ་བ་ཉིད་ཀྱིས་སོ།། ཛྷི་ཎཱཾ་ནི་མི་བསྐྱོད་པ་སྟེ། དེའི་སྙིང་པོ་གླང་ཡིན་པ་ནི་རྡོ་རྗེ་སྙིང་པོའོ།། ཙ་ལྟར་ཞེ་ན། རྡོ་རྗེ་སྙིང་པོའི་ད ་བསྐུར་བ་ཉིད་པས་ཏེ། མེ་ལོང་ཡེ་ཤེས་ཀྱི་བདག་ཉིད་ཅན་རྡོ་རྗེའི་ཕྱག་རྒྱས་མངོན་པར་དབང་བསྐུར་བ་སྟེ། དེ་ནི་དབང་ཕྱུག་ལ་སོགས་པའི་སེམས་ཅན་དང་ཐུན་མོང་པ་ཉིད་ཀྱིས་སོ།། རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ།། དེ་གང་རྣམས་ཀྱི ་སྙིང་པོ་ཡིན་པ་ཞེས་པ་སྔོན་མ་བཞིན་ནོ།། ཅིའི་ཕྱིར་ཞེ་ན། རིན་ཆེན་སྙིང་པོས་དབང་བསྐུར་པ་ཉིད་ཀྱིས་ཏེ། མཉམ་པ་ཉིད་ཀྱི་བདག་ཉིད་ཅན་རིན་ཆེན་མངོན་པར་དབང་བསྐུར་བ་སྟེ། དེ་ནི་དབང་ཕྱུག་ལ་སོགས་པའི་སེམས་ཅན ་དང་ཐུན་མོང་པ་ཉིད་ཀྱིས་སོ།། ཆོས་ནི་འཇིག་རྟེན་དབང་ཕྱུག་གི་རྒྱལ་པོའོ།། དག་ཐམས་ཅད་ལ་རབ་ཏུ་འཇུག་པ་ཉིད་བྱས་ནི་གང་གི་ཕྱིར་སོ་སོར་ཀུན་ཏུ་རྟོགས་པ་ཡེ་ཤེས་ནི་དྲུག་ཐམས་ཅད་ལ་རཱབ་རྒྱུ་འཇུག་པ ་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྗེ་སུ་ཞུགས་པའོ་ལས་ནི་གདོན་མི་ཟ་བ་སྟེ། སེམས་ཅན་ཐམས་ཅད་ལ་ཀུན་ཏུ་གནས་སོ།། ནག་པོ་ཆེན་པོ་དང་དགའ་བྱེད་དབང་ཕྱུག་གི་དཀྱིལ་འཁོར་གྱི་དོན་བསྟན་པའི་ཕྱིར། དེ་ནས་བཅོམ ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ། འདི་ལ་མཐའ་ཡོད་པ་མ་ཡིན་ནོ་ཞེས་པས་མཐའ་ལས་འདས་པའོ།། མུར་ཐུག་པ་དང་མཐར་ཕྱིན་པ་ནི་མུ་མེད་ཅིང་མཐར་ཕྱིན་པའོ།། དེས་གང་ལ་མུ་མེད་ཅིང་མཐར ་བྱིན་པར་རིག་པརྱ་བྱཱ་བྱཱ་དེ། བཅོམ་ལྡན་འདས་ན་མཁའི་དབྱིངས་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་ཀུན་ཏུ་གནས་པའི་སྐུ་དུ་གསུང་དང་ཐུགས་རྡོ་རྗེ་ཉིད་ཀྱི་ཕྱིར་རོ།། རིམ་པའི་མཐར་མཐའ་ལས་འདས་ཤིང་མུ་མ ་པོར་མཐར་ཕྱིན་པའི་ཚིག་རྣམས་ཀྱིས། དེ་བཞིན་གཤེགས་པོ་ལ་སོགས་པའི་རིགས་གསུམ་གྱི་རང་བཞིན་གསལ་བར་བྱེད་དོ།། མུ་མེད་ཅིང་མཐར་ཕྱིན་པའི་ཆོས་འདིས་ཀྱང་ལས་ཀྱི་རིགས་ཤིན་ཏུ་སྤྱད་དོ་ཞེས་པའོ།། ་འདིའི་རྟག་པུ་ཞེས་པ་ནག་པོ་ཆེན་པོ་དང་དགའ་བྱེད་དབང་ཕྱུག་གི་བརྟག་པའོ།། ཡོངས་སུ་མཐར་ཐུག་པ་ནི་ཡོངས་སུ་རྫོགས་པ་སྟེ། དྱེ་བྷིན་གྱིས་བརླབས་པའི་དོན་དུའོ།། ཆོས་ཐམས་ཅད་ནི་རིགས ་ཐམས་ཅད་ཀྱི་རང་བཞིན་ནོ།། དེའི་མཉམ་པ་ཉིད་དོ།། ཡོངས་སུ་མཐར་ཐུགས་པ་ནི་ནག་པོ་ཆེན་པོ་དང་དགའ་བྱེད་དབང་ཕྱུག་གི་སྤྲུལ་པ་སྟོན་པར་བྱེད་པའོ།། དེ་ཁོ་ན་ཚད་མས་གནོད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ།། ཇི་ལྟར་འབྱུང ་པོ་མཐའ་མེད་པར་ཤེས་པར་བྱ་བར་རྟོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐའ་ཡས་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་མཐའ་ཡས་པ་ཉིད་དེ། ཐམས་ཅད་མཁྱེན་པས་གཞལ་དུ་མེད་པ་ཉིད་དོ།། དེ་བཞིན་དུ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མུ་མེད་པ་དང་། གཅིག་པ་དང་ཡོངས་སུ་མཐར་ཐུགས་པ་ཉིད་ཀྱིས་དབང་ཕྱུག་དང་ཡོན་ཏན་བྱེད་པ་ཐམས་ཅད་མུ་མེད་པ་དང་། གཅིག་པོ་དང་མཐར་ཕྱིན་པ་ཉིད་དེ། ཡོངས་སུ་མཐར ་ཐུག་པ་དང་ཤིན་ཏུ་མཐར་ཐུག་པ་དང་ཡོངས་སུ་ཟད་པ་མེད་དོ་ཞེས་བྱ་བའི་དོན་ཏོ།། དེ་ནི་ཞེས་པ་འཛིན་པ་ལ་སོགས་པ་ལ་འཇུག་པ་ཡིའོ།། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐར་ཕྱིན་པ་སྟེ། ཡོངས་སུ ་རྫོགས་པ་ལ་གནས་པ་ཉིད་ཀྱི་ཕྱིར་རོ།། སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་ནས་ཞེས་པ་སྒྲིབ་པ་མ་ལུས་པ་ཡོངས་སུ་ཟད་པས་སོ།། །། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཞེས་བྱ་བ་ལ་སོགས་པས་མིང་པོ་གསུམ ་གྱི་དཀྱིལ་འཁོར་གྱི་དོན་ཡོངས་སུ་བསྟན་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་ནི་སྙིང་པོ་གསུམ་གྱི་ཆོས་རྣམས་སོ།། ཆོས་ཐམས་ཅད་ནི་ཁོ་ན་སྐུ་མིང་བའོ།། དེ་རྣམས་ཀྱི་སྤྲོས་པ་ནི་ཕྱག ་རྒྱུ་དང་དཀྱིལ་འཁོར་གྱི་རྣམ་པར་རྟོག་པའོ།། དེའི་སྤྲོས་མེད་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལྷག་པར་རྟོགས་པ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་བྲལ་བའི་ཕྱིར་རོ་ཞེས་པ་སྤྲོས་པ་མེད་པའོ།། བདེ་བ་ཆེན་པོའི ་རྗེ་ནི་རྣམ་པར་སྣང་མཛད་ཆེན་པོ་སྟེ། དེ་ཁོ་ན་དོན་དམ་པའི་དམ་ཚིག་སྐྱེ། མིང་བློ་གསུམ་བསྐྱེད་པའི་དམ་ཚིག་རྒྱུར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ།། རྡོ་རྗེ་ནི་དེ་ཁོ་ན་སྙིང་པོ་གསུམ་པོ་དེ་རྣམས་ཀྱི་ཆོས་ཉིད་ནི་རྡོ་རྗེའི་ཆོས ་ཉིད་འབྲས་བུ་ཐམས་ཅད་ཀྱི་ཐོག་མ་ཉིད་དོ།། མཉམ་པ་ཉིད་དུ་ཡོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྟེ། དེ་ལ་དེ་བཞིན་དུ་གསུངས་སོ།། འདོད་ཆགས་ཆེན་པོ་ནི་སྙིང་རྗེ་ཆེན་པོ་སྟེ། དེའི་མཆོག་ཏུ་གྲུབ་པ་ནི ་མཆོག་ཉིད་དོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཞེས་པ་ནི་བྱང་ཆུབ་ཆེན་པོའི་རང་བཞིན་གྱི་སེམས་དཔའ་གྱིའོ།། བདེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འཇུག་པར་འགྱུར་རོ་ནི་རྣམ་པར་སྣང་མཛད་ཆེན་པོ་ཉིད་དུ ་སྐྱེ་བར་འགྱུར་རོ།། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གྲུབ་པ་འདོད་ཆགས་རྣམ་པར་དག་པའི་བདག་ཉིད་ཅན་ཚངས་པས་སྤྲུལ་པའི་དོན་དུ་འཇུག་པར་འགྱུར་རོ།། དེ་ཡང་བདུད་ཆེན་པོ་ཐམས ་ཅད་རབ་ཏུ་འཇོམས་པ་མཆོག་ཏུ་གྲུབ་པས་ཁྲོ་བ་རྣམ་པར་དག་པའི་རང་བཞིན་དབང་ཕྱུག་ཆེན་པོ་སྤྲུལ་པའི་ཕྱིར་འཇུག་པར་འགྱུར་རོ།། དེ་ཡང་འཇིག་རྟེན་གསུམ་པོ་མཐའ་ངག་གི་དབང་ཕྱུག ་སྟེ། བདག་པོ་མཆོག་ཏུ་གྲུབ་པས་གཏི་མུག་རྣམ་པར་དག་པའི་རང་བཞིན་ཁྱབ་འཇུག་གི་ཕྱིར་འཇུག་པར་འགྱུར་རོ།། དེའང་རིམ་པ་ལས་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཡོངསུ་སྐྱོབ་པ་སེམས ་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་མཆོག་ཤིན་ཏུ་མཐར་ཐུག་པ་བདྲེ་བ་ཆེན་པོ་མཆོག་ཏུ་གྲུབ་པར་འཇུག་པར་འགྱུར་རོ།། དེ་རྒྱུ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པས་སྲིང་མོའི་དཀྱིལ་འཁོར་གྱི་དོན་ཉེ་བར ་བསྟན་པ་གསུངས་པ། གང་གི་ཕྱིར་མཁས་མཆོག་དེ་ལྟ་བུ་ཇི་སྲིད་འཁོར་བའི་གནས་སུ་གནས་པ་དེ་མི་གནས་པའི་མྱ་ངན་ལས་འདས་པས་གནས་པར་གྱུར་པ་སྲིད་དུ་སེམས་ཅན་གྱི་དོན་མཉམ་མེད་དེ་ཕུལ་དུ་བྱུང་བ་མྱ་ངན ་ལས་འདའ་བར་བྱེད་པར་ནུས་སོ།། དེའི་ཕྱིར་སྲིང་མོ་སྤྲུལ་པ་རྣམས་ཀྱིས་ཀྱང་སེམས་ཅན་གྱི་ཁམས་ཡོངས་སུ་སྐྱོབ་པོ་ལ་སོགས་པ་བྱེད་དོ།། དེ་ཁོ་ན་ཡོངས་སུ་གསལ་བར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ ་ལ་སོགས་པ་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ཐབས་དང་ཡེ་ཤེས་ཏེ་དེའི་བྱིན་གྱིས་བརླབ་མ་དེས་སྲིང་མོ་རྣམས་འགྲུབ་སྟེ་ལས་རྣམས་ཐམས་ཅད་རྣམ་པར་དག་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལས ་ཡོངས་སུ་སྦྱོང་བའི་སྒོ་བ་ཡིས་སྲིད་པ་དག་པར་འགྱུར་རོ།། འཇིག་རྟེན་པའི་སྲིང་མོ་ལྟ་བུ་ཞེས་པ་ནི་མ་ཡིན་ནོ་ཞེས་སོ།། གལ་ཏེ་དེ་ལྟ་བུ་དངོས་ལས་འདོད་ཆགས་ལ་སོགས་པ་ཉིད་ཀྱིས་ཅི་ལྟར་སེམས་ཅན་འདུལ ་བར་འགྱུར་ཞོ་ན་ཆགས་སོགས་ཞེས་པ་ལ་སོགས་པས་གསུངས་པ། དུལ་བར་བྱེད་པ་ཞེས་པ་འདུག་པ་སྟེ། འདོད་ཆགས་ལ་སོགས་པས་འདུལ་བའི་འཇིག་རྟེན་ནི་གང་ལས་ཀུན་ནས་སྲིད་པར་ཏི། འཁོར་བར་སྡིག ་པར་བྱེད་པར་འགྱུར་པ་དེའི་ཕྱིར། དེ་རྣམས་རྣམ་པར་སྦྱང་བའི་དོན་དུ་སྲིང་མོའི་གཟུགས་ཀྱིས་འདུལ་བར་བྱེད་དོ།། རང་ཉིད་ནི་བདག་ཁོ་ན་སྟེ་མཁས་མཆོག་ཞེས་སྦྱར་པར་བྱའོ།། དེ་ལྟ་མོད་ཀྱི་བུད་མེད་ཀྱི་སྤྲུལ་པས ་ཀྱང་མཆོག་ཏུ་འཇུག་པར་བྱེད་དོ་ཞེས། ཇི་ལྟར་པདྨ་ཞེས་བྱ་བ་ལ་སོགས་པ་གསུངས་པ། ཇི་ལྟར་ཤཱནྱ་དུ་དམྱུར་བའི་པདྨ་མཚོན་གྱི་ཉེས་པས་གོས་པར་མི་འགྱུར་རོ།། དེ་བཞིན་དུ་འགྲོ་བ་ལ་ཕན་པ་རྣམས་བུད་མེད ་ལ་སོགས་པ་སྤྲུལ་པས་དེ་ལ་ཕན་པ་རྣམས་འདུལ་བར་བྱེད་པ་གང་ཡིན་པ་ལ་སྲིད་པའི་བག་རྨུགས་ཀྱི་སྐྱོན་གྱིས་གོས་པར་མི་འགྱུར་རོ་ཞེས་པའོ།། གང་གི་ཕྱིར་དེ་ལྟ་བུ་ཡིན་པ་དེའི་ཕྱིར་སྙིང་མོ་སྤྲུལ་པར་བྱེད་དོ་ཞེས ་དཀྱུས་ཀྱི་དོན་ཉེ་བར་བསྟན་པ་འདོད་ཆགས་ཆེན་པོ་ཞེས་པོ་ལ་སོགས་པ་གསུངས་པ་ཚིག་བཞི་པ་ཡང་སྲོང་མོ་བཞི་པོ་འདི་དག་གི་སྒོ་ནས་རིམ་པ་བཞིན་སྤྱིར་པོར་བྱའོ།། །། ཨོཾ་བོ་དྷི་ཙིཏྟ་བཛྲ་ཞེས་པ་ལ་སོགས ་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚིག་ཉི་ཤུ་རྩ་ལྔ་པོ་རྣམས་ཀྱི་རིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པར་བྱེད་པ་དང་། ཀུན་ཏུ་བཟང་པོའི་སྤྱོད ་པ་རྫོགས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དང་འཕོ་བ་དང་སྐྱེ་བའི་ས་དང་། གཞོན་ནུ་རྩེ་བ་ཀུན་ཏུ་སྟོན་པ་དང་། མངོན་པར་འབྱུང་བ་དང་། བྱཱ་དཀའ་བ་སྤྱོད་པ་སྟོན་པ་དང་། བྱང་ཆུབ ་སྙིང་པོར་གཤེགས་པ་དང་། བདུད་ཐམས་ཅད་བཏུལ་བ་དང་། བྱང་ཆུབ་ཆེན་པོར་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེགསོ་ཐམས་ཅད་ཚར་གཅོད་པ་དང་། ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ལྷ་ལས་བབས་པོ་དང་། འདུས་པ་ཆེན་པོས་བྱིན་གྱིས་བརླབས་པ་དང་། གདུག་པ་ཐམས་ཅད་འདུལ་བ་དང་། འདུལ་བ་ལ་སོ་སོར་འཇོག་པ་དང་། ངན་འགྲོ་ཐམས།། ་ཅད་གདོན་པ་དང་། མདོ་སྡེ་ཐམས་ཅད་ཀྱི་མཐར་ཐུག་པར་གསུངས་པ་དང་། རྟོག་པ་ཐམས་ཅད་བྱིན་གྱིས་བརླབས་པ་དང་། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་དང་གསུང་དང་། ཐུགས་སོ་སོར་ཐོབ་པ་རྣམ་པར་འབྱེད་པའི་སྒྲུབ་ཐབས་སོ་ཞེས་གསལ་བར་བྱེད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་ཡང་འདི་རྣམས་ཀྱི་ཉེ་བར་སྦྱོར་བའོ།། ཞེས་རྟོགས་པའོ།། ལས ་ཀྱི་སྒྲིབ་པ་དང་ལྡན་པ་ཡང་སྔགས་སྒྲུབ་པ་ལ་རང་གི་ཕྱག་རྒྱ་སྡིག་པ་དྲལ་བར་བྱེད་པའི་སྔགས་དང་རབ་ཏུ་སྦྱར་བར་བྱའོ།། སྡིག་པ་བྲལ་བའི་ཕྱག་རྒྱ་དང་སྔགས་སོ།། ཆོས་ཀྱི་དཀྱིལ་འཁོར་གྱི་དབང་དུ་བྱས་ནས ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པོ། འཁོར་ལོས་སྒྱུར་བ་ཆེན་པོ་བཞི་པོ་རྣམས་ཀྱི་ནི་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཨ་ཡིག་ལ་སོགས་པ་བཞི་པོ་རྣམས་ཀྱིས་སོ།། སྙིང་པོ་གཉིས་པ་ནི་འདིར ་གཙུག་ཏོར་རྒྱལ་པོ་འི་རང་བཞིན་ཏེ། དེ་ཡང་བཅོམ་ལྡན་འདས་རྣམ་པ་ར་སྣང་མཛད་དང་ཐ་མི་དད་པར་བལྟ་བར་བྱའོ།། གདུགས་དཀར་པོ་ལ་སོགས་ཡང་མི་བསྐྱོད་པ་ལྔ་སོགས་པའི་ངོ་བོའོ།། གདོང་མ་ནས་མ་སྐྱེས ་པའི་ཕྱིར་རོ་ཞེས་པ་ནི་དེ་ཁོ་ན་ཉིད་དུ་ཡང་འདི་རྣམས་དེའི་སྐྱེད་པ་པོ་ལས་འདས་པར་ཁོང་དུ་ཆུད་པར་བྱའོ།། དགོས་པ་ནི་དེ་རྣམས་རྒྱུད་དུ་སྔགས་པས་ཇི་ལྟ་བ་བཞིན་མངོན་པར་རྫོགས་པར་བྱང་ཆུབ་པ་མི་བསྐྱོད ་པ་ལ་སོགས་པའི་དེ་བཞིན་གཤེགས་པས་ཡངས་སུ་བསྐོར་ཏེ། ལྷུན་པོའི་ཁང་པ་བརྩེགས་པར་བྱོན་ནས་འདི་རྣམས་ཀྱི་སྙིང་པོའི་དོན་སྣང་བས་སོ་སོ་རང་རང་གི་ཐུགས་ཀ་ནས་ཕྱུང་ནས། མཽ་བསྐྱོད་པ་ལ་སོགས ་པའི་དེ་བཞིན་གཤེགས་པའི་བདག་ཉིད་ཅན་རང་གི་ཐུགས་ཀའི་རྡོ་རྗེ་བསྣམས་པ་ལ་བཞག་པར་བྱའོ།། དེ་ནས་འོད་ཟེར་དེ་བཞིན་གཤེགས་པ་ལྔའི་ཕྲ་རབ་ཀྱི་བདག་ཉིད་དུ་ཕྱུང་སྟེ། སྤྲོ་ཞིང་བསྡུས་ནས་སླར་ཡང་ཐུགས ་ཀར་དགུག་བུ་ལ་སྤོགས་པ་ཐམས་ཅད་ཀྱིས་ཡོངས་སུ་གྱུར་པ་ཡང་ཕྱུང་སྟེ། ཕྱི་རོལ་དུ་ཇི་ལྟ་བ་རང་གི་ལྷའི་ཕྱག་རྒྱའི་གཟུགས་ཀྱིས་རང་གི་གནས་རྣམས་སུ་ངེས་པར་དགོད་པར་བྱའོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཏེ། དེའི་བཀོད་པ་ནི་དེ་ཇི་ལྟ་བ་བཞིན་དུ་གསུངས་པའི་སྙིང་པོའི་དོན་མངོན་དུ་བྱེད་པ་ལས་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད ་ཅེས་བརྗོད་དོ།། དེ་ལ་སྙོམས་པར་ཞུགས་པོ་སྟེ་མངོན་དུ་མཛད་ནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་དཀྱིལ་འཁོར་ཏེ་དེའི་འབྱུང་གནས་སོ།། གང་གི་ཕྱིར་རྡོ་རྗེ་སྙིང་པོའི་སྤྱན་སྔར་གསུངས་པའི་སྙིང ་ཡིན་པའི་ཕྱིར་དེ་དེ་བཞིན་དུ་བརྗོད་དོ།། དེ་ཉིད་ནི་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་གཉིས་སུ་མེད་པ་ཆོས་ཐམས་ཅད་མཚན་ཉིད་གཅིག་པ་ལ་སོགས་དེ་ལྟ་བུ་ལ་དམིགས་པ་གང་ཡིན་པ་དེ་བཞིན་དུ་བརྗོད་པར་བྱའོ།། དེ་ལ ་སྙོམས་པར་ཞུགས་པ་སྟེ་མངོན་སུམ་དུ་མཛད་ནས་སོ།། ཕྱི་རོལ་དཀྱིལ་འཁོར་ཞེས་པ་སྙིང་པོའི་དཀྱིལ་འཁོར་ལ་བལྟོས་ནས་སོ།། དེའི་འམ་ཞེས་པ་དབང་ཆེན་གྱི་དཀྱིལ་འཁོར་ཉིད་ཀྱིས་འཁོར་ཡུག་དེའིའོ།། བདུད་རྩི་འོད་ཞེས ་བི་དཀར་པོའོ།། བསྐོར་བ་ཞེས་པ་ཟླུམ་པོར་བྱའོ།། དེ་ལྟར་གྱི་སྒྲས་བསྐོར་བར་བྱ་ཞེས་པ་གཞན་ལ་བསྒྲེ་བར་བྱའོ།། འཁོར་ལོ་ནི་དབང་ཆེན་གྱི་དཀྱིལ་འཁོར་ཏེ་འདྲ་བ་མཚུངས་པ་སྟེ་གྲུ་བཞི་པ་ཉིད་ལ་སོགས་པའི་ཚུལ་ནི ་འཁོར་ལོ་འདྲ་བར་རོ།། རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར་བ་ནི་རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར་བའོ།། དེ་བཞིན་དུ་འཁོར་ལོ་རྣམ་པ་གཉིས་ཞེས་པ་ར་བའི་དཀྱིལ་འཁོར་གཉིས་སོ།། ནང་གི་དཀྱིལ་འཁོར་ཞེས་པ་བདུན ་པར་རིག་པར་བྱེད་དེ་དབང་ཆེན་གྱི་དཀྱིལ་འཁོར་ལའོ་ཞེས་པའི་དོན་ནོ།། མཉམ་ཞེས་པ་གྲུ་བཞི་པ་ལ་སོགས་པས་མཚུངས་པའོ།། རྡོ་རྗེ་འཁོར་ལས་རྣམ་པར་རྒྱན་ཞེས་པ་རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར་བའི་སྙིང་པོའི ་དཀྱིལ་འཁོར་གྱིས་སྨྲས་པའོ།། ཡང་ན་ནི་འཁོར་ལོ་འདྲ་བར་ཞེས་པ་ཟླུམ་པ་ཟླུམ་པོའོ།། རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར་བ་ནི། དེ་བཞིན་དུ་འཁོར་ལོའི་ཕྲེང་བས་ཡོངསུ་རྫོགས་པའོ།། དེ་ལྟར་འཁོར་ལོ་རྣམ་པ་གཉིས་པར ་བཟླུམ་པའི་དཀྱིལ་འཁོར་གཉིས་སོ།། ནང་གི་དཀྱིལ་འཁོར་ཞེས་པ་སྔར་བརྗོད་པའི་གྲུ་བཞི་པའི་དཀྱིལ་འཁོར་རོ།། དེ་བཞིན་དུ་སྙིང་པོའི་འཁོར་ལོ་གཉིས་པ་ལ་ཆུ་ཞེས་དེ་ཇི་སྲིད་དུ་རྡོ་རྗེ་འཁོར་ལོས་རྣམ་པར་བརྒྱན་པ་སྟེ། ་སྙིང་པོའི་འཁོར་ལོས་སྤྲས་པའོ།། ཞེས་པ་ནི་གཞན་ནོ།། གྲུ་གཅིག་པ་ཞེས་པ་ནི་གང་འདིའི་ནང་གི་དཀྱིལ་འཁོར་དུ་མངོན་པར་འདོད་པའི་དབང་ཆེན་ནོ།། ཟླུམ་པོ་ནི་དེ་ནས་ཆུའོ།། དེ་ནས་ཀྱང་གཞན་གྲུ་གསུམ་གྱི་རྣམ་པ་མེའོ།། དེ ་ནས་ཆེས་ཕ་རོལ་ཏུ་ཟླ་བ་ཕྱེད་པ་དང་མཚུངས་པའི་རླུང་ངོ་།། དེ་ནས་ཆེས་ཕ་རོལ་ཏུ་ཡང་དཀྱིལ་འཁོར་གྲུ་གསུམ་གཅིག་པའོ།། ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱིས་སྙིང་པོའི་འཁོར་ལོའོ།། དེའི་ཚེ་ཚད་ཀྱིས་གཞན་རིག་པར་བྱའོ།། ་པདྨ་ལོ་མ་བརྒྱད་པ་ལ་སངས་རྒྱས་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པ་གཞག་པར་བྱའོ།། དཀྱིལ་འཁོར་རྣམས་ཀྱི་དབུས་ཉིད་དུ་ནི་མི་བསྐྱོད་པ་ལ་སོགས་པ་དང་བདུན་པོ་རྣམས་ཀྱིའོ།། ་དམ་ཚིག་མཆོག་ནི་སེམས་མ་རྡོ་རྗེ་མ་རྡོ་རྗེ་མ་ལ་སོགས་པའོ།། རིམ་གྱི་མཐར་ཞེས་པ་ཤར་ལ་སོགས་པའི་ཕྱོགས་སུ་གཡས་སྐོར་གྱིས་སོ།། སེམས་མ་རྡོ་རྗེ་མའི་མདུན་དུ་སེང་གེའི་གདན་གྱི་གནས་སུ་གང་ཞིག་རྩིབས ་བརྒྱད་པ་དང་བཅུ་དྲུག་པ་ཅིག་འཁོར་ལོས་སྒྱུར་བའོ།། རྒྱལ་བའི་གཙུག་ཏོར་ལ་སྒྲོགས་པའི་ཕྱོགས་བྲལ་རྣམས་སུ་ཡོངས་སུ་བསྐོར་བའོ།། སངས་རྒྱས་ཐམས་ཅད་ནི་རྟག་པ་ལ་སོགས་པའི་དེ་བཞིན་གཤེགས་པ ་དེ་རྣམས་ཀྱི་རིམ་པའི་མཐར་ཐུག་པར་གཙུག་ཏོར་ལྔ་པོ་རྣམས་སོ།། དཀྱིལ་འཁོར་ཀུན་ཏུ་ནི་རྟག་པའི་དཀྱིལ་འཁོར་དུའོ།། རིན་ཚོན་འབྱུང་བ་ལ་སོགས་པའི་དཀྱིལ་འཁོར་ནི་ལྗང་གུ་དང་། དམྱུར་པོ་དང་། སྔོན་པོའི་ཁ་དོག ་ཅན་དུ་རིམ་པས་ཁོང་དུ་ཆུད་པར་བྱའོ།། དང་པོ་ནི་ཁེ་དོག་ལྔ་པའོ།། ཆུ་ལ་སོགས་པ་ནི་གསེར་གྱི་གེ་སར་རེ་ཁཱ་གཅིག་པ་བྲི། འཁོར་ལོའི་དཀྱིལ་འཁོར་ཞེས་པ་ནི་ཆུ་ཡིའོ།། དེར་ནི་རྣམ་གཟིགས་ལ་སོགས་པ་བྲི་བར ་བྱའོ།། དཀྱིལ་འཁོར་ཀུན་ཏུ་སྟེ། ཕྱོགས་བཞིའི་དཀྱིལ་འཁོར་དུའོ།། ཕྱིར་ནི་མེའི་དཀྱིལ་འཁོར་དུ་རིག་པར་བྱའོ།། འཁོར་ལོའི་གྲཝ་ནི་ལེགས་གནས་པར་ཞེས་པ་ནི་སྙིང་པོའི་སྙིང་པོའི་དཀྱིལ་འཁོར་གྱིའོ།། ཕྱིར་འཁོར་ལོའོ། ་གྲཱ་རྣམས་སུ་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་གྲཝ་རྣམས་སུའོ།། ཕྱིའི་དཀྱིལ་འཁོར་གྲཝ་རྣམས་སུ་ཞེས་པ་ནི་དེ་ཉིད་ཀྱི་སྒྲོའི་གྲཝ་རྣམས་སུ་མི་བསྐྱོད་པ་དང་ཐ་དད་པ་མེད་པ་ཉིད་ཀྱིས་ལ་སོགས་མིང་སྟེ། དེ་ཁོ་ན་ཉིད ་ཀྱི་རྣམ་པར་སྣང་མཛད་དང་ཐ་མི་དད་པ་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་སོ།། སྒོ་སྐྱོང་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་སོ།། དཀྱིལ་འཁོར་གཉིས་པ་རུ་ཞེས་པ་ནི། མེ་ལྷའི་དཀྱིལ་འཁོར་ལ་བལྟོས་ནས་གཉིས་པ་སྟེ། ་ང་ལྷའི་དཀྱིལ་འཁོར་རོ།། དེར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རིམ་པོས་སངས་རྒྱས་ཀྱི་ཡུམ་ལ་སོགས་པ་བྲི་བར་བྱའོ།། དེ་ནས་བློ་ལྡན་ངེས་འཐོན་ནས་ཞེས་པ་ནི་དཀྱིལ་འཁོར་ལྔ་པ་རྣམས་སུ་ཁྲོ་བོ་གཞན ་གྱི་མི་ཐུབ་པ་ལ་སོགས་པའོ།། དེ་ནས་ཀྱང་ཐོན་ནས་དྲུག་པར་རང་སངས་རྒྱས་རྣམས་སོ།། དེ་ནས་ངེས་པར་འཐོན་ནས་བདུན་པར་རྒྱལ་བའི་ཉན་ཐོས་རྣམས་དང་ཚངས་པ་ལ་སོགས་པའི་འཇིག་རྟེན་རྣམས་སོ།། ཕྱི་རོལ་གྱི ་ཞེས་པ་སྒོའི་ཆ་ལ་ཤྭར་ལ་སོགས་པའི་ཕྱོགས་སུ་གཞན་གྱི་མི་ཐུབ་པ་ཞེས་བྱ་བ་ལ་སོགས་པའི་ཕྱག་རྒྱའོ།། དེ་ལྟ་བུའི་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་དང་པོ་དབང་ཆེན་གྱི་དཀྱིལ་འཁོར་མཆོག་ཏུ་འཛིན་པར ་བྱེད་དོ།། འགྲོ་བ་ལྔ་ནི་འཁོར་ཡུག་གི་ནང་དུའོ།། རྒྱ་མཚོ་བདུན་པོ་ནི་འོག་ཏུ་བྲི་བར་བྱའོ།། རིམ་གྱིས་ཞེས་པ་ནི་ལུགས་མ་ལ་སོགས་པའི་གཟུགས་བརྙན་གྱིས་སོ།། བཀོད་ནས་ནི་ཀུན་ཏུ་བཞག་ནས་སོ།། ཉེ་བར་སྤྱོད་པ་ཐམས ་ཅད་ཀྱི་ཆོ་གས་ཞེས་པ་ནི་མེ་ཏོག་གིས་རབ་ཏུ་བྱེད་པ་དང་། མར་མེ་ལ་སོགས་པ་ཐམས་ཅད་རབ་ཏུ་སྦྱིན་པས་སོ།། མཆོད་པ་བྱས་ནས་ཞེས་བྱ་བ་ནི་ན་མཁར་གནས་པ་རྣམས་ཀྱིས་གཅིག་པ་ཅན་དུ་བྱས་ནས ་མཆོད་ཏེའོ།། དེ་ནས་རྒྱན་མཐའ་དག་ལ་སོགས་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བསྟན་པ་གསུངས་པོ་ཉེ་བར་བཞུགས་ཏེ་ཞེས་པ་ལ་སོགས་པ་སྟེ། ཉེ་བར་འཇུག་པ་ལ་སོགས་པའི་རྣལ་འཁོར་གྱི་རིམ་པས ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་མདུན་དུ་དགུག་པ་ལ་སོགས་པ་བྱས་ནས་བྱིན་གྱིས་བརླབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལེགས་སོ་ཞེས་བྱ་བའི་སྦྱོར་བས་བཀུག་སྟེ ་དབང་བསྐུར་ནས་སྤྲོ་བ་དང་བསྡུ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་དེ་བསྒོམ་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ཏེ། དེ་དག་དང་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ།། དེ ་ཁོ་ན་རྡོ་རྗེ་སེམས་དཔའ་སྟེ་དབྱེར་མི་ཕྱེད་པའི་ཕྱིར་རོ།། ཀུན་ཏུ་བཀང་སྟེ་ཞེས་པ་སྤྲོས་ནས་དང་བསྡུས་ནས་སོ།། དེས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་འབབ་པས་ཏེ། ཡང་དག་པར་བསྡུས་པའི་རང་བཞིན་གྱིས་རྡོ་རྗེ ་སེམས་དཔའ་སླར་ཡང་རྡོ་རྗེ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་རང་གི་ལུས་ལ་མངོན་པར་ཞུགས་ནས་ཏེ། དེ་བསྒོམ་ནས་དེའི་ང་རྒྱལ་དང་ལྡན་པས་ཧཱུཾ་ཡིག་བཞི་འདོན་ཅིང་དཀྱིལ་འཁོར་དུ་ཞུགས་ནས་ཕྲེང་བ་ཕུལ་བ་སྟེ། ལག་པ་གར ་བསྐོར་བས་བླངས་ལ་ཧཱུཾ་ཡིག་བཞིས་དེ་ཉིད་རང་གི་སྤྱི་བོར་བཞག་ལ་གཡས་བརྐྱང་དང་གཡོན་བརྐྱང་དང་། མཉམ་པ་དང་། ས་ག་དང་ཕྱོགས་བཞི་པོ་རྣམས་སུ་བགེགས་ཐམས་ཅད་ལ་ཕྱག་རྒྱས་བསྣུན་པར་བྱའོ།། རོལ་པ ་དང་བཅས་དེ་བཞིན་གིཤེགས་པ་ཐམས་ཅད་ལ་ཕྱག་བྱའོ།། དེ་ནས་སྒོ་སོ་སོར་གཡོན་བརྐྱང་གིས་གནས་ཤིང་། ཡོངས་སུ་བསྐོར་ཏེ། ཁྲོ་བོའི་བལྟ་བས་ཀུན་ཏུ་བལྟས་པས། ཧཱུཾ་ཡཽག་བཞི་ཡང་དག་པར་བཟླས་ཏེ། སྒོ ་རྣམས་དབྱེ་བར་བྱའོ།། སླར་ཡང་རྣམ་པར་སྣང་མཛད་དུ་གྱུར་ནས། ཇི་ལྟར་མངོན་པར་འདུས་བྱས་པའི་བུམ་པ་ལ་ཨོཾ་ལགས་པ་དང་བཛྲ་ཨུ་ཏ་ཀས་བརྒྱད་ལྷག་པའི་སྟོང་རྡོ་རྗེ་མེ་ཏོག་གི་ཕྲེང་བ་ནས་བཟུང་སྟེ། དམ་ཚིག ་གི་ཕྱག་རྒྱས་རང་གི་སྔགས་ཀྱང་བརྒྱད་བརྒྱ་བཟླས་པར་བྱ་སྟེ། གཞན་ཡང་སོ་སོ་རང་གི་སྔགས་ཀྱིས་བརྒྱད་བརྒྱ་མངོན་པར་བཟླས་པར་བྱའོ།། གང་བའི་བུམ་པ་སྒོར་གནས་པའི་བུམ་པ་ལ་ཡང་གཙོ་བོའི་སྔགས་ཀྱིས་བཟླས ་ནས་ཇི་ལྟ་བ་བཞིན་དུ་བཞག་པར་བྱའོ།། དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཆེན་པོས་བསྡུས་ཏེ། རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ནས ་ལས་ཀྱི་ཕྱག་རྒྱ་དང་། རང་གི་སྙིང་པོ་ཨཿཡིག་དང་ལྷནི་ཅིག་ཏུ་འདོན་པའི་ཤེས་པའི་ནམ་མཁའ་ཐམས་ཅད་ཀུན་ཏུ་ཡང་དག་པར་འདུ་བའི་རྡོ་རྗེ་ཀུན་ནས་མངོན་དུ་བྱིས་ཏེ། དེ་ལ་དེའི་ང་རྒྱལ་བསྐྱེད་ནས་དེ་ལ་ཡང་རྣམ་པར་སྣང་མཛད ་བསམས་ནས་དེ་ལ་དེ་ལྟ་བུའི་ང་རྒྱལ་དང་ལྡན་པས་རྡོ་རྗེ་ལྗགས་ཀྱུ་ལ་སོགས་པ་རྣམས་ཀྱིས་ཤེས་པ་དགུག་པ་ལ་སོགས་པ་ཅན་དུ་བྱས་ནས། རང་གི་ཕྱག་རྒྱ་ལ་སོགས་པ་དོན་དུ་གཉེར་བ ་བཀའ་ཐོབ་པས་མངོན་པར་དབང་བསྐུར་ཏེ། རྡོ་རྗེ་གཟུང་བ་ལ་སོགས་པ་བྱས་པས་སླར་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་བསྡུ་བར་བྱའོ།། དེ་ནས་མངོན་པར་བསྟོད་ལ་དགུག་པ་ལ་སོགས ་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་བཞིས་རྒྱས་བཏབ་སྟེ། སོ་སོ་རང་གི་ཏིང་ངེ་འཛིན་དུ་བྱས་ནས། ཨཿཡིག་ལ་སོགས་པའི་སྙིང་པོ་སོ་སོ་རེ་རེ་བ་ལྔ་རྒྱ་དང་བཅས་པའི་བརྒྱ་བཟླས་པར་བྱའོ།། ཨོཾ་སརྦ་ཏཱ་ཐཱ་ག་ཏཱ་ཞེས་བྱ་བ ་ལ་སོགས་པས་གསོལ་བ་བཏབ་པར་བྱའོ།། མངོན་པར་དབང་བསྐུར་ནས། རྡོ་རྗེའི་གར་དང་བཅས་པས་སྒེག་མོ་ལྀ་སོགས་པ་མཆོད་པར་བྱའོ།། ཕྱག་འཚལ་བའི་ཐལ་མོ་བཅིངས་ནས། ཤེས་པ་ནི་ཐལ་མོ་ཁ ་སྦྱོར་དུ་བཙངས་ནས་སོ།། ལག་པ་གཉིས་ཁྭ་སྦྱོར་དུ་བྱས་ཏེ་མིང་མེད་གཉིས་ནུང་དུ་བཅུག་ནས། སྡིག་མཛུབ་ཟུང་གུང་མོ་ཁབ་ལྷུར་དུ་བྱས་པའི་ཚོགས་གསུམ་བར་ནས་གང་ཙམ་གྱིས་མ་རེག་པར་གཟུང་བར་བྱའོ།། ་མཐོ་བོ་དང་མཐེའུ་ཆུང་ཟུང་གཉིས་དེ་ལ་མངོན་པར་ཕྱོགས་པར་གཟུང་བར་བྱའོ།། ཕྱག་རྒྱ་འདིས་འབེབས་པའི་སྔགས་གང་ཡིན་པ་དང་རབ་ཏུ་སྦྱར་བར་བྱའོ།། འཇུག་པ་ལ་སོགས་པ་རྫོག་ནས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་རྡོ་རྗེའི་མངོན་པར་དབང་བསྐུར་བར་བྱའོ།། ཅི་ལྟར་ཞེ་ན་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རྡོ་རྗེ་སྟེ་རྣམས་ཀྱི་རྡོ་རྗེ་སློབ་དཔོན་ལ་དེའི་ཚིག ་གོ། རབ་ཏུ་བཞག་ནས་ཤེས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མདུན་དུ་ཆུའི་དབང་བསྐུར་པོའི་དཀྱིལ་འཁོར་བྱས་ལ། སློབ་དཔོན་རང་གི་བཛྲ་བིད་ཀྱི་སྙིང་པོ་དང་ཁུར་ལྷན་ཅིག་ཏུ་ཡང་དག་པར་བཟླས ་ནས། དམ་ཚིག་གི་ཕྱག་རྒྱས་སློབ་མ་ལ་སྙིང་པོ་འདིས་དབང་བསྐུར་བར་བྱའོ།། བཛྲ་སཏྭ། བཛྲ་རཏྣེ་བཛྲ་དྷརྨཱ། བཛྲ་ཀརྨ་ཨི་དཾ་ཆེ་གེ་མོ། ཨ་དྷི་ཏཱིཥྛ་སརྦ་ཏྲ་ཐཱ་ག་ཏཱ་ཨཱ་ཙཨཱརྱ་སྭཱ་ཧཱ། འདིས་ལན་བརྒྱར་སྤྱི་བོ་དང ་སྙིང་ལ་སོགས་པར་བཞག་ལྔ་རིམ་པས་ཐམས་ཅད་བཟླས་པར་བྱའོ།། ཡང་ན་ནི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་ནོ།། དེའི ་གོ་འཕང་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པའི་མགོ་བོར་རྡོ་རྗེ་འཆང་གི་སྐུ་གཟུགས་རབ་ཏུ་བཞག་ནས། ཨོཾ་མ་ཧཱ་སུ་ཁ་ཞེས་པ་ལ་སོགས་པ་སྙིང་པོ་ཡི་གེ་བཅུ་བདུན་པ་བརྒྱུར་མངོན་པར་བཟླས་ནས་སོ་ཞེས་པ ་འདིས་རབ་ཏུ་བཞག་ནས་ཞེས་བརྗོད་པར་འགྱུར་རོ།། ཞེས་གསུངས་པས་སོ།། ཅོད་པན་ལྔའི་དབང་གིས་མངོན་པར་དབང་བསྐུར་ཏེ་ཞེས་པ་དེ་བསྟན་པ་གསུངས་པ། བྱིན་གྱིས་བརླབ་པར་བྱ་སྟེ། འདི་སྐད་བརྗོད ་བ་ཡིན་ཏེ་ཇི་ལྟར་གསུངས་པའི་རིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱི་གོ་འཕང་ལ་རབ་ཏུ་བཞག་ནས། སྔགས་འདི་སྐད་འདོན་ཅིང་རྡོ་རྗེ་ཆེན་པོས་སངས་རྒྱས ་ལྷའི་ཅོད་པན་གྱི་མངོན་པར་དབང་བསྐུར་བར་བྱའོ།། དེ་ཡང་སངས་རྒྱས་རིན་པོ་ཆེའི་ཅོད་པན་ཉིད་ཀྱིས་ཡོངས་སུ་གྱུར་པར་བྱས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཅོད་པན་དུ་སྦྱར་བར ་བྱའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་ལོས་སྒྱུར་བ་རྣམས་ཀྱིས་ལེགས་པར་དབང་བསྐུར་བ་དེ་ལ་ནི་སྦྱར་བར་མི་བྱ་སྟེ། གང་གི་ཕྱིར་གང་ཞིག་འཁོར་ལོའི་དཀྱིལ་འཁོར་དུ་འཆུད་པར་འགྱུར་བ་རྫོ ་རྗེ་རིན་ཆེན་གྱི་མངོན་པར་དབང་བསྐུར་བར་བྱའོ།། འཆ་པར་འགྱུར་བ་ཞེས་པ་ལ་སོགས་པས་དེ་འགོག་པར་འགྱུར་ཏེ། རྡོ་རྗེ་ཆེན་པོའི་ཕྱག་རྒྱ་ཡང་དེ་བཞིན་གཤེགས་པ་རྣམས་ཁ་ནའི་སྟེ། དེའི་ཕྱིར་སྐབས ་འདིར་དེ་རྣམས་ཁོ་ནའི་དབང་དུ་བྱས་པའོ་དེ་ནས་གཞན་ལ་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་དང་། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་སྦྱིན་པར་བྱའོ།། གང་ལ་སྤྱི་བོར་རྡོ་རྗེ་བཀོད་པ་མངོན་དུ་འགྲོ་བས་ཚུའི་དཔུང ་བསྐུར་པ་ནི་རྡོ་རྗེའི་དབང་བསྐུར་བའོ།། ཞེས་བརྗོད་པར་བྱའོ།། དེ་རྣམས་ལ་དེ་སྦྱར་བར་མི་བྱ་སྟེ། དཀྱིལ་འཁོར་གྲུ་བཞི་པ་བྱས་ནས། ཞེས་བྱ་བཾ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་བཤད་པའི་ཕྱིར་རོ།། ཡི ་གེའི་ཕྱག་རྒྱ་བཀོད་ལ་རང་གི་ལྷའི་གཟུགས་སུ་རབ་ཏུ་སྦྱོར་བར་བལྟ་བར་བྱའོ།། ཞེས་པ་ནི་སྤྱི་བོ་ལ་སོགས་པའི་གནས་བརྒྱད་པོ་རྣམས་སུ་སྔགས་དང་དམ་ཚིག་གི་ཕྱག་རྒྱས་བཀོད་པ་རྣམས་ཀྱིས་བྱིན་བརླབ་པར་བྱའོ།། ་སྐུ་ལྀ་སོགས་པའི་ཕྱག་རྒྱ་རྣམས་ཆེས་མྱུར་དུ་སྒྲུབ་པའི་ཐབས་བསྟན་པའི་ཆེད་དུ། དེ་ལ་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ། རང་གི་ལུས་རྡོ་རྗེ་སེམས་དཔའ་སྟེ། དབྱེར་མི་ཕྱེད་པའི་ཡེ་ཤེས་ཀྱི་གནས་ཏེ་རྒྱུའོ།། ་ཅི་ལྟར་ན་རང་བཞིན་གྱིས་དབྱེར་མི་ཕྱེད་པ་ཉིད་ཏི། རང་བཞིན་རང་གི་ངོ་བོ་གདོད་མ་ནུས་སྐྱེ་བ་མེདོ་པ་ཨའི་ཡི་གེའོ།། ཤེས་རབ་ཀྱིས་ཕུང་པོ་བཤིག་པར་བྱེད་པས་མཆོག་ཏུ་ཕྲ་མོ་རྣམས་ཕན་ཚུན་རྣམ་པར་འདྲེས ་པ་མ་ཡིན་པ་ཉིད་ཀྱིས་སོ།། འདི་ཞེས་པ་མཐར་གནས་པར་སྦྱར་རོ།། ལྟ་བའི་ཐིབས་པོ་ཐམས་ཅད་ངེས་པར་འཇོམས་པ་ནི་འཇིག་ཚོགས་ལ་བལྟ་བ་ལ་སོགས་པ་རབ་ཏུ་བཅོམ་པ་གང་ཡིན་པའོ།། འཇུག་པར་འགྱུར་རོ། ་ཞེས་པར་འགྱུར་རོ་ཞེས་པས་སོ།། རེག་པ་ནི་ཟག་པ་མེད་པའི་ཡེ་ཤེས་ཏེ་དེ་ལ་རབ་ཏུ་འཇུག་པ་ནི་ལྷག་པར་རྟོགས་པ་སྟེ། དེའི་དོན་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པའི་ཤེས་རབ ་བསྒོམ་བཞིན་པའོ།། མ་རིག་པ་ནི་གང་གི་ཚེ་དབྱེར་མི་ཕྱེད་པའི་ཡེ་ཤེས་ཡིན་པ་དེའི་ཚེ་རྡོ་རྗེ་གནས་སུ་འགྱུར་རོ།། དངོས་པོ་ལ་ལྷག་པར་དམིགས་པ་ནི་མ་རིག་པ་ཉིད་དོ།། མཐར་ཐུག་པ་མེད་པ་ནི་མཐའ་ནི་མཐར་ཐུག་པ ་ཡོད་ཅིང་གྲངས་མེད་པའོ།། དེ་ཁོ་ན་རྡོ་རྗེའི་གནས་ཞེས་སོ།། སྔ་མ་བཞིན་དུ་དེ་ལྟར་གཞན་ལ་ཡང་ངོ་།། རྡོ་རྗེའི་གནས་བསྡུས་པའི་དོན་ནོ།། མངོན་པར་འདུ་བྱུད་བ་མེད་པ་མཉམ་པ་ཉིད་ཀྱིས་ཏེ། འདུས་བྱས་སྟོང ་པ་ཉིད་ཀྱི་གདོད་མ་ནས་སྐྱེ་བ་སྲེད་པའི་རྣམ་པས་མཉམ་པ་ཉིད་ཀྱིས་སོ་ཞེས་པ་ཇི་སྲིད་པར་རོ།། འདོད་ཆགས་དང་བྲལ་བའི་མཐའ་མཉམ་པ་ཉིད་ཀྱི་ཞེས་པ་ནི་རྒྱུ་ཉེ་བར་དམིགས་པ་མེད་པའི་རྣམ་པས་འདོད་ཆགས་དང་བྲལ་བའི ་ངག་ཆགས་དང་མཚུངས་པ་ཉིད་ཀྱིས་སོ།། འདོད་ཆགས་ཀྱིས་འདོད་ཆགས་རབ་ཏུ་འཇོམས་པའི་དོན་དུའོ།། བྱམས་པ་མཐའ་མཉམ་པ་ཉིད་ཀྱིས་ཞེས་པ་ནི་ཉེ་སྡང་སྒྱུ་མ་ལྟ་བུ་ཉིད་ཀྱི་རྣམ་པས་བྱམས་པའི་མཐའ་མཚུས ་པ་ཉིད་ཀྱིས་སོ།། སྐྱོན་ཡང་དག་པར་གཅོད་པ་ནི་ཞེ་སྡང་རབ་ཏུ་འཇོམས་པའི་དོན་དུའོ།། ཤེས་རབ་ཀྱི་སྣང་བ་མཉམ་པ་ཉིད་ཀྱི་ཞེས་པས་གཏི་མུག་མཐའི་རྡུལ་མེད་ཅིང་ཉེ་བར་འབྲལ་བའི་རྣམ་པ་ཤེས་རབ་ཀྱི་རང་བཞིན ་སྣང་བ་མཚུངས་པོ་མེད་པ་ཉིད་ཀྱིས་སོ།། མུན་པ་མེད་པ་ཡང་ཉེ་བར་ཐོབ་པ་དམིགས་པ་མེད་པས། ཤེས་རབ་ཀྱི་སྣང་བ་དེའི་དོན་དུ་སྐྱེ་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ཅིག་ཏུ་མཉམ་པ་ཉིད་ཀྱི་ཞེས་པ་ནི་རྒྱུ་དང ་བྲལ་བ་ཉིད་དེ་འདིར་བྲལ་བ་ཉིད་ཀྱི་རྣམ་པས་སེམས་ཅན་རྣམས་ཐམས་ཅད་གཅིག་ཏུ་མཚུངས་པ་ཉིད་ཀྱིས་སོ།། སེམས་ཅན་རྣམས་ཀྱི་རང་བཞིན་དེ་ནི་རང་གི་ངོ་བོའོ།། དེ་རྟོགས་པ་ནི་ཁོང་དུ་ཆུད་པའི་དོན་དུའོ།། སེམས་ཅན ་ཐམས་ཅད་སེམས་སུ་གཅིག་ཞེས་པས་ནི་སེམས་ཅན་ཐམས་ཅད་གདོད་མ་ནས་སྐྱེ་བ་མེད་པའི་རྣམ་པས་སེམས་ཉིད་དུ་གཅིག་པར་མཉམ་པའོ།། སེམས་ལ་འཇུག་པའི་དོན་ནི་རྣམ་པར་རིག་པ་ཙམ་དུ་རྟོགས་པའི ་དོན་དུའོ།། རང་བཞིན་གྱིས་འོད་གསལ་བ་རྟོགས་པའི་དོན་ནི་རྣམ་པ་ཐམས་ཅད་ཉེ་བར་དམིགས་པ་མེད་པའི་ཡེ་ཤེས་ཀྱི་དོན་དུའོ།། སངས་རྒྱས་ཐམས་ཅད་སངས་རྒྱས་སུ་གཅིག་ཞེས་པ་ནི་སངས་རྒྱས་རྣམས ་ཐམས་ཅད་འཇིགས་པ་དང་བྲལ་བའི་སྟོང་པ་རྡུལ་དང་བྲལ་བ་ཉེ་བར་རྟོགས་པའི་རྣམ་པས་སངས་རྒྱས་རྣམས་གཅིག་ཏུ་མཉམ་པ་ཉིད་དོ།། དེ་བཞིན་གཤེགས་པ་བཞུགས་པའི་དོན་སྟོང་པ་ཉིད་ཐོབ་པའི་དོན ་ཐོབ་པའི་དོན་དུའོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་རྟོགས་པའི་དོན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པའི་དོན་དུའོ།། ཆོས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། དེ་རྣམས་བདེན་པ་ཉེ་བར ་དམིགས་མེད་ཅིང་སྟོང་པར་དབྱེ་བ་དང་བྲལ་བའི་རྣམ་པས་སངས་རྒྱས་ཀྱི་ཆོས་རྣམས་ཏེ་སྟོབས་དང་མི་འཇིགས་པ་ལ་སོགས་པ་རྣམས་མཉམ་པའོ།། ཐམས་ཅད་དུ་ཡེ་ཤེས་རྗེས་སུ་རྟོགས་པ་སྟེ་ཐོབ་པའི་ཆེད་དང་། ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རྟོགས་པའི་དོན་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པ་སོ་སོར་བརྙེས་པའི་དོན་དུའོ།། བདུད་ཀྱི་ལས་ཐམས་ཅད་ནི་སངས་རྒྱས་ཀྱི་ལས་ཞེས་པ་ནི་བདུད་ཀྱི་ལས་རྣམས་རྒྱུ་དང་བྲལ་བ་སྟོང ་པ་རྡུལ་དང་བྲལ་བ་ལ་ངེས་པར་འབྱུང་བའི་རྣམ་པ་རྣམས་ཀྱིས་སངས་རྒྱས་ཐམས་ཅད་ཀྱི་ལས་རྣམས་ཀྱིས་ནི་སེམས་ཅན་དོན་གྱི་མཚན་ཉིད་ཀྱིས་མཉམ་པ་ཉིད་དོ།། ལས་ཡང་དག་པར་འདའ་བར ་འགྱུར་རོ་ཞེས་པ་ལས་སྤྱོད་པ་ཟད་པའི་དོན་དུའོ།། དྲུག་ཐམས་ཅད་ནི་སྐྱེ་བོ་ཚིག་ཏུ་བརྗོད་པ་སྟེ། དེ་བཞིན་གཤེགས་པའི་གསུང་སྟེ། སངས་རྒྱས་པ་ཅན་གྱི་དབྱངས་ཅན་མ་སྟེ་དེ་ནི་ངག་ཐམས་ཅད་དོ།། དབྱེ་བ་དང ་བྲལ་བའི་རྣམ་པས་རྒྱས་ཀྱིས་གསུང་དང་མཉམ་པའོ།། སྒྲ་ཇི་བཞིན་པ་ཐམས་ཅད་ནི་འདབ་ཆགས་ལ་སོགས་པ་མངོན་པར་བརྗོད་པར་བྱེད་པའོ།། མངོན་པར་རྗོད་པར་བྱ་བ་ལས་འདས་པའི་དེ་བཞིན་ཉིད། ཆོས ་ཐམས་ཅད་ནི་གཟུགས་དང་། ཚོར་བ་ལ་སོགས་པ་སྟེ། དེ་རྣམས་སྒྱུ་མ་ལྟ་བུ་ཉིད་ཀྱི་ཕྱིར་མ་སྐྱེས་པ་སྟེ་སྐྱེ་བ་མེད་པའོ།། འཆི་འཕྲོ་བ་མེད་པ་ལ་འཇུག་པའི་དོན་ནི་དེའི་ཐབས་ལྷག་མ་མེད་པ་མྱ་ངན་ལས་འདས་པ་ཐོབ ་པའི་དོན་དུའོ།། ཉོན་སྟོངས་པ་ལས་འདས་པ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོབ་པོའི་དོན་དུའོ།། ཆོས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ།། དེ་རྣམས་ཀྱང་མཉམ་པ་ཉིད་ཀྱི ་རྣམ་པས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རང་བཞིན་ནོ།། འགོག་པ་མེད་པ་ལ་འཇུག་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པའོ།། ཆོས་ཐམས་ཅད་འགོག་པ་མེད་པའི་དོན ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཆད་པ་མེད་པའི་དོན་ནོ།། འདི་ལ་རྣམ་གནས་ཞེས་པ་འདིས་བྱིན་གྱིས་བཱརླ་བྱས་པའི་ས་བོན་རང་གི་སྙིང་གའི་མཚན་མ་ལ་གནས་ནས། ཇི་ལྟ་བ་བཞིན་དུ་རང་རྡོ་རྗེའི་གནས་སྒོམ ་པར་བྱེད་པ་ལ་བསྟན་པར་གྱུར་པ་ལ་རྣམ་པར་གནས་པའི་ཡང་དག་པར་རྗེས་སུ་ཀུན་ཏུ་བསྟན་པ་དག་གི་དེ་ཉིད་ཞེས་པ་ལ་སོགས་པ་གསུངས་པ། བྱང་ཆུབ་སེམས་དཔའི་ས་རྣམས་མྱུར་དུ་འགྲུབ་པར་འགྱུར་རོ།། ་ཞེས་པ་ཇི་སྲིད་པའོ།། བདག་གི་དེ་ཉིད་དོ་ཞེས་པས་སེམས་གཉིས་ཉིད་དོ།། ད་ནི་ཡིད་ནི་རྩེ་གཅིག་པ་ཞེས་པ་ལ་སོགས་པ་སྟེ། སྐུའི་ཕྱག་རྒྱ་སྒོམ་པར་བྱེད་པ་བསྟེན་པ་གསུངས་པ། སངས་རྒྱས་ལུས་ཞེས་པས་དེ་བཞིན ་གཤེགས་པ་ལྔའི་སྐུའི་ཕྱག་རྒྱའོ།། ཀུན་ཏུ་བཟང་པོ་ལ་སོགས་པའི་སྐུའི་ཕྱག་རྒྱ་ནི་ཟླ་བའི་དཀྱིལ་འཁོར་གྱི་དབུས་ན་གནས་པར་བསྒོམ་པར་བྱའོ།། བྱང་ཆུབ་ཀྱི་སེམས་ནི་ཀུན་ཏུ་བཟང་པོའོ།། དེའི་མཆོག་ནི་ད་ཚ ་པ་དེ་རྣམས་བྱང་ཆུབ་སེམས་ཀྱི་མཆོག། དེ་རྣམས་སྒོམ་པ་ནི་བྱང་ཆུབ་སེམས་ཀྱི་མཆོག་བསྒོམ་པའོ།། གཙུག་ཏོར་གྱི་སྐུའི་ཕྱག་རྒྱ་ནི་འཁོར་ལོ་ལ་སོགས་པ་ལ་གནས་པར་བསྒོམ་པར་བྱའོ།། དེ་རྣམས་ཀྱང་གཅུ ་པོབོ་རྣམས་ཀྱི་རྗེས་སུ་ཞུགས་པས་དཀྱིལ་འཁོར་པ་ཐམས་ཅད་བསྒོམ་པ་བལྟ་བར་བྱའོ།། རྣམ་པར་སྤྱོད་པ་ནི་སྒོའོ་ཞེས་པ་ལ་སོགས་པས་ངག་གི་ཕྱག་རྒྱ་བསྒོམ་པར་བྱེད་པ་བསྟན་པར་བྱའོ།། ཆོས་རྣམས་ཐམས་ཅད་ནི་དོན ་གཟུགས་ལ་སོགས་པ་རྣམས་ཏེ་ཁོང་དུ་ཆུད་པའི་སྒོ་ནི་ཉེ་བར་ལེན་པའོ།། དེ་བཞིན་དུ་གཞན་ལ་ཡང་སྒོའི་དོན་བལྟ་བར་བྱའོ།། རྣམ་པར་འབྱེད་པའི་ཕྱིར་རྣམ་པར་སྤྱོད་པར་བྱེད་དོ་ཞེས་པ་འདི་བྱ་བ ་ཉིད་བྱ་བའི་ངོ་བོར་གསལ་བར་བྱེད་དོ།། ཨ་ཡིག་ནི་ཆོས་ཐམས་ཅད་གདོད་མཱ་ནས་མ་སྐྱེས་པ་གསལ་བར་བྱེད་དོ།། དོན་དམ་པའི་བདེ་བ་དེ་བཞིན་ཉིད་དོ།། ཆོས་རྣམས་ཐམས་ཅད་ནི་ཕུང་པོ་ལྔའི་རང་བཞིན་རྣམ་པ ་ཡོངས་སུ་ཤེས་པའོ།། ས་ཡིག་ནི་ཕུང་པོ་ལྔའི་ཁོང་དུ་ཆུད་པའི་སྒོའོ།། ན་ཡིག་ནི་རྣམ་པ་ཐམས་ཅད་གདོད་མ་ནས་འགྱུར་བ་མེད་པ་དབང་དུ་བྱེད་པ་ཉིད་ཀྱི་སྒོའོ།། ད་ཡིག་ནི་ཆོས་ཐམས་ཅད་འདུལ་བ་ལ་སོགས ་པ་སྟོན་པར་བྱེད་པའི་སྒོའོ།། ཐོགས་པ་ནི་ཉན་ཐོས་དང་རང་བྱང་ཆུབ་སེམས་དཔའ་དེ་ལས་ཡང་དག་པར་འདས་པ་སངས་རྒྱས་ཀྱི་བྱང་ཆུབ་པོ།། ཀུན་ནས་ཉོན་མོངས་པ་ནི་འཁོར་བའི་ཆོས་རྣམས་སོ།། རྣམ་པར་བྱང ་བྱ་ནི་མྱ་ངན་ལས་འདས་པའོ།། ཟག་པ་དང་བཅས་པ་དང་ཟག་པ་མེད་པ་ནི་ཡོན་ཏན་ནོ།། ཕུང་པོ་ལ་སོགས་པ་ནི་ཟུག་པ་མེད་པའི་ལས་ཀྱི་བདེན་པས་འདུས་བྱས་པའི་རང་བཞིན་དེའི་བདེ་བ་ལ་ཕུང་པོ་ལ་སོགས་པ ་དོན་ངོམ་པའི་བདེན་པ་ནི་དོན་དམ་པའི་རང་བཞིན་གྱི་སེམས་ལས་བྱུང་བའི་རང་གི་ངོ་བོ་ཉིད་དུ་བརྗོད་དེ། ས་ཡིག་ནི་དེའི་སྒོའོ།། དེ་བཞིན་ཉིད་ཀྱི་རྗེས་སུ་འགྲོ་བ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའོ།། ཆོས་ཀྱི་དབྱིངས ་ལྔ་འཇུག་པ་ནི་ཆོས་ཀྱི་བདག་མེད་པ་རྟོགས་པའོ།། དེ་ངེས་པར་སྟོན་པར་བྱེད་པ་ལ་ན་ཡི་གེ་སྒོའོ།། ལས་ཀྱི་རྣམ་པར་སྨིན་པ་རྣམ་པར་བྲལ་བ་ནི་ལས་ཀྱི་འབྲས་ལས་འདས་པའོ།། དེ་གསལ་བར་བྱེད་པ་ལ་ཀ ་ཡིག་སྒོའོ།། ཟབ་མོ་གཏིང་དཔག་དཀའ་བ་ཉིད་དེ་རིམ་པ་བཞིན་ཕྱི་རོལ་པ་དང་ཉན་ཐོས་པ་ལ་སོགས་པ་རྣམས་ན་མཁའ་ལྟ་བུ་ཉིད་དང་། ན་མཁའི་རང་བཞིན་ཉིད་དེ་གསལྔ་བར་བྱེད་པ་ལ་ག་ཡིག་སྒོའོ།། ཛའི ་བཤད་པ་ནི་གོ་སླའོ།། ཆོས་ཀྱི་དབྱིངས་ཀུན་ཏུ་མི་ཕྱེད་པ་དེ་བཞིན་ཉིད་དོ།། ཆོས་རྣམས་ཐམས་ཅད་ནི་གཞན་དང་མ་འདྲེས་པའོ།། རྡོ་རྗེ་ནི་གོ་སླའོ།། ཡོངས་རྫོགས་པ་ནི་དབྱེ་བོར་བྱར་མེད་པའི་ཤེས་རབ་ལ ་འཇུག་པར་བྱེད་པའི།། དེ་སྟོན་པར་བྱེད་པ་ལ་བཛྲཱ་ཡིག་སྒོའོ།། ཞི་གནས་ནི་ཏིང་ངེ་འཛིན་ནོ།། ལྷག་མཐོང་ནི་ཤེས་རབ་པོ།། དེ་ཡོངས་སུ་རྫོགས་པ་རབ་ཏུ་གསལ་བར་བྱེད་པ་ལ་ཤ་ཡི་ག་སྒོའོ།། ནམཁའ་དང ་མཉམ་ཞིང་རང་བཞིན་གྱིས་འོད་གསོལ་བ་ཉིད་ནི་གང་ཟག་ལ་བདག་མེད་པ་གསལ་བར་བྱེད་པ་ལ་ཁ་ཡིག་སྒོའོ།། འགྱུར་བ་མེད་པ་མི་སྐྱེས་པ་ཅན་མི་ཟད་པའི་ཡེ་ཤེས་ཆོས་ཐམས་ཅད་ཡོངས་སུ་དག་པའི ་དོན་རབ་ཏུ་གསལ་བར་བྱེད་པ་ལ་ཀྵ་ཡིག་སྒོར་འགྱུར་རོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོགས་པ་མེད་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ། དེ་སྟོན་པར་བྱེད་པ་ལ་ང་ཡིག་སྒོའོ།། སངས་རྒྱས་ཀྱི ་ཞིང་ཡོངས་སུ་དྲུག་པར་བྱ་བའི་དོན་དུ་གནས་དང་གནས་མ་ཡིན་པ་ལ་མཁས་པ་སྟོན་པར་བྱེད་པ་ལ་ཐ་ཡིག་སྒོའོ།། མཐར་ཕྱིན་པ་ནཱི་ཡོངས་སུ་རྫོགས་པའི་འགོག་པའོ།། ཞེས་པ་ཇི་སྲིད་དུ་དེའི ་མུར་ཐུག་པ་མེད་པ་ནི་ཆོས་རྣམས་ཀྱི་མུ་མེད་པའོ།། སྒྲིབ་པ་ཐམས་ཅད་རབ་ཏུ་སྤངས་པ་ནི་ཉོན་མོངས་པ་ཐམས་ཅད་འགོག་པའོ།། ཟད་པ་དང་མི་སྐྱེ་བའི་ཡེ་ཤེས་ནི་བྱང་ཆུབ་ཀྱི་མཚན་ཉིད་།། ཌ་ཡིག་ནི་མཐར་བྱིན ་ཅིང་མུར་ཐུག་པ་མེད་པ་སྒྲིབ་པ་དང་བྲལ་བའི་སྒོའོ།། དྲི་མའི་རྣམ་པ་ནི་དྲི་མ་དང་བྲལ་བ་ཅན་མ་ཡིན་པ་སྟེ། དེ་ཉེ་བར་མ་དམིགས་པ་སྟོན་པར་བྱེད་པ་ལ་ཛྙཱ་ཡིག་སྒོའོ།། འདོད་ཆགས་དང་བྲལ་བ་ལ་སོགས་པ་རོབ ་ཏུ་སྟོན་པ་ལུས་རྣམ་པར་འབྱེད་པར་བརྗོད་པར་བྱ་བ་ལ་ཀ་ཡིག་སྒོའོ།། ཨཱཾ་ཡིག་ནི་སེམས་རྣམ་པར་འབྱེད་པའི་དོན་ཏེ། འདུལ་བར་བྱ་བཱ་གང་ཡིན་པའི་ཞེ་སྡང་དང་གཏི་མུག་ངག་དང་བག་ལ་ཉལ་རབ་ཏུ་སྤངས་པ ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སྨྱོན་པའི་མཚོན་ཉིད་ཅན་རང་བཞིན་གྱི་འོད་གསལ་བ་ཉིད་ཀྱང་སྒྲིབ་པ་ཐམས་ཅང་དང་བྲལ་བའི་ཡེ་ཤེས་ཀྱི་རང་བཞིན་རབ་ཏུ་གསལ་བའི་སྒོར་འགྱུར་རོ།། ངག་གི ་སྤྲོས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པར་སྟོན་པར་བྱེད་པ་ལ་ངག་ཁོང་དུ་ཆུད་པའི་ངག་ཅན་ཝ་ཡིག་སྒོའོ།། ཚ་ཡིག་གི་བཤད་པ་ནི་གོ་སླའོ།། གཅིག་ཏུ་འདུས་པ་མ་དམིགས་པ་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་ཆ་ཤས་གཟུགས ་ལ་སོགས་པ་སྟོང་པ་ཉིད་དོ།། གཉིས་སུ་མེད་པྲཱ་ནི་བཟུང་བ་དང་། འཛིན་པ་བྲལ་བ་ཉིད་།། དེ་དག་གཉིས་ཀ་སྟོན་པ་ལ་གྷ་ཡིག་སྒོའོ།། ནྱ་ཅོ་དང་བྲལ་བ་ཉིད་ནི་དྲིལ་བུའི་སྒྲ་རྗེསུ་སྒྲོག་པའོ།། རྡོ་རྗེ་སྙེམས་པ་འཛིན་པ་ནི་རྡོ་རྗེའི ་ཕྱག་རྒྱ་འཛིན་པ་སྟེ། འདི་དག་གཉིས་ཀའི་ཁྱད་པར་གྱི་སྣོད་ལ་ཊ་ཡིག་སྒོའོ།། གསང་བའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། ལྷག་མ་གོ་སླའོ།། ཚ་བ་ནཱི་གཞན་གྱི་འཁོར་ལ་ཉེ་བར་འཚེ་བ་སྟེ། དེ་དང་བྲལ་བ ་རབ་ཏུ་གསལ་བ་དང་། ན་མཁའི་དངོས་གྲུབ་སོ་སོར་ཐོབ་པའི་དོན་དུ་ཌ་ཡིག་སྒོའོ།། གྲང་བ་ནི་ཁ་བ་ལ་སོགས་པ་ཕྲ་མོ་སྟེ། དེ་ཉེ་བར་མ་དམིགས་པ་སྟོན་པར་བྱེད་པ་ལ་ནི་ཥ་ཡིག་ནི་སྒྲོའོ།། རབ་ཏུ་འབྱམས་མཱ་ཡིན་པར་འགོག ་བ་དེ་རྣམ་པར་བཞག་པར་བྱེད་པ་ལ་ཉེ་བར་ཞི་བར་བརྗོད་པ་ཅན་གྱི་ཨུ་ཡིག་སྒོའོ།། ཚུལ་བཞིན་དུ་བཞག་པ་ནི་དེའི་ངག་ཅན་ལ་ངེས་པར་འབྱུང་བ་ལ་སོགས་པར་བྱེད་པ་ལ་སྒོའོ།། ལ་ཡིག་ནི་དེ་ཁོ་ན་ཉིད་ནི་དེ་བཞིན་ཉིད ་ཀྱི་དདྲུག་ཅན་ཏེ། སྤྲོས་པུ་སྤངས་པ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་སྟེ་དོན་དེ་རྣམ་པར་བཞག་པའི་ཏཱ་ཡིག་སྒོའོ།། ཨ་ཡིག་ནི་མ་སྐྱེས་པ་གསལ་བར་བྱེད་པ་སྟེ། རྣམ་པར་གྲོལ་བའི་མཚན་ཉིད་བརྗོད་པ ་པོ་སྒོའོ།། ཧྲཱི་ཡིག་ནི་ཡོངས་སུ་བཟུང་བ་མེད་པའི་ངག་ཅན་ཏེ། འཐབ་པ་དང་རྩོད་པ་སྤངས་པ་སྟོན་པ་ལ་སྒོའོ།། ཀཾ་སྡེ་ནི་ཀུན་ནས་ཉོན་མོངས་པ་མེད་པའི་ངག་ཅན་ཏེ། རྣམ་པར་དག་པ་མཚན་ཉིད་སྟོན་པར་བྱེད་པ ་ལ་སྒོའོ།། རང་བཞིན་གྱིས་འོད་གསལ་བ་དེ་གཟུང་ནས་གནས་པ་གསལ་བར་བྱེད་པ་ཙ་སྡེ་ཡང་སྒོའོ།། ཊ་སྡེ་ནི་སྣང་བ་ཞེས་པ་སྟེ་རབ་ཏུ་གསལ་བ་སྟེ་རང་བཞིན་གྱིས་འོད་གསལ་བ་ཉིད་འལ་ང་བྱེད་འ ་བྱེད་པ་ལ་སྒོའོ།། ཞེས་རྟོགས་པར་བྱའོ།། ཡང་དག་པར་སྦྱོར་བ་དང་བྲལ་བར་ཡང་དག་པ་སྡུང་པོར་བྱེད་པ་མངོན་པར་བརྗོད་པ་ལ་བསྒོམ་པར་བྱེད་པའི་དོན་དུ་ཏ་སྡེ་སྒོའོ།། ཆོས་མ་འདྲེས་པར་རབ་ཏུ་འཇོག་པ་ལ་གཞི ་མེད་པར་བྱརྗོད་པའི་པ་སྟེ་སྒྲོའོ།། མཐོར་གནས་ཀྱི་སྡེ་པ་ནི་བྱང་ཆུབ་ཀྱི་དོན་དྲི་མེ་པ་མ་མང་གིསལ་བར་བྱེད་པ་སྔགས་ལ་སོགས་པའི་སྡེ་པ་ནི་མྱ་ངན་ལས་འདས་པའི་གློ་བུརཱུ་བ་ངེས་པར་འདོད་པ་ལ་སོགས་པ་སྟོན་པ་ལ ་སྒོའོ།། ཨོཾ་པོ་ཞེས་པ་ལེ་སོགས་པ་རྣམས་ཀྱིས་ཆོས་ཀྱི་ཡི་གེ་རྣམ་པར་རིག་པའི་སྒོའོ།། ཞེས་པ་ལ་སོགས་པ་དེ་ཁོ་ན་ཉིད་རྟོགས་པ་སྟེ། གང་རྟག་ཏུ་འགྲོ་བར་བརྗོད་པའི་དབང་དུ་བྱེད་པའི་བསྡུ་བ་ནི་ཐམས་ཅད ་མཁྱེན་པའི་ཡེ་ཤེས་རྣམ་པར་དག་པ་ཁོ་ན་རྣམ་པར་ཕྱེ་བའོ།། ཆོས་ཀྱི་སྐུ་རྣམ་པར་ངེས་པ་ནི་ཆོས་བརྗོད་པ་ཐབས་རྣམ་པར་འབྱེད་པའོ།། འདི་ནི་གཙོ་བོའི་དཀྱིལ་འཁོར་བ་དང་བཅས་པའི་ཐུན་མོང་གི་ཚིག་ཆོས་དག་གི་ཕྱག ་རྒྱའོ།། དེའི་སྒོ་ནི་ཐབས་སོ།། དེ་རྣམ་པར་ངེས་པ་ནི་ཡེ་ཤེས་སོ།། སེམས་ཀྱི་ཕྱག་རྒྱ་བསྒོམ་པ་དེ་བར་བསྟན་པ་དེ་ལ་རིགས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྣལ་འབྱོར་གནས་ནི་དབང་པོ་གཉིས་ཀྱི་སྙོམས་པར ་འཇུག་པ་ཡོངས་སུ་རྫོགས་པ་ཉིད་ཀྱང་སྐུའི་ཕྱག་རྒྱའི་སྒྲུབ་ཐབས་དང་ཐུན་མོང་པ་ཡང་ངོ་།། སངས་རྒྱས་ཀུན་གྱི་ཕྱག་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་ཕྱག་རྒྱའོ།། ཤིན་ཏུ་འོད་གསལ་གྱི་དཀྱིལ་འཁོར་ལ་ནི་སྙིང་གར་ཉི ་མའི་དཀྱིལ་འཁོར་དང་བཅས་པའོ།། རྡོ་རྗེ་རྣལ་འབྱོར་གྱིས་ཤེས་པ་ནི་དེ་ལ་རྡོ་རྗེ་བསྒོམ་པར་བྱེད་པས་མི་བསྐྱོད་པའི་རྣལ་འབྱོར་ཆེན་པོ་སྟེ། དེའི་རྣལ་འབྱོར་ཆེན་པོ་དེ་ལྟ་བུ་ཁོ་ན་རྡོ་རྗེ་སྒོམ་པར་བྱེད་པ་རྣམས་སོ།། བསྒོམ ་བར་བྱ་ཞེས་པ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་རིན་ཆེན་ཀུན་མངོན་དུ་བྱའོ།། ཡོངས་སུ་བསྒོམས་ནས་ཞེས་བྱ་བ་ནི་ལྷག་པར་མོས་པའོ།། མཐོང་ཞེས་བྱ་ནི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་པདྨ་བསྒོམ་པའོ།། དག་པ ་ཞེས་བྱ་བ་ནི་འོད་དཔག་མེད་དོ།། ཕྱག་རྒྱ་ཐམས་ཅད་ནི་སྣ་ཚོགས་རྡོ་རྗེའོ།། སྣ་ཚོགས་ལས་ཀྱི་སྦྱོར་བ་ཞེས་པ་ནི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ལ་སྤྲུལ་པ་སྣ་ཚོགས་པ་སེམས་ཅན་མ་ལུས་པའི ་དོན་ལོ་ལྷག་པར་མོས་པའོ།། སྣ་ཚོགས་ལས་བྱེད་པ་ནི་དོན་ཡོད་པའི་དབང་ཕྱུག་གོ།། རྡོ་རྗེ་རྣལ་འབྱོར་གྱིས་ཞེས་པ་ནི་བྷཱ་བ་ལ་གནས་པའི་རྡོ་རྗེ་ལ་སོགས་པའི་མཚན་མ་བསྒོམ་པའོ།། རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ནི་ཉི་མ་ལ ་བརྗོད་དོ།། ནུས་པ་ངེས་པར་བསྟན་པ་གསུངས་པ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་བསྒོམ་མོ།། ་དེ་ལྟར་རྒྱལ་པོ་ལ་སོགས་པ་རྣམས་ཀྱི་ཡང་ཇི་ལྟ་བ་བཞིན་དུ་རང་གི་སྙིང་གར་ཟླ་བ་ལ་གནས་པའི་མཚན་མ་བསྒོམ་པར་བལྟ་བར་བྱའོ།། འདི་དག་ཀུན་གྱི་ཞེས་པ་ནི་སྐུ་ལ་སོགས་པའི་ཕྱག་རྒྱའི་སྒྲུབ ་ཐབས་སོ།། རབ་སྦྱོར་གྱིས་ཤེས་པ་དང་། རང་གི་སྐུའི་ཕྱག་རྒྱ་སྒྲུབ་པའི་དོན་ཅན་དུ་བྱས་པའི་རང་གི་ལྷའི་རྣལ་འབྱོར་ཇི་སྐད་གསུངས་པའི་གདུན་ལ་གནས་ནས་ཡིད་རྩེ་གཅིག་ཏུ་གྱུར་པས་སྒྲུབ་པར་བྱའོ་ཞེས་བྱ ་འདིས་སོ།། ཆོས་ཀྱི་ཡི་གེའི་ཚིག་གིས་ནི་ཞེས་པ་དག་གི་ཕྱོག་རྒྱའི་དངོས་གྲུབ་ནི་ལྕེའི་རྩེ་མོའི་འདབ་མ་ལ་རྡོ་རྗེ་མཛེས་པ་བསྒོམ་པ་མངོན་དུ་འགྲོ་བ་ཅན་གྱི་སྙིང་གའི་ཟླ་བ་ལ་ཇི་ལྟ་བ་བཞིན་དུ་རང་གི་ཨོཾ་པཾ་ལ་སོགས ་པའི་ཆོས་ཀྱི་ཡི་གེ་རྣམས་རྣམ་པར་བཀོད་ལ་རྣམ་པར་རིག་པོའི་སྒོ་ཞེས་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད་སྒོམ་པར་བྱའོ་ཞེས་བྱ་བ་འདིས་སོ།། ཕྱག་རྒྱའི་ཡེ་ཤེས་ལེགས་སྦྱོར་བས་ཞེས་བྱ་བ་ནི་སེམས་ཀྱི་ཕྱག་རྒྱ་བསྒོམ ་པའི་དོན་ཅན་རང་གི་སྙིང་གའི་ཟླ་བ་ལ་ཇི་ལྟ་བ་བཞིན་དུ་རང་གི་མཚན་མ་བསྒོམ་པར་བྱའོ་ཞེས་པ་འདས་སོ།། འདི་རྣམས་ཀྱི་ཞེས་པ་སྐུ་ལ་སོགས་པ་རྣམས་ཀྱི་བསྒྲུབ་ཐབས་ཀྱི་རབ་ཏུ་སྦྱོར་བ་བདུན་པོ་ཇི་ལྟ་བོ་བཞིན་ནོ།། ་ཕྱག་རྒྱའི་འཁོར་ལོ་ཁྱད་པར་དུ་ཞེས་པ་ནི། སྐུའི་ཕྱག་རྒྱའི་ཚོགས་སུ་ཤེས་པར་བྱའོ།། དེ་ཉིད་ཀྱི་རབ་ཏུ་སྦྱོར་བ་བསྟན་པ་གསུངས་པ་ཡི་གེ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་གསུང་བར་བྱེད་པོ་ལ་སོགས་པའི་ཕྱག་རྒྱ་སྒྲུབ་པར ་བྱ་བའི་དོན་དུ་རང་གི་སྔགས་ཀྱིས་ཡི་གེ་རྣམས་ཀྱི་སྙིང་ག་ལ་སོགས་པ་རྣམས་སོ།། ཡོངས་སུ་གང་བའི་སྐུའི་ཕྱག་རྒྱ་བྱས་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སོ།། ལས་ཀྱི་སྒྲུབ་ཐབས་ཉེ་བར་བསྟན་པ ་གསུངས་པ། བསམ་གཏན་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། བསམ་གཏན་གྱིས་ནི་སྒོམ་པར་བྱེད་པ་རྣམསཽ་ཀྱིས་སོ།། ཐིག་ལ་ཅིག་ནི་ཡི་གེ་གཅི་ག་སྟེ། དབང་ཆེན་གྱི་ས་བོན་ནོ།། དེས་གྱུར་པ་སྟེ་ཡོངས་སུ ་རྫོགས་པ་འདིའི་གོ་འཕང་ནི་དབང་ཆེན་གྱི་དཀྱིལ་འཁོར་རོ།། དེ་ཉིད་བསྟན་པ་གསུངས་པ། ས་ཞེས་པ་ལ་སོགས་པ་སྟེ། ས་ལ་རབ་གནས་ཀྱང་དཀྱིལ་འཁོར་གྲུ་བཞི་པ་ལ་གནས་པའོ།། གོ་འཕང་ནི་གནས་ཏེ་དེ་ལ་གན ་པའོ།། དབང་པོ་གཉིས་ནི་མཉམ་སྦྱོར་བ་ནི་རང་དང་ལྷ་གཉིས་བསྒོམ་པར་བྱེད་པས་དབང་ཕྱུག་ཀྱང་ནི་བསྒྲུབ་པར་བྱའོ།། དབང་ཆེན་གྱི་ལས་ནི་རྒྱས་པའི་མཚན་མའོ།། དང་པོའི་དཀྱིལ་འཁོར་ཚུལ་གྱིས་ནི་ཞེས་པ་དབང ་ཆེན་གྱི་དཀྱིལ་འཁོར་ཚུལ་གྱིས་རང་གི་ས་བོན་གང་ཡིན་པ་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་རོ།། དབང་པོ་གཉིས་སྙོམས་པར་ཞུགས་པའི་ཡང་མཐའ་མར་རབ་ཏུ་བརྟག་སྟེ། འཁོར་ལོ་ལག་ཏུ་བསམ་པར་བྱའོ།། ་དང་པོ་ཞེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་དང་། པད་མ་དང་རིན་པོ་ཆེ་ལ་སོགས་པ་ཡང་ཇི་ལྟ་བ་བཞིན་སུམ་མདོ་རིས་ལ་སོགས་པ་རྣམས་སུ་རབ་ཏུ་གནས་པའོ།། ལས་ཀྱི་རྣལ་འབྱོར་གྱིས་ཞེས་པ་ནི་སྣ་ཚོགས ་རྡོ་རྗེ་རྣམ་པར་བཞག་པས་སོ།། ལས་འདི་རྣམས་ཀྱང་དེ་ཉིད་བསྒོམ་པས་ཆེས་མྱུར་དུ་འགྲུབ་པར་འགྱུར་རོ།། ཕྱག་རྒྱ་ཡེ་ཤེས་བསྟན་པའི་ཆེད་དུ་ཉེ་བར་བསྟན་པ་གསུངས་པ། བཅོམ་ལྡན་འདས ་བྱ་བ་ལ་སོགས་པ་གསུངས་པ་སྟེ། རྣམ་པར་གྲོལ་བ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ།། དེ་ཁོ་ན་ཕྱག་རྒྱ་ཆེན་པོ་ཞེས་པ་ཐམས་ཅད་དུ་རྒྱས་བཏབ་ཅིང་བསྡུས་པར་རྟོག་པར་བྱས་པ་སྟེ། དེ་ཡིས་རྒྱས་བཏབ་པ་ནི ་མཚན་པའོ།། ཆོས་ཐམས་ཅད་ནི་འཕགས་པ་དང་སོ་སོའི་སྐྱེ་བོའི་རྒྱུད་ཀྱི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ནོ།། གང་གི་ཕྱིར་གཉིས་དང་གཉིས་མེད་པའི་གནས་སྐབས་ནི་ཡོངས་སུ་དག་པ་ནི་རྣམ་པར་གྲོལ ་བའི་ལུས་སོ་ཞེས་པ་ཇི་སྲིད་པའོ།། མཐའ་དང་མཐའ་མེད་པ་ནི་ཆེད་པ་དང་རྟག་པའི་རྣམ་པར་རྟོག་པའོ།། མཐའ་ལས་འདས་པ་ནི་མཐའ་མེད་པའོ།། དེ་ཡི་ཕྱག་རྒྱས་རྒྱས་བཏབ་པའོ།། གང་ལ་གང་གི་ཕྱིར་ཞེ་ན་དག ་པ་དང་མ་དག་པའི་གནས་སྐབས་ཆད་པ་དང་རྟག་པ་ཡོང་སུ་དག་པ་སྟེ། དོན་དམ་པར་དེ་དག་སྟོང་པའོ།། ཟད་པ་དང་འདོད་ཆགས་དང་བྲལ་པ་ནི་ཕུང་པོ་དང་ཉོན་མོངས་པ་འགག་པའོ།། དེའི་ཕྱག་རྒྱས་རྒྱས་གདབ་པའོ།། ། ་གང་གི་ཕྱིར་ནི་ཟད་པའི་སྒོ་ནི་སྐྱེ་བའི་གནས་སྐབས་སོ།། ཟད་པའི་མཐའ་ནི་གནས་པའོ།། ཟད་པའི་མུར་ཐུག་པ་ནི་མཐར་ཐུག་པའོ།། སྐུར་པ་འདེབས་པ་མེད་པ་ནི་སྨོན་པ་མེད་པའོ།། གང་ཟག་དོང་ཆོས་བརྟགས་པ་ཙམ ་ཉིད་ཀྱིས་སྡེ་དེའི་ཕྱག་རྒྱས་རྒྱས་བཏབ་པའོ།། གང་གི་ཕྱིར་མཉམ་པ་ཉིད་ཀྱང་རྣམ་པར་དག་པ་ནི་དེ་དག་གཉིས་སྟོང་པ་ཉིད་ཀྱི་རང་བཞིན་ནོ།། ཆོས་ཐམས་ཅད་གང་ཡིན་པ་དེ་དོན་དམ་པ་ཉིད་དུ་ན་མཁའ་བཞིན་དུ ་སྤྱན་ལྔའི་ལམ་ལོས་ཡང་དག་པར་འདས་པའི་ཕྱིར་ན་མཁའི་ཕྱག་རྒྱས་རྒྱས་བཏབ་པའོ།། སེམས་ཅན་ཐམས་ཅད་ན་མཁའི་ཁམས་ཉིད་ཀྱི་ཕྱིར་ཞེས་པ་ནི་དོན་དམ་པར་ན་སེམས་ཅན་ན་མཁའི་ཁམས་ཀྱི་རང་བཞིན ་ཡིན་པ་ཉིད་ཀྱི་ཕྱིར་རོ།། དབྱར་མི་ཕྱེད་པའི་རང་བཞིན་གྱི་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་ནི། རྗེས་སུ་ཞུགས་པའོ།། དེ་ལ་དབྱར་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། བྱང་ཆུབ་ཀྱི་རང་བཞིན་གྱི་སེམས ་ནི་བྱང་ཆུབ་ཀྱི་སེམས་ཏེ་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེའི་ཕྱོག་རྒྱས་རྒྱས་བཏབ་པའོ།། གང་ལས་ཤེ་ན། བྱང་ཆུབ་ཀྱི་སེམས་དང་ཐ་མི་དད་པ་ཉིད་ཀྱི་ཕྱིར་རོ་སྟེ། བྱང་ཆུབ་ཀྱི་སེམས་རྫོགས་པ་ཉིད་ཀྱི ་གནས་སྐབས་སུ་ཡང་ཆོས་རྣམས་ཀྱིས་ལྷག་པར་ཀུན་ཏུ་འདྲེས་པའོ།། ཆོས་ཀྱི་དབྱིངས་འབྱེད་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཞེས་པ་ནི་རྫོགས་པའི་གནས་སྐབས་ན་ངོ་བཞིན་ཉིད་ལ་ཁྱད་པར་མེད་པའི་ཕྱིར ་རོ།། རང་བཞིན་མེད་པའི་ཕྱིར་ཞེས་པ་ནི།། གནས་སྐབས་ཐམས་ཅད་དུ་གནས་སོ་ཞེས་པ་མངོན་པར་དགོངས་པའོ།། བདག་མེང་པའི་ཕྱག་རྒྱ་ནི་གང་ཟག་གི་བདག་མེད་པ་སྟེ། དེའི་རྒྱས་བཏབ་པའོ།། འཚེ་བ་མེད ་པའི་ཕྱིར་ནི་གཞན་གྱིས་ཡོངས་སུ་བརྟགས་པའི་བདག་ཚད་མ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། མི་རྟག་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་གོ་སླའོ།། སྔོན་གྱི་མཐའ་ནི་འཁོར་བའི་གནས་སྐབས་སོ།། ་ཕྱི་མའི་མཐའ་ནི་མྱ་ངན་ལས་འདས་པའི་གནས་སྐབས་དེ་དག་ནི་དེ་བཞིན་ཉིད་སྟོང་པ་ཉིད་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་རྟོག་པ་མེད་པའོ།། མཉམ་པར་མཚུངས་པ་ཉིད་ཀྱི་ཕྱིར་ཞེས་པ་ལ་འདུས་བྱས་དང་། ་འདུས་མ་བྱས་རིག་དངོས་པོ་མེད་པའི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་རོ།། མཚན་མི་མེད་པའི་ཕྱག་རྒྱ་ནི་རྒྱུའི་རང་བཞིན་མེད་པ་སྟེ་དེའི་ཕྱག་རྒྱ་བཏབ་པའོ།། གང་ལས་ཤེ་ན་སྤྲོས་པའི་དམིགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ། ་སྟེ། རྒྱུར་རྣམ་པར་བརྟགས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། སྨོན་པ་མེད་པ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་གོ་སླའོ།། བདག་ལྀ་སོགས་པའི་དངོས་པོ་མེད་པའི་ཕུང་པོ་ལྔ་པོ་རྣམས་ཡོངས་སུ་འདུས་པ་སྟེ། ཚོགས ་པ་ཅན་དུ་བྱེད་པ་དེའི་མཚན་ཉིད་ཀྱི་ཕྱིར་རོ།། བདག་མེད་པ་ལ་སོགས་པའི་བཤད་པ་ནི་གོ་སླའོ།། དྲི་མ་མེད་པ་ནི་རང་བཞིན་གྱིས་འོད་གསལ་བ་ཉིད་དེ། དེའི་ཕྱག་རྒྱས་རྒྱས་བཏབ་པའོ།། འཚོ་བ་རབ་ཏུ་མི་གནས་པ་ཉིད་ཀྱི ་ཕྱིར་ཞེས་པ་ནི་དོན་དམ་པ་ཉིད་དུ་སྒྲིབ་པའི་བག་ཆགས་ཐམས་ཅད་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། འཁྲུག་པ་མེད་པ་ནི་རྣམ་པར་གཡོ་བ་མེད་པ་ཉིད་ཀྱི་ཕྱིར་རོ་སྟེ། དེའི་ཕྱག་རྒྱས་རྒྱས་བཏབ་པའོ།། བླ་ན་མེད་པའི་མཐར་ཕྱིན་པའི་ཕྱིར ་རོ་ཞེས་པ་ཤིན་ཏུ་མཐར་ཐུག་ཅིང་མཐས་ཀླས་པའི་ཆོས་ཉིད་ཀྱི་ཕྱིར་རོ།། ཇི་ལྟ་བ་བཞིན་ཞེས་པ་ནི་རྟག་ཏུ་ལྷུག་པར་གནས་པའི་དེ་བཞིན་ཉིད་དེ། དེའི་ཕྱག་རྒྱས་བརྒྱས་བཏབ་པའོ།། གང་ཟག་དང་ཆོས་རྣམས་ཀྱི་སྒྲོ་འདོགས ་པ་དང་སྐུ་དྲ་བ་འདེ་བས་པ་མེད་པའོ།། གང་ལ་ཞེ་ན་འཇམ་པའི་དབང་དུ་བྱེད་པ་དང་། དབང་དུ་བྱེད་པ་མེད་པའི་ཕྱིར་རོ་སྟེ། ཚད་མའི་ཡང་རྣམ་པར་རྟོག་པ་ཛིན་དམ་པ་ཉིད་དུ་མེད་པའི་ཕྱིར་རོ།། རབ་ཏུ་འཇིགས་པ་ཞེས་པ ་སོགས་པའི་བཤད་པ་ནི་གོ་སླའོ།། འགོག་པ་མེད་པ་ཉིད་ཀྱི་ཕྱིར་ནི་དོན་དམ་པ་ཉིད་དུ་ཆོས་རྣམས་ཀྱི་རང་གི་ངོ་བོ་མེད་པའི་ཕྱིར་རོ་ཞེས་དགོངས་སོ།། རྟོག་གི་ཐམས་ཅད་ནི་རྣམ་པར་རྟོག་པ་ཐམས་ཅད་དོ།། མཚན་ཉིད་ནི་གཟུགས ་ལ་སོགས་པའོ།། དེ་རྣམས་དོན་དམ་པ་ཉིད་དུ་མེད་པའི་ཕྱིར་མཚན་ཉིད་མེད་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། གནས་ནི་ཀུན་གཽཞི་རྣམ་པར་ཤེས་པའི་རྒྱུན་ཆོས་ཐམས་ཅད་ཀྱི་བག་ཆགས་རྣམས་ཡང་དག་པར་བཅད་པའི་ཕྱིར་རོ།། ་རྗེརྫརྗེས་སུ་སྦྱོར་བ་མེད་པ་ནི་ཉེས་པའི་ཚུལ་གྱིས་ཕྱིན་ཅི་ལོག་ཏུ་སྦྱོར་བ་མེད་པ་སྟེ། དེའི་ཕྱག་རྒྱས་རྒྱས་བཏབ་པའོ།། ཅིའི་ཕྱིར་ནི་ཡོན་ཏན་གྱི་ཚུལ་རྣམས་ཀྱང་གཉེན་པོའི་ཕྱོགས་ཡིན་ལ། དེ་ཉེ་བར་དམིགས་པ་མེད་པའི་ཕྱིར་རོ།། ་ཐམས་ཅད་མངོན་པར་འདུས་མ་བྱས་ཉིད་ཀྱི་ཕྱིར་རོ་སྟེ། དོན་དམ་པོར་ལས་ཀྱི་རྣམ་པར་སྨིན་པོ་རྣམས་མེད་པ་ཉིད་ཀྱི་ཕྱིར་རོ།། སྐྱེ་བ་དང་གནས་པ་སྟེ་དེ་དང་བྲལ་བ་ཉིད་ཀྱིང། འདུས་མ་བྱས་པའི་ཕྱག་རྒྱས་རྒྱས་བཏབ་པའོ།། ཆོས ་ཐམས་ཅད་མཉམ་ཉིད་ནི་སྟོང་པ་ཉིད་དོ།། མཚན་ཉིད་གཅིག་པ་ནི་འདུས་བྱས་ཉིད་དོ།། དེ་ཡང་གཟུགས་ལ་སོགས་པ་རྣམས་ཀྱི་སྤྲོའོ།། ཕུང་པ་ནི་ཕུང་པོའོ།། དེའི་ཕྱག་རྒྱས་རྒྱས་པའོ།། གང་ལས་ཤེ་ན་སྙིང་པོ་མེད ་པ་ཉིད་ཀྱི་ཕྱིར་སྟེ། བདག་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ཇི་སྲིད་པའོ།། སངས་རྒྱས་ཀྱི་སྒོའི་མཉམ་པ་ཉིད་ནི་མཚུངས་པ་ཉིད་དོ།། དེ་སོ་སོར་རྙེད་པ་ནི་སོ་སོར་ཐོབ་པའི་ཕྱིར་ཏེ་ཉེ་བར་ཐོབ་ཅིང་རྗེས་སུ་ཐོབ་པའོ།། འཇིག་རྟེན་གྱི་ལམ་ནི ་འཇིག་པའི་ལམ་སྟེ། དེ་ཁོ་ན་མཐའ་གཅིག་ཏུ་རྣམ་པར་དག་པའི་ཕྱིར་ནི་དོན་དམ་པར་ཕྱིད་པའི་ཕྱིར་རོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་གོ་སླ་བའི་ཕྱིར་རྣམ་པར་བཤད་པར་མི་བྱའོ།། མུའི་ཡི་གེ་འདི་ལས ་སྒྲུབ་པའི་དུས་སུ་རང་གི་སྙིང་གར་དགོད་པར་བྱའོ།། ཨའི་ཡི་གེ་ལ་སོགས་པ་རྣམས་ཀྱང་སྙིང་ག་དང་མཛོད་སྤུ་དྲིད་རྣ་བ་དང་། སྤྱི་བོ་དང་། གཙུག་ཏོར་རྣམས་རིམ་པས་སྦྱར་བ་བྱའོ།། གལ་ཏེ་ཡང་ན་ཧཱུཾ་ཡི་ག་ཉིད་སྙིང་གར་ཟླ་བའི་མཚན ་མོ་ལའོ།། ཡཱང་ན་ཁཾ་ཡི་ཁོ་ན་སྤྱི་བོར་བསམ་པར་བྱའོ།། སྔར་བཞིན་དུ་སྒྲའི་ཕྱག་རྒྱ་ལ་རང་གི་སྔགས་ཀྱི་ཡོ་གེ་རྣམས་ཀྱི་ཡི་གེ་རྣམས་ཀྱི་ཀུན་ཏུ་བཀང་བ་ཇི་ལྟ་བ་བཞིན་དུ་རང་གི་ལས་སྒྲུབ་པར་བྱ་བའི་དོན་ཅན་ལ་ཇི་ལྟར ་གསུངས་པའི་དཀྱིལ་འཁོར་འབྱུང་བར་འགྱུར་བ་གང་ཡང་རུང་བ་ལ་མོས་པོའི་ཕྱོག་རྒྱས་རྒྱས་བཏབ་པོ་ཞེས་པ་གང་ཡང་རུང་བའི་ཚིག་གི་དོན་བསྒོམས་པས་ཇི་ལྟར་འདོད་པའི་ལས་རྣམས་སྐྱེ་བོའི་ཕྱིར་རོ།། ཨ་ཡིག་ལ་སོགས་པ ་ནི་ཕྱག་རྒྱ་ལྔའི་ཡེ་ཤེས་སུ་བསྡུས་པ་ཅན་གྱི་ས་བོན་མ་ཡིན་ནོ།། འདི་དག་སྡུད་པ་པོ་ནི་ཧཱུཾ་ཡིག་དང་ཁཾ་ཡིག་སྟེ་ཐམས་ཅད་བྱིན་གྱིས་རློབ་པའོ་ཞེས་པའི་དབང་དུ་བྱས་པའོ།། དེ་ནུས་ད་ནི་ཞེས་བྱ་བ་ལ་སོགས་པས་རྣམ་པར ་སྣང་མཛད་ཀྱི་སྐུའི་ཕྱག་རྒྱ་གསིང་བའི་སྒྲུབ་ཐབས་སྟོན་པར་བྱེད་དོ།། པདྨ་འདབ་མ་བརྒྱད་བ་དང་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་སོན་པར་ཁཾ་ཡིག་དཀར་པོ་ཉི་མའི་དཀྱིལ་འཁོར་རབ་ཏུ་གསལ་དེའི་སྟེང་དུ་འབར་བའི་ཕྲེང ་བ་འཁྲུག་པ་ནི་རྡོ་རྗེ་རྩེ་ལྔ་པར་ཉེ་བར་བསྟན་ནོ།། ཤེས་པར་བྱ་ཞེས་པ་ཉེ་བའི་མཐར་སྤྱོད་དོ།། དབང་པོ་གཉིས་ནི་སྙོམས་པར་འཇུག་པས་ཤེས་པ་ནི་ལྷ་དང་གཉིས་སུ་མེད་པ་ཅན་དུ་བསྒོམ་པས་ཕྱག་རྒྱ་སྟེ། རྡོ་རྗེའི་བདག་ཉིད་ཅན ་གོ་འཕང་སྟེ་རྟེན་དུ་གྱུར་པར་མན་ངག་གང་ཡིན་པ་ལ་ཤེས་པར་བྱའོ།། འདིའི་སྙིང་པོ་ནི་དེའི་ཕྱག་རྒྱའི་གོ་འཕང་ངོ་།། དེ་ཉིད་གནས་ཏེ། ཀུན་ཏུ་གནས་པའི་སེམས་གང་ཡིན་པ་དེའི་གནས་སོ།། ཡི་གེ་ཧཱུཾ་ཞེས་པས་ནི་ཧཱུཾ་ཡིག་དགོད ་བའོ།། འབར་བ་ནི་ར་ཡིག་ལས་འབར་བར་བསྒོམས་ནས་འབར་བོར་མིག་ཅན་དུ་བྱས་པར་བསམ་པར་བྱའོ།། དཀར་པོ་ལ་སོགས་པ་ནི་འབར་པ་ནི་སྙིང་གའི་རྡོ་རྗེའི་སྙིང་པོ་ལས་དབང་པོ་ཐམས་ཅད་ངེས་པར་ཕྱུང་སྟེ། འཇིག་རྟེན ་ཐམས་ཅད་དུ་སྤྲོས་ནས་བསྡུས་བཞིན་པས་འཁོར་ལོས་སྒྱུར་བ་ལྟ་བུ་ཞེས་པ་རྣམ་པར་སྣང་མཛད་བཞིན་ནོ།། དབང་པོ་ལྔས་ཡང་དང་དམིགས་ཤེས་པ་ལྷའི་མིག་ལ་སོགས་པ་རྣམས་ཀྱིས་རང་གི་མིག་ལ་སོགས་པ་དང ་གཅིག་པ་ཅན་དུ་བྱས་ནས་སོ།། ཇི་ལྟར་དབང་པོ་གཉིས་ཀྱི་རབ་ཏུ་སྦྱོར་བ་བརྗོད་པར་བྱ་བ་དེ་བཞིན་དུ་ཉེ་བར་བསྟན་པ་བཀུག་ནས་ཞེས་བྱ་བ་ལྔ་སོགས་པ་གསུངས་པ་ཇི་སྙེད་བུད་མེད་ཞེས་པ་ནི་ལྷ་གང་ཇི་སྙེད་པ ་དེ་དང་དེ་བསྒྲུབ་པར་བྱེད་པའི་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཅན་ཉིད་གཉིས་སུ་མེང་པ་ཅན་ཉིད་ཀྱི་སླར་ཡང་འགྲོགས་པར་བསྒོམས་པས་ཇི་ལྟར་རང་གི་ལུས་ཀྱི་ཕྱག་རྒྱ་གསང་བའི་དངོས་གྲུབ་ཀུན་ཏུ་ཐོབ་བོ།། སེམས་ཀྱི ་ཕྱག་རྒྱགས་ང་བའི་སྒྲུབ་པ་ཕྱེ་བ་གས་པ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་པ། གསང་བ་ནི་ཕྱི་རོལ་པ་ལ་སོགས་པ་གསང་བ་ཉིད་ཀྱི་ཕྱིར་རོ།། མཆོག་ནི་ཐམས་ཅད་ཀྱི་མཆོག་གི་མཆོག་ཉིད་ཀྱི་ཕྱིར་རོ།། དགེས་པ་ནི་རྟོག་པ ་ཐམས་ཅད་དང་བྲལ་པ་ཉིད་ཀྱི་ཕྱིར་རོ།། དེ་ལྟ་བུའི་ཆོ་ག་བསམ་ནས་སོ།། ཆེན་པོ་ཞེས་པ་ཁྱབ་ཅན་ནོ་ཞི་བའི་ཆོས་ཀྱི་རྗེས་མཐུན་མཆོག་ནི་ཉེ་བའི་ཐོབ་པ་མཉམ་པ་ཉིད་ཀྱི་ལུགས་དང་མཐུན་པ་དང་། མཆོག་སྟེ་འདོད་པའོ།། ་རྡོ་རྗེ་སེམས་དཔའ་གང་ཡིན་པ་ཡང་འགྲུབ་པ་སྟེ། རབ་ཏུ་སྩོལ་བར་བྱེད་དོ།། དེའི་ཕྱིར་མཆོག་དེ་ཁོ་ན། བར་མ་ནི་ལའོ།། འབྲས་བུའི་ངོ་བོའི་ཆོས་དངོས་པོ་མེད་པ་ནི་སྟོང་པ་ཉིད་དོ།། རྒྱུའི་ཆོས་རྣམ་པར་རྟོག་པའི་མཚན་མ་མེད་པའོ།། ། ་དེའི་དོན་དུ་གཉེར་བ་དང་བྲལ་བའི་ཕྱིར་ཡང་སྨོན་པ་མེད་པའོ།། དེ་ཁོ་ན་ཡང་ཆོས་ཀུན་བདག་མེད་པ་ཉིད་།། ཕ་རོལ་ཕྱིན་པ་ཐམས་ཅད་ཐོབ་པ་ཞེས་པ་པ་ནི་ཕ་རོལ་ཏུ་ཕྱིན་པའི་ནང་དུ་རྟོགས་པའོ།། རྡོ་རྗེ་སེམས་དཔའ་མཆོག་ཅེས ་པ་ནོ་ཤེས་རབ་ཀྱི་ཕ་རོལ་ཏུ་བྱིན་པཧཱུ~ཾ།། རྒྱུན་རྣམས་ཀུན་ཞེས་པ་ནི་མདོར་བསྟན་ནོ།། ཁ་དོག་ལྗང་གུ་ཞེས་པ་ནཱི་ལས་ཇི་ལྟར་གསར་དུ་འཕྲོ་བ་ལས། སྦྱིན་པ་ལ་སོགས་པའི་ཕ་རོལ་དུ་ཕྱིན་པ་དྲུག་རྒྱུས་པར་བཤད་དོ།། དེ་དང་ལྷན ་ཅིག་གནས་ཞེས་པ་ནི་ཕ་རོལ་ཏུ་ཕྱིན་པ་གང་ཡང་རུང་བ་སྔོན་བྱས་ནས་ཕྱི་རོལ་གྱི་བུད་མེད་དང་སྐྱེས་པ་སྦྱོར་བར་ལྷག་པར་མོས་པ་བསྒོམ་པར་བྱའོ།། རྡོ་རྗེ་འཛིན་མ་ཡང་ཤེས་པ་ནརྀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ངོ་།། དབང ་པོ་གཉིས་ནི་སྙོམས་འཇུག་པས་ནི་སྐུ་དང་གསུང་དང་ཕྱག་རྒྱ་གསང་བ་བསྒྲུབ་པོ་ཞེས་བརྗོད་དོ།། རིམ་པ་གང་གིས་དེར་འགྱུར་ན་དེ་བསྟན་པོའི་ཕྱིར་དྲན་པ་ཉེ་བར་གཞག་པ། ཞེས་པ་ལ་སོགས་པ་གསུངས་པ། སྐད་ཅིག ་གིས་རྡོ་རྗེ་སེམས་དཔའ་གཟུགས་བརྙན་ལྟ་བུ་ཀུན་ནས་ཨོཾ་ངོན་དུ་བྱ་སྟེ། རང་གཱི་སྔགས་འདོན་པ་སྔོན་དུ་འགྲོ་བས། དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནས་ཇི་སྦྲིད་པའི་བར་དུ་བསྒོམ་ནས་དམ་དུ་འཁྱུད་པར་བསྒོམ་པར་བྱ ་སྟེ། ཚོགས་ཐམས་ཅད་ཉེ་བར་བསགས་པར་འགྱུར་རོ།། རྣམ་གྲོལ་གོས་ཀྱིས་སྒྲིབ་ནས་སུ།། ཞེས་བྱ་བ་ནི་སྟོང་པ་ཉིད་དུ་བསྒོམས་ནས་སོ།། བྱང་ཆུབ་སེམས་ནི་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་རོ།། རྡོ་རྗེ་ཡེ་ཤེས་ཞེས་བྱ ་བཔབ་ནི་དེའི་སྟེང་དུ་བརྡ་བསྒོམ་པའོ།། བརྩོན་འགྲུས་ཆེ་ཞེས་བྱ་བ་ནི་དེ་ལ་ང་རྒྱལ་བྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་ལ་སོགས་པའི་རྡོ་རྗེ་དབྱིངས་ནི་རྣམ་པར་སྣང་མཛད་ཅན་ནོ།། སླར་ཡང་བདག་བརྟན་པ་ཞེས་པ ་ལ་བརྟན་པའི་ང་རྒྱལ་བྱེད་པའོ།། དེའི་ཕྱིར་ལྷའི་ནང་དུ་རྟོགས་པའི་བུད་མེད་རྣམས་ཀྱི་དམ་ཚིག་ནི་སྔོན་གྱིས་རིམ་པས་བསྒོམ་པའོ།། བྱེད་པ་བསྟན་པའི་ཕྱིར་དེའི་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེའི ་ནུ་མ་ལ་སོགས་པའི་ཆ་ཤས་རྣམས། རང་གི་ནུ་མ་ལ་སོགས་པ་རྣམས་ཀྱི་ནང་དུ་ཆུབ་པར་བྱའོ།། འདི་ཡིས་ཞེས་པ་ལ་སོགས་པ་རྣལ་འབྱོར་གྱི་བདག་ཉིད་དུ་གསུངས་པ་སྟོན་པར་བྱེད་ངོ་།། བཤགས་པ་ལ་སོགས་པའི་སྔོན་དུ ་བྱས་ནས་སོ།། ཐོག་མ་ནི་སྔ་དྲོའོ།། གུང་ནི་ཉི་མ་གུང་ངོ་།། མཚམས་ནི་ཐུན་མཚམས་སོ།། སངས་རྒྱས་ཐམས་ཅད་ཀྱི་ལྷ་ཐམས་ཅད་ངོ་།། རྣམ་པར་སྣང་མཛད་དང་མཐུན་པ་ཡེ་ཤེས་ཀྱི་སྐུ་ཉིད་བསྟན་པར་བྱ་བའི་དོན་དུ་འགྲོ ་བོ་སྤྲོ་བ་ཞེས་པ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དེ་ཉིད་རྒྱས་པར་བཤད་པ་གསུངས་སོ།། དཀྱིལ་འཁོར་རྫོགས་པ་ལ་ཡོངས་སུ་མཉེས་པའི་ཕྱིར་འདི་འཇམ་དཔལ་གྱི་གླུ་ཡིས་བཅོམ་ལྡན་འདས་ལ་མངོན་པར ་བསྟོད་པ། ཨོཾ་སརྦ་བུདྡྷ་པ་ར་མེ་ཤྭ་ར་ཞེས་པ་ལ་སོགས་པའི་སྔགས་ལ་བུདྡྷ་བུདྡྷ་ཞེས་པ་ནི་སྐུལ་བར་བྱེད་པའོ།། ལ་ལ་ནི་ཞེས་པ་ནི་རོལ་པའི་ག་རཱ་རོ།། ཧོཿནི་དགེས་པའོ།། སུ་བ་གཿཞེས་པ་ནི་མེ་ལོང་ཡེ་ཤེས་ཀྱི་སྒོ་ནས། ་སོ།། སུ་ར་ཏ་ཞེས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ།། སུ་བྷཱ་བ་ཞེས་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྒོ་ནས་སོ།། མ་ཧཱ་མ་ཧཱ་ཞེས་པ་ནི་བྱ་བ་རྗེས་སུ་བསྒྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་སོ།། སངས་རྒྱས་ཀུན་ལ ་ཕྱག་འཚལ་བསྟོད་པ་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་སོ།། གདོད་ནས་ཞི་ལ་ཕྱག་འཚལ་བསྟོད། ཞེས་པ་ནི་རྡོ་རྗེ་སྙིང་པོར་བརྗོད་པའི་སྒོ་ནས་སོ།། རྡོ་རྗེ་ཀུན་ལ་ཕྱག་འཚལ་བསྟོད་ཞེས་པ་ནི་དབང་ཆེན་གྱི་དཀྱིལ ་འཁོར་གྱི་སྒོ་ནས་སོ།། བྱང་ཆུབ་སེམས་དཔའ་སྐྱོབ་པ་པོ་ཞེས་པ་ནི་ཆུའི་དཀྱིལ་འཁོར་གྱི་སྒོ་ནས་སོ།། དེ་བཞིན་གཤེགས་པའི་རྡོ་རྗེ་ཆེ་ཞེས་པ་ནི་མེའི་སྒོ་ནས་སོ།། སངས་རྒྱས་སངས་རྒྱས་ཞེས་པ་ནི་རླུང་གི་སྒོ་ནས་སོ།། ་མཐའ་ལས་འདས་པ་ཕྱག་འཚལ་བསྟོད་ཞེས་པ་ནི་གཙུག་ཏོར་གྱི་དཀྱིལ་འཁོར་གྱི་སྒོ་ནསོ།། ཧཱུཾ་མཛད་ཞེས་པ་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་སྒོ་ནས་སོ།། ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདས་ཞེས་པ་ནི་མི་གནས་པའི་མྱ་ངན་ལས ་འདས་པའི་སྒོ་ནས་སོ།། འཇིག་རྟེན་དེབང་ཕྱུག་མགོན་ཞེས་པ་ནི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་གྱི་སྒྲ་ནས་སོ།། རྣམ་པཱར་དག་པ་ཞེས་པ་ལ་སོགས་པོ་ནི་གཟུངས་མའི་དཀྱིལ་འཁོར་གྱི་སྒོ་ནས་སོ་ཞེས་པའོ།། ་རྡོརྗེ་རྗེ་སྙིང་པོ་རྒྱན་ལས་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་བཤད་པའོ།། རྡོ་རྗེ་སྙིང་པོ་ཞེས་གྲགས་པའི་དཀྱིལ་འཁོར་ཉེ་བར་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ། སྒོ་རྣམས་སུ་རྡོ་རྗེའི ་གཟུགས་བརྙན་དང་དེ་རྣམས་ཀྱི་ཕྱག་རྒྱ་དང་ལྡན་པའོ།། དེ་བཞིན་གཤེགས་པ་ཞེས་པ་ནི་གཙུག་ཏར་རྣམས་ཁོ་ནར་བསྟན་པ་ཤར་དུ་ཞེས་པ་ལ་སོགས་པ་གསུངས་པ། སངས་རྒྱས་གཟུགས་བརྙན་འཛིན་ཞེས་པ་ནི་རྣམ་པ ་སྣང་མཛད་ལྟ་བུའི་ལོངས་སྤྱོད་རྫོགས་པ་ཅན་གྱི་སྐུ་འཆང་བའོ།། འཁོར་ལོ་གཉིས་པ་ལ་མི་བསྐྱོད་པ་ལ་སོགས་པ་རྣམས་ཤཱ་ལ་སོགས་པའི་ཕྱོགས་རྣམས་སུ་དབང་ལྡན་ལ་སྩོགས་པའི་ཕྱོགས་བྲལ་རྣམས། ་སུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་གཉིས་གཉིས་བྱི་བར་བྱའོ།། འཁོར་རྣམས་ཟླ་བའི་དཀྱིལ་འཁོར་ལ་སྟེ་དོ་དག་གསལ་བའི་དཀྱིལ་འཁོར་ལའོ།། རང་གི་ཕྱོག་རྒྱ་འོད་ཟེར་འོ་བར་ཞེས་པ་ནི་ཇི་ལྟ་བ་བཞིན་དུ་རང་གི་རྡོ་རྗེ་ལ ་སོགས་པ་འོད་ཟེར་འབར་བྱའོ།། དེ་ཉིད་དུ་མེ་ལ་སོགས་པའི་ཟུར་རྣམས་སུ་རྡོ་རྗེ་སྒེག་མོ་ལ་སོགས་པ་རྣམས་སོ།། ཕྱིའི་ཟུར་རྣམས་སུ་བདུག་པ་མ་ལ་སོགས་པ་རྣམས་སོ།། སྒོའི་མཚམས་རྣམས་སུ་རྡོ་རྗེ་གཟུགས ་ལ་སོགས་པ་རྣམས་སོ།། སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་བྲི་བར་བྱའོ།། དཀྱིལ་འཁོར་གནས་རྣམས་སུ་ཞེས་པ་ནི་དཀྱིལ་འཁོར་གྱི་ཆ་རྣམས་སུའོ།། དེ་ནས་ཡང་ཕྱིའི་དཀྱིལ་འཁོར་དུ་འཇིག ་རྟེན་སྐྱོང་བ་ལ་སོགས་པ་རྣམས་སོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་བསྡུ་བ་ལ་སོགས་པ་ནས་དབང་བསྐུར་བའི་མཐར་ཐུག་པ་མངོན་པར་རྫོགས་པར་བྱ་སྟེ། ཛཱ་ལྟ་བ་བཞིན་དུ་མཆོད་ནས་སློབ་མ་རྣམས ་གཞུག་པར་བྱའོ།། བྱང་ཆུབ་བསླབ་པ་རྗེས་སུ་སྤྱོད་པ་ཞེས་པ་ནི་སྡོམ་པ་རྣམས་གཟུང་བའོ།། རྡོ་རྗེའི་དབང་བསྐུར་སྦྱོར་བ་ཞེས་པ་ནི་སྔར་བཤད་པའི་རྡོ་རྗེའི་དབང་བསྐུར་གྱི་རིམ་པས་སོ།། དེ་ཉིད་ལ་ཁྱད་པར་བསྟན ་བའི་ཕྱིར། སེང་གེའི་ཁྲི་ཞེས་པ་ལ་སོགས་པ་གསུངས་པ། དེ་ནས་མིང་གི་དབང་བསྐུར་བ་བྱིན་ནས་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་དང་། ཆོས་ཀྱི་སྐུའི་དབང་བསྐུར་བ་དང་། ལས་སྣ་ཚོགས་ཀྱི་མངོན་པར་དབང་བསྐུར་བས་སོ་སོར། ་དབང་བསྐུར་ལ་དར་དཔྱངས་ཀྱི་དབང་བསྐུར་བར་བྱའོ།། སྒྲར་མི་བྱ་ཞེས་པ་ནི་དེ་ལ་ཞེན་པ་མི་བྱའོ།། དེ་དག་ལ་སྔགས་པར་མི་བྱའོ།། སེམས་དཔའ་ཞེས་པ་ནི་རྡོ་རྗེ་སེམས་དཔའོ།། དེ་ལ་མངོན་པར་ཆགས་པར་བྱ་བའི་ཕྱིར་འདོད ་བའོ།། ཆགས་པ་ལ་སོགས་པ་སྟོང་པ་ཉིད་དུ་བསྒོམས་པསོ་སྐྱེས་པ་ཉིད་ཀྱི་ཕྱིར་ཆགས་པ་ལ་སོགས་པ་འཁྲུངས་པའོ།། ཐལ་མོ་བསྟན་པར་བསྡམ་པ་ནི། ཞེས་པ་ནི་མཉམ་པའི་ཐལ་མོའོ།། མེ་ཏོག་ཁ་འབུས་པའི་ཚུལ་ཞེས་པ་ནི་མེ ་ཏོག་ཁ་འབུས་པའི་ཚུལ་དུའོ།། དེ་ནི་པདྨའི་ཐལ་མོའོ།། སོར་མོ་ཐམས་ཅད་རབ་ཏུ་བརྐྱང་བ་ནི་པདྨའི་ཕྱག་རྒྱ་སྟེ། པདྨའི་རིགས་རྣམས་ཀྱིའོ།། རྡོ་རྗེ་ཐལ་མོ་ནི་རྡོ་རྗེའི་རིགས་རྣམས་ཀྱིའོ།། དེའི་ཕྱིར་རྡོ་རྗེ་བསྡམས་པ་བཀྲོལ་ཏེ། ་ཐལ་མོ་བཀན་པའི་སོར་མོ་བཀུག་པོའི་རྩེ་མོ་གཉིས་སུ་མེད་པ་ནི་དེ་བཞིན་གཤེགས་པའི་རིགས་རྣམས་ཀྱིའོ།། ཁུ་ཚུར་ནང་དུ་བྱ་བ་ནི་གཙུག་ཏོར་རྣམས་ཀྱི་སྡེ་འདི་རྣམས་དམ་ཚིག་གི་ཕྱག་རྒྱ་བཞིའོ།། དམ་ཚིག་ནི་ཞེས་པ་ནི ་སོ་སོ་རེ་རེར་འཆད་པར་འགྱུར་བའི་ཕྱག་རྒྱ་བཅིང་བར་བྱ་བའི་གཞན་ཡང་མ་ཡིན་པར་ངེས་པའོ།། ལྷའི་རྣལ་འབྱོར་ལ་རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་དང་། དེ་དྲིལ་བ་དང་། དབབ་པ་དང་། དེ་བསྟན་པ་ཅན་དུ་བྱེད་པ་སྔོན་དུ ་འགྲོ་བས་ཕྱག་རྒྱ་ཐམས་ཅད་འཆིང་བར་འདོད་པ་ཉིད་ཀྱི་ཕྱིར་ཀུན་གྱི་རྩེ་མོར་ལེགས་པར་བརྟག་ཞེས་པ་ནི། གུང་མོ་ཁབ་བཞིན་དུ་བྱས་ནས། སྡིགས་མཛུབ་རྩེ་མོ་གཉིས་རྡོ་རྗེའི་རྣམ་པར་བཀུམ་སྟེ། མཐེའུ་ཆུང་དང ་མཐེ་བོ་རབ་ཏུ་བརྐྱང་བར་བྱའོ་ཞེས་རྡོ་རྗེ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱིའོ།། མཛུབ་མོ་རབ་ཏུ་བརྐྱང་ཏེ་སྟེང་དུ་བསྒྲེང་བའི་རྣམ་པས་གུང་མོ་གཉིས་ཀྱི་གཞོགས་སུ་གཟུང་བའོ།། གུང་མོ་གཉིས་ནི་ཡོངས་སུ་བརྟག་ཞེས ་པ་ནཱི་གུང་མོ་གཉིས་སྡིགས་མཛུབ་ཀྱི་རྩེ་མོ་ཁབ་བཞིན་དུ་བྱས་པའི་གཞོགས་སུ་རྡོ་རྗེ་ལྟར་གཟུང་བར་བྱའོ།། དེ་ཉིད་ཞེས་པ་གྲུང་མོ་གཉིས་དང་སྡིགས་མཛུབ་མཉམ་པར་བྱས་པའོ།། རྡོ་རྗེ་ཞེས་པ་སྡིགས་མཛུབ་རྡོ་རྗེའི་རྣམ ་པ་ཉིད་དུའོ།། ཁུ་ཚུར་སྙིང་པོ་ནི་དེ་ཉིད་གཙུག་ཏོར་གྱི་རྣམ་པ་ནི་སྟེང་འགྲོ་ཡིའོ།། མཆོག་ནི་གུང་མོ་དང་སྲིན་ལུག་ནང་དུ་བཅུག་པའི་གུང་མོ་ཁབ་བཞིན་དུ་བྱས་པར་བརྗོད་པར་བྱའོ།། ལྕགས་ཀྱུ་འདིའི་སྦྱོར་བ་ཡིས་ཞེས་པ་ནི་རྡོ ་རྗེ་བསྡམས་པ་ཉིད་དོ།། གུང་མོ་རྡོ་རྗེ་རིན་ཆེན་རྩེ་ཞེས་པ་ནི་གུང་མོ་རྡོ་རྗེ་རྩེ་མོ་དག་རིན་ཆར་བྱས་པའོ།། རྩེ་མོའི་རྩེ་མོ་རྣམ་པར་འཇོམས་ཞེས་པ་ནི་སྡིགས་མཛུབ་གཉིས་རབ་ཏུ་བརྐྱང་བའོ།། གནས་སུ་ངེས་པ་སྦྱར་ཞེས་པ་ནི། རྡོ་རྗེ ་བསྡམས་པ་ཉིད་རྒྱལ་མཚན་ལྟར་གཟུང་བའོ།། བཞད་པའི་གནས་སུ་རབ་ཏུ་སྦྱར་ཞེས་པོ་ནི་དེ་ཉིད་དོ།། རལ་གྲི་ལྟ་བུར་ཞེས་པ་ནི་གུང་མོ་གཉིས་རལ་གྲི་ལྟར་བཀུམ་པའོ།། འཁོར་ལོ་འདྲ་ཞེས་པ་ནི་འཁོར་ལོའོ་རྣམ་པ་ཐམས་ཅད ་དུ་འཁྱིལ་བར་བསྡམས་པ་དཀྲོལ་ནས་རབ་ཏུ་བརྐྱང་བར་བྱའོ།། ཁ་རུ་ཕྱེ་བ་ཞེས་པ་རྡོ་རྗེ་བསྡམས་པ་ཉིད་དོ།། ཀཱར་མཚུངས་ཞེས་པ་ནི་རྡོ་རྗེ་བསྡམས་པ་གར་གྱི་ཚུལ་གྱིས་སྤྱི་བོར་གཟུང་བའོ།། སྣ་ཚིགས་རྡོ་རྗེ་ཅན་ཞེས་པ་ནི་རྡོ་རྗེའི ་མངའ་འདྲི་ཉིད་ལས་ཀྱི་རྡོ་རྗེ་མའིའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཆོས་དང་། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཁོ་ན་རེ་བལྟ་བར་བྱའོ།། ཆོས་ཡོངས་སུ་སྡུད་པའི་སྦྱོར་བ་ཡི ་ཞེས་པ་ནི་གོ་ཆའི་ཚུལ་གྱིས་སོ།། མཆེ་བ་རྣམ་པར་གཙིགས་ཞེས་པ་ནི་མཐེའུ་ཆུང་དང་མཐེ་བོང་ཆེ་བ་ཟུར་གཉིས་སུ་བྱས་པའོ།། ཁུ་ཚུར་བཅིངས་པ་ཁུ་ཚུར་གྱིས་ཞེས་པ་ནི་མཐེ་བོང་དག་ནང་དུ་བཅུག་སྟེ་མཐེའུ་ཆུང་དོང་མིང་མེད ་ཀྱི་རྩ་བའི་བར་དུ་ཡང་དག་པར་སྦྱོར་བ་སྔོན་དུ་བྱས་ནས། སྡིགས་མཛུབ་གཉིས་ཀྱི་མདུན་དག་གིས་མཐེ་བོང་གི་རྒྱོབ་ཏུ་བཙིར་བར་བྱའོ།། འགྱེད་ཅིང་སྡུད་པར་ཡང་དག་གནས་ཞེས་པ་ནི་ཁ་སྦྱོར་གྱི་ཐལ་མོ་ཉིད་དོ།། པདྨའི ་ཐལ་མོ་ནི་པད་མ་ཁ་ཟླུམ་པ་ལྟོར་ལེགས་པར་འཇོག་པའོ།། སྟེང་དུ་ཡོངས་བརྐྱང་པ་ཞེས་པ་ནི་སྟེང་དུ་མེ་ལོང་ལྟ་བུར་བཟུང་བའོ།། རྡོ་རྗེ་འབེབས་པར་རྣར་བརྟག་ཅེས་པ་ནི་དཀྲོལ་བའོ།། རྣམ་པར་སྟོང་མཛད་ལ་སོགས་པ ་ནས་དྲིལ་བུའི་མཐར་ཐུག་པ་རྣམས་ཀྱི་ནི་ཕྱག་རྒྱའོ།། ཀུན་ཏུ་བཟང་པོ་ལ་སོགས་པ་རྣམས་ཀྱི་ནི་ཉེ་བའི་ཕྱག་རྒྱའོ།། རང་གིས་ཞེས་པ་ནི་རང་གི་ལྷ་གང་དང་གང་ཡིན་པ་དེ་དང་དེ་བདག་ཉིད་ཀྱིས་སོ།། རིན་པོ་ཆེའི་རྣམ་པ ་བཅིངས་ཞེས་པ་ནི་རིན་པོ་ཆེ་ལྟར་མཐེ་བོང་ལ་སྡིགས་མཛུབ་ཀྱི་རྩེ་མོ་ལྟོ་སྦྱོར་བའོ།། དེ་ཉིད་ཅེས་པ་ནི་ཁ་སྦྱོར་གྱི་ཐལ་མོའོ།། རྩེ་མོའི་རྩེ་མོ་བཀུམ་ཞེས་པ་ནི་སྡིགས་མཛུབ་རིན་པོ་ཆེའི་རྣམ་པར་བྱས་པ ་ནི་སེམས་ལ་བྱམས་པ་བསྒོམ་བཞིན་པ་བྱམས་པའིའོ།། རབ་བཅུག་ནས་ཞེས་པ་ནི་ཁ་སྦྱོར་གྱི་ནང་དུ་སྡིགས་མཛུབ་པོ།། རལ་གྲིའི་རྣར་རབ་ཏུ་བརྟག་པ་ནི་རལ་གྲིའི་ཆུ་ལ་འཛིན་པའོ།། ཁ་སྦྱོར་གྱི་ཐལ་མོ་ཉིད་གར ་ལས་རལ་གྲིའི་རབ་ཏུ་འཇོམས་པར་བྱེད་པའི་ཚུལ་ནི་རྣམ་སེལ་གྱིའོ།། གར་ནི་སྡུད་པའི་སྦྱོར་བ་ཡིས་ཞེས་པ་ནི་པདྨའི་ཁུ་ཚུར་དག་གིས་གར་བྱས་ནས་ཀུན་ཏུ་སྡུད་པས་སོ།། དེ་ཉིད་ཅེས་པ་ནི་པདྨའི་ཕྱག ་རྒྱ་ཨུཏྤ་ལ་ལྟར་བརྟགས་པ་ནི་པདྨ་སྒྲོལ་བ་ཡི་སྟྭཾ། པདྨའི་རིགས་རྣམས་ཀྱིས་སྒྲོལ་བ་གང་ཡིན་པའོ།། ཞེས་པ་ནི་དོན་ཏོ།། པདྨའི་ཐལ་མོ་ཉིད་སྡིགས་མཛུབ་ཉི་འཚེ་བའི་རྣམ་པར་བཀུམ་སྟེ་མཐེ་བོང་གཉིས་ཁ་དང ་འདྲ་བར་ཏེ་གྱེན་དུ་བསྐུམ་པར་བྱའོ།། འདི་ནི་རྟ་མགྲིན་གྱི་ཕྱག་རྒྱའོ།། རིན་ཆེན་ལྡན་ཞེས་པ་ནི་སྡིགས་མཛུབ་དང་མཐེ་བོང་རིན་པོ་ཆེར་བྱས་པའོ།། ཡིད་བཞིན་ནོར་བུ་འཛིན་པའི་ཚུལ་ཞེས་པ་ནི། སྡིགས་མཛུབ ་དང་། མཐེ་བོང་དག་གི་རིན་པོ་ཆེ་འཛིན་པའི་ཚུལ་ལོ།། སྔོར་གསུངས་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་གར་སྔོན་དུ་འགྲོ་བས་ཐུགས་ཀར་གནས་པ་ནི་ན་མཁའ་མཛོད་ཀྱིའོ།། རྡོ་རྗེ་ཆེན་པོ་ལེགས་པར་བརྐྱང་ཞེས ་པ་ནི་ལག་པ་གཉིས་ཕྱེ་བར་བྱས་ནས། དབུས་མ་གསུམ་པོ་རྡོ་རྗེར་བྱས་པའི་ནང་དུ་མཐེ་བོང་དང་མཐེའུ་ཆུང་བཅུག་ནས་ལྕགས་སྒྲོག་སྦྲེལ་བ་ལྟ་བུ་ནི་བློ་གྲོས་རྒྱ་མཚོའིའོ།། མཛུབ་མོ་གཉིས་པོ་སྦྱར་བར་བྱ་ཞེས ་པ་ནི་སྡིགས་མཛུབ་ཁབ་ལྷོར་དུ་བྱས་པའོ།། རྡོ་རྗེ་སྙིང་པོ་རྣམས་ཀྱིས་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ།། ཤག་ཏིའི་རྣམ་པ་ནི་ཞེས་པ་ནི་སྡིགས་མཛུབ་རྩེ་མོ་རྩ་བ་ནས་རྒྱས་པར་བྱ་བ་ནི་ཨོཾཏྤ་ལའི ་ཕྱག་རྒྱ་སྟེ་འཇམ་པའི་དབྱངས་ཀྱིའོ།། སྙིང་པོའི་ཁུ་ཚུར་ལ་གུང་མོ་གཉིས་ཁབ་ལྟ་བུའི་སྟེང་གཞོགས་སུ་སྡིགས་མཛུབ་གཉིས་བསྐྱེད་ནས་གཟུང་བར་བྱས་པ་ནི་མདུང་ངོ་།། དེ་ཉིད་གཞོགས་ཕན་ཚུན་དུ་ལྟོ་སྦྱོར་བ་ནི ་མོ་དུང་ཆེན་པོའོ།། ཕྱག་རྒྱོ་གཉིས་པོ་འདི་དག་གཤིན་རྗེ་མཐར་བྱེད་ཀྱིའོ།། དེ་ཉིད་ཞེས་པ་ནི་སྡིགས་མཛུབ་གཉིས་པའོ།། རལ་གྲིའི་ཚུལ་ལས་ཤེས་པ་ལྀ་ཁབ་བཞིན་དུ་བྱས་པ་ལ་ཡང་དག་པར་སྦྱར་བ་རལ་གྲི་ལྟར་བཟུང ་བར་བྱའོ།། སྙིང་པོའི་ཁུ་ཚུར་ལ་སྡིགས་མཛུབ་གཅིག་ཡང་དག་པོར་བཀུམ་པ་ནི་ཉེ་བའི་སྒྲ་ཅན་མཱིའི་རྡོ་རྗེ་འཛིན་པ་ཆེན་པོའི་ཞེས་པ་ནི་ཕྱག་ན་རྡོ་རྗེའི་འོ།། མཛུབ་མོ་མཐེ་བོང་བཅིངས་པ་ཞེས་པ་ནི་རྡོ་རྗེའི་ཕྱག་རྒྱ་གང་ཡིན ་པ་སྡིགས་མཛུབ་དང་མཐེ་བོང་གཉིས་རྡོ་རྗེ་བསྡམས་པའི་ཚུལ་གྱིས་བཅིང་བར་བྱའོ།། རྡོ་རྗེ་བསྡམས་པ་ལ་སྡིགས་མཛུབ་དག་ཕན་ཚུན་ལྕགས་སྒྲོག་ལྟར་བཅིང་བར་བྱས་ནས་གུང་མོ་དག་ཁབ་བཞིན་དུ་བྱས་པ་ནི ་རྡོ་རྗེ་ལྕགས་སྒྲོག་གིའོ།། རྩེ་མོ་ལྔ་པའི་རྡོ་རྗེ་ཆེ་ནི་རྡོ་རྗེ་གཟེགས་མྱའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་ལཱ་སྡིགས་མཛུབ་ནི་རྡོ་རྗེ་རྩེ་མོའིའོ།། ལག་གཉིས་ལེགས་པར་བརྒྱུད་བྱ་ཞེས་པ་ནི་ལག་པ་གཉིས ་རབ་ཏུ་བརྐྱང་ལ་གཅིག་པ་ཙནྡྲ་དུ་བྱས་ནས་སྡིགས་མཛུབ་དང་མཐེ་བོང་རིན་པོ་ཆེ་འཛིན་པོའི་རྣམ་པར་བྱའོ།། པདྨའི་དབྱིབས་ཞེས་པ་ནི་པདྨ་བཞིན་དུ་ཁ་སྦྱོར་གྱི་ཐལ་མོ་བྱས་ནས་སོ།། སྡིགས་མཛུབ་ཀྱི་ཚིགས་པར ་མ་བཅག་པའི་ལྟོ་ལ་མཐེ་བོང་གི་ལྷོ་དག་གི་ཚུལ་གྱིས་སྦྱར་བར་བྱའོ།། བྱིན་པ་གཡོན་པའི་སྟེང་དུ་གཡས་པའི་བྱིན་པ་བཀོད་པ་ནི་བཀྲ་ཤཱིས~ཾ་ཀྱི་གདན་ནོ།། འདི་དག་དེ་བཞིན་གཤེགས་པ་རྣམས་ལས་གཞན་པའི ་དམ་ཚིག་གི་ཕྱག་རྒྱ་སྟེ་ལུས་ཀྱི་སྒོ་ནས་སོ།། སེམས་ཀྱི་སྒོ་ནུས་ནི་མངོན་དུ་ཤེས་པར་བྱའོ།། ཕྱག་རྒྱ་ཆེན་པོ་ནི་དེ་རྣམས་ཀྱི་རྡོ་རྗེ་སྐྱིལ་ཀྲུང་ཉིད་དོ།། ལུས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་བྱང་ཆུབ་མཆོག་ལ ་སོགས་པའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནི་བསྒྱིངས་བཅས་གསོར་གཉིས་ཀའི་ཞེས་པ་ལ་སོགས་པ་རྣམས་སོ།། སྒེག་མོ་ལ་སོགས་པ་རྣམས་དང་། ལྕགས་ཀྱུ་ལ་སོགས་པ་བཞི་པོ་རྣམས་ཀྱི ་རྡོ་རྗེ་བསྙེམས་པའི་རབ་སྦྱོར་གྱི་བསམ་པ་གཡོས་པས་འདུད་པར་བྱ་ཞེས་བྱ་བ་ལ་སོགས་པའོ།། ལྷག་མ་རྣམས་ནི་གོ་སླའོ།། དེ་ལྟར་རང་གི་ཕྱག་རྒྱ་སྙིང་གར་སྣ་ཚོགས་རྡོ་རྗེ་བསྒོམས་ནས་གར་སྔོན་དུ་འགྲོ་བས་བཅིང ་བོ།། ལས་ཀྱི་རྣམ་པའི་ཕྱག་རྒྱ་ནི། གདན་ཞེས་པ་རང་ལྷའི་གདན་ཇི་ལྟ་བ་ལའོ།། སངས་རྒྱས་ཀུན་གྱི་བདག་ཞེས་པ་ནི་ཇི་ལྟར་བདག་ཉིད་ལྷའི་ང་རྒྱལ་གྱི་རྣམ་པས་སོ།། བདག་ཞེས་པ་ནི་རང་ཉིད་ཀྱིས་འཆིང་བར་བྱའོ།། ་འཆིང་དུ་གཞུག་ཅེས་པ་གཞན་རྣམས་ཀྱིས་སོ།། མཐེའུ་ཆུང་མཐེ་བོས་ངེས་པར་བཅིང་ཞེས་པ་ནི་མཐེའུ་ཆུང་མཐེ་བོས་མནན་པ་ཅན་ནོ།། འདི་ཉིད་ལོག་པ་གཡས་པ་ལས་སྐྱེས་པ་ལས་དབང་པོ་ཡིའོ།། དེ་ཉིད་ཅེས་པོ་ནི ་སྡིགས་མཛུབ་དང་མཐེ་བོང་དག་གོ། སོར་མོ་གཉིས་ནི་བསྒྲེང་བ་ཞེས་པ་ནི་སྡིགས་མཛུབ་དང་གུང་མོ་གཉིས་ལས་སྐྱེས་པའོ།། སྡིགས་མཛུབ་དང་མཐེ་བོང་དག་གིས་མཆོད་ཕྱིར་ཐོགས་ཀྱི་ཚུལ་ནི་ཚངས་པའི ་ཕྱག་རྒྱའོ།། དབང་ལྡན་གྱི་གསལ་ཤིང་གི་ཕྱག་རྒྱ་ཉིད་ནི་དྲག་པོའི་འོ།། དེ་ཉིད་བར་མ་གསུམ་པདྡྷི་པའི་རྣམ་པ་རབ~ཾ་ཏུ་བརྐྱང་པོ་ནི་སྐྲོད་དཀའ་མ་ཡིའོ།། སོར་མོ་ཐམས་ཅད་ཁུར་སྣའི་རྣམ་པར་དཔྱོངས་པ་ནི་ཚོགས ་བདག་གིའོ།། དཀྱིལ་འཁོར་གྱི་ཚུལ་དུ་བྱ་བའོ།། ཡང་ལག་པ་གཉིས་ཀྱིས་འོད་ཟེར་རབ་ཏུ་སྟོན་པར་བྱེད་པ་ནི་ཉི་མའིའོ།། འོད་ཀྱི་དཀྱིལ་འཁོར་གྱི་ཚུལ་ནི་ཐམས་ཅད་ཀྱིའོ།། གླུ་ལེན་པའི་ཚུལ་གྱིས་ཁར་ལག་པ་གཡོ ་བར་བྱའོ།། གདེངས་ཀའི་ཚུལ་ཞེས་པ་མཐེ་བོང་གིས་ཕན་ཚུན་བཅིངས་ནས་སོར་མོ་ལྷག་མཾ་རྣམས་གདེངས་ཀའི་ཚུལ་གྱིས་བཀུམ་པར་བྱའོ།། གར་ནི་སྡུད་པའི་སྦྱོར་བ་ཡིས་ཞེས་པ་ལ་སོགས་པ་རྣམས་ཀྱིས ་རྡོ་རྗེའི་གར་སྔོན་དུ་འགྲོ་བས་ཇི་སྐད་གསུངས་པའི་ཕྱག་རྒྱ་བཅིངས་ནས་བཞག་གོ།། དེ་དག་ཀྱང་དབྱངས་སྣ་ཚོགས་པར་བལྟ་བར་བྱའོ།། ལས་ཀྱི་སྦྱོར་བ་འབད་པ་ཡི་ཞེས་བྱ་བ་ནི་བྱ་བའི་ལམ་ལ་འབད་པ ་རྣམས་ཀྱིའོ།། དེ་ཁོ་ན་ཉིད་ཀྱི་ལམ་ལ་སོ་སོར་འདྲེས་པའི་ས་དྲོར་ཡང་ཕྱག་རྒྱ་འགྲུབ་པོ་ཞེས་བསྟན་པ་གསུངས་པ། ཕྱག་རྒྱ་དོར་ནས་ཞེས་པ་ལྀ་སོགས་པ་སྟེ། དེ་ལ་འདིར་ནི་རིམ་པ་སྟེ། ཇི་ལྟ་བུ་བཞིན་དུ་རང་གི་ལྷ་ཚོགས ་པའི་རིམ་པས་དེའི་གཟུགས་ཀྱི་བདག་ཉིད་དུ་བལྟ་སྟེ། ཛཿཧཱུཾ་བཾ་ཧོཿཞེས་འདོན་ཅིང་བྱོན་པ་ཁོ་ན་ནང་དུ་བཀུག་ནས། སངས་རྒྱས་ཐམས་ཅུད་མཆོད་དང་། མཆོད་པ་དང་། སྒོ་རྣམས་གནས་ཇི་ལྟ་བ་བཞིན་དུའོ།། སྙིང ་གར་འབར་བ་དང་བཅས་པའི་ཆུ་སྐྱེས་འདབ་མ་བརྒྱད་པ་དེ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཉི་མའི་འོད་ཟེར་གྱི་ཐིག་ལྕེ་དང་བཅས་པའི་ཀ་ལ་སོགས་པ་དེའི་སྟེང་དུ་འོད་ཟེར་ཆེན་པོ་འབར་བ་འཁྲུགས ་པའི་རྡོ་རྗེ་རྩེ་ལྔ་པ་དེའི་དབུས་ཀྱི་རྩེ་མོར་དབྱངས་ཨོཾ་བསྐྱེད་དོ།། རྣམ་པར་རྟོག་མེད་ཞེས་བྱ་བ་ལ་སོགས་པ་ནི་ནང་དུ་ཨཿདམ་སྒྲ་བསྒོམས་ནས་མིག་ཀྱང་ར་ཡིག་ལས་འབར་བཾ་དང་། སྣའི་རྩེ་མོར་ཡང་དེ་བཞིན་དུ ་ཧཱུཾ་ཡིག་གོ། དེ་ནས་ཇི་སྐད་གསུངས་པའི་དབྱངས་ཨོཾ་རང་གི་སྔགས་ཀྱི་ཡི་གེ་རང་འབོར་བའི་ནང་དུ་ཀུན་ཏུ་འབར་བ་དབང་པོ་ཐམས་ཅད་ཀྱིས་རྟོགས་པར་བྱ་བ་མ་ཡིན་པ་སྣ་ཚོགས་རྣམ་པར་སྦྱོང་བ་བྱོན་ནས ་རབ་ཏུ་ཞུགས་ཏེ། ནང་དང་ནང་མ་ཡིན་པར་མངོན་དུ་བྱས་པ་ཁོ་ན་དབྱངས་ཀྱི་དོན་ཏེ་ཇི་སྲིད་དུ། རྒོད་མ་ཁ་ཡི་མཐར་ཐུག་པ།། སེམས་ཀྱི་རིན་ཆེན་བསམ་པར་བྱའོ་ཞེས་པ་ནི། ཕྱག་རྒྱ་དེ་རྣམས་ཞེས་པ་ནི་དེ་ཉིད་གསལ་བར་བྱེད ་བའི་གནས་ལུས་དང་ངག་དང་ཡིད་ཀྱི་ཕྱག་རྒྱ་བཅིངས་པས་བསམས་ནས་བསྒོམས་པར་བྱའོ།། ཏིང་ངེ་འཛིན་གསུམ་ནི་ལུས་ལ་སོགས་པའི་ཕྱག་རྒྱའི་སྒྲུབ་ཐབས་སོ།། བརྟགས་པ་ནི་རྣམ་པར་བཞག་པ་ཡིན་ཏེ། སྔོན་དུ ་དུ་བསྟན་པ་བཞིན་ནོ།། དོན་དམ་པར་ནི་ཕྱག་རྒྱ་དང་། སྔགས་དང་ལྷ་རྣམས་གསུམ་པོ་དེ་ཁོ་ན་ཉིད་དུ་སྟོང་པ་ཉིད་ལ་སོགས་པར་རབ་ཏུ་གནས་སོ།། མཐ་འཡས་པར་ཤེས་པ་ཉིད་ཀྱི་ཀུན་ཏུ་སེམས་པས་ཡང་དག་པར ་སྦྱོར་བྱས་ཏེ། དེ་ཁོ་ན་རྣལ་འབྱོར་རོ།། ངོས་ན་མཚན་ཉིད་གཅིག་པ་སྟེ། སྟོང་པ་ཉིད་དུ་རང་བཞིན་གཅིག་པར་རྣམ་པར་བཞག་གོ།། ཕྱག་རྒྱ་ཐམས་ཅད་དངོས་པོ་དེ་ཉིད་དེ་དོན་དམ་པའི་རང་བཞིན་ནོ།། དངོས་པོ་མེད་པར་བཤད་པ ་སྟོ་བརྗོད་པའོ།། སྒོམ་པར་བྱེད་པ་དངོས་པོ་མེད་པའི་རང་བཞིན་ནི་སྒོམ་པར་བྱེད་པ་དངོས་པོ་མེད་པའོ།། དེ་ནི་དོན་དམ་པར་དངོས་པོ་མེད་དོ།། གལ་ཏེ་དེ་ལྟ་བུ་འབྲས་བུ་ཅི་ལྟར་སྒྲུབ་ཅེ་ན་བསྒོམ་པ་ཉིད་ཀྱང་ཞེས་བྱ་བ་ལ་སོགས ་པ་གསུངས་པ། བརྟགས་པོའི་ཚུལ་གྱིས་ནི་དངོས་པོ་མེད་པ་མ་ཡིན་ནོ་ཞེས་པས་དངོས་པོའོ།། དེའི་ཕྱིར་ཡང་དངོས་པོ་མེད་པ་ལས་རྣམ་པར་གྲོལ་ཏེ། རྣལ་འབྱོར་ཡེ་ཤེས་མཆོག་ཏུ་བ་དེ་ཞེས་པ་མཆོག་ཏུ་བདེ་ཞེས་པ་གནས་པའི ་སྐྱེས་པར་ཞེས་པ་ནི་བསྟན་པར་འགྱུར་བའོ།། དེའི་ཚེ་ཕྱག་རྒྱ་དང་། སྔགས་དང་ལྷ་རྣམས་སེམས་དང་། ངག་དང་ལུས་ཀྱི་ཕྱག་རྒྱའི་ཚུལ་དུ་རྣམ་པར་གཞག་གོ།། འོན་ཀྱང་ཕྱག་རྒྱ་དང་སྔགས་ཕན་ཚུན་ཉིད་དུ་མཐོང་བ ་མ་ཡིན་པ་དེ་སྲིད་དུ་ལྷ་དང་གཉིས་སུ་མེད་པའི་རྣལ་འབྱོར་གྱི་རྒྱུད་ཉིད་ཀྱིས་རྣམ་པར་གནས་སོ།། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས། དེ་བཞིན་གཤེགས་པའི་རིགས་རྫོགས་པ་བསྟན་པ་སྟེ། དགའ་ལྡན་གྱི ་སར་ཞུགས་ནས་ཞེས་པ་ནི་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་སོ།། དེ་ནས་རིམ་པས་རྡོ་རྗེ་གདན་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཇི་སྲིད་པར་དེ་ལྟ་བུ་ཡང་རྣམ་པར་སྣང་མཛད་ཀྱིས་འདུལ་བའི་སྐྱེ་བོ་གང་ཡིན་པ་གང་གྲོས ་སླར་ཡང་འཇུག་པར་འགྱུར་ནས་རྫོགས་པར་བྱ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ནས། དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་གྱི་དོན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་འབྱུང་བའི་མཛད་པའམ། འདིས་ཀྱང་འདི ་དག་བསྟན་ནས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་བཟླས་པས་ཚོགས་ཡོངས་སུ་རྫོགས་པས་དགའ་ལྡན་གྱི་སྐུར་ཡོངས་སུ་གནས་པ་ལ་སོགས་པའི་རིམ་པས་ཇི་སྲིད་ཨོཾ་ཡ་ཐཱ་སརྦ ་ཏྲ་གསྟ་ཐཱ་ཧཾ་ཞེས་པས་རང་མངོན་པར་རྫོགས་པར་བྱང་ཆུབ་པ་མངོན་དུ་བྱའོ་ཞེས་པའོ།། དེ་ནས་བཅོམ་ལྡན་འདས་ཤེས་པོ་ལ་སོགས་པ་དབང་ཆེན་ལ་སོགས་པའི་དཀྱིལ་འཁོར་ཉེ་བར་སྟོན་པར་བྱེད་དོ།། སངས་རྒྱས་ཐམས་ཅད ་ཅེས་བྱ་བ་ནི་མྱི་བསྐྱོད་པ་ལ་སོགས་པ་རྣམས་སོ།། དེ་དག་སོ་སོ་རེ་རེའི་གཞོགས་སུ་འཁོར་ལོས་སྒྱུར་བ་ལ་སོགས་པ་གཎྜཱིས་བྲི་བར་བྱར།། རྒྱུང་གནས་སུ་ཞུས་པ་ནི་སངས་རྒྱས་པ་བཛྲས་ནས་རོལ་གྱི་རྒྱུ་རྣམས་སྐུ།། སྱཱ ་རྒྱས་སྲས་པོ་ཞེས་པ་ནི་རྡོ་རྗེ་སྙིང་པོ་ལ་སོགས་པའོ།། གཞན་དུ་ནི་དཀྱིལ་འཁོར་གྱི་གླེང་གཞིའི་རྗེས་སུ་འབྲངས་ནས། རྡོ་རྗེ་སེམས་དཔའི་ལ་སོགས་པ་རྣམས་ཀྱང་། དེ་བཞིན་གཤེགས་པ་གཉིས་གཉིས་ཀྱི་གཞོགས་ངག་ཏུ་གཉིས ་གཉིས་ཀྱིས་ཡོངས་སུ་བསྐོར་བར་རྣམ་པར་བཞག་གོ། དེ་ནས་འཁོར་ལོས་སྒྱུར་བ་ལ་སོགས་པ་རྣམས་རེ་རེའོ།། སྣམ་བུ་བྱས་ནས་ཟུར་དུ་བདུག་པ་ལ་སོགས་པ་རྣམས་དང་། སྒོའི་ཆ་རྣམས་སུ་གཟུགས་ལ་སོགས་པ་རྣམས ་དང་། སྒོ་རྣམས་སུ་སྒོ་བ་དང་ནང་གི་ཟུར་རྣམས་སུ་སྒེག་མོ་ལ་སོགས་པ་རྣ་མས་སོ་ཞེས་སོ།། རླུང་གི་དཀྱིལ་འཁོར་རྣམས་སུ་བརྗེད་པར་བྱེད་པའི་དཀྱིལ་འཁོར་ཐམས་ཅད་རྣམ་པ་སྣ་ཚོགས་པའི་ཁ་དོག་ཅན་གྱི་རེ་ཁཱའོ།། རྡུལ ་ཚོན་ཡང་སྔགས་པས་ཡིད་ཀྱི་རབ་ཏུ་བརྟག་པ་བྱ་སྟེ། རབ་ཏུ་དགྱེའོ།། བསྡུ་བའི་མཐར་ཐུག་པ་རྫོགས་པར་བྱས་ནས། ལས་ཀྱི་དངོས་གྲུབ་ཀྱི་དོན་དུ་བསྒོམ་པ་བྱའོ།། ཆུ་ལྷའི་དཀྱིལ་འཁོར་གྱི་དོན་དུ་ལྷ་རྣམས་བརྗོད་པར་བྱས་པ་ཉིད་ཀྱིས ་ཆོ་ག་དེ་དང་དེ་ཁོ་ནས་མེ་ལྷའོ།། རྡོ་རྗེ་སྙིང་པོ་ལ་སོགས་པ་རྣམས་ལས་ཕྱི་རོལ་གྱི་སྣམ་བུ་ལ་ཁྲོ་བོ་དགོད་པར་བྱའོ།། རླུང་ལྷ་ལ་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རིམ་པས་ཁྲོ་བོ་ལ་སོགས་པ་རྣམས་སོ་ཞེས་པ་ནི་ཁྱད་པར་རོ།། དེ་ནས ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱི་བཟླས་པའི་ཆོ་ག་སྟོན་པར་བྱེད་དོ།། མཆོད་པ་བྱས་ནས་ཞེས་པ་ནི་བསྡུ་བ་དང་དབང་བསྐུར་བའི་མཐར་ཐུག་པ་རྫོགས་ནས། སྒེག་མོ་ལ་སོགས་པ་རྣམས་ཀྱིས ་ཡང་དག་པར་མཆོད་པར་བྱའོ།། ཀུན་ཞེས་པ་ནི་ཆོས་སུམ་ཅུ་རྩ་གསུམ་མོ།། སྤངས་རྒྱས་ཀུན་གྱི་སྐུ་ཆེན་པོ་ནི་རང་གི་ལྷའི་གཟུགས་ཇི་ལྟ་བ་བཞིན་དུ་རང་གི་སྔགས་ཀྱི་ཡི་གེ་རྣམས་ཀྱིས་ཡང་དག་པར་ལྡན་ཏེ། ཀུན་ནས་ག ་བར་བྱའོ།། འདོད་པར་གཏོར་བ་ནི་མངོན་པར་འདོད་པའི་དོན་གྱི་ཚིག་གོ།། དེའི་ཕྱིར་སྒྲ་ལ་སོགས་པའི་བཟླས་པ་བྱའོ།། ཡི་གེའི་ཕྲེང་བར་རྣམ་པར་གནས་པ་ཙི་ཤེ་ནེ། ཟླ་བའི་དཀྱིལ་འཁོར་དབུས་ཞེས་བྱ་བ་གསུངས་པ། དུང་གི་སྒྲ ་ནི་དེ་བཞིན་གཤེགས་པ་རྣམས་དང་དེའི་རིགས་ལའོ།། དྲིལ་བུའི་སྒྲ་ནི་འཇིག་རྟེན་དབང་ཕྱུག་དང་དེའི་རིགས་ལའོ།། རྡོ་རྗེ་ཧཱུཾ་མཛད་དང་དེའི་རིགས་ལ་སྤྲིན་ཏེ་སྤྲིན་གྱི་ཧཱུཾ་ཡིག་ཙ་ཊེ་དང་ཙ་ཊའི་སྒྲ་སྒྲོགས་པའོ།། ནམ་མཁའི་སྙིང་པོ་ད ་དེའི་རིགས་རྣམས་ལ་རྔའོ་ཆེའི་སྒྲའོ།། པི་ཝཾ་ལ་སོགས་པའི་སྒྲ་ནི་ཐམས་ཅད་ཀྱི་སྤྱི་བོའོ།། རང་གི་སྙིང་གའི་མཚན་མར་རང་གི་སྔགས་ཀྱི་ཡི་གེ་བལྟས་ལ་རང་གི་དྲི་ཁོ་ན་ཉིད་ལ་ལྷག་པར་མོས་ནཱས་བསྡུག་པ་གཉིས་ཡང་དག ་བར་སྦྱོར་བས་སྒྲའི་བཟླས་པར་བརྗོད་པར་བྱའོ།། དེ་ནས་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་ལ་སོགས་པ་བྱའོ།། རང་གི་ཚུལ་ཞེས་པ་ནི་ཡིད་བདེ་བའི་ཚུལ་ལོ།། དེའི་ཞེས་པ་ནི་རང་གི་ལྷ་དེའིའོ།། ཡང་དག་སྦྱར་བྱ། ་ཞེས་པ་ནི། ཀུན་ནས་མི་ཕྱེད་པ་གཉིས་ཀྱིས་སོ།། ཕྱག་རྒྱ་སྔགས་ནི་ལེགས་པར་སྦྱར་ཞེས་པ་ནི། རང་གི་ཕྱག་རྒྱ་དང་། སྔགས་རྣམས་ཀྱིས་བྱིན་གྱིས་བརླབས་པའོ།། གཉིས་སུ་མེད་པའི་རྣལ་འབྱོར་པ་ལྷག་པར་རང་གི ་མཚན་མ་དང་། སྙིང་ག་ཟླ་བ་ལ་སོན་པའི་རང་གི་མཚན་མེའི་ཕྱག་རྒྱ་བྱས་ནས་དེའི་འོད་ཟེར་རྣམས་ཀྱིས་ཀུན་ཏུ་འོད་གསལ་བ་གང་ཡིན་པ་ཀུན་ནས་ཀྱང་བ་སྤུའི་ཁུང་བུ་ཐམས་ཅད་ནས་བྱུང་བའི་འོད་ཟེར་རྣམས ་ཀྱིས་ཁྱབ་པ་གང་ཡིན་པའི་བཟླས་པར་བྱའོ།། སླར་ཡང་བསྟན་པོར་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཏིང་འཛིན་དང་། མཆོད་པ་རྣམས་རྫོགས་ཏེ་རང་གི་གཟུགས་ལ་སྤྲོ་བ་དང་བསྡུ་བ་བྱས་ནས་སྙིང ་ག་ལྀ་སོགས་པར་ཇི་སྲིད་དུ་བཟླས་པའི་སྒྲ་ཡང་མངོན་པར་མི་འཇུག་པ་ནི། རྣལ་འབྱོར་གྱི་བཟླས་པར་རྣམ་པར་བརྗོད་དོ།། དེ་ནས་སྙིང་གར་ཟླ་བའི་དཀྱིལ་འཁོར་གང་བ་ལ་རང་གི་སྔགས་ཀྱི་ཡི་གེའི་ཕྲེང་བ་མ ་ཆད་པ་མུ་ཏིག་གི་ཕྲེང་བ་ལྟར་དཀར་བ་གློག་དང་མཚུངས་པར་གསལ་བའི་འོད་ཟེར་རྣམས་ཀྱིས་རང་གི་ལུས་ཀུན་ནས་གསལ་བར་བྱེད་པར་བསྒོམས་ནས་སྔགས་ཀྱི་ཡི་གེའི་བཟླས་པ་མངོན་པར་རྫོགས་པར་བྱའོ།། ཇི ་ལྟར་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ནི་བདག་ཉིད་ཆེན་པོར་སྟོན་པར་བྱེད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་དང་དེའི་རང་བཞིན་ཉིད་ཀྱི་རིགས་རྣམས་ཀྱང་དེ་བཞིན་ཉིད་དུ་བརྗོད་པར་བྱའོ།། ། ་དེ་རྣམས་ཀྱི་བསྟོང་པ་རིན་པོ་ཆེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟོད་པ་རིན་པོ་ཆེའོ།། མི་གཡོ་ཞེས་པ་འདིས་ཆོས་ཀྱི་སྐུ་ངེས་པར་བསྟན་ནོ།། མཉམ་པ་ཉིད་ཁོ་ན་དེ་བཞིན་ཉིད་དོ།། དེ་ཁོ་ན་སྙིང་པོའི་ཆོས ་སྟེ། གང་རྣམས་ཀྱིས་མཉམ་པར་ཡོད་པ་དེ་མཉམ་ཉིད་སྙིང་པོའི་ཆོས་ཅན་ཏེ། འདིས་ཀྱང་ལོངས་སྤྱོད་རྫོགས་པའི་སྐུའོ།། འགྲོ་བའི་སྡུག་བསྔལ་སེལ་བར་མཛད་ཞེས་པ་ལ་སོགས་པ་རྣམས་ཀྱིས་སྤྲུལ་པའི་སྐུལ ་སྒྲི་ནས། གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། གསུམ་པོ་དེ་རྣམས་ཀྱང་མཉམ་པ་མེད་པར་སྡུག་བསྔལ་སོལ་བ་སྟེ། ལྟ་བ་དང་ལྟ་བ་མ་ཡིན་པ་སྡུག་བསྔལ་སེལ་བར་བྱེད་པའོ།། མཐའ་ཡས་ནི་མཐའ ་མེད་པ་གང་ཡིན་པའོ།། ཀུན་ནས་དམ་པའི་ཡོན་ཏན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་དང་། དངོས་གྲུབ་སྦྱིན་པའི་ཚུལ་གང་ཡིན་པ་དྲི་རྣམས་ལ་དེ་བཞིན་དུ་གསུངས་ཏེ། དེ་ཡི་ཉམས་ཐག ་སྡུག་བསྔལ་སེལ།། ཡོན་ཏན་དངོས་གྲུབ་སྦྱིན་པས་ཀྱང་ཐུགས་རྗེའི་བདག་ཉིད་ཅན་ཞེས་གསུངས་ཤེས་སོ།། གལ་ཏེ་ཡང་ཐུགས་རྗེའི་བདག་ཉིད་ཅན་ཡིན་པ་དེའི་ཕྱིར་དེ་རྣམས་ཀྱང་ཤིན་ཏུ་ཞེན་པར་འགྱུར་རོ། ་ནིནི་གསུངས་པ། དྲི་མེད་ཤེས་བྱ་བ་ལ་སོགས་པ་གསུངས་པ། དྲི་མེད་ནི་སྒྲིབ་པ་ཐམས་ཅད་སྤངས་པ་ཉིད་ཀྱི་ཕྱིར་རོ།། མི་གཡོ་ནི་གཞན་མུ་སྟེགས་ཅན་གྱིས་རབ་ཏུ་གཡོ་བར་མི་ནུས་པའི་ཕྱིར་རོ།། ཉན་ཐོས་དང ་རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་དང་ཐུན་མོང་མ་ཡིན་པའི་ཕྱིར། མཉམ་མེད་དམ་པའི་ཆོས་ཀྱི་མཆོག་ཡིན་ལ། དེ་འདི་རྣམས་ལ་ཡོད་པ་དེ་རྣམས་ནི་མཉམ་མེད་དམ་པའི་ཆོས་མཆོག་ཅན་ཏེ ་གང་གསུངས་པ་མཉམ་མདོ་ཞེས་པའོ།། དེ་སྒྲུབ་པར་བྱེད་པ་གསུངས་པ། ན་མཁའ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་ན་མཁའ་སྟི་ན་མཁའ་ལ་ཚད་ཀྱི་མཐར་ཐུག་པ་མེད་པས་དཔེས་བསྐྲུན་དུ་ཡོད་པ་མ ་ཡིན་ནོ་སྟེ། གང་གི་ཕྱིར་འདི་ལ་མ་ཡིན་ནོ་ཞེས་པ་ངོ་བོའོ།། དཔེས་བསྐྲུན་དུ་མེད་པ་ཅིས་ཞེ་ན། ཡོན་ཏན་ཆ་ཞེས་པ་ལ་སོགས་པ་སྟེ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་ཚད་ཀྱིས་དབྱེ་བ་ཡང་ཡོན་ཏན་ལ་ཡོད་པ ་མ་ཡིན་ནོ།། ཅི་རྣམས་ཀྱི་ཞེ་ན། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྟག་ཏུ་སེམས་ཅན་གྱི་ཁམས་རྣམས་ལྔ། དངོས་གྲུབ་མཆོག་རྣམས་སྩོལ་བར་བྱེད་པའི་སངས་རྒྱས་དེ་རྣམས་ལའོ།། ཞེས་དྲུག ་པའི་དོན་ལ་བདུན་པའོ།། འདི་དག་ཉིད་གང་ལོས་ཤེས་པ་གསུངས་པ། རྟག་ཏུ་ཞེས་པ་ལ་སོགས་པ་སྟེ། གང་གི་ཕྱིར་དེ་རྣམས་ཀྱི་ཐུགས་རྗེའི་ཤུགས་ལས་བྱུང་བ་ཉིད་ཀྱི་ཕྱིར། རྟག་ཏུ་དྲི་མ་མེད་པ་སྟེ། ཉོན ་མོངས་པ་མེད་པའོ།། སྨོན་ལམ་གྲུབ་པ་ནི་རབ་ཏུ་མི་གནས་པའི་མྱ་ངན་ལས་འདས་པའོ།། འགག་པ་མེད་པའི་ཆོས་ཉིད་ནི་ཀུན་ནས་ཁྱབ་པར་རྟག་ཏུ་གནས་པའོ།། རྣམ་པར་སྣང་བར་བྱེད་དོ་ནི་འབར་བར་བྱེད་དོ།། ་ཐུགས་རྗེ་ཆེན་པོའི་བླངདག་ཉིད་ནི་སངས་རྒྱས་རྣམས་སོ།། འདི་དག་ཀྱང་གང་ལས་ཞེ་ན། འགག་པར་ཡོང་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། ཐུགས་རྗེ ་ཆེན་པོ་འགག་པའི་ཆོས་ཅན་དུ་མི་འགྱུར་ཏེ། དེའི་ཕྱིར་དེ་ཡང་འགག་པ་མེད་པའི་ཆོས་ཉིད་དོ།། ཅི་དང་ཅི་ཞེ་ན་གསུངས་པ། ཚད་མེད་ཚད་དང་བྲལ་བ་ཞེས་པ་ལ་སོགས་པ་སྟེ། ཚད་མེད་ནི་ཉན་ཐོས་དང་། རང ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཚད་དང་བྲལ་བ་རྣམས་ལའོ།། ཤིན་ཏུ་རྫོགས་པ་ནི་འབྲས་བུ་མཐར་ཐུག་པའོ།། བདེ་བར་གཤེགས་པའི་གོ་འཕང་ནི་ཡོངས་སུ་མྱ་ངན་ལས་འདས་པའི ་གོ་འཕང་རྣམས་སུ་ཡོང་བརྙེས་གྱུར་ཀྱང་སྟེ། མཐོང་བར་གྱུར་ཀྱང་ངོ་།། དེའི་ཕྱིར་ཡང་ཨེ་མའོ་ཤིན་ཏུ་བཟང་པོའི་ཆོས་ཉིད་དོ།། དམ་ཚིག་གསུམ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་ནོ།། དེའི་རྒྱུར་མཆོག་གི་དངོས ་གྲུབ་གསོལ་ཏེ། རབ་ཏུ་སྩོལ་བར་གྱུར་ཅིག། མཆོག་སྦྱིན་པ་ནི་དངོས་གྲུབ་རབ་མཆོག་སྦྱིན་པ་པོའོ།། མཆོག་སྦྱིན་རྣམས་ཀྱི་ནང་ན་གོ་འཕང་མཆོག་བརྙེས་པ་སྟེ། མཆོག་སྦྱིན་པ་རྣམས་ཀྱི་ནང་ན་གཙོ་བོར ་གྱུར་པའོ།། མ་ལུས་པ་ནི་ལྷག་མ་མེད་པའོ།། དུས་གསུམ་མཁྱེན་པ་པོ་ནི་དུས་གསུམ་པ་ཅན་ནོ།། སྒྲིབ་པ་མེད་པོ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའོ།། འདི་ནི་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བསྟོད་པའི ་བདག་ཉིད་ཆེན་པོ་སྟོན་པར་བྱེད་དོ།། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ལྔའི་བཟླས་པ་རྣམས་དང་པོའི་རྣལ་འབྱོར་གྱི་རིམ་པས་ལྷའི་རྣལ་འབྱོར་བསྡུས་ནས་ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས ་པ་རིགས་བཞི་པོ་དེ་རྣམས་ཀྱི་ལྷའི་བཟླས་པ་རྣམས་ཀྱི་ངེས་པ་བསྟན་པ་གསུངས་པ། ཇི་ལྟར་བཤད་པའི་ཚོགས་ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བ་སྔོན་མ་ཅན་སོ་སོར་ཐར་པའི་སྡོམ་པ་ཡང་དག་པར་གཟུང་བ་ནི་བསླབ ་པའི་གནས་ཏེ་རང་གི་ནུས་པ་ཉིད་ཀྱིས་བཟུང་ནས་ཆོ་ག་སྔོན་མ་ཅན་གྱིས་ཇི་ལྟར་གསུངས་པའི་སྔགས་རྣམས་ཀྱིས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། དངོས་གྲུབ་ཀྱི་གེགས་ཉེ་བར་འཇོམས་པ་ཉིད་ཀྱི་གཙོ་བོར་བཤགས་པ ་ལ་སོགས་པ་རྣམས་ཀྱིས་སྔགས་ངེས་པར་བསྟན་གྱི་གསོལ་བ་འདེབས་པ་ལ་སོགས་པ་ནི་མ་ཡིན་ནོ།། ས་བཅུ་དབང་ཕྱུག་ཞེས་པ་ནི་ཟླ་བའི་ཁ་དོག་ཅན་ཞེས་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་སྤེལ་བར་བྱ་སྟེ། བསོད་ནམས ་དང་ཡེ་ཤེས་ཀྱི་ཚིགས་ཡོངས་སུ་རྫོགས་པ་ཞེས་པའི་ཚིག་གིས་སོ།། དེ་ནས་ཇི་ལྟར་གསུངས་པའི་སེང་གེའི་གདན་གྱི་སྟེང་དུ་བདག་ཉིད་རྣམ་པར་སྣང་མཛད་དུ་བསམ་པར་བྱའོ།། ཨོཾ་བུདྡྷོ་ཧཾ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ།། ས ་བཅུའི་དབང་ཕྱུག་དེའི་གདན་ང་བཞིན་དུ་རིགས་མ་ཡིན་ནོ།། དེའི་ཕྱིར་ཨོཾ་སྭ་བྷཱ་བ་ཤུདྡྷོ་ཞེས་པ་ལ་སོགས་པ་རྣམས་ཀྱིས་སྣང་བ་མེད་པར་བྱས་ཏེ་སྙིང་གར་ཟླ་བ་ལ་གནས་པའི་རྡོ་རྗེ་ལྟའོ།། དེ་ལས་སྐྱེས་པའི་རང་གི་མཚན་མ་རོ་ཀུན་ཏུ ་བལྟའོ།། ཨོཾ་དྷརྨྨ་བྷཱུ་ཏུ་སྭཱ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་པ་ནཱི་དེ་ང་རྒྱལ་བྱས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་སོགས་པའི་རྡོ་རྗེ་དབྱིངས་ནུང་དུ་ཆུད་པར་བྱའོ།། བྱིན་གྱིས་བརླབ་པར་བྱའོ།། ཞེས་པ་ནི་བསྒོམས ་ནས་ཡེ་ཤེས་ཀྱི་སྐུའི་བདག་ཉིད་ཀྱི་ཕྱིར། ཆོས་ཀྱི་སྐུར་ཨོཾ་པྲ་བྷ་སྭ་རཽ་ཧཾ་ཞེས་པས་བྱིན་གྱིས་བརླབ་པོ།། ཆོས་ཀྱི་དབྱིངས་རྒྱ་ཆེན་པོར་སྤྲོས་ནས་ཞེས་པ་ནི་ཇི་ལྟར་རང་གི་མཚན་མ་སྤྲོས་སེམས་ཅན་གྱིས་དྲོན་མངོན་པར་རྫོགས ་ནས་རང་ལ་ཉེ་བར་བསྡུ་བར་བྱའོ།། དེ་ལྟར་ཡེ་ཤེས་སེམས་དཔའ་མངོན་པར་རྫོགས་པ་བྱང་ཆུབ་པ་མངོན་དུ་བྱས་ནས་བུདྡྷོ་ཧཾ་ཞེས་ང་རྒྱལ་བསྐྱེད་པར་བྱའོ།། དེ་ནས་མ་ཧཱ་ས་མི་ཡ་སཏྭ་ཧཾ་ཞེས་བྱ་བའི་ང་རྒྱལ་བྱས་ན་ས ་རང་གི་དམ་ཚིག་གི་ཕྱག་ཡང་། སཾ་མ་ཡོ་ཧཾ་ཞེས་འདོན་པ་ཉིད་ཀྱིས་སོ།། ས་མ་ཡ་སཏྭཱ་ཨཱ་དྷཱི་ཏིཥྛ་མཾ་ཞེས་སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོར་བཞག་ལ་ཡང་རང་གི་སྙིང་གར་རང་གི་སྔགས་དང་། ་ལྷན་ཅིག་ཏུ་དེ་ཉིད་གདོན་ནོ།། ཕྱག་རྒྱ་བཅིངས་ནས་ཡེ་ཤེས་སེམས་དཔའ་མདུན་དུ་བཞག་ནས་བལྟ་བར་བྱའོ།། དེ་བསྐུལ་ནས་དེ་ཉིད་ཛ་ཧཱུཾ་བཾ་ཧོཿཞེས་འདོན་ཅིང་རང་གི་ལུས་ལ་རབ་ཏུ་བསྒོམས་ནས་ཇི་ལྟ་བ་བཞིན ་དུ་འོད་ཀྱི་དཀྱིལ་འཁོར་མངོན་པར་རྫོགས་པར་བྱས་ཏེ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་དེར་བདག་ཉིད་བསྒོམས་ནས་བརྟན་པའི་རྡོ་རྗེའི་ལྟ་བས་ཡང་དག་པར་ཇི་ལྟ་བ་བཞིན་དུ་རང་བྱིན་གྱིས་རློབ་པའི་སྔགས་དང་ཕྱག་རྒྱས ་སྙིང་གར་བྱིན་གྱིས་རློབ་པ་ཡང་བྱས་ནས། དམ་ཚིག་གི་ཕྱག་རྒྱས་ཛཿཧཱུཾ་བཾ་ཧོཿདང་སྔར་གྱི་རང་གི་སྔགས་ཀྱི་སྤྱི་བོ་དང་མགྲིན་པ་ལ་སོགས་པ་རྣམས་སུ་བདག་ལ་བྱིན་གྱིས་བརླབ་པའི་ཆེད་དང་ཚུལ་ཇི་ལྟ་བ་སྙིང ་ག་དང་ཉེ་བོའི་སྙིང་པོ་ལ་སོགས་པོ་རྣམས་སུ་ཡང་ངོ་།། ལོགས་སོ་ཞེས་པའི་སྦྱོར་བསྡེ་དེ་བཞིན་གཤེགས་པ་ཐམས་ཅད་ནང་དུ་བཅུག་སྟེ། དེ་དང་དེའི་ཡི་གོ་བརྟན་པ་ཅན་དུ་བྱས་ཏེ་མངོན་པར་དབང་བསྐུར་ནས་ཇི ་ལྟ་བ་བཞིན་དུ་ཆོས་དང་ལས་ཀྱི་ཕྱག་རྒྱ་བཅིངས་པ་སྔོན་མ་ཅན་དུ་བྱས་པའི་ཏིང་ངེ་འཛིན་མཆོད་པ་དང་ཕྱག་འཚལ་དང་། དར་དབྱངས་བྱིན་པ་དང་། སྤྱན་དྲང་བ་དང་། གསང་བའི་མཆོད་པའི་མཐར་ཐུག་པ་མངོན་པར ་རྫོགས་པར་བྱ་སྟེ། ཇི་ལྟར་བྱས་པ་ཉིད་ལ་སོགས་པའི་མཚན་མ་འཛིན་པ་ལ་སོགས་པ་ཅན་ནོ།། ཨོཾ་བཛྲ་ཨཱ~ཾཏྨ་ཀོ་ཧེ་ཨོཾ་སྭ་བྷ་བ་ཤུདྡྷོ་ཧཾ། ཨོཾ་སརྦྦ་ས་མོ་ཧཾ་ཞེས་རྡོ་རྗེའི་བདག་ཉིད་ཅན་དང་རང་བཞིན་གྱིས་དག་པ་དང་། ་བདག་མེད་པོར་མཉམ་པ་ཉིད་ཀྱིས་ཐམས་ཅད་མཉམ་པར་རྣམ་པར་བསམས་ནས། འགྲོ་བ་མ་ལུས་པའི་ཉེ་བར་འཚོ་བར་ཡང་རྣམ་པར་བསམས་ནས། བདག་ཉིད་སེམས་ཉེ་བར་འཕེལ་བའི་བཟླས་པ་བྱའོ།། དུས་ཇི་ལྟ་བ ་བཞིན་དུ་ཞེས་པ་ནི་སྐབས་ཇི་ལྟ་བར་རོ།། མཐུན་མཚམས་པཞི་འམ། གསུམ་དག་ལ་བརྩམ་པར་བྱ་སྟེ། ཡི་གེའི་རྗེས་སུ་སོན་པའི་ཡིད་ཀྱི་ཞེས་པ་ནི་སྙིང་གའི་མཚན་མའི་ཡི་གེ་ལ་སེམས་གནས་པར་གྱུར་པའོ།། དམན་པའི ་དངོས་གྲུབ་ཀྱི་དབང་དུ་བྱས་ནས་ཉི་མ་རེ་རེར་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྒྲུབ་པའི་དུས་སུ་ཐམས་ཅད་ཀྱི་ཐུན་མོང་དུ་རྡོ་རྗེའི་གདན་ནོ།། གཞན་གྱི་ཚེ་སངས་རྒྱས་རྣམས་ཁོ་ནའོ།། དེ་བཞིན་གཤེགས་པའི ་སྐུར་གསལ་བ་ཞེས་པ་ནི་རང་གི་ལྷའི་བྱིན་གྱིས་བརླབས་པའོ།། དངོས་གྲུབ་འབྲིང་པོའི་དབང་དུ་བྱས་ཏེ་གསུངས་པ། བྱ་བ་བཞིན་ཞེས་བྱ་བ་ལ་སོགས་པའོ།། སྒྲུབ་པ་ཞེས་པ་ནི་མཆོག་སྒྲུབ་པའོ།། དེ་བཞིན་གཤེགས་པའི ་མཐོ་གང་གི་ཚད་ཀྱིས་དེ་བཞིན་གཤེགས་པའི་མཆོད་རྟེན་འབུམ་བྱའོ།། དེ་མ་འབྱོར་པ་ལ་ཇི་ལྟར་འབྱོར་པའི་ཚད་ཀྱིས་དྲིའི་མཆོད་རྟེན་རྣམས་སོ།། བཟླས་པ་ཡང་གཉིས་ཀ་ལ་སྟོང་ཕྲག་གོ། བྱེ་བ་བདུན་གྱི་ནང་ན་མ་ཡིན་པ་སྟེ། ་སྟེང་དུ་ནི་མ་ཡིན་པར་རིག་པར་བྱའོ།། སྒྲུབ་པ་གཉིས་པ་ཡང་རྫས་སྔོན་མ་ཅན་གྱི་དཔེར་བརྗོད་པ་ཉིད་དོ།། དེ་ལ་ཡང་ལེགས་པར་བྱ་བའི་དབྱེ་བས་དངོས་གྲུབ་གསུམ་དུ་རིག་པར་བྱའོ།། ཅི་སྟེ་འབུམ་ཕྲག་གསུམ་བཟླས་པས ་རི་བོ་ལྷུང་བ་ལ་སོགས་པ་ཅན་གྱི་ལས་བྱེད་པར་གྲུབ་པར་མ་གྱུར་པ་ཡང་ན་གལ་ཏེ་འབུམ་ཕྲག་གསུམ་དུ་མི་བཟླས་པར་ཟླ་བ་རུ་མི་སྤྲོ་བར་རང་སངས་རྒྱས་ཐམས་ཅད་ཀྱི་གཟུགས་སུ་བསྒོམ་པར་བྱའོ།། སངས་རྒྱས་ཐམས་ཅད ་མཐོང་བ་ལ་སོགས་པར་འགྱུར་རོ།། སྒྲུབ་པ་པོ་ཐམས་ཅད་ཀྱི་ནན་ཏན་དུ་བྱའོ།། ཞེས་པའི་བར་དུ་གསུངས་སོ།། གྷི་ཧཾ་ལ་སོགས་པའི་གྲུབ་པ་ནི་འཆང་པར་འགྱུར་བའི་ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ནས་གལ་ཏེ་སྒྲུབ ་པ་ཞེས་པ་ཇི་སྲིད་པར་རོ།། ཀུནྡ་ནས་གྲུ་བཞི་པའི་རེའུ་མིག་ཅན་དུ་བྱས་ནས་ཀུན་ནས་ཇི་ལྟ་བ་བཞིན་དུ་བདུན་པ་བདུན་གྱི་རེ་མིག་ཅན་དུ་འགྱུར་ཏེ། དེ་དང་དེ་ལྟ་བུའི་རེ་ཁཱ་རྣམས་ཀྱིས་བཅད་པས་རེ་མིག་བཞི་བཅུ་ཞེ་དགུར ་འགྱུར་རོ།། ཕྲེང་ཟུང་ཞེས་པ་ནི་ཕྲེང་གཉིས་ལ་ཨ་ཡིག་ལ་སོགས་པ་བྲི་བར་བྱའོ།། ཕྲེང་གཉིས་པའི་མཐའ་མའི་རེ་མིག་ལ་རིམ་པས་མ་ནིང་གི་ཡི་གེ་གཉིས་གཉིས་ཀུན་ཏུ་རྟོགས་པར་བྱའོ།། ཕྲེང་གསུམ་པའི་ཐོག་མའི་རེ་མིག ་ནས་བརྩམས་ནས་རྟེན་གྱི་རིམ་པས་ཀ་ལ་སོགས་པ་ཇི་སྲིད་པའོ།། ཕྲེང་གསུམ་པའི་ཐོག་མའི་རེ་མིག་དྲུག་པ་ནས་བརྩམས་ནས་ཡ་ར་ལ་ཝའོ།། བདུན་པའི་རེ་མིག་ནས་ཤ་ཥ་སཽ་ཧའོ།། སྟོང་པའི་རེ་མིག་ལ་ཀྵ་ཡིག་སྟེ ་ཐམས་ཅད་ཀྱི་མཐར་རྡོ་རྗེ་རྩེ་ལྔ་པ་བྲི་བར་བྱའོ།། འདི་དག་ཀྱང་ཉེ་བར་མཚོན་པར་བྱེད་པ་སྟེ། གང་དུ་སྙིང་གར་རྡོ་རྗེ་མེད་པ་དེ་རུ་ནི་སྙིང་གའི་གནས་སུ་རང་གི་མཚན་མ་བཀོད་ནས་བཟླས་པའི་སྐུའོ་ཞེས་པའོ།། དེ་ཉིད་ཀྱི ་ཕྱིར་འཁོར་ལོའི་དབུས་སུ་རབ་ཏུ་གནས་ཤོས་པའི་ཚིག་གོ། གང་དུ་དངོས་གྲུབ་མཽད་པ་དེར་རབ་ཏུ་སྦྱར་བར་མྱུར་བར་དངོས་གྲུབ་མངོན་དུ་བྱའོ་ཞེས་ཆོས་ཀུན་དབང་དུ་འགྱུར་ཞེས་འབྱུང་ངོ་།། མཆོག་ནི་ཨ་ལ་སོགས་པའི ་དབྱངས་བཅུ་པོ་དང་གཙོ་བོ་ཉིད་དུ་ངེས་པར་བསྟན་ཏོ།། མ་ནིང་བཞི་པོ་སྤངས་པ་དེ་རྣམས་སྟོབས་བཅུར་བརྗོད་དོ།། ཡན་ལག་གཅིག་གཉིས་ཁྱད་པར་ནི་དབྱངས་གཅིག་གཉིས་ལ་གཅིག་གཉིས་སོ།། དབྱངས ་ལས་སྐྱེས་པའི་སྔགས་ཀྱི་ཡི་གེར་ཡོངས་སུ་གྱུར་པའོ།། དབང་སྒྱུར་བར་བྱེད་པ་ནི་ཐིག་ལེ་ལ་སོགས་པར་ཡོངས་སུ་གྱུར་པའི་ཀ་ལ་སོགས་པར་ཡོངས་སུ་འགྱུར་བའོ།། ཡཱ་རུ་ལ་ཝཱ་ནི་མ ་རླུང་ལ་སོགས་པ་དང་མོ་ལ་སོགས་པར་ལུགས་ལས་བརྒལ་བའོ།། ཤ་ཥ་དང་ཡ་ལཱ་སོགས་པའི་སྡེ་པ་གཉིས་ནི་མི་མཉམ་པའོ།། ཀ་ལ་སོགས་པའི་སྡེ་པ་ལྔ་པོ་ནི་མཉམ་པའོ།། ཆོས་ཀུན་གྱི་སྡོམ་ཞེས་པ་ནི་ཆོས ་རྣམས་ཐམས་ཅད་ཀྱིས་ཡང་དག་པར་བསྡོམས་ཤིང་བསྡུས་པའོ།། ཡང་དགྲ་པར་སྦྱོར་བ་ནི་གང་ཞིག་ཡི་གེ་གཞན་གྱིས་ཀུན་ཏུ་སྦྱོར་བའོ།། སྦྱོར་བ་བྲལ་བ་ནི་གང་དུ་ཡི་གེ་གཞན་གསལ་བའོ།། བྱང་ཆུབ་ནི་ཨ་ཡིག་གོ། སྦྱོང ་བ་ནི་ཨ་ཡིག་གོ།། སངས་རྒྱས་ཀྱི་དོན་ནི་མེ་ཡིག་གེ། མྱ་ངན་ལས་འདས་པའི་དོན་ནི་མ་ཡིག་གོ།། དབྱངས་རྣམས་ཨ་ཡིག་ལ་སོགས་པའི་ཡི་གེ་རྣམས་ཀ་ལ་སོགས་པ་རྣམས་དང་གཅིག་ཏུ་བསྡུས་པར་གྱུར་པའོ།། ་བྱང་ཆུབ་གཟུགས་ནི་བྱང་ཆུབ་ཀྱི་རང་བཞིན་ནོ།། གཞན་ཞེས་པ་ནི་ཐིག་ལེ་རྣམས་སོ།། སངས་རྒྱས་ཐམས་ཅད་ཀྱི་བདག་ཉིད་ཅན་ཉིད་ཀྱི་ཕྱིར། སངས་རྒྱས་ཐམས་ཅད་ཀྱི་སྒྲས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་མངོན ་པར་འདོད་ལ་ང་ནི་དེའི་གསང་སྔགས་དེ་ཁོ་ན་བསྟན་པ་གསུམ་པ་ཐོག་མའི་དབྱངས་ཞེས་པ་ལ་སོགས་པ་སྟེ། དེ་ཡང་ཟླ་བའི་དཀྱིལ་འཁོར་དབུས་སུ་གནས་པའི་རྡོ་རྗེ་རྩེ་མོ་ལྔ་པ་གནས་པར་བསྒོམ་པར་བྱས་ནས་ཐམ ་ཅད་དུ་འགྲོ་བ་ལ་སོགས་པ་ཐོབ་པར་འགྱུར་རོ།། དེ་ཉིད་ནི་བྱང་ཆུབ་ཀྱི་གཟུགས་སོ།། བྲལ་བ་ནི་ཐིག་ལེའོ།། གཉིས་པའི་དབྱངས་ཀྱིས་ཞེས་པ་ནི་ཨ་ཡིག་གིས་ཡང་དག་པར་སྦྱར་བའོ།། དེའི་གཟུགས་ཀྱིས་ཡོངས་སུ ་གྱུར་པ་ནཱཾ། དེ་བརྟུན་པྲ་ཤིན་ཏུ་རིང་པོ་ནཱི་སཾ་དང་ཕ་རོལླ་ཏུ་ཕྱིན་པར་བརྗོད་པར་བྱའོ།། དྲོ་བ་ནི་ཚིག་དྲུག་གོ། དེས་སྦྱར་བ་ནི་བྱང་ཆུབ་ཀྱི་གཟུགས་མྱ་ངན་ལས་འདས་པར་བརྗོད་པར་བྱའོ།། རང་གི་ལྷག་པའི ་ཕྱག་རྒྱ་ནི་རང་གི་ལྷའི་ཕྱག་རྒྱའོ།། ཐོག་མར་སྤྱོད་པ་ནི་ཨ་ཡིག་གོ། གཉིས་པའི་སྨྲ་བ་པོ་ནི་ཝ་ཡིག་གོ། བཞི་པོའི་དབྱངས་ནི་ཨཱི་ཡིག་སྟེ་དེས་མནན་པའོ།། མེའི་མིང་ཅན་ནི་ར་ཡཽག་གོ། རྒྱུ་དང་བྲལ ་པོར་གསལ་བར་བྱེད་པོ་ནི་ཧ་ཡིག་གོ། དྲུག་པོའི་དབྱངས་ནི་ཨུ་ཡིག་གོ།། དེས་ཐ་དང་མ་ཡིན་པཱ་ནི་འདྲེས་པའོ།། སྟེང་དུ་ཡང་ཐིག་ལེ་དང་བཅས་པ་ནི་བཞི་པའོ།། ཆོས་རྣམས་ཐམས་ཅད་མིཁའ་དང་མཚུངས ་པ་ཉིད་དུ་གསལ་བར་བྱེད་པ་ནི་ཁཾ་ཡིག་སྟེ་ལྔ་པའོ།། འདི་ནི་བཅོམ་ལྡན་འདུས་དཔའ་བོ་ཆེན་པོའི་གསང་སྔགས་སོ།། སྤྱོད་པ་ནི་མི་བསྐྱོད་པའོ།། བྱང་ཆུབ་ནི་རྡོ་རྗེ་སེམས་དཔའོ།། ཆོས་ཀུན་གྱི་ནི་དེ་བཞིན་ཉིད ་གསལ་བར་བྱེད་པ་ནི་ཏཽ་ཡིག་གོ། མེའི་ས་བོན་ནི་ར་ཡིག་གོ། སྤྱོད་པ་ཡི་ནི་སྟེང་དུ་གནས་ཞེས་པ་དེས་མནན་པའོ།། སྤྱོད་པ་ཡང་རྗེས་སུ་ང་རོ་ལ་འདིར་བལྟ་བར་བྱ་སྟེ། སློབ་དཔོན་མན་ངག་ལས་ཤེས་པར་བྱ ་ཞེས་པའི་གསུང་ལས་སོ།། ཆོས་རྣམས་ཀུན་གྱི་རྒྱུ་མེད་པ་ཉིད་གསལ་བར་བྱེད་པའི་ཧ་ཡིག་གོ། མེའི་ས་བོན་ནི་ར་ཡིག་གོ། བཞི་པའི་དབྱངས་ནི་ཨི་ཡིག་གོ།། དེ་ཡང་ང་རོའི་དབང་དུ་བྱས་པའོ།། དེ་ཉིད་ཞེས་པ ་ཧ་ཡིག་གོ། དྲུག་པའི་དབྱངས་ཀྱིས་ཤེས་པ་ཨུ་ཡིག་གིས་སོ།། དེ་ཡང་རང་གི་རྗེས་སུ་ང་རོ་བཅས་པ་བལྟ་བར་བྱའོ།། སྟེ་ཚན་ལྔ་པའི་བཞི་པ་ནཽ་བྷུ་ཡིག་གོ། སྡེ་པ་ལྔ་པའི་མཐའ་ཅན་མ་ཡིག་གོ། སྒྱུ་མུའི་ཆོས་ཅན་ལ ་རབ་ཏུ་གནས་པ་ནི་སྒྱུ་མོའི་རང་བཞིན་གསལ་བར་བྱེད་པའོ།། བརྒྱད་པའི་དབྱངས་དྲང་ཡང་དག་ལྡན་ནི་ཨི་ཡིག་གཽ་དོན་ནོ།། དེ་ཉིད་ཅེས་པ་ནི་མ་ཡིག་གོ།། ཐིག་ལེ་དང་བཅས་པ་ནི་འཇམ་པའི་དབྱངས་ཀྱིའོ།། ལྔ་པའི་དབྱངས ་ནི་ཨུ་ཡིག་གོ། དེས་ཡང་དག་པར་ལྡན་པ་ནི་འཇམ་དཔལ་གྱིའོ།། དེ་ཉིད་ནི་མ་ཡིག་སྟེ། སྤྱོད་པ་རྗེས་སུ་སེན་པ་ནི་རྣམ་སེལ་གྱིའོ།། སྡེ་ཚན་ལྔ་པའི་གསུམ་པ་ནི་བ་ཡིག་གོ།། ཡི་གེ་གསུམ་ནི་གོ་ཤིན་རྗེ་མཐར་བྱེད་ཀྱི་སྔགས ་སོ།། དེ་བསྟན་པའི་ཕྱིར་ཐོག་མར་ཞེས་བྱ་བ་ལ་སོགས་པ་གསུངས་པ། དགུ་པའི་དབྱངས་ནི་ཨོཾ་ཡིག་གོ།། སྐུ་གསུམ་དུ་ནི་རྣམ་པར་བསྒོམ་ནི་ཧཱུཾ་ཡིག་གོ།། དང་པོ་དང་བར་མ་ཐིག་ལེ་དང་དྲག་དང་བཅས་པར་བལྟོ་བར་བྱའོ།། ་སྡེ་པ་ཐ་མའི་གསུམ་པ་ས་ཡིག་གོ། སྔོ་པ་དང་པོའི་གསུམ་པ་ག་ཡིག་གོ།། དེ་ཉིད་ཀྱང་བཅོམ་ལྡན་འདས་ན་མཁའ་མཛོད་དང་ཁྲོ་བོ་ཆེན་པོ་སྟོབས་པོ་ཆེའིའོ།། རྒྱུ་དང་བྲལ་བ་ཉིད་དུ་གསལ་བར་བྱེད་པ་ནི་ཧ་ཡིག་གོ།། དབྱིངས ་ལཱཝཱ་པ་ནཱི་ཨུ་ཡིག་གོ།། རང་གི་རྗེས་སུ་ང་རོ་བཅས་པར་ཤེས་པར་བྱའོ།། དེས་ཡང་དག་པར་སྦྱར་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིའོ།། སྡེ་པ་བཞི་པའི་དང་པོ་ནཱི་ཏཱ་ཡིག་གོ། མེའི་རབ་ཏུ་གསལ་བདུ་བྱས་པཱ་ནི་རི་ཡིག་རྗེས་སུ ་སོན་པའོ།། བཞི་པའི་དབྱངས་དང་ཡང་དག་ལྡན་པ་ནཱི་ཨི་ཡིག་གི་དོན་ནོ།། དེ་ཉིད་འབའ་ཞིག་ཅེས་པོ་ཏ་ཡིག་ནི་ལྷ་མི་སྒྲོལ་མའིའོ།། བཞི་པའི་གཉིས་པ་ནི་ཐ་ཡིག་གོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིའོ།། ཐིག་ལེ་རྗེས་སུ་ངེ་རོའོ།། སྒྲ ་ནི་རྗེས་སུ་སྣ་ལྡན་ནོ།། གཉིས་པའི་ཡི་གེ་གསུམ་པ་ནི་ཛ་ཡིག་གོ།། བཞི་པའི་དབྱངས་ནི་ཨཱི་ཡིག་གོ།། འདི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། འཇིག་རྟེན་དབང་ཕྱུག་དེའི་འོ།། སྙིང་པོ་ལ་ཚེག་དྲུག་དང་བཅས་པ་ཉིད་དུ་ཆུད ་པར་བྱའོ།། སྤྱོད་པའི་གཱར་མཁན་མིང་ཅན་ཞེས་པོ་ནི་དང་པོར་གནས་པའི་ཨ་ཡཽག་གོ།། དགུ་པའི་དབྱངས་ནི་ཨོ་ཡིག་གོ།། དབྱངས་ཆེན་ནི་ལ་ཡིག་གོ།། སྡེ་ཚན་དང་པོའི་དང་པོ་ཅན་གྱི་ཡི་གེར་ངེས་པར་དང་པོ་ནི་ཀ་ཡིག་གོ།། ཨོཾ་ཡིག་དང ་བཅས་པ་ཡཽང་རང་གི་སྔགས་སུ་བལྟ་བར་བྱའོ།། སྡེ་ཚན་ལྔ་པའི་བཞི་པཱའི་ས་བོན་ནི་བྷ་ཡིག་གོ། སྒྱུ་མུའི་ཆོས་ལ་ར་བཽ་ཏུ་གནས་ཤེས་པ་མ་ཡིག་གོ།། རྒྱུ་ཉེ་བར་མ་དམྱིགས་པ་གསལ་བྱེད་པ་ནི་ཧ་ཡིག་གོ།། གནས་པའི་དབྱངས་ནི ་ཡིག་གོ།། རང་གི་རྗེས་སུ་དེ་རོ་ཡང་འདིར་ཀུན་ཏུ་ཁོང་དུ་ཆུད་པར་བྱའོ།། སྙིང་པོ་གཞན་ཉིད་ཀྱང་དགེ་བའི་རྡོ་རྗེ་བསྒོམ་པར་བྱེད་པ་སྔོན་མ་ཅན་གྱི་རབ་ཏུ་སྦྱོར་བས་ཆོས་ཀྱི་ཕྱག་རྒྱའོ།། རྣམ་པར་སྣང་མཛད་ལ་སོགས་པ་དེ་བན ་གཤེགས་པ་རྣམས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་དང་། སྒེག་མོ་ལ་སོགས་པ་བརྒྱད་པོ་རྣམས་དང་། ལྕགས་ཀྱུ་ལ་སོགས་པ་བཞི་པོ་རྣམས་ཀྱིས་རྡོ་རྗེ་ཡེ་ཤེས་ལ་ཞེས་བྱ་བ་ལ་སོགས་པ ་རྣམས་སོ།། ལ་ཡིག་གིས་སྦྱར་བ་ནི་རྡོ་བརྟེན་པར་ཡིད་ལ་བསམ་བཞིན་པས་རེངས་པར་བྱེད་དོ།། རང་གི་ས་བོན་གནས་པ་ནི་ཡ་ཡིག་གནས་པའོ།། དེ་ཉིད་ཞེས་པ་ནི་ཧཾ་ཡིག་གོ། རྣམ་པར་སྣང་མཛད་མཐུན་གནས ་ལས་བྱུང་ཞེས་པ་ནི་རྣམ་པར་སྣང་མཛད་དང་མཐུན་པའི་རྣལ་འབྱོར་ལ་གནས་པའོ།། རྒྱུ་ནརྀ་ཧྭཱ་ཡིག་གོ། དྲུག་པའི་དབྱངས་ཀྱིས་ནི་ཨུ་ཡིག་གིས་ཡང་དག་པར་སྦྱར་བའོ།། ཐིག་ལེ་དང་སྒྲ་དང་བཅས་པ་ར་ལ་གནས ་པས་འགྲུབ་པར་བྱེད་དོ།། རླུང་གི་དཀྱིལ་འཁོར་དུ་དེའི་ས་བོན་གནས་པས་ཕྱེ་མར་བྱེད།། རྡོ་རྗེ་གནས་པ་འམ། འཁོར་ལོ་དབུས་སུ་གནས་པས་རེངས་པ་ལ་སོགས་པ་བྱའོ།། དབང་དུ་བྱེད་ཞེས་ནི་འགུགས་པར་བྱེད ་པའོ།། སྙིང་གརཱ་ཞོས་པ་ནི་བསྒྲུབ་པར་བྱེད་པའི་སྙིང་ག་ལའོ།། ཐོབ་ནས་ཞོས་པ་ནི་སྤྲོས་ནས་སོ།། བདག་ཉིད་བསྒོམས་ནས་ཞེས་པ་རྟོགས་པའི་གཟུགསུ་གནས་བྱས་ནས་ཤེས་དང་སྦྲུལ་ལོ།། རླུང་གི་ས་བོན་ཚོན ་ཞེས་པ་ནི་ཡ་ཡིག་གིས་བསྐོར་བའོ།། སྤྱོད་པའི་སྟེང་དུ་འབར་བྱས་པ་ཞེས་པ་ནི་ཡ་ཡིག་གི་མཐར་ཨ་ཡིག་གོ།། རླུང་ལ་གནས་པ་མ་ལ་གནས་པ་ཞེས་པ་ནི་རླུང་ལ་གནས་པ་དང་མ་ལ་གནས་པའོ།། སྡེ་ཚན་དང་པོའི ་དང་པོར་གནས་པ་ནི་ཀ་ཡིག་གོ། ས་ཡིག་གི་སྟེང་དུ་གནས་པས་ཀྵ་ཡིག་ཏུ་འགྱུར་རོ།། སྡེ་ཚན་ལྔ་པའི་ཐ་མ་མ་ཡིག་གོ།། དབྱངས་དྲུག་པོ་ཨུ་ཡིག་གོ།། ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་སོན་པའི་ར་ཡིག་ལ་གནས་པས ་འབར་བར་བྱེད་དོ།། ཕྱག་རྒྱའི་བདག་ཉིད་ཐམས་ཅད་ཞེས་པ་ནི་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་པས་མེའི་མདུན་དུ་གནས་ནས་ནི་ཞེས་པ་མེའི་དཀྱིལ་འཁོར་ལ་གནས་པའོ།། རྒྱུ་བྱེད་པ་མཚུངས་པ་ནི་ཧཱུཾ་ཡིག་གོ། དག་གི ་འཁོར་ལོ་སྒྲུབ་པའི་ཕྱིར་དཀྱིལ་འཁོར་ནི་གསུང་གི་འཁོར་ལོ་ནི་དཀྱིལ་འཁོར་རོ།། ཆུའི་དཀྱིལ་འཁོར་བསམས་ནས་དེ་ལ་གནས་པའི་ཇི་ལྟར་གསུངས་པའི་པདྨའོ།། དེ་ལ་བདག་ཉིད་འཇམ་དཔལ་ལྷག་པར་གཡོ་བའི་འོད ་ཟེར་ཆེན་པོར་བསྒོམས་ནས་རང་གི་སྙིང་གར་ཟླ་བ་ལ་པད་མ་དེའི་ནང་དུ་དེའི་ཡང་སྟེང་དུ་དུང་བརྟག་པར་བྱའོ།། དེ་ནུས་རྡོ་རྗེའི་རྩེ་བསྒོམས་པ་ལ་སོགས་པའི་རིམ་པས་ཇི་སྲིད་དུ་ཇི་སྐད་གསུངས་པའི་ཝ་ཡིག་ཇི་ལྟར་ངེས་པར ་བསྟན་པའི་དུས་སུ་བསྒོམ་པར་བྱའོ།། དེ་ལྟར་བྱས་པ་ནི་སྔོན་དུ་བསྙེན་པའོ།། པདྨས་མཚན་པའི་ཆུའི་དཀྱིལ་འཁོར་མངོན་པར་བྲིས་ནས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དང་ལྡན་པས་དེ་ལ་སྐྱིལ་ཀྲུང་ཉེ་བར་འདུག་སྟེ། ཆོས་ཀྱི ་དབྱིངས་ཐམས་ཅད་དུ་རང་གི་སྐུ་ཡིས་དེ་བཞིན་གཤེགས་པ་རྣམས་སྤྲོས་ནས་ཡང་དག་པར་བསྡུས་སྟེ་སྐུ་ལ་སོགས་པའི་ཕྱག་རྒྱ་རྣམས་རང་གི་སེམས་ལ་རབ་ཏུ་གཞུག་པར་བྱའོ།། རང་གི་ལུས་ཀྱི་དཀྱིལ་འཁོར་ལ་ཞེས་པ ་ནི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། པདྨའི་གེ་སར་ཉིད་ཐིག་ལེ་སྟེ། དེ་རྣམས་ལས་ཝ་ཡིག་གི་ཕྲེང་བའོ།། མགྲིན་པར་བསྡུས་ནས་དབྱངས་ཉིད་དུ་འགྱུར་རོ།། དེ་ནས་མཆོག་ལ་གཞོལ་བར་ལྟེ་བའི ་ཡི་གེ་ཉིད་ཐོབ་བོ།། དེ་ནས་རྡོ་རྗེའི་རང་བཞིན་གྱི་ལྕེའི་ཡི་གེ་འབར་བ་རྣམས་ཀྱིས་ཐམས་ཅད་ཀྱིས་ཐམས་ཅད་དུ་གསལ་བར་བྱས་ནས། དོན་དམ་པའི་རྡོ་རྗེའི་གསུང་གི་དབྱངས་ཀྱིས་ན་མཁའ་ཀུན་ནས་གང་བར་བཟླས་པར ་བྱ་སྟེ། དངོས་གྲུབ་ཀྱི་མཚན་མ་ཇི་སྲིད་པར་རོ།། ཡང་ན་དེ་ཁོ་ན་བཞིན་ཆུའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཅན་གྱི་ལྕེ་རྡོ་རྗེའི་རང་བཞིན་ཅན་དུ་བསམས་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ ་འཁོར་ལ་ཨ་ཡིག་བསམ་སྟེ། དེའི་སྡེ་པ་རྣམས་ཀྱང་ཨ་ཡིག་ལ་སོགས་པའི་མཐར་ཐུག་པ་ཉི་མའི་འོད་ཟེར་དྲང་། མཚུངས་པ་དང་ཀཽ་ཡིག་ལ་སོགས་པའོ།། དེའི་འབར་བར་བ་རྣམས་ཀྱི་རང་གི་དོན་དུ་སྤྲོས་པས་ལྕེའི ་མཆོག་ཏུ་དྲ་བ་རྣམ་པར་བཀྲམ་པའི་རྡོ་རྗེ་འབར་བ་སྟོང་ཕྲག་སྐད་ཅིག་སྐད་ལ་འབྱུང་བར་བྱའོ།། དེ་རྣམས་ཀྱང་ཡི་གེར་གྱུར་ནས་འགྲོ་བ་ཀུན་ཏུ་སྣང་བར་བྱས་ཏེ། སླར་ཡང་བྱོན་ནས་གནས་གནས་སུ་རྒྱུན་བཞིན་དུ་རྗེས་སུ ་འཇུག་པར་བསམ་པར་བྱའོ།། རང་གི་ལུས་ལ་ལྷ་རྣམས་ལུས་ཅན་གྱི་གཟུགས་བརྙན་ནོ།། སེམས་ཕྱག་རྒྱ་ལེགས་པར་བསམ་པ་བྱས་ནས་སྒྲ་རྣམསཽ་མངོན་པར་མི་གསལ་བའི་ཆ་ཤས་ཀྱི་ཡི་གེ་དང་། དེ་ལས་གཞན ་པའི་རང་བཞིན་ལྟེ་བར་སོན་པར་ལྷག་པར་མོས་པའི་རིམ་པ་ལས་གསང་སྔགས་དང་། རིག་པ་རྣམས་སྙིང་གར་འཇུག་པར་བྱེད་པ་ཇི་སྲིད་པར་རོ་ཞེས་པར་རོ།། བསྒོམ་པར་བྱེད་པར་བརྟན་པར་བྱས་ནས་སྔར ་གསུངས་པ་ལྟར། ཆུའི་དཀྱིལ་འཁོར་ལ་གནས་ནུས། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱིས་དགུག་པ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ།། སངས་རྒྱས་ཀུན་ཉིད་ཞེས་པ་ནི་རྣམ་པར་སྣོང་མཛད་ལེ ་སོགས་པའི་དེ་བཞིན་གཤེགས་པ་ཉིད་དོ།། ཡི་གེ་ཞེས་པ་ནི་ཨ་ཡིག་གོ། དེ་ཉིད་ཅེས་པའང་དེ་ཁོ་ནའོ།། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་རྣམས་ཀྱིས་གཙུག་ཏོར་རྣམས་ཀྱིལ་འཁོར་གསལ་བ་དང་། སྔགས ་ཀྱི་མཛོད་སྒྲུབ་ཐབས་ཀྱི་ལེའུ་གསལ་བར་བྱེད་དོ།། དེ་ལ་འཁོར་ལོས་སྦྱར་བའི་སྒྲུབ་ཐབས་བསྟན་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དུ་མཐུན་སྒྲུབས་ནས ་དེའི་གཟུགས་སོ།། དེ་ཇི་ལྟར་བཅོམ་ལྡན་འདས་རྒྱན་དང་བཅས་པ་དར་ལའི་སྟོང་གཡོགས་དང་སྨད་གཡོགས་དང་རིན་པོ་ཆེ་ལྔའི་ཅོད་པན་དང་། ཏིང་ངེ་འཛིན་ལ་གནས་པ་དེ་བཞིན་དུ། འདིའང་སངས་རྒྱས་དེའི་གཟུགས ་འཆང་བའི་ཕྱི་ཞེས་གསུངས་སོ།། རིག་པའི་རྒྱལ་པོའི་གཟུགས་ཞེས་ཁྱད་པར་གཞན་བསྟན་པ་གསུངས་པ། འཁོར་ལོའི་ཕྲེང་བས་རྣམ་པར་བརྒྱན་ཞེས་པ་འབར་བའི་ཕྲེང་བ་རབ་ཏུ་གསལ་བར་འཆང་བ་འཆད་པར ་འགྱུར་བའི་འབར་བ་དང་བཅས་པའི་འཁོར་ལོའི་ཕྲེང་བའོ།། མཐུའ་རུ་རིན་ཆེན་བདུན་ཞེས་པ་ནི་བདུན་གྱིས་དབུས་སུ་འཁོར་ལོ་རིན་པོ་ཆེའོ།། དེའི་གཡས་དང་གཡས་ཡིན་དག་ཏུ་ཁྱིམ་བདག་དང་། བློན་པོ་དང་། ་གླང་པོ་དང་། བཅོམ་ལྡན་འདས་དེ་བཞིན་དུ་རིམ་པས་བུད་མེད་དང་ཡིད་བཞིན་གྱི་ནོར་བུ་དྲང་། མྱུ་འགྲོ་རིན་པོ་ཆེ་གཞན་རྣམས་ཀྱང་ངོ་།། ཏིང་ངེ་འཛིན་དང་། དྲན་པ་དང་། ཤེས་རབ་དང་། དགའ་བ་དང་། བརྩོན ་འགྲུས་དང་། བཏང་སྙོམས་དང་ཤིན་ཏུ་སྦྱངས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་གི་རིམ་པས་དེ་བྱིན་གྱིས་བརླབས་པའི་དབང་དུ་བྱས་པའོ།། གཡས་པའི་གུང་མོ་གྱེན་དུ་བསྒྲེངས་པས་གཟུང་བའི་འཁོར་ལོར་ཀུན་ཏུ ་རྟོགས་པར་བྱའོ།། དེ་གསུངས་པར་འགྱུར་རོ་ཞེས་པའོ།། དཀྱིལ་འཁོར་གྲུ་བཞི་པའི་དབུས་སུ་ཇི་སྐད་དུ་གསུངས་པའི་འཁོར་ལོའི་ཕྲེང་བ་དེ་ལ་བསྡུས་པ་ལ་སོགས་པ་བྱས་ནས་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་དོན་དུ་དེ་དང་གཉིས ་སུ་མེད་པར་གྱུར་པས་གསེར་ལ་སོགས་པའི་འཁོར་ལོ་ལ་སོགས་པ་བསྒོམ་པར་བྱའོ།། ཞེས་པའོ།། ཕྱག་རྒྱ་ཞེས་པ་ནི་འཁོར་ལོའི་ཕྱག་རྒྱའོ།། ཕྲ་མོ་ཞེས་པ་ནི་ཕྲ་མོ་ཉིད་དོ།། ཚོ་དང་ནི་ཆེན་པོ་ཉིད་དོ།། དབང་ཕྱུག་ནི་ཁྱབ ་བདག་གོ། དང་དབང་ནི་དབྱང་ཕྱུག་དུ་གྱུར་པའོ།། དངོས་དགུར་སྤྱོད་པ་ནི་ཅི་ལྟར་འདོད་པ་བཞིན་སྤྱོད་པའོ།། ཨོཾ་སརྦཱ་ཏེ་ཐཱ་ག་ཏཱ་ག་ཏོ་ཨུཥྞཱི་ཥཾ་ཞེས་པ་ལ་སོགས་པ་རྣམས་ཀྱིས་རྩ་བའི་སྔགས་ཀྱིས་སྤྱི་བོ་ལ་སོགས་པ་བྱིན ་གྱིས་རློབ་པའོ།། སྙིང་པོ་སྙིང་པོ་དང་མཆོག་སྙིང་པོ་ཡང་ནུ་མའི་བར་དུ་ཡི་གེའི་གོང་བུ་དང་སྙིང་གའི་འཁོར་ལོའི་ལྟེ་བ་ལ་རབ་ཏུ་བཞག་ནས་བཟླས་པ་བསྡམ་པར་བྱའོ།། དེ་ནས་གཟི་བརྗིད་ཕུང་པོ་སྒྲུབས་ཐབས་ཉེ་བར ་བསྟན་པ་གསུངས་པ། ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་སྟེ། གྲུ་བཞི་པས་ལྗང་གུ་སྒྲར་མ་ལ་སོགས་པས་རྣམ་པར་མཛེས་པ་སྟེ། ནམ་མཁའི་དཀྱིལ་འཁོར་ལ་མོས་པར་བྱའོ།། གཉིས་སུ་མེད་འབྱུང་ནི་གཉིས ་སུ་སྐྱེ་བ་ཡོད་པ་མ་ཡིན་པའི་རྣམ་པས་བསམ་པར་བྱའོ།། འཁོར་ལོས་སྒྱུར་བ་མཆོག་ཏུ་འབར་ནི་དེ་དང་མཚུངས་པའོ།། འཁོར་ལོའི་དཀྱིལ་འཁོར་དབུས་གནས་པར། ཞེས་པ་ཉི་མའི་དཀྱིལ་འཁོར་གྱི་དབུས་གནས་པའི ་འཁོར་ལོའི་ལྟེ་བ་ལ་གནས་པའོ།། ཆར་ཀ་ལྟ་བུ་ཞེས་པ་ནི་དམར་པོའོ།། ཕྱག་རྒྱ་ཞེས་པ་ནི་གཙུག་ཏོར་གྱི་ཕྱག་རྒྱའོ།། དེ་ན་མཁའ་ལྟ་བུར་སྙིང་གར་བསྒོམ་པའོ།། རྩ་བའི་སྔགས་ལ་སོགས་པ་རྣལ་འབྱོར་དང་བྲལ་བ་ཡང ་ཇི་ལྟ་བ་བཞིན་གྱི་རྣལ་འབྱོར་ནི་ཐམས་ཅད་དུ་སྔར་བཞིན་དུ་བལྟ་བར་བྱའོ།། བསམ་པར་བྱ་བ་ཐམས་ཅད་ཇི་ལྟ་ཇི་བཞིན་པའི་རྣལ་འབྱོར་གཟི་བརྗིད་ཕུང་པོ་ལ་སོགས་པ་རྣམས། འཁོར་ལོས་བསྒྱུར་བ་བཞིན་དུ་རྒྱུན ་ལ་སོགས་པ་དང་ལྡན་པར་ཀུན་ཏུ་རྟོགས་པར་བྱའོ།། ཀུན་ནས་སྣང་ངོའི་སྦུབས་ཐབས་བསྟན་པ་ཀུན་ནས་སྣང་བ་ཞེས་པ་ལ་སོགས་པ་གསང་སྔགས་ཡི་གེ་གསུམ་ཞེས་པ་ཡི་གེ་གསུམ། གཙུག་ཏོར་འབོགས ་ཤིང་འོད་གསལ་བཱ་ཞེས་པ་ནི་གཙུག་ཏོར་རྒྱུན་དུ་བྱུང་ཞིང་འོད་གསལ་བའོ།། དེར་རང་བདག་ཉིད་དེ་ལྷའི་གཟུགས་ཀྱིས་སོ།། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ་སོགས་པ་ཆོས་ཀྱི་འཁོར་ལོའི་སྒྲུབ་ཐབས ་གསུངས་པ། རྣམ་པ་བཅུ་གཉིས་ཉིད་གསལ་བར་གསུངས་པ། རྣམ་གསུམ་ཞེས་པ་ལ་སོགས་པ་སྟེ། འདི་ནི་སྡུག་བསྔལ་བདེན་པའོ་ཞེས་བྱ་བ་ལ་སོགས་པོ་སྟེ། འདི་ནི་སྡུག་བསྔལ་བདེན་པའོ་ཞེས་བྱ་བ་ལ་སོགས་པ་ཅན་ནི་རྣམ ་གསུམ་མོ།། དེ་རྣམས་ཁོ་ན་ལན་གསུམ་དུ་བསྐོར་བས་ཡོངས་སུ་བསྐོར་བ་གསུམ་མོ།། ཐེག་པ་གསུམ་ནི་ཉན་ཐོས་ལ་སོགས་པའི་ཐེག་པའི་དབྱེ་བས་སོ།། ཆོས་ཀྱི་དབྱིངས་ཞེས་པ་ནི་ན་མཁའི་དབྱིངས་སོ།། དེ་ཁོ་ན་ཉིད་དུ་རྣམ་པར ་བཞག་པ་ཅི་ཞིག་བསྒོམ་པར་བྱའོ་ཞེ་ན་གསུངས་པ། རྟེན་ཅིང་ཞེས་པ་ལ་སོགས་པའོ།། ཆོས་ཀྱི་ཕྱག་རྒྱ་ཆེ་ཉེས་པ་ནི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཆེན་པོའོ།། དེ་ཉིད་སངས་རྒྱས་བྱང་ཆུབ་ཏེ། དེའི་རབ་ཏུ་སྒྲུབ་པར་བྱེད་པའོ།། ཉོན་མོངས་རྡོ ་རྗེའི་སྒྲུབ་ཐབས་སྟོན་པར་བྱེད་པའི་ཕྱིར་པདྨ་རཱ་གཱ་མཚུངས་ཞེས་པ་ལ་སོགས་པ་གསུངས་པོ་རྣལ་འབྱོར་སྦྱོར་བའི་མཆོག་ཞེས་པ་ལྷའི་རྣལ་འབྱོར་མཆོག་ཏུ་འཕགས་པ་རྡོ་རྗེའི་གཟུགས་བརྙན་འབར་པོ་རྡོ་རྗེའི་ཉོན་མོངས་པ ་སྲེག་པོར་བྱེད་པའོ།། དགྲ་ལོས་རྒྱལ་པོར་བྱེད་པ་ནི་སྡུག་བསྔལ་ལ་སོགས་པའི་བདེན་པའི་ཡེ་ཤེས་ཐོབ་པོར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་སྒྲུབ་ཐབས་བསྟན་པ་དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ ་ལ་སོགས་པ་གསུངས་པ་དབང་ཆེན་གྱི་དཀྱིལ་འཁོར་དུ་རྡོ་རྗེ་ལ་གནས་པའི་སངས་རྒྱས་ཀྱི་གཟུགས་ཅན་དེའི་ང་རྒྱལ་གྱི་བདུད་བཞི་ལས་རྒྱལ་བར་ལྷག་པར་མོས་ནས་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་པོ་དེ་བཞིན ་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་བདག་ཉིད་ཐམས་ཅད་གཟུང་ནས་གཉིས་སུ་མེད་ཅིང་སྐྱེ་བ་མེད་པའི་རྣམ་པས་བསྒོམ་པར་བྱ་ཞིང་བསྒྲུབ་པར་བྱའོ།། གཙུག་ཏོར་གྱོན་འཕགས་ཀྱི་སྒྲུབ་ཐབས་ཉེ་བར་བསྟན་པ་དངོས་པོ ་ཐམས་ཅད་གྱེན་འཕགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དངོས་པོ་ཐམས་ཅད་གྱེན་དུ་འཕགས་པ་ཞེས་པ་ནི་ཆོས་ཐམས་ཅད་དོན་དམ་པར་བསྒོམ་པས་བསྐྱེད་པའོ།། དཀྱིལ་འཁོར་ཆེན་པོ་ནི་དབང་ཆེན་གྱི་དཀྱིལ ་འཁོར་རོ།། དེ་ལ་གནས་པའི་རྡོ་རྗེའི་བདག་ཉིད་དེ། གང་གིས་ཐམས་ཅད་རྡོ་རྗེ་རྡོ་རྗེའི་བདག་ཉིད་དོ།། གདུགས་དཀར་པོའི་སྒྲུབ་ཐབས་བསྟན་པ་གདུགས་དཀར་ཞེས་བྱ་བ་ལ་སོགས་པ་གསུངས་པ་གདུགས་ཆེན་པོ་ཞེས ་པ་ནི། གསུངས་ཆེན་པོ་དཀར་པོ་ཚད་པ་སྐྱོབ་པ་དེ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བསྒོམ་པ་དེས་དངོས་གྲུབ་ཞེས་པ་དང་སྦྲེལོ།། ཅི་བསྒོམ་པར་བྱ་ཞེ་ན་གསུངས་པ། ཆུའི་ཞེས་པ་ལ་སོགས་པ་སྟེ། དེ་གསུང ་བར་འགྱུར་བ་ཆུའི་དཀྱིལ་འཁོར་དུ་རེ་ཁཱ་བདུན་གྱིས་བསྐོར་བའི་དབུས་སུ་གནས་པའི་པུཎྜ་རཱི་ཀ་ལ་གནས་པར་བསྒོམ་པར་བྱའོ་ཞེས་སོ།། སྔགས་རྣམས་ནི་གསལ་བའི་དཀྱིལ་འཁོར་ལ་དགོད་པར་བསྟན་པ་སྔགས་ཀྱི་ཡོཾ་གྲེ ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གཙུག་ཏོར་རྒྱལ་བའི་སྒྲུབ་ཐབས་ངེས་པར་བསྟན་པ་འབར་བའི་ཕྲེང་འཁྲུགས་ཞེས་བྱ་བ་ལ་སོགས་པ་གསུངས་པ། རང་ཉིད་གཙུག་ཏོར་རྒྱལ་བའི་རྣལ་འབྱོར་དང ་ལྡན་པས་དེའི་ང་རྒྱལ་གྱིས་སྙིང་གའི་ཟླ་བའི་རལ་གྲི་ལ་གནས་པའི་སྔགས་ཀྱི་ཡི་གེ་ངེས་པར་བྱུང་བས་རྒྱལ་བའི་གཙུག་ཏོར་གྱི་གཟུགས་ཀྱི་ཚོགས་ཀྱིས་ན་མཁའི་མཐོངས་རྣམས་བཀང་ལྷོ་གཅིག་ཏུ་དམིགས་ནས ་བསྒོམ་པར་བྱ་ཞིང་བསྒྲུབ་པར་བྱའོ།། ཀུན་ཏུ་གཙུག་ཏོར་གྱི་སྒྲུབ་ཐབས་ངེས་པར་བསྟན་པ་སངས་རྒྱས་ཀུན་དང་གཉིས་མང་ཞེས་བྱ་བ་ལ་སོགས་པ་གསུངས་པ། དེ་དག་འཆད་པར་འགྱུར་རོ།། སེང་གེའི་ཁྲི་ལ་བཞུགས་པ་ཇི་ལྟར ་རང་གི་དཀྱིལ་འཁོར་གྱི་རྣམ་པས་ལྷ་དང་གཉིས་སུ་མེད་པར་བསྒོམས་ཏེ། སྙིང་གར་རང་གི་སྔགས་འབར་བར་རྣམ་པར་བགོད་དེ། བསྒོམས་པས་ཀུན་གྱི་གཙུག་ཏོར་སྒྲུབ་པར་བྱའོ། ས་བྱའོ།། ཀུན་གྱི་གཙུག་ཏོར་གྱི་སྒྲུབ་པའི ་མཐར་ཐུག་པ་འདིས་ནི་ཞེས་པ་ཀུན་གྱི་གཙུག་ཏོར་གྱི་སྒྲུབ་ཐབས་སོ།། ཡི་གེ་དྲུག་པའི་གཙུག་ཏོར་གྱི་སྒྲུབ་ཐབས་ཞེས་པ་ཇི་སྲིད་པའོ།། རྡོ་རྗེ་སྙིང་པོ་རྒྱན་དུ་གཙུག་ཏོར་རྣམས་ཐམས་ཅད་ཀྱི་སྒྲུབ་ཐབས་རྣམ་པར་འབྱེད་པའོ།། ་ད་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔགས་ལ་སོགས་པའི་ཆོ་ག་རྒྱས་པར་བསྟན་པ་དང་། དཀྱིལ་འཁོར་གསལ་བར་བྱེད་པ་གསུངས་པ། བདག་ཉིད་བྱིན་གྱིས་བརླབས ་བས་ནི་དེ་རྣམས་བཅུག་སྟེ། བཅོམ་ལྡན་འདས་རང་གི་ཡོན་ཏན་ཉིད་དུ་བྱིན་གྱིས་བརླབས་སོ་ཞེས་པའོ།། འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་ཉེ་བར་བསྟན་པ་ཤེས་རབ་ཡེ་ཤེས་བྱ་བ་ལ་སོགས་པ་གསུངས་པ། ཤེས་རབ་ཡེ ་ཤེས་ཁོ་ན། རྡོ་རྗེ་ཆེན་པོ་སྟེ་རྡོ་རྗེ་རྩེ་ལྟེ་བ་སྟེ། སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་བསྒོམ་པར་བྱའོ།། མཐས་ཀླས་པ་ལ་གནས་པ་ནི་འོད་གསལ་བའི་དཀྱིལ་འཁོར་རོ།། དབང་ཚོན་མེ་ལ་ཡང་དག་འབྱུང་བ་ནི་དབང་ཆེན་ལ་གནས ་པའི་མེའི་དཀྱིལ་འཁོར་ལ་གནས་པའོ།། མངོན་ཤེས་དྲུག་པ་ཉིད་ཀྱིས་ཞལ་དྲུག་པའོ།། སྔགས་ཀྱི་ཡི་གེ་དྲུག་ཉིད་ཀྱིས་ཡི་གེ་དྲུག་པའོ།། རྗེས་སུ་དྲན་པ་དྲུག་གི་རྣལ་འབྱོར་གྱིས་ཕྱག་དྲུག་པ་སྟེ། གཉིས་ཀྱིས་བགྲང་ཕྲེང་དང་ཆུ་སྐྱེས ་སྔོན་པོ་ལ་བསྣམས་པའོ།། གཉིས་ཀྱི་རྗེ་དང་གསོང་པོ་སྣམས་གགཏས་གྱི་སྟེ་དང་མེང་བ་སྣ། ཡང་ན་ཞེས་བྱ་བ་ལ་སོགས་པ་འདི་ཁོ་ནའི་ཏིང་ངེ་འཛིན་ནི་གཞན་སྟོན་པར་བྱེད་དོ།། འདིས་ཞལ་གཅིག་པར་ཡང་བརྗོད་པར་བྱེད་དོ།། བསམ་བྱ་ཞེས ་པ་ཀུན་ནས་མངོན་དུ་བྱའོ།། རྣམ་ཐར་གསུམ་གྱི་སྒོ་ལ་གནས་ཞེས་པ་ནི་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་གསུམ་ནི་ཞལ་ལོ།། ཕ་རོལ་ཕྱིན་དྲུག་མཆོག་དུ་གསལ་ཞེས་པ་ནི་རིམ་པ་ལས་ཨ་ལ་སོགས་པཽ་ཕ ་རོལ་ཕྱིན་པའི་ཡི་གེའོ།། ཅི་ལྟར་བསྒོམ་པར་བྱ་ཞེས་ནི་ཤེས་རབ་ང་ཞེས་པ་ལ་སོགས་པ་དེ་འཆད་པར་བྱེད་དོ།། ཇི་ལྟར་དཀྱིལ་འཁོར་དུ་གདན་ལ་འདུག་ནས་ལྷའི་རྣལ་འབྱོར་བྱས་པ་དེའི་ང་རྒྱལ་ལམ་དེ་ཁོ་ན་ཉིད་སྔོན་དུ་བྱེད་པ ་སྔོན་འགྲོ་བས་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ་ཞེས་པའོ།། པདྨ་ར་ག་ཞེས་པ་ལ་སོགས་པ་རྣམས་ཀྱིས་འཇམ་དཔལ་སྟོན་པར་བྱེད་དོ།། འདི་ཡང་རལ་གྲི་འཛིན་པ་ཚངས་པར་སྤྱོད་པའི་རང་བཞིན་ནོ།། མུཿཡིག ་ཀྱང་འདིའི་སྔགས་སོ།། དང་པོར་ནི་ཤེས་རབ་ཀྱི་གཟུགས་སོ།། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཉེ་བར་བསྟན་པ་སྙིང་གེར་ཞེས་པ་ལྀ་སོགས་པ་གསུངས་པ་སྙིང་གར་པདྨ་འང་བ་མོ་བརྒྱད་ལ་གནས་པའི་ཟླ་བའི ་དཀྱིལ་འཁོར་ལ་གནས་པའི་པདྨ་འཆང་བའོ་ཞེས་རྟོགས་པར་བྱས་པའོ།། ཕྱག་བཞི་ཞེས་པ་ནི་གཉིས་པདྨ་ཁ་འབྱེད་ཅིང་སྙེམས་པ་འཆང་བའོ།། གཉིས་ཀྱིས་པདྨའི་བགྲང་ཕྲེང་དང་རིལ་པ་སྤྱི་བླུགས་འཛིན་པའོ།། གཡོན ་པ་དག་པདྨ་དང་རིལ་པ་སྤྱི་བླུགས་སུ་འཛིན་པའོ།། གཡས་པོ་དྲག་དབྱུག་པ་དང་བགྲང་ཕྲེང་གི་སྲུང་བུ་འཛིན་པའོ།། རི་དྭགས་ཨེ་ཎེ་ཡའི་པགས་པ་འཕྱང་བ་ཚུར་ནི་དཀྱིལ་འཁོར་ཆེན་པོ་ལྀ་ཞེས་པ་ཟླ་བའི་དཀྱིལ་འཁོར ་ལའོ།། ཆོས་ཀྱི་དབྱིངས་ལསཽ་ཡིད་དག་བྱུང་སྟེ། སྟོང་པ་ཉིད་ལས་ངེས་པར་སྐྱེས་པའོ།། སྙིང་ཁར་ཡོངས་སུ་བསྒོམ་པར་བྱ་ཞེས་པ་ནི་སྙིང་ཁར་ཟླ་བ་ལྀ་པདྨ་འབར་བའི་ཕྲེང་བ་འཁྲུགས་པ་ནི་འབར་བའི་ཕྲེང་བ ་རབ་ཏུ་གསལ་པོས་བསྐོར་བའོ།། འཇིག་རྟེན་གསུམ་རྒྱལ་བསྟན་པ་ཆོས་ཀྱི་དབྱིངས་ཞེས་པ་ལ་སོགས་པ་གསུངས་པ། སྟོང་པའི་དངོས་པོ་ནི་རབ་ཏུ་གསལ་བའོ།། མི་སྣང་བའི་དངོས་པོ་ནི་མི་སྣང་བའོ།། དེ་བཞིན་དུ ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྐུ་རྣམས་ཀྱི་སྤྲོས་ནས་མདུན་དུ་ཡང་དག་པར་བསྡུས་ནས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་དགུག་པ་ལ་སོགས་པ་ཅན་དུ་བྱས་ལ་ཡང་དང་ཡང་དུ་བསྒོམས་པས་བསྒྲུབ ་པར་བྱའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་བསྟན་པ་ཐམས་ཅད་རྡོ་རྗེའི་རང་བཞིན་ཞེས་པ་ལ་སོགས་པ་གསུངས་པ། ཐམས་ཅད་རྡོ་རྗེའི་འབར་བས་འཁྲུགས་པ་ཞེས་པ་ཇི་སྲིད་པར་རོ།། ནོར་བུ་ཡང་དག་འབྱུང་ཞེས་པ ་པ་ནི་འབར་བ་དང་བཅས་པའི་རིན་པོ་ཆེ་བརྒྱད་པ་དེའོ།། དེའི་ཞེས་པ་ནི་རིན་པོ་ཆེའི་དཀྱིལ་འཁོར་གྱིའོ།། དེ་འདྲ་ཞེས་པ་རིན་པོ་ཆེའི་དཀྱིལ་འཁོར་དང་མཚུངས་པའིའོ།། དེའི་དབུས་སུ་ཇི་ལྟར་ངེས་པར་བསྟན་པ་ནི་རྣམ་པ་བཞིན་གཡོན ་པ་བསྙེམས་པ་དང་བཅས་པ་དང་། གཡས་པས་ཐུགས་ཀར་འབར་བ་དང་བཅས་པའི་རྡོ་རྗེ་གསོར་བའོ།། རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསྒོམ་པར་བྱའོ།། ཐུགས་ཀར་སོན་པའི་ཞེས་པ་ལ་སོགས་པ་རྣམས་ཀྱིས་འདོད་པའི། ་རྒྱལ་པོའི་སྒྲུབ་ཐབས་བསྟན་པར་བྱེད།། ཁྲག་མདོག་དམར་པོ་ཕྱག་བཞི་པ་སྟེ། གཉིས་ཀྱིས་གཞུ་དང་མངའ་འཛིན་པ་གཉིས་ཀྱིས་བསྙེམས་པ་དང་བཙོས་པ་དང་། རྡོ་རྗེ་གསོར་བ་ལ་བརྩོན་པའོ།། བྱམས་པའི་སྒྲུབ་ཐབས ་བསྟན་པ་དབང་ཆེན་ཞེས་པ་ལ་སོགས་པ་གསུངས་པ། སྙིང་གར་ཟླ་བའི་གཟུགས་བརྙན་ཞེས་པ་ནི་སྙིང་གར་ཟླ་བའི་དཀྱིལ་འཁོར་འཛིན་པའོ།། རྡོ་རྗེ་འབར་བའི་ཕྲེང་བ་བཅས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་དེ་ཉིད་འབར ་ཕྲེང་དང་བཅས་པའི་རྡོ་རྗེའོ།། གཅིག་པར་བྱས་ནས་ཤེས་པ་ནི་ཁྱབ་པའོ།། རང་བཞིན་ཞེས་པ་ནི་རང་གི་ལུས་ཀྱི་རྡོ་རྗེ་རྣམས་ཀྱིས་སེམས་ཅན་རྣམས་ལ་སྤྲོ་ཞིང་དབང་བསྐུར་རོ།། སེམས་ཅན་ཐམས་ཅད་བདག་ཉིད་དུ་གྱུར་པ ་འདིའོ་ཞེས་པས་སེམས་ཅན་ཀུན་བདག་ཉིད་དོ།། མངོན་པར་དབང་བསྐུར་ཞེས་པ་དབང་བསྐུར་པ་རྫོགས་པར་བྱ་བའི་དོན་ནོ།། ཡང་ན་ཞེས་པ་ལ་སོགས་པས་བསྒོམ་པ་གཞན་སྟོན་པར་བྱེད་དོ།། སེམས་ཅན་རྣམས་ཐམས་ཅད་ལ་བུ་གཅིག་པ ་ལ་སོགས་པར་མོས་ནས་མི་འཕམ་པ་དང་གཉིས་སུ་མེད་པར་གྱུར་པ་དེ་ངའོ་ཞེས་པའི་ང་རྒྱལ་གྱིས་བསྒོམ་པར་བྱའོ།། ཐིམ་པ་ནི་ཡིད་ཀྱིས་གཅིག་ཏུ་དམིགས་པ་ཉིད་དོ།། ལ་སོགས་པའི་སྒྲས་དམིགས་པ་དག་གཞན་འཕོ་བའོ།། ཕྱོགས ་ཀྱི་དབྱེ་བས་ཞེས་པ་ནི་ཕྱོགས་གཅིག་ཏུ་ལྷག་པར་མོས་ནས་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སོ།། པདྨ་ར་གཽ་མཚུངས་པའི་འོད་ཞེས་པ་ནི་དེའི་ཁ་དོག་གི་དཀྱིལ་འཁོར་རོ།། དང་པོའི་རྣལ་འབྱོར་ཞེས་པ་ལ་སོགས་པ་རྣམས་ཀྱིས་འདིའི ་སྔགས་ཀྱི་སྔོན་གྱི་ཏིང་ངེ་འཛིན་གྱི་རབ་ཏུ་སྦྱོར་བ་ཉིད་སྟོན་པར་བྱེད་དོ།། གཉིས་པ་ཡི་ནི་ཕྱི་མ་ཅན་དུ་བལྟ་བར་བྱའོ།། བྱམས་པའི་རྣལ་འབྱོར་གྱིས་ཞེས་པ་ནི་བྱམས་པའི་ཏིང་ངེ་འཛིན་གྱིས་སོ།། ན་མཁའི་སྙིང་པོའི་སྒྲུབ་ཐབས་བསྟན་པ་ནམ ་ང་ཞེས་པ་ལ་སོགས་པ་གསུངས་པ་སྟེ། ཡང་དག་བསམ་ཞེས་པ་ནི་ལྷག་པར་མོས་ནས་སོ།། ཆོས་བདག་མེད་པ་བསྐྱེད་པ་ཞེས་པ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་མངོན་དུ་བྱས་ནས་སོ།། ན་མཁའི་འོད་ཟེར་རྣམས་ནི་བཻ་ཌཱུ་རྱའི་འོད་ཟེར ་རྣམས་སོ།། ནམ་མཁའ་མཉམ་པ་ཞེས་པ་ནི་རང་བཞིན་གྱིས་སོ།། བདག་གི་དེ་ཉིད་ཞེས་པ་ནི་ནམ་མཁའི་སྙིང་པ་ཉིད་དོ།། ཅི་འདྲ་ཞིག་བསྒོམ་པར་བྱ་ཞེ་ན། རིན་ཆེན་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་པ། རིན་ཆེན་རྣལ་འབྱོར་གྱིས ་ཤེས་པ་རིན་པོ་ཆེ་སྤྲོ་བ་དང་བསྡུ་བའི་རིམ་པས་སོ།། ཀུན་ཏུ་བཟང་པོའི་སྒྲུབ་ཐབས་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་རང་བཞིན་ཞེས་པ་ལ་སོགས་པ་གསུངས་པ། འོད་བཟང་པོ་ཞེས་པ་ནི་མཛེས་པའི་འོད་དོ།། མཚུངས ་པར་བྱ་ཞེས་པ་ནི་རང་གི་ལུས་ཀྱི་ཕྲ་རབ་ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི་སྐུ་ཉིད་དུ་ཡོངསུ་གྱུར་པོར་བྱའོ།། དཀྱིལ་འཁོར་འཁོར་ལོ་འཁོར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོའོ།། མཚུངས་བྱ་སྟེ། ཞེས་པ་ནི་རང་གི་བ་སྤུའི ་ཁུང་བུའི་གྲངས་གང་ཡིན་པ་དེ་རྣམས་སུ་གནས་པས་མཉམ་པར་བྱའོ།། འོདི་ཉིད་ཞེས་པ་ནི་རིང་གི་མི་ངོ་ཉིད་དོ།། སྒྲིབས་པ་ཐམས་ཅད་རྣམ་པར་སེལ་བའི་བསྒྲུབ་ཐབས་བསྟན་པ་ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ ་གསུངས་པ། སྔགས་ཀྱི་སྦྱོར་བ་ཞེས་པ་ནི་གསང་སྔགས་ཀྱི་དོན་སྒོམ་པར་བྱེད་པས་སོ།། ཐ་མ་ས་ཅད་བསྒོམ་པར་སྦྱོར་བ་ཡིས།། ཞེས་པ་ལྷ་དང་བཅས་པའི་རིང་གི་གཟུགས་མངོན་དུ་བྱེད་པ་ཡིས་སོ།། ཕྱག་རྒྱ་ཀུན་གྱི ་ཞེས་པ་ནི་སྐུ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་སོ།། ཐམས་ཅད་དུ་ཞེས་པ་ཐམས་ཅད་ཀྱིས་སོ།། མཚུངས་བྱས་ནས་ཞེས་པ་ནཱི་མ་སྐྱེས་པ་ལ་སོགས་པའི་རང་བཞིན་གྱི་བདག་དང་རང་གི་ལྷ་ཐ་མི་དད་པར་བྱས་ནས་སོ།། རྗེས་སུ ་རྣལ་འབྱོར་གྱིས་ཞེས་པ་ནི་ལྷ་ནང་དུ་བཅུག་ནས་དེའི་ང་རྒྱལ་གྱིས་སོ།། མེའི་ཡོངས་སུ་བསྐོར་བ་ཞེས་པ་ནི་མེ་ལ་དབང་ཆེན་དུ་དེ་ཟླ་བ་ལ་གནས་པའོ།། སའི་སྙིང་པོའི་སྒྲུབ་ཐབས་བསྟན་པ་དབང་ཆེན་དང་ཞེས་པ་ལ ་སོགས་པ་གསུངས་པ། རྡོ་རྗེའི་ནི་དབུས་ན་གནས་ཞེས་པ་དབང་ཆེན་དང་རྡོ་རྗེ་དེ་ལ་པདྨ་གནས་པའོ།། དེའི་ཕྱག་རྒྱ་སྙིང་གར་གནས་ཞེས་པ་ནི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་ཕྱག་རྒྱའོ།། བློ་གྲོས་མི་ཟད་པའི ་སྒྲུབ་ཐབས་ཉེ་བར་བསྟན་པའི་ཕྱིར་མི་ཟད་ཞེས་པ་ལ་སོགས་པ་གསུངས་པ། འདིས་འདི་དག་སྟོན་པར་བྱེད།། དེ་བཞིན་གཤེགས་པའི་ཟད་པ་མེད་པ་ཟུག་པ་མེད་པའི་དབྱེར་མེད་པའི་ཤེས་རབ་ཀྱི་རང་བཞིནི་འདིས་བཅོམ་ལྡན ་འདིས་སོ།། མེའི་དཀྱིལ་འཁོར་ནི་མེ་ལྷའི་དཀྱིལ་འཁོར་དེ་ལ་ཟླ་བ་ལ་གནས་པར་བསམ་པར་བྱའོ།། ན་མཁའ་མཛད་ཀྱི་སྒྲུབ་ཐབས་བསྟན་པ་ཐམས་ཅད་གཏོང་བ་ཞེས་པ་ལ་སོགས་པ་གསུངས་པ། མེ་ལོང་ལྟ་བུར་བྱང་ཆུབ་སེམས ་ཞུས་པ་ནི་ཟླ་བའི་དཀྱིལ་འཁོར་རོ།། རྡོ་རྗེའི་རྣལ་འབྱོར་བདགྲ་ཞེས་པ་ནི་ལྷ་དང་དབྱེར་མི་ཕྱེད་པའི་ང་རྒྱལ་ཅན་ནོ།། མཁའ་ལ་རིན་ཆེན་འབྱུང་གནས་ཤེས་པ་སྟོང་པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་རིན་པོ་ཆེའི་མཚན་མ་རྨད་དུ་བྱུང ་བའོ།། ལག་ན་རིན་ཆེན་གྱི་སྒྲུབ་ཐབས་ཉེ་བར་བསྟན་པ་རིན་ཆེན་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་པ། རིན་ཆེན་དཀྱིལ་འཁོར་ལས་བྱུང་ཞེས་པ་རིན་པོ་ཆེའི་འོད་ཟེར་འབར་བ་ལས་རྫོགས་པ། རིན་པོ་ཆེའི་གཟི་བརྗིད་ཀྱི ་མཆོག་རིན་པོ་ཆེའི་འོད་གསལ་བའི་དཀྱིལ་འཁོར་རོ།། རྡོ་རྗེའི་རྣལ་འབྱོར་གྱིས་ཤེས་པ་རང་ལྷ་དང་དབྱེར་མི་ཕྱེད་པའི་རབ་ཏུ་སྦྱོར་བས་སོ།། དབང་ཆེན་མེ་ལས་ཡང་དག་འབྱུང་།། ཞེས་པ་དབང་ཆེན་གྱི་དཀྱིལ་འཁོར་ལ་གནས ་ལ་གནས་པའི་མེའི་དཀྱིལ་འཁོར་ལ་རྣམ་པར་གནས་པའོ།། བློ་གྲོས་རྒྱ་མཚོའི་སྒྲུབ་ཐབས་ཉེ་བར་བསྟན་པ་ཆོས་དབྱིངས་ཞེས་པ་ལ་སོགས་པ་གསུངས་པ། ཆོས་དབྱིངས་མཉམ་པ་ཞེས་པ་དོན་དམ་པ་གཉིས་སུ་མེད་པའོ།། བདུད ་རྩིའི་ཆུ་ཡིས་ཡོངས་སུ་བཀང་ཞེས་པ་ནི་ཀུན་རྫོབ་ཏུ་བདུད་རྩིའི་རང་བཞིན་གྱི་མཚོའོ།། དེར་པདྨ་གཅིག་རྣམ་པརོ་གནས་པའོ།། ཆུ་ལྷའི་ལུས་ཞེས་པ་ནི་ཆུ་ལྷའི་དཀྱིལ་འཁོར་རོ།། རྩེ་མོ་བརྒྱུད་པ་བྱུང་ཞེས་པ་ནི་རྩེ་མོ་བརྒྱད་དང ་སྣུན་པའོ།། རྡོ་རྗེ་སྙིང་པོའི་སྒྲུབ་ཐབས་བསྟན་པའི་ཕྱིར། དབང་ཆེན་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་གང་ལ་སོགས་པར་སྤྲོན་གཎྜཱིག་ཅིང་མཐོ་བ་ཞེས་པ་ནི་སྤྲིན་བཞིན་དུ་མཐོ་བའོ།། སྙིང་གར་རྡོ་རྗེ་ཞེས་པ ་ནི་སྙིང་གར་ཟླ་བ་ལ་རྡོ་རྗེ་དང་བཅས་པའོ།། དགུག་ཞེས་པ་ལ་སོགས་པས་གཉིས་སུ་མེད་པ་ཉིད་དུ་བསྟན་ནོ།། ཞེས་པའོ།། རྡོ་རྗེ་ང་ཞེས་པ་སྟེ་རྡོ་རྗེ་སྙིང་པོ་ངའོ།། བདག་གིས་རྣལ་འབྱོར་གྱིས་ཤེས་པ་ནི་དེ་དང་གཉིས་སུ་མེད་པའི ་རྣལ་འབྱོར་གྱིས་སོ།། རྡོ་རྗེ་ཉིད་གྱུར་ཞེས་པ་ནི་རྡོ་རྗེ་སྙིང་པོའོ།། རྩེ་མོ་དྲུག་ཞེས་པ་ནི་གཉིས་ཀར་དུ་རྩེ་མོ་གསུམ་པ་ཅན་ནོ།། རིན་ཆེན་འབྱུང་གནས་ཀྱི་སྒྲུབ་ཐབས་བསྟན་པ་དབང་ཆེན་མེ་ལྷ་ཞེས་པ་ལ་སོགས་པ་གསུངས་པ། གནས ་ནས་བཱ་ནཱ་བདྨ་གནས་ལ་ནོར་བུ་དང་ཟླ་བར་དཀྱིས་ཡུ་བར་ཛྲ་གདན་སྩའོ།། མཁའ་འདྲའི་རྣམ་པ་ཞེས་པ་ནི་བཌཱུཙྪ་རྣམ་པར་ར།། སྙིང་གུར་གནས་ནས་བཱ་ན་སྙིང་གུར་ཟླ་བའི་དཀྱིལ་འཁོར་ལ་གནས་པར།། ་རིན་ཆེན་རྣལ་འབྱོར་གྱིས་ཞེས་པ་ནི་རིན་ཆེན་འབྱུང་གནས་དང་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་སོ།། ཐམས་ཅད་རྣལ་འབྱོར་གྱིས་ཞེས་པ་ནི་རིན་པོ་ཆེ་ཐམས་ཅད་ཀྱི་ཆར་འབེབས་པའི་སྦྱོར་བས་སོ།། རྡོ་རྗེ་སྙིང་པོ་རྒྱན ་དུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྒྲུབ་ཐབས་རྣམ་པར་འབྱེད་པའོ།། ཁྲོ་བོ་དང་གཟུགས་ཐམས་ཅད་ཀྱི་ཕྱག་རྒྱ་དང་དཀྱིལ་འཁོར་ཉེ་བར་བསྟན་པ། དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་གསུངས་པ ་མེ་ལྷའི་དབུས་ནས་དབུས་སུ་ཞེས་པ་ནི་རླུང་གི་དཀྱིལ་འཁོར་གྱི་དབུས་སུ་མེ་ལ་ཁྲོ་བོ་ཐམས་ཅད་ཅེས་པ་གཡསཽ་བརྐྱང་དང་གཡོན་བརྐྱང་གིས་ཀུན་ནས་གནས་པ། མདུང་དང་དབྱུག་པ་ལ་སོགས་པས་རབ་ཏུ ་འཇོམས་པར་བྱེད་པའི་རང་གི་རང་བཞིན་ཅན་ནོ།། གང་འདིའི་དཀྱིལ་འཁོར་དུ་རྡོ་རྗེ་ཧཱུཾ་མཛད་ལ་སྩོགས་པ་རྣམས་ཉེ་བོར་དགོད་པ་ཡི་གེ་གཅིག་ཞེས་པ་ལ་སོགས་པ་གསུངས་པ་ཧཱུ~ཾ་ཡི་གེས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ ་མཛད་དགོད་སྟེ་དེའི་གཟུགས་ནི་འཆད་པར་འགྱུར་བ་ཉིད་ཀྱི་ཕྱིར་འདིར་མ་བསྟན་ཏོ།། དེ་ཉིད་ཞེས་པ་ནི་ཡི་གེ་གཅིག་པའོ།། དབྱངས་བདུན་པ་ནི་ཨེ་ཡིག་སྟེ་ངེས་རྣམ་པར་རྒྱལ་བ་ནི་ཧེ་རུ་ཀའི་སྔགས་སོ།། དཔལ་ཧེ་རུ་ཀ ་ཁོ་ན་རྡོ་རྗེ་ཆེན་པོ་དང་དབྱེ་བར་བྱར་མེད་པ་ཉིད་ཀྱི་ཕྱིར་རོ།། འཇིག་པའི་ཐལ་བ་མཆོག་ཏུ་འབར་ཞེས་པ་ནི་ཟད་པའི་དུས་ཅན་གྱི་ཐལ་བའི་མདོག་གོ།། སྔོན་པོ་འབར་བའི་རང་བཞིན་ཞེས་པ་ནི། འོད་ཟེར་སྔོན་པོའི་དཀྱིལ་འཁོར་རོ།། ་མེ་འབར་གསལ་བའི་དཀྱིལ་འཁོར་ཞེས་པ་ནི། དེ་ཉིད་རབ་ཏུ་གསལ་བའི་དཀྱིལ་འཁོར་འབར་བ་ཡང་དྲག་པར་ཚོགས་པའོ།། འཇིགས་པ་ཆེན་པོའི་དུས་ཅན་གྱི་ཆར་སྤྲིན་དང་ནི་འདྲ་བའི་འོད་ནི་སྐུ་ལའོ།། དེ་ཉིད་ལ་བ་སྤུའི ་ཁུང་བུ་སོ་སོ་རྣམས་སུ་དམར་པོ་འབར་བ་འཁྱིལ་ཅིང་བྲལ་བས་ཀུན་ནས་འབར་བའི་རྡོ་རྗེ་དང་ཐོད་པའི་ཅོད་པན་ཅན། རྒོད་མ་ཁའི་མེ་བཞིན་རྣམ་པར་འཇིགས་པར་བྱེད་པའོ།། རབ་འབར་བར་སྣང་བར་གར་མཛད་པས ་ཞེས་པ་ནི་རབ་ཏུ་འབར་བའི་ལྟ་བས་རྣམ་པར་བསྐྱོད་པར་བྱེད་པ་སེམས་ཀྱིས་སོ།། གཅིག་ཅན་དུ་གྱུར་པས་ཞེས་པ་ནི་གར་གྱིས་མཉེས་པར་བྱས་པ་ཉིད་ཀྱིས་སོ།། དེ་ཉིད་བཅོམ་ལྡན་འདས་རྣལ་འབྱོར་ཏེ་ཞེས་པ་ནི་རྣལ་འབྱོར ་གྱི་དབང་ཕྱུག་ཆེན་པོའོ།། ཕྱག་དྲུག་རྣམས་ཀྱིས་ནི་གཡས་པ་དང་གཡས་མིན་རྣམས་མདུང་དང་དབྱུག་པ་དང་། ཐོད་པ་དང་རྡོ་རྗེ་དང་དགྲ་སྟ་དང་ཧཱུཾ་མཛད་ཀྱི་སོར་མོའི་མཚན་མ་རྣམས་སུ་ཤེས་པར་བྱའོ།། སྙིང་པ ་དང་ཉེ་བའི་སྙིང་པོ་དང་རྩ་བའི་སྔགས་རྣམས་རིམ་པས། ཨོཾ་ཨཱཿཧཱུཾ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་སོ།། ཐུགས་རྗེའི་ཁྲོ་བོ་བློ་ལྡན་ནི་སངས་རྒྱས་དེ་རྣམས་ཀྱི་ངང་ཚུལ་གཞན་དོན་གྱི་མཚན་ཉིད་ཉེ་བར་སྤྱོད་པའོ་ཞེས་པར། ་ཇི་སྲིད་དུ་ཁྲོ་བོའི་གཟུགས་མ་ནི་ཨཱཏྤ་ལ་སྔོན་པོའི་ཁ་དོག་གོ།། དམར་པོ་འབར་བཅས་ནི་འོད་དཀྱིལ་འཁོར་རོ།། སངས་རྒྱས་ཀྱི་ཅོད་པན་ཙནྡ། རྡོ་རྗེ་དང་དབྱུག་པཱ་ལ་སོགས་པའི་མཚན་མ་ཅན་ནོ།། དེའི་ཁྲོ་གཉེར་བསྙེད ་བ་ནི་སྤྲིན་མ་དམར་པོ་གཉིས་གཉེར་བའོ།། སྐད་ཅིག་སྐད་ཅོག་ལ་འབྱིན་པར་བྱེད་པ་བསྒོམ་པར་བྱའོ།། རྡོ་རྗེ་སེམས་དཔའ་ཞེས་པ་དབྱེ་བར་བྱར་མེད་པའི་སེམས་དཔའོ།། ཆུའི་གནས་སུ་མེ་ལ་རྣམ་པར་གནས་པའི་གཡས་པ་དང་། ་གཡས་མིན་དག་གིས་པདྨ་དང་རྡོ་རྗེ་དང་ཧཱུཾ་མཛད་ཀྱི་སོར་མོའི་མཚོན་མ་ཅན་གྱི་བཅོམ་ལྡན་འདས་རྟ་མགྲིན་ནོ།། ཐམས་ཅད་སློང་བ་ཞེས་པའི་སློང་བའི་དངོས་སྒྲུབ་པོ།། ཀུནྡ་སྦྱོར་བདག་གི་རྣལ་འབྱོར་གྱིས་ཞེས་པ་ནི་རྫོགས་པའི ་སངས་རྒྱས་དང་གཅིག་པ་ཅནི་དུ་བསྒོམ་པས་རླུང་གི་གནས་སུ་མེའི་དཀྱིལ་འཁོར་གྱི་དབུས་སུ་སོན་པའི་གཡས་པ་དང་གཡས་མིན་དག་གིས་རལ་གྲི་དང་ཞགས་པ་འཛིན་པའི་བཅོམ་ལྡན་འདས་མཽ་གཡོ་བའོ།། རྡོ་རྗེ་སྙིང་པོ་བརྒྱན ་དུ་ཁྲོ་བོའི་དཀྱིལ་འཁོར་རྣམ་པར་འབྱེད་པའོ།། གཟུངས་མའི་དཀྱིལ་འཁོར་གྱི་སྐབས་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ། གཟུངས་མའི་དབང་ཕྱུག་རྒྱལ་པོ་ཞེས་པ་ནི་རྣམ་པར་སྣང་མཛད་དོ།། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དཀྱིལ་འཁོར་ཉེ་བར་བསྟན་པ་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་ཉིད་རིན་པོ་ཆེ་སྟེ། དེ་རྣམས་ཀྱི་འདབ་མའི་ཕྱི་རྣམས་སུ་བརྒྱན་པའོ།། སྣ་ཚོགས་ལས་འདྲ་འབར་རྣམས་ལ་ཞེས ་པ་འདབ་མ་ཁ་དོག་སྣ་ཚོགས་པ་རྣམས་སུ་ཤེས་རབ་འོད་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་སྒྲུབ་པར་བྱེད་པའི་ཐབས་ཉིད་ཀྱི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྣམས་ཏེ། ཨོཾ་བོ་དྷི་ཙིཏྟ་བཛྲ་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམསོ།། ་ཕྱོགས་ཆའི་དབྱེ་བ་ནི་ཡི་གེ་དེ་དང་དེ་རྣམས་སེར་པོ་ལ་སོགས་པའི་ཁ་དོག་རྣམས་སུ། ཤེས་རབ་འོད་ཀྱི་དཀྱིལ་འཁོར་ཞེས་པ་ནི་རལ་གྲིའི་འོད་ཟེར་གྱི་འཁོར་ལོ་རྣམས་ཀྱིས་སོ།། དེ་དག་ཀུན་ཞེས་པ་ནི་གང་འོད་ཀྱིས་སྣང ་བར་གྱུར་པ་དོའོ།། ལྷའི་གཟུགས་དང་ཡང་དག་མཚུངས་ཞེས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་ཉིད་ཀྱིས་ཡོངས་སུ་གྱུར་པ་ཉིད་དོ།། སྔགས་ཀྱི་དཀྱིལ་འཁོར་ཞེས་པ་ནི་ཨོཾ་བོ་དྷི་ཙིཏྟ་བཛྲ་ཞེས་པ་ལ་སོགས ་པའོ།། ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་འདིའི་ཁྱབ་པ་ཉིད་སྟོན་པར་བྱེད།། གྲོལ་བ་དེ་སྲིད་དུ་སྒྲིབ་པ་མེད་པའི་སེམས་ཅན་རྣམས་ལ་དེ་རྣམ་པར་གནས་སོ།། གང་གི་ཕྱིར་སྒྲིབ་པ་དང་བཅས་པ་རྣམས་ལ་ཅི་ལྟ། ་བ་ཞེ་ན་གསུངས་པོ་ཀུན་རྫོབ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རབ་ཏུ་བརྟག་ཅེས་པ་ནི་རྣམ་པར་བཞག་པའོ།། དེ་འཆད་པར་འགྱུར་བ་དག་པའི་རྟག་ཏུ་སེམས་ཅན་རང་བཞིན་མེད་པ་འམ། ཟག་པ་མེད་པ་ལ་སོགས ་པའི་ཡོན་ཏན་དང་ལྡན་པའོ།། སྒྲིབ་པ་དང་བཅས་པའི་བརྒྱུད་རྣམས་ཅི་དབང་པོ་དང་གཤིན་རྗེ་ལ་སོགས་པས་བཅིངས་པ་ཉིད་ཀྱི་ཕྱིར་རིག་བྱར་རྣམ་པར་བཞག་གོ་ཞེས་པའོ།། དེ་ཉིད་ཀྱི་ནུས་པ་གསུངས་པ། ཇི་ལྟར་བུད ་ཤིང་ཞེས་པ་ལ་སོགས་པ་སྟེ། ཐམས་ཅད་དུ་སེམས་ཅན་རྣམས་ཐམས་ཅད་ལ་ཞེས་པ་ལ་སོགས་པ་རྣམས་ཀྱི་དཀྱུས་མའི་དོན་ཉེ་བར་བསྡུ་བར་བྱེད་དོ།། ཀུན་མཁྱེན་ཡེ་ཤེས་ཀྱིས་ཞེས་བྱ་བ་ཞེས་གསུང ་པའོ།། དེའི་དཔེ་རྣམས་ཀྱིས་ཡང་དག་པའི་དོན་གང་ཡིན་པ་གསུངས་པ་རྣལ་འབྱོར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་ཏེ།། ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད ་དོ། བསམ་བྱ་ཞེས་བྱ་ནི་མངོན་དུ་ཕྱོགས་པར་བྱའོ།། འདིའི་ཡི་གེ་དེ་ཁོ་ན་ཉིད་ཞེས་པོ་ནི་གསུངས་པའི་དོན་ཉེ་བར་སྡུད་པར་བྱེད་པའོ།། དེ་ཁོ་ན་ཡི་གེ་བསྟན་པ་གསུངས་པ། བཞི་པ་ཞེས་པ་ལ་སོགས་པ་སྟེ་འདི་པོ་སྙིང་པོའོ།། ། ་སྔགས་ཀྱི་སྒྲོས་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་ཡང་བལྟ་བར་བྱའོ།། སངས་རྒྱས་སྤྱན་གྱི་སྒྲུབ་ཐབས་ཉེ་བར་བསྟན་པའི་ཕྱིར་གཉིས་པ་ཞེས་པ་ལ་སོགས་པ་གསུངས་པ་རྣལ་འབྱོར་མ་རྣམས་ཀྱི་ཞེས་པ་ནི་གཟུངས་མ་རྣམས ་ཀྱིའོ།། དབང་ཆེན་ཡི་གེའི་མཐར་ཐུག་པ་ཞེས་པ་ནི་རང་གི་སྔགོས་ཀྱི་ཡི་གེ་སེར་པོ་དང་ལྡན་པའི་འོད་ཀྱི་དཀྱིལ་འཁོར་གྱི་མཐར་ཐུག་པའོ།། སྤྱན་གྱི་ཕྱག་རྒྱ་ནི་མི་གསུམ་པའི་ཕྱག་རྒྱའོ།། གོས་དཀར་མོའི་སྒྲུབ་ཐབས་བསྟན ་པཆུའི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་པ། སྔགས་ཀྱི་ཡི་གེའི་ཕྲེང་བ་ཆེ་ཞེས་པ་ནི་རང་གི་སྔགས་ཀྱི་ཡི་གེའི་རྒྱན་ཅིང་འོད་གསལ་བར་རབ་ཏུ་འབྱུང་ཞིང་ཐིམ་པས་སོ།། པད་མའི་དཀྱིལ་འཁོར་ནི་ཆུའོ།། དེ་ལ ་སྒྲུབ་པའི་ཐབས་ནི་ཟླ་བ་ལ་སོགས་པ་རྣམས་ཀྱིས་སོ།། འཕགས་མ་སྒྲོལ་མའི་སྒྲུབ་ཐབས་ངེས་པར་བསྟན་པ་སྐུ་བསངས་ཤེས་པ་ལ་སོགས་པ་གསུངས་པ། སྔོ་བསངས་དཀར་པོ་ཞེས་པ་པྲི་ཡང་ཀུའི་ཁ་དོག་གོ། ཟླ་བའི ་དཀྱིལ་འཁོར་དབུས་གནས་པ་ཞེས་པ་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ།། རོལ་པ་ཡི་སྟེ་སྟེགས་ཀྱི་ཡི་གེ་དེ་ཁོ་ན་མཆོད་བཞིན་པ་དེ་རྣམས་ཀྱིས་སོ།། ཆོས་ཀྱི་ཕྱག་རྒྱ་ཞེས་པ་སྔགས་སོ།། མཐའ་ཡས་མཆོག་ཞེས ་པ་ཐོག་མ་དང་ཐ་མ་མེད་པའོ།། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་ཉེ་བར་བསྟན་པ་དཀྱིལ་འཁོར་ཆེན་པོའི་དབུས་ཞེས་པ་ལ་སོགས་པ་གསུངས་པ། ཟླ་བའི་དཀྱིལ་འཁོར་དབུས་ཞེས་པོ་ནི་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར ་གྱི་དབུས་སོ།། ཕྱག་བཞི་ཞེས་པ་ནི་བགྲང་ཕྲེང་དང་ཆུ་སྐྱེས་དང་། མཆོག་སྦྱིན་དང་སྤྱི་བླུགས་འཛིན་པའོ།། སྔགས་ཀྱི་ཕྲེང་བས་རྣམ་པར་བརྒྱན་ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུ་རང་གི་སྔགས་ཀྱི་ཕྲེང་བས་རྒྱན་པའོ།། མཱ་མ་ཀཱིའི ་སྒྲུབ་ཐབས་བསྟན་པ་ཉི་མའི་དཀྱིལ་འཁོར་དབུས་ཤེས་པ་ལ་སོགས་པོ་གསུངས་པ་རྡོ་རྗེ་བཅས་ཞེས་པཱ་ནི། དབུས་སུ་གནས་པའི་རྡོ་རྗེ་པའོ།། རྡོ་རྗེའི་ཕྲེང་བས་ཀུན་ཏུ་བསྐོར་ཞེས་པས་རྡོ་རྗེའི་ཕྲེང་བས་བཅིངས་པའོ།། ་ག་ཟི་བརྗིད་དཀྱིལ་འཁོར་བསྐོར་བའོ།། ཞེས་པ་ནི་འོད་ཟེར་དང་བཙས་བཞིན་པའོ།། ཕྱག་བཞི་ཞེས་པ་ནི་གཡོན་པ་དག་གིས་རྡོ་རྗེ་དང་སྤྱི་བླུགས་འཛིན་པ། གཡས་པ་དག་གིས་མཆོག་སྦྱིན་དང་བགྲང་ཕྲེང་འཛིན་པའོ།། ་སྔགས་ཀྱི་ཡི་གེའི་ཕྲེང་བ་ཞེས་པ་རང་གི་སྔགས་ཀྱི་ཡི་གེའི་ཕྲེང་བས་བརྒྱན་པའི་དཀྱིལ་འཁོར་རོ།། རྡོ་རྗེའི་དབུས་སུ་རབ་བཞུགས་ཤེས་པ་རྡོ་རྗེ་ལ་གནས་པའོ།། རྡོ་རྗེ་མའི་ཕྲེང་བ་ཆེ་ཞེས་པ་ལ་སོགས་པ་རྣམས ་ཙྪ་ཏིང་ངེ་འཛིན་ནཱི་གཞན་སྟོན་པར་བྱེད་དོ།། རྡོ་རྗེ་མེ་ནི་རྡོ་རྗེ་བ་རཱུ་བ་སྟེ། ཁོ་ན་ཕྲེང་བ་ཆེན་པོ་གླང་ཡིན་པ་དེ་རྡོ་རྗེ་མེའི་ཕྱུང་བ་ཆེའོ།། རྡོ་རྗེ་འབར་བས་རྣམ་པར་བརྒྱན་ཟླས་པ་ནི་འོད་ཟེར་གྱིས་བསྐོར་བའོ།། སྔགས་གཉིས་ལ་རིམ་པ ་ཏིང་ངེ་འཛིན་གཉིས་ཀྱི་ཚད་དུའོ།། །། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་ཉེ་བར་བསྟན་པའི་ཕྱིར་རླུང་གི་དཀྱིལ་འཁོར་ཞེས་པ་ལ་སོགས་པ་གསུངས་པ། དེས་ནུ་སྤྲོས་པ་ལས་སྐུ་ཞེས་པ་ནི་དབུས་སུ་རབ་ཏུ་གནས་པའོ།། ཕྱག ་བཞི་ཞེས་པ་ནི་གཡོན་པ་བསྙེམས་པས་རྡོ་རྗེ་ལྕགས་སྒྲོག་འཛིན་པ་གཡས་པས་འབར་བ་དོང་བཅས་པས་རྡོ་རྗེ་གསོར་པ་གཉིས་དག་གིས་ཀྱང་ཧཱུཾ་མཛད་ཀྱི་སོར་མོ་དང་མཆོག་སྦྱིན་པའོ།། རྡོ་རྗེའི་བརྒྱན་ཞེས་པ་ནི་རྡོ་རྗེས ་མཚན་པའི་རྒྱུན་གྱིས་བརྒྱན་པའོ།། རྡོ་རྗེ་འབར་བ་འཁྲུག་ཅེས་པའི་འོད་ཀྱི་དཀྱིལ་འཁོར་དུའོ།། དེའི་ཐུགས་ཀར་རྡོ་རྗེ་ཆེ་ཞེས་པའི་ཐུགས་ཀཪྵ་ཟླ་བ་ལ་གནས་པ་རྡོ་རྗེ་རྩེ་ལྔ་པས་བརྒྱན་པའོ།། འཕགས་མཱ་སྐུལ་བྱེད་མའི་སྒྲུབ་ཐབས ་བསྟན་པའི་ཕྱིར་པའི་དཀྱིལ་འཁོར་དབུས་གནས་པ་ཞེས་པ་ལ་སོགས་པ་གསུངས་པ། པདྨ་དམར་པོ་རབ་ཏུ་གནས་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་དུ་པདྨ་དེ་ལ་གནས་པའོ།། པདྨ་དང་བགྲང་ཕྲེང་གི་སྲེད་བུ་དང་ལྷུང་བཟེད་དང ་མཆོག་སྦྱིན་པའི་ཕྱག་རྣམས་ཀྱིས་བྱུག་བཞིའོ།། མང་པོའི་གཟུགས་ཞེས་པ་ནི་དཔའ་བའི་དབྱེ་བས་མཐའ་མེད་པའི་དུ་མའི་གཟུགས་སོ།། སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་རྡོ་རྗེ་དང་བཅས་པའོ།། སངས་རྒྱུས་བྱེ་བ་ཕྲག་བདུན་གྱི་རང་བཞིན ་ཡིན་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་བདག་ཉིད་སྐྱེས་སོ།། དེར་བདག་ཞེས་པ་ནི་སངས་རྒྱས་བྱེ་བ་ཕྲག་བདུན་གྱི་རང་བཞིན་ཡང་དག་པར་སྒོམ་པར་བྱེད་པ་དང་ལྡན་པའོ།། སྔགས་ཀྱི་ཡི་གོའི་ཕྲེང་བར་ལྡན་ཞེས་པ་ནི་འོད་ཀྱི ་དཀྱིལ་འཁོར་དུ་རང་གི་སྔགས་ཀྱི་ཡི་གེ་དང་ལྡན་པ་ཅན་ནོ།། ཡོངས་གང་ནས་ཞེས་པ་སྤྲོས་ནས་སོ།། དེའི་ཞེས་པ་ན་མཁའི་ཁམས་སུའོ།། འོད་ཟེར་ཞེས་པ་ནི་འོད་ཟེར་རོ།། རྣལ་འབྱོར་ཡེ་ཤེས་ནི་སྒོམ་པར་བྱེད་པའི་རང་བཞིན་དེ ་དང་དེས་ངེས་པར་སྤྲུལ་པའོ།། རྡོ་རྗེ་སྙིང་པོའི་རྐྱེན་དུ་གཟུངས་མའི་དཀྱིལ་འཁོར་རྣམ་པར་འབྱེད་པའོ།། ད་ནྀ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཡོན་ཏན་ཐམས་ཅད་ཀྱི་བདག་ཉིད་ཅན་ཉེ་བར་བསྟན་པ་སྔགས་ཀྱི་དེ་ཉིད ་ངེས་པར་བསྟན་པ་གིསང་ཞེས་བྱ་བ་ལ་སོགས་པ་གསུངས་པ། མེ་ལོང་ལ་སོགས་པའི་ཡེ་ཤེས་བཞི་པོ་བདག་ཉིད་ཅན་ཉིད་ཀྱི་ཕྱིར། གསང་བ་ལ་སོགས་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་ལ་རྟག་ཏུ་གནས་ཞེས་པ་མི ་གནས་པའི་མྱ་ངན་ལས་འདས་པོས་ཀུན་གནས་པའོ།། སངས་རྒྱས་ཀུན་གྱི་རྒྱུ་ཅན་ཉིད་ཀྱི་ཕྱིར་སངས་རྒྱས་ཀུན་གྱི་རང་བཞིན་ཉིད་ཀྱི་ཕྱིར། སངས་རྒྱས་ཀུན་རང་བཞིན་ནོ།། དབྱེ་བར་བྱར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེ་སེམས་དཔའོ།། ། ་རང་ཉིད་མངོན་པར་བྱང་ཆུབ་པའི་ཕྱིར་རང་འབྱུང་ངོ་།། དོན་དམ་པ་ཙོག་པོ་ཉིད་ཀྱི་ལྷག་པའི་ལྷའོ།། གདུལ་བྱ་སྣ་ཚོགས་པ་ཉིད་ཀྱིས་ལྷ་གཞན་སྣ་ཚོགས་པའི་མཐར་ཐུག་པ་སྤྲུལ་པ་སངས་རྒྱས་ཀུན་གྱིས་ཏྭ ་སྒྲ་རྣམས་ཐམས་ཅད་ཀྱིས་མཉམ་པར་སྦྱོར་བ་སྟེ། གསལ་བར་བྱེད་པའོ།། མཁའ་འགྲོ་མ་ནི་མཁའ་སྤྱོད་གྲུབ་པ་ཐམས་ཅད་དོ།། དེ་དང་དེ་རྣམས་ཀྱི་དྲ་བ་ནི་ཚོགས་སོ།། དེའི་རང་བཞིན་ནི་ཤོམ་བདེ་བ་མཆོག་ཏུ་བྱ་བའི་ཕྱི ་ཞེས་པས་སངས་རྒྱས་ཐམས་ཅད་མཉམ་པོར་སྦྱོར་བ། མཁའ་འགྲོ་མའི་དྲུ་བ་སྡོམ་མོ།། སེམས་ཅན་གྱི་དོན་གྱི་དབང་ཉིད་ཀྱི་ཕྱིར་དང་། དོན་དམ་པར་ནི་འདོད་ཆགས་ལ་སོགས་པ་མེད་པའི་རང་བཞིན་ནོ།། བུད་མེད་ཀུན་ནི་ལ ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཁོ་ནའོ།། སྒྱུ་མ་ཞེས་བྱ་བ་ལ་སོགས་པ་ནི་སྒྱུ་མའི་རང་བཞིན་དོན་དམ་པར་མེད་པ་ཅན་ནོ།། གལ་ཏེ་དེ་ལྟར་ན་དོན་དམ་པར་ཆེན་པོ་ནི་གང་ཕྱག་རྒྱ་ནི་ཅི་བརྟག་པར་བྱའོ་ཞེས་གསུམ ་པ། ཐམས་ཅད་མཚུངས་པ་ཉིད་ཅེས་པ་ལ་སོགས་པའོ།། ཅིའི་ཕྱིར་ཁྱད་པར་དུ་འཕགས་ཞེ་ན་གསུངས་པ། ཅིའི་ཕྱིར་ན་རང་བཞིན་གྱི་ནི་མ་བྱས་པའོ།། གང་གིས་ན་ནུས་པ་ཡིས་ནིའོ།། རང་བཞིན་ཉིད་ཀྱིས་ཏེ་རང་བཞིན་ཁོ ་ནས་དེ་འགྲུབ་པོ།། ཞེས་སྦྲེལ་ལོ།། དེའི་ཕྱིར་ཡང་འདིས་བུད་མེད་སྟེ་ལྷོ་རྣམས་སྐུར་བར་བྱ་བ་ཡིན་ནོ།། སྡུག་བསྔལ་གྱིས་སྤྱོད་པར་བྱེད་པ་དེ་མགུ་བར་བྱེད་དེ་ཞེས་པས་ངན་སྤྱོད་དོ།། ཐམས་ཅད་བུད་མེད་སྒྱུ་མས་འགྲུབ་སྟེ། ་ལྷའི་ཕྱག་རྒྱའི་གཟུགས་ཀྱིས་ཡོངས་སུ་གྱུར་པའོ།། རང་གི་ངོ་བོ་ཡོངས་སུ་སྒྱུར་བ་ནི་བདག་མེད་པའི་ངོ་བོ་ཁྱད་པར་དུ་ངམ་བཅས་པ་རྣམས་ཀྱིས་སོ།། སྣ་ཚོགས་ཞེས་པ་ནི་རང་བཞིན་དུ་མ་རྣམས་ཀྱིའོ།། དེ་བཞིན་ཐམས ་ཅད་དུ་སྣ་ཚོགས་ཕྱག་རྒྱ་སྟེ་རྣམ་པ་སྣ་ཚོགས་པའི་ཕྱག་རྒྱའོ།། ཀུན་ལ་སྣ་ཚིགས་སྡོམ་པ་ཡིས་ནི་རང་བཞིན་དུ་མ་བདེ་བའི་མཆོག་གིས་སོ།། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེན་པོའི་བདག་ཉིད་ཅན་གྱི་དོན་དང་རྗེས་སུ ་མམཐུན་པ་དེ་སྲིད་དུ་བཅོམ་ལྡན་འདས་ཕྱག་རྒྱ་ལ་སོགས་པའི་གཟུགས་ཉིད་དུ་ཀུན་ཏུ་བསྟན་ཏེ། འཇིག་རྟེན་ལས་འདས་པ་དང་འཇིག་རྟེན་པ་ཐམས་ཅད་ཀྱི་ནང་དང་ཕྱི་རོལ་གྱི་དངོས་པོའི་རང་བཞིན་ཉིད་དུ་བསྟན་པའི་ཀུན་ལ ་ཞེས་པ་ལ་སོགས་པ་གསུངས་པ། ཀུན་ལ་ནི་ཡུལ་ལའོ།། ཀུནྡ་ནས་ནི་རང་རང་གི་ལྷའོ།། ཀུན་ཏུ་ནི་དངོས་པོའོ།། ཀུན་གྱི་རྣམ་པ་ནི་ཐམས་ཅད་ཀྱིས་རྣམ་པས་སོ།། ཀུན་ཚེ་ནི་དུས་ཐམས་ཅད་ཀྱི་ཚེའོ།། རང་ཉིད་ནི་བདག་ཉིད་སྟེ་ལྷ ་ཐམས་ཅད་ངོ་།། བསྟེན་པ་ནི་རི་ལ་སོགས་པ་རྣམས་སོ།། གཡོ་བ་ནི་མི་ལ་སོགས་པ་རྣམས་སོ།། ཐམས་ཅད་དངོས་པོ་མ་ལུས་པའོ།། མདོར་བསྟན་པ་འདི་ཁོ་ནའི་རྒྱས་པར་བཤད་པ་གསུངས་པ། སེམས་དང་ཞེས་པ་ལ་སོགས ་པ་ནས་ཀུན་ཏུ་དེ་བཞིན་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ།། ཞེས་པ་ཇི་སྲིད་པར་རོ།། རྡོ་རྗེ་སྙིང་པོའི་རྒྱན་དུ་སྔགས་ཀྱི་དེ་ཉིད་རྣམ་པར་འབྱེད་པའོ།། ད་ནི་ཤེས་རབ་ཀྱི་སྒོ་རྩ་བའི་རྒྱུད་ཉེ་བར་བསྡུ་བ་དེ་ནས ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ། བཅོམ་ལྡན་འདས་ཞེས་པ་རྣམ་པར་སྣང་མཛད་ལ་གསོལ་བ་བཏབ་པ་དང་ལྡན་པའོ།། ཏིང་ངེ་འཛིན་ལས་སྙོམས་པར་ཞུགས་ནས་འཕགས་པ ་འཇམ་དཔལ་ལ་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དཀྱིལ་འཁོར་ཡོད་པ་ཉིད་གསལ་བར་བྱ་བའི་ཕྱིར་ཅང་མི་གསུང་བ་ནི་ཇི་ལྟར་གསུངས་པའི་རིམ་པས་རྣམ་སྣང་ཏིང་འཛིན་མངོན་དུ་མཛད་ནས་ལྷའི་གནས ་སུ་གདན་བསྐྱེད་སྟེ། བསྲུང་བ་བྱས་ནས་བདག་ལ་དོན་འདྲི་བག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ཅིང་ཇི་སྲིད་དུ་འཇམ་དཔལ་གྱིས་གསོལ་བ་བཏབ་པར་དགོངས་ནས་སླར་ཡང་དེ་བཞིན་གཤེགས ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་གྱི་དབང་ཕྱུག་ཉིད་དུ་བྱིན་གྱིས་བརླབས་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་དོན་དུ་འཇམ་དཔལ་ལ་བཀའ་སྩལ་ཏོ།། དེ་བསྡུས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷའི ་ཅིག་ཏུ་ཡང་དག་པར་མཆོད་དེ། དེ་དག་རྫོགས་པའི་རྡོ་རྗེ་བློའི་ཡེ་ཤེས་དེ་བཞིན་གཤེགས་པ་ཉིད་ཀྱི་བདག་ཉིད་དུ་བྱིན་གྱིས་བརླབས་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྷན་པའི་འཁོར་ལོས་སྒྱུར་བའི་ཐུགས ་ཀར་བྱིན་གྱིས་བརླབ་སྟེ། ཐུགས་ཀའི་དཔལ་བེའུ་སྔགས་ཀྱིས་བསྐོར་བ་རྣམས་ལ་སྒོ་བཞི་པོ་སླར་ཡང་ཤིན་ཏུ་དགའ་བ་རྣམ་པར་དག་པོའི་གནས་ཤེས་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་རྣམས ་རང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཁོང་དུ་ཆུད་པར་བྱས་ནས། སླར་ཡང་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་རྫོགས་ནས། སྡུད་པ་ལ་སོགས་སྔོན་མ་ཅན་གྱི་ལྷ་རྣམས་རང་གི་ལས་ལ་ལེགས་པར་སྦྱར་བར་བྱའོ། ་ཞེས་པ་ནི་སྔོན་དུ་བྱ་བའི་རིམ་པའོ།། དེ་བཞིན་དུ་གཞན་དུ་ཡང་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བཤད་པ་རིམ་པ་རྣམ་པར་རྟོག་པར་བྱའོ།། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ནི་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པོ་རྣམས་ཐམ ་ཅད་ཀྱི་ཀུན་ཏུ་མཉམ་པ་ཉིད་དེ་ལ་ཏིང་ངེ་འཛིན་གང་གིས་དམིགས་པར་བྱ་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་དམིགས་པའོ།། དེ་ཉིད་དབྱེར་མི་ཕྱེད་པ་ཉིད་ཀྱིས་རྡོ་རྗེ་སྟེ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་པ་རྣམ་པར་སྣང་མཛད་དབྱེར་མོད་པའི་ཐུགས་ལའོ།། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ།། རྟོགས་པར་བྱའོ་ཞེས་བྱས་ནས ་གང་གི་ཕྱིར་དེ་ཡང་དག་པར་རྟོགས་ཤིང་ཁོང་དུ་ཆུད་པ་གང་ཡིན་པོ་དེ་ལ་དེ་བཞིན་དུ་དཀྱིལ་འཁོར་ཆེན་པོར་བརྗོད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དགོའ་བ་རྣམ་པར་དག་པའི་གནས་ཞེས་བྱ་བ་ལ་སོགས ་པའི་གནས་རྣམས་སོ།། དེ་ཉིད་ཐབས་ཏེ་སྒོའོ།། གང་གི་དཀྱིལ་འཁོར་ཞེས་པ་ནི་ལུས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ།། དེ་བྱིན་གྱིས་བརླབ་པར་བྱེད་པ་གོང་ཡིན་པའི་ཏིང ་འཛིན་ནི་དེ་བཞིན་དུ་བརྗོད་པར་བྱའོ།། འོད་ཟེར་འབར་བས་འཁྲུགས་པའི་འོད་ཤེས་པ་ནཱི་ཕྱི་རོལ་གྱི་ར་བ་ལ་འོད་ཟེར་འབར་བ་དང་ལྡནའོ།། རྡོ་རྗེ་སྙིང་པོས་ཡོངས་སུ་བསྐོར་ཞེས་པ་ནི་སྣ་ཚོགས་རྡོ་རྗེའི ་ཕྲེང་བས་ཡོངས་སུ་བསྐོར་བའོ།། རིན་ཆེན་ཡང་ཡཽ་ནི་རྡོ་རྗེ་ཡང་ཡིན་པས་ནི་རྡོ་རྗེ་རིན་ཆེན་ཏེ། དེ་རྣམས་ཀྱིས་སོ།། སྣ་ཚོགས་རྩེ་མོ་ནི་པ་ངན་བཀྲ་བ་དེ་རྣམས་སོ།། དྲི་བཅས་ནི་བདག་ཉིད་བཅིངས་པ་གང་ཡིན་པ་དེ་ལ་དེ ་བཞིན་དུ་བརྗོད་པར་བྱའོ།། རླུང་གིས་བསྐྱོད་པའི་མཚན་མ་ཡིན་པ་ཉིད་ཀྱིས་རྒྱལ་མཚན་ཉིད་རླུང་གིས་བསྐྱོད་པའོ།། དེ་རྣམས་གྱེན་དུ་བསྒྲེང་པ་གང་ཡིན་པ་དེ་ལ་རྒྱལ་མཚན་གྱེན་བསྒྲེང་རླུང་བསྐྱོད་པའོ།། དེ་ལ་ཡང་ནི་ཆུའི ་དཀྱིལ་འཁོར་ལའོ།། དེའི་ཞེས་བྱ་བ་ནི་གྲུ་བཞི་པ་དེའིའོ།། འཁོར་ལོ་ཆེན་པོ་ཞེས་པ་ནི་དཀྱིལ་འཁོར་གྲུ་བཞི་པོའོ།། ཆ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ནི་དབུས་མའི་ཚ་ལ་བསྐོར་བ་གང་ཡིན་པ་དེ་ཆོ་བརྒྱད་རྣམས་ཀྱིས་ཡོངས ་སུ་བསྐོར་བའོ།། རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར་ཞེས་པ་ནི་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བའོ།། རྡོ་རྗེའི་དཀྱིལ་འཁོར་ཞེས་པ་ནི་བྱང་ཆུབ་ཀྱི་གདན་གྲུ་བཞི་པ་ལ་སེང་གེའི་གདན་ལའོ་ཞེས་པ་ཇི་སྲིད་པའོ།། ་རྡོརྗེ་ཆེན་པ་ནི་རྩེ་མོ་ལྔའོ།། རྡོ་རྗེ་པདྨ་ནི་དབྱེར་མི་ཕྱེད་པའི་པདྨ་སྟེ། ད་རབ་ཏུ་བཞུགས་པ་གང་ཡིན་པ་ལ་རྡོ་རྗེ་ཆེ་ལ་ཞེས་དེ་བཞིན་དུ་བརྗོད་དོ།། གསང་བ་ཆེན་པོ་ཞེས་པ་ནི་རྗེ་ཚན་དང་པོའི་གཉིས་པ་ཐིག་ལེ་དང་བཅས་པའོ།། ཟླབས ་བརྒྱན་ཞེས་པ་ནི་སྟེང་དུ་གནས་པའི་ཟླ་བའི་དཀྱིལ་འཁོར་རོ།། དེ་དག་ཐམས་ཅད་དུ་ཡང་དུང་ལ་སོགས་པ་དཀར་པོའོ།། རྡོ་རྗེ་ཕྲེང་བ་ལས་རྣམ་པར་སྤྲས་ཞེས་པ་ནི་སྣ་ཚོགས་པ་འབར་བའི་དཀྱིལ་འཁོར་དུ་རྡོ་རྗེའི་ཕྲེང་བས་རྣམ་པར ་དཔྲལ་བའི་སྟེང་དང་མགྲིན་པར་ཡང་རིན་པོ་ཆེ་ཆེན་པོའི་ཕྲེང་བས་སྤྲས་པའོ།། སེམས་མ་རྡོ་རྗེ་མ་ལ་སོགས་པ་རྣམས་ངོས་བཞི་པོ་རྣམས་སུ་དགོད་པར་བྱའོ།། སྡེ་པ་གསལ་བྱེད་ནི་ཧ་སྟེ། རྒྱུ་ཞེས་པས་རྒྱུའི་དོན་བརྗོད་པར་བྱེད ་དོ།། དྲུག་པའི་དབྱངས་ཀྱིས་ཤེས་པ་ནི་ཨུ་ཡིག་གིས་སོ།། ཐིག་ལེ་ནཱ་ང་རྣམ་པར་བརྒྱན་པ་ནི་རྗེས་སུ་སྣ་ལྡན་དང་བཅས་པའོ།། རྟེན་ཅིང་འབྲེལ་འབྱུང་འཁོར་ལོ་ཡི་ཞེས་པ་ནི་འདིར་རྟེན་ཅིང་འབྲེལ་པར་བྱའོ་ཞེས་པའོ།། ཡེ་ཤེས ་འོད་ཟེར་ཞེས་པ་ནི་རིན་ཆེན་འབྱུང་ལྡན་ནོ།། འཇིག་རྟེན་དབང་ཕྱུག་གི་རྒྱལ་པོ་ནི་འོད་དཔག་མེད་དོ།། རྡོ་རྗེ་རྣམ་པར་གནོན་པ་ནི་དོན་ཡོད་གྲུབ་པའོ།། ཤཱཀྱ་ཐུབ་པ་ཞེས་པ་རྣམ་པར་སྣང་མཛད་དོ།། ཕྱོགས་ཐམས་ཅད་དུ་དམིགས ་ནས་ཞེས་པ་ཕྱོགས་རྣམས་ཀྱི་སྐབས་མ་ཡིན་པ་མེད་པ་ཉིད་དུ་བསྒོམ་པ་མངོན་དུ་བྱས་ནས་འཁོད་དོ་སྟེ་ཉེ་བར་བཞུགས་པའོ།། ཐུགས་ཀའི་རྡོ་རྗེ་ལས་ངེས་པར་བྱུང་ནས་ཞེས་པ་ལྷག་མའོ།། དེ་རྣམས་ཀྱང་སྔོན་པོ་དང་སེར་པོ ་དང་ལྗང་གུ་རྣམས་ཏེ་གསེར་དང་ཆུ་སྐྱེས་དམར་པོ་དང་། ཤེལ་དང་མར་གང་ཀྱི་འོད་ཅན་ཆུ་སྐྱེས་དང་ཟླ་བའི་དཀྱིལ་འཁོར་ལ་གནས་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་ཏུ་བཟང་པོ་བྱང་ཆུབ་ཆེན་པོའི ་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ།། དེ་ཉིད་ནི་འགྲོང་པར་བྱ་བ་མ་ཡིན་པ་ཉིད་ཀྱི་དམ་ཚིག་སྟེ། དེའི་འབྱུང་བའོ།། གང་དུ་ན་སེམས་དཔའ་ཟླ་བའི་དཀྱིལ་འཁོར་ལའོ།། དེ་བྱིན་གྱིས་བརླབ་པར་བྱའོ།། གང་གིས་ནི་རྡོ་རྗེའོ།། ་དེ་ནི་སེམས་དཔར་བྱིན་གྱིས་རློབ་པའི་རྡོ་རྗེའོ།། དེ་ལ་དམིགས་པའི་ཏིང་འཛི་ནི་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། དེ་སྐད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས་ཏེ་མངོན་དུ་མཛད་ན་སོ་སོ།། དཀྱིལ་འཁོར་ཞེས་བྱ་བ་ནི་ཟླ་བའི་དཀྱིལ ་འཁོར་གྱི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་སོ།། ཡེ་ཤེས་རྣམ་དག་པ་ཞེས་པ་ནི་རྡོ་རྗེའི་བདག་ཉིད་ཅན་གཉིས་སུ་མེད་པའི་ཡེ་ཤེས་སོ།། རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་ཞེས་པ་ནི་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་ཡོངས་སུ་གྱུར་པའོ།། བྱང ་ཆུབ་སེམས་དཔའ་ཞེས་པ་སྟོང་པ་ཉིད་སོ་སོར་རྟོགས་པ་ལ་སོགས་པ་རྣམས་སུ་ཟླ་བའི་དཀྱིལ་འཁོར་ཉིད་དོ།། སངས་རྒྱས་ཡེ་ཤེས་ནི་རྡོ་རྗེ་བསྒོམ་པར་བྱེད་པའོ།། བརྟེན་པ་ཉིད་ནི་དེའི་ང་རྒྱལ་བྱེད་པའོ།། སངས་རྒྱས་ཀྱི་ཡེ་ཤེས ་ལས་ངེས་པར་སྐྱེས་པའི་སྐུ་ནི་སངས་རྒྱས་སྐུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀུའོ།། རིག་པའི་མཆོག་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། རྣམ་པར ་སྣང་མཛད་ཞེས་པ་ལ་སོགས་པ་རྣམས་ཀྱིས་ཇི་སྲིད་དུ་དཀྱིལ་འཁོར་ཐམས་ཅད་བྱིན་གྱིས་བརླབ་པར་བྱ་བ་འམ། གང་དེར་བྱིན་གྱིས་རློབ་པར་རབ་ཏུ་བསྟན་པའི་སྔགས་ཅན་ཡང་བྱིན་གྱིས་བརླབ་པའི་དོན་དུ་འདི་དག་ཐམས་ཅད ་མངོན་དུ་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ཞེས་པ་ནི་རྣམ་པར་སྣང་མཛད་དང་མཐུན་པའི་ཐུགས་ཀ་ལའོ།། དཀྱིལ་འཁོར་རྣམས་ཐམས་ཅད་དུ་ཞེས་པ་ནི། མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་གྱི་གཟུགས་ཀྱིས་ཏེ། ་བདུན་པ་ནི་གསུམ་པའི་དོན་ཉིད་ཀྱི་ཕྱིར། རྡོ་རྗེ་རྣམས་ཀྱི་ནི་དེ་བཞིན་གཤེགས་པ་ཐམས་ཅད་རྣམས་ཀྱིས་མཉམ་པ་ཉིད་གང་ཡིན་པ་དེ་རབ་ཏུ་སྤྲོ་བ་སྟེ་རབ་ཏུ་གསལ་བར་བྱའོ།། གང་གིས་ནི་སྙིང་པོ་སྟེ་དེ་བཞིན་དུ་བརྗོད་དོ།། མཚམ ་རྣམས་ཐམས་ཅད་དུ་ཞེས་པ་ནི་སྒྲའི་མཚམས་རྣམས་སུའོ།། རྡོ་རྗེ་སྒེག་མོ་དང་། བདུག་པ་དང་ལྕགས་ཀྱུ་ལ་སོགས་པ་རྣམས་རིམ་པས་རྡོ་རྗེ་སེམུས་དཔའ་དྲང་རྒྱལ་པོ་ལ་སོགས་པ་དེའི་ཁ་དོག་གོ།། གཟུགས་ལ་སོགས་པ་རྣམ ་མི་བསྐྱོད་པ་ལ་སོགས་པའི་ཁ་དོག་གོ། རྡོ་རྗེ་དྲི་ལ་སོགས་པ་རྣམ་པ་ཤེས་པ་དགོས་པ་རྒྱས་པར་བཤད་པའོ།། རྡོ་རྗེ་བདུག་པ་དང་། མར་མེ་དང་དྲིའོ་ཞེས་ཇི་སྲིད་པར་ཨོཾ་བཛྲ་གནྡྷེ་ཧཱུཾ་ཨོཾ་བཛྲ་ཤི་ཤེ་རེ་ཧོཿཧོཿཞེས་པའི་སྔགས་དག ་ལེགསོ་པར་བཟློག་སྟེ་བལྟ་བར་བྱའོ།། རྡོ་རྗེ་ཕྲེང་བ་མ་དང་། བདུག་པ་ལ་སོགས་པའི་རྣལ་འབྱོར་གྱིས་བརྗོད་པར་བྱེད་པའི་ཕྱིར་རོ།། ལྷའི་ཕྱག་རྒྱས་མངོན་པར་རྒྱས་གདབ་པར་བྱ་བ་ནི་ཤིན་ཏུ་དགའ་བའི་རྡོ་རྗེ་སྙིང་པོ་སྟེ། རང་གིས ་ཕྱག་རྒྱ་བཅིངས་ནས་གདོན་པར་བྱའོ།། དཀྱིལ་འཁོར་ཐམས་ཅད་དུ་ཞེས་པ་ནི་མི་བསྐྱོད་པ་ལ་སོགས་པའི་དཀྱིལ་འཁོར་རྣམས་སུའོ།། སྒོའི་ཕྲིན་ལས་ཞེས་པ་ནི་བསྡུ་བ་དང་བསྟོད་པར་བྱས་ནས་ཤར་ལ་སོགས་པའི་སྒོ་རྣམསུ ་སུ་གནས་ན་ས་དགུག་པ་ལ་སྩོགས་པའི་ལས་འདི་རྣམས་བྱའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་བཞག་པར་བྱའོ།། ཞེས་པ་ནི་སྣམ་བུ་ལ་ཤར་ལ་སོགས་པའི་ཕྱོགས་ནས་བརྩམས་ཏེ། བྱམས ་བ་དང་། ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། རྡོ་རྗེ་སྙིང་པོ་དང་ན་མཁའི་སྙིང་པོ་དང་། ལུག་ན་རིན་ཆེན་དང་། འཁོར་ལོ་དང་། དེ་ལ་སོགས་པ་ཇི་ལྟར་གསུངས་པ་དེ་ལ་སོགས་པ་རྣམས་ཀྱིས་དེ་དག་རབ་ཏུ་དབྱེ ་བས་སོ།། རྡོ་རྗེ་སྙིང་པོའི་རྒྱན་དུ་རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་གྱི་རྣམ་པར་འབྱེད་པའོ།། རྣམ་པར་སྦྲང་མཛད་དང་མཐུན་པའི་དཀྱིལ་འཁོར་ངེས་པར་བསྟན་པ་དེ་ནས་རྣམ་པར་སྣང་མཛད་ཞེས་པ་ལ་སཾ ་པ་གསུངས། སུམ་ཅུ་རྩ་གཉིས་མཆོག་ཏུ་འབར་ཞེས་པ་ནི་མཚན་སུམ་ཅུ་རྩ་གཉིས་འཆང་བའོ།། གཉིས་པའི་ཞེས་པ་ནི་ཨེ་ཡིག་གོ།། འཁོར་ལོ་ཅན་ཞེས་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའོ།། འཁོར་ལོ་ཞེས་པ་ནི ་གླུ་བཞི་པའི་ནང་དུ་ཆུད་པའི་ནིང་ད་རེ་མིག་བརྒྱད་པ་ཅན་འབར་བ་དང་བཅས་པའོ།། པདྨའི་རྒྱལ་པོ་རབ་ཏུ་གནས་ནི་སངས་རྒྱས་ཞེས་པ་ལྷག་མའོ།། དང་པོའི་དཀྱིལ་འཁོར་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁྲུ ་རོ།། །། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཉེ་བར་བསྟེན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། འཁོར་ལོ་ཞེས་པ་ཞི་རྣམ་པར་སྣང་མཛད་དང་མཐུན་པའི་དཀྱིལ་འཁོར་བཞིན་ནོ།། སངས་རྒྱས་ཕྲེང་བ་ལ་སོགས ་པས་བརྒྱན་ཞེས་པ་སངས་རྒྱས་ལྷའི་ཅོད་པན་ནོ།། དབུག་པ་དང་ནི་ཞགས་པར་བརྗོད་ཅེས་པ་ནི་དེ་ཉིད་དོ།། ཁྲོ་བོའི་ཁུ་ཚུར་ཉིད་ཀྱིས་ལག་པ་གཉིས་མཐེའུ་ཆུང་གཉིས་ཀྱིས་ཕན་ཚུན་ལྕགས་སྒྲོག་ཏུ་མདུད་པའོ།། བསྡིགས ་པར་མཛད་ཅེས་པ་བསྡིགས་པའི་ཚུལ་གྱིས་བརྟག་པ་སྣ་ཚོགས་པར་དགོངས་པའོ།། ཞེས་སོ།། རྡོ་རྗེ་ཧཱུཾ་མཛད་ཞེས་པ་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་གང་ཡིན་པ་དེའོ།། དེ་ལྟར་ཁྲོ་བོའི་དཀྱིལ་འཁོར་ཐམས ་ཅང་རྣམ་པར་བཀོད་ནས་ཞེས་པ་འདིས་ཧེ་རུ་ཀ་ལ་སོགས་པའི་དཀྱིལ་འཁོར་རྣམས་སུ་གཙོ་བོའི་ཕྱག་རྒྱ་ཆེན་པོའི་དབུས་སུ་བཞག་པར་བྱའོ།། དེ་ཁོ་ནའི་ཕྱག་རྒྱ་རྣམས་གཞོགས་ཐམས་ཅད་དུ་བཞག་པར་བྱའོ།། མཆོད་པ་དང ་སྒོ་བ་ཡང་ངོ་།། འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་ངེས་པའོ།། བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། དཀྱིལ་འཁོར་ཆེན་པོ་ཆུའི་དཀྱིལ་འཁོར་ཞེས་པ་ནི་ཟླ་བའི་དཀྱིལ་འཁོར་རོ།། ཕྱག་བཞི་ཞེས་པ་ནི་གཉིས་དག ་གི་བགྲང་ཕྲེང་དང་བཅས་པའི་མཆོག་སྦྱིན་དང་སྤྱི་བླུགས་ལག་ཏུའོ།། གཡོན་པས་བསྙེམས་པ་དང་བཅས་པའི་སྡོང་པོ་དཀུར་འཛིན་པ་གཡས་པས་དེའི་འདབ་མ་ཁ་འབྱེད་པའོ།། ཤ་ཥའི་སྡེ་པའི་མཐའ་ཞེས་པ་ནི་ཧ་ཡིག་གོ། ་དབྱངས་ཀྱི་བཞི་པ་ཨཱི་ཡིག་སྟེ། དེས་སྤྱི་བོར་མནོན་པའོ།། མེའི་ས་བོན་ར་ཡིག་གོ། ཐིག་ལེ་སྒྲ་ནི་མཆོག་ཏུ་ཞེས་པ་རྗེས་སུ་སྣ་ལྡན་དང་བཅས་པའི་པདྨའོ།། མདུན་དུ་པདྨའོ།། གཡས་སུ་བགྲང་ཕྲེང་ངོ་།། རྒྱབ་ཏུ་དབྱུག་པའོ། ་གཡོན་དུ་སྤྱི་བླུགས་སོ།། དེ་རྣམས་ཐམས་ཅད་ཀྱང་ཟླ་བ་ལ་གནས་པའོ།། མཆོད་པ་དང་སྒོ་བ་ནི་ཐམས་ཅད་དུ་སྔར་བཞིན་ནོ།། ན་མཁའ་མཛོད་དང་། རིན་ཆེན་འབྱུང་གནས་དང་། འཇིག་རྟེན་དབང་ཕྱུག་དང་། ་འཇམ་དཔལ་དང་། ངན་སེང་ཀུན་འདུན་དང་། བློ་གྲོས་མི་ཟད་པ་དང་། སིའི་སྙིང་པོ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་དང་། དྲ་བ་ཅན་གྱི་འོད་ཞེས་པའི་རིམ་པས་དགོད་པར་བྱའོ།། སྔར་གསུངས་དཀྱིལ་འཁོར་ཞེས ་པ་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ།། དེའི་ཚོགས་ཞེས་པ་ནི་རང་གི་གཙོ་བོའི་རྣལ་འབྱོར་གྱི་སྒོ་ཕྱེ་ནས་བསྡུ་བ་ལ་སོགས་པ་སྔོན་མ་ཅན་གྱི་ཕྱག་རྒྱ་བཞིའི་རྒྱས་བཏབ་སྟེ། དབང་བསྐོར་ཞིང་མཆོད་པའི་མཐར་ཐུག་པ་རྫོགས ་ས་ཞུགས་ཏེ་རང་དབང་བསྐུར་བ་ལ་སོགས་པ་ཅན་རྫོགས་ནས་སློབ་མ་བཅུག་སྟེ། འཇུག་པ་ལ་སོགས་པ་རྫོགས་པ་འདིས་ཉེ་བར་སྤྱོད་པ་ཐམས་ཅད་ཀྱིས་མཆོད་པར་བྱ་ཞེས་པ་ནི་ཉེ་བར་བསྡུ་བའི་དུས་སུའོ།། དེ་ལ་དབང་པོ ་ཉིད་དུ་ཞེས་པ་ལ་སོགས་པ་ནི་འཇུག་པ་ལ་སོགས་པ་འདུས་བྱས་པའི་དུས་ཁོ་ནགོ།། དེས་ཤེས་པ་ནི་སློབ་དཔོན་གྱིས་སོ།། སྐྱིལ་ཀྲུང་ཞེས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་ངོ་།། ག་སྡུད་པའི་སྦྱོར་བས་ཞེས་པ་ནི་རྡོ་རྗེ་ཁུ་ཚུར་གྱིས་བཛྲ ་སཏྭ་སུ་སཾ་གྲ་ཧད་ཅེས་པ་ལ་སོགས་པའི་གླུ་ཡིས་རྡོ་རྗེའི་གར་སྔོན་མ་ཅན་གྱིས་སོ།། རབ་བཀོད་ཕྱག་རྒྱ་ཐམས་ཅད་དུ་ཞེས་པ་ནི་གང་གི་ལྷ་གང་ཡིན་པོའི་ཉམས་དེ་དང་དེར་གནས་པས་འདི་རྣམས་ཀྱི་ཕྱག་རྒྱ་རབ་ཏུ་སྦྱར་བར ་བྱའོ།། བདག་ཉིད་རྡོ་རྗེ་གར་བྱས་ཞེས་པ་འདིས་ཕྱོགས་གཞན་སྟོན་པར་བྱའོ།། ཇི་སྐད་གསུངས་པའི་ཉམས་ཀུན་ཏུ་གནས་པ་སྣ་ཚོགས་པའི་རྡོ་རྗེའི་གར་སྔོན་མ་ཅན་རང་གི་ལྕེའི་ང་རྒྱལ་གྱིས་སོ།། ཕྱག་རྒྱ་བཅིངས་པ་ལའང ་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ་ཞེས་པ་ཇི་སྲིད་པར་རོ།། སྐྱིལ་ཀྲུང་ཤེས་པ་རྡོ་རྗེའི་སྐྱིལྔ་ཀྲུང་ངོ་།། དེའི་ཕྱེད་ཀྱིས་ཤེས་པ་ནི་རྡོ་རྗེ་སྐྱིལ་ཀྲུང་གི་ཕྱེད་སེམས་དཔའི་སྐྱིལ་ཀྲུང་ངོ་།། སྡིག་པའི་རྒྱུ་ཅན་ཞེས་པ་ནི་སྡིག་པ་ཞི་པའོ།། ཆོ ་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ཞེས་པ་ནི་དེ་དང་དེའི་དངོསོ་པོ་རྣམས་ཐམས་ཅད་ལོ་རྗེསུ་ཞུགས་ནས་ཆོས་རྣམས་ཆོས་རྣམས་ལོ་འཇུག་པའི་ངང་ཚུལ་ལོ།། རབ་ཏུ་འཇུག་པ་རྣམས་ཀྱི་དགེའ་བ་མེད་པ་ཡང་དེ་རྣམས་ཀྱི ་མངངས་དང་བྲལ་བ་ནི་སྒྲིབ་པ་ཐམས་ཅད་རབ་ཏུ་བཅོམ་པ་རྣམས་ཀྱི་དབང་པོ་ཞི་བར་བལྟ་བར་བྱའོ།། ། རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། རིན་ཆེན་སྙིང ་པོའི་ཞེས་པ་ནི་ན་མཁའི་སྙིང་པོ་ཡིའོ།། རིན་ཆེན་པདྨའི་ཞེས་པ་ནི་འདབ་མ་སྣ་ཚོགས་པའོ།། རིན་ཚོན་ཕྲེང་བས་རྣམ་པར་མཛེས་ཤེས་ཏེ། དབང་བསྐུར་ཀུན་གྱི་མཆོག་ཞེས་པ་ནི་ཆ་བརྒྱད་ཀྱི་རིན་པོ་ཆེའོ།། ཡིད་བཞིན་ནོར ་ང་ཤེལ་ལ་སོགས་པ་རྣམས་སོ།། དཀྱིལ་འཁོར་ཀུན་གྱི་གྲཝ་རྣམས་ཀྱི།། གནས་རྣམས་སུ་ནི་བཞག་པར་བྱ།། ཞེས་པ་ནི་མཆོད་པ་དང་སྒོ་བ་རྣམས་སོ།། སྡེ་པ་བཞི་པའི་དང་པོ་ནི་ཏེ་ཡིག་གོ། མེའི་ས་བོན་ནི་ར་ཡིག་གོ། དབྱངས ་ཀྱི་གཉིས་པ་ཡིས་ཞེས་པ་ནི་ཨཱ་ཡིག་གིས་སོ།། དབང་སྒྱུར་བ་ནི་ཞེས་པ་རྗེས་སུ་ང་རོའོ།། རྒྱབ་བསྐུམས་ཏེ་ཞེས་པ་ནི་མཉམ་པའི་ཐར་མོར་བྱས་ནས་སོར་མོ་ཐམས་ཅད་ཀྱི་རྒྱུ་བ་བསྐུམ་པར་བྱའོ།། རིན་ཆེན ་རྣམ་པ་ལེགས་འབྱུང་བ་ཞེས་པ་ནི་རིན་པོ་ཆེའི་རྣམ་པས་ཡོངསུ་གྱུར་པའོའོ།། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་བསྟན་པོ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ། རྡོ་རྗེ་ཕྲེང་བས་རྣམ་པར་བརྒྱན་ཞེས་པ་ནི་ཕྱི་རོལ་ཏུ་སྣ་ཚོག ་རྡོ་རྗེའི་ཕྲེང་བསུ་ཉེ་བར་བརྒྱན་པའོ།། ཞལ་བཞི་པའི་རྡོ་རྗེ་ཆེ་ཞེས་པོ་ནི་སྣ་ཚོགས་རྡོ་རྗེའོ།། འཁོར་ལོ་བཞིན་དུ་ཡོངས་སུ་བསྐོར་ཞུས་པ་ནི་སྣ་ཚོགས་རྡོ་རྗེའི་ཕྲེང་བས་ཡོངས་སུ་བསྐོར་བའོ།། ངོའི་དབུས་སུ་ཞེས་པ་ནི་ཞལ་བཞི་པའི ་རྡོ་རྗེ་ཆེན་པོའིའོ།། ཁ་དོག་སྣ་ཚོགས་མཆོག་ཏུ་འབར་ཞེས་པ་ནི་རྣམ་པཾ་སྣ་ཚོགས་པའི་མཆོག་གོ།། རྡོ་རྗེ་སྣ་ཚོགས་ཞེས་པ་ནི་རྡོ་རྗེ་ཁུ་ཚུརཾ་རོ།། སྣ་ཚོགས་ཁ་དོག་ཞེས་པ་ནི་ཞལ་ལ་དཀར་པོའོ།། བྲང་ལ་དམར་པོའོ།། ལག་པ་ལ ་ལྗང་གུའོ།། ལྟོ་བ་ལ་སྟེར་པོའོ།། ལྷག་མ་ནཱག་པའོ།། གཟི་བཛྲད་ཆེ་ཞེས་པ་ནཱིའི་བྱར་བའི་ཕྲེང་བའོ།། སངས་རྒྱས་ཕྲེང་བས་རྣམ་པར་མཛེ་སྭ་ཟློས་པ་ནཱི་རྡོ་རྗེ་སངས་རྒྱས་ལྔའི་ཅོད་པན་ཅན་ནོ།། མྱ་ངན་འདས་དོན་རབ་གསལ་བྱུང་།། ཞེས ་པིའོ་པ་ནི་ཨཾ་ཡིག་གོ།། སྒེག་སོགས་རིག་མ་ཐམས་ཅད་ཀྱིས་ཞེས་པ་ནི་མཆོད་པ་རྣམས་ཐམས་ཅད་ཀྱིས་སོ།། དེ་བཞིན་ཞེས་པ་ནི་རིན་པོ་ཆེའི་དཀྱིལ་འཁོར་ཇི་ལྟེ་བ་བཞིན་དུ་དབང་པོསྐུར་བ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས ་སྣ་ཚོགས་མཆོག་ཏུ་རྣམ་པར་བཀྲ་ཞེས་པ་དང་ཡང་དག་པར་སྦྲེལ་ལོ།། རྡོ་རྗེའི་ཐིག་ལེས་ཡོངས་བསྐོར་ཞེས་པ་ནི་སྣ་ཚོགས་ཐིག་ལེའི་ཕྲེང་བས་ཡོངས་སུ་བསྐོར་བའོ།། སྒེག་སོགས་རིག་མ་ཐམས་ཅད་ཀྱིས།། ཕྱག་རྒྱ་ཐམས་ཅད་ཀྱིས ་ཤེས་པ་འདི་ཁོ་ནའི་རིམ་པ་ཉེ་བར་བསྟན་པ་དེ་ལ་དབང་བསྐུར་ཕྱག་རྒྱ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་པས་སོ།། །། འཇམ་དཔལ་གྱི་དཀྱིལ་འཁོར་ཉེ་བར་བསྟན་པ་དེ་ནས་ཞེས་གསུངས་པ། ཤེས་རབ་ཡེ་ཤེས་འཁོར ་ལོ་ཆེ་ཞེས་པ་ནི་དེ་བཞིན་གཤེགས་པའི་བླ་ན་མེད་པའི་ཤེས་རབ་ཡེ་ཤེས་ཀྱི་རླུང་བཞིན་རྩིབས་བརྒྱད་པའི་འཁོར་ལོ།། སྔགས་ཀྱི་ཡི་གེས་རྣམ་པར་བརྒྱན་ཞེས་པ་ནི་མུ་ཁྱུད་ལ་ཨཱ་ར་པ་ཙ་ནེ་ཞེས་པའི་ཡི་གེ་རྣམས་ཀྱིས་རྣམ ་མཛེས་པའོ།། རལ་གྱིས་བཅས་ཞེས་པ་ནི་ཕྱག་བཞི་པོ་རྣམས་སུའོ།། རལ་གྲིའི་ཕྲེང་བུས་རྣམ་པར་མཛེས་ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུའོ།། ཡི་གེ་ལྔའི་གསང་སྔགས་ཆེན་ཇི་སྐད་དུ་གསུངས་པ་རྣམས་སོ།། དེའི་གཞོགས ་སུ་གནས་ཞེས་པ་ནི་འོད་བསྐོར་ལ་ཡང་དག་པར་བཞུགས་པའོ།། རོལ་ཞེས་པ་ནི་འཁོར་ལོའི་ཕྱི་རོལ་ལོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྟོང་པ་ཉིད་ཐམས་ཅད་རླུང་བཞིན་མེད་པའི་རྣལ་འབྱོར་གྱིས་སོ་ཞེས་བྱ་བ་ལ ་སོགས་པ་ཅན། དེ་པད་མའི་འདབ་མ་རྣམས་སུ་བྲི་བར་བྱའོ།། སྔོན་དུ་བཤད་པའི་ཆོ་ག་ཡིས་ནོས་པ་ནི་ཁུ་ཚུར་གྱི་དཀྱིལ་འཁོར་དུ་བཤད་པའི་ཆོ་གས་སོ།། མཆོད་པའི་ཆོ་ག་རྒྱས་པར་ཞེས་པ་ནི་སྒོག་མོ་ལ་སོགས་པོ་རྣམས ་དགྲོད་བགྲོ། ངོས་བཞི་པོ་རྣམས་སུ་རལ་གྲི་བྱུག་རྒྱུ་བྷིའོ།། འཇུག་པའི་ཆོ་ག་རྒྱུས་པ་དེ་ཁོ་ནྱ་བཞིན་དུ་ཞེས་པ་ནི་ཆོས་ཀྱི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུའོ།། སྣརུམས་བསྐྱེད་སྒྱུ་ཐག་ཏུ་ཆས་ཀྱི་འཁོར་ལོ་བཱསོ+ོ ་བའི་གནས་ཀྱི་དཀྱིལ་འཁོར་སྟོན་པ་དེ་ནས་ཞེས་བྱ་བཱ་ལྀ་སོགས་པ་གསུངས་པ། ཆོས་ཀྱི་འཁོར་ལོ་ནི་རྩིབས་བནྡྷ་གཉིས་པའོ།། རྟེན་ཅིང་འབྲེལ་འབྱུང་བྱེང་བ་ཞེས་པ་ནི་མ་རིག་པའི་རྐྱེན་གྱི་འདུ་བྱུང་དེ་ཞེས་པ་ཨ་ཡིག ་སྟེ་དེ་མུ་ཁྱུད་ལ་བྲི་བར་བྱའོ།། ཕྱག་བཞི་ཞེས་པ་ནཽ་གཉིས་དག་གིས་འཁོར་ལོ་འཛིན་པའོ།། གཉིས་དག་གིསྟཱ་རལ་གྲི་དང་ཞགས་པ་འཛིན་པའོ།། རང་གི་ཡི་གེའི་ཕྲེང་བ་རྣམས་ཀྱིས་ནཱི་ཧཱུཾ་ཡཽག་གཱི་ཕྲེང་བའོ།། དེ་ཡང་གཡས་པ ་པཾ་དང་གིཡས་མིན་གྱི་གཞོགས་སུ་འཁོར་ལོ་གཉིས་ཀྱིས་འོད་ཟེར་དང་ལྡན་ཞིང་རྣམ་པར་མཛེས་པའི་འོད་ཀྱིས་བསྐོར་བར་བལྟ་བར་བྱའོ།། དེ་ཡི་ཞེས་པ་བཅོམ་ལྡན་འདས་ཀྱིའོ།། འཁོར་ལོ་བཞིན་དུ་རབ་ཏུ་གནས་ཞེས་པ་ནི ་འཁོར་ལོའི་རྣམ་པས་ཡོངས་སུ་གྱུར་པའོ།། མཆོད་པ་ཞེས་པ་ནི་སྒེག་མི་ལི་སོགས་པ་རྣམས་སོ།། འཁོར་ལོ་བསྐོར་བར་བྱ་བ་ལཾ་སོགས་ཞེས་པ་ནི་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་གྱི་རྣལ་འབྱོར་གྱིས་བསྡུ་བ་སོགས་པ་སྔོན ་མ་ཅན་གྱི་ཞུགས་ནས་འཇུག་པ་ལ་སོགས་པ་རྫོགས་པར་བྱའོ།། ནམ་མཁའ་མཛོད་ཀྱི་དཀྱིལ་འཁོར་ཉེ་བར་སྟོན་པ་དེ་ནསཽ་ཞེས་པ་ལ་སོགས་པ་གསུངས་པོ། ཐོག་མའི་དཀྱིལ་འཁོར་ཚུལ་གྱིས་ནི་ཞེས་པ་ཆོས་ཀྱི་དབྱིངས ་ཀྱི་དཀྱིལ་འཁོར་གྱི་རིགས་པའོ།། དཀྱིལ་འཁོར་ཀུན་གྱི་ཞེས་པ་གྲུ་བཞི་པ་ལ་སོགས་པ་དང་ལྡན་པ་ཕྱིའི་དཀྱིལ་འཁོར་ལའོ།། སྣང་བ་ཆེ་ཞེས་པ་ནི་འོད་ཀྱི་ཕྲེང་བ་ཅན་ནོ།། མཁའ་བཞིན་ཤིན་ཏུ་འོད་གསལ་བ་ཞེས་པ་ནི་བཻ་ཌཱུརྱའི་ཁ་དོག་གོ།། ་ཟླ་བའི་ཁ་དོག་གཟི་བརྗིད་ཆེ།། ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དཀར་པོའོ།། སྣ་ཚོགས་ཚོན་ཆ་འཆུང་བཾ་ཞེས་པ་ནི། སྣ་ཚོགས་རྡོ་རྗེ་འཛིན་པའོ།། སངས་རྒྱས་ཕྲེང་བ་ལ་སོགས་པས་སྨྲས་ཞེས་པ་ནི་སངས་རྒྱས་ལྔའི་ཅོད་པོན་དང་། དཔྲལ ་པའི་སྟེང་དང་མགྲིན་པར་ཡང་རིན་པོ་ཆེའི་ཕྲེང་བ་བཞིན་ནོ།། དབྱངས་ཀྱི་དགུ་པ་ཞེས་པ་ནི་ཨོཾ་ཡིག་སྟེ་མ་ནིང་བཞི་པོ་མེད་པ་ཉིད་ཀྱི་ཕྱིར་རོ།། ཐིག་ལེ་སྒྲ་ཡིས་རྣམ་པར་བརྒྱན་ཞེས་པ་ནི་རྗེ་སུ་སྣ་ལྡན་དང་བཅས་པའོ།། དེ་ཡང་ཞེས་པ ་ནི་གང་ཐོག་མ་སྟེ་དང་པོའི་སྡེ་པའི་གསུམ་པའོ།། རྗེས་སུ་སྣ་ལྡན་དང་བཅས་བསྟན་ཏོ།། པདྨའི་རྒྱལ་པོའི་ཕྱི་རོལ་གྱི་འདབ་མ་ལ་ཕྲེང་བ་མཆོག་འཆང་བའོ།། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ལས་མཐེ་ཆུང་དང་མིང་མྱེད་ཁབ་བཞིན་དུ་བྱས་པ ་འདི་རྟོག་གི་ཕྱག་རྒྱའོ།། ། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་བསྟན་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་དཀྱིལ་འཁོར་སྔ་མའི་སྦྱོར་བ་ཡིས།། དཀྱིལ་འཁོར་ཐམས་ཅད་ཐིག་བཏབ་པོ་ཞེས་པ་ནི་བཤང་མ་ཐག ་པའོ།། ཁྲོ་བོའི་དཀྱིལ་འཁོར་ཞེས་པ་ནི་འབར་བ་དང་བཅས་པའོ།། དེར་ཡང་ཞེས་པ་ནི་ཁྲོ་བོའི་དཀྱིལ་འཁོར་གྲུ་བཞི་པར་རོ།། མེའི་རྡོ་རྗེ་མཆིག་ཞེས་པ་ནི་མེའི་དཀྱིལ་འཁོར་རོ།། ཤ་ཥ་སའི་སྡེ་པའི་མཐའ་ཅན་ནི་ཧ་ཡིག་གོ།། དེ་ཡང ་ཚེག་དྲག་དང་བཅས་པའོ།། ཁྲོ་བོའི་དཀྱིལ་འཁོར་གྱི་བསྐོར་བ་ནི་གང་དུ་སྔགས་ཀྱི་ཡི་གེའི་ཕྲེང་བ་བྲི་བར་བྱེད་པ་དེ་ཁྲོ་བོའི་དཀྱིལ་འཁོར་གྱིས་བསྐོར་བའོ།། དོན་ཡོད་རྒྱལ་པོའི་དཀྱིལ་འཁོར་བསྟན་པ་དེ་ནས་ཞེས་བྱ ་བ་ལ་སོགས་པ་གསུངས་པ། ལྕགས་ཀྱུའི་རྣམ་པ་ཞེས་པ་ནི་ཟུར་གསུམ་གྱི་རྣམ་པའོ།། ལྕགས་ཀྱུ་ལ་ནི་རབ་ཏུ་བཞུགས་ཞེས་པ་ནི་འོད་ཟེར་དང་བཅས་པའི་ལྕགས་ཀྱུ་ལ་ཡང་དག་པར་བཞུགས་པ་གང་ཡིན་པའོ།། ཕྱག ་བཞི་ཞེས་པ་ནི་གཉིས་གང་གིས་རྡོ་རྗེ་ཁུ་ཚུར་གྱི་ལྕགས་ཀྱུ་འཛིན་པའོ།། གཡོན་པ་བསྙེམས་པ་དང་བཅས་པ། གཡས་པས་མཆོག་སྦྱིན་དང་ངང་བཅས་པའོ།། རྡོ་རྗེ་ལྕགས་ཀྱུ་འཛིན་པར་བྱེད་པའི་ཁུ་ཚུར་ཆེན་པོ་གོང ་ཡིན་པ་དེ་བཞིན་དུ་བརྗོད་དོ།། འབར་བ་འཕྲོ་བས་རྣམ་པར་བརྒྱན་ཞེས་པ་ནི་རབ་ཏུ་གཡོ་བའི་འོད་ཟེར་འཁྲུགས་པའོ།། སྔགས་ཀྱི་ཡི་གེ་ལོགས་པར་སྦྱར་ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུ་སྔགས་ཀྱི་ཡི་གེ་དགོད་པའོ།། ལྕགས ་ཀྱུའི་ཕྱག་རྒྱ་ནི་སྔར་བཤད་པའི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ།། དེའི་ཡང་དག་པར་སྒྱུར་བ་ནི་དེ་བཅིངས་ནས་ཀུན་ཏུ་འདོན་པའོ།། །། རྡོ་རྗེ་རྒྱལ་པོའི་འཁོར་ལ་ཡང་ཐམས་ཅད་སྔར་བཞིན་ལས་ཁྱད་པར་ནི་ཞགས་པ ་ལྕགས་ཀྱུ་འཛིན་ཞེས་པ་ལ་སོགས་པ་སྟེ། ཕྱག་གཉིས་ཀྱིས་ཞགས་པ་འཛིན་པའོ།། གཉིས་ཀྱིས་ལྕགས་ཀྱུ་འཛིན་པའོ།། སྡེ་ཚན་གཉིས་པའི་གསུམ་པ་ནི་ཛི་ཡིག་གོ། གཉིས་འགྱུར་ཉིད་དུ་རྣམ་པར་གནས་ཞེས་པ་ནི་ཡང་དག ་པར་སྦྱར་བ་བྱས་པའོ།། མྱང་འདས་ཐིག་ལེ་ཞེས་པ་ནི་ཚིག་དྲག་གོ།། རབ་ཏུ་བསྐོར་ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར་དུ་གནས་པའོ།། སྒེག་མོ་ལ་སོགས་པ་ནི་སྔོན་བཞིན་ཡང་ངོ་།། རྡོ་རྗེ་ཆགས་པའི་དཀྱིལ་འཁོར་ལ་ཡང་ཕྱག ་བཞིན་ཞེས་པ་ནི་གཡོན་པས་གཞུ་འཛིན་གཡས་པས་མདའ་འཕེན་པའོ།། གཡོན་གཞན་གྱིས་བསྙེམས་པ་དང་བཅས་པ་གཡས་ཀྱི་མཆོག་སྦྱིན་པའོ།། སྔགས་ཀྱི་ཕྲེང་བས་རྣམ་པར་བརྒྱན་ཞེས་པ་ནི་འོད་ཀྱི་དཀྱིལ་འཁོར ་དུ་ཧོ་ཡིག་གི་ཕྲེང་བས་རྣམ་པར་མཛེས་པའོ།། མེ་ཏོག་མངའ་ཡིས་ཡོངས་སུ་བསྐོར་ཞེས་པ་ནི་ངོས་བཞི་པོ་རྣམས་སུ་མེ་ཏོག་གི་མདའ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ།། སྒེག་མོ་ལ་སོགས་པ་དེ་དག་ཀྱང་བལྟ་བར་བྱའོ།། ། ་འཆང་བར་འགྱུར་བའི་རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་མཐར་ཐུག་པ་རྣམས་སུ་གང་མ་བརྗོད་པ་དེ་དང་དེ་དག་གམ་རྒྱུད་ཀྱང་དབང་དུ་བྱས་པའོ།། །། རྡོ་རྗེ་ལེགས་པའི་དཀྱིལ་འཁོར་ལ་ཡང་ཧ་ཡིག་གི་སྔོན་མ། སཽམ ་ཅན་དོན་ནི་རབ་སྒྲུབ་བྱེད་ཞེས་པ་ས་ཡིག་གོ།། ཐིག་ལེ་གཉིས་ནི་ཚིག་དྲག་གོ།། སངས་རྒྱས་ཐམས་ཅད་མཉམ་པར་སྤྱོད་ཅེས་པ་ནི་སངས་རྒྱས་ཐམས་ཅད་སྔགས་པར་བྱའོ།། །། རྡོ་རྗེ་གཟི་བརྗིད་ཀྱི་དཀྱིལ་འཁོར་དུ་ཡང ་ཀུན་ནས་སངས་རྒྱས་ཉིད་མཚུངས་པ། ཞེས་པ་ནི་ཐམས་ཅད་དུ་སངས་རྒྱས་ཉིད་སྦྱིན་པའོ།། དབྱངས་ཀྱི་བཅུ་གཅིག་པ་ནི་ཨ་ཡིག་གོ།། སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བ་ཞེས་པ་ནི་འོད་བསྐོར་ལ་རང་གི་སྔགས་ཀྱི ་ཡི་གེའི་ཕྲེང་བས་བསྐོར་བའོ།། ཕྱག་རྒྱའི་མཚན་མ་ཞེས་པ་ནི་ཕྱག་གཉིས་ཀྱིས་ཉི་མའི་དཀྱིལ་འཁོར་དང་རིན་པོ་ཆེའི་དཀྱིལ་འཁོར་འཛིན་པའོ།། ངོས་བཞི་པོ་རྣམས་སུ་ཡང་དེ་ཁོ་ནས་ཡོངས་སུ་བསྐོར་བའོ།། སངས ་རྒྱས་ཐམས་ཅད་མཆོད་ནས་ཞེས་པ་ནི་བསྡུ་བ་ལ་སོགས་པ་སྔོན་མ་ཅན་ནི་ལྷག་མའོ།། རྡོ་རྗེ་རྒྱལ་མཚན་གྱི་དཀྱིལ་འཁོར་ལ་ཡང་རིན་ཆེན་ཏོག་གི་དཀྱིལ་འཁོར་ནི་རིན་པོ་ཆེའི་དཀྱིལ་འཁོར་རོ།། ཕྱག་བཞི་ཞེས་པ་ནི་གཉིས་ཀྱི ་རྒྱལ་མཚན་འཆང་བའོ།། གཡོན་པས་བསྙེམས་པ་དང་བཅས་པ་གཡས་ཀྱི་མཆོག་སྦྱིན་པའོ།། སྡེ་ཚན་བཞི་པའི་དང་པོ་ལ་མེའི་གསལ་བར་ཅན་ནི་ཏྲ་ཡིག་གོ།། དེ་ཡང་ཚེག་དྲག་དང་བཅས་པར་བལྟ་བར་བྱའོ།། ་རྡོ་རྗེ་བཞད་པའི་དཀྱིལ་འཁོར་ལ་ཡང་གཉིས་ཀྱིས་སོའི་ཕྲེང་བ་འཛིན་པ་གཡོན་གྱི་བསྙེམས་པ་དང་བཅས་པ་གཡས་ཀྱིས་མཆོག་སྦྱིན་པའོ།། རྒྱུ་དོན་རབ་ཏུ་སྒྲུབ་བྱེད་པ་ཞེས་པ་ནི་ཧ་ཡིག་གོ།། དེ་ཡང་ཆོག་དྲག་དང་བཅས ་པའོ།། རྡོ་རྗེ་སྨྲ་བའི་དཀྱིལ་འཁོར་ལ་ཡང་དངོས་སྒྲུབ་རབ་ཏུ་སྟེར་བ་པོ་ཉིད་ཀྱི་ཕྱིར་དངོས་གྲུབ་ཀྱི་དཀྱིལ་འཁོར་རོ།། རྡོ་རྗེའི་ཐིག་གིས་ཡོངས་སུ་བསྐོར་བ་ཉིད་ཀྱི་ཕྱིར་རྡོ་རྗེའི་དཀྱིལ་འཁོར་རོ།། མེ་ལ་ཡང་དག་འབྱུང་ཞེས་པ་ནི་མེའི ་དཀྱིལ་འཁོར་ལ་གནས་པའོ།། དེ་ཉིད་གསལ་བར་གྲུ་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་པ། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ནི་ར་ཡིག་གོ།། དེའི་སྔགས་ཉིད་ཀྱི་ཕྱིར་ཆོས་དབྱིངས་ཡི་གེ་སྟེ། བཅོམ་ལྡན་འདས་ཀྱང་ངོ་།། ཐམས་ཅད ་གཟི་བརྗོད་རང་བཞིན་ཞེས་པ་ནི་འོད་ཟེར་སྣ་ཚོགས་པའི་ཕྲེང་བའོ།། ཕྱག་བཞི་ཞེས་པ་ནི་གཉིས་ཀྱིས་ཀྱང་བསྙེམས་པ་དང་བཅས་པ་དང་མཆོག་སྦྱིན་པའོ།། གཉིས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་ཏིང་ངེ་འཛིན་གཞན་སྟོན ་པར་བྱེད་དོ།། བརྗོད་བྱའི་དབྱེ་བ་ཞེས་པ་ནི་ངན་འབྱེད་པར་མངོན་པར་དགོངས་སོ་ཞེས་པ་ཛ་སྲིད་པའོ།། རྡོ་རྗེ་སྲུང་པའི་དཀྱིལ་འཁོར་ལ་ཡང་གོ་ཆ་ཞོས་པ་ནཱི་གོ་ཆའོ།། ཕྱག་བཞི་ཞེས་པ་ནི་གཉིས་ཀྱིས་གོ་ཆ་འཛིན་པའོ།། གཡོན ་པས་མེ་ཏོག་དམར་པོ་འཛིན་པའོ།། གཡོས་ཀྱིས་མཆོག་སྦྱིན་པའོ།། སྣ་ཚོགས་ཁ་དོག་སྣ་ཚོགས་ཏེ་སྔར་བརྗོད་པའི་རྡོ་རྗེ་ཁུ་ཚུར་བཞིན་ནོ།། གཟི་བརྗིད་ཆེ་ཞེས་པོ་ནི་འོད་ཟེར་འབར་བ་དང་ལྡན་པའོ།། ཕྱག་རྒྱ་སྔགས་དང་ཡང ་དངག་ལྡན་ཞེས་པ་ཕྱག་དང་ངོས་བཞི་པོ་རྣམས་སུའོ།། སྔགས་དང་ཡང་དག་ལྡན་པ་ནི་འོད་ཀྱི་དཀྱིལ་འཁོར་ལའོ།། ཤཾ་ཥ་སའི་སྡེ་མཐའ་ཅན་ཞེས་པ་ནི་ཧ་ཡིག་གོ། ནཱ་ད་ཡས་ནི་སྟེང་དུ་བརྒྱན་ཞེས་པ་ནི་རྗེ་སུཾ་སྣ་ལྔ་ནི་དང་བཅས ་པའོ།། སྣ་ཚོགས་ཁ་དོག་གི་བསྒོམས་པས་ཞེས་པ་ནི་འོད་ཟེར་སྣ་ཚོགས་ཀྱིས་སོ།། སྔགས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་ཞེས་པ་ནི་འོང་བསྐོར་ལའོ།། གློག་གི་ཕྲེང་བས་རྣམ་པར་བརྒྱན་ནི་དེ་དང་དེ་ཁོ་ནའོ།། རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར ་ལ་ཡང་རྡོ་རྗེ་པདྨ་ཞེས་པ་ནི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་པདྨ་ལའོ།། ཕྱག་བཞི་ཞེས་པ་ནི་གཉིས་ཀྱི་ཁུ་ཚུར་གྱི་ཕྱག་རྒྱ་འཆིང་བའོ།། གཡས་པས་མཆོག་སྦྱིན་པའོ།། དེ་བཞིན་གཤེགས་པ་རྣམས་ཀུན་གྱི་ཁུ་ཚུར་ཞེས་པ་དེ་དག་ཁོ་ནའི ་སྒྲུབ་པར་བྱེད་པ་སྐུ་དང་གསུང་དང་ཐུགས་ཞེས་པ་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྱུ་དང་གྷ་སྲུང་དང་ཐུགས་གཎྜཱིག་པ་ནྡན་དུ་བྱུང་ངོ་ཞེས་པའི་དོན་ནོ།། རྡོ་རྗེ་སེམས་དཔའ་ཞེས་པ་ན ་དབྱེ་བར་བྱར་མེད་པའི་སེམས་སོ།། མཉམ་ཉིད་མཆོག་ཞེས་པ་ཁོ་ན་བསྟན་པ་གསུངས་པ་གཉིས་ཉིད་མེ་ཞེས་པ་སྟེ་མཆོག་ནི་སེམས་དཔའི་མཆོག་ཉིད་ཀྱི་ཕྱིར་རོ།། གསང་བ་ནི་སྔགས་ཀྱི་སེམས་པ་རྣམས་ཀྱིས་སྒྲུབ ་བོར་བྱ་བོ་ཉིད་ཀྱི་ཕྱིར་རོ།། སྡུད་པ་ཞེས་པ་ནི་གཅིག་པ་ཅན་དུ་བྱེད་པའོ།། སྡེ་ཚན་ལྔ་པའི་གསུམ་པ་ནི་པ་ཡིག་གོ། དེ་ཡང་རྗེ་སུ་ང་རོ་དང་བཙས་པས་བལྟ་བར་བྱའོ།། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་ཆོས ་དང་ལོས་རྣམས་རིམ་པས་རྣམ་པར་སྣང་མཛད་ཆེན་པོ་དང་། ནམ་མཁའི་སྙིང་པོ་དང་འགྲོ་བ་འདུལ་བ་དང་། རྡོ་རྗེ་ཁུ་ཚུར་གྱི་རང་བཞིན་ཡིན་པ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གསུངས་སོ་ཞེས་པས་འདིར་ནི་ཉེ་བར་བཀོད་དོ།། ་འདིར་ཕྱག་རྒྱ་དགོད་པ་ཉེ་བར་མཱ་བཀོད་པ་གང་ཡིན་པ་དེ་རྣམས་ཀྱང་། ངོས་བཞི་པོ་རྣམས་སུ་རང་གི་མཚན་མའི་ཕྱག་རྒྱ་ཉིད་བཞག་པར་བྱའོ།། སྔར་གསུངས་པའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱིས་ཀྱང་དེ་རྣམས་ཀྱི ་བྱག་དོང་ཁ་དོག་དང་ཏིང་ངེ་འཛིན་ལ་སོགས་པའི་དབྱེ་བས་ཁྱད་པར་ཡང་དང་བར་ཁོང་དུ་ཆུད་པར་བྱའོ།། །། ད་ནི་འཇིག་རྟེན་པའི་དཀྱིལ་འཁོར་ཉེ་བར་བསྟན་པ་དེ་ནས་ཞེས་པ་ལ་སོགས་པ་གསུངས་པ། དེ་ལ་དབང ་ཕྱག་ཆེན་པོའི་དཀྱིལ་འཁོར་ལ།། སྒོ་ཁྱུད་ལ་སོགས་པ་རྣམ་པར་སྤང་ཞེས་པའི་སྩོགས་ཀྱི་སྒྲས་རྟ་བབས་ལ་སོགས་པ་དང་བྲལ་བའོ།། སྒོ་གཅིག་པར་རེ་ཁཱ་དཀར་པོའི་དཀྱིལ་འཁོར་ལའོ།། ཕྱུག་པ་ནི་ཞེས་པ་ན་གཉིས་ཀྱི ་མདུང་རྩེ་གསུམ་ངང་པཊྚི་སྱ་འཛིན་པའོ།། གཉིས་ཀྱིས་དུང་དང་པདྨ་འཛིན་པའོ།། ཆུའི་དཀྱིལ་འཁོར་དབུས་སུ་ཞེས་པ་ནི་གྲུ་བཞི་པའི་དཀྱིལ་འཁོར་ལ་ཆུའོ།། དེ་ལས་ཁྱུ་མཆོག་གོ།། དེ་ལ་ཞོན་པའོ།། མདུང་རྩེ་གསུམ་པ་ལ ་སོགས་པའི་ཕྱག་རྒྱུ་རང་གི་དྲིས་རྣམས་སུ་དགོད་པའོ།། །། འདི་ཉིད་ལ་ཞེས་པ་དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་དུ་དགའ་བྱེད་དབང་ཕྱུག་ཀྱང་གར་བྱེད་པ་བཞག་པར་བྱའོ།། ཕྱག་བཞི་ཞེས་པ་ཡང་དེ་ཁོ་ན་དང་སྒྲིམ ་ལག་པ་སྟོང་གིས་ཞེས་པ་ནི་ནག་པོ་ཆེན་པོ་ཉིད་ཀྱིའོ།། རྩེ་གསུམ་གྱི་ཕྱག་རྒྱ་ངོས་རྣམས་སུ་བཞག་པར་བྱའོ།། ། འོདི་ཉིད་ཀྱི་ནི་ཆོ་ག་ཡིས་ཞེས་པ་ནི་སྒྲོ་ཁྱུད་ལ་སོགས་པ་རྣམ་པར་སྤངས་པའི་རིགས་པས ་སོ།། སྦྲང་རྩིར་བྱེད་པ་ལ་སོགས་པའི་མིང་པོ་གསུམ་ཞེས་པ་སྦྲང་རྩི་རོ་བྱེད་པ་དང་། རྒྱལ་བར་བྱེད་པ་དང་གྲུབ་པར་བྱེད་པ་རྣམས་ཏེ། དེ་རྣམས་རིམ་པས་འདོད་ཆགས་དང་ཞེ་སྡང་དང་གཏི་སུག་གི་བདག་ཉིད་ཅན ་ཚངས་པ་དང་དྲག་པོ་དང་ཁྱབ་འཇུག་རྣམས་ཇི་སྲིད་པར་རོ།། གཞུའི་ཕྱག་རྒྱོ་ཡོངས་སུ་འཛིན་ཞེས་པ་ནི་ལག་པ་གཡོན་པོ་གཞུའོ།། མེ་ཏོག་མདའ་ནི་ཡོངས་སུ་འཕེན་ཞེས་པ་གཡས་པས་མདའ་འཛིན་པའོ།། ངོས་བཞིས ་རྣམས་སུ་རང་གི་མངའི་ཕྱག་རྒྱས་ཡོངས་སུ་བསྐོར་བའོ།། འདོད་ཆགས་སྦྲང་རྩིར་བྱེད་པ་གསུངས།། ཞེ་སྡང་རྒྱལ་བར་བྱེད་པར་དྲན།། གཏི་མུག་གྲུབ་བྱེད་རབ་ཏུ་བརྗོད།། ཀུན་ཏུ་གསང་བའི་མིང་རྣམས་སོ།། ཞེས་པས ་འདི་རྣམས་མིང་རྣམས་ཀྱི་མཚན་མ་དོ་དག་འདོད་ཆགས་ལ་སོགས་པ་རྣམས་སུ་བསྒོམས་པོས་ཉེ་བར་མཚན་པའི།། དེ་ལྟར་ཞེས་པོ་ནི་རྡོ་རྗེ་སྦྲང་རྩི་ལ་སོགས་པའི་དཀྱིལ་འཁོར་བཞིན་དུ་འདབ་མ་བཞི་པ་ཞེས་པ་ནི་པདྨ་འདབ ་པ་བཞི་པ་ལའོ།། རྒྱལ་བ་དམར་པོ་གའུ་དང་མདའ་དང་ལྡན་པའོ།། རྣམ་རྒྱལ་ནག་པ་ཕུབ་དང་རལ་གྲི་འཛིན་པའོ།། མི་ཕམ་པ་སེར་མོ་གཏོར་གྱི་ལག་པའོ།། གཞན་གྱིས་མཾ་ཐུབ་མ་དཀར་མོ་ཐོད་པ་དང་བཅས་པའི་གྲི་རིངས ་འཛིན་པའོ།། གཞོགས་སུ་རང་གི་མཚན་མི་དེ་རྣམས་བྲི་བར་བྱའོ།། གོ་རིམ་ཇི་ལྟ་བ་བཞིན་དུ་སྔགས་རྣམས་བཞག་པར་བྱའོ།། ཞེས་པ་ནི་རང་གི་སྔགས་འདི་དག་འདོན་ཅིང་དགོད་པརྱཱ་བྱའོ།། འཇིག་རྟེན་པ་ལ་ཡང་ལག་པ་གཡོན ་པའི་ཁུ་ཚུར་འདི་རྣམས་ཀྱི་ཕྱག་རྒྱ་སྟེ། དེ་ཁོ་ན་བཞིན་དུ་ལགྲཱྀ་པའི་རྒྱབ་ཞེས་པ་ཨོཾ་གྱི་ཡི་གི་དེ་ཉིད་དགོད་དོ།། རྡོ་རྗེ་ཕྲེང་བ་ཞེས་འབར་བའི་མཐར་ཐུག་པར་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བའོ།། ཡང་དག་སྦྱོར་ལས་ཤེས་པ་དབང་དུ ་བྱེད་པ་ལ་ཨོཾ་ཡིག་དམར་པོ་བསྒྲུབ་བྱའི་མིང་དང་སྤེལ་པ་བྲིའོ།། དེ་ལ་བསྒྲུབ་བྱ་ནང་དུ་བསྒོམས་ནས་འོད་ཟེར་དམར་པོའི་ཕྲེང་བ་ཅན་གྱི་སོར་མོ་དང་སྦྱར་བར་བྱའོ།། རྣམ་པར་དབྱེ་བ་ཡང་ཞེས་པ་དགུག་པ་ལས་ཏེ། དེ་ཁོ་ན ་བབཞིན་དུ་བསམས་ནས་བསྒྲུབ་བྱ་དགུག་པའི་ཚུལ་གྱིས་དེ་ལ་མངོན་དུ་ཕྱོགས་པའི་སོར་མོའི་ལྕགས་ཀྱུ་རྣམ་པར་དབྱེ་བར་བྱའོ།། ཕྱག་རྒྱ་ཞེས་པ་རྨོངས་པ་ལས་ཏེ་ནག་པོར་བསམས་ནས་ཕྱག་རྒྱ་བྱའོ།། ཀུན་སྤྱོད་ཞེས་པ་ནག་པོ ་ཉིད་བསམས་ནས་བསྒྲུབ་བྱཱ་དཽ་ཡི་གེ་ཉིད་ཀྱི་ནང་དུ་བཅུག་ནས་སོར་མོའི་མཛུབ་མོ་ལས་གཞན་ཀུན་ཏུ་སྤྲད་པར་བྱའོ།། བསྡུས་པ་ཞེས་པ་དེ་བཅིང་བ་ལས་ཏེ། དེ་བཞིན་ཁོ་ནར་བསམས་ནས་བསྒྲུབ་བྱ་ནང་དུ་བཅུག་སྟེ་སོར་མོའི ་རྩེ་མོས་བཙིར་བར་བྱའོ།། དེའི་སྟེང་དུ་ལྷའམ་ལྷ་མོ་བལྟའོ།། དེ་རྣམས་ཐམས་ཅད་དང་དེ་ཐམས་ཅད་དེའོ།། རྨོངས་པ་ལ་སོགས་ཞེས་པ་སོགས་ཀྱི་སྒྲས་བསྐྲད་པའོ།། རེངས་པའི་སོགས་ཀྱིས་འདི་ལོས་གཞན་པའི་ལས་ཀྱང ་འདིའི་ནང་དུའོ།། གོ་རིམ་བཞིན་ཞེས་པ་ཇི་ལྟར་རྗེ་སུ་མཐུན་པར་རོ།། རྡོ་རྗེ་སྙིང་པོའི་རྒྱན་དུ་རྩུ་བའི་རྒྱུད་ཀྱི་རྣམ་པར་འབྱེད་པའོ།། །། རྒྱུད་ཕྱི་མོ་ཉེ་བར་མཆོག་ཏུ་འཕགས་པ་དེ་ནས་བཅོམ་ལྡན་འདས་ཞེས་པ་ལ་སོགསཔ ་གསུངས་པ། བྱང་ཆུབ་སེམས་བརྩམས་ནས། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་མཆོག། ཅེས་པ་ཇི་སྲིད་པོ་རྣམ་པར་སྣང་མཛོད་ཀྱི་སྒོ་ནས་སོ།། མི་བསྐྱོད་པ་ལཾ་དང་ཞེས་པ་ལ་སོགས་པ་ནས་ཐམས་ཅད་དེ་བཞིན་གཤེགས་ཤེས་པ ་སྲིད་པར་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་བཞིའི་སྒོ་ནས་སོ།། འཁོར་ལོས་སྒྱུར་བ་གཙུག་ཏོར་གྱི་སྒོ་ནས་སོ།། རྡོ་རྗེ་སེམས་དཔའ་ཞོས་པ་ནས་བརྩམས་ནས་རྡོ་རྗེ་མཚམས་སྦྱོར་ལེགས་པར་བསྒྲུབ་ཞེས་པ་ཇི་སྲིད་པར ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའི་སྒོ་ནས་སོ།། ཕྱག་འཚལ་ཁྱོད་ཞེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པའི་སྒོ་ནས་འདི་ལ་བསྟོད་པ་བལྟ་བར་བྱའོ།། །། ད་ནི་དེ་ནས་བཅོམ་ལྡན ་རངས་ཞེས་པ་ལ་སོགས་པ་དྲན་པ་ཉེ་བར་བཞག་པ་ལ་སོགས་པ་ནས་དཔེ་བྱད་ཀྱི་མཐར་ཐུག་པའི་སྒྲུབ་ཐབས་ཉེ་བར་བསྡུ་བ་གསུངས་པ། སངས་རྒྱས་ཐམས་ཅད་ཀྱི་ཡུལ་རྣམས་ནི་དྲན་པ་ཉེ་བར་བཞག་པ་ལ་སོགས་པ ་རྣམས་སོ།། དེ་རྣམས་ཀྱི་འཇུག་པ་ནི་གང་དུ་ཤེས་པ་སྟེ། དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སོ།། དེ་ལྷ་དང་དབྱེར་མེད་པ་ཉིད་ཀྱི་ཕྱིར་རྡོ་རྗེའོ།། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་བཞིན་དུ ་བརྗོད་པར་བྱའོ།། དེ་ཉིད་ཀྱང་གང་གི་མིང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ཞེས་པ་མངོན་དུ་མཛད་པ་དང་ལྡན་པའོ།། འཇམ་དཔལ་གཞོན་ནུར་གྱུར་པ་ཞེས་པ་ནི་འཇམ་དཔྲལ་གཞོན་ནུར་གྱུར་པ་ཉིད་ཀྱི་ཡོངས་སུ་གྱུར ་པར་སྔར་བྱིན་གྱིས་བརླབས་པ་ལས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཤེས་རབ་ཡེ་ཤེས་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་སོ།། ཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་ནང་དུ་ཐིམ་པ་སྟེ་མི་བསྐྱོད་པ་ལ་སོགས་པའི ་ཐུགས་ལེགས་པར་བྱུང་ནས་ཞེས་པ་ལྷག་མའོ།། ཤེས་རབ་དང་ཡེ་ཤེས་རྣམ་པར་སྦྱར་སྟ་ཞེས་པ་ནི་དྲན་པ་ཉེ་བར་བཞག་པ་རྫོགས་པར་བྱ་སྟེའོ།། བྱང་ཆུབ་ཀྱི་སེམས་བསྐྱོད་ནས་ཞེས་པ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ལ ་སོགས་པའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གི་ཏིང་ངེ་འཛིན་ཡང་བསྐྱེད་ནས་ཤེས་པ་བསྟན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཡེ་ཤེས་ནི་རྣམ་པར་སྣང་མཛད་ཀྱི་ཤེས་རབ་ཡེ་ཤེས་ཀྱིས་སོ།། ཡོངས ་སུ་བསྐོར་བ་ཞེས་པ་ནི་ཡོངསུ་སུ་བསྐོར་བར་བསྐྱེད་ནས་སོ།། རྣམ་པོར་ཅི་ཡིས་ཞེ་ན་གསུངས་པ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་ཞེས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནི་མི་བསྐྱོད ་པ་ལ་སོགས་པ་རྣམས་སོ།། ཉི་མའི་དཀྱིལ་འཁོར་ཡོང་འདི་རྣམས་ཁོ་ནའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྟན་པ་ཆོས་ཀྱི་ཚིག་ཞེས་པ་ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པའི་ཚིག་གོ།། འཇིག་རྟེན་དུ་ཡང་ཉེ་བོར ་ལེན་པ་མེད་དོ།། ཞེས་པ་ནི་ཉེ་བར་ཐོབ་པ་མེད་པའོ།། ལུས་ལ་སོགས་པའི་ཆོས་མཉམ་པ་ཅན་ནི་སྟོང་པ་ཉིད་དོ།། གང་དེ་ཁོ་ན་གནས་ཏེ་གཞིའི་རང་བཞིན་ཡིན་པ་དེ་ཡང་ཉེ་བར་ཐོབ་པ་མེད་དོ།། རྣམ་པར་སྣང་མཛད་ཀྱི་རྣལ ་འབྱོར་སྔོན་དུ་བྱས་ནས་ཞེས་པ་ནི་དེའི་སྙིང་པོ་རང་གི་སྙིང་གའི་རྡོ་རྗེ་ལ་བཀོད་ནས་དྲན་པ་ཉེ་གཞག་པ་རྣམས་ཀུན་རྫོབ་དང་དོན་དམ་པ་ཇི་ལྟ་བ་བཞིན་དུ་སྒོམ་པར་བྱེད་པའི་སྐུའོ།། དེ་བཞིན་དུ་དཔེ་བྱང་རྣམས་ཀྱི་མཐར་ཐུག ་པརརོ་ཇི་སྲིད་པོར་རོ།། མི་སྤོང་བའི་ཆང་དུ་ནི་དོན་དམ་པར་ཆིས་ཐམས་ཅད་དངོས་པོ་མེད་པའི་ཕྱིར་རོ།། མི་སྤོང་བ་མ་ཡིན་པའི་ཆེད་དུ་སྟེ་མ་བྱུང་བ་ཡོངས་སུ་བརྟགས་པ་རིག་བཞིན་པ་ཉིད་ཀྱི་ཕྱིར་དོན་དམ་པ་གཉིས་སུ་མེད་པའོ།། ་དོན་དམ་པའི་སྒོ་ནས་དངོས་པོ་མཐར་ཐུག་པ་མེད་པའི་ཕྱིར་དང་ཀུན་རྫོབ་ཀྱི་སྒོ་ནས་ཇི་ལྟར་སྣང་བ་ཐོག་པ་ལས་སོ་སོར་འཇུག་པའོ།། སྤྲོས་པ་མེད་པ་ནི་དོན་དམ་པར་གཉིས་སུ་མེད་པའི་ཚུལ་ལོ།། ཆོས་ཐམས ་ཅད་མཉམ་པ་ཉིད་ལ་གནས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཉིད་དོ།། སྟབས་ཐམས་ཅད་ཅེས་པ་ནི་སྟོབས་བྱེད་པ་དང་བྲལ་བའོ།། ཅིས་ན་གདོད་མ་ནས་སྤྲོས་པ་མེད་པའོ།། ཙཅི་རུ་གཞན་ཉེ་བར་ལྷག་པའི་སྤྲོས ་པ་མེད་པར་འགྱུར་ཞེ་ན་གསུངས་པ། གདོད་མ་ནས་དག་པ་ཞེས་སོ།། ངག་སོ་སོར་ཡང་དག་པར་པི། རཱཞེས་པ་ནི་ངེས་པའི་སོར་ཡང་དག་པར་རིག་པའོ།། ཅིའི་ཕྱིར་ཆོས་ཐམས་ཅད་གཅིག་ཏུ་རྗེས་སུ་དྲན་ཞེ་ན། ་གསུངས་པ། ཆོས་ཐམས་ཅད་དོན་དམ་པར་སྟོད་པ་ཉིད་ཅེས་པའོ།། མཚན་ཉིད་ནི་རང་བཞིན་པའི་དྭ་ངག་ཉིད་ཅན་ནོ།། མཚན་ཉིད་མེད་པ་ནི་དེ་ལས་བཟློག་པའོ།། ངོ་རྣམས་རྣམ་པར་འབྱེད་པ་ནི་སྣང་བ་མེད་པར ་བྱེད་པའོ།། དེས་མཉམ་པ་ཉིད་དེ་ཁོང་དུ་ཆུད་པའོ།། སྒྲོ་ནི་ཐབས་ཏེ་དེ་ཉིད་གང་གི་མིང་ཡིན་པ་དེ་ལ་ད་ཤིན་དུ་བརྗོད་པར་བྱའོ།། བྱང་ཆུབ་ཀྱི་ཡན་ལག་བདུན་པོ་རྣམས་ཀྱི་མཉམ་པ་ཉིད་ནི་སྟོང་པ་ཉིད་དོ།། སྐྱེ་བ་མེད་པ ་ཉིད་ཀྱང་མཚོན་པར་བྱ་བ་ནི་མངོན་དུ་བྱའོ།། བདག་གིས་སམ་ཅེས་བྱ་བ་དེ་ལ་དེ་བཞིན་དུ་གསུངས་སོ།། ལམ་ཟད་མི་ཤེས་པ་ནི་གང་དུ་ན་བྱང་ཆུབ་ཀྱི་སེམས་ལ་སྟེ་ངའི་འཇུག་པའོ།། ལེགས་པར་སོ་སོར་རིག་པ་ཞེས ་པ་ནི་རྣམ་པ་ཐམས་ཅད་ཡོངས་སུ་ཤེས་པའོ།། དེའི་རང་བཞིན་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སུ་རིམ་པར་འགྱུར་རོ།། མཚན་ཉིད་གཅིག་པ་ཞེས་པ་ནི་གཉིས་སུ་མེད་པའི་རང་བཞིན་ལས་སོ།། ཆོས་ཐམས་ཅད་ཞེས་པ ་དང་རྒྱུ་དང་འབྲས་བུའི་ངོ་བོ་ལགས་སོ།། འདི་ཉིད་ཀྱིས་ཞེས་པ་ནི་འཆང་པར་འགྱུར་བའི་སྔགས་ཀྱིས་སོ།། ལེགས་པར་སོ་སོར་རྟོགས་པའི་ཕྱིར་ཞེས་པ་ནི་ལེགས་པར་སོ་སོར་བྱེད་པའི་ཕྱིར་རོ།། ཆོས་ཐམས་ཅད་སྤྲོས་པ་མེད ་པའི་མཚན་ཉིད་ནི་དོན་དམ་པའོ།། དེའི་ཕྱིར་ཡང་ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་ལ་བསམ་གཏན་མེད་ཅིང་བསམ་གཏན་མ་ཡིན་པ་འང་མེད་ལ་སྙོམས་པར་འཇུག་པ་མེད་ཅིང་སྙོམས་པར་འཇུག་པ་མར ་ཡིན་པའང་མེད་པའོ།། མི་འཇིགས་པ་རྣམས་ཀྱི་ནི་མཉམ་པ་ཉིད་དོ།། གང་ལས་གང་ཞིག་ནི་ཆོས་ཐམས་ཅད་སྒྱུ་མའི་མཚན་ཉིད་དོ།། དེ་ལྟར་ན་ཡད་ཅིའི་ཕྱིར་ཞེ་ན་གསུངས་པ། ང་ཡི་རྣམ་པ་ཞེས་པ་ལ་སོགས་པ་སྟེ། ངར་འཛིན ་པ་དང་། ང་ཡི་བར་འཛིན་པ་ནི་བདག་དང་བདག་གི་བར་མངོན་པར་ཞེན་པ་དག་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། རྣམ་པར་ཐར་པ་བརྒྱད་མཉམ་པ་ཉིད་ཞེས་པོ་ནི་སྙོམས་པར་འཇུག་པ་བརྒྱད་སྟོང་པ་ཉིད་དོ།། རྣམ་པར་ཐར་པ་མཉམ ་པ་ཉིད་ཅེས་པ་ནི་སྙོམས་པར་འཇུག་པ་དགུ་དང་གཉིས་སུ་མེད་པ་ཉིད་དོ།། ཐམས་ཅད་ཅེས་པ་ནི་སྦྱིན་པ་ལ་སོགས་པ་ཐབས་ཀྱི་མཐར་ཐུག་པའོ།། མི་མཉམ་པ་ལ་སོགས་པའི་མཐར་ཕྱིན་པ་ཉིད་ནི་རང་བཞིན་དུ་འགྱུར་རོ།། ཅི་ལྟར ་ན་བརྟན་པར་རྗེས་སུ་རྟོགས་པའི་སྦྱོར་བས་བསྒོམ་པ་ཕྱི་རོལ་གྱིས་སོ།། ཡེ་ཤེས་ཀྱི་དོན་ཏོ་ཞེས་པ་ནི་ཡེ་ཤེས་ཀྱི་རང་བཞིན་ནོ།། ཅིའང་མེད་པ་ཞེས་པ་ནི་དམིགས་པ་དང་བྲལ་བའོ།། ཉོན་མོངས་མེད་པ་ཞེས་པ་ནི ་ཀུན་ནས་ཉོན་མོངས་པ་མེད་པའོ།། ཡི་གེ་མེད་པ་ཞེས་པ་ནི་སྒྲ་དང་ལྡན་པ་མ་ཡིན་པའོ།། དེའི་ཕྱིར་དོན་ཡོད་པ་སྟེ། སྤྱོད་པ་དང་བྲལ་བའོ།། གནོད་ནས་དག་པ་ནི་བློ་བུར་གྱི་དྲི་མ་དང་བྲལ་བ་ཉིད་ཀྱི་ཕྱིར་རོ།། དྲི་མ་དང་བྲལ་བ ་དང་འོད་གསལ་བ་གཉིས་སུ་མེད་པ་དང་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ།། དེའི་ཕྱིར་ཡང་མངོན་པར་བརྗོད་བྱ་མ་ཡིན་པ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གང་འདི་ལ་རྣམ་པར་གནས་པ་དེ་རྣམ་པར་བཞག་པའོ།། ་གང་ལས་གང་གི་ཕྱིར་ནི། དོན་དམ་པར་ན་གནས་པ་དང་བྲལ་བ་དེ་ཡང་ཅི་ལྟར་རྣམ་པར་མེད་པ་ཉིད་ཀྱི་ཕྱིར། སྟོང་པ་ཉིད་གཅིག་ཏུ་རྣམ་པར་གནས་པར་བཞག་པ་གཅིག་གོ།། དབང་ཐམས་ཅད་པ་ཡང་དོན་དམ་པར་རང ་བཞིན་རྣམ་པར་དབེན་པའོ།། ཀུན་རྫོབ་ཏུ་དབང་ཕྱུག་ཐམས་ཅད་ལ་དབང་རྗེ་སུ་ཐོབ་པའོ།། གང་ལས་ན་ཆོས་ཐམས་ཅད་ལེགས་པར་སོ་སོར་རྟོགས་པ་ཉིད་ཀྱི་ཕྱིར་རོ།། ཐམས་ཅད་དུ་ཞེས་བྱ་བ་ནི་ཡུལ་དུའོ།། ཐམས་ཅད་དུ ་མཉམ་པ་ཉིད་ཀྱི་བྱ་བ་ནི་ཆོས་ཐམས་ཅད་མཚུངས་པ་ཉིད་ཀྱིས་སོ།། སྟོང་པ་ཉིད་ལས་ཡང་དག་པར་རྗེ་སུ་རྟོགས་པ་ཉིད་ཀྱི་ཕྱིར་ཏེ། དེའི་ཕྱིར་ཡང་ཤེས་རབ་ཡོངས་སུ་དག་པའོ།། ཅིའི་ཕྱིར་མཚན་མངོན་པར་འགྲུབ་པར་ལ་བར ་བྱུབྱ་བ་མ་ཡིན་ཞེ་ན་གསུངས་པ། བྱང་ཆུབ་ནི་མཚན་ཉིད་མེད་པ་ཉིད་ཀྱི་ཕྱིར་ཞེས་པ་གང་ལས་བྱང་ཆུབ་ལ་མཚན་པར་བྱ་བ་མེད་པའོ།། གང་ཞིག་ཆོས་ཐམས་ཅད་མཚན་ཉིད་མེད་པར་འགྱུར་ཞེ་ན་གསུངས་པ་འདི་ལྟ་སྟེ། ་སྟོང་པ་ཉིད་ཀྱི་མཚན་ཉིད་དོ་ཞེས་པའོ།། སྟོང་པ་ཉིད་དུ་མཉམ་པ་ཞེས་པོ་ནི་དེའི་རའ་བཞིན་ནོ།། གོང་ཞིག་ན་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་དང་ཆོས་ཐམས་ཅིང་ཀྱང་མཚན་ཉིད་གཅིག་པ་སྟེ། ་འདི་ལྟ་སྟེ། ནམ་མཁའི་མཚན་ཉིད་ཅནྡ་ཞི་བའི་མཚན་ཉིད་ཅན་ནོ་ཞེས་པའོ།། ཚད་མེད་པའི་དཔེ་བྱང་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་ནི་དོན་དམ་པར་དཔེ་བྱད་རྣམས་ཀྱི་དངོས་པོ་མེད་པའི་ཕྱིར་རོ།། ཀུན་རྫོབ ་དང་དེ་ན་དམ་པར་གསལ་བྱད་མ་ཡིན་པ་མཉམ་པ་ཉིད་ལ་ལེགས་པར་རབ་ཏུ་གནས་པ་ནི་མངོན་པར་ཞེན་པ་མེད་པའོ།། མཚན་དང་དཔེ་བྱད་རྣམས་སྒྱུ་མའི་ཆོས་དང་ལྡན་པ་ལ་ལེགས་པར་རབ་ཏུ་གནས་པ་དུས་གསུཾ ་གྱི་དཔེ་བྱེད་ཞེས་པ་ནི་འངས་པ་ལ་སོགས་པའི་དུས་སོ།། དེའི་མཉམ་པ་ཉིད་ཁོ་ན་རྡོ་རྗེ་ལྟ་བུའི་ཆོས་མཉམ་པ་ཉིད་དོ།། དེ་ཐོབ་པ་ནི་སྟོང་པ་ཉིད་ཆོས་ཀྱི་དབྱེ་ངས་ཐམས་ཅད་དང་དཔེ་བྱང་མཉམ་པ་ཉིད་རྗེས་སུ་ཐོབ་པའོ།། དེའི ་ཕྱིར་ཡོང་གཉིས་སུ་མེད་པ་ནི་དོན་ལ་ཡང་དག་པར་ཞུགས་པ་ནི་གཉིསུ་མེད་པའི་རང་བཞིན་དུ་སྐྱེས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་རྣམས་སོ།། དེ་ལ་སེམས་དཔའ་ཆེན་པོའི་དོན ་ཉེ་བར་སྟོན་པའི་ཕྱིར་ཡོངས་སུ་ཚིམ་པར་རྒྱུན་ཏུ་ལེགས་སོ།། ཞེས་པ་འཆད་པར་འགྱུར་བ་བཞིས་རིགས་ཅན་བཞི་པོ་རྣམས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་སོ།། ཕྱག་བྱ་བ་བཞི་པོ་རྣམས་ནི་དེ་བཞིན ་གཤེགས་པ་བཞིའི་དབྱེ་བས་ཁོང་དུ་ཆུད་པར་བྱའོ།། ཨེ་མའོ་ཞེས་པ་ནི། ཡང་དག་པར་བརྗོད་པར་བྱེད་པ་ལ་ཡ་མཚན་པའོ།། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནི། རྣམ་པར་སྣང་མཛད་དོ།། དེ ་བཞིན་གཤེགས་པ་ཐམས་ཅད་ནི། མི་བསྐྱོད་པ་ལ་སོགས་པ་རྣམས་སོ།། ཨ་ཧཱའི་རྣམ་པ་ལ་སོགས་པ་བཞི་པོ་རྣམས་ཀྱང་། མི་བསྐྱེད་པ་ལ་སོགས་པ་བཞི་པོ་དེ་དང་དེའི་རང་བཞིན་ནོ།། འདི་ཉིད་ནི་ཕྱུག ་བྱ་བ་ཡང་དག་པར་བསྡུས་ཏེ་བསྟན་ནོ།། རིགས་ཐམས་ཅད་ཀྱི་འཁོར་ལོ་ཞེས་པ་ནི། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་སོ།། རྣམ་པར་སྣང་མཛད་ཆེན་པོའི། གསང་བའི་དཀྱིལ་འཁོར་བསྟན་པ ་གསུངས་པ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། ཀུན་ཏུ་སྣ་ཚོགས་བྱ་བ་རྣམས་ཞེས་པ་ནི། རྣམ་པར་སྣང་མཛད་ཆེན་པོའི་བྱ་བ་འམ། སྐུ་དེ་ནི་རྣ་རྣམ་པར་དབེན་པའི་ས་ལས་བསྒྲུབ་པར་བྱའོ།། དངོས་གྲུབ ་མཆོག་ཞེས་པ་ནི། འཁོར་ལོས་སྒྱུར་བའི་དངོས་གྲུབ་པོ།། རིའི་རྩེ་མོ་རྣམས་སུརྠཾ།། དུར་ཁྲོད་ལ་སོགས་པ་རྣམས་སུ། རྡོ་རྗེ་འཛིན་པ་དང་། རྡོ་རྗེ་ཧཱུཾ་མཛོད་དང་། དེའི་བྱ་བ་རྣམས་སོ།། པང་མའི་སྐྱེད་མོས་ཚལ་རྣམས ་སུ་ཕྱག་ན་པད་མོ་སྟེ། འཇིག་རྟེན་དབང་ཕྱུག་དང་།། དེའི་བྱ་བ་རྣམས་སོ།། རྒྱལ་པོའི་ཕོ་བྲང་ལ་སོགས་པ་རྣམས་སུ། ལག་ན་རིན་ཆེན་ཞེས་པ། ནམ་མཁའི་སྙིང་པོའི་བྱ་བ་དེའོ།། རྡོ་རྗེ་སྣ་ཚོགས་ཀྱི་བྱ་བ་དེ་ནི། རྟགས ་གཅིག་ལ་སོགས་པ་རྣམས་སུའོ།། དཔལ་རྡོ་རྗེ་སེམས་དཔའ་ནི། ལྷའི་མཆོག་ཉིད་ཇི་སྐད་དུ། གསུངས་པ་རྣམས་སུའོ།། འདི་རྣམས་ཀྱི་ཐུན་སོང་གི་གནས་བསྟན་པའི་ཕྱིར། ནམ་མཁའ་ཞེས་པ་ལ་སོག ་པ་གསུངས་པ། ཕྱོགས་ཀུན་མཉམ་ཉིད་གནས་ཞེས་པ་ནི། ཕྱོགས་རྣམས་སྐབས་ཡིན་པ་དང་། སྐབས་མ་ཡིན་པའི་རྣམ་རྟོག་ཡིད་ལ་མི་བྱ་བར་རོ།། ཤར་སྟེ་ཤར་གྱི་ཕྱོགས་པ་སོ།། ལྷོ་ནི་ལྷོའི་ཕྱོགས་ཏེ། བཞི ་པོ་རྣམས་སུ་དཀྱིལྀ་འཁོར་གྱི་ཐིག་བརྒྱད་པའོ།། ཕྱི་རུ་ནི་ཕྱིའི་ཐིག་བཞི་ལ་ཀུན་ནས་གྲུཔ་བཞི་པའི་ཕྱེད་ཀྱི་དཀྱིལ་འཁོར་བརྒྱུད་དེ།། ཁ་དོག་ལྔ་ཞེས་པ་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ ་དང་། དཀར་པོའི་བདག་ཉིད་ཅན་ནོ།། རྣམ་པར་སྣང་མཛད་ཆེན་པོའི་དཀྱིལ་འཁོར་དུ་དགྱེད་པ་བསྟན་པོ། དབུས་ཀྱི་དཀྱིལ་འཁོར་དབུས་ཞེས་པ་ལེ་སོགས་པ་གསུངས་པ། སངས་རྒྱས་གཟུགས་བརྙན་ཞེས་པ་ནི། ་རྣམ་པར་སྣང་མཛད་ཆེན་པོའོ།། སྒེག་པ་ཞེས་པ་ནི། རྡོ་རྗེ་རྒྱལ་པོ་ལ་སོགས་པ་རྣམས་སོ།། རིན་ཆེན་འབར་བ་སོགས་ཡང་དག་ལྡན་ཞེས་པ་ནི། རྡོ་རྗེ་རིན་ཆེན་རྗེ་སུ་སོན་པའོ།། སྣ་ཚོགས་རྡོ་རྗེ་སོགས་རྣམས་ཀྱིས་ནི། ་རྡོ་རྗེ་ལ་སོགས་པ་རྣམས་སོ།། རྡོ་རྗེ་རྣལ་འབྱོར་ཅན་གྱི་དབང་ཕྱུག་གི་ཞེས་པ་ནི། རྣམ་པར་སྣང་མཛད་ཆེན་པོ་ཡིའོ།། གལ་ཏེ་ཡང་ཀུན་ཏུ་བཟང་པོ་ལ་སོགས་པ་རྣམས་ཞེས་གསུངས་པའི་དེ་བཞིན་དུ་ཡང ་བྱམས་པ་ལ་སོགས་པ་རྣམས་ཁོང་དུ་ཆུད་པར་བྱའོ།། དེ་བཞིན་ཞེས་པ་ནི། ཇི་ལྟར་ཆོས་ཀྱི་དབྱིངས་ཀྱི་དབྱིངས་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་ནོ།། གཙོ་བོ་གཞན་གྱི་སྒྲུབ་པའི་དཀྱིལ་འཁོར་ཉིད་འདིའི་བསྟན་པ་སྒྲུབ ་པའི་ཐབས་ནི། བརྩམ་པར་བྱ་ཞེས་པ་སྟེ་གསུངས་པ། ཀུན་ཏུ་སྣ་ཚོགས་བསྐལ་བཟང་ལ་ཞེས་པ་ནི་གློ་བཞི་པའོ།། ཀུན་ཏུ་སྣ་ཚོགས་འཁོར་ལོ་ཙནྡ་ནི། རྣམ་པ་ར་སྣང་མཛད་ཆེན་པོའོ།། རིན་ཆེན་བདུན ་པོ་ཉིད་མཆོད་པ་ཆེན་པོ་སྟེ། འཁོར་ལོས་སྒྱུར་བ་གང་གིས་ཡིན་པ་དེ་བཞིན་དུ་བརྗོད་པར་བྱའོ།། ངོར་ཡོངསུ་རྫོགས་པའོ་ཟླ་བ་བཞིན་ནོ།། དེ་ཉིད་ཀྱང་སངས་རྒྱས་རྡོ་རྗེ་འཛིན་པཱ་ལ་སོགས་པ་རྣམས་སོ། ་རིན་ཆེན་གྱི་ཞེས་པ་ན་མཁའི་སྙིང་པོའི་ཡེའོ།། སྣ་ཚོགས་ཞེས་པ་རྡོ་རྗེ་སྣ་ཚོགས་ཀྱིའོ།། ཡན་ལག་ཀུན་ཞེས་པ་ནི། སྤྱི་བི་ལ་སོགས་པའི་གནས་བརྒྱད་དུའོ།། ཕྱག་རྒྱ་ཞེས་པ་ནི་རང་གི་དམ་ཚིག་གི་ཕྱག ་རྒྱའོ།། རིན་པོ་ཆེའི་པད་མ་འདབ་མ་བརྐྱང་བ་ལ་རབ་ཏུ་བཞག་ནས། རྣམ་པར་རྒྱལ་བའི་བུམ་པའི་མཐར་ཐུག་པས་ཡང་དང་ཡོང་དུ་མངོན་པར་དབང་བསྐུར་ཏེ། ཐམས་ཅད་རྒྱལ་སྲིད་དུ་འགྱུར་རོ།། ལག་ལྡན་ལ ་སོགས་པ་རྣམས་སུ་རབ་ཏུ་བཞག་ནས། དཔལ་གྱི་སྔགས་འདོན་པ་འདི་དག་གིའང་དབང་བསྐུར་བས། འདིར་ཡང་དེ་བཞིན་ནོ།། མཚོན་ཆ་ལ་སོགས་པ་ལ་རྣམ་པར་རྒྱལ་བའི་རྒྱུད་ཉིད་ཀྱི་ཕྱིར།། རྣམ་པར ་རྒྱལ་བ་སྟེ། ཨ་པ་རཱ་ཛི་ཏ་དཀར་པོ་དང་། གི་རི་ཀིཎྜི་ཀ་གང་ཡང་རུང་བ་འདིས། དབང་བསྐུར་བ་ནི་རྒྱལ་བར་གྱུར་པ་ཞེས་པ་གཞན་གྱིས་མི་ཐུབ་པ་སྟེ། དེ་ཉིད་དུ་གྲགས་པ་གང་ཡིན་པ་དེ་ལ། དེ་བཞིན་དུ ་བརྗོད་པར་བྱའོ།། དེ་ཞེས་པ་ནི་འཁོར་ལོ་དང་བཅས་པའི་གཙོ་བོའི་ཕྱག་རྒྱ་དེ་ཞེས་པའོ།། དེ་ཞེས་པ་རྣམ་རྒྱལ་བུམ་པ་ལའོ།། འདིས་དེ་དག་བསྟན་པ་རང་གི་ལྷའི་འཁོར་ལོ་རྣམ་པར་རྒྱལ་བའི་བུམ་པ་ལ་ཇི་ལྟ་བ་བཞིན ་དུ་བསྒོམ་པར་བྱའོ་ཞེས་སོ།། མཆོག་གྱུར་ཞེས་པ་ནི། གི་རི་ཀཽཎྜོ་ཀའོ།། ལྷག་གནས་ཀུན་གྱི་སྦྱོར་བའི་ཞེས་པ་ནི། སྔར་གསུངས་པའི་མཆོད་པའི་སྔགས་ཀྱིས་སོ།། རྡོ་རྗེའི་དབང་བསྐུར་བ་ནི་རྣམ་པར་སྣང ་མཛད་ཆེན་པོའི་རྣོལ་འབྱོར་པ་ལ་སྟེ། སྔར་བཞིན་དུ་བཤད་པར་བྱའོ།། ཅིའི་དོན་དུ་རིན་པོ་ཆེ་ལ་སོགས་རྟོག་པར་བྱེད་ཅེ་ན་གསུངས་པ། སངས་རྒྱས་བྱིན་བརླབས་སྦྱོར་བ་ཡི་ཞེས་པ་གསུངས་པ། དེ་དག་རྟོག་པར ་བྱེད་པ་ལ་སངས་རྒྱས་ཀྱིས་བྱིན་གྱིས་རློབ་པར་བྱེད་པར་འགྱུར་རོ།། ཞེས་མངོན་པར་དགོངས་སོ།། རྡོ་རྗེ་སྙིང་པོའི་རྒྱུན་གྱི་རྒྱུད་ཆེན་པོ་རུ། ཇི་ལྟར་སྐྱེད་པའི་རྒྱུད་ཕྱི་མའི་རྣམ་པར་རྣམ་པར་འབྱེད་པའོ།། རྒྱུད་ཀྱི་རྒྱལ། ་པོ་སྙིང་པོའི་དོན་གྱི་ཕུང་པོ་རྒྱས་པ་མི་མངོན་ཞིང་།། ཤིན་ཏུ་མི་རིགས་བློ་གྲོས་ཡོན་ཏན་རྒྱ་མཚོའི་སྤྱོད་ཡུལ་དུ་འགྱུར་བ།། བདག་གིས་འདིར་ནི་རྣམ་པར་འགྲེལ་ཆུ་གཟུང་ཞིང་ཐོབ་པ ་སྔགས་ལས་བྱུང་།། སྐྱེ་བ་མེང་པ་རྒྱུད་ལ་ཆུས་མངོན་གྱུར་པ་ཁོ་ན་ཚད་མ་ཡིན།། དཀའ་འགྲོལ་འདི་ནི་སྦྱར་བ་ལྔས།། འདིར་ན་དགེ་བ་ཉེར་བསགས་དེས།། འཇིག་རྟེན་མ་ལུས་འདི ་རྟག་ཏུ།། རབ་འིའི་བཤེས་གཉེན་ལྡན་གྱུར་ཅིག། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དཀའ་འགྲེལ། སློབ་དཔོན་རབ་ཏུ་ཞི་བའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ་བོད་ཀྱི་ལོ་ཙ་བ་ཤཱཀྱང་དགེ་སློང་རིན་ཆེན་གྲུབ་ཀྱི་རྒྱུ་དཔེ་ལ་བལྟས་ནས་བསྒྱུར་བའོ།། མངྒ་ལཾ ་