CLOSE WINDOW

GT1340: rgyud kyi rgyal po chen po sgyu 'phrul dra ba'i rgya cher bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མཱ་ཡཱ་ཛྭ་ལ་མ་ཧཱ་ཏནྟྲ་རཱ་ཛ་ཊི་ཀཱ་བྱ། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར་བཤད་པ། བཅོམ་ལྡན་འདས་དག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ།། རྫོགས་པའི་སངས་རྒྱས་ལྔ་རྣམས་དང་། ་ལེགས་སྦྱངས་རེག་པ་བརྒྱད་པ་ནི།། ཡུམ་གྱུར་ལྷ་མོ་བཞི་པོ་དང་།། སྟོབས་ཆེན་ཁྲོ་བོ་བཅུ་པོ་དང་།། སྟོང་དུ་བཞིས་མ་ཚང་བའི་སྟོང་།། བྱང་ཆུབ་སེམས་རྣམས་ཕྱག་འཚལ་ཏེ།། རྒྱུད་བཟང་སྙིང་པོ་སྐྱེས་པ་ཡི།། བདག་གིས་འགྲེལ་པ་གསལ་བར་བྱ།། འདི ་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་འདིའི་བརྗོད་བྱ་ནི་གང་ཡིན། འབྲེལ་པ་ནི་གང་ཡིན། དགོས་པ་ནི་ཅི་ཞིག་ཡོད། དགོས་པ་ཡཱི་ཡང་དགོས་པ་ནི་ཙ་ཞིག་ཡོད་ཅེ་ན། དེ་བརྗོད་པར་བྱ་སྟེ། དེ་ལ་བརྗོད་པར་བྱ་བ་ནི། བཅོམ་ལྡན་འདས་སྒྱུ་འཕྲུལ་དྲོ་བ་སྟེ ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་སྤྲུལ་པས་རྣམ་པར་སྣང་མཛོད་རྡོ་རྗེའི་དེ་བཞིན་གཤེགས་པ་ནི་བརྗོད་པར་བྱ་བ་ཡིན་ལ། དེ་སྟོན་པར་བྱེད་པའི་རྒྱུད་ལ་ཡང་དེ་སྐད་ཅེས་བྱ་སྟེ་སྐྱེས་པའི་རབས་ལོ་སོགས་པ་བཞིན་ནོ།། འདི་དག་ནི་བརྗོད་པ་དང་བརྗོད་པར་བྱ་བའི་མཚྭ ་ཉིད་དམ། ཐུབས་དང་ཐབས་ལས་བྱུང་བའི་མཚན་ཉིད་དང་ལྡན་པ་ནི་འབྲེལ་པའོ།། གདུལ་བྱ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་བཏང་བ་ལ་སོགས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པར་རྗེས་སུ་གནང་བས་མངོན་པར་འདོད་པ་བསྐྱེད ་བ་ནི་དེ་གོས་པའོ།། མངོན་པར་འདོད་པ་ཡང་དག་པར་སྐྱེས་པ་རྣམས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་རིམ་གྱིས་རྣམ་པ་ཐམས་ཅད་དུ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཐོབ་པ་ནི་དེའི་དགོས་པའི་ཡང་དགོས་པ་ཡིན་ནོ།། རྒྱུད་འདིར་རྒྱུད་ཀྱི་བདག་པོ་ནི ་དས་མ་པ་སྣང་མཛང་དུ་ལྡན་ཏན་ལྡན་པ་ང་ག་ཥྚྲི་ད་འཛིན་གསུམ་སྟོན་པ་བྱེད་པན་བཅོམ་ལྡན་དས་ཞེས་བྱ་བ་ནས་བརྣམས་ཏེ། རྒྱུད་སྟོན་པ་ཏོང་དེ་ཛིན་སྟོན་པ་མམར་དྲུག་པ་ཡིན་ནོ།། དེ་ས་པརྒྱམས་ཏེམམམལྡན ་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། ཞེས་བྱ་བའི་མཐར་ཐུག་པ་ནི་རྒྱུད་ཡིན་ནོ།། དེ་སྡུད་པར་བྱེད་པ་ནི་ལྗང་ལོ་ཅན་གྱི་ཕོ་བྲང་ན་གནས་པས་ས་བཅུའི་དབང་ཕྱུག་རྡོ་རྗེ་འཆང་གིས་རང་གི་དཀྱིལ་འཁོར་ན་གནས་པ་ཀུན་ཏུ་བཟང་པོ་ལ་སོགས་བྱང་ཆུབ་སེམས ་དཔའི་ཚོགས་རྣམས་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱ་བ་འདིས་ནི་བདག་ཉིད་ཀྱི་ཐོས་པའི་ཤེས་པས་མངོན་དུ་བཟུང་བ་སྟེ། རྒྱུད་ཀྱི་དོན་ངེས་པར་གཟུང་བས་ན་རྒྱུད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཉིད་དུ་སྨྲས་པ་ཡིན་ཏེ་འདི་ནི་འདི ་སྐད་ཅེས་པའོ།། བདག་གི་ཞེས་བྱ་བ་ནི་བདག་ཉིད་ཁས་ལེན་པའི་ཚིག་གིས་ན་མངོན་སུམ་དུ་ཐོས་པའོ།། ཐོས་པ་ཞེས་བྱ་བ་འདི་ནི་བདག་ཉིད་ཀྱི་ཁོང་དུ་ཆུད་པ་ནི་མེད་པའོ།། གང་གི་ཚེ་གང་ལས་གང་དུ་འཁོར་ཅི་འདྲོ་བ་དང་ཅི་ཞིག་ཐོས་ཞེས་འདྲི་བ་ལས། ཅི་རིགས ་པར་ལན་འདེབས་པའི་ཕྱིར་སྨྲས་པ་ནི་དུས་གཅིག་ན་ཞེས་བྱ་བ་ནི་ལན་ཅིག་གི་དུས་ན་ཞེས་བྱ་བའི་དོན་ཏེ། དུས་གཅིག་མ་འདི་ཐོས་ཀྱི་གཞན་གྱི་ཆེན་ནི་གཞན་དག་གོ་ཞེས་སྟེ་འདིས་ནི་སྡུད་པར་བྱེད་པ་བདག་ཉིད་ཐོས་པ་མང་བར་སྟོན་པ་ཡིན་ནོ།། ཡང་ན་དུས ་ཅིག་ན་ཞེས་པ་པ་སྐད་ཅིག་མ་གཅིག་ལ་ཞེས་བྱ་བའི་དོན་དོ་རྣམ་པར་ཐར་པའི་སྒོ་བསམ་གྱིས་མི་ཁྱབ་པ་ལ་དབང་ཐོབ་པས་བདག་གིས་ཐོས་པར་བྱ་བ་གང་ཅི་ཡང་རུང་བདེ་ཟ་སྐད་ཅིག་མ་གཅིག་ལ་ཐོས་པ་དེ་ཡོང་བརྗེད་པ་མེད་དོ་ཞེས་པ་སྟེ་འདིས་ནི་བདག་ཉིད་ཚད་མའི་སྐྱེས་བུ ་ཡོན་པར་བསྟན་ཏོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་འམ། དབང་ཕྱུག་ལ་སོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དེ་དེ་བཞུགས་སོ་ཞེས་བྱ་བར་སྦྱར་རོ།། དེ་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་ཚེ ་བཅོམ་ལྡན་འདས་གནས་གཙང་མའི་སྟེང་ཁང་པ་བརྩེགས་པའི་གཞལ་ཡས་ཁང་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་པའི་འཁོར་རྣམས་ཀྱིས་བསྐོར་ཏེ་བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་ལས་གནས་དེ་ཉིད་དུ་འཁོར་དེ་རྣམས་དང་ལྷན ་ཅིག་ཏུ་བདག་གིས་རྒྱུད་འདི་དུས་གཅིག་ན་ཐོས་ཤེས་པའོ།། གནས་གཙང་མའི་སྟེང་ན་ཞེས་བྱ་བ་ཞེས་ལ་སོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཐུགས་སུ་ཆུད་པས་སངས་རྒྱས་བཅོམ་ལྡན་འདས་ནི་གཙང་མ་སྟེ་དེ་རྣམས་ཀྱི ་བཞུགས་གནས་ཡིན་པས་གནས་སོ།། དེ་བས་ན་གནས་ཐ~ཾང་དེ་ལས་མཆོག་ཏུ་གྱུར་པས་ན་སྟེང་ན་སྟེ་གཙོ་བོར་གྱུར་པའོ།། དེ་ཡང་ཡི་གེ་བྲུཾ་ལས་དྲིས་པར་འབྱུང་བ་རང་གི་དམ་ཚིག་ལ་ཀུན་ཏུ་ཆགས་པའི་རྡོ་དབྱིངས་ཀྱི་དབང་ཕྱུག་མ་ཡོངས་སུ་གྱུར་པ་རིན ་པོ་ཆེ་སྣ་བཞིའི་རང་བཞིན་གྱི་མཆོད་རྟེན་ནོ།། དེ་ལ་ཁང་པ་བརྩེགས་མ་ཟུར་བཞི་ལ་སོགས་པ་དང་ལྡན་པ་ནི་དེ་ཉིད་ཀྱི་ཁྱད་པར་ཡིན་ནོ།། རིན་པོ་ཆེ་སྣ་ཚོགས་པ་ཞེས་བྱ་བ་ནི་པདྨ་རཱ་ག་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའོ།། བཀོད་པ་ནི་དེ་རྣམས་ཀྱི་ཆོག ་ཏེ་རིག་པའི་ཁྱད་པར་དང་བཞུགས་པ་དེ་ལ་འདི་སྐད་ཅེས་བྱའོ།། དེ་བས་ན་དེ་ཉིད་དུའོ།། འདི་ནི་རྒྱུད་ཕྱི་མ་ཡིན་པས་ངེས་པར་གསང་བ་འདུས་པ་ལས་ཅིཞེས་པར་བྱ་སྟེ་དེ་ལས་འདི་ཉིད་གསུངས་པ་ནི། དེ་ནས་དེ་བཞིན་གཤེགས་པ་མི་བསྐྱོད་པས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བཙུན་མོའི་བྷ་ག་ལ་དམ་ཚིག་ཆེན་པོ་དཀྱིལ་འཁོར་གྲུ་བཞིར་བྱིན་གྱིས་བརླབ་པ་ནི་ཞེས་བྱ་བ་ལ་སོགས་པའོ།། གཞལ་ཡས་ཁང་གི་ཁྱད་པར་འདི་ཡང་ན་མཁའི་ཁམས་ཐམས་ཅད་པ་གཞན་འཕྲུལ་དབང་བྱེད ་ན་དབང་སྒྱུར་གྱི་ལྷ་རྣམས་གནས་ན་ཡོད་པ་ཡིན་པར་ཤེས་པར་བྱ་སྟེ། འདོད་ཆགས་ལ་སྤྱོད་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་སྟོན་པར་མཛད་པ་ཡིན་པོའི་ཕྱིར་རོ།། དེ་བས་ན་དེ་ཉིད་ནི་གནས་གཙང་མའི་ལྷའི་གནས་ཀྱི་སྟེང་ནི་མ ་ཡིན་ནོ།། གཞན་ཡང་གཞལ་ཡས་ཁང་དེ་ཉིད་ཀྱི་ཁྱད་པར་བསྟན་པ་ནི། ཤིན་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཤིན་ཏུ་རྣམ་པར་མཛེས་པ་ཡང་ཡིན་ཞིང་རྣམ་པར་ཕྱེ་བ་སྟེ་གཅིག་ལ་གཅིག་མ་འདྲེས་པ་ཡང་ཡིན་ལ། ་དེཡང་རྡོ་རྗེའི་རང་བཞིན་གྱི་ཀ་བ་སྟེ། ཀ་བ་བརྒྱད་ཀྱི་ཚུལ་དུ་དེས་ཉེ་བར་མཛེས་པ་ནི་བརྒྱན་པ་སྟེ་དོར་ཞེས་སྔ་མ་དང་སྦྱར་རོ།། གཞལ་མེད་ཁང་ཆེན་པོའི་མཆོག་གི་བཀོད་པ་ཞེས་བྱ་བ་ནི་ཕྱོགས་བརྒྱད་དུ་བསྐོར་བ་གང་ཡིན་པ་དེ་ལ ་དེ་སྐད་ཅེས་བྱའོ།། རྡོ་རྗེ་དྲིལ་བུ་སྒྲ་སྒྲོག་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་སྟོན་པའི་སྒྲ་དང་བཅས་པར་ཡང་དག་པར་བྱུང་བ་གང་ཡིན་པ་དེ་ལ་དེ་སྤྱད་ཅེས་བྱའོ།། ཡིད་ལས་བྱུང་བའི་མཆོད་པའི་ཁྱད་པར་ཆེན་པོས་ཤེས ་བར་བྱ་བ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པ་རྣམས་ཀྱིས་ཏེ་དེས་བརྒྱན་པ་ནི་སྤུང་བའོ།། འཁོར་ལོ་ནིའི་གནས་བཤད་པའི་མཚན་ཉིད་དང་ལྡན་པའི་དཀྱིལ་འཁོར་རོ།། རྡོ་རྗེ་ནི་མི་ཕྱེད་པའོ།། སྤྲོས་པ་ནི་དེའི་དོན་དུ་སྤྲོས་པར་བྱས་པ་དེ་རུ་སུཾ ་ཉེ་བར་མཚོན་པ་འདིས་ན་དེ་བཞིན་དུ་སྒོ་དང་སྒོ་ཁྱུད་དང་མཚམས་རྣམས་སུ་ཡང་རྡོ་རྗེ་ལ་སོགས་པས་སྤྲས་ཤིང་བརྒྱན་པའོ།། ཆ་བྱད་སྣ་ཚོགས་འཆད་པ་ནི་སངས་རྒྱས་ཐམས་ཅད་ཀྱི་སྐུ་སྟོན་པས་སམ། རིགས་ལྔའི་སངས་རྒྱས་ཅོད་པན་ལ་བཀོད་པས་རྡོ་རྗེ ་སེམས་དཔའ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་རྣམས་ཀྱིས་བརྒྱན་པ་ཞེས་བྱ་བར་སྔ་མ་དང་སྦྱར་རོ།། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའི་ངོ་བོ་སྟེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའོ།། དེའི་སྤྲུལ་པ་ནི་ལོངས་སྤྱོད་རྫོགས ་པའི་སྐུ་འཆང་བ་རྣམ་པར་སྣང་མཛད་རྡོ་རྗེའི་དེ་བཞིན་གཤེགས་པ་སྟེ་བདག་པོ་དེ་ལས་ངེས་པར་འབྱུང་བའི་ཕྱིར་རོ།། དེས་གང་དུ་གདུལ་བྱ་རྣམས་ཀྱི་དོན་བྱ་བ་བྱས་ཤིང་བསྐྱོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་དེ་བཞིན་གཤེགས་པ་ནི་ལོངས ་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་འོག་མིན་ན་བཞུགས་པའོ།། དེའི་སྤྲུལ་པ་ནི་དེ་ལས་གཞན་པའི་རྣམ་པར་སྣང་མཛད་རྡོ་རྗེའི་དེ་བཞིན་གཤེགས་པོ་སྐྱེ་དེས་ཞེས་བྱ་བ་ལོ་སོགས་པ་ནི་སྔ་མ་བཞིན་ནོ།། དེ་བས་ན་གནས་ལས་གཡོ་བ་མི་མངའོ།། ཞེས་གསུང ་པ་ཡིན་ནོ།། རྣམ་པར་སྣང་མཛད་ནི་སྐུ་རྡོ་རྗེའོ།། དེའི་སྙིང་པོ་ནི་སྐྱེ་གནས་སོ།། ཡང་དག་པར་བྱུང་བ་ནི་སྐྱེ་གནས་སོ།། ཡང་དག་པར་བྱུང་བ་ནི་བླ་ན་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། སྣ་ཚོག་པ་ནི་དོན་ཡོད་གྲུབ་པའོ།། ་རྡོ་རྗེ་ནི་མི་བསྐྱོད་པའོ།། རིན་པོ་ཆེནི་རིན་ཆེན་འབྱུང་ལྡན་ནོ།། འོད་དཔག་མེད་ཚེ་དཔག་མེད་པའོ།། དེ་ཡང་འདིར་སྤྱོད་པས་བསྐྱོད་ནས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྤྱོད་པ་སྤྱོད་པ་དེ་སྨོན་ལམ་གྱི་གྲོགས་དང་བཅས་པས་བསྐྱེད་པ་ནི་གདུལ་བྱ་རྣམས ་ཀྱི་སྤྱོད་ཡུལ་ལ་འཇུག་པ་ཟག་པ་མེད་པའོ།། འདི་སྐད་སྟོན་པ་ཡིན་ཏེ་འོག་མིན་ཞེས་བྱ་བའི་གཞལ་ཡས་ཁང་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཉིད་ཀྱི་བཞུགས་གནས་ཡིན་པ་ལས་གཞན་དུ་བཞུགས་པ་ནི་གདུལ་བྱའི་འགྲོ་བ་རྣམས་ཀྱི་ངོར ་མཛད་པ་ཡིན་ནོ་ཞེས་བྱའོ།། སྒོ་བཞིའི་གོ་སྐབས་ལས་བྱུང་བ་ཞེས་བྱ་བ་ནི་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞིའོ།། དེ་ཉིད་འཇུག་པར་དཀའ་བས་ན་གོ་སྐབས་དང་འདྲ་བས་ན་གོ་སྐབས་ཏེ་དེའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་དེ་ཁོ་ན ་ཉིད་ཀྱང་གདོང་བཞི་པ་ལྟོ་བ་འཕྱང་བ་ཕྱག་རྒྱ་གཉིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཡང་གཡས་ན་འཁོར་ལོ་བསྣམས་པ། གཡོན་དྲིལ་བུ་དཀུར་བསྟན་པས་འཛིན་པ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱའོ།། དེ་ལས་བྱུང་བ་དེ་ལས་འཐོན་པ་སྟེ ་དེའི་གཟུགས་སུ་ཡོངས་སུ་གྱུར་པས་དེ་ཡང་སྒོ་བཞི་གྲོ་སྐབས་ནི་བྱུང་བ་ཡིན་པས་ན་དེ་སྐད་ཅེས་བཤད་དེ་ཁང་པ་བརྩིགས་པ་དཱར་ཞེས་དེ་བཞིན་དུ་སྦྱར་བར་བྱའོ་བཅོམ་ལྡན་འདས་དེའི་ཕྱག་རྒྱ་ཁྱད་པར་ཇི་ལྟ་བུ་ཞིག་ཡིན་ཞེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོའི་ཚིགས་ནི་བྱམས་པ་ལ་སོགས་པའི་ཚོགས་སོ།། རིགས་པའི་ལྷ་མོ་རྣམས་ནི་སྐྱོན་ལ་སོགས་པ་སྟེ་དེ་རྣམས་ཀྱིས་བརྒྱན་པ་ནི་འཁོར་དུ་གྱུར་པ་ཉིད་དུ་གནས་པས་སོ།། ཁྲོ་བོའི་རྒྱལ ་བོན་གཤིན་རྗེ་གཤེད་ལ་སོགས་པ་སྟེ་ཁྲོ་བོ་དེའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱང་ཡོད་པཚོ་ཤེས་པར་བྱའོ།། བྲན་པོ་ནི་གཞན་གྱི་མི་ཐུབ་པ་ལ་སོགས་པའི་ཁྲོ་བོའི།། བྲན་མོན་དེ་འི་དེམ་ཚིག་གི་ཕྱག་རྒྱའོ།། ཕོ་ཉིན་རྟམགྲིན་ལ་སོགས་པའི་ཁྲོ་བོ་ཕོཉ་མོན་དེ་དམ་ཚིག ་གི་ཕྱག་རྒྱའོ།། ཕྱག་བརྙན་ནི་བདུད་རྩི་འཁྱིལ་པ་ལ་སོགས་པ་ཁྲོ་བོའོ།། ཕྱག་བརྙན་མ་ནི་དེའི་དམ་ཚིག་གི་ཕྱག་རྒྱའོ།། བསྐོར་བ་ཞེས་བྱ་བ་ན་དཀྱིལ་འཁོར་དུ་བྱས་པའོ།། མདུན་གྱི་བལྟས་པ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་འདའ་སྤྱན་སྔར་བཏུང་བ་བྱས་པ་སྟེ། ་དེ་ལ་མངོན་དུ་ཕྱོགས་པས་གནས་པའོ།། འདིས་ནི་འཇིག་རྟེན་ལས་འདས་པའི་འཁོར་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ།། བདེ་བའི་ཏིང་ངེ་འཛིན་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཏེ་དེས་དེའི་རང་བཞིན་དུ་བྱས་པ་ནི་གང་གིས་བདེ་བ་ཆེན་པོའི་ངོ ་བོ་ཉིད་ཀྱི་བདག་ཉིད་དུ་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ཀྱིས་ན་ཡེ་ཤེས་དེ་ལ་དམིགས་པ་ཡིན་ཏེ་རྣམ་པ་ཐམས་ཅད་དུ་ཀུན་ཏུ་བཟང་པོའི་ཡེ་ཤེས་ཐོབ་པའོ།། དེས་ན་མ་བྲལ་བ་སྟེ་རྟག་ཏུ་ཡང་དྲག་པར་ལྡན་པའོ།། ཐུགས་རྗེ་ཆེན་པོ ་ནི་དམིགས་པ་མེད་པའོ།། སེམས་ཅན་རྣམས་ལ་མཉེས་གཤིན་པ་ནི་བྱམས་པའི་སྤྱོད་པས་དེ་རྣམས་ཀྱི་དོན་མཛད་པར་དགོངས་པ་བསྒྲུབ་པའོ།། དེ་ཡང་འདི་ནི་ཐུགས་རྗེ་ཆེན་པོས་མཉེས་གཤིན་པ་ཡིན་པས་དེ་སྐད་ཅེས་བྱའོ།། དེ་བས་ན་འདི་ནི་སེམས ་ཅན་བསྒྲལ་བ་ལ་མངོན་པར་བརྩོན་པར་མཛད་པར་ཞེས་བྱ་བ་སྟེ་བདག་ལ་སོགས་པར་མངོན་པར་ཞེན་པར་ལྷུང་བའི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར། ཆོས་བདག་མེད་པ་ལ་སོགས་པ་སྟོན་པར་མཛད་པ་ལ་མངོན་པར་བརྩོན་ཞིང་རབ་ཏུ་འབད་པའི ་ཁྱད་པར་དང་ལྡན་པ་གང་ཡིན་པ། དེ་ལ་དེ་སྐད་ཅེས་བྱའོ།། ལྷ་དང་ཀླུ་དང་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་པའི་འཁོར་ཕུན་སུམ་ཚོགས་པ་སྟོན་པ་ཡིན་ཏེ། ལྷ་ལ་སོགས་པ་བརྒྱད་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རང་གི་སྙིང་པོས་དཀྱིལ ་འཁོར་གྱི་ཕྱི་རོལ་ཏུ་རང་གི་ཕྱོགསུ་བསམ་པར་བྱའོ་ཞེས་བྱ་བ་ནི་མན་ངག་གོ།། བཞུགས་སོ་ཞེས་བྱ་བ་ནི་རྫུ་འཕྲུལ་ལ་སོགས་པ་རྣམས་ཀྱིས་གདུལ་བྱ་རྣམས་ཀྱི་ཡིད་འཕྲོག་པར་བྱེད་པར་མཛད་ནས་བཞུགས་པའོ།། དེ་ནས ་ཞེས་བྱ་བ་ནི་གནས་སྐབས་སོ།། ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སེམས་དཔའ་ལ་གཟིགས་པ་མཛད་ནས་འཛུམ་པ་མཛད་པར་གྱུར་པའོ།། དེ་ལ་གཟིགས་པར་མཛད་པ་ནི་ཕྱག་ན་རྡོ་རྗེ་ནི་སྲས་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ།། སློ་དཔོན་དང ་སློབ་མོའི་ཡུལ་ལ་ཡང་འདྲི་བའི་རིམ་པ་འདི་ཉིད་ཡིན་པའི་ཕྱིར་འདིར་འཛུམ་པར་མཛད་པ་ནི་དགོངས་པ་དང་བཅས་པ་དེ་གཟིགས་པ་ནི་དེའི་རང་བཞིན་ཤེས་པར་བྱ་བའི་ཕྱིར་རོ།། དེས་ནི་ཞེས་བྱ་བ་ནི་གང་གིས་ན། བཅོམ་ལྡན་འདས་བཞད་པར ་མཛད་པ་དང་གཟིགས་པར་མཛད་པའི་རྒྱུ་དེས་ནི་ངོ་མཚར་གྱི་ཆོས་སུ་གྱུར་པ་མཛད་དོ་སྙམ་དུ་ཤེས་ནས་བཅོམ་ལྡན་འདས་ངོ་མཚར་དུ་གྱུར་ལགས་ཏེ། རྨད་དུ་བྱུང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། དེའི་སླད་དུ་དེ་བཀའ་སྩལ་དུ་གསོལ་ཞེས་བྱ་བ་སྟེ་རྣམ ་པ་ཡང་གིས་སེམས་ཅན་རྣམས་ལ་ཕན་པ་དང་རྗེ་སུ་མཐུན་པས་བཤད་པར་གང་སྟོན་པར་མཛད་པ་དེ་བཞིན་དུ་དེ་ཉིད་ཀྱི་རྣམ་པས་དེའི་དགོངས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ་གསོལ་ཞེས་བྱའོ།། སེང་གེ་ཆེན་པོའི་སྒྲའི་སྒྲ་བསྒྲགས་པས་ཤེས་པ ་ནི་སེང་གེ་ཆེན་པོའི་སྒྲ་ཉིད་ཀྱིས་སྒྲ་སྒྲོགས་ཤིང་སྐད་འབྱོན་པའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟ་བུའི་འཇིགས་པ་མེད་ཅིང་ཐོགས་པ་མེད་པའི་གསུང་དེས་ཞེས་བྱ་བའི་བར་གྱིསོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་དེ་ནས་དེ་ས ་ཐག་ཏུ་བཅོམ་ལྡན་འདས་ཀྱིས་འང་སྐད་ཅེས་བཀའ་སྩས་ཏོ་ཞེས་བྱེ་བར་མཚོན་པའི་ཊཱིག་གི་འོག་མ་དང་སྦྱར་རོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ནི་ཁྱད་པར་དུ་གྱུར་པ་སྟེ། དེ་བསྟན་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཡེ་ཤེས་ཆེན་པོ་ནི་ཐམས་ཅད་མཁྱེན ་ཡེ་ཤེས་སོ།། རྣམ་པར་བསྒྱིངས་པའི་རྣམ་པར་རོལ་པ་སྟེ་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་སྟོབས་ཀྱིས་གང་དུ་དཀྱིལ་འཁོར་སྤྲུལ་པ་ལ་སོགས་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཡང་འདི་སྒྱུ་འཕྲུལ་དྲ་བ་ཞེས་ཀྱང་འདི་ཉིད་ལ་བྱའོ།། རྒྱུད་ཐམས་ཅད་ནི་འཕགས་པ ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྩ་བའི་རྒྱུད་རྣམས་སོ།། དེའི་ཕྱི་མ་ནི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ལ་སོགས་པའི་རྒྱུད་དོ།། དེ་ལས་ཀྱང་རྒྱུད་ཀྱི་རྒྱལ་པོ་འདི་ཕྱི་མ་ཡིན་པས་དེ་སྐད་ཅེས་བྱའོ།། ཐབས་བདེ་ཞེས་བྱ་བ་ནི་འདི་ལས་ཤེས་རབ་དང་ཐབས་བདེ་བ ་ཉིད་ཀྱི་ཐབས་ཀྱིས་མངོན་པར་འདོད་པའི་དོན་མྱུར་དུ་ཐོབ་པ་ཉིད་སྟོན་པས་སོ།། དེ་བས་ན་འདི་ཉིད་ནི་སྒྲུབ་པའོ།། རྡོ་རྗེ་ཡེ་ཤེས་རོལ་པས་ཞེས་བྱ་བ་ལ་སོགས་པ་ལ་རོལ་པ་ཞེས་བྱ་བ་ནི་སྒེག་པའི་གཟུག་སོ།། དེས་རོལ་ཅིང་མཉེས་པར་བྱེད་པ་སྟེ་དེ་ཉིད་ཀྱི་ཐབས་ག ་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཁོ་ན་ཉིད་ཐམས་ཅད་ནི་གནས་བཤད་པའི་དེ་ཁོན་ཉིད་བཅུ་སྙི་རྣམས་ཀྱི་བྱུང་གནས་ཡིན་པས་དེ་ཁོ་ན་ཉིད་ཐམས་ཅད་ཀྱི་འབྱུང་གནསོ།། ཅི་ཞིག་མཛད་ནས་རྒྱུད་ཀྱི་རྒྱལ་པོ་སྟོན་པར་མཛད་ཅེན། སྟང་སྟབས་ཞེས ་བྱ་འགས་པ་ང་མས་ནི་ཡི་ག་རྣཾས་འི་ལ་པོ་དི་པའི་ལ་སོ་ཀཽ་ཅན་ཉིང་ས་ཏིངས་འདུད་བནི་ན་པདེ་ལདྲེན་ཀྱི་། ས་དཀྱིས་ནི ་དང་ཕྱག་རྒྱ་ཆེན་པོའི་བདག་ཉིད་དུ་བསྐྱེད་པ་སྟེ་དེའི་བདག་ཉིད་ཀྱི་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ནཱ་འདིར་ཐབས་དང་ཤེས་རབ་བདེ་བ་ཆེན་པོའི་རྡོ་རྗེ་ཞེས་དེ་སྐད་ཅེས་བཤད་དེ་དེས་བསྒྲལ་བ་ནི་ངན་སོང་གསུ ་ལ་སོགས་པར་ལྟུང་བའི་འགྲོ་བ་རྣམས་ཀྱི་དོན་མཛད་པ་སྟེ་དེའི་དོན་དུ་རོལ་པས་བཤད་པ་རང་བཞིན་གང་ཡིན་པའོ།། དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་རོལ་པ་ཏིང་འཛིན་གང་གིས་ཡིད་ལ་བྱེད་པའི་དོན་འདི་ཉིད་ཀྱི་རྗེས་སུ་འགྲོ་བའི་མིང་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ་དེ་ལ་སྙོམས་པར་ཞུགས་པ་ནི་ཐུགས་ལ་མངོན་པར་མཛད་པ་སྟེ། སྒྱུ་འཕྲུལ་དྲ་བའི་རྒྱུད་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། སྒྱུ་འཕྲུལ་དྲ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དམ་ཚིག་དང་ཞེས་བྱ་བ་ལ་སོགས་པས་ནི་རྒྱུད་ཀྱི་བསྡུས་པའི ་དོན་གསུངས་པ་ཡིན་ནོ།། དེ་དག་ཉིད་སྟོན་པའི་རྒྱུད་པས་བཤད་པར་བྱས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་འདི་སྐད་དུ་བཤད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་དེའི་དཀྱིལ་འཁོར་ལ་སོགས་པ་བཤད་པར ་བྱའོ་ཞེས་པའོ།། དེ་བས་ན་ཏིང་འཛིན་མཆོག་དེ་ལ་སྙོམས་པར་ཞུགས་ལ་ཞེས་བྱ་བ་ནི་ཤིན་ཏུ་མཉམ་པར་བཞག་པར་གྱིས་ལ་རྒྱུད་ཀྱི་རྒྱལ་པོ་ཉོན་ཅིག་ཅེས་དེ་སྐད་དུ་གསུང་སོ་ཞེས་ཉེ་བར་སྦྱར་ཏེ། ཐམས་ཅད་དུ་ཡང་དམ་པའི་ཆོས་ཉན་པའི་ཚུལ་འདི་ཉིད་ཡོན།། ་འདི་སྐད་སྟོན་པ་ཡིན་ཏེ་ཇི་ལྟར་འོག་མིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་བསྐྱོད་པ་ལ་སོགས་པས་ཡོངསུ་བསྐོར་ཏེ་ཇི་སྐད་དུ་བཤད་པའི་གནས་སྐབསུ་བབས་པ་འདི་ནི་དང་པོའི་སྦྱོར་བ་ཞེས་བྱ་བ་སྟེ་ཏིང་འཛིན་དང་པོའོ།། ཡེ་ཤེས་ཀྱི་ལྷའི་འཁོར་གྱི ་བསྐོར་བ་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་འཛིན་གཉིས་པའོ།། ལས་ཀྱི་མཆོག་ཅེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་པའོ།། རྣམ་པར་སྨིན་པ་ལས་བྱུང་བའི་བྱམས་པ་ལ་སོགས་པ་བསྟན་ན་ནི་རྒྱུད་གཞན་དག་དང་རྗེསུ་མཐུན་པར་ཤེས་པར་བྱའོ།། ་དེ་ལྟར་འཇུག་པས་གཟུགས་ལ་སོགས་པ་མེད་པ་ལ་སྤྱོད་པ་རྣམས་ཀྱི་དོན་མཛད་ནས་ཇི་སྐད་དུ་གསུངས་པའི་གནསུ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེར་མངོན་སུམ་དུ་འཇུག་པ་ལ་སོགས་པ་སྐལ་པ་དང་ལྡན་པའི་འདོད་པ་ལ་སྤྱོད་པ་རྣམས་ཀྱང་འཇུག ་པ་ལ་སོགས་པར་བྱ་བའི་ཕྱིར་བསྐྱེད་ཅིང་དེ་བཞིན་གཤེགས་པ་ལ་སོགས་པ་མཐོང་བའི་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་རྒྱུད་གསུངས་པ་ཡིན་ནོ་ཞེས་བྱ་བའི་ནི་སྤྱིའི་དོན་ཡིན་ཏེ། དེ་དག་ཐམ་ཅད་ཀྱང་གླེང་སློང་བར་བྱེད་པ་རྒྱུད་ཀྱི ་སྡུད་པ་པོས་རང་བཟོ་སྤང་བར་བྱ་བའི་ཕྱིར་བཤད་པ་ཡིན་ལ་གདུལ་བྱ་རྣམས་ཀྱིས་ཀྱང་རྟག་ཏུ་གུས་པས་མཉན་པ་དང་བསམ་པ་ལ་སོགས་པ་བྱའོ་ཞེས་བསྟན་པ་ཡིན་ནོ།། དེ་ལ་རེ་ཞིག་ཅེས་བྱ་བ་ནི་དེའི་འོག་ཏུ་སློབ་དཔོན་དང་ལྡན་ན་འགྲུབ་པར་འགྱུར་གྱི་དེ་དང ་བྲལ་བས་སྒྲུབས་པ་ནི་དངོས་གྲུབ་ཏུ་མི་འགྱུར་ཞེས་པའོ།། དང་པོར་ཞེས་བྱ་བ་ནི་སློབ་དཔོན་གྱི་ཡོན་ཏན་བཤད་པ་བརྗོད་དགོས་ཏེ། འདི་ལྟར་དཀྱིལ་འཁོར་ལ་སོགས་པ་ལ་གང་ཡོན་ཏན་དང་ལྡན་པའི་སློབ་དཔོན་ལ་བསྙེན་བཀུར་བྱས་ནས་དཀྱིལ་འཁོར་བྲིས་ཏེ་གསང ་སྔགས་ཡོངསུ་བཟུང་བར་བྱས་ནས། ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་མན་དོག་ལ་སོགས་པ་ཡང་མནོས་ཏེ། སྒྲུབ་པ་པོས་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་པས་ན་ཚུལ་འདིས་ནི་ལེའུ་ཡི་གོ་རིམ་ཀྱང་བསྟན་ཏོ།། ཡེ་ཤེས་སྙིང་པོ་ཁྱོད་ཉོན་ཅིག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེ་ལ ་བོས་པ་སྟེ། དེས་གསོལ་བ་བཏབ་པའི་ཕྱིར་རོ།། བརྟན་ཞིང་བྱ་བ་ནི་ལུས་བསྡམས་པའོ།། དུལ་བ་ཞེས་བྱ་བ་ནི་དག་བསྡམས་པའོ།། བློ་གྲོས་ལྡན་ཞེས་བྱ་བ་ལ་སོགས་པ་ནི་ཡིད་བསྡམས་པའོ།། གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས་ཞེས ་བྱ་བ་ནི་སྔགས་དང་སྨན་དག་གིས་དགེགས་བྱུང་བ་བཟློག་པོར་ནུས་པའོ།། དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་དེ་ཁོ་ན་ཉིད་བཅུ་ཤེས་པའོ།། ཐེག་པ་ཆེ་ལ་རྟག་དགེ་བ་ཞེས་བྱ་བ་ནི། ཐེག་པ་ཞེས་བྱ་བའི་སྒྲ་ནི་རིགས་པའི ་ཚུལ་གྱིས་བསྒྲུབ་པ་སྟེ། བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ནི་ཐེག་པ་ཆེན་པོའོ།། དེ་ལ་དགའ་བ་ནི་མངོན་པར་ཞུགས་པའོ།། ཉན་ཐོས་རྣམས་ཀྱི་ལམ་འགྲོ་དང་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པའི་ལམ་གྱིས་འགྲོ་བ་སྟེ་ཐབས ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། ཐེག་པ་ཆེན་པོ་མི་ཤེས་དང་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་གྱི་མཚན་ཉིད་ཡང་དག་པར་མི་ཤེས་པའོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། གསང་བ་དེ་ཉིད་བསྡུས་པའི་ཞེས་བྱ་བ་གསུངས་ཏེ། དོན་གྱི་སྒྲར་ནི་གསང་བ་ཤེས་པར་བྱ ་སྟེ་དེ་རྣམས་གང་དུ་བསྡུས་པ་དེ་ལ་དེ་སྐད་ཅེས་བྱའོ།། བསྟན་བཅོས་རྣམས་ལ་སྨོད་པ་མིན་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་གྱི་མཚན་ཉིད་རྣམ་པར་འཚེ་བའོ།། གོང་དུ་བསྟན་པའི་ཞེས་བྱ་བ་ལ་སོགས་པ་ནི་བསྟན་པ་ཉིད་ལ་སོགས་པ་དང་ལྡན་པའི་མཚན་ཉིད་ད ་ལྡན་པའི་སློབ་དཔོན་སྒྲུབ་པ་པོས་གཟུང་ཞིང་མཉེས་པར་བྱ་བ་བོས་པ་ཡིན་ནོ།། བླ་མ་སངས་རྒྱས་ཀུན་དང་མཉམ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་ལ་ནན་ཏན་དུ་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་ལ་རིགས་རྣམ་པ་ལྔ་ལ་ཡང་རང ་གི་རིགས་ཀྱི་བདག་པོ་བཞིན་དུ་བལྟ་བར་བྱའོ་ཞེས་པ་སྟེ་སངས་རྒྱས་ཀུན་དང་མཉམ་ཞེས་བྱ་བ་ལ་སོགས་པ་ཚིག་རྐང་པ་ལྔ་ནི་བཤད་པའོ།། སྐྱོན་རྣམས་ཀྱིས་ནི་དངོས་ཉམས་ཞེས་བྱ་བ་ནི་གང་གི་ཕྱིར་སྐྱོན་གཟུང་བ་ནི་དངོས་གྲུབ་ཉམས་པར་འགྱུརརོ་ཞེས ་བྱ་བའི་དོན་ཏོ།། རྨི་ལམ་དུ་ཞེས་བྱ་བ་འདིས་ནི་སློབ་དཔོན་ལ་སྨོད་པ་ཤིན་ཏུ་ཡང་ཁ་ན་མ་ཐོ་བ་ཆེ་བར་བསྟན་ཏེ་དམ་པའི་བདག་ཉིད་ནི་བརྙས་པར་བྱེད་པ་དང་། གདུག་པའི་བསམ་པ་ཅན་དག་གོ། དད་པས་ཞེས་བྱ་བ་ནི་གུས་པ་དང་ལྡན་པ་རྣམས་ཀྱིས་སོ།། ་སྔགས་ཀྱི་ཚུལ་སློབ་དཔོན་དང་སློབ་མའི་འབྲེལ་པས་འཇུག་པས་ནི་འཇུག་པ་སྟེ་སྟོན་པའི་གཞུང་གི་ལེའུ་ཡང་འཇུག་པའི་རིམ་པས་ཕྱེ་བའི་སྒྲར་བརྗོད་དོ།། །། ལེའུ་དང་པོའི་འགྲེལ་པའོ།། །། སློབ་མ་དང་སློབ་དཔོན་འབྲེལ་པར ་གྱུར་ན་ནི་དཀྱིལ་འཁོར་དུ་འཇུག་པར་བྱ་དགོས་ཏེ་དེ་བས་ན་དེ་ནས་ཞེས་བྱ་བ་ལ་སོགས་པ་གཉིས་པ་དཀྱིལ་འཁོར་གྱི་ལེའུ་གསུང་སོ།། དེ་ནས་ཞེ་བྱ་བ་ནི་དེ་མ་ཐག་ཏུ་སྟེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་འཆང་ལ་བཀའ་སྩལ་པ་ཞེས་བྱ་བར་སྦྱོར་རོ།། ཅི་ཞིག ་མཛད་ནས་ཤེས་ན་སྒྱུ་འཕྲུལ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་འཕྲུལ་ཆེན་པོའི་ཡེ་ཤེས་ནི་ལྷ་རྣམས་སྤྲུལ་པའི་ཡེ་ཤེས།། དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་འཕྲུལ་པའོ།། གསང་བ་ནི་དམ་ཚིག་གི་ཕྱག་རྒྱའི་ཚུལ་ཏེ་དེ་དང་ལྷན་ཅིག ་བྱིན་གྱིས་བརླབས་ཤིང་བསྐྱེད་པའི་དཀྱིལ་འཁོར་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཇི་སྐད་དུ་བྷ་ག་ལ་ནི་ལིངྒ་གཞག། ཡང་དང་ཡང་དུ་སྔགས་བཟླས་ཤོང་།། དཀྱིལ་འཁོར་དཀྱིལ་འཁོར་འདྲ་བར་ནི།། རྣལ་འབྱོལ་པ་ཡིས་རྟག་ཏུ་སྤྲོ་ཞེས་གསུངས ་པས་སོ།། དེ་ཁོ་ན་ཉིད་ཀྱི་གསང་བ་སྟེ་བྱིན་གྱིས་བརླབས་པས་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ཀྱི་མཆོག་གི་རྡོ་རྗེ་སྟེ་ཡེ་ཤེས་དམ་པའི་གཟུགས་ཅན་ནོ།། དེ་ལ་དམིགས་པས་ན་མིང་དེ་སྐད་ཅེས་བྱ་བའི་ཏིང་འཛིན་གང་ཡིན་པ་དེ་ལ ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། བཅོམ་ལྡན་འདས་དཀྱིལ་འཁོར་འདྲི་བ་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། འདིས་ནི་མཚན་མ་ཐོབ་ནས་དཀྱིལ་འཁོར་བྲི་བར་བྱའོ།། ཞེས་སྟོན་པ་ཡིན་ནོ།། གོང་མ ་ཡི་ཡང་གོང་མ་ཞེས་བྱ་བ་ནི་མཆོག་ཏུ་གཙོ་བོར་གྱུར་པའོ།། ཡེ་ཤེས་ཆེན་པོའི་སྙིང་པོ་འབར་བ་རྡོ་རྗེའི་སྙིང་པོའི་འབྱུང་གནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་འབར་བར་བས་སྙིང་པོར་བྱས་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་བས་ན་འདི་ཉིད་ནི ་བགེགས་མེད་པའི་ཕྱིར་རྡོ་རྗེའི་སྙིང་པོ་ཞེས་བྱའོ།། དེ་བཞིན་གཤེགས་པའི་སངས་རྒྱས་ཀྱི་ཞིང་དུ། སངས་རྒྱས་ཉིད་ཀྱི་གྲངསུ་འགྲོ་བར་འགྱུར་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་འདིར་སངས་རྒྱས་ཉིད་དུ་རྒྱུ་འདི་ཉིད་ཀྱིས་གྲངསུ་འགྲོ་བར་འགྱུར་རོ་ཞེས ་བྱ་བའི་དོན་ཏེ་རིགས་ངེས་པ་ཉིད་དུ་འགྱུར་བའི་ཕྱིར་རོ།། རྡོ་རྗེ་རྩེ་མོའི་རྒྱུད་ལས་དེ་སྐད་དུ།། ས་རྣམས་ཐོབ་ཀྱང་རྒྱལ་བའི་གཞི།། ཡོད་རྟོན་པར་ནི་འགྱུར་མིན་ཏེ།། ཇི་སྲིད་ས་བརྒྱད་ལ་གནས་པར།། ཐེག་དམན་འཇིགས་པ་དེ་ལ་ཡོད།། གསང་བའི ་འཁོར་ལོ་ཆེན་པོ་འདིར།། རྒྱལ་པོའི་སྲིས་པོ་རབོ་གནས་ན།། ཐེག་པ་ཆེན་པོ་ལ་གཞོལ་བས།། ཡིང་རྟོན་པར་ནི་འགྱུར་བ་ཡིན་ཞེས་གསུངས་པ་ཡིན།། ལྷ་ཉིད་ཀྱིས་སྟང་སྟབསུ་འདུག་ལ་ཞེས་བྱ་བ་ལ་ལྷ་རྣམས་ཀྱི་སྟང་སྟབ་ཅུ་ཡན་ལགནང་བཞག་ལ་རྣལ ་འབྱོར་ཆེན་པོས་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རྡོ་རྗེའི་འགྲོས་ཀྱིས་ཡོངསུ་བསྐོར་བར་བྱའོ་ཞེས་བྱ་བ་ནི་རྐང་པའི་འོག་ཏུ་ཨ་བཀོད་པ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསམས་ལ་དེའི་ཚུལ་དུ་བྱེད་ཅིང་ཡོངསུ་བསྐོར་བར་བྱའོ།། ཁྲོ་བོའི་ང ་རྒྱལ་ཧཱུཾ་སྒྲོགས་ཤིང་ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ནས་ཡི་གེ་ཧཱུཾ་བརྗོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རྫོགས་པའི་བྱང་ཆུབ་རྫོགས་པར་བྱ་བ་དང་ཞེས་བྱ་བ་ནི་རྙེད་པ་དོན་དུ་གཉེར་བས་དཀྱིལ་འཁོར་འདྲི་བ་བཀག་པའོ།། དེངས ་ཤིག་ཅེས་བྱ་བ་ནི་སོང་ཞིག་པའོ།། གཡས་པ་བརྐྱང་བ་དང་ཞེས་བྱ་བ་ལ་སོགས་པ་ལེ་གང་ཡང་གཤོལ་དབྱིབས་ལྟ་བུར་ནི།། གཡས་ཀྱི་བརླ་དང་དབུས་མོ་སྲང་།། གཡོན་པའི་བྱིན་པ་བརླར་སྦྱར་ཏེ།། བད་ཀར་འཇོག་པར་བྱེད་པ་དག། རྒྱ་རུ་ཐོ་ལྔར་བྱས་པ ་ནི།། གཡས་བརྐྱང་བར་ནི་རབ་ཏུ་གྲགས།། དེ་ཉིད་ཁོ་ན་བཟློག་པ་ནི།། གཡོན་བརྐྱང་བར་ནི་ཤེས་པར་བྱ།། རྐང་པའི་སོར་མོ་ཕྱིར་བསྟན་ཅིང་།། པུས་མོའི་ལྷ་ང་གཉིས་བརྐྱང་བ།། རྒྱར་ནི་ཉི་ཤུ་རྩ་དྲུག་སོར།། ས་གའི་འདུག་སྟངས་ཡིན་པར་བརྗོད།། གང་དུ ་པུས་མོ་གཉིས་འཇོག་པའི།། ནང་དུ་ལག་གཉིས་བཅུག་ནས་ནི།། ངང་པའི་གཤོག་པ་ལྟར་བྱས་ལ།། ཟླུམ་པོའི་འདུག་སྟངས་ཡིན་པར་གྲགས།། རྐང་མཐེབ་དང་ནི་རྟིང་པ་དག། ཤིན་ཏུ་སྦྱར་བས་གཅེར་བ་དག། བརྟན་པ་མཐུན་པའི་རྐང་ཐབ་སུ།། ་དེ་ཉིད་ཤེས་པ་རྣམས་ཀྱིས་བཤད།། རུ་སྦལ་གྱི་རྐང་ཐབས་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཐེའུ་ཆུང་གཉིས་ལྕགས་སྒྲོག་གི་རྣམ་པ་ལྟར་བཅིངས་ཏེ་མཛུབ་མོ་གཉིས་རྩེར་སྦྱར་ནས་བཟློག་སྟེ་ཁའི་མདུང་དུ་བ.ལག་ལ་རྐང་པ་གཉིས་རུས་སྦལ་གྱི་ཚུལ ་དུས་ལ་འཇོག་པའོ།། ལ་ལ་དག་ནི་རུས་སྦལ་གྱི་རྐང་སྟབས་ནས་འོག་ནས་བཤད་པ་ལྟ་བུའོ་ཞེས་ཟེར་རོ།། རྡོ་རྗེ་བརྡེག་པ་ནི་གཡས་བརྐྱང་བ་འམ། གཡོན་བརྐྱང་བ་དག་གང་ཡང་རུང་བས་གནས་ལ་རྡོ་རྗེ་བརྡེག་པ་ནས་བསམ་གཏན ་གྱི་ཚུལ་གྱི་མཐར་ཐུག་པའི་བར་བཅིང་བར་བྱའོ།། ལ་ལ་དག་ནི་གཡོན་དཀུར་བསྟན་ལ་གཡས་ཀྱིས་སྙིང་གར་རྡོ་རྗེ་གཏོང་འཇོག་པ་ནི་རྡོ་རྗེ་བརྡེག་པའོ་ཞེས་ཟེར་རོ།། རྡོ་རྗེའི་འཇུ་ཚུལ་ནི་སྙིང་གའི་མདུན་དུ་འགྱིང་པ་དང་བཅས་རྡོ་རྗེ་ཀུན་ཏུ་བསྐོར་བའོ།། རྐང་པ་ཡ་གཅིག ་གིས་སྟང་སྟབས་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་རྐང་པ་གཡས་པ་བཏེག་སྟེ། བརླ་གཡོན་པ་ལ་གནག་ནས་རྐང་པ་གཅིག་གིས་ཡོངསུ་བསྐོར་བའོ།། དཔུང་པའི་འཕུར་སྟབས་ནི་ལག་པ་གཉིས་ཀྱིས་གར་བྱས་ནས་པདྨའི་ཐལ་མོ་བཅིངས་ལ ་སོར་མོ་ཐམས་ཅད་མཐེ་བོ་ནས་རིམ་བཞིན་བཀྲོལ་བས་ཕྱོགས་ཐམས་ཅད་དུ་རྡོ་རྗེ་ཐལ་མོ་བྱས་པས་ཡོངསུ་བསྐོར་བའོ།། ལ་ལ་དག་ནི་ལག་པ་གཡས་དང་གཡོན་གཉིས་ཀྱིས་རང་རང་གི་རྐང་པའི་མཐེ་བོ་བཟུང་བ་སྔོན་དུ་འགྲོ་བས་རིམ་བཞིན་དུ་ལུས་གཡས ་པ་དང་གཡོན་ཀུན་ཏུ་བསྐོར་བའོ་ཞེས་ཟེརོ།། སེང་གེ་སྟང་སྟབས་ནི་རང་གི་ཁ་བོག་ཏུ་བལྟས་ཏེ་གདངས་ལ་ལག་པ་གཡོན་པའི་མཁྲིག་མའི་སྟེང་དུ་ལག་པ་གཡས་པ་དེ་བཞིན་དུ་སྦྱར་བའོ།། སེངྒེ་གླལ་བ་ནི་ཐམས་ཅད་མ་ལུས་པར་ལྟ་བ་སྔོན་དུ་འགྲོ་བ་ལས་དེ་ཉིད ་ལྕེ་འགུལ་བ་དང་བཅས་པའོ།། རྡོ་རྗེ་སྒྲོག་ནི་རང་གི་སྙིང་གར་རྡོ་རྗེ་བཙོང་བ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བསྡམས་ལ།། མཛུཐུ་མོ་བདུག་སྟེ་བཅིངས་ནས་སུ།། བསྐོར་བའི་ཚུལ་དུ་བྱས་པ་ནོ།། ལྷ་རྣ་དགུག་པའི་དམ་པའི་ཞེས་བཤད་པའོ།། རྡོ་རྗེ་གསོར་བ་ནི་རྡོ་རྗེ་གསོར་བ ་ཕྱག་རྒྱ་བཅིངས་ནས་རྡོ་རྗེ་གསོར་བ་སྟེ། ལག་པ་རྡོ་རྗེའི་འོག་ཏུ་བསྐོར་ལ་སྟེང་དུ་སྒེག་པ་དང་བཅས་པར་གསོར་བ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་སྡང་སྟབས་ནི་འོག་ནས་བཤད་པའི་རྡོ་རྗེ་རྩེ་ལྔ་པ་འཕེན་པའོ།། ལ་ལ་ན་རེ་གཡོན་པ་རྡོ་རྗེ་ཁུ་ཚུར་ལས་མཛུབ་མོ ་བསྒྲེང་པ་སྡིགས་མཛུབ་དུ་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་རྡོ་རྗེ་བཟུང་ལ་བསྣུན་པའི་ཚུལ་བྱས་པ་ཡིན་པར་འདོད་དོ།། རྡོ་རྗེ་གར་ནི་རྡོ་རྗེའི་ཁུ་ཚུར་གཉིས་ཀྱིས་ཇི་ལྟ་བ་བཞིན་དུ་མང་དུ་གར་བྱེད་པའོ།། རྡོ་རྗེ་འཇིག་སུ་རུང་བའི་ནི་འོག་ནས་བཤད ་པའི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱས་ཁ་གདངས་ལ་སྲིན་ལག་སྦྱར་ནས་མཁུར་བ་མིག་གི་ཚུལ་གྱིས་འཇིགས་པ་བསྐྱེད་པ་ལྟར་བྱེད་པའོ།། རྡོ་རྗེ་རོ་ལངས་མ་ནི་འོག་ནས་བཤད་པའི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་བཅིངས་ལ་རོ་ཟ་བའི་ཚུལོ།། ་རྡོ་རྗེ་ཐོ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་གྱི་ཕུར་བུ་གཟུང་སྟེ་བགེགས་ཀྱི་སྟེང་དུ་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་རྡོ་རྗེ་ཐོ་བ་གཟུང་སྟེ་བརྡུང་བའོ།། སྒོ་བཞི་བྱིན་གྱིས་བརླབ་པ་ནི་རྡོ་རྗེ་དཀྱིལ་མོ་དཀྲུང་དང་བྱང་ཆུབ་མཆོག་གི་ཕྱག་རྒྱར་ལྡན་པས་ཡོངས ་སུ་བསྐོར་ཞིང་ཤར་ལ་སོགས་ཕྱོགས་བཞིར་ས་གནོན་ལ་སོགས་པའི་ཕྱག་རྒྱ་བཅིངས་ལ་སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པའི་སྒོ་བཞི་བསྒོམ་པའོ།། རྡོ་རྗེའི་གདུ་བུ་ནི་འོག་ནས་བཤད་པའི་བདུད་རྩིའི་ཐབ་སྦྱོར་གྱི་ཕྱག་རྒྱས་བགེགས་གསོད ་པའི་ཚུལ་དུ་བྱེད་པའོ།། བུད་མེད་ཀྱི་སྒྱུ་འཕྲུལ་གྱི་སྟང་སྟབས་ནི་གར་སྔོན་དུ་འགྲོ་བས་རྡོ་རྗེ་སྐེ་མོའི་ཕྱག་རྒྱ་བཅིངས་ལ་མགོ་བོ་གཡོན་དུ་ཅུང་ཟད་འདུད་པར་བྱས་པའོ།། རྡོ་རྗེ་དྲལ་པོ་ནི་ལག་པ་གཡོན་པ་ན་གནས་པའི་ཁྲོ་བོའི་རྡོ་རྗེའི་ནང་ན་འདུག་པ་ཐམས་ཅད ་བསཔས་ལ་ལག་པ་གཡས་པར་གནས་པའི་ཁྲོ་བོའི་རྡོ་རྗེས་བསྣུན་པའོ།། རྡོ་རྗེ་སྟོབས་པོ་ཆེའི་བརྡེག་པ་ནི་འོག་ནས་བཤད་པའི་སྟོབས་པོ་ཆེའི་བརྡེག་པས་གདུག་པ་རྣམས་སྐྲག་པར་བྱེད་པའོ།། རྡོ་རྗེ་མཆེ་བ་ནི་འོག་ནས་བཤད ་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་དང་ལྡན་པའི་ཇི་ལྟ་བ་བཞིན་དུ་གདུག་པ་ཐམས་ཅད་ཟ་བའོ།། རྡོ་རྗེའི་གད་མོ་ནཱི་ཧ་ཧ་ནིས་རྒོད་པའི་ཚུལ་གྱི་ཡི་གེ་ཧ་བཞི་བརྗོད་པའི་རྗེས་ཐོགས་ལ་སྟང་སྦུབས་བྱེད་པའོ།། རྡོ་རྗེའི་སྤྲིན་གཡོན་པའི་ཁྲོ་བོའི་ཁུ་ཚུ ་གྱི་མཛུབ་མོ་སྙིང་གར་བསྐྱོང་ལ་གཡས་པའི་ཁུ་ཚུར་གྱིས་གཡས་པའི་རྣ་དྲུང་དུ་དྲིལ་བུ་ཁྲོལ་བའོ།། རལ་གྲིའི་སྟབས་ནི་འོག་ནས་བཤད་པའི་མི་གཡོ་བའི་ཕྱག་རྒྱས་བགེགས་རྣམས་ཇི་ལྟ་བ་བཞིན་དུ་གཅོད་པའོ།། རྡོ་རྗེ་སྟབས་ནི་གཡོན་པའི་ཁྲོ ་བོའི་ཁུ་ཚུར་ལས་མཛུབ་མོ་བསྒྲེང་ལ་ལྷག་པ་གཡོས་པས་པ་ངན་གསུམ་པར་བྱས་པས་རྡོ་རྗེ་གསོར་བའི་ཚུལ་དུ་བྱེད་པའོ།། འཁོར་ལོའོ་སྟབས་ནི་འོག་ནས་བཤད་པའི་འཁོར་ལོ་འཕང་བའི་ཕྱག་རྒྱས་འཕེན་པའོ།། གཏུན་ཤིང་གི་ཐབས་ནི་རྡོ་རྗེ ་བཅིངས་པས་གཟུང་བའི་གཏུན་ཤིང་གིས་བགེགས་རྣམས་བརྡུང་བའོ།། ནགས་པའི་ཐབས་ནི་དེ་བཞིན་དུ་རྡོ་རྗེ་ཞགས་པའི་ཕྱག་རྒྱས་གཞུག་པའི་ཐབས་སུ་བྱས་པའོ།། པདྨའི་ཚུལ་ནི་འོག་ནས་བཤད་པའི་པའི་སྟང་སྟབས་ཀྱི་ཚུལ་དུ་བྱེད་པའོ།། ་བེ་ཅོན་གྱི་ཐབས་ནི་དེ་བཞིན་དུ་དབྱུག་སྔོན་གྱི་ཕྱག་རྒྱས་མཛུབ་མོ་བཻསྒྲེང་བའོ།། མི་འཇིགས་པའི་ཚུལ་ནི་དོན་ཡིང་པེར་གྲུབ་པའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བཅིང་བའོ།། ལྕགས་ཀྱིའི་ཐིབས་ནི་འོག་ནས་བཤད་པའི་ལྕ་གས་ཀྱིའི་ཕྱག་རྒྱས་འགུགས་པའི། ་གཤོལ་གྱི་ཐབས་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་གཤོལ་གྱིས་འདྲི་ཞིང་གཡས་པས་ཀྱང་རབ་ཏུ་བཟློག་པའོ།། མདུང་གི་ཐབས་ནི་རྡོ་ཁུ་ཚུར་གྱིས་མདུང་འཕེན་པའོ།། གཞུའི་ཐབས་ནི་ལག་པ་གཡོན་པས་གཞུ་གཟུང་ལ་གཡས་པས་རྣམ ་པའི་བར་དུ་གཞུ་རྒྱད་དྲངས་ནས་འཇོག་པར་བྱེད་པའོ།། མདའ་གཟུང་བའི་ཐབས་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཞུ་གཟུང་ལ་ཇི་ལྟ་བ་བཞིན་དུ་གར་བྱང་པ་སྔོན་དུ་འགྲོ་བས་ལྟེ་བར་གན་རྐྱལ་དུ་བཞག་ལ། གཡས་པའི་མཐེ་བོ་དང་མཛུབ་མོ་གཉིས ་ཀྱི་བར་དུ་མངའ་གསོར་བྱེད་པའོ།། མདའ་འཕང་བའི་ཐབས་ནི་དེ་བཞིན་དུ་མངའ་འཕེན་པར་བྱེད་པའོ།། ཐག་མདུང་བསྐོར་བའི་ཐབས་ནི་གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་ལ་གཡས་པའི་ཁུ་ཚུར་གྱིས་ཐུག་མདུང་ཡོངསུ་བསྐོར་བའོ།། མཆོག ་སྦྱིན་པའི་ཚུལ་ནི་འོག་ནས་བཤད་པའི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་བཅིང་བའོ།། མདུང་ཐུང་གི་ཐབས་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་ལས་སྙིང་གར་མཛུབ་མོ་བསྒྲེང་ལ་ལག་པ་གཡས་པས་གསོར་བ་སྔོན་དུ་འགྲོ་བས་མདུང་ཐུང་རབ་ཏུ་འཕེན་པའི་ཚུལོ། ་མཚོན་རྩེ་གཅིག་པའི་ཐབས་ནི་དེ་བཞིན་དུ་མཚོན་རྩེ་གཅིག་འཕེན་པའི་ཚུལ་དུ་བྱེད་པའོ།། ཕྱག་འཚལ་བའི་ཚུལ་ནི་བསྟོད་པར་བྱེད་པའི་ཚུལ་གྱིས་ལག་པ་ཐལ་མོ་སྦྱར་ནས་སྙིང་གར་འཇོག་པའོ།། རྡོ་རྗེའི་འདུག་སྟངས་ཀྱི་ཚུལ་ནི་འོག་ནས་བཤད་པའི་མི ་བསྐྱོད་པའི་ཕྱག་རྒྱ་བཅིང་བའོ།། བསམ་གཏན་གྱི་ཚུལ་ནི་འོག་ནས་བཤད་པའི་འོད་དཔག་མེད་པའི་ཕྱག་རྒྱ་བཅིང་བ་སྟེ། རུས་སྦལ་གྱི་རྐང་སྟབས་ནས་བསམ་གཏན་ཚུལ་གྱི་མཐར་ཐུག་པའི་ལག་གཡས་བརྐྱང་བ་དག་བཅིང་བར་བྱའོ།། ཞེས་གཞན་དག ་འདོད་དོ།། རྡོ་རྗེའི་སྐྱིལ་མོ་ཀྲུང་ནི་གཡས་པའི་བྱིན་པ་དང་བརླའི་བར་དུ་རྐང་པ་གཡོན་པ་ཇི་ལྟ་བ་བཞིན་དུ་བཅུག་སྟེ་དེའི་སྟེང་དུ་རྐང་པ་གཡས་པ་བཞག་པའོ།། པདྨའི་འདུག་སྟངས་ནི་དེ་བཞིན་དུ་རྐང་པ་གཡོན་པ་ཕབ་སྟེ། ་འོག་ཏུ་འཇོག་པའོ།། སེམས་དཔའི་སྐྱིལ་མོ་ཀྲུང་ནི་དེ་བཞིན་དུ་ཅུང་ཟད་ཙམ་གྱིས་རྐང་པ་གཡས་པ་བརླ་གཡོན་པའི་སྟེང་དུ་བཞག་པའོ།། དཔའ་བོའི་འདུག་སྟངས་ནི་རྐང་པ་གཡོན་པས་སྐྱིལ་མོ་ཀྲུང་ཕྱེད་དུ་བཅས་ལ། དེའི་དྲུང་དུ་རྐང་པ ་གཡས་པ་དྲང་པོར་བཞག་པའོ།། བཟང་པོའི་འདུག་སྟངས་ནི་རྐང་པ་གཉིས་ཀ་སྟན་གྱི་སྟེང་ནས་དྲང་པོར་མཐུར་དུ་བརྐྱང་ནས་འཇོག་པའོ།། ཙོག་པུའི་འདུག་སྟངས་ནི་རྐང་པ་གཉིས་ཀྱི་བོར་མཐོ་གང་གིས་མ་ཆོད་པ་སྟན་གྱི་སྟེང་དུ་བཞག ་ལ་ཅོག་ཙོག་པོར་འདུག་པའོ།། རོལ་པའི་སྟང་སྟབས་ན་རྐང་པ་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་བྱས་ལ་གཡོན་པ་འོག་ཏུ་འགྱིང་བག་ཏུ་བརྐྱང་བའོ།། མདུན་དུ་བསྣུར་བ་དང་ཕྱིར་འགྱེད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་མདུན་དང་རྒྱབ་ཏུ ་བལྟས་ལ། དེ་ཉིད་ཀྱི་མདུན་དུ་ཕྱོགས་པ་དང་ཕྱིར་བལྟ་བའོ།། རྡོ་རྗེ་སྐྱིལ་མོ་ཀྲུང་ལ་སོགས་པ་སྟང་ཐབས་དགུ་བཅིང་བའི་དུས་སུ་ནི་ཇི་ལྟ་བ་བཞིན་དུ་རྡོ་རྗེ་བརྡེག་པ་བྱའོ།། མཐུན་པའི་རྐང་ཐབས་ཀྱིས་གནས་པ་འདུག་ལ་ཐལ་མོ་སྤྱི་བོར་སྦྱར ་ཏེ་གནས་ནས་ཤར་ཕྱོགསུ་ཁ་བལྟས་ཏེ། དེ་བཞིན་གཤེགས་པ་རྣམས་ལ་སྲིད་ཞུ་དང་བཅས་ཤིང་རྣམ་པར་རོལ་པའི་གར་གྱི་མཆོག། རྡོ་རྗེའི་སྡང་ཐབས་དང་སྦྱར་བས་སྡིགས་པས་ཕྱག་བྱས་ནས་སྔ་མའི་ཐལ་མོ་སྙིང་གར་ཕབ་སྟེ་པདྨའི་སྦྱོར ་བས་ཕྱོགས་ཐམས་ཅད་བསྐོར་ནས་ཁུ་ཚུར་བཅིངས་ལ་ཕྱག་འཚལ་བ་དང་བཅས་པའི་རྡོ་རྗེ་ལྡང་བའི་ཕྱག་རྒྱ་བཅིང་བ་བྱས་ནས། ཁྲོ་བོའི་ང་རྒྱལ་དང་ལྡན་པས་སྔགས་ཟློས་ཤིང་སྟང་སྟབས་རེ་རེ་ཞིང་གར་སྔོན་དུ་འགྲོ་བས་ཇི་སྐད་དུ་བཤད་པའི་སྟང་སྟབས ་བཅིངས་ཏེ། དེ་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛོད་ལ་སོགས་པོའི་ཁྲོ་བོ་རྣམས་ཀྱིས་བགེགས་རྣམས་གཞོམ་པ་ལ་སོགས་པ་དང་པོར་བྱས་ནས་ས་གཞི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ལ་སྔ་མ་བཞིན་དུ་གྱུར་བྱས་ཏེ། རྐེད་པ་གཡོན་པ་ཇི་ལྟ་བ ་བཞིན་དུ་བཟུར་ལ་སྟང་སྟབས་རྣམས་བསྡུ་བར་བྱའོ།། ཕུར་བུས་གནས་ལྔར་བཅིང་བ་དང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་དང་ཤར་ལྷོ་ལ་སོགས་པའི་མཚམས་བཞི་རོ།། དྲ་བ་དང་ར་བས་མཚམས་བཙོང་བ་དང་ཞེས་བྱ་བ་ནི་དཀྱིལ་འཁོར་མངོན་པར་འདོད ་བའི་སའི་ཆ་ཀུན་ནས་རྡོ་རྗེ་རབ་ཏུ་འབར་བས་བར་མཚམས་མེད་པར་ཁྱབ་པས་བདག་གིས་བྱས་པའི་ཚུལ་ལོ།། ཕྱོགས་བཅིང་བ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཕྱོགས་བཅུར་ཁྱབ་ཅིང་སའི་ཆ་རྣམས་བདག་གིར་བྱ་བ་སྟེ། ར་བའི་རྩ་བའི་ཆ་རྡོ་རྗེ་རྣམ་པར་བྱས ་པ་ནི། དཀྱིལ་འཁོར་བཙང་བ་ཡང་ཡིན་པར་ཤེས་པར་བྱའོ།། བསྒོམས་ཏེ་ཞེས་བྱ་བ་ནི་བསམ་པའོ།། གཏན་ལ་དབབ་པར་བྱའོ་ཞེས་བྱ་བ་ནི་དེ་ལྟར་འདི་ཉིད་དུ་སེམས་བསྐྱེད་པའོ།། རང་གི་མིང་ནས་སྨོས་ཏེ་ཞེས་བྱ་བ་ནི། རང་གི་རྡོ་རྗེའི་མིང་ཡི་གེ་ཧཱུཾ ་དང་སྤེལ་པའི་སྒྲ་ནི་འདིར། དཀྱིལ་འཁོར་གྱི་སྟང་སྟབས་ཀྱི་དུས་སུ་སྔགས་ཡིན་ལ་གསང་སྔགས་འདི་ཉིད་ནི་འཁོར་ལོ་ཐམས་ཅད་ཀྱི་བླ་ན་མེད་པར་འགྱུར་བར་གྲགས་པའོ།། འཁོར་ལོ་ཞེས་བྱ་བ་ནི་འཁོར་ལོ་ལ་གནས་པའི་ལྷ་མ་ལུས་པ་རྣམས་ཀྱི ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་བཞུགས་གནས་གྱུར་པའོ།། འཁོར་ལོ་ནི་རང་གི་གནས་ཡིན་པར་ཤེས་པར་བྱའོ།། མཐའ་ཀུན་ཏུ་ཡང་ཞེས་བྱ་བ་ནི་མཐའ་ཐོག་ཐག་ཏུའོ།། མཚམས་ནས་སྨོས་ཏེ་ཞེས་བྱ་བ་ནི་སྔགས་གདོན་པས་སོ།། ་སྤྱན་དྲང་སྟེ་ཞེས་བྱ་བ་ལ་སོགས་པ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ལ་ཇི་ལྟ་བ་བཞིན་དུ་རྒྱས་བཏབ་སྟེ་མཆོད་པ་ལ་སོགས་པ་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་ནི་སློབ་མ་ལྷག་པར་གནས་པར་བྱས་ལ་ཆོས་ཀྱང་བསྟེན་པར་བྱ་ཞེས་འོག ་མོ་དང་སྦྱར་རོ།། ཇི་ལྟར་སྟ་གོན་དུ་གནས་པར་བྱ་ཞེ་ན་སྤོས་ཆུས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྤྲོས་ཆུས་བསངས་ཏེ་ལག་པ་གཡས་པས་སྤྱི་བོ་དང་སྙིང་གར་གཏུག་པ་བྱས་ནས། སྙིང་གར་རྡོ་རྗེ་རྩེ་ལྔ་པ་འབར་བ་དང་། སྤྱི་བོར་ཐམས་ཅད་བྱེད་པ ་སྣ་ཚོགས་རྡོ་རྗེ་བསམས་ནས་དཔུང་པ་གཡོན་པ་སྲུང་སྐུད་ཕྱིས་བཅིང་བ་བྱས་ལ། ལག་པ་གཡས་པར་སོ་ཤིང་དང་ཀུ་ཤ་ཇི་ལྟ་བ་བཞིན་དུ་བྱིན་ཏེ་འདུག་པ་ལ་གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་འཛིན་དུ་གཞུག། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང ་ཞེས་བསྟན་པ་འདིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ལ་དེས་ན་བདག་དབུལ་བར་བྱས་པ་ཡིན་པས། ལོགས་ཤིག་ཏུ་མ་གསུངས་པར་ཤེས་པར་བྱ་སྟེ། གང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེས་ནི་ཐམས་ཅད་ཡོངསུ་བཏང་བ་ཡིན་ནོ།། ཞེས་གསུངས་པའི ་ཕྱིརོ།། ཅི་ནུས་ཀྱིས་ཞེས་བྱ་བ་ལ་སོགས་པ་འདི་ནི་ལམ་མཆོག་འདི་ནི་ཞེས་བྱ་བ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བ་ཆོས་བཟང་པོ་ཅི་ནུས་པ་དང་ནི་འདོད་པ་བཤད་པར་བྱའོ།། སྔར་བསྟན་པའི་བྱ་བས་སླར་གཤེགསུ་གསོལ་ཞེས་བྱ་བ་ནི་རྩ་བའི་རྒྱུད་ལས་བསྟན་པའི་སླར ་ཡང་གཤེགསུ་གསོལ་བའི་གསལ་བའི་སྦྱོར་བས་སླར་གཤེགས་སུ་གསོལ་ལོ་ཞེས་བྱ་བའི་དོན་ཏོ།། སླར་གཤེགས་སུ་གསོལ་བ་འདི་ནི་བསྙེན་པའི་ཞག་དང་དཀྱིལ་འཁོར་ཉེ་བར་བསྡུད་པའི་དུས་སུ་ཡང་བྱའོ།། མཆོད་པ་ལ་སོགས་པ་ནི་མཆོད་པའི ་ཆོ་ག་འོག་ནས་བཤད་པའི་མཚན་ཉིད་དོང་ལྡན་པར་བྱ་ཞིང་རྗེ་སུ་མཉེས་པར་ལེགས་པར་བྱའོ།། འདི་ལ་དོན་ལ་ལ་ནི་འདི་ཉིད་ནས། དངོས་སུ་གསལ་བར་བསྟན་ལ། ལ་ལ་ནི་དོན་གྱི་དབང་གིས་གཞན་ལ་འབྱུང་བ་དང་སྦྱར་བའི་དོན་འགའ ་ཞིག་ཀྱང་ཡོད་དེ། མན་ངག་ཇི་ལྟར་བསྟན་པ་བཞིན་དུ་གཞུང་སྲངས་ཏེ་ཆོ་ག་ཐམས་ཅད་ཀྱིས་དཀྱིལ་འཁོར་བྲི་བ་ལ་སྦྱར་བར་བྱའོ།། དེ་ནས་རྒྱུད་ལ་མ་ཚང་བ་དང་ལྷག་པ་ཡོད་དུ་ཟིན་ཀྱང་སོམ་ཉི་མི་བྱ་སྟེ། དོན་གྱི་དབང་གིས་ཅི་རིགས་པར ་སྦྱར་བར་བྱའོ།། འདིའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ནི་ལོགས་ན་ཡོད་པས་སྐབས་འདིར་ཚིག་གི་དོན་ཉིད་ཙམ་ལས་མ་བྲིས་སོ།། དཀྱིལ་འཁོར་གྱི་ས་གཞིར་གློ་གཡས་པས་ཉལ་ཏེ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་སའི་མཐར་སློབ་མའི་མཆོག ་ལ་སོགས་པ་དང་། ལྷན་ཅིག་ཏུ་མཉམ་པར་བཞག་པ་དང་ལྡན་པའི་ཡིད་ཀྱིས་ཉལ་བར་བྱའོ།། རྨི་ལམ་ཞེས་བྱ་བ་ལ་སོགས་པ་རྨི་ལམ་སངས་རྒྱས་མཐོང་བ་ནི།། ཡོན་ཏན་རྒྱ་མཚོ་མངོན་སུམ་བཞིན།། མཆོད་རྟེན་དང་ནི་སྐུ་གཟུགས་དང་། ་དེ་ལ་མཆོད་པ་བརྩམ་པ་དང་།། ཞེས་བྱ་བ་ལ་སོགས་པ་ནི་རྨི་ལམ་བཟང་པོའོ།། དེ་ལས་བཟློག་པ་ནི་རྨི་ལམ་ངན་པས་ཏེ། དེ་མཐོང་བ་ནི་དེ་ལ་ཞི་བ་བྱས་པར་ཤེས་པར་བྱའོ།། ཉི་མ་གཉིས་པ་ཞེས་བྱ་བ་ནི་སྟ་གོན་ལ་གནས་པའི་ཞག་ལ་བལྟོས་པ ་ས་ཡོངས་སུ་བཟུང་བ་ལས་བལྟོས་ན་ནི་གསུམ་པ་ཡིན།། དེ་བས་ན་དེ་ལ་བལྟོས་ནས་ནི། ནུབ་གསུམ་པ་ནི་འཇུག་པ་ཡིན་ཞེས་གསུངས་པ་ཡིན་ནོ།། ཚོན་དང་ཐིག་ལ་སངས་རྒྱས་ལྔའི་ཞེས་བྱ་བ་ལ་སོགས་པ་ལ་རྣམ ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔར། སྔགས་དང་ཕྱག་རྒྱས་བསྒོམ་ཞིང་ལྷག་པའི་བསམ་པས་སྤྲུལ་ནས། བསྐྱེད་པའི་ཚེན་དང་ཐིག་གི་བྱ་བའོ།། དེ་ནི་ཆོས་དབྱིངས་དག་པ་སྟེ་ཞེས་བྱ་བ་ལ་སོགས ་པ་ལ་ལྷག་པར་མོས་པའི་ཚུལ་འདི་ནི་ཚེན་སེར་པོའི་ཡིན་ཏེ། ལྷག་པ་རྣམས་ལ་ཡང་རིམ་པ་འདིས་རང་རྗེསུ་མཐུན་པར་ལྷག་པར་མོས་པར་བྱ་བར་ཤེས་པར་བྱའོ།། ཀུན་ཏུ་ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་ན་སོ་བརྩམས་ཏེ། ་གཡས་སུ་བསྐོར་བའི་རིམ་གྱིས་སོ།། དང་པོ་ས་གཞི་ཞེས་བྱ་བ་ལ་སོགས་པ་ནི་གྲུབ་པར་མདོར་བསྡུས་པཔོའི་དབང་བསྐུར་བའི་དཀྱིལ་འཁོར་ལོ་ངེས་པ་འདི་ཡིན་པར་བསྟན་གྱི་ཐམས་ཅད་ཀྱི་ནི་མེ་ཡིན་ཏེ། གཞན་དག་ནས་ཟླ་བ ་ཉནས་ཕྱི་མའི་ཟླ་བའི་ཉའི་བར་དུ་བྱའོ་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་ལས་རྒྱ་ཆེར་སྟོན་པའི་ཕྱིར་རོ།། ཡང་ན་ཁྲུ་ལྔ་འམ་ཁྲུ་ངོ་བ།། གྲུ་གང་བའི་ཞེས་བྱ་བ་ནི་ཁྱུ་ལྔ་ལ་སོགས་པའི་ཚད་དུ་བྱས་པའི་དཀྱིལ་འཁོར་ལ་དེ་སྐད་ཅེས ་གསུངས་པ་ནི་ཕྱོགས་ཙམ་སྟེ་གྲངས་མོང་པའི་གྲངས་ལ་འཇུག་པར་བྱའོ།། ཞེས་གསུངས་པ་ཡིན་ནོ།། བར་དུའོ་ཞེས་བྱ་བ་ནི་བརྒྱད་ཅུ་དང་ལྔ་བཅུ་ལ་སོགས་པ་ཡོངསུ་གཟུང་ངོ་།། གྲུ་བཞི་པ་ལ་ཞེས་བྱ་བ་ནི་ཕྱོགས་བ་ཞིའི་ཐིག་གིས། ་མཉམ་པར་བྱས་པའོ།། རྡོ་རྗེའི་ཤུགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་བྱ་བ་བརྗོད་པ་སྟེ། འཇུག་པ་འམ་ནི་འབྱུང་བ་ན།། སྲད་བུ་ཡིད་ཀྱིས་བཏེག་པ་ནི།། རྡོ་རྗེ་ཤུགས་ཞེས་གྲགས་པ་སྟེ།། དེས་ནི་རི་མོ་བསྒོམ་པ ་བྱཱབྱ་ཞེས་གསུངས་པའི་ལྷའི་ང་རྒྱལ་གྱི་རོལ་པས་བྱས་པའོ།། གྲཝ་རྣམ་སུ་ནི་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་མཚམས་སུའོ།། སྒོའི་ནང་ལེགས་ཞེས་བྱ་བ་ནི་སྒོ་ཁྱུད་ཀྱི་མཚམས་རྣམས་སུའོ།། དཀར་པོས་ཞེས་བྱ་བ་ལ་སོགས་པ་ལ་འདི་སྐད་ཅེས་གསུང ་མོམེད་ཀྱི་འོན་ཀྱང་ཚོན་གྱི་རིམ་པ་ནི་སེར་པོ་དང་དཀོར་པོ་དང་སྔོན་པོ་འམ། སྔོན་པོ་དང་དཀར་པོ་དང་སེར་པོ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྩ་བའི་དཀྱིལ་འཁོར་གྱི་ཕྱེད་དུ། དེ་ལ་མངོན་དུ་ཕྱོགས་པར་ཁྲུ་ངོས་ཕྱོགས་པར་དབང་བསྐུར ་བའི་དཀྱིལ་འཁོར་ཚེན་དཀར་པོ་གཅིག་པོ་འམ་ཚོན་སྣ་ལྔས་བྲིས་ཏེ་དེའི་དབུས་སུ་དཀར་པོ་འམ་ཚོན་སྣ་ལྔས་དེའི་ཕྱེད་ཀྱི་ཚད་ལྷས་པདྨ་འདབ་མ་བརྒྱད་པ་བྱའོ།། རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་བྷུ་རུ་དང་། གསེར་དང་། དུང ་དང་། མུ་ཏིག་དང་། ནོར་བུར་གྲགས་པའོ།། སྨན་ནི་བྷོ་ཧ་ཏཾ་དང་། ཀཎྛ་ཀ་རི་དང་། ས་ཧ་དཱང་། དཎྜ་ཨུཏྤལ། ཤཽ་ཏ་ཨ་པ་རཱ་ཛི་ཏ་ཞེས་བྱ་བའོ།། འབྲུ་ནི་འབྲས་དང་ནས་དང་གློ་དང་ཏཱིལ་དང་མ་ཤའོ།། སྤོས་ཆུ་ནི་ཙན་དན་དཀར་པོ་ལ་སོགས་པ ་དང་ལྡན་པའི་ཆུ་སྟེ། དེ་སྤོས་ཀྱིས་ཡོངསུ་བདུགས་པའོ།། ལས་ཀུན་བྱེད་པས་ཞེས་བྱ་བ་ནི་ལས་ཐམས་ཅད་བྱེད་པ་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་བཟླས་པ་ལ་དེ་སྐད་ཅེས་བྱའོ།། སེམས་ཅན་ཀུན་ལ་གསང་གཏེར་བྱ་ཞེས་བྱ་བ་ནི་སེམས ་ཅན་ཐམས་ཅད་ལ་བསང་གཏོར་བྱ་བའི་ཕྱིར་བཞག་པ་ཡིན་པར་ཤེས་པར་བྱའོ།། ཇི་ལྟར་བསང་གཏོར་བྱ་ཞེ་ན། ཡང་ན་ཀུ་ཤའི་ཆུན་པོས་བྱ་ཞེས་གསུངས་ཏེ། ཀུ་ཤའི་ཆུན་པོ་འམ། ཨ་མྲའི་འདབ་མ་ལ་སོགས་པས་བྱ། ལྷ ་བཤོས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱིའོ།། གཏོར་མ་ཕུལ་ལ་ཞེས་བྱ་ནི་འདིར་གཏོར་མ་ནི་ཕྱོགས་ཀྱི་གཏོར་མ་བསྟན་པ་ཡིན་ནོ།། སྤྱན་དྲངས་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་སྔགས་དག་གིས། དེ་བཞིན་གཤེགས་པ ་ཐམས་ཅད་ལ་སོགས་པ་བསྡུ་བར་བྱེད་པའོ།། གསལ་བར་བྱས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་ནམ་བདུད་རྩི་ཐབས་སྦྱོར་གྱིས་སོ།། གཞུག་པ་དང་ཞེས་བྱ་བ་ནི་རྡོ་རྗེ་ཞགས་པས་སོ།། བསྡམ་པ་དང་དབང་དུ་བྱས་ཏེ་ཞེས་བྱ་ནི་ལྕག ་སྒྲོག་དང་འབེབས་པ་དག་གིས་སོ།། ཕུར་བུ་དང་ཞེས་བྱ་བ་ལ་སོགས་པ་ལ་སྔར་བཤད་པའི་གསང་སྔགས་ཕྱག་རྒྱ་དང་བཅས་པས་ཅི་རིགས་པར་ཕུར་བུ་ལ་སོགས་པ་བྱའོ།། རོལ་མོའི་ཁྱད་པར་དཔག་ཏུ་མེད་པ་རྣམས་ཀྱིས་ཀྱང ་ཞེས་བྱ་བ་ནི་རོལ་མོའི་རྣམ་པ་འདི་ལྟ་སྟེ། གླིང་བུ་དང་པི་ཝ་དང་། རྫ་ལྔ་དང་ཀུ་མུཎྜ་དང་ཆ་ལང་དང་། རྔ་བོ་ཆེ་དང་རྩཝ་རྔ་ཆེན་པོ་དང་། རྔ་རིངས་དང་ཀུན་ཛ་ཏ་དང་ཏི་མི་ལ་ལ་སོགས་པ་རོལ་མོའི་སིལ་སྙན་བཅུ་པོ་སྟོང་ཕྲག་གིས་སོ།། སྟོང་པར་བྱའོ་ཞེས་བྱ་བ ་ནི་མཆོད་པའོ།། བཟོད་པར་གསོལ་ཏེ་ཞེས་བྱ་བ་ལ་སོགས་པ་ལ་མ་ཚང་བ་དང་ལྷག་པ་ཉེ་བར་གཟུང་བའི་ཕྱིར་འདི་ཡོ་བྱད་མ་ཚང་བ་དང་ཉམས་པ་ལས་བྱུང་བ་གང་དག་ཡོད་པ་དེ་ཐམས་ཅད་བཟོད་པར་མཛོད་ཅིག་ཅེས་བརྗོད་ལ། དངོས་གྲུབ་ཐམས་ཅད ་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་བྱིན་བརླབས་དང་ཞེས་བྱ་བ་ལ་སོགས་པས་གསོལ་བ་གདབ་བོ།། སློབ་མ་ཞེས་བྱ་བ་ནི་ཇི་སྐད་དུ་བསྟན་པའི་དཀྱིལ་འཁོར་བྲིས་པར་རོ།། ཅི་ཞིག་བྱས་ནས་བཞུགས་པར་བྱས་ཞེ་ན། སྙིང་པོ་འདི་དག་ཕྱག་རྒྱ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། སྙིང་ག་དང་དཔུང་མགོ་གཉིས་ལྐོག་མ་དང་སྤྱི་བོར་འཛིན་ཛིག་ཅེས་བྱ་བ་ལ་སོགས་པའི་སྙིང་པོ་གསུམ་དགོད་ཅིང་། སྐུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱས་བསྲུངས་ལ་རྡོ་རྗེ་སྲུང་བའི་སྔགས་དང་ཕྱག་རྒྱས་གོ་བགོ་བོར་བྱས ་ལ་གཞུག་པར་བྱའོ།། དོར་བར་བྱ་སྟེ་ཞེས་བྱ་བ་ནི་འཕང་བའོ།། གདོད་གཡོགས་དགྲོལ་ཞེས་བྱ་བ་ནི་འདི་སྐད་ཅེས་བརྗོད་དོ།། ཞེས་ཚིག་འོག་མ་དང་སྦྱརརོ།། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དངོས་གྲུབ་ཐམས་ཅད་ཀྱི་ཕུན་སུམ ་ཚོགས་པ་ནི་འདའ་བར་མི་བྱ་བའི་ངོ་བོ་ཉིད་དུ་འགྱུར་བའོ།། པ་ཤྱ་བཛྲ་ཞེས་བྱ་བ་ནི་དེ་སྐད་ཅེས་བརྗོད་པར་བྱའོ་ཞེས་ཤེས་པར་བྱའོ།། དེ་ནས་དབང་བསྐོར་བ་སྦྱིན་པར་བྱའོ།། རིག་པའི་དབང་བསྐུར་བའོ།། དྲི་དང་མེ་ཏོག་ཅེས་བྱ་བ་ལ་སོགས་པ ་དབང་བསྐུར་བའོ།། ཞེས་འོག་ནས་བཤད་པ་དང་སྦྱར་རོ།། སྟེང་དུ་བླ་རེ་བྲིས་པར་བྱ་ཞེས་བྱ་བ་ནི་སློབ་མའི་ཞེས་བྱ་བར་སྦྱར་རོ།། གང་དག་ཅེས་བྱ་ན་གདུགས་དང་རྒྱལ་མཚན་ལ་སོགས་པ་སྟེ་བཀྲ་ཤིས་པར་འགྱུར་པ་དེ་དག་གིས་ཀླུབས་ཤིང ་ཉེ་བར་བརྒྱན་པར་བྱའོ།། རྣམ་རྒྱལ་བུམ་པ་ཡིས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོའི་བུམ་པོས་སོ།། ལྷ་མོ་བཞི་རྣམས་དང་ཞེས་བྱ་བ་ནི་རེ་རེ་ཞིང་ཏིང་ངེ་འཛིན་གྱི་བདག་པོ་དང་ལྷ་མོ་གསུམ་གསུམ་ཡོངསུ་བཟླས་པའི་བུམ་པ་བཞིས་སོ།། ལྷ་རྣམས ་ཀུན་གྱི་བཞི་པོ་ཡིས་ཞེས་བྱ་བ་ནི་རེ་རེ་ཞིང་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་གཉིས་གཉིས་ཡོངསུ་བཟླས་པའི་བུམ་པ་བཞི་རྣམས་ཀྱིས་སོ།། འདི་ནི་བུམ་པའི་གྲངས་ངེས་པ་ཡིན་ཏེ། འབྱོར་ན་ནི་དཀྱིལ་འཁོར་གྱི་ལྷ་རྣམས་རེ་རེའི་ངང ་བུམ་པ་གང་བ་བྱས་ཏེ། བུམ་པ་གང་བས་ནི་མཆོད་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ།། འདི་སྐད་དུ་སྟོན་པ་ཡིན་ཏེ། དང་པོ་རྣམ་པར་སྣང་མཛད་ཀྱི་སྔགས་ཀྱིས་སོ།། དེ་ནས་མི་བསྐྱོད་པ་དང་སྤྱན་མ་དང་རྡོ་རྗེ་སེམས་མ་དང་སྐུལ་བྱེད་མ་དང་མི་གཡོ་མ་དང ་གཤིན་རྗེ་གཤོད་ལ་སོགས་པའི་གསང་སྔགས་བཞིས་དབང་བསྐུར་བྱའོ།། ཕྱིར་མི་ལྡོག་པའི་དབང་ནི་སློབ་དཔོན་དང་། རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་ཇི་སྐད་དུ་བཤང་བ་ལས་གཞན་འཆད་དེ། ཡི་གེའི་དོན་དང་མན་ངག་ལས་ཤེས་པར་བྱའོ།། འདིས་ནི། ་སློབ་དཔོན་གྱི་དབང་བསྐུར་བ་བསྟན་པ་ཡིན་ནོ།། ཏིལ་གྱི་གང་བུ་ཞེས་བྱ་བ་ལ་སོགས་པས་ནི་རྗེ་སུ་གནང་བའི་དབང་བསྐུར་བ་གསུངས་པ་ཡིན་ཏེ། དེ་ཉིད་ལ་ནི་དབང་བསྐུར་བ་ཞེས་བྱ་བ་ལ་སོགས་པ་ལ། རྟག་པ་ཁོ་ནར་བདག་ཉིད་དབང་བསྐུར་བ་སྟེར ་པ་དེའི་ཚེ་ཇི་སྐད་གསུངས་པའི་ང་རྒྱལ་བ་འདི་རྣམས་ཀྱིས་དབང་བསྐུར་སྩོལ་པར་མཛད།། ཞེས་དེ་ལྟ་བུའི་ངོ་བོ་ཉིད་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ཤེས་པས་བསམ་པར་བྱའོ།། ཆོས་ཀྱི་མཚན་ཉིད་བསྟན་པར་བྱ་ཞེས་བྱ་བ་ནི་ཆོས་རྣམས་ན་གཟུགས་བརྙན ་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པའོ།། མི་ཤེས་རབ་རིབ་ལ་སོགས་པའོ།། མི་ཤེས་རབ་རིབ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་མི་དགེ་བའི་བག་ཆགས་ལ་སོགས་པ་ཡོངསུ་གཟུང་།། གཟུགས་བརྙན་ཕྱག་རྒྱ་བསྟན་པར་བྱ་ཞེས་བྱ་བ་ནི་ཐུར་མ་ལ ་སོགས་པ་སྟོན་པའི་ལག་པའི་ཕྱག་རྒྱ་བཅིངས་ལ་བསྟནོ་ཞེས་བྱ་བའི་དོན་ཏོ།། རུས་པ་ལ་བབ་ཀྱང་ཞེས་བྱ་བ་ནི་གཤིས་འཇིག་པར་གྱུར་པས་ཀྱང་ངོ་།། ལུས་ཀྱང་ཞེས་བྱ་བ་ལས་ཀྱང་ཞེས་བྱ་བའི་སྒྲ་ནི་ལུས་ལ་ཡང་མི་བལྟ་བའོ།། འདི་སྐད ་སྟོན་ཏེ་ལུས་བྱིན་པས་ཀྱང་སློབ་མས་བླ་མ་འདི་ཅི་ནས་མགུ་བ་དེ་ལྟར་བྱའོ་ཞེས་པའོ།། བསླང་སྟེ་ཞེས་བྱ་བ་ནི་བསླང་ལ་རྗེསུ་གནང་བ་དེ་ཉིད་བསྟན་པའོ།། ཆོ་ག་མཐོང་བས་ཞེས་བྱ་བ་ནི་འོག་ནས་བཤད་པའི་ཚོ་གས་སོ།། དེ་བཞིན་དུ་བསྒོམ ་པའི་རིམ་པའི་ཚུལ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དང་གསང་བའི་དབྱེ་བས་ཞི་བ་དང་རྒྱས་པའི་རིམ་གྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལེགས་པར་མཆོད་པ་ཇི་སྐད་དུ་བཤད་པ་བཞིན་གཤེགསུ་གསོལ་ལོ་ཞེས་བྱ་བར་སྦྱརོ།། སྤྲུལ་པ་ནི་རང་གི ་སྙིང་གར་ཉེ་བར་བསྡུ་བར་ཤེས་པར་བྱའོ།། ཚོན་རྩི་བསྡུ་བ་ཞེསོ་བྱ་བ་ལ་སོགས་པ་ནི་གོ་སླའོ།། དཀྱིལ་འཁོར་བྲི་བའི་ཆོ་ག་སྟོན་པའི་གཞུང་གི་ལེའུ་ལ་དཀྱིལ་འཁོར་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་བརྗོད་དོ།། ལེའུ་གཉིས་པའི་འགྲེལ ་པའོ།། ། དཀྱིལ་འཁོར་དུ་བཞུགས་པས་ནི་སྔགས་ཡོངསུ་བཟུང་བར་བྱ་དགོས་པས། དེ་ནས་ཞེས་བྱ་བ་ལ་སོགས་པས་ལེའུ་གསུམ་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་ཉེ་བར་མཚོན་པའི་ཚིག་གིས་འོག་མ་དང ་སྦྱར་རོ།། ཅི་ཞིག་མཛད་ནས་ཞེས་གསང་སྔགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གསང་སྔགས་ཉིད་ནི་འཁོར་ལོ་སྟེ། ཡང་དང་ཡང་དུ་བཟླས་པས་ན།། འཁོར་ལོ་བཞིན་དུ་འཁོར་བའམ་འཁོར་ལོ་བསྐྱེད་པའི་ཕྱིར་འཁོར་ལོའོ་དེ་རྣམ ་བསྐོར་བ་ནི་གསུངས་པ་སྟེ། དེའི་དོན་གྱི་རྡོ་རྗེའི་ཡེ་ཤེས་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། སྔགས་སྟོན་པའི་རྣམ་པར ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བ་ནི་དོན་ཏོ།། གསང་སྔགས་ཀྱི་སྙིང་པོའི་ཡི་གེ་རྣམས་ཞེས་བྱ་བ་ནི་འདིར་བཤད་ཀྱི་ཅེས་ཉེ་བར་སྦྱར་ཏེ། བཅོམ་ལྡན་འདས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་དུ་ཟིན་ཀྱང་ཏིང་ངེ་འཛིན་ལ་དམིགས་པ་སྔོན ་དུ་འགྲོ་བས་སྔགས་སྟོན་པར་མཛོད་པ་འདིས་ནི་འདི་སྐད་སྟོན་ཏེ། རྣལ་འབྱོར་པས་ཀྱང་ཆོས་བདག་མེད་པ་བསྒོམ་པ་དང་རྗེསུ་འབྲེལ་པའི་རང་གི་ལྷ་ལ་དམིགས་པ་སྔོན་དུ་འགྲོ་བས་སྔགས་གདོན་པར་བྱའོ་ཞེས་པའོ།། རྣམ་པར་སྣང་མཛད ་དོ་ཞེས་པ་འདིས་ནི་གསང་སྔགས་དང་རིགས་པའི་སྐྱེས་བྱ་གཉིས་ཐ་མི་དད་པར་གསུངས་པ་ཡིན་ཏེ། གཞན་དུ་ན་རྣམ་པར་སྣང་མཛད་ལས་གཞན་པའོ་ཞེས་ཐ་དད་པར་སྟོན་པར་འགྱུརརོ།། དེ་ཡང་འདི་ཉིད་ནས་སྤྱན་ལ་སོགས་པའི་གསང ་སྔགས་གསུངས་པའི་འོག་ཏུ་དེ་ནས་འདི་ནི་གསུངས་ཙམ་གྱིས་ཞེས་བྱ་བ་ལ་སོགས་པ་བཤད་སྟེ། དེ་བས་ན་འདི་གཉིས་ནི་ཐུ་མི་དད་པ་ཡིན་ནོ།། ཀུན་ཏུ་བཟང་པོའོ་ཞེས་གསུངས་པ་འདིས་ནི་བྱམས་པ་ལ་སོགས་པ་མ་གཏོགས་པར་བཤད ་པ་ཡིན་པས། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བཅུ་དྲུག་ལེའུ་གཉིས་པར་བསྟན་པ་གང་ཡིན་པ་དེ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དོ།། དེ་བས་ན་འདིར་ནོར་བའང་དག་ཀྱང་དགོད་པར་བྱ་སྟེ། ཅི་རིགས་པར་བཞིས་མ་ཚང་བའི་བྱང་ཆུབ ་སེམས་དཔའ་སྟོང་བྲི་བ་འམ་བསྒོམ་མོ་ཞེས་པ་འདིར་རིག་པ་ཁོ་ན་ཡིན་ནོ།། འདིར་མ་བཤད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱིའི་སྔགས་ནི། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷཿདྷརྨཱ་ཏེ་མ་ཧཱ་ཡ་ན་པ་རི་བཱ་རེ་སྭཱ་ཧཱ། ཞེས་བྱ་བའོ།། སྔགས་ཀྱི ་རྗེསུ་འབྲངས་ནས། གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཞིས། གཤིན་རྗེ་དང་། ཁྱབ་འཇུག་དང་། ཚངས་པ་དང་། ལོག་འདེན་ཆུང་བ་དང་བཅས་པ་གནོན་པར་ཤེས་པར་བྱའོ།། འདི་དག་ནི་དཀྱིལ་འཁོར་དུ་དགོད་པའི་གསང་སྔགས་ཀྱི ་ཡི་གེ་རྣམས་ཏེ། ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ལྷ་རྣམས་ཀྱི་དགོད་པ་ལ། ཇི་སྐད་དུ་བཤད་པའི་གསང་སྔགས་ཀྱི་ཡི་གེ་རྣམས་ཡང་དག་པར་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། དཀྱིལ་འཁོར་དུ་ཞེས་བྱ་བའི་ཉེ་བར་མཚོན་པ་ལས་ན ་ལྷའི་རྣལ་འབྱོར་ལ་སོགས་པ་ལ་ཡང་ཤེས་པར་བྱའོ།། དེ་དག་ལ་ཞེས་བྱ་བ་ལ་སོགས་པ་ནི་བཤད་མ་ཐག་པའི་གསང་སྔགས་ཀྱི་ཚོགས་དེ་དག་གོ། བརྟེན་ནུས་ཞེས་བྱ་བ་ནི་མཚན་གཞིར་བྱས་ནས་འདི་ཉིད་ཀྱི་འཁོར་གྱི་དོན་དུ་རིགས་དང་རྟོག་པ་ལ ་སོགས་པའི་བྱེ་བྲག་གིས་གསང་སྔགས་བྱེ་བ་ཕྲག་དུ་མ་གསུངས་པ་ཡིན་ནོ།། གཞན་དག་ནི་དེ་ལ་བརྟེན་ཅིང་ཐོབ་ནས་ངས་གསང་སྔགས་ཕྲག་དུ་མ་གསུང་སོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན་གྱི་འདི་ནི་གསང་སྔགས་ཀྱི་ཚོགས་མ་ཡི ་ཏེ་ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་སྟེ། འདི་ལྟ་སྟེ་སྔགས་ཀྱི་ཆོས་ཉིད་ཀྱང་དེ་ནི་མི་རིགས་ཏེ། སྔགས་གསུངས་པ་ཉིད་མ་ཡིན་གྱི་སྔ་མ་ཁོ་ན་རིགས་པར་ཤེས་སོ།། གཏན་ཚོགས་དང་ཡང་མི་འགལ་ཏེ། དོན་དམ་པར་སྟོང་པ་ཉིད་དུ་ཡང་མེད་པ ་ཡིན་ནོ།། ཏིང་འཛིན་གྱི་བྱེ་བྲག་ལས་བྱུང་ཤེས་བྱ་ནི་ཏིང་ངེ་འཛིན་ཕུལ་དུ་བྱུང་བ་དང་རིག་པའི་སྐྱེས་བུར་ལྡན་པས་སོ།། ལྕགས་ཀྱུས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ལྗགས་ཀྱུ་ལ་སོགས་པའི་ཕྱུག་རྒྱུ་ནི་འདི་ཉིད་ནས་འབྱུང་བས་མ་བྲིས ་སོ།། དེ་དག་ལ་སོགས་པ་ནི་སྤྱན་དྲང་པོའི་སྦྱོར་བའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡུ་བ་ལ་སོགས་པའི་སྦྱོར་བའོ།། དེ་སྔགས་དེ་རྣམས་ཀྱི་གོ་རིམ་ནི་རྣམ་པར་སྣང་མཛད་ཀྱི་ངོ་བོ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ཐུན་མོང་གི་མཚན་ཉིད་དེ། དེ་ལས་མེ་ལོང ་ལྟ་བུ་ལ་སོགས་པའི་ཡེ་ཤེས་བཞི་འབྱུང་ངོ་།། དེ་བས་ན་ཡེ་ཤེས་དེའི་བདག་ཉིད་མི་བསྐྱོད་པ་ལ་སོགས་པ་བཞིར་བསྟན་ཏོ།། དེ་ལྟ་ན་ཡང་དེ་སྒོམ་པར་བྱེད་པའི་རྣལ་འབྱོར་པའི་རྒྱུད་ལ། ཇི་སྲིད་དུ་ཀུན་ཏུ་འགྲོ་བའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན ་བྱང་ཆུབ་སེམས་དཔའི་དང་པོ་མངོན་དུ་བྱས་ནས། ཆོས་ཀྱི་དབྱིངས་ལས་བརྩམས་ནས་ཇི་སྲིད་ཀྱི་བར་གྱི་མཐར་ཐུག་པ་ལས་འཇུག་པའི་དགའ་བ་ཉེ་བར་མི་འབྱུང་བ་དེ་སྲིད་ཀྱི་བར་དུ་སྐྱེ་བར་མི་འགྱུརརོ།། དེ་བས་ན་ཡེ་ཤེས་བཞི་ཐོབ་པའི་རྒྱུར་གྱུར་པ ་དགའ་བོ་བཞིའི་བདག་ཉིད་ཅན་ནི་སྤྱན་ལ་སོགས་པ་བཞིའོ།། དེ་ཡང་ཇི་སྲིད་དུ་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བཞི་ཡོང་སུ་དག་པར་མི་འགྱུར་བ་དེ་སྲིད་དུ་འབྱུང་བར་མི་འགྱུར་རོ།། དེ་བས་ན་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི ་བདག་ཉིད་ཅ་ནི་རྡོ་རྗེ་སེམས་དཔའ་ལ་སོག་པ་བཞི་ཡི་ནོ།། དེ་ཡང་ཕ་རོལ་ཏུ་ཕྱིན་པ་བཞི་དང་བྲལ་བས་ནི། འབྱུང་བར་མི་འགྱུར་རོ།། དེ་བས་ན་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ནི་སྐུལ་བྱེད་མ་ལ་སོགས་པ་བཞིའོ།། དེ་ཡང་ཡང་དག་པར་སྤོང ་པ་དང་། རྫུ་འཕྲུལ་གྱི་རྐང་པ་དང་། དབང་པོ་དང་སྟོབས་ཀྱི་བདག་ཉིད་ཅན་ངེས་པར་འབྱེད་པའི་ཆ་བཞི་དང་བྲལ་བས་ནི་འབྱུང་བར་མི་འགྱུརརོ།། དེ་བས་ན་ངེས་པར་འབྱེད་པའི་ཆ་བཞིའི་བདག་ཉིད་ཅན་ནི་གཤིན་རྗེའི་གཤེད་ལ་སོགས་པ། ་བཞིའོ།། དེ་ཡང་ལུས་དང་། ཚོར་བ་དང་། སེམས་དང་། ཆོས་དྲན་པ་ཉེ་བར་གཞག་པ་མེད་ན་འབྱུང་བར་མི་འགྱུརརོ།། དེ་བས་ན་དེའི་བདག་ཉིད་ཅན་མི་གཡོ་བ་ལ་སོགས་པ་བཞི་བསྟན་ཏོ།། གོ་རིམ་ཇི་སྐད་དུ་བཤད་པའི་ནང་དུ་བྱམས ་པ་ལ་སོགས་པ་ནི་མི་གཏོགས་ཏེ། རྣམ་པར་སྨིན་པ་ལས་བྱུང་བའི་སེམས་དཔའ་ཡིན་པའི་ཕྱིར་རོ།། སྔགས་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི་གསང་སྔགས་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་བརྗོད་དོ།། རིམ་པར་ཕྱེ་བ་གསུམ་པའི ་འགྲེལ་པའོ།། །། སྔགས་ཡོངསུ་བཟུང་བས་ནི་ཏིང་ངེ་འཛིན་ཡོངསུ་ཤེས་པར་བྱ་དགོད་པས་དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བཞི་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད་ནས ་ཤེ་ན་ཡེ་ཤེས་ཆེན་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ཆེན་པོ་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་ཡེ་ཤེས་རྣམ་པ་ལྔའོ།། དེ་ཡི་སྟོབས་ནི་ནུས་པ་སྟེ་ཐོགས་པ་མེད་པའོ།། དེའི་རྣམ་པར་འཕྲུལ་པ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ ་པས་རྣམ་པར་སྤྱོད་པའོ།། དེ་ཉིད་རྡོ་རྗེ་སྟེ་འབྲས་བུ་ལོན་པའི་ཕྱིར་དོན་ཡོད་པའི་ནུས་པ་ཅན་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ།། དེ་ལ་སྙོམས་པར་ཞུགས་པར་ཞུགས་པ་ནི་མངོན་སུམ་དུ་མཛདདེ ་པ་སྟེ། ཏིང་ངེ་འཛིན་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དེ་ཅེས་བྱ་བའི་ངན་ཏོ།། ཏིང་ངེ་འཛིན་ལ་དམིགས་པས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་དངོས་གྲུབ་ཀྱི་ཕྱིར་ལྷའི་གཟུགས་བསྒོམ་པ་ན། རྡོ་རྗེ་ཕྲ་མོ་བསྒོམས་པས་སེམས ་བརྟན་པར་བྱས་བསྒོམ་པར་བྱའོ་ཞེས་པའོ།། གཟུགས་བརྙན་ཞེས་བྱ་བ་ལ་སོགས་པའི་གཟུགས་བརྙན་བསྐྱེད་པའི་ཕྱིར་རས་དང་རྩིག་པ་དང་། ཤིང་ལེབ་ལ་སོགས་པ་ལ་སངས་རྒྱས་ལ་སོགས་པ་བྲི་བར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ཚིག་གི ་ལྷག་མའོ།། འདི་ནི་གཉིས་སུ་སྦྱོར་བ་ཡིན་ཏེ་སེམས་ཡོངསུ་ད་དག་པའི་དབང་དུ་མཛད་པའི་དམིགས་པ་བསྟན་པའོ།། རྒྱུད་ཡོངསསུ་དག་པ་ནི་གཉི་སུ་སྦྱོར་བ་ལ་མངོན་པར་ཞེན་པར་མི་བྱེད། ཇི་སྐད་དུ་རྣལ་འབྱོར་ཡང་དོག་མ་ཡིན་སེམས།། ལྷ ་ལ་དམིགས་པར་བྱེད་པ་དག། རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ།། ལུགས་མ་ལ་སོགས་རྣལ་འབྱོར་སྐྱེ།། ཡང་དག་མཆོག་སེམས་རྣལ་འབྱོར་པ།། ལྷ་ལ་དམིགས་པར་བྱེད་པ་དག། རང་གི་དམ་ཚིག་བདག་སྦྱོར་བས།། མི་འགྱུར་དམ་པ ་འགྲུབ་པར་འགྱུརརོ་ཞེས་གསུངས་པས་སོ།། གསང་སྔགས་འཆང་རྣམས་ཀྱི་ཞེས་བྱ་བ་ནི་སྔགས་པ་རྣམས་ཀྱིའོ།། ཏིང་འཛིན་གསང་ཆེན་ཞེས་བྱ་བ་ནི་རིགས་དང་དམ་ཚིག་དང་། ཕྱག་རྒྱ་མཆོག་དང་ལྷན་ཅིག་སྦྱོར་བའོ།། རྣལ་འབྱོར་དག ་པ་འདི་ནི་གཙོ་བོའི་དབང་དུ་མཛད་སྟེ་བསྟན་པ་ཡིན་པས་འདི་སྐད་གསུངས་པ་ཡིན་ཏེ། ཏིང་ངེ་འཛིན་ལ་སོགས་པ་བསྟན་པས་གནས་སྐབས་ཇི་ལྟ་བ་བཞིན་དུ་དེ་ཁོ་ན་ཉིད་དང་གསོང་བ་དང་གསང་ཆེན་གྱི་རྣལ་འབྱོར་དུ་འགྱུརརོ།། འདིས་ནི་འདི ་སྐད་སྟོན་པ་པ་ཡིན་ཏེ། མོས་པ་ཇི་ལྟ་བས་རྣལ་འབྱོར་གསུམ་ལས་གང་ཡང་རུང་བ་བསྒོམས་ནས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་སྐལ་བ་ཅན་དུ་འགྱུར་རོ།། དོན་འདི་ཉིད་གཞན་དག་ལས་ཀྱང་རིགས་ཀྱི་བུ་སེམས་འདི་ནི་རང་བཞིན་གྱིས་འོད་གསལ ་སྟེའདི་ལྟ་སྟེ། ཇི་ལྟ་ཇི་ལྟར་སེམས་ཡོངསུ་སྦྱངས་པ་དེ་ལྟ་དེ་ལྟར་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།། ཨོཾ་གྱི་ཡེ་ཤེས་ལས་བསྒྲུབ་པ་ཞེས་བྱ་བ་ནི་ཡེ་ཤེས་ནི་ཆོས་ཀྱི་མཚན་ཉིད་དོ།། དེ་ཉིད་ཡི་གེ་ཨོཾ་ཡིན་པས་ན་ཨོཾ་གྱི་ཡེ་ཤེས་ཏེ། དེས་སྒྲུབས ་པའི་རྡོ་རྗེ་བསྒོམ་པར་བྱའོ་ཞེས་བྱ་བར་སྦྱརོ།། རྫོགས་པའི་གོ་རིམས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའི་རིམ་པས་སོ།། ཤེས་རབ་ཡེ་ཤེས་རབ་རྒྱས་པ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཡེ་ཤེས་ཀྱིས་བློ་རྒྱས་པར་བྱས་པའོ།། ཞལ་གསུམ་གྱིས་ནི ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་རྣམ་པར་དག་པར་སྟོན་པར་བྱེད་པས་རྣམ་པར་ཐར་པའི་སྒོ་གསུམ་གྱི་ངོ་བོ་སྟེ། ཁ་དོག་ནི་གཅིག་པའོ།། ལ་ལ་ནི་མན་ངག་ལས་ཞལ་གསུམ་གྱི་མདོག་ནི་འདུས་པ་ལྟར་གསུམ་དུ་བྱའོ་ཞེས་ཟེར ་རོ།། སྤྱན་གསུམ་ནི་ཞལ་དང་པོ་འམ། རེ་རེ་ཞིང་གསུམ་སྟེ་ཐམས་ཅད་དུ་ཡང་དེ་བཞིན་ནོ།། དང་པོ་བསམ་གཏན་ཕྱག་རྒྱ་ཅན་ཞེས་བྱ་བ་ནི་ཕྱག་རྒྱ་དང་པོའི་གཡས་དང་གཡོན་ནི་ཏིང་ངེ་འཛིན་གྱི་ཕྱག་རྒྱར་བྱས་པའོ།། བགྲང་ཕྲེང་ལྡན་ཞེས་བྱ་བ་ནི་སྔགས ་ཀྱི་ནོར་བུ་དང་བཅས་པའོ།། ནུ་མ་འཛིན་ཅེས་བྱ་བ་ནི་ནུ་མ་བཟུང་བ་སྟེ། ལྷ་མོ་ཡང་ཕྱག་གཉིས་པ་སྐུ་མདོག་སེར་མོ་ལག་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྱུད་པར་བྱེད་པས་ཏེ། གཤིན་རྗེ་གཤེད་ཀྱི་ལྷ་མོ་གཉིས་ཕྱག་གཉིས་མ ་བར་བཤད་པ་འདི་ཡིས་ཉེ་བར་མཚོན་པ་ཡིན་པའི་ཕྱིར་རོ།། ལ་ལ་ན་རེ་རང་གི་བདག་པོ་དང་འདྲ་བར་ཐམས་ཅད་བསམ་མོ་ཞེས་ཟེར་ཏེ། འདིས་ནི་གསང་བའི་རྣལ་འབྱོར་བཤད་མཆོད་པའི་དུས་སུ་ནི་ནུ་མ་འཛིན་པ་མེད ་པར་བྱའོ།། འཇིགས་ཤིང་སྐྲག་མཛད་པ་ཞེས་བྱ་བ་ནི་འདིར་དེ་ནས་ཞེས་ཉེ་བར་མཚོན་པའི་ཚིག་གིས་བསྒོམ་པར་གྱིས་ཞེས་བྱ་བ་འདི་དང་སྦྱ་རོ།། དེ་བཞིན་དུ་རིགས་ལས་ཀྱང་འདི་ཉིད་འོག་ནས་སྟོན་ཏོ།། སྤྲིན་ཞེས་བྱ་བ་ནི་ཚད་མེད་པའོ།། ཡང ་དངག་འབྱུང་ཞིང་ལེགས་འཁྱུད་པ་ཞེས་བྱ་བ་ནི་གལ་ཏེ་རྙེད་ན་གཞན་དང་མི་འགྲོ་བ་ཉིད་ལ་སོགས་པའི་མཚན་ཉིད་དང་ལྡན་པའི་རིག་མ་བཞི་མངོན་པར་སྦྱར་བ་བྱས་ལ་དེས་ཇི་ལྟ་བ་བཞིན་དུ་མཆོད་པ་བྱེད་པ་ནི་རྣལ་འབྱོར་པ་དེ་དེ་བཞིན ་གཤེགས་པ་ཐམས་ཅད་རང་གི་དམ་ཚིག་གིས་འཁྱུད་པའི་སྐུ་སྤྲོ་བར་བསྒོམ་པར་བྱ་སྟེ། འདིས་ནི་གསང་བའི་རྣལ་འབྱོར་བཤད་པ་ཡིན་ནོ།། ནང་གི་གསོང་སྔགས་བཟླས་བརྗོད་ཅིང་ཞེས་བྱ་བ་ནི་ནང་གི་བཟླས་པས་སོ།། དེ་ཉིད་སྤྱོད་ཡུལ་བ ་ཞེས་བྱ་བ་ནི་རང་གི་ལྷའི་རྣལ་འབྱོར་གྱི་ཡུལ་ཏེ། འདིས་ནི་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་གསུངས་པ་ཡིན་ནོ།། རྣལ་འབྱོར་འདི་ལ་ནི་ནུ་མ་འཛིན་པ་མེད་པས་སྡིག་མཛུབ་ལ་སོགས་པས་ཅི་རིགས་པར་གཟུང་ངོ་།། འདིས་ཡང་འམ་གྱི་སྒྲ་ནི་ཕྱོགས ་གཞན་སྟོན་པར་བྱེད་པ་ཡིན་པར་ཤེས་པར་བྱ་སྟེ། སྒོམ་པ་པོ་གཅིག་གིས་གསུམ་ཆར་བྱ་བར་མི་རིགས་པས། སྒྲུབ་པ་པོ་གཅིག་གིས་དེ་ཁོ་ན་ཉིད་དང་། གསང་བ་དང་གསང་བ་ཆེན་པོ་རྣམས་རིམ་བཞིན་དུ་བསྒོམ་པར་བྱའོ་ཞེས་ཤེས་པོར་བྱ་བའི ་ཕྱིར་ཏིང་ངེ་འཛིན་གསུམ་ཉེ་བར་བཀོད་དེ། ཏིང་འཛིན་འདིའི་རིམ་པ་ནི་འོག་ནས་བཤད་པའི་ཏིང་འཛིན་རྣམས་ལ་ཡང་འདི་བཞིན་ཤེས་པར་བྱ་སྟེ། ལ་ལར་དེ་ཁོ་ན་ཉིད་ལ་སོགས་པར་སྟོན་པའི་ཕྱིར་རོ།། དེ་ཡང་ཉེ་བར་མཚོན་པ་ནི་ཏིང་ངེ་འཛིན་ཐམས ་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ཏིང་འཛིན་ཐམས་ཅད་ཀྱི་ཞེས་པ་ལྷ་ཐམས་ཅད་ལ་དམིགས་པའི་བདག་ཉིད་ཅན་གྱི་སྟོབས་ཏེ་ཐོག་མ་མེད་པའི་ནུས་པ་རྫོགས་པར་བྱེད་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཤེས་པར་བྱ་བ་སྟེ། དེ ་འགེངས་ཤིང་རྫོགས་པར་བྱེད་པའི་བཅོམ་ལྡན་འདས་ནི་དེའི་ངོ་བོས་རྣལ་འབྱོར་པའི་སེམས་ལ་བསྐྱེད་པར་མཛད་པ་རྣམ་པར་སྣང་མཛད་གང་ཡིན་པ་དེ་ལ་དེ་སྐད་བྱ་སྟེ། དེ་ཉིད་ལ་དམིགས་པའི་དོན་འདིས་འགྲོ་བའི་དོན་བྱེད་པའི་ཕྱིར་ཏིང་འཛིན་བསྟན་ཏོ།། ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཤད་པར་སྐུ་གསུང་ཐུགས་ཀྱི་རིམ་པ་དང་། རྗེ་སུ་མཐུན་པའི་འཇིག་རྟེན་དབང་ཕྱུག་གི་ཏིང་འཛིན་གསུངས་ཏེ། ཨོཾ་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཉིད་ཡི་གེ་ཨ་ཡིན་པར་ཤེས་པར་བྱ་སྟེ། ཐམས་ཅད ་དུ་ཡང་ཡེ་ཤེས་ཇི་ལྟ་བ་ཉིད་གསང་སྔགས་ཀྱི་ཡི་གེ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ།། ཚིག་གིས་ལམ་ཞེས་བྱ་བ་ནི་ལུང་གི་ཆོས་མ་ལུས་པའི་ངོ་བོ་ཉིད་དུ། དབུ་རྒྱན་ཐམས་ཅད་མཁྱེན་པས་བྱས་ཞེས་བྱ་བ་ལ་ཐམས་ཅད་མཁྱེན་པ་ནི་འོད ་དཔག་ཏུ་མེད་པ་སྟེ། དེས་དབུ་རྒྱན་བྱས་པ་ནི་གཙོ་བོའི་རིན་པོ་ཆེའི་དབུ་རྒྱན་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། གདན་ནི་བཞི་དང་ལྡན་ཞེས་བྱ་བ་འདི་ནི་ཟླ་བའི་གདན་ཏེ་ཉེ་བར་མཚོན་པོ་འདིས་ནི་གཞན་དག་གི་ཡང་གདན་དུ་ཟླ་བ་འབྱུང་བ་ཡཱཾ ་པ་ཡིནོ།། ལ་ལ་ནི་ལྷ་མོ་བནི་དང་གདན་ཅིག་པས་གདན་ནི་བནི་དང་ལྡན་ཞེས་བྱ་བའོ་ཞེས་ཟེར་རོ།། ཕྱག་གཉིས་པདྨ་རྣམ་པར་འབྱེད་ཅེས་བྱ་བ་ནི་གཡོན་པའི་པདྨའི་ཁུ་ཚུར་གྱིས་པདྨའི་སྡོང་བུ་གཡོན་པའི་སྟ་ཟུར་གྱི་གན ་སུ་འཛིན་ལ། གཡས་ཀྱི་པདྨ་ཁུ་ཚུར་གྱིས་རང་གི་སྙིང་གར་པའི་འདབ་མ་འབྱེད་པ་ལ་བརྩོན་པ་སྟེ། འདིར་དེ་ལ་ལྟ་ཞིང་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། ཡང་ཚིག་གི་ལམ་ཞེས་བྱི་བུ་ནི་རྟོགས་པའི་ཆོས་མེ་ལུས་པའི་ངོ་བོའོ།། རྣམ་པ ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ།། མཆོག་ནི་ཕུལ་དུ་བྱུང་བའོ།། རྒྱ་ཆེ་བ་ནི་ཡུལ་ན་གནས་པ་དང་གསལ་བ་དང ་རྫོགས་པ་ཉིད་དང་ལྡན་པའོ།། ཆོས་ཀྱི་རྒྱལ་པོ་ནི་ཆོས་གཉིས་ཀོའི་བདག་པོ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། དེ་ལ་དམིགས་པའི་ཏིང་འཛིན་ལ་དེ་སྐད་ཅེས་བྱའོ།། ཧཱུཾ་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡེས་ཤེས་ནི་ཡི་ཧཱུཾ་ངོ་།། མཐེ ་ཞིང་བཟང་པོ་ཞེས་བྱ་བ་ནི་སྐུ་མདོག་མཐིང་ཤིང་ལྟ་བུའོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་མི་འཁྲུགས་ཅོད་པན་ཅན་ཞེས་བྱ་བ་ནི་མི་བསྐྱོད་པ་ཅོད་པན་ལ་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་ཤར་དུ་མི་བསྐྱོད་པ་བྲི་བར་བྱའོ། ་ཞེས་གང་བཤད་པ་དོར་རྡོ་རྗེ་སེམས་དཔའ་བྲི་བར་རིགས་པ་ཡིན།། དབུ་རྒྱན་ཐམས་ཅད་མཁྱེན་པས་བྱས་ཞེས་བྱ་བ་འདིས་ནི་འོད་དཔག་མེད་ཀྱི་གནས་སུ་ཡང་འཇིག་རྟེན་དབང་ཕྱུག། འདི་དག་གི་རྗེ་སུ་འབྲངས་པས་རིན་ཆེན་འབྱུང་ལྡན་དང་དོན་ཡོད་གྲུབ་པའི ་གནསུ་ཡང་རང་གི་དེ་བཞིན་གཤེགས་པས་དབང་བསྐུར་བ་དང་། ཤིན་ཏུ་འབྲེལ་པའི་འཁོར་ལོས་བསྒྱུར་བ་གཉིས་བྲིས་སྟེ། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ།། རྡོ་རྗེ་རིན་ཆེན་དགོས་འདོད་འབྱུང་།། རྡོ་རྗེ་ཆོས་ནི་འཇིག་རྟེན་དབང་།། རྡོ་རྗེ་ལས་ནི ་རབ་སྒྲུབ་སྩོལ་ཞེས་གསུངས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཉིད་མི་བསྐྱོད་པ་ལ་སོགས་པའི་སྒྲར་བཤད་པ་ལ་ཉེས་པ་མེད་དོ།། རོལ་པའི་སྟབསུ་ལེགས་པར་ཞུགས་ཞེས་བྱ་བ་ནི་སྟན་གྱི་མདུན་དུ་མཐོ་གང་གིས་མཆོད་པར་རྐང་པ་བཅས ་ནས་ཕྱོགས་གཉིསུ་བརྐྱང་སྟེ། གཡོན་ཕྱོགས་ཅུང་ཟད་དབབ་པར་བྱའོ་ཞེས་བྱ་བའི་མཚན་ཉིད་ཅན་ཏེ་དེས་གནས་པའོ།། ལ་ལ་ན་རེ་གང་རྣལ་འབྱོར་དང་རྗེ་སུ་མཐུན་པའི་གནས་པས་འདུག་པར་བྱའོ།། ཞེས་ཟེར་རོ།། དེ་ལྟར་ཀུན་ཏུ་ཁྱབ་པ་ཉིད་ཅེས ་བྱ་པོ་འདིར། དེ་དག་གི་ས་ཞེས་ཉེ་བར་སྦྱར་བར་བྱའོ།། དེ་བཞིན་དུ་རིགས་ལ་སོགས་པ་རྣམས་ལ་ཡང་དེ་ལྟར་ཤེས་པར་བྱའོ།། རྒ་ཤི་རྣམས་ཀྱི་ཕ་རོལ་འགྲོ་ཞེས་བྱ་བ་ནི་དེ་དང་བྲལ་བའི་དོན་ཏོ།། སེམས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་སེམས ་ཆེན་པོ་ནི་གཉིས་ཀྱིས་དབེན་པའོ།། དེའི་རྫོགས་པར་བྱེད་པ་ནི་གདུལ་བྱ་རྣམས་ཀྱི་སེམས་རང་བཞིན་གྱིས་རྣམ་པར་བྱང་བ་ཉིད་དུ་གནས་པའི་མི་བདེན་པའི་ཀུན་ཏུ་རྟོག་པ་གསལ་བ་དེ་ལྟར་རྫོགས་ཤིང་དོན་དེ་ཀུན་ནས་མཐར་ཕྱིན་པར་བྱེད་པ་དེའི་སྟོབས ་དེ་ནུས་པ་གང་ཡིན་པ་དེ་ཉིད་མཐའ་ཡས་པའི་ཏིང་འཛིན་རྡོ་རྗེའི་རྒྱལ་པོ་ལ་སོགས་པའི་ངོ་བོ་ཉིད་ནི་རྒྱལ་པོ་སྟེ། གཙོ་བོར་གྱུར་པ་བཅོམ་ལྡན་འདས་ཐུགས་རྡོ་རྗེ་དེ་སྟོན་པའི་ཕྱིརརོ།། དེ་ཉིད་ནི་རྡོ་རྗེ་ཤུགས་ཏེ་སེམས་ཅན་གྱི་དོན་བྱ་བོ་ལ་འཇུག་པ་ལ་ཐོགས་པ ་མེད་པའི་ཕ་རོལ་གནོན་པ་དང་ལྡན་པའི་ཕྱིར་རོ།། དེ་ལ་དམིགས་པས་ན། ཏིང་འཛིན་དེ་ལ་མིང་དེ་སྐད་ཅེས་བྱའོ།། ཏྲཾ་གི་ཡེ་ཤེས་ལས་བསྒྲུབས་པ་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་ཡི་གེ་ཏྲཾ་སྟེ། དེ་ལས་བསྒྲུབས་པ་ནི་དེ ་བཞིན་དུ་གཞན་དག་གིས་ཇི་ལྟ་བ་བཞིན་དུ་འདི་ཉིད་བསྒོམསོ་པས་འཚང་རྒྱ་བ་ཉིད་ཐོབ་པའོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་ཐམས་ཅད་ལ་ཡང་འབྲས་བུ་ཉེ་བར་ལེན་པའི་གོ་ཞིར་གྱུར་པས་ན་ལྷ་རྣམས་དང་རྗེ་སུ་མཐུན་པའི་གཟུགསུ་གང་གིས་ཏེ། གདུལ ་བྱ་རྣམས་འབྲས་བུ་ལ་གཞོལ་བས་འཇུག་པའོ།། རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་རིན་ཆེན་ནི་རིན་པོ་ཆེའི་རིག་སོ།། རིན་ཆེན་མངོན་པར་མཐོ་བ་ཞེས་བྱ་བ་ནི་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་བསམ་པ་ཡོངསུ་རྫོགས་པར་བྱེད་པ་ཉིད་དུ་འབྱུང་བའོ།། དེའི་ཡེ་ཤེས ་ནི་དེས་བསྐྱེད་པ་སྟེ་ཡེ་ཤེས་ཀྱི་ཚོགས་ཀྱིས་འབྲས་བུ་སྩོལ་པས་རིན་ཆེན་འབྱུང་ལྡན་ཏེ། ཏིངངེ་འཛིན་དེ་ལ་ཡང་མིང་དེ་སྐད་ཅེས་བྱའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་ནི་བཤད་ཟིན་ཏོ།། བཾ་གི་ཡེ་ཤེས་ལས་བསྒྲུབ་པ་ཞེས་བྱ་བ་ལ་ཡེ་ཤེས་ནི་བྱ་བ་ནན ་ཏན་བསྒྲུབ་པ་སྟེ། དེ་ཉིད་ཡི་གེ་ཁཾ་ཡིན་ནོ།། ཁ~ཾ་གི་ཡེ་ཤེས་ལས་བསྒྲུབས་པ་ནི་ངེས་པར་འབྱུང་བའོ།། ཏིང་འཛིན་ཕྱག་རྒྱ་ལོགས་པར་ཞུགས་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་བསམ་གཏན་གྱི་ཕྱག་རྒྱས་ཤིན་ཏུ་ལེགས་པར་ཞུགས ་པའོ། མར་ཀ་ཏའི་འོད་ལྟར་འབར་བ་ཞེས་བྱ་བ་ནི་སྐུ་མདོག་མར་ཀ་ཏའི་འོད་འབར་བ་སྟེ། ལྗང་གུ་ཞེས་བྱ་བའི་དོན་ཏོ།། ལ་ལ་དག་ནི་འོད་ཀྱི་དཀྱིལ་འཁོར་མར་ཀོ་ཏ་ལྟ་བུའོ་ཞེས་ཟེར་མོད་ཀྱི་དེ་ནི་མི་རིགས་ཏེ། བཅོམ་ལྡན་འདས་ཀྱི་སྐུ་མདོག་འཆད་པའི་སྐབས་ཡིན ་གྱི་འོད་ནི་མ་ཡིནོ།། ལེགས་པར་འགྲུབ་ཕྱིར་སླར་ཡང་སྡུད་ཅེས་བྱ་བ་ནི་སེམས་དབང་དུ་གྱུར་པ་ལེགས་པར་འགྲུབ་པའི་ཕྱིར་སྤྲོས་པ་རྣམས་སླར་ཉེ་བར་སྡུད་པ་སྟེ། འདི་ཡང་རྣལ་འབྱོར་པའི་རིམ་པ་བསྟན་པའི་ཕྱིར་བཤད་པ་ཡིན་ཏེ། འདིའི་འོག་མ ་རྣམས་ལ་ཡང་འདི་བཞིན་ཁོང་དུ་ཆུད་པར་བྱའོ།། འོད་ཟེར་ཆེན་པོས་རབ་གསལ་ཞིང་ཞེས་བྱ་བ་ལ་འོད་ཟེར་ཆེན་པོ་ནི་ཡེ་ཤེས་ཀྱི་སྣང་བའི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་བཅོམ་ལྡན་འོངས་དོན་ཡོད་གྲུབ་པའི་ཆོས་ཀྱི་སྐུའོ།། དེ་དང་འདྲ་བ་ནི་དེའི་རྒྱུ་མཐུན ་པ་ལས་བྱུང་བ་ལོངས་སྤྱོད་རྫོགས་པའི་སྒོའི་ཚུལ་འཛིན་པའི་ཞེས་བྱ་བའི་དོན་ཏོ།། ན་མཁའི་སྙིང་པོ་ནི་ན་མཁའི་སྐྱེ་གནས་ཅནོ།། ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ཉིད་དང་། ཁྱབ་པ་ཉིད་དང་། ཐམས་ཅད་ཀྱི་གནསུ་གྱུར་པ ་ཉིད་ལ་སོགས་པས་མ་ཨུན་ནས་འང་[]མ་གཏན་ཚིགས་དེ་ཉིད་ཀྱིས་ན་འདུ་བྱེད་ཐམས་ཅད་སྤངས་པའི་ཞེས་བྱའོ།། ན་མཁའ་ཞེས་བྱ་བ་ལ་སོགས་པ་ལ་ན་མཁའ་དང་མཉམ་པར་འདུ་བྱེད་ཐམས་ཅད་ཀྱི་གོ་འབྱེད་པ་གང་ཡིན་པ་སྟེ། དེ་ཉིད་ནི ་བྱ་བ་བསྒྲུབ་པའི་ཡེ་ཤེས་ཡོངསུ་གྱུར་པ་ལས་བྱུང་བས། ཡེ་ཤེས་ཀྱི་རྡོ་རྗེ་ནི་བཅོམ་ལྡན་འདས་དོན་ཡོད་གྲུབ་པའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ཀྱི་རྗེསུ་འབྲང་ནས ་འོག་འདི་ར་རིགས་ཀྱིས་བསྡུས་པའི་ཡེ་ཤེས་ཀྱི་ཆ་རྣམས་ཡིན་པར་ཤེས་པར་བྱའོ།། རྒྱན་ཅེས་བྱ་བ་ནི་དམ་ཚིག་ཕྱག་རྒྱའི་ཚུལ་གྱིས་མཉེས་པར་བྱེད་པའོ།། འོད་དམར་འོད་ཟེར་ཕྲེང་བ་ཅན་ཞེས་བྱ་བ་ནི་འོད་དམར་པོ་དང་འོད་ཀྱི་ཕྲེང་བ་དམར་པོ ་གང་ལ་ཡོད་པའོ།། དེ་བས་ན་དེ་ནི་ལྷ་རྣམས་འཇིགས་པས་མྱོས་ཏེ་ཞེས་བྱ་བ་སྟེ། གང་གིས་ལྷ་རྣམས་ནི་ལག་པ་ཐལ་མོ་སྦྱར་བར་བྱེད་ཅེས་བྱ་བ་སྟེ། ལག་པ་གཉིས་ཀྱིས་སློར་མོ་ཐམས་ཅད་ཀུན་ནུས་ཐལ་མོ་སྦྱར་བ་བྱས ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། བྱང་ཆུབ་ཡན་ལག་འབྲས་བརྒྱན་པའི་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་ནོ་སྦྱིན་པ་ལ་སོགས་པའམ། བྱང་ཆུབ་ཀྱི་ཡན་ལག་བདུན།། དེའི་འབྲས་བུ་ནི་འཚང་རྒྱའོ།། དེ་ཉིད་ནི་བརྒྱན་ཏེ་སྙིང་པོ་ཡིན་ལ ་དེ་རྟོག་པའི་སྦྱོར་བ་ལས་ཡང་དག་པར་འབྱུང་བ་གང་ཡིན་པ་དེ་ལ་དེ་ལ་དེ་སྐད་ཅེས་བྱའོ།། དྲི་བས་ན་དེ་བསྒོམ་པར་བྱའོ།། ཡེ་ཤེས་ཀྱི་ཞེས་བྱ་བ་ལ་སོགས་པ་ལྔ་ཡེ་ཤེས་ནི་ཆོས་བདག་མེད་པའི་མཚན་ཉིད་ཅན་ནོ།། སྤྱན་ནི་ཆོས་རྣམས་གཉི ་སུ་མེད་པ་དང་དབེན་པར་རྟོགས་པའི་མཚན་ཉིད་ཅན་གྱིས་སྣང་བར་བྱེད་པ་ནི་སོ་སོར་སྣང་བའི་ཡེ་ཤེས་ཏེ། དེ་ཉིད་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་མི་ཤིགས་པས་ན་རྡོ་རྗེའོ་དེའི་འཇོ་ཚུལ་ནི་རྣམ་པར་རོལ་པ་སྟེ། སེམས་ཅན་རྣམས ་ལ་ཕན་པའི་ཕྱིར་སྔོན་གྱི་འཕེན་ཤུགས་ཀྱི་སྦྱོར་བས་མཛད་པ་གང་ཡོན་པ་སྟེ། བཅོམ་ལྡན་འདས་ཡུམ་སངས་རྒྱས་སྤྱན་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། རྡོ་རྗེའི་གདན་ཅན་ཞེས་བྱ་བ་ནི་ཛྷཻཾཎཱི ་གདན་ལ་བཞུགས་པ་སྟེ། རྣམ་པར་མི་གཡོ་བའི་གདན་བརྙེས་པའི་དོན་ཏོ།། ལཾ་ལ་ངག་ན་རེ་རང་གི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ལ་སྐྱེས་བུའི་ཚུལ་གྱིས་ཉེ་བར་གནས་པས་ཉེ་བར་བཞུགས་པའོ།། ཉེ་བར་མཚོན་པ་འདིས་ནི་ལྷ་མོ་ཐམས་ཅད་ཀྱང་ཚུལ་འདི་ཉིད་དོ།། ་ཞེས་ཟེ་རོ།། རྒོད་ཅིང་ཞེས་བྱ་བ་ནི་དབུས་དང་གཡས་ཀྱི་ཞལ་ལོ།། ཞལ་རས་ཁྲོ་བག་བཅས་ཞེས་བྱ་བ་ནི་ཞལ་དབུས་མའི་གཡོན་པའི་ཆ་ཁྲོ་པག་ཏུ་བཅས་ལ་ཞལ་གྱི་ཆའི་ཕྱེད་ནི་རྒོད་བག་ཏུ་གནས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཤིན་ཏུ་གདུག ་པའི་ཅིག་ཤོས་རྣམས་ཚར་བཅོད་པ་དང་རྗེསུ་གཟུང་བའི་ཚུལ་གྱིས་བཞུགསོ་ཞེས་བྱ་བའི་དོན་ཏོ།། གཡོན་པ་སྡིགས་པ་མཛུབ་མོ་སྟེ་ཞེས་བྱ་བ་ནི་ཕྱག་གཡོན་པའི་རྡོ་རྗེ་ཁུ་ཚུར་ལས་བྱུང་བའི་ཁྲོ་བོའི་སྡིགས་མཛུབ་མཛད་པས་གནས་ཤིང་དེ་ཉིད ་ལ་དེ་གཟིགས་ཞེས་བྱ་བའི་དོན་ཏོ།། དངོས་མེད་དངོས་པོའི་མཚན་ཉིད་ཅན་ཞེས་བྱ་བ་ནི་དངོས་པོ་རྣམས་མེད་ཅིང་མིག་ཡོར་ལྟ་བུའི་ཚུལ་གྱིས་གཟུགས་ཆེན་པོའི་དངོས་པོའི་མཚན་ཉིད་ཅན་གྱི་ཁམས་གསུམ་ལྟ་བུའི་རྣམ་པར་འཇུག་པའི་སེམས ་དང་སེམས་ལས་བྱུང་བའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དོན་དམ་པར་ནི་གཉི་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། བསྒོམ་པར་བྱ་ཞེས་བྱ་བ་ནི་མོས་ཤིང་དང་པའི་རྗེསུ་འགྲོ་བའི་སེམས་ཀྱིས་སོ།། སྒྱུ་འཕྲུལ ་ཞེས་བྱ་བ་ལ་སོགས་པ་ལ་སྒྱུ་འཕྲུལ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པོའི་བདག་ཉིད་ཅན་ནོ།། དེའི་འབྱུང་བ་ནི་གདུལ་བྱ་རྣམས་ཀྱིས་སྐལ་པ་ཇི་ལྟ་བཞིན་དུ་བསྟན་པའོ།། དེའི་རྒྱུ་སྟོབས་ཀྱི་ཡེ་ཤེས་ནི་ཡེ་ཤེས་བཅུའི་སྟོབས་ཏེ། གཉིསུ་མེད་པའི ་ཡེ་ཤེས་ཀྱི་ནུས་པའོ།། དེ་དང་ལྡན་པ་དང་ཉིད་ནི་བཅོམ་ལྡན་འདས་ཡུམ་མཱ་མ་ཀཱིའོ།། ཟབ་མོ་ནི་འཕགས་པ་མ་ཡིན་པས་ངོ་བོ་ཉིད་མི་རྟོགས་པའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། མི་འཇིགས་སྦྱིན་མཛད་མ་ཝེ ་བྱ་བ་ནི་ཕྱག་དང་པོས་སོ།། སངས་རྒྱས་ཀྱི་སྐུ་རྣམས་འབྱུང་བ་བསྒོམ་པར་གྱིས་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་རྣམ་འབྱུང་བ་ཉིད་དེ་ལྟ་བུའི་ལུས་ངག་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྤྲུལ་པ་རྣམས་སྤྲུལ་པ་མཛད་ཅེས་བྱ་བའི་དོན ་ཏོ།། རིན་ཆེན་སྐུར་ནི་ཞེས་བྱ་བ་ནི་རང་གི་ལུས་རིན་པོ་ཆེ་སྟེ། འདི་ནི་གཉིསུ་མེད་པའི་སྦྱོར་བ་གསུངས་པ་ཡི་ནོ།། གཉིསུ་སྦྱོར་བའི་མིང་ཡང་འདི་ཉིད་ལས་ཉེ་བར་མཚོན་པར་བྱའོ།། པདྨའི་ཞེས་བྱ་བ་ལ་སོགས་པ་ལ། པདྨའི་གཟུགས་ཀྱིས་ནི་ཇི་ལྟར ་བདྨ་རབ་དམར་ཡང་ཞེས་བྱ་བའི་དཔེས་བསྟན་པས་ན། འདོད་ཆགས་ལ་སོགས་པ་རྣམ་པོར་དག་པའི་རྣམ་པར་ཐར་པའི་སྒོའི་ངོ་བོ་ཉིད་ཀྱིས་སོ།། རྣམ་པར་རོལ་པ་ནི་སེམས་ཅན་གྱི་དོན་གྱི་ཕྱིར་རྣམ་པར་བརྩེ་བའོ།། དེས་སངས་རྒྱས་རྣམས་ཀྱིས་སམ ་སངས་རྒྱས་རྣམས་བཞིན་དུ་རྒྱལ་མཚན་ཉིད་ཅན་ཐོབ་ཅིང་བརྙེས་པ་སྟེ། ཡུམ་གོས་དཀར་མོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་མི་ཕྱེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་རྡོ་རྗེའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས ་པའི་དོན་ནི་བཤད་ཟིན་ཏོ།། སྒེག་པའི་ཆ་ལུགས་ལ་གནས་པ་ཞེས་བྱ་བ་ནི་ཅུང་ཟད་གཤེད་པའི་ཚུལ་ཅན་ནོ།། མར་ཀ་ཏ་འོད་དང་ལྡན་ཞེས་བྱ་བ་ནི་མར་ཀ་ཏ་ལྟ་བུའི་འོད་ཟེར་གྱི་མདྲངས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྐུ་མདོག་ལྗང་གུ ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་སྤྲོ་བ་ཀུན་ཏུ་འཁྲུག་ཅེས་བྱ་བ་ནི་སངས་རྒྱས་ཀྱང་ཡིན་ལ་སྤྲོ་བར་མཛད་པ་ཡིན་པས་ན་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་ཀྱི་སྐུ་ལ་ཁྱབ་པའོ།། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས ་ཅད་དབང་དུ་བྱས་པ་དེ་ལ་རག་ལས་པ་ཉིད་ཀྱིས། ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་བཞུད་ཅིང་འགྲོ་བས་ན་དེ་ལ་དེ་སྐད་ཅེས་བྱ་ལ། ངོ་བོ་ཉིད་དེ་ལ་མངོན་པར་དགའ་བའི་རྣལ་འབྱོར་པའི་སེམས་ཅན་རྣམས་སྨིན་ཅིང་དགའ་བར་བྱེད་པ་སྟེ་དེ་ཉིད ་ནི་ཡེ་ཤེས་ཀྱི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ།། སེམས་མ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སེམས་མ་དང་། རྡོ་རྗེ་རིན་ཆེན་མ་དང་རྡོ་རྗེ་ཆོས་མ་དང་། རྡོ་རྗེ་ལས་མའོ།། ཞེས་བྱ་བ་ནི་མཚན་དེ་སྐད་ཅེས་བྱའོ།། རོལ་པས་རྗེསུ ་མམཉཉེས་མཛད་མ་ཞེས་བྱ་བ་ནི་སྒེག་པ་དང་རྗེསུ་མཐུན་པས་རོལ་མཛད་པའོ།། ཇི་ལྟར་རིགས་པ་ཞེས་བྱ་བ་ནི་རང་གི་བདག་པོའི་ས་བོན་ལས་བསྒྲུབས་པ་སྟེ། ཁ་དོག་དང་གཟུགས་དང་ཕྱག་མཚན་ཡང་དེ་དང་འདྲ་བ་འཆང་བ་ལས་རྡོ་རྗེ་སེམས་མ་དང ་རྡོ་རྗེ་ཆོས་ལ་ནུ་མ་འཛིན་པ་མེད་པ་དེའི་ཕྱག་གཉིས་པ་སྡིགས་མཛུབ་དང་ཞགས་པ་འཛིན་པར་བྱའོ།། འཕགས་པའི་བདེན་པ་བཞི་ཞེས་བྱ་བ་ལ་སོགས་པ་ལ། འཕགས་པའི་བདེན་པ་བཞི་ནི་མི་བསྐྱོད་པ་ལ་སོགས་པའི་སྟེ། དེ་ཐབས་དང་ཤེས་རབ ་ཀྱི་བདེན་པས་དགའ་ཞིང་མཉེས་པར་བྱེད་པས་ན་དེ་སྐད་ཅེས་བྱའོ།། དེ་ལ་དམིགས་པ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྐུ་གསུམ་རྒྱལ་བ་བྱེ་བ་ཕྲག་བདུན་གྱིས་ཞེས་བྱ་བ་ནི་ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་བདག་ཉིད ་ཅན་གྱི་རྒྱལ་བ་བྱེ་བ་ཕྲག་བདུན་གྱིས་ཡང་དག་པར་སྟོན་པའོ།། གསང་སྔགས་གླུ་ཡིས་ཞེས་བྱ་བ་ནི་གསང་སྔགས་གསུངས་པས་སོ།། བསྟོད་ཅེས་བྱ་བ་ནི་རྣམ་པར་མཁྱེན་ཅིང་བསྔགས་པར་མཛད་པའོ།། ཡི་གེ་དགུ་པ་ཞེས་བྱ་བ་ནི། ཨོཾ་ཞེས་བྱ་བ་ལ ་སོགས་པའི་གསང་སྔགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། ཐབས་དགུ་ཅན་ཞེས་བྱ་བ་ནི་སྒེག་པ་དཔའ་བ་མི་སྡུག་པ།། རྒོད་དང་ཁྲོ་དང་འཇིགས་རུང་དང་།། སྙིང་རྗེ་རྡུམ་དང་ཞི་བ་ནི།། གར་ཐབས་དགུ་རུ་ཤེས་པར་བྱ་ཞེས་བྱ་བ་སྟེ། ་རྣམས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གདུལ་བྱ་རྣམས་ཀྱི་བསམ་པའི་བྱེ་བྲག་གིས་དེ་དག་དང་ལྡན་པས་དེ་སྐད་གསུངས་པ་ཡིནོ།། ལྷ་དགུ་ཡིས་ནི་གནསུ་མཛད་ཅེས་བྱ་བ་ནི་ལྷ་དགུས་གཞིར་མཛད་པའི་རྒྱལ་བའི་གནས་གང་ཡིན་པ་དེ་ལ ་དེ་སྐད་ཅེས་བྱའོ།། དོན་གྱིས་ནི་འདི་སྐད་སྟོན་པ་ཡིན་ཏོ། ཨོཾ་ལས་སྤྱི་བོར་རྣམ་པར་སྣང་མཛད་དེ་སེར་པོ་ཙཱ་ལས་མིག་ཏུ་འཁོར་ལོས་སྒྱུར་བ་སྤྱི་སེར་པོ།། ལཾ་ལས་མགྲིན་པར་མོ་གཡོ་བ་སྟེ་ནག་པོ།། ཙུ་ལས་སྙིང་གར་གཙུག་ན་ནོར་བུ་སྟེ་དམར་པོ།། ་ལེ་ལས་དཔུང་མགོད་དོན་ཡོད་པའི་ཞགས་པ་སྟེ་ནག་པོ།། ཙུ་ལས་ལྕི་བར་སྤྲུལ་བྱེད་མི་སྟེ་དཀར་པོ།། དེ་ལས་བརླ་གཉིསུ་རྡོ་རྗེ་འཚང་བ་སྟེ་ནག་པོ།། སྭཱ་ལས་བྱིན་པ་གཉི་སུ་རལ་པ་གཅིག་མ་སྟེ་ནག་པོ།། ཧ~ཾ་ལས་རྐང་པ་གཉིས་ཀྱི་སྟེང་དུ་རྡོ་རྗེ ་སེན་མོ་ཅན་དཀར་པོ་སྟེ་དེ་དག་བཞུགས་པའོ།། སྔོན་ཀའི་ལྡུམ་བུའི་མདོག་ཅེས་བྱ་བ་སྐུ་མདོག་སྟོན་ཀའི་ལྡུམ་བུའོ་ཞེས་བྱ་བའི་དོན་ཏོ།། ན་ཆུང་སྐལ་ལྡན་དད་ལ་བབ་ཅེས་བྱ་བ་ན་ཆོད་གཞོན་ཅིང་དར་ལ་བབ་པ་དང་ལྡན་པའོ།། རིག་སྔགས་ཐམས ་ཅད་སྒྲོལ་མཛད་མ་ཞེས་བྱ་བ་ནི་ལྷ་མོ་ཐམས་ཅད་ཀྱི་ནང་ན་ཡུམ་འདི་ནི་ཤིན་ཏུ་ཡོང་སེམས་ཅན་རྣམས་སྒྲོལ་བར་མཛོད་དོ་ཞེས་བྱ་བའི་དོན་ཏོ།། ཞལ་དང་པོ་སྐུ་མདོག་དང་མཐུན་ལ་གཡས་གཡོན་ན་གནས་པའི་ན་ལེ་གཉིས་ཀྱི་སྐུ་མདོག་བསྟན་པ་ནི། ་ཞལ་དབུས་མ་དང་སྐུའི་མདོག་ཅན་ཉིད་ཡིན་ཏེ། ཐམས་ཅད་དུ་ཡང་དེ་བཞིནོ།། མཆེ་བ་ཟླ་བ་ཚེས་པ་འདྲ་ཞེས་བྱ་བ་ན་ཚེས་གཅིག་གི་ཟླ་བ་ལྟ་བུའོ།། ལྗགས་ནི་གློག་བཞིན་བསྐྱོད་པར་མཛད་ཅེས་བྱ་བ་ནི་ལྕེ་གློག་ལྟར་གཡོ་བའོ།། ཚེམས་ཀྱི་སྒྲོས་གནོན ་རྣམ་པར་གདངས་ཞེས་བྱ་བ་ནི་མ་མཆུའི་སྒྲོས་ཚེམས་ཀྱིས་མནན་ནས། རྣམ་པར་གདངས་པ་ནི་ཅུང་ཟད་གདོངས་པའོ།། རྩ་བའི་ཕྱག་རྒྱ་ཞེས་བྱ་བ་ནི་འོག་ནས་བཤད་པས་སོ།། སེ་གོལ་གཏོགས་ཞེས་བྱ་བ་ནི་བ་དན་གསུམ་པའི་ཕྱག་གིས་སོ་གོལ ་གཏོགས་པའི་ཚུལ་ལོ།། སྟོང་གཡོགས་པང་པར་རྣམ་པར་བཅིངས་ཞེས་བྱ་བ་ནི་སྟེང་ནས་བླ་གོས་གྱོན་པ་པང་པར་བཅིངས་ཞེས་བྱ་བའི་དོན་ཏོ།། ཆོ་འཕྲུལ་རྣམ་པ་སྣ་ཚོགས་དང་ཞེས་བྱ་བ་ནི་ཀུན་བརྗོད་པ་ལ་སོགས་པའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས ་པ་གང་ཡིན་པ་དེ་དང་ངོ་།། ཐལ་མོ་སྦྱོར་བར་བྱེད་ལ་བརྩོན་ཞེས་བྱ་བ་ནི་ཐལ་མོ་སྦྱོར་བའོ།། ལ་ལ་ན་རེ་ལག་པ་སྦྱར་བར་བྱས་པའོ།། ཞེས་ཟེར་རོ།། རྒྱལ་བ་མཐའ་ཡས་པ་ཞེས་པ་ལ་སོགས་པ་ལ། རྒྱལ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། ་མཐའ་ཡས་པ་ནི་ཚད་མེད་པའོ།། དེ་རྣམས་ཀྱི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ལ་སོགས་པའི་ཡེ་ཤེས་ལྔ་སྟེ། དེ་ལས་བྱུང་བའི་བཅོམ་ལྡན་འདས་ཡུམ་སྤྲུལ་བྱེད་མ་ལ་ཡང་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་སྟོབས་ཏེ་དེས་ལྕི་དགུའི་ཚོགས་ཀྱི་རྡོ་རྗེ་གདུག ་བ་རྣམས་ལས་རྣམ་པར་རྒྱལ་བས་ན་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། གསེར་གྱི་མདོག་དང་ལྡན་ཞེས་བྱ་བ་ནི་སེར་པོའོ།། རིལ་སྟངས་སྟབས་ཀྱིས་གནས་པས་གནོན་ཞེས་བྱ་བ་ནི་རོལ་པའི་སྟངས ་སྟབས་ཀྱི་མཚན་ཉིད་ནི་སྔར་བཤད་པ་སྟེ། དེ་ཉིད་ནི་གཞིར་གྱུར་པས་གནས་པས་ཏེ། དེས་གནོན་ཅིང་བདག་གིར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རོལ་པའི་སྣང་སྟབས་ཀྱིས་བཞུགས་ཞེས་བྱ་བའི ་དོན་ཏོ།། སངས་རྒྱས་སྤྲིན་འཕྲོས་ཐོབ་པར་མཛད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲིན་སྤྲོས་པས་ཐོབ་པར་མཛད་ཅེས་པ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་ཡེ་ཤེས་བསྐྱེད་པར་མཛད་པསོ་དེ་སྐད་ཅེས་བྱའོ།། ཆོས་མཛོད་ཅེས་བྱ་བ་ནི་ཡེ་ཤེས་རིན ་པོ་ཆེའི་འབྱུང་གནསུ་གྱུར་ཅེས་བྱ་བའི་དོན་ཏོ།། སངས་རྒྱས་རིན་ཆེན་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་རྣམས་ཀྱི་སྤྲིན་ནི་ཚེ་གོསོ། སངས་རྒྱས་ཀྱི་སྤྲིན་དེའི་ཡེ་ཤེས་ནི་ཇི་སྐད་དུ་བཤད་པ་ནི་རྙེད་པར་དཀའ་བས་ན་རིན་པོ་ཆེ་སྟེ། སངས་རྒྱས ་ཀྱི་སྤྲིན་ཡེ་ཤེས་དེ་ཉིད་ལ་དེ་སྐད་ཅེས་བྱའོ།། དེས་སྔོན་གྱི་སྨོན་ལམ་ཉེ་བར་བསགས་པས་སྣང་བར་གྱུར་ཅིང་འགྲོ་བ་མ་ལུས་པའི་ཡིད་ལ་འདོད་པའི་དོན་རྫོགས་པར་མཛད་པ་ཉི་དུ་སོ་སོར་སྣང་བར་བྱེད་པ་སྟེ་རིན་ཆེན་སྒྲོལ་མ་ལ་དེ་སྐད་ཅེས་བྱའོ།། ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྟོན་ཀའི་ཟླ་བའི་འོད་དང་མཚུངས་ཞེས་བྱ་བ་ནི་དཀར་བའོ།། པདྨ་ལ་བཞུགས་པ་ཞེས་བྱ་བ་ནི་པདྨ་དེ་ལ་བཞུགས་པའོ།། གལ་ཏེ་ངོ་སྐད་བཤད་མོད་ཀྱི་འོན་ཀྱང་པདྨའི་སྟེང་དུ་ཟླ་བའི ་དཀྱིལ་འཁོར་ཏེ་བསྐྱེད་པའི་རིམ་པ་ལས་བྱུང་བ་ཡིན་པའི་ཕྱིར།། རོལ་པའི་སྟང་སྟབས་བརྩོན་པ་སྟེ། ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་ཀྱིས་དེ་ལ་བཞུགས་གདུག་པ་རྣམས་བཟློག་པར་མཛད་པ་ལ་རབ་ཏུ་འབད་པས་བརྩོན་པར་མཛད་པའོ།། ་རྣམ་པར་བལྟ་བ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུ་གཟིགས་པའོ།། ཉལ་དང་ཞེས་བྱ་བ་ལ་འདིར་ནི་འཁོར་ལོའི་སྔགས་རྣམས་ཡིན་པར་ཤེས་པར་བྱ་སྟེ། འདིས་ནི་མཉམ་པར་མ་བཞག་པའི་རྣལ་འབྱོར་གསུངས་པ་ཡིནོ།། འཇིགས་པ་ཐམས ་ཅད་ཅེས་བྱ་བ་ལ་སོགས་པ་ལོ་སེར་སྣ་ཉེ་བར་བསགས་པས་རང་གི་སེམས་ཉིད་ཕྱི་དང་ནང་གི་བགེགས་རྣམས་སྣང་སྟེ་དེ་ལས་འཇིགས་པའོ།། དེ་འཇིག་པ་ནི་ཉེ་བར་ཞི་བ་སྟེ། དེ་འཇིག་པར་ནུས་པ་ནི་བདག་དང་བདག་གིར་གཉིསུ་རྟོགས ་པ་ལ་ཀུན་ཏུ་སྤྱོད་པ་ལ་འཇུག་པའི་སེར་སྣ་སྤོང་བར་ནུས་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ནི་རྡོ་རྗེ་སྟེ། དེའི་ངོ་བོ་ཉིད་དུ་གྱུར་པའི་དེ་ཉིད་དང་དེ་ཐོབ་པའི་ཐབས་ཀྱི་བདག་ཉིད་ཅན་དུ་གྱུར་པས་བཅོམ་ལྡན་འདས་ཡུམ་ཁྲོ་གཉེར་ཅན་ལ་ཡ ་དེ་སྐད་ཅེས་བྱའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ཐམས་ཅད་བཅིང་བ་བསྐྱེད་པས་ཏེ་ཞེས་བྱ་བ་ནི་གདུག་པ་ཐམས་ཅད་ཀྱི་བཅིང་བ་སྟེ། བགེགས་བྱེད་པའི་ནུས་མེད་པའོ་དེ་བསྐྱེད་པར་མཛད་པས ་ན་དེ་སྐད་ཅེསོ་བྱའོ།། དེ་ཉིད་ཀྱིས་ན་སེམས་ཅན་མ་རུངས་ངེས་འདུལ་བྱེད་ཅེས་བྱ་བ་གསུངས་ཏེ། འདི་ཡང་རོལ་པའི་སྟང་སྟབས་ཀྱིས་བཞུགས་པའོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་རྡོ་རྗེ་སྒྲོག་ནི་མི་བཤིགས་པའི་མཚན་ཉིད་ཅན་ནོ།། ་དེའི་འགྲོ་བ་ནི་ཇོ་ལྟར་བཅིངས་པ་འདི་རྣམ་པར་མི་བཤིགས་པར་འགྱུརརོ་ཞེས་རྟོག་པ་སྟེ། བཅོམ་ལྡན་འདས་ཡུམ་རྡོ་རྗེ་ལུ་གུ་རྒྱུད་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ཡེ་ཤེས་རྡོ་རྗེའོ། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤང་ཟིན་ཏོ།། ཐུབ ་པ་སྐྱེས་མཆོག་ཅེས་བྱ་བ་ནི་བར་ཆད་མེད་པར་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་སྟེ། དེས་ན་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག་ཏུ་གྱུར་པའོ།། སེམས་དཔའི་སྐྱིལ་མོ་ཀྲུང་དུ་བཞུགས ་པ་ཞེས་བྱ་བ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡི།། སྤྲིན་རྣམས་དེ་བཞིན་འཕྲོ་བར་མཛད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་རྣམ་པའི་སྤྲིན་རྣམས་ཀྱིས་ཁོམས་གསུམ་ཁྱབ་པར ་མཛད་པ་དང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྤྲིན་རྣམས་ཀྱང་འཕྲོ་བར་མཛད་དོ།། ཞེས་བྱ་བར་སྦྱར་ཏེ། བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྐོག་མའོ།། བྱམས་པའི་ཞེས་བྱ་བ་ལ་སོགས་པ་ལ་བྱམས་པའི་སྟོབས་མངའ་བས ་ན་བྱམས་པའི་སྟོབས་ཏེ་འཕགས་པ་བྱམས་པའོ།། ཡེ་ཤེས་ཉིད་ཀྱིས་བདུད་བཞི་ལས་རྒྱལ་བའི་མཚན་ཉིད་ཅན་ཡིན་པས་ན་རྣམ་པར་རྒྱལ་བ་སྟེ་དེ་ཉིད་ནི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ་ཤོས་རབ་ཡེ་ཤེས་མཆོག་ཐོབ་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་མཆོག་ནི་ཆོས་བདག་མེད་པའི་མཚན་ཉིད་ཅན་ནོ།། ཟབ་མོའི་ཚུལ་ནི་སྟོན་པ་པོ་ཞེས་བྱ་བ་ནི་དངོས་པོ་རྣམས་གཉི་སུ་མེད་པར་སྟོན་པའོ།། ཟུར་ཕུད་གསུམ་ཞེས་བྱ་བ་ནི ་ཟུར་ཕུང་གསུམ་དང་ལྡན་པས་ན་དེ་སྐད་ཅེས་གསུངས།། འཇོ་སྒེག་ཐབས་ཀྱིས་རོལ་པ་སྟེ་ཞེས་བྱ་བ་ནི་ཤས་ཆེར་སྒེག་པའི་སྟང་སྟབས་དང་ལྡན་པའོ།། ཤེས་རབ་འཆང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་པཾ་བསྣམས ་པབའོ།། ཤེས་རབ་ཡོན་ཏན་མཆོག་གིས་ཀླུབས་ཞེས་བྱ་བ་ནི་སྒྲུབ་པ་པོ། འཕགས་པ་འཇམ་དཔལ་གྱིས་ལྷའི་ང་རྒྱལ་གྱིས་བརྒྱན་པར་བྱས་པའོ།། སངས་རྒྱས་འདོད་པས་ཞེས་བྱ་བ་འཚང་རྒྱ་བར་ཡིད་ལ་འདོད་པས་སོ།། འཇམ་པའི་རབ་མཆོག ་གི་ཞེས་བྱ་བ་ལ་སོགས་པ་ལ་འཇམ་པ་ནི་བྱིས་པའི་ཆ་ལུགས་འཆང་བའོ།། དེ་ཉིད་ཕུལ་དུ་བྱུང་བས་ན་རབ་བོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངེས་པར་འབྱེད་པའི་ཤེས་རབ་དང་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་མཆོག་གོ།། ཤེས་རབ ་དང་ཡེ་ཤེས་ནི་གཉིས་ཀྱིས་རྣམ་པར་དབེན་པའི་ཤེས་རབ་དང་ཡེ་ཤེས་སོ།། རྣམ་པར་རྟོག་པ་ཐམས་ཅད་འཇིག་པས་ན་རྡོ་རྗེ་སྟེ། རྟོགས་པའི་ཚུལ་གྱིས་སྣང་ཞིང་རབ་ཏུ་གསལ་བས་ན་བྱང་ཆུབ་སེམས་དཔའ་འཇམ་དཔལ་དེ་ལ་དེ་སྐད ་ཅེས་བྱའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། དེ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་འདིས་ནི་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་བསྟན་པ་ཡིན་ནོ།། གྲངས་མེད་པ་ཞེས་བྱ་བ་ནི་ཚིག་འདི་གྲངས་མེད་པ་ཉིད་རྟེན་པ་ནི་མ་གྱིས ་ཨ་ལྟོས་སྟེ་དེ་ནས་ནི་བཞིས་མ་ཆོང་པའི་བྱང་ཆུབ་སེམས་དཔའ་སྟོང་ཡོད་པར་ཤེས་པར་བྱའོ།། ས་བོན་ཡིག་འབྲུ་རྣམས་ལས་འཁྲུངས་ཞེས་བྱ་བ་ནི་མིང་གི་ཡི་གེའི་དང་པོ་ལས་བྱུང་བའོ།། ཡེ་ཤེས་ཕྱག་རྒྱའི་སྦྱོར་བ་ཅན་ཞེས་བྱ་བ་ནི་ཟླ་བ་དང ་རྡོ་རྗེ་ལ་སོགས་པ་བསྒོམ་པའི་རིམ་པ་དང་ལྡན་པའོ།། སྣ་ཚོགས་ཉམས་ཀྱིས་དགའ་བོར་མཛད་ཅེས་བྱ་བ་ནི་སྒྲོགས་པ་ལ་སོགས་པའི་གར་གྱི་ཉམས་ཀྱིས་དེ་ལ་མངོན་པར་ཞེན་པ་རྣམས་གར་སྟབས་ཀྱིས་ཉམས་དེ་དང་དེས་དགའ་བ་བསྐྱེད་པར ་མཛད་ཅེས་བྱ་བའི་དོན་ཏོ།། གསང་སྔགས་ཟློས་པས་བསྒོམ་པར་བྱ་ཞེས་བྱ་བ་ནི་འདིར་བྱེད་པའི་ཚིག་མེད་པར་བྱས་ནས་མཚམས་སྦྱར་ཏེ། ས་བོན་ཡིག་འབྲུ་རྣམས་ལས་འཁྲུངས་ཞེས་བྱ་བ་དང་སངས་རྒྱས་ལ་སོགས ་པ་སྤྲོས་ཏེ། སོ་སོའི་སྔགས་བརྗོད་པ་ནི་ཡི་གེ་དེ་ལས་སྤྲོ་བ་དང་བསྡུ་བ་དང་གནས་དོང་བརྟན་པར་གྱུར་པས་རྣལ་འབྱོར་པ་རྣམས་ཀྱིས་རྟག་ཏུ་དྲན་ཞིང་བསྒོམ་པར་བྱའོ།། འདིར་བསྒྲེང་སྟེ་བསྟན་པའི་བྱང་ཆུབ་སེམས་དཔའ་དེ་དག་ཐམས ་ཅད་ཀྱང་ཕྱག་དང་པོ་གཉིས་ནི་བསམ་གཏན་གྱི་ཕྱག་རྒྱར་བྱའོ།། གཡས་ཀྱི་གཉིས་པས་ནི་མཆོག་སྦྱིན་པའོ།། གཡོན་གྱི་གཉིས་པས་ནི་རང་གི་ཕྱག་རྒྱ་རྒྱལ་མཚན་འཛིམ་པར་བྱའོ།། ཞེས་བྱ་བ་ནི་མན་ངག་གོ། འཇམ་པའི་དབྱངས ་ཀྱི་ཞེས་བྱ་བ་ནི་དེ་དང་འབྲེལ་པའོ།། གཟི་བརྗིད་དང་ལྡན་ཞེས་བྱ་བ་ནི་འབར་མ་སྟེ་ཞེས་བྱ་བ་དང་སྦྱར་ཏེ། ཉི་མའི་དཀྱིལ་འཁོར་གྱི་འོད་དང་གདན་དུ་ལྡན་པས་ན་དེ་སྐད་ཅེས་གསུངསོ།། མདོག་ནི་དབྱར་གྱི་ཆར་སྤྲིན་འདྲ་ཞེས་བྱ་བ་ནི་སྐུ་མདོག ་སྔོནག་གོ། སྦྲུལ་གྱི་རྒྱུན་གྱིས་བརྒྱན་པ་སྟེ་ཞེས་བྱ་བ་ནི་མཐའ་ཡས་དང་རིགས་ལྡན་ནག་པོས་དབུ་སྐྲ་བཅིངས་པར་འཇོག་པོ་གསེར་མདོག་དང་ལྡན་པས་ནི་རྣ་རྒྱན་བྱས་པ། པདྨ་ཆེན་པོ་གསེར་བཙོ་མའི་མདོག་དང་ལྡན་པས་ནི་ལག་གདུང ་བྱིས་པ། ཀར་ཀཽ་ཊ་མདོག་དཀར་བས་ནི་སེ་རལ་ཁོར་བྱས་པ། ནོར་ཅན་མདོག་པདྨ་དམར་པོ་ལྟ་བུས་ནི་སྐ་རགས་བྱས་ལ། དུང་སྐྱོང་དང་པདྨ་མདོག་དཀར་བ་དང་དམར་བས་ནི་རྐང་གདུབ་བྱས་པ་སྟེ་དེ་དག་ཐམས་ཅད་ཀྱང་གདེངས་ཀ་དཀྱིལ ་བ་དང་ནོར་བུ་ལྡན་པའོ།། རོལ་པའི་སྟང་སྟབས་ཅན་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་དང་ལྡན་པས་ན་དེ་སྐད་ཅེས་བྱའོ།། མ་ཧེ་ཆིབས་ཞེས་བྱ་བ་ནི་འདི་སྐད་གསུངསུ་ཟིན་ཀྱང་རྒྱུད་ཆེན་པོའི་རྗེ་སུ་འབྲངས་ནས་མ་ཧེ་ས་ཉེ་བར་མཚོན་པ་གཤིན་རྗེ་ཆུང ་མ་དང་བཅས་པ་ཡིན་པར་ཤེས་པར་བྱའོ།། དེའི་ཞེས་བྱ་བ་ནི་མ་དེས་ཉེ་བར་མཚོན་པ་གཤིན་རྗེའིའོ།། དབུའི་སྟེང་ན་མི་འཁྲུགས་བཞུགས་ཞེས་བྱ་བ་ནི་མི་བསྐྱོད་པའི་དབུའི་སྟེང་ན་བཞུགས་པ་གང་ཡིན་པ་དེ་ལ་སྐད་ཅེས་བྱའོ།། ་སྟེང་ན་སྐུ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྟེང་གི་ཆ་རོ་སྐུ་གསུམ་གྱི་བདག་ཉིད་དུ་གནས་པ་འཇམ་དཔལ་གྱིས་ལེགས་པར་བརྒྱན་པར་བྱས་པ་ལ་དེའི་འོག་ཏུ་མི་བསྐྱོད་པའོ།། མངའ་ཡང་གསོར་ཞེས་བྱ་བ་ནི་མངའ་གསོར་བར་མཛད ་པའོ།། གཡོན་པ་སྡིགས་མཛུབ་ཞགས་པ་ཅན་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་ལ་མཛུབ་མོ་བསྒྲེང་བས་ཞགས་པ་འཛིན་པའོ།། ལྷ་མཽ་ཡི་ནི་གཡས་ནས་འཁྱུད་ཅེས་བྱ་བ་ལ་སོགས་པ་ལ་གཡས་ལོགས་ན་གནས་པའི་ལྷ་མོ་མདོག ་དེ་ཉིད་དང་འདྲ་བསེ་ན་གཡོན་གྱིས་འཁྱུད་པའོ།། ལྷོ་མེ་དེའི་གཡས་ན་ཨུཏྤལ་སྔོན་པོ་འཛིན་པའོ།། གཡོན་པ་ཞེས་བྱ་བ་ལ་སོགས་པ་གཡོན་ལེགས་ན་གནས་པའི་ལྷ་མོས་གཡས་ཀྱིས་ནི་འཁྱུད་ལ་དེའི་གཡོན་ན་ནི་པདྨ་དཀར་པོ ་ཐོགས་པའོ།། སྔར་མ་བྲེང་ནས་ཕྱག་ཀྱང་འཚལ་ཞིང་མགོ་བཏུད་པ་སྟེ། དེ་ཉིད་ཀྱིས་ནི་སྔར་མ་སྟེ་མྱོས་པར་གྱུར་པའོ།། འོད་ཟེར་དམར་པོ་འབར་དང་བཅས་ཞེས་བྱ་བ་ནི་འོད་ཟེར་དམར་བ་སྟེ། དེ་ཉིད་ཀྱིས་ན་འབར་བ་དང་བཅས་པའི ་འོད་ཀྱི་དཀྱིལ་འཁོར་གྱིས་བསྐོར་བར།། སངས་རྒྱས་སྦྱིན་འཕྲོས་ཐོབ་པར་མཛད་ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲིན་རྣམས་འཕྲོ་བས་མངོན་པར་འདོད་པའི་དོན་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་ཀུན་ནས་ཐོབ་ཅིང་རྙེད་པར་མཛད ་པས་ན་སངས་རྒྱས་སྨོན་འཕྲོས་ཐོབ་པར་མཛད་དེ། སྤྲུལ་པའི་སྤྲིན་གྱིས་སེམས་ཅན་དོན་མཛད་ཅེས་བྱ་བའི་དོན་ཏོ།། བསྒོམས་ན་སུ་ཞེས་བྱ་བ་ནི་འདིར་ཇི་སྐད་གསུངས་པའི་མཚན་ཉིད་དང་ལྡན་པར་བསྒོམས་པ་འདི་དག་པར་འགྱུར་རོ། ་ཞེས་བྱ་བར་སྦྱརརོ།། ཉལ་ལམ་ཞེས་བྱ་བ་ནི་ཡང་གི་སྒྲས་ནི་བསྡད་པ་འམ་སྡོད་པར་ཤེས་པར་བྱའོ།། ཀུན་ཟོས་ཤིང་ཞེས་བྱ་བ་འདིས་ནི་བཟའ་བར་བྱ་བའི་དམ་ཚིག་བསྟན་ཏོ།། །། ལེགས་པར་བསམས་ཏེ་ཞེས་བྱ་བ་ནི་གདུག་པ་རྣམས ་ཚར་གཅོད་ཅིང་འཇིག་པའོ།། འདོད་པ་ལྔའི་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ཁུར་ལྡ་ས་ངྒཱ་མ་ས་མ་པར་གྲུབ་པ་དང་། མི་བསྐྱོད་པའི་བདག་ཉིད་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱའི་མཚན་ཉིད ་ཅན་གྱི་འདོད་པའི་བདག་ཉིད་སྒྱུ་མའི་སྐྱེས་བུ་ལྟ་བུ་འམ་མ་སྐྱེས་པར་མོས་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་ལ་སོགས་པ་མཆོད་པའི་ཡིད་ལ་བྱེད་པས་ཉེ་བར་ལོངས་སྤྱོད་ན་གོས་པ་མེད་ཅིང་སྡིག་པའི་སྣོད་དུ་མི་འགྱུར།། ་དེ་བས་ན་ཆོས་ཐམས་ཅད་ལ་བརྟེན་པོ་མེད་པས་ན་ནམཁོའ་ལྟ་བུར་ཞེས་གསུངས་པ་ཡིན་ནོ།། དེ་སྐད་དུ་གཞན་དག་ལས་ཀྱང་། ཆགས་པ་ཡེ་ཤེས་འདོད་པ་ཡིས།། རྟག་ཏུ་འདོད་པའི་ཡོན་ཏན་བསྟེན།། བྱང་ཆུབ་སེམས་དཔའ ་མཉེས་པར་བྱ།། བྱང་ཆུབ་དཔའ་བོ་ཆགས་པས་བྱ།། གཟུགས་ལ་རྣམ་གསུམ་ཤེས་བྱས་ནས།། མཆོད་པ་བྱེད་པས་མཆོད་པར་བྱ།། བཅོམ་ལྡན་དེ་ཉིད་སྣ་ཚོགས་པ།། སངས་རྒྱས་རྣམ་པར་སྣང་མཛད་གཞི།། སྒྲ་ལ་རྣམ་གསུམ་ཤེས ་བྱས་ནས།། ལྷ་རྣམས་ལ་ནི་དབུལ་བར་བྱ།། དེ་ཉིད་བཅོམ་ལྡན་སྣ་ཚོགས་པ།། སངས་རྒྱས་རིན་ཆེན་འབྱུང་གནས་གཙོ།། དྲི་ལ་རྣམ་གསུམ་ཤེས་བྱས་ནས།། སངས་རྒྱས་ལ་སོགས་དབུལ་བར་བྱ།། ས་འདུ་མ[]་ནཱ་ས་ཀྱི་ཡུང་བདྷ ་ལ་རྣམ་གསུམ་ཤེས་བྱས་ནས།། ལྷ་རྣམས་ལ་ནི་དབུལ་བར་བྱ།། དེ་ཉིད་སངས་རྒྱས་སྣ་ཚོགས་པ།། སངས་རྒྱས་ཐོགས་མེད་རྡོ་རྗེ་འཛིན།། རེག་ལ་རྣམ་གསུམ་ཤེས་བྱས་ནས།། བདག་གི་རིགས་ལ་དབུལ་བར་བྱ།། དེ་ཉིད་བཅོམ་ལྡན་རྡོ ་རྗེ་ཅན།། མི་བསྐྱོད་ང་ཡི་ཚུལ་བརྙེད་པའོ།། གཟུགས་དང་སྒྲ་དང་རོ་ལ་སོགས།། རྟག་ཏུ་སེམས་ནི་སྦྱར་བར་བྱ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། གསང་བ་སྙིང་པོ་བསྡུས་པའོ།། ཞེས་བྱ་བ་གསུངས་པོ་ཡིན་ནོ།། གཤེད་བྱེད ་ཅེས་བྱ་བ་ལ་སོགས་པ་ལ་གཤེད་བྱེད་ནི་འཕྲོ་བའི་བདག་ཉིད་དོ།། དེ་ཉིད་རྣམ་པ་ཐམས་ཅད་ཀྱིས་ཐམས་ཅད་བྱེད་པའམ། གདུག་པ་རྣམས་འཇོམས་པའི་ཕྱིར་སློང་བར་བྱེད་པས་ན་གཤེད་བྱེད་ཐམས་ཅད་སློང་བར་བྱེད་པའོ།། དེ་ཉིད ་ནི་ཐོགས་པ་མེད་པའི་ཕྱིར་ཡེ་ཤེས་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་དེ་སྐད་ཅེས་བྱའོ།། ཡང་ན་གཤེད་བྱེད་ཐམས་ཅད་སློང་བར་བྱེད་ཅིང་སྐྱེད་པར་བྱེད་པའི་ཡེ་ཤེས་རྡོ་རྗེ་ཡིན་པས་དེ་སྐད་ཅེས་བྱའོ།། བཅོམ་ལྡན་འདས་དེ་ཉིད་ཀྱིས ་གཤིན་རྗེར་འཇིག་རྟེན་དུ་གྲགས་པ་གསོད་པ་ནི་བཟློག་པར་མཛད་པ་སྟེ། འདུལ་བའི་ཐབས་དང་བཅས་པས་ཉོན་མོངས་པའི་གནས་ལས་བཟློག་སྟེ། དེ་བཞིན་གཤེགས་པའི་ལམ་ལ་འཇུག་པར་མཛད ་པས་དེ་སྐད་ཅེས་བྱའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། མིའུ་ཐུང་ཞེས་བྱ་བ་ནི་མིའུ་ཐུང་གི་ཁྱད་པར་དང་ལྡན་པའོ།། འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན་ཞེས་བྱ་བ་ནི་འོད་ཟེར་དམར་པོའི ་དཀྱིལ་འཁོར་ཏེ་ཉི་མའི་དཀྱིལ་འཁོར་རོ།། དེའི་འོད་ཟེར་དེ་ལ་མངར་བས་ན་དེ་སྐད་ཅེས་བྱ་སྟེ། འོད་ཀྱི་དཀྱིལ་འཁོར་དམར་པོ་རབ་འཕྲོ་བ་ཞེས་བྱ་བའི་དོན་ཏོ།། རོལ་པའི་སྟབས་ཀྱིས་པདྨར་བཞུགས་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས ་པདྨའི་གདན་ལ་བཞུགས་པས་དེ་སྐད་ཅེས་བྱའོ།། ཤེས་རབ་མཐར་བྱེད་ཅེས་བྱ་བའི་དོན་གྱིས་ན་པདྨའི་སྟེང་ན་ཁྱབ་འཇུག་ཆུང་མ་དང་བཅས་པ་དེའི་སྟེང་ན་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་བཞུགས་པོའོ།། རྣམ་པར་འགྱུར ་ཞེས་བྱ་བ་ནི་ཞལ་གྱི་མཆེ་བ་གཙིགས་པའོ།། ཚེམས་ཀྱི་སྒྲོས་ཀྱང་མནོན་ཅེས་བྱ་བ་ནི་མཆེ་བས་མ་མཆུའི་སྒྲོས་མནོན་པར་མཛད་པ་སྟེ་ཞལ་གསུམ་ལས་གཡོན་གྱི་ཞལ་སྟེང་གི་ཚེམས་ཀྱི་སྒྲོས་གནོན་པའོ།། སྣ་ཚོགས་རྒྱན་གྱིས་འབར ་པ་སྟེ་ཞེས་བྱ་བ་ནི་ཚོགས་པ་ནི་སྒེག་པ་ལ་སོགས་པས་ཡན་ལག་འགྱུར་བ.རོ་བྱེད་པའི་གར་སྟབས་རྣམས་དང་ལྡན་པས་འབར་བའོ།། སྤྱི་བོའི་སྟེང་ནི་སྤྱི་གཙུག་གོ།། དངོས་པོ་བསྒོམ་བྱས་ན་ཞེས་བྱ་བ་ནི་རབ་ཏུ་དང་ཞིང་མོས།། ་པའི་རྗེསུ་འགྲོ་བའི་བསམ་པས་བསྒོམ་པའོ།། གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ལ་སོགས་པ་ལ་གདུག་པ་ཐམས་ཅད་ཟིལ་གྱིས་མནན་པ་གང་གིས་ཀྱང་མི་ཐུབ་པས་གཞན་གྱིས་མི་ཐུབ་པ་སྟེ། དེ་ཉིད་ཡེ་ཤེས་རྡོ་རྗེའོ།། དམིགས ་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྤྱན་གསུམ་པ་ཞེས་བྱ་བ་འདིར་ལྡན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། རོལ་པའི་སྟབས་ཀྱིས་པདྨར་བཞུགས་ཞེས་བྱ་བ་ནི་བཤད་ཟིན་ཏོ།། དེ་ལྟ་མོད་ཀྱི་པདྨ་མཐར་བྱེད་ཅེས་བྱ་བའི་དོན་གྱི་རྗེ་སུ ་འབྲངས་ན་པདྨའི་སྟེང་ན་ཚངས་པ་ཆུང་མ་དང་བཅས་པོ་དེའི་སྟེང་ན་བཅོམ་ལྡན་འདས་ཇི་ལྟ་པ་བཞིན་དུ་བཞུགས་པའོ།། ཁྲོ་བོའི་ལྟ་བས་རྟོགས་པར་མཛད་པ་ཞེས་བྱ་བ་ནི་ཁྲོ་གཉེར་བསྙེར་བ་རབ་ཏུ་འཇིགས།། ཁྲོ་བོའི་ལྟ་བས་རབ་ཏུ་འཛུམ།། ཁྲོ་བོའི་ལྷ ་བས་མཉམ་གཞག་ན།། ཁམས་གསུམ་དག་ཀྱང་འཇིགས་པར་བྱེད་ཅེས་བཤད་པ་ནི་ཁྲོ་བོའི་ལྟ་བའི་མཚན་ཉིད་དེ་གཟིགས་པར་མཛད་པས་ན། ཁྲོ་བོའི་ལྟོ་བས་རྟོག་པ་མཛད་པ་ཞེས་བྱའོ།། ལྗགས་ནི་བསྐྱོད་མཛད་ཞེས་བྱའོ།། ལྗགས་ནི་བསྐྱེད ་ཞེས་བྱ་བ་ནི་ལྕགས་བསྐྱོད་པར་མཛད་ཅིང་འཇིགས་པར་ན་ལྗགས་ནི་བསྐྱོད་མཛད་ལའོ།། སངས་རྒྱས་གཟུགས་ནི་མང་པོ་དག་ཅེས་བྱ་བ་ནི་སངས་རྒྱས་ཀྱི་སྐུ་དུ་མ་དག་འཕྲོ་བར་བྱེད་པ་ལ་སོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འཕྲོ ་ཞིང་འདུ་བར་ཞེས་བྱ་བའི་ཉེ་བར་མཚོན་པས་ན་འཕྲོ་བ་དང་བསྡུ་བ་དང་གནོས་པ་དང་བརྟན་པར་བྱའོ།། བསྒོམས་བྱས་ནས་ཞེས་བྱ་བ་ནི་འདིར་ཐུན་གསུམ་དུ་གོམས་པར་བྱའོ་ཞེས་སྦྱར་བར་བྱའོ།། རྟ་མཆོག་ཅེས་བྱ་བ་ལ་སོགས་པ་ལོ་རབ་མཆོག་ཏུ ་གྱུར་པའི་རྟ་མཆོག་ཐམས་ཅད་འཇོམས་པར་བྱེད་པའི་ངོ་བོ་ཉིད་དུ་དབུ་གསུམ་གྱི་སྟེང་དུ་འཇོག་པར་མཛད་པས་ན་རྟ་མཆོག་སྟེ། དེ་ཉིད་ནི་ཡེ་ཤེས་ཀྱི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད ་ཟིན་ཏོ།། བགེགས་ཀྱི་གཤེད་ཅེས་བྱ་བ་ནི་དངོས་གྲུབ་མ་ལུས་པོའི་བགེགསུ་གྱུར་པ་འཇོམས་པའོ།། མེའི་དཀྱིལ་འཁོར་བཞུགས་ཞེས་བྱ་བ་ནི་འབར་བའི་དཀྱིལ་འཁོར་གྱིས་བསྐོར་བའོ།། ཨུཏྤ་ལོ་སྔོན་པོའི་འདབ་མའི་མདོག་ཅེས ་བྱ་བ་ནི་ཨུཏྤལ་སྔོན་པོའི་འདབ་མ་ལྟ་བུའི་མདོག་དང་གཟི་མདངས་ཡོད་པས་ན་དེ་སྐད་ཅེས་བྱ་བ་སྟེ། སྐུ་མདོག་སྔོན་པོ་ཞེས་བྱ་བའི་དོན་ཏོ།། ཞབས་ཀྱིས་བགེགས་ནི་མནན་པ་སྟེ། ཞེས་བྱ་བ་ཞབས་གཡོན་པས་པདྨའི་སྟེང་ན་ཚོགས ་ཀྱི་བདག་པོ་གནས་པ་གནོན་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གཉིས་པོ་པདྨའི་སྟེང་ན་བཞུགས་ཞེས་བྱ་བ་ནི་བཅོམ་ལྡན་འདས་དེ་ཉིད་ཀྱི་གཉིས་པ་སྟེ་ཞབས་གཡས་པ་པདྨ་ལ་འཇོག་པར་མཛད་པས་ན་བཅོམ་ལྡན ་འདས་འདི་ཡང་རོལ་པའི་སྟབས་ཀྱིས་པདྨ་ལ་བཞུགས་པར་བསྒོམ་པར་བྱའོ་ཞེས་འདིར་ཡང་སྔ་མ་བཞིན་ནོ།། ཡེ་ཤེས་མཁོས་པས་ཞེས་བྱ་བ་ནི་བསྒོམ་པའི་ཡེ་ཤེས་ལ་མཁས་པའོ།། བགེགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་བགག ་ཐམས་ཅད་རྣམས་གཞོམ་པ་ནི་རྣམ་པར་འཇིག་པ་སྟེ། དེས་རྣམ་པར་རྒྱལ་བ་མངའ་བས་ན་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ནི་ཡེ་ཤེས་རྡོ་རྗེའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། མིག་གཡོན་ཞེས་བྱ་བ་ནི་མིག ་གཡོན་པ་ཡོ་བའོ།། ཧཱུཾ་གིས་སྙིང་གའི་ཕྱོགས་ཀྱང་བཀང་ཞེས་བྱ་བ་ནི་སྙིང་ཕྱོགས་ནས་གནས་པའི་ཡོཾ་གོ་ཧཱུ~ཾ་གི་སྒྲས་ལུས་ཁྱབ་པའོ།། མཐོང་ཤིང་གི་ནི་མདོག་ཅན་ཏོ་ཞེས་བྱ་བ་ནི་ཁ་དོག་གཞན་དང་ཤིན་ཏུ་མ་འདྲེས་པའི་མཐིང་གི་མདོག ་ཅན་ནོ།། ཐུབ་པ་ནི་མི་དག་པ་རྣམས་རྣམ་པ་ཐམས་ཅད་དུ་སྡོམ་པའི་བདག་ཉིད་དུ་གྱུར་པའི་ཕྱིར་རོ།། བགེགས་ཀྱི་ཆུ་མཛིངས་ཞེས་བྱ་བ་ལ་སོགས་པ་ལ་མ་རིག་པའི་མུན་པས་ཉེ་བར་བསགས་པའི་སེམས་ཀྱི་རྒྱུན་རྣམ་པར་སྦྱོང་བར་མཛད་པས ་བགེགས་ཆུ་བོའི་མཇིངས་འཇོམས་པའོ།། སྤྱན་གཡོ་བ་ནི་ཕྱོགས་ཐམས་ཅད་དུ་ལེགས་པར་གཟིགས་པ་ལ་བརྩོན་པའོ།། དེ་ཉིད་ཉི་མའི་དཀྱིལ་འཁོར་དང་ལྡན་པས་ན་འབར་བའོ།། ཆང་ལ་བཟུང་སྟེ་ལྟ་བ་དང་ཞེས་པ་ནི་ཁུ་ཚུར་དམ་དུ ་བཅངས་པས་ངམ་དུ་གཟུང་བའོ།། སྣ་ཚོགས་ཞེས་བྱ་བ་ལ་སོགས་པ་ལ་དུས་ཐམས་ཅད་པའི་མེ་ཏོག་སྣ་ཚོགས་པ་ཆུ་ལས་སྐྱེས་པ་དང་ཐང་ལས་སྐྱེས་པའི་མཆོག་རྣམས་ཁྱད་པར་དུ་སྤེལ་ཞིང་བཀོད་པས་བཅིངས་ཤིང་དཀྲིས་པ་སྟེ། དེས ་རྩ་བར་བཅིངས་པའི་ཅོད་པན་གྱི་དབུ་རྒྱན་རིན་པོ་ཆེ་ལས་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་བ་ལ། དེ་མངའ་བས་ནི་བཅོམ་ལྡན་འདས་མི་གཡོ་མགོན་ལ་ཡང་དེ་སྐད་ཅེས་བྱ་སྟེ། དབུའི་སྟེང་དུ་དུས་ཐམས་ཅད་པའི་མེ་ཏོག་གི་ཕྲེང ་བས་དབུ་རྒྱན་བྱས་པའོ།། ཆོ་འཕྲུལ་ཆེན་པོ་དུ་མ་འཕྲོ་ཞེས་བྱ་བ་ནི་གདུལ་བྱ་རྣམས་མེས་པོར་བྱེད་པའི་ཕྱིར་རྫུ་འཕྲུལ་ལ་སོགས་པ་དང་ལྡན་པའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། དེ་ལྟར་ཞེས་བྱ་བ་ནི་དེ་བཞིན་དུའོ།། རྟག་ཏུ་ཞེས་བྱ ་བ་ནི་རྣལ་འབྱོར་པ་གང་དུས་ཐམས་ཅད་དུ་སྤྱོད་ལམ་རྣམ་བཞིར་བསྒོམ་མོ་ཞེས་བྱ་བའི་བར་རོ།། སྒོམ་པར་བྱེད་ཅེས་བྱ་བ་ནི་འདིར་འདི་ལྟར་རོ།། བླ་ན་མེད་པའི་ཞེས་བྱ་བ་ལ་སོགས་པ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོགས ་པར་ཁོང་དུ་ཆུད་པ་ནི་བྱང་ཆུབ་པའོ།། དེ་ལས་ཁྱད་པར་དུ་གྱུར་པ་གཞན་མེད་པས་དེ་ཉིད་ནི་བླ་ན་མེད་པའོ།། ཐེམ་སྐས་ལ་ནི་འཛེག་པར་འགྱུར་ཞེས་བྱ་བ་ནི་སེམས་ཀྱི་རྒྱུན་འཕགས་པའི་ལམ་ལ་འཛེགས་པས་གནས་པ་སྟེ། འདི་དག ་ནི་བྱང་ཆུབ་རབ་ཏུ་འབད་པས་བསྒྲུབས་པར་བྱའོ་ཞེས་བསྟན་ཏོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་ནི་སྒྲུབ་པ་པོ་མ་ལུས་པའི་མངོན་པར་འདོད་པའི་དངོས་གྲུབ་སྩལ ་བའི་ཕྱིར་སང་བར་མཛད་པའོ།། དེ་ལ་མི་གཡོ་བ་ནི་མི་འགུལ་བའོ།། ཡེ་ཤེས་ནི་དེ་བཞིན་གཤེགས་པའི་གང་ཡིན་པ་དེ་ལ་དེས་རྣམ་པར་བསྒྱིངས་པ་ནི་སེམས་ཅན་མ་ལུས་པའི་དོན་རྫོགས་པར་མཛད་པའོ།། དེ་རྣམ་པར་རོལ་པ་མངས ་པས་ནི་བཅོམ་ལྡན་འདས་མི་གཡོ་བ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏྲི།། མིང་ནི་འདོད་པའི་དབང་ཕྱུག་ཞེས་བྱ་བ་ནི་ཊཀྐིའི་འདོད་པ་ཡིན་པར་གྲགས་ཞེས་གསུངས་པས་ན ་འདོད་པ་མ་ལུས་པའི་བདག་པོར་གྱུར་པ་ན་མཚན་དེ་ལྟོ་བསྒྲགས་ཞེས་ཚིག་འོག་མངང་སྦྱར།། དབུ་རྒྱན་སངས་རྒྱས་ཀྱིས་བརྒྱན་པའི་ཞེས་བྱ་བ་ནི་སངས་རྒྱས་མི་བསྐྱོད་པོའི་དབུ་རྒྱན་གྱི་ཅོད་པན་དང་ལྡན་པ་སྟེ་གཙོ་བོའི་རིན་པོ་ཆེའི་དབུ ་རྒྱན་གྱིས་བརྒྱན་པའོ།། དཔྲལ་བར་ཁྲོ་གཉེར་བསྡུས་མཛད་པ་ཞེས་བྱ་བ་ནི་དཔྲལ་བ་ལ་སྨོན་མའི་བར་དུ་ཁྲོ་གཉེར་བསྡུས་པར་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འབར་བ་སྟེ་ཞེས་བྱ་བ་ནི་དངོས་པོ་ཁྱད་པར་ཅན་དང་ལྡན ་པབས་དེ་སྐད་ཅེས་བྱའོ།། དཀྱིལ་འཁོར་དམར་པོ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་རོ།། འདོད་པའི་རྒྱལ་པོ་ཕྱག་རྒྱ་ནི་འོག་ནས་འཆད་དོ།། རོལ་པའི་སྟབས་ནི་རོལ་པའོ་སྟང་སྟབས་མཛད་པའོ།། འོག་གི་བགེགས་ལ་སྡང་བར་མཛད ་ཅེས་བྱ་བ་ནི་འོག་གི་བགེགས་རྣམས་སྐྲག་པར་མཛད་པའོ།། སངས་རྒྱས་སྤྲོས་པས་ཀུན་ཏུ་ཁྱབ་ཅེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་འཕྲོ་བ་ཀུན་ཏུ་འཁྲིགས་པས་ལུས་ལ་ཁྱབ་པའོ།། བླ་མེད་ཡེ་ཤེས་ཐོབ་བྱའི་ཕྱིར་ཞེས་བྱ་བ་ནི། ་ཐམས་ཅད་ལ་མཆོག་ཏུ་གྱུར་པའི་ཡེ་ཤྲཱིས་ཐོབ་པའི་དོན་དུའོ།། ཏིང་འཛིན་བཟང་པོ་ཞེས་བྱ་བ་ནི་སེམས་མཆོག་ཏུ་རྩེ་གཅིག་པ་ཐོབ་པས་སོ།། སྙིང་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས ་ཐམས་ཅད་ཀྱི་སྙིང་པོ་ནི་གཉིསུ་མེད་པའི་ཡེ་ཤེས།། དེ་ཐམས་ཅད་ནས་འགུགས་པ་ནི་འདྲོན་པའོ།། དེས་རྣམས་རྒྱལ་བ་སྟེ་གདུག་པ་རྣམས་ཟིལ་གྱིས་མནོན་པའི་མཚན་ཉིད་མངའ་བས་ན་དེ་སྐད་ཅེས་བྱའོ།། དེ་ཉིད་ཡེ་ཤེས་རྡོ་རྗེ་སྟེ། ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྒྲ་ནི་སྤྲིན་སྔོན་འདྲ་བ་སྟེ་ཞེས་བྱ་བ་ནི་སྒྲ་སྤྲིན་སྔོན་པོ་དང་འདྲ་བར་སྔོ་བ་མངའ་བས་ན་དེ་སྐད་ཅེས་བྱའོ།། དབུ་རྒྱན་ལ་ནི་སངས་རྒྱས་བཞུགས་ཞེས་བྱ་བ་ནི་ཅོད་པན་ལ ་ལ་མི་བསྐྱོད་པ་འཇོག་པའོ།། རོལ་སྟབས་མཛད་ཅེས་བྱ་བ་ནི་རོལ་པའི་སྟང་སྟབས་མཛད་པའོ།། དཀྱིལ་འཁོར་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་རོ།། སྦྱོར་བའི་ཡེ་ཤེས་ཀྱིས་བསྐུལ་བའི་ཞེས་བྱ་བ་ནི་དམ་ཚིག ་གི་ཕྱག་རྒྱ་དང་སྦྱོར་བ་ནི་སྦྱོར་བའོ།། དེའི་ཡེ་ཤེས་ནི་འཁྱུད་པ་ལ་སོགས་པོ་སྟེ་གནས་སྐབས་དེར་ཅི་རིགས་པར་རིགས་ལྔར་བཞུགས་པའི་ལྷ་ཐམས་ཅད་ཀྱི་རབ་ཏུ་དགའ་བོ་རྣམ་པར་དག་པ་ཉིད་དེ། དེས་བསྐུལ་བས་སོ་སོར ་རིག་པས་རབ་ཏུ་དགའ་བོའི་བདག་ཉིད་ཅན་བདག་གིར་མཛད་ཅེས་བྱ་བའི་བར་དུའོ།། གཞན་དག་ནི་ལྷ་དང་གཉིསུ་མེད་པའི་ང་རྒྱལ་གྱི་བདག་ཉིད་ཅན་གྱི་སྦྱོར་བསྒོམ་པ་ནི་ཡེ་ཤེས་ཀྱིས་བསྐུལ་བའོ་ཞེས་འདིད་དོ།། བསྒོམ་པར ་བྱའོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། དབང་བདག་བརྡེག་པའི་ཞེས་བྱ་བ་ལ་སོགས་པ་ལ་དབང་བདག་ནི་ལྷ་ཆེན་པོའོ།། དེ་ལ་བརྡེག་པ་སྟོན་པར་གྱུར་པོ་ལ་སོགས་པའི་མངོན་པའི་ང་རྒྱལ་གསལ་མཛད་པ་སྟེ་དེའི་ཡེ་ཤེས ་གང་ཡིན་པོ་དེས་རྣམ་པར་རྒྱལ་བ་འདི་ལ་མངའ་བས། དབྱུག་སྔོན་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པ་དོན་བཤད་ཟིན་ཏོ།། མིག་དམར་སྐྲ་འབར་གྱེན་དུ་བརྫེས་ཞེས་པ་ནི་མིག་དམར་པོ་མངའ ་བས་ན་མི་དམར་རོ།། ཡང་དེ་ཉིད་ནི་དབུ་སྐྲ་འབར་ཞིང་འོད་དང་ལྡན་པས་གྱེན་དུ་བརྫེས་པ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། པདྨ་ལ་བཞུགས་འགྱིང་བག་ཅན་ཞེས་བྱ་བ་ནི་པདྨའི་གདན་གྱི་སྟེང་ན་ཁྲོ་བོའི་ང་རྒྱལ་གྱི་སྟང་སྟབས ་དང་བཅས་པས་བཞུགས་པའོ།། དྲག་པོ་ནི་དྲག་པའི་ལས་མཛད་པའོ།། ཚམ་ངམ་བཅས་པས་གཏོར་ཞེས་བྱ་བ་ནི་ཚམ་ངམ་དང་བཅས་ཤིང་རོལ་པའི་སྟང་སྟབས་ཞེས་བྱ་བ་དང་ཁྲོ་བོའི་ང་རྒྱལ་གྱིས་བཞུགས་པས་ཚམ་པ་སཿ་ཞེས་བྱ་བ ་སྟེ་སྟང་སྟབས་དེས་བགེགས་རྣམས་འཐོར་ཞིང་སྐྲོད་པར་བྱེད་པ་བསྐྱེད་པས་དེ་སྐད་ཅེས་བྱའོ།། ཕྱོགས་བཅུའི་ཞེས་བྱ་བ་ནི་རང་རང་གི་ཕྱོགས་སུའོ།། འབར་བ་རྣམས་ཀྱིས་ཡོངསུ་བསྐོར་བ་ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་དང ་ལྡན་པས་དེ་སྐད་ཅེས་བྱའོ།། སྤྲིན་ཞེས་བྱ་བ་ནི་འདིར་ལྡན་པའི་ཚིག་ཏུ་ཤེས་པར་བྱའོ།། སྒོམ་པའི་མཆོག་གིས་ཞེས་བྱ་བ་སྒོམ་པའི་མཆོག་ཐོབ་པས་སོ།། བསྒོམ་པར་བྱ་ཞེས་བྱ་བ་ནི་འདིར་དེ་བཞིན་དུ་བསྒོམ་པའོ།། ཚོལ་བ་ཞེས་བྱ་བ་ལ་འཆོལ་པའི ་རྒྱུད་ལས་བཤད་པའི་ཀུན་ཏུ་སྤྱོད་པ་ལ་ནི་ཚོལ་པ་ཞེས་བྱ་བའི་སྒྲར་བརྗོད་དོ།། དེའི་ཡེ་ཤེས་ནི་རང་བཞིན་གྱི་འོད་གསལ་བར་རྟོགས་པའོ།། དེའི་སྟོབས་ནི་ཐོགས་པ་མེད་པའི་ནུས་པའོ།། དེས་རྣམ་པར་རྒྱལ་བ་ནི་དེ་དང་འདྲ་བས་རྗེསུ་འགྲོ་བའི་སེམས་ཅན་མེད་པས་ན་ཁྲོ་བོ་སྟོབས ་པོ་ཆེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྐུ་གསུམ་ལྡན་པ་ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་སྐུ་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དུ་གྱུར་པས་དེ་སྐད་ཅེས་ཏེ་ཐམས་ཅད་ལ་ཡང་དེ་བཞིན ་དུ་ཤེས་པར་བྱའོ།། འོད་བཟང་ཞེས་བྱ་བ་ནི་འོད་དམར་པོའོ།། འདོམ་གང་འོད་ཀྱིས་རྣམ་པར་བརྒྱན་ཅེས་བྱ་བ་ནི་ཀུན་ནས་འོད་ཟེར་མདོག་གང་གིས་སྐུ་རབ་ཏུ་མཛེས་པའོ།། ངོས་ན་ལྷ་མོ་རབ་བཞུགས་པ་ཞེས་བྱ་བ་ནི་ངོས་གཉིས་ན་གསང་བ་ཆེན་པོའི ་དེ་ཁོ་ན་ཉིད་ལྔའི་ཚུལ་གྱིས་གནས་པའོ།། རིགས་ཀྱི་ཡུམ་ནི་བཞི་པོ་རྣམས་ཞེས་བྱ་བ་ནི་ལ་ལ་ནི་རྡོ་རྗེ་སེམས་མ་ལ་སོགས་པ་ཡིན་པར་འདོད་ལ། གཞན་དག་ནི་སྤྱན་ལ་སོགས་པའི་ནི་ཞེས་ཟེར་མོད་ཀྱི་དེ་གཉིས་ལས་ཕྱོགས་སྔ་མ ་ནི་མི་རིགསོ།། དེ་དང་ལྡན་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། ཕྱག་རྒྱ་འདི་དག་ཀྱང་གང་གི་ཕྱིར་བཤད་མོད་ཀྱི་འོན་ཀྱང་བསྐྱེད་པའི་རིམ་པ་ལ་དགོངས་པ་ཉིད་ཀྱིས་ན་གཙོ་བོའི་ཉིད་དུ་བསྟན་པའི་ཕྱིར་ཡང་ཕྱག་རྒྱ་འདི་དག་ཉེ་བར་དགོད་པ་མཛད་པ་ཡིན།། ་རྗེས་ཆགས་ཞེས་བྱ་བ་ནི་རྗེ་སུ་དགྱེས་པའི་བདག་ཉིད་ཅན་ཡིན་པས་སོ།། སྤྲོས་བཅས་དགའ་སྟོན་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བའི་སྤྲོ་བ་དང་བཅས་པའི་དགའ་སྟེན་ཏེ། ཀུན་ཏུ་དགའ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འདིར་ལྷ་མོ་རྣམས་ནི ་ཕྱག་གཉིས་པའོ།། གཙུག་ཏོར་འོད་ཟེར་ལྟ་བ་ཅན་ཞེས་བྱ་བ་འདིར་དེ་ཉིད་ཡིན་པར་ཤེས་པར་བྱའོ།། ཀུན་ཏུ་འཁོར་ལོར་ཕྲེང་བར་ལྡན་ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་དུའོ།། འཁོར་ལོའི་བར་ན་རྡོ་རྗེ་གནས།། འོད་ཟེར་ཕྲེང་བས་རྣམ་པ ་བརྒྱན་ཅེས་བྱ་བ་ནི་རྡོ་རྗེ་ཕྲེང་བའི་ནང་དུ་འོད་ཀྱི་དཀྱིལ་འཁོར་བྱས་པས་རྗེསུ་འབྲེལ་པའི་རྡོ་རྗེ་ཕྲེང་བ་འོད་ཟེར་གྱི་རྣམ་པ་ཅན་པས་བརྒྱན་པ་སྟེ། ཉེ་བར་མཚོན་པ་འདིས་ན་དེའི་ནང་དུ་རིན་པོ་ཆེ་དང་པདྨ་དང་། ཨུཏྤཥའི་ཕྲེང་བས་ཀྱང་བརྒྱན་པར་ཤེས་པར ་བྱའོ།། བྱང་ཆུབ་སྙིང་པོ་དོན་གཉེར་བ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སྙིང་པོ་མངོན་པར་འདོད་པས་སོ།། འདོད་པ་ཐོབ་ཅེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་བྱེད་དོ།། བྱང་ཆུབ་སྙིང་པོ་ཞེས་བྱ་བ་ལ་སོགས་པ ་ལ་བྱང་ཆུབ་ཀྱི་སྙིང་པོ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས།། དེས་གདུལ་བྱའི་སྐྱེ་བོའི་བསམ་པ་རྣམ་པ་ཐམས་ཅད་རྫོགས་པར་བྱེད་ཅིང་བརྒྱན་པ་དང་སྤུད་པར་མཛད་པས་ན་བྱང་ཆུབ་ཀྱི་སྙིང་པོ་ཐམས་ཅད་ཀྱིས་བརྒྱན་པ་སྟེ་འཁོར་ལོས་སྒྱུར་བའོ།། དེ་ཉིད་ཀྱི་ཡེ ་ཤེས་ནི་འཁོར་ལོའི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེས་འཁོར་ལེའི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། གོང་དུ་དེ་དག་ལ་བརྟེན་ནས་ཏིང་འཛིན་གྱི་ཁྱད་པར་ལས་ངེས་པར་འབྱུང་བའི་གསང་སྔགས་བྱེ་བ་ཕྲག་དུ་མ་གསུང་སོ་ཞེས་བྱ ་བའི་དོན་ཉིད་རིམ་བཞིན་དུ་བསྟན་པ་ཡིན་ཏེ་གསང་སྔགས་དམ་པའི་ཚོགས་དང་ལྡན་རྣམས་ཐ་མི་དད་པར་བཞག་པ་ཡིན་པས་ཅི་རིགས་པས་བསྒྲུབ་པའི་ཕྱིར་འཁོར་ལོ་སྒྱུར་བ་དང་པོར་ཉེ་བར་བཀོད་པ་ཡིན་ནོ།། སྐུ་གསུམ་ཞེས་བྱ་བ་ནི་རང་དང་རྗེས་སུ ་མཐུན་པའི་སྐུ་གསུམ་དང་ལྡན་པས་ན་དེ་སྐད་ཅེས་གསུངསོ།། བཱི་ཛ་པཱུ་ར་ནེའུ་ལ་ཅན་ཞེས་བྱ་བ་ནི་ལག་པ་གཡས་པ་ན་བཱི་ཛ་པཱུ་རའོ།། གཡོན་པ་ན་ནེའུ་ལེའོ།། ངོས་ལ་རྒྱན་རྣམས་ཐམས་ཅད་ཀྱིས།། བརྒྱན་པའི་གནོད་སྦྱིན་མོ་བ་ནི་ངག་ཅེས་བྱ་བ ་ནི་སྔ་མ་བཞིན།། གཞན་དག་ནི་འདི་དག་ཕྱོགས་རྣམ་པ་བཞིན་གནས་ཞེས་ཟེརོ།། རྡོ་རྗེ་བདུད་རྩི་ལག་གནས་པས་ཞེས་བྱ་བ་ནི་ཨ་དང་ཧཱུཾ་ལ་ལ་བྱུང་བ་ཡི།། ཟླ་བ་རྡོ་རྗེ་ལག་པར་བསམ།། ཡི་གེ་ཨོཾ་ལས་གདུ་བུ་ནི།། སེར་པོ་མཁྲིག་མར་བསམ་པར ་བྱ།། བཾ་ནི་ཟླ་བའི་མདོག་འདྲ་བ།། དེ་ལས་བདུད་རྩི་ཆར་རབ་འབབ།། དྲི་མེད་སེར་མེར་མངོན་ཕྱོགས་པ།། མཁས་པས་བུམ་པ་བཞིན་དུ་བལྟ།། མཛུབ་མོ་ལ་ནི་ནོར་བུ་བཟང་།། རྫོགས་བཟང་ཞེས་བྱ་གུང་མོ་ལ།། སྲིན་ལག་ལ་ནི་ནོར་སྦྱིན་ཏེ།། ནོར ་སྦྱིན་ཆེན་པོ་མཐེའུ་ཆུང་ལ།། མཐེ་བོར་པི་ཙི་ཀུཎྜ་ལི།། ཀི་ལི་མ་ལི་མཁྲིག་མར་ཏེ།། སྒོ་དབང་སྤྱོད་པའི་དབང་པོ་དག། ལག་པའི་ངོས་ལ་རྣམ་པར་བསམ།། སྔགས་པས་སྣོད་གནས་ཆུ་དབང་ནི།། ལག་པའི་དབུསུ་རྣམ་པར ་བསམ།། དྲིས་བསྒོས་ལག་པའི་དབུས་ནི།། རང་རང་སྔགས་ཀྱིས་རིམ་བཞིན་བསམ།། དང་པོར་ཡི་གེ་ཨོཾ་དང་ནི།། རཏྣ་བཛྲ་རང་མིང་དང་།། བཞི་ཡི་མཐའ་དང་དེ་འོག་ཏུ།། སྭཱཧཱར་བཅས་པ་སྔགསུ་བསྒྲགས།། རྡོ་རྗེ་བདུད་རྩི་ལག་པར་བས། ་འདི་ལྟར་སྤྱི་བོར་གོ་ཆ་བཞིན།། མཁས་པས་ཆུ་ཡི་སྦྱིན་བླུགས་བརྒྱ།། ཉིན་རེ་ཞིང་ནི་ལེགས་པར་དབུལ།། རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་ཡིད་བཞིན་གྱི་ནོར་བུ་ལ་སོགས་པའོ།། སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལ་སྟོབས་པ ་སྟེ། དེ་ལྟ་བུའི་རིན་པོ་ཆེའི་ཆར་འབེབས་པས་ན་དེ་སྐད་ཅེས་བྱའོ།། དེ་ཉིད་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཀྱི་སྤྲིན་དང་ལྡན་པས་ན། སྣརོན་གནས་ལ་ཡེ་ཤེས་ཀྱི་སྤྲིན་ཞེས་བྱ་བ་སྟེ་དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། རྟ་བདུན་ལྡན་པའི་ཤོང་རྟར་ཞུགས་ཞེས་བྱ་བ་ནི་རྟ་བདུན་གཤིབས་པོའི་ཤིང་རྟ་ལ་གནས་པའོ།། འབར་བའི་དཀྱིལ་འཁོར་སྣང་མཛད་པ་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་ལས་བྱུང་བའི་འོད་ཟེར་འབར ་བའི་འོད་ཀྱི་དཀྱིལ་འཁོར་ཡོངསུ་རྒྱས་པའི་བདག་ཉིད་ཅན་ནོ།། ཕྱོགས་བདུ་བསྲུངས་པར་བརྩོན་པ་སྟེ་ཞེས་བྱ་བ་ནི་ཕྱོགས་བཅུ་ན་གནས་པའི་གདུག་པ་རྣམས་ལས་བསྲུངས་པའི་ཕྱིར་བརྩོན་ཞིང་རབ་ཏུ་འབད་པར་མཛད་པའོ།། མིག་དང་ཁ་ནི ་འབྲུ་བར་བྱེད་ཅེས་བྱ་བ་ནི་གདུག་པ་རྣམས་ཀྱི་མིག་དང་ཁ་འབྲུ་བར་མཛད་པར་བསྒོམ་པར་བྱ་བ་སྟེ། སྔ་མ་བཞིན་ནོ།། ཉེ་བར་སྤྱོད་པ་རྣམས་སྤངས་ཏེ་ཞེས་བྱ་བ་ནི་མི་བདེན་པའི་རྣམ་པར་རྟོག་པ་བསལ་ལ་རྣམ་པ་ཐམས་ཅད་དུ་ལྷ་མོ་བསྒོམས ་པས་གནས་པར་བྱའོ།། ཧཱུཾ་མཛད་ཅེས་བྱ་བ་ནི་ཡི་གེ་ཧཱུཾ་གི་སྒྲ་ལེགས་པར་སྒྲོགས་པ་ལ་བརྩོན་པའོ།། འདི་ནི་ཞེས་བྱ་བ་ནི་འོད་ཟེར་ཅན་གྱི་ཏིང་འཛིན་གྱིསོ།། དབང་དུ་ཞེས་བྱ་བ་ནི་རྣལ་འབྱོར་པ་དེ་ཉིད་ཀྱིས་སོ།། སྡང་བ་ཐམས་ཅད་ཅེས་བྱ་བ་ལ ་སོགས་པ་ལ་སྡང་བ་ཐམས་ཅད་ཀྱིས་མི་ཚུགས་པར་བྱེད་པ་ནི་གདུག་པ་ཐམས་ཅད་བཟློག་པ་སྟེ། ལྷ་མོ་འོད་ཟེར་ཙན་ནོ།། དེ་ཉིད་ཐོགས་པ་མེད་ཅིང་མཆོག་ཏུ་གྱུར་པའི་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་རབ་ཅེས་བྱའོ།། དམིགས་པ་ཞེས་བྱ་བ་ལ་སོགས ་བའི་དོན་ནི་བཤེད་ཟིན་ཏོ།། དེ་སྟེང་ཁ་དོག་ལྔ་པོ་དག། རབ་ཏུ་འདྲེས་པའི་སངས་རྒྱས་བཞུགས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། ཁ་དོག་སེར་པོ་ལ་སོགས་པའོ།། སླར་ཡང་དེ་ལ་ཁ་དོག་ལྔའི་སངས་རྒྱས་བདུད་རྩིའི་ཆར་འབེབས་མཛད་ཅེས་བྱ་བ ་ནི་ཁྲོ་བོའི་འོད་འབར་བས་གདོན་བསལ་བའི་སེམས་ཅན་ལ་རྡོ་རྗེ་བདུད་རྩིའི་བུམ་པ་ཕྱག་གཉིས་ཀྱིས་འཛིན་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་བསམ་མོ་ཞེས་སྦྱརརོ།། ནད་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ནངད་ཐམས ་ཅད་ནི་རིམས་ལ་སོགས་པའོ།། ཉེ་བར་ཞི་བ་ནི་བསལ་བ་སྟེ། དེ་དུས་པའི་ཡེ་ཤེས་ཐོགས་པ་མེད་པའི་གང་ཡིན་པ་སྟེ། དེའི་ངོ་བོ་ཉིད་དུ་གྱུར་པས་ན་རི་ཁྲོད་ཀྱི་ཤིང་ལོ་མ་ཅན་ལ་ཡང་དེ་སྐད་ཅེས་བྱའོ།། ནོར་བུ་འབར་བའི་གཟུགས་ཅན་ཏེ་མི ་བཟང་པའི་སྲུང་བའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྦྲུལ་མགོ་བདུན་གྱིས་གདེངས་ཀ་རྒྱས་ཞེས་བྱ་བ་ནི་སྦྲུལ་མགོ་བདུན་གྱིས་གདེངས་ཀ་ཅོད་པན་གྱི་སྟེང་དུ་འཇོག་པས་རྒྱས་ཤིང་ཁྱབ་པ ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་རྡོ་རྗེ་འབར་བས་བརྒྱན་པ་སྟེ། ཞེས་བྱ་བ་ནི་སྦྲུལ་མགོ་རྣམས་ཀྱི་སྟོང་ན་འོད་འབར་བ་དེའི་དབུས་ན་གནས་པའི་ནོར་བུ་ལས་བྱུང་བའི་འོད་ཟེར་མཛེས་པས་རང་འབར་བའི་ནོར་བུས་རྣམ་པར་བརྒྱན་པའོ།། འོད ་ནི་དམར་པོའི་དཀྱིལ་འཁོར་ཅན་ཞེས་བྱ་བ་ནི་འོད་ཀྱི་དཀྱིལ་འཁོར་དམར་པོའི་འབར་བའོ།། འཇའ་རྣམས་འཕྲོ་བས་བསྐོར་བ་སྟེ་ཞེས་བྱ་བ་ནི་རབ་ཏུ་འཕྲོ་བའི་འཇའ་དྲ་བའི་ཡེ་ཤེས་ཀྱི་ཕྲེང་བ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཀུན་ནས་འབར་བ ་རྣམས་ཀྱིས་ཁེབས་ཞེས་བྱ་བ་ནི་འབོར་བའི་ཚོགས་ཀྱིས་ཁེབས་པའོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་གྱུར་པའི་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་འཕྲོ་བ་ཕྱག་གི་པདྨ་གཉིས་ཀྱིས་ཡི་གེ་བཾ་ལས་བྱུང་བའི་བུཾ་པ་བདུད་རྩིའི་ཆུས ་ཡིངས་གང་བའི་ཟླ་བའི་མདོག་ལྟར་དཀར་བ་ཐོགས་པར་བསྒོམ་མོ་ཞེས་བྱ་བར་སྦྱརོ།། ཁ་ནི་ཛ་ཡིས་རྣམ་པར་བརྒྱན་པ་ཞེས་བྱ་བ་ནི་བུམ་པ་དེ་ཡི་གེ་ཛས་ཁ་ཉེ་བར་མཛེས་པར་བསྒོམ་མོ་ཞེས་སྦྱརོ།། ལ་ལ་ནི་དུག་གིས་བརྒྱན་བྱའོ་ཞེས་ཟིར་རོ ་དུག་གིས་ཕོག་པ་རྣམས་ལ་ལྡུགས་ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་འདོད་ཆགས་ལ་སོགས་པའི་དུག་གིས་བརྒྱལ་བའི་སེམས་ཅན་རྣམས་ལ་ལྡུགས་པར་མཛད་པར་བསྒོམ་པར་བྱའོ།། དུག་གིས་ཕོག་པ་རྣམས་ལ་ཞེས་བྱ་བ་ནི་དུག་མེད ་པར་བྱ་བའི་ཕྱིར།། དེ་ལྟར་བསྒོམ་པ་ཞེས་བྱ་བ་ནི་དུག་སེལ་བའི་ཏིང་འཛིན་ཏོ།། ཉོན་མོངས་པ་ཞེས་བྱ་བ་ལ་སོགས་པ་ལ་ཉོན་མོངས་པ་ཐམས་ཅད་ནི་འདོད་ཆགས་ལ་སོགས་པའོ།། དེ་དག་ཉིད་ཐབས་མེད་པར་བསྟན་ན། འབྲས་བུ་ཡིད་དུ་མི་འོང་བ་འབྱིན ་པས་ན་དུག་སྟེ། དེ་ཉེ་བར་འཇོམས་པར་མཛད་པས་ན་དུག་སེལ་མ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་གདེངས་ཀའི་དབང་པོ་སྟེ། ཀླུ་རྣམས་ཀྱི་བདག་པོར་གྱུར་པའོ།། དེ་དག་གཞིག་པར་མི་ནུས་པ་དང་མི་ལྡོག་པའི་ཕྱིར་རྡོ་རྗེ་ཡེ་ཤེསོ།། དམིགས་པ་ཞེས་བྱ ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ཐོར་ཚུགས་རྒྱལ་བའི་སྐུ་བཞུགས་ཞེས་བྱ་བ་ནི་འོད་དཔག་ཏུ་མེད་པའི་སྐུ་ནི་རྒྱལ་བའི་སྐུ་སྟེ། དེ་ཐུར་ཚུགས་ཀྱི་དབུས་ན་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། པདྨ་དཀར་པོ་ལྟ་བུར་སྣང་ཞེས་བྱ་བུ ་ནི་པདྨ་དག་པ་དང་འདྲ་བའོ།། 1མས་སེམས་སྟོབས་ལྡན་ཞེས་བྱ་བ་ནི་གར་སྟབས་ཀྱི་རོའི་ཉམས་དང་ཉེ་བའི་ལྡན་པའོ།། བགྲང་ནོར་ཕྲེང་བ་ཅན་ཞེས་བྱ་བ་ནི་བགྲང་ཕྲེང་དང་ལྡན་པའོ།། རོལ་པའི་སྟང་སྔབསོ་ཞེས་བྱ་བ་ནི་རོལ་པ་དང་བཅས་པས་སོ།། ་རིརིན་ཆེན་རི་ཕུག་ནང་བཞུགས་པ་ཞེས་བྱ་བ་ནི་རིན་པོ་ཆེའི་རི་ཕུག་གི་དབུས་ན་བཞུགས་པའོ།། རྣལ་འབྱོར་སེམས་པས་ཞེས་བྱ་བ་ནི་ཧ་ལ་ཧ་ལའི་ཐབས་དང་ཤེས་རབ་བསྒོམ་པར་བྱེད་པས་སོ།། རྣམ་པར་མི་རྟོག་ཙང་ཏིང་འཛིན་གྱིས་ཞེས་བྱ་བ་ནི་ཆོས་ཀྱི ་དབྱིངས་ཇི་ལྟ་བ་བཞིན་དུ་གནས་པ་ལ་ལྷག་པར་མོས་པས་ཡང་ངག་མ་ཡིན་པའི་ཀུན་ཏུ་རྟོག་པ་བསལ་བའི་ཏིང་ངེ་འཛིན་གྱིས་སོ།། ནང་གི་བཟླས་པ་ཞེས་བྱ་བ་ལ་སོགས་པ་བསམོ་གཏན་གྱི་བཟླས་པས་སྔགས་ཟློས་པ་སྟེ། གཅིག་དངོ་གཉིས་དང་གསུཾ ་ལ་སོགས་པའི་གཟུགས་འཕྲོ་བས་བསྒོམ་པ་ནི་མ་ཡིན།། འདོད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་འདོད་པ་ཐམས་ཅད་ནི་ཡོང་སུ་དག་པའི་གཟུགས་ལ་སོགས་པའོ།། དེ་རབ་ཏུ་བསྒྲུབ་པ་ནི་སྒྲུབ་པ་པོའི་རྒྱུད་ལ་རྫོགས ་པར་མཛད་པས་ན་འདོད་པ་ཐམས་ཅད་རབ་ཏུ་བསྒྲུབ་པའོ།། དེ་ཉིད་ནི་ཧ་ལ་ཧ་ལ་འདི་ཡིན་པས་ནི་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་གདུལ་བྱའི་སྐྱེ་བོ་མ་ལུས་པའི་འདོད་ཆགས་ལ་སོགས་པའི་དུག་འཇོམས་པ་ཉིད་ཀྱིས་ཐོགས་མེད་པའི་ཡེ་ཤེས་དང ་ལྡན་པས་ན་ཡོངསུ་མཉེས་པར་བྱེད་པ་ཡེ་ཤེས་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། སྲིན་མོ་ཞེས་བྱ་བ་ནི་དེ་ལྟ་བུའི་གཟུགས་འཛིན་པའི་ཕྱིརརོ།། ཐོར་ཚུགས་ཞེས་བྱ་བ་ལ་སོགས་པ་ལ་ཐོར་ཚུགས་དང་ཅོང་པན ་གྱིས་བརྒྱན་པའི་སྤྱི་བོ་དེ་ཉིད་ལ། མི་བསྐྱོད་པ་བཞུགས་པ་ཞེས་བྱ་བ་ནི་དེ་ཉིད་ཀྱི་མགོ་ལ་མི་བསྐྱོད་པ་བཞུགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ལག་ན་ཁྲག་གིས་བཀང་བའི་ཐོད་པ་ཐོགས་པ་ཞེས་བྱ་བ་ནི་མིའི་ཁྲག་གིས་ཡོངསུ ་བཀང་བའི་མིའི་ཐོད་པ་ལག་པ་གཡས་ཀྱི་དང་པོ་ལ་ཐོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གཡོན་པ་གཅིག་གིས་ནི་སྡིགས་མཛུབ་བྱེད་པར་ཤེས་པར་བྱའོ།། རོལ་པའི་སྟོབས་ཀྱིས་ཞེས་བྱ་བ་ནི་རོལ་པའི་སྟང་སྟབས་ཀྱིས་བཞུགས་པའོ།། ་འདི་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་བཟླས་པ་དང་། སྒོམ་པ་འདི་ལྟ་བུ་དོང་ལྡན་པས་སོ།། ཧཱུཾ་གིས་ཧཱུཾ་མཛད་པ་ཞེས་བྱ་བོ་ནི་ཁྲོ་བོ་ལས་ཞེན་པའི་ཧཱུཾ་སྒྲ་སྒྲོགས་པར་བརྩོན་པོའོ།། སེམས་ཅན་ཀུན་དོན་ཕུན་ཚོགས་པའི་ཞེས ་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་ཉེ་བར་བསགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པའི་རྒྱུ་དང་ཡང་དག་པར་ལྡན་པས་སོ།། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ ་སེམས་ཅན་ཐམས་ཅད་དེ། གདུག་པ་རྣམས་གསོད་པའི་མཆོག་ཡིན་ལ། དེ་ཉིད་ཀྱིས་ན་རབ་སྟེ་པདྨའིའོ།། དེ་ཉིད་ནི་བྱང་ཆུབ་ཀྱི་སྙིང་པོར་བདུད་བཞི་ལས་རྣམ་པར་རྒྱལ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་སྟོབས་བཅུའི་ངོ་བོ་ཉིད་དུ་གྱུར་པས་ན་བྱང་ཆུབ ་ཀྱི་སྙིང་པོ་རྣམ་པར་རྒྱལ་བའི་སྟོབས་ཞེས་བྱའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ཕྱེད་ཟུར་པ་ནི་རྣམ་པར་རོལ་ཅེས་བྱ་བ་ནི་གཡོན་ལོགས་དཔག་བསམ་གྱི་ཤིང་ལ་བརྟེན་པས་བརྟེན་པ་དང་བཅས་པའོ།། འཇམ་པའི ་ཁྲོ་བོ་རྡོ་རྗེ་ཡིས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱིསོ།། དེའི་མགོ་ནི་མནན་ནས་བཞུགས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་བདག་པོ་འཇམ་དཔལ་གྱི་སྦྱོར་བས་བཞུགས་པའོ།། གནོད་སྦྱིན་མོ་ཞེས་བྱ་བ་ལ་སོགས་པ་ལ་གནོད་སྦྱིན་མོ་ཐམས་ཅད ་ཀྱི་སྒྲུབ་པ་ནི་རང་དབང་དུ་བྱ་བ་ཉིད་རྫོགས་པར་བྱེད་པ་སྟེ། དེ་ལ་མཆོག་ཏུ་གྱུར་པ་ནི་འཇམ་དཔལ་རང་གི་ཁྲོ་བོ་དང་བཅས་པའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ཡི་གེ་གསུམ་པ་མིག་གསུམ་གཟུགས ་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཡི་གེ་གསུམ་གྱི་གཟུགས་ཅན་ནོ།། དེ་ཉིད་གསུམ་པ་ནི་ཁྱབ་འཇུག་ལྷ་ཆེན་མེས་པོ་ཆེ་ཞེས་བྱ་སྟེ། ཁྱབ་འཇུག་ནི་ནོར་ལྔའོ།། ལྷ་ཆེན་པོ་ནི་བདེ་བྱེད་དོ།། མེས་ཆེན་པོ་ནི་ཚངས་པའོ།། རང་གི་མཚོན་ཐོགས ་ལ་ཞེས་བྱ་བ་ནི་མཚོན་ཆ་ཐོགས་པ་ནི་ཉེ་བར་མཚོན་པ་ཙམ་སྟེ། དེ་ལ་ཁྱབ་འཇུག་ནི་མདོག་སྔོན་པོ་ལག་པ་བཞི་པ། གཡས་དང་གཡོན་དབྱུག་པ་དང་རྡོ་རྗེ་དང་། དུང་དང་འཁོར་ལོ་འཛིན་པ་ན་མཁའ་ལྡིང་ལ་ཞོན་པའོ།། ལྷ་ཆེན ་པོཔོ་ནི་ཤེལ་གྱི་མདོག་ཅན་མགྲིན་པ་སྔོ་བ། མིག་གསུམ་པ། སྟག་གི་པགས་པ་གྱོན་པ། མཚན་མ་བགྲེང་བ། ལག་པ་དྲུག་པ་གཡས་ན་མདུང་རྩེ་གསུམ་པ་དང་རྡོ་རྗེ་དང་། ཌ་མ་རུ་ཐོགས་པ། གཡོན་གཉིས་ན་ཁ་ཊྭཱཾ་གེ་དང་ཐོད་པ་ཁྲག་གིས ་བཀང་བ་ཐོགས་པ་གཅིག་གིས་ཨུ་མེ་ལ་འཁྱུད་པ་ཁྱུ་མཆོག་ཞོན་པའོ།། ཚངས་པ་ནི་མདོག་སེར་པོ་ལག་པ་གཡས་ན་རྡོ་རྗེ་དང་ཕྲེང་བ་དང་གཡོན་ན་དབྱུག་པ་དང་སྤྱི་བླུགས་འཛིན་པ་དང་ངང་པ་ལ་ཞེན་པ་སྟེ། དེ་དག་ཀྱང་རིན་པོ་ཆེའི་ཅོད་པན ་ཅན་ནོ།། རྡོ་རྗེའི་ཏིང་འཛིན་བསྒོམ་ནས་ནི་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་འཛིན་སྒོམ་པས་སོ།། རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྐུལ་ན་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་འདོད་པའི་རྒྱལ་པོས་ལྷ་ཆེན་པོ་ལ་སོགས་པ་གང་ཡང་རུང་བ་བཀུག ་ནས་ཁྲོ་བོ་ཏེ་རནྡ་རིའི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་འདི་ནི་ཆེ་ནས་བྱ་བ་ལ་སོགས་པའི་སྤྱིའི་ངེས་ཚིག་བསྒོམ་ལོང་ཁྱད་པར་གྱི་ངེམ་ཚིག་ཇི་ལྟ་བ་ཡང་བསྟན་ནས་མངོན་པར་འདོད་པའི་ལས་གྲུབ་པར་གྱིས་ཤིག་ཅེས་བསྒྲལ་བྱས་ལ། རྡོ་རྗེ་ཧཱུཾ་མཛོད ་ཀྱི་ཕྱག་རྒྱས་ཀྱང་སྔགས་མཛུབ་བྱས་ནས་བསྒྲུབས་ན་འཇིགས་པས་དངོས་གྲུབ་སྟོར་བར་འགྱུརརོ།། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་ཐམས་ཅད་ཀྱི་ལྷ་རྣམས་སྒྲུབ་པར་བྱེད་པས་སྤུན་གསུམ་ལ་འདི་སྐད་ཅེས་བྱའོ།། དེ་ཉིད་ཀྱི ་ན་དམིགས་གསུམ་པ་ཞེས་བྱ་བ་ལྷ་ཆེན་པོའི་བདག་ཉིད་ཀྱི་རྣམ་པར་རོལ་པ་ནི་རྣམ་པར་རྩེ་བའོ།། ཡེ་ཤེས་རྡོ་རྗེ་ཞེས་བྱ་བ་ནི་འཇིག་རྟེན་པའི་ཐོགས་པ་མེད་པའི་ཤེས་པའི་ཚུལོ།། དམིགས་པ་ཞེས་བྱ་བ་ལ། སོགས་པའི་དོན་ནི་བཤད་ཟིན ་ཏོ།། དཀྱིལ་འཁོར་ལ་མ་གཏོགས་པའི་ལྷ་ཅུང་ཟད་ཙམ་ཞིག་བསྟན་ནས། ད་ནི་འདིར་མ་གཏོགས་པ་གཞན་དག་ཀྱང་བསྟན་པའི་ཕྱིར་གཞན་ཡང་ཞེས་བྱ་བ་ལ་སོགསོ།། གསང་སྡུག་ཞེས་བྱ་བ་ནི་གསང་སྔགས་ཀྱི་སྐྱེས་བུ་སྟེ་འདི་ན་མངོན། ་བར་འདོད་པའི་སྔགས་ས་བོན་གང་ཡིན་སྦྱར་བྱས་ཏེ་ཞེས་བྱ་བ་གསུངསོ།། རྡོ་རྗེའི་ཡིག་འབྲུ་རྣམས་བསྒོམས་པས་ཞེས་བྱ་བ་ནི་རྒྱུད་ཀྱི་ནང་ནས་རབ་ཏུ་གྲགས་པར་རང་རང་གི་ས་བོན་གྱི་ཡི་གེ་འམ་མིང་གི་དང་པོའི་ཡི་གེ་དང་དེ་བཞིན་དུ་རྗེས ་སུ་སྦྱར་བའོ།། འཕྲོག་མ་ཞེས་བྱ་བ་ལ་སོགས་པ་ལ་འཕྲོག་མ་ནི་ཡི་གེ་ཧ་ལས་སྐྱེས་བུ་ལྔ་བརྒྱས་ཡོངསུ་བསྐོར་བ་རྣམ་པར་བསེམས་ན་འགྲུབ་པར་འགྱུར།། དཔའ་ཅན་ཡེང་ཞེས་བྱ་བ་ནི་དཔའ་ཅན་ལ་སོགས་པ་གནོད་སྦྱིན་མོ་ལྔ་བརྒྱས་ཡོངས ་བསྐོར་བའོ།། ཏིང་ངེ་འཛིན་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ཞེས་བྱ་བའི་སྒྲར་གསུང་སོ།། རྣམས་པའི་འགྲེལ་བའོ།། ། ཏིང་འཛིན་ཡོངསུ་ཤེས་པས་རང་གིས་བསྟོན་པ་ལ་ཞུགས་པའི་སེམས་ཅན་རྣམས་ལ་ཕན་པའི་གསུང ་སྔགས་ཀྱི་མཐུ་བསྟན་པར་བྱ་དགོས་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་སོ་ལེའུ་ལྔ་པོ་གསང་སྔགས་ཀྱི་ཡེ་ཤེས་རྣམ་པར་བསྒྱིངས་པའི་རིམ་པར་ཕྱེ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག ་མཛད་ནས་ཤེ་ན། ཞི་བ་ལ་རྡུལ་དང་བྲལ་བའི་མཆོག་ཅེས་བྱ་བ་གསུངས་ཏེ། འདོད་ཆགས་ལ་སོགས་པ་ཉེ་བར་ཞི་བས་ན་ཞི་བའོ།། དེས་རྡུལ་དང་བྲལ་བ་ནི་རྙོག་པ་དང་བྲལ་བ་སྟེ། བཅོམ་ལྡན་འདས་རྣམ་པར ་སྣང་མཛད་དོ།། དེའི་མཆོག་ནི་དམ་ཚིག་གི་ཕྱག་རྒྱར་གྱུར་པ་ཉིད་དེ་ཡུམ་སངས་རྒྱས་སྤྱན་ནོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པ་སྟེ་སྤྱན ་གྱི་གསང་སྔགས་སྟོན་པའི་རྣམ་པར་ཐུགས་རྩ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། གསང་སྔགས་སྟོན་པའི་ཏིང་ངེ་འཛིན་ཐམས་ཅད་ལ་ཡང་ལྷ་དེའི་གསང་སྔགས་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པར་ཤེས ་པར་བྱའོ།། ཏིང་ངེ་འཛིན་ལ་དམིགས་པར་མཛད་པས་ནི་འདི་སྐད་སྟོན་ཏོ།། མཚན་མ་ཐོབ་པ་ཉིད་ཀྱིས་ཞི་བ་ལ་སོགས་པའི་ལས་ལ་གསང་སྔགས་རབ་ཏུ་སྦྱར་བར་བྱའོ་ཞེས་སྟོན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཡུམ་ཞེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པའི་ཕྱིར།། ཡེ་ཤེས་བསྐྱེད་པར་མཛད་པས་སྣ་ཚོགས་པའི་ལས་ཀྱི་བྱ་བ་མཛད་པ་ཞེས་བྱ་བ་ནི་ཡེ་ཤེས་བསྐྱེད་པོར་མཛད་པས་སེམས་ཅན་གྱི་ཁམས་སྣ་ཚོགས་ཤིང་མ ་ལུས་པའི་ལས་མཛད་པ་ཉིད་ཀྱིས་ན་མངོན་པར་འདོང་པོའི་བྱ་བ་རྫོགས་པོར་མཛད་པའི་རྒྱུར་གྱུར་པའོ།། ལས་ཀུན་རབ་ཏུ་རྫོགས་པར་མཛོད་པས་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་བསྒྲུབ་པར་མཛད་པས་སོ།། ་དགྱེས་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་བདེ་བར་མ་བྱས་པར་གཟིགས་པས་དགྱེས་པའོ།། བདུད་ཀྱི་དཔུང་རྣམས་འངར་གྱུར་ཏེ། ཞེས་བྱ་བ་ནི་སེམས་ཅན་རྣམས་འཇོམས་པར་བྱེད་པའི་བདུད་ཀྱི་སྡེ་རྣམས་གཡོས་པའོ།། སངས་རྒྱས་རྡོ་རྗེ་རྗེས ་དྲན་བྱེད་ཅེས་བྱ་བ་ནི་རང་ཉིད་ལ་ཡོངསུ་སྐྱོབ་པའི་ཕྱིར་རྣམ་པར་སྣང་མཛད་རྗེསུ་དྲན་པར་གྱུར་པའོ།། འདིའི་འོག་མ་རྣམས་ལ་ཡང་སོ་སོར་སྔགས་བརྗོད་པ་རྣམ་པར་སྣང་མཛད་ལ་སོགས་པ་རྗེསུ་དྲན་པ་ཇི་ལྟ་བ་བཞིན་དུ་དེན་འདི་ཉིད་ཀྱིས་བསྒྲེ ་བར་བྱའོ།། འདི་ནི་འདི་སྐད་སྟོན་པ་ཡིན་ནོ།། རིགས་ཀྱི་བདག་པོས་བྱས་པའི་ཚེ་བ་ཉེ་བར་ཞི་བར་བྱ་བ་ལ་ནི་རིགས་ཀྱི་ཡུམ་གྱི་གསང་སྔགས་དྲན་པར་བྱ་ཞིང་བསྒོམ་མོ་ཞེས་ཤེས་པར་བྱའོ།། སངས་རྒྱས་རྣམས་ཀྱི་ཞི་བསྐྱེད་ཡུམ་ཞེས་བྱ་བ་ནི ་སངས་རྒྱས་རྣམས་དང་འབྲེལ་པའི་གདུལ་བྱ་རྣམས་ཀྱིས་ཞི་བ་བསྐྱེད་པ་འམ། ཡང་ན་གལ་ཏེ་བསྒྲུབ་པ་པོ་ཞི་བ་བྱེད་ཀྱང་སྔགས་གཞན་གྱིས་ཕུར་བུས་བཏབ་པས་སྒྲུབ་པ་པོ་ལ་བྱ་བའི་དངོས་གྲུབ་མི་སྩོལ་ན། དེའི་ཚེ་ཤེས་པར་བྱས་ན ་དེ་རྣམས་ཀྱི་གཟུགས་བརྙན་བྱས་ལ་ཕུར་བུས་བཏབ་སྟེ། སླར་ཕྱུང་ནས་ངྱས་སྨན་གྱི་གསང་སྔགས་བཟླས་པའི་འོ་མས་བཀྲུས་ནས་དེའི་ཚེ་དེ་རྣམས་ཞི་བར་འགྱུརརོ།། དེ་ནས་དེའོ་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བར་འགྱུར་བས་ནའང་ལ་ནི ་སངས་རྒྱས་རྣམས་ཀྱི་ཞིང་སྐྱེད་ཡུམ་ཞེས་བྱའོ།། འདི་དག་ཀྱང་ངེས་པར་བྱ་བའི་གཞན་གྱིས་བཀྲིར་མི་རུང་བ་ལ་སོགས་པའི་སྒྲུབ་པ་པོའི་དབང་དུ་བྱས་པ་ཡིན་ཏེ་ཏིང་འཛིན་ཐོབ་པས་དགུག་པ་ལ་སོགས་པ་ལ་འཇོག་པའི་ཚུལ་དང ་འདྲ་བར་ཤེས་པར་བྱའོ།། རྡོ་རྗེ་དམ་ཚིག་གིས་བསྐུལ་ན་ཞེས་བྱ་བ་ནི་ངེས་པར་བསྐུལ་བའོ།། མ་གྲུབ་རྣམས་ལ་གྲུབ་པར་སྩོལ་བར་ཞེས་བྱ་བ་ནི་དངོས་གྲུབ་མ་གྲུབ་པ་རྣམས་ལ་དངོས་གྲུབ་སྙོམ་པར་མཛད་པའོ།། འདི་སྣང་། ་སྟོན་པ་ཡིན་ཏེ། གང་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བའི་གསང་སྔགས་རྣམས་དངོས་གྲུབ་མི་སྩོལ་ན་དེ་སྤྱན་གྱི་གསང་སྔགས་དང་སྤེལ་ནས་བཟླས་ན་དངོས་གྲུབ་སྩོལ་བར་འགྱུརརོ་ཞེས་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི ་སྔ་མ་བཞི་ནོ།། སྐུ་གསུམ་འབར་བའི་མཆོག་གི་དམ་ཚིག་ཅེས་བྱ་བ་ལ་སྐུ་གསུམ་གྱི་བདག་ཉིད་ཅན་མི་བསྐྱོད་པའོ།། དེ་ཉིད་ནི་ཐབས་དང་ཤེས་རབ་ཀྱི་ངོ་བོས་ཁྲོ་བོས་གཟུགསུ་གྱུར་པས་ན་འབར་བའོ།། དེ་ཉིད་ཀྱིས་ན་འཇིགས་བྱེད་ལ་སོགས ་པའི་ཁྲོ་བོ་རྣམས་ཀྱི་མཆོག། དེའི་དམ་ཚིག་གི་ཡུམ་མཱ་མ་ཀཱིའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ། རྡོ་རྗེའང་འཆང་བའི་མཆོག་ཐམས་ཅད་ཀྱི་ཡུམ་ཞེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པས་སོ།། རྡོ་རྗེའི ་དཀྱིལ་འཁོར་བསྐྱེད་པ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཡེ་ཤེས་བསྐྱེད་པར་མཛད་པས་སོ།། དངོས་གྲུབ་ཐམས་ཅད་རབ་ཏུ་སྩོལ་བར་མཛད་པ་ཞེས་བྱ་བ་ནི་སངས་རྒྱས་སྤྱན་དང་འདྲ་བའོ།། ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ལ་སོགས་པའོ།། རྗེས་དྲན ་གྱུར་ཅེས་བྱ་བ་ནི་རྗེས་སུ་དྲན་པོ་སྟེ། དགྱེས་པས་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། དངོས་གྲུབ་ཐམས་ཅད་སྲུང་མཛད་མ་ཞེས་བྱ་བ་ནི་དངོས་གྲུབ་ཐམས་ཅད་ཀྱི་སྲུང་བ་འདིས་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་ནི་སྤྱིའི་སྲུང་བའི་ཆོ་གའོ།། དེ་བཞིན་ལས ་རྣམས་འགྲུབ་ཡིན་ཞེས་བྱ་བ་ནི་ཇི་ལྟར་ཇི་ལྟ་བ་ལ་སོགས་པའི་ལས་རྣམས་གྲུབ་པའི་རྒྱུར་གྱུར་པས་སྤྱན་ལ་སོགས་པར་སྤྲུལ་པར་མཛད་པ་དེ་བཞིན་དུ་སྤྲུལ་པའི་དོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞི་ནོ།། འདོད་ཆགས་ཆེན་པོ ་ཞེས་བྱ་བ་ལ་རང་བཞིན་གྱིས་རྣམ་པར་དག་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ནི་འདོད་ཆགས་ཆེན་པོ་སྟེ། དེས་ཆགས་པ་ནི་དམར་བའོ།། པདྨ་ནི་པདྨའི་རིགསོ་དེའི་གར་གྱིས་གར་བྱེད་པའི་ཚུལ་གྱིས་རྣམ་པར་འཕྲུལ་པས་འཐོར་ཞིང་ན་མཁའི་ཁཾས ་མ་ལུས་པར་ཁྱབ་པ་སྟེ། བཅོམ་ལྡན་འདས་འོད་དཔག་མེད་དེ་ལ་དེ་སྐད་ཅེས་བྱའོ།། དེའི་རྣམ་པར་འཕྲུལ་པ་ནི་ཤིན་ཏུ་དགའ་བའི་སྐུས་རྣམ་པར་རོལ་པའོ།། དེའི་དོན་གྱི་ངོམ་ཚིག་གི་ཕྱག་རྒྱ་སྟེ་གོས་དཀར་མིའོ།། དམིགས་པ་ཞེས་བྱ་བ ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ། ཆོས་ཐམས་ཅད་འཛིན་པ་མཆོག་གི་ཡུམ་ཞེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པས་སོ།། ཐམས་ཅད་དབང་དུ་བྱས་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ལ་སོགས་པ་ཐམས་ཅད་དབང ་དུ་བྱ་བ་ནི་མི་འདའ་བར་བྱས་པའོ།། དེའི་ཁོང་དུ་ཆུད་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་རྟོགས་པར་བྱེད་པ་སྟེ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་ལ་དེ་སྐད་ཅེས་བྱའོ།། དེའི་རྡོ་རྗེ་གསུམ་མཉམ་པ་ཉིད་ཀྱིས་དགའ་བར་བྱེད་པ་སྐུ་གསུམ་རྡོ་རྗེ ་སྐྱེ་བ་མེད་པར་མཛད་པ་སྟེ། ཡུམ་སྒྲོལ་མའོ།། སྣ་ཚོགས་ཐམས་ཅད་འཆང་བའི་ཡུམ་གྱི་མཆོག་ཅེས་བྱ་བ་ནི་རིགས་དེའི་ཡུམ་དུ་གྱུར་པས་སོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་འཇུག་པས་ན་ཡེ་ཤེས་ལ་འཇུག་སྟེ། ཁྲོ་བོའི་ཐབས་དང་ཤེས་རབ་ནི་ཁྲོ་བོའི་ཡེ་ཤེསོ།། དེས་སྒྲོལ་བ་ནི་སེམས་ཅན་གདུག་པ་ངན་འགྲོར་ལྟུང་བ་རྣམས་སྒྲོལ ་བ་གཤིན་རྗེ་གཤེད་ལ་ཡང་དེ་སྐད་ཅེས་བྱའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། འཇིགས་པ་སྐྱེས་གྱུར་ན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་དང་བཅས་པ་ཐམས་ཅད ་འཇིགས་པ་སྐྱེས་པའོ།། འདིར་ལ་ལ་དག་ནི་དེ་རྣམས་ལ་འཇིགས་པ་མཽ་མངའ་བས་འདི་ནི་མི་འཇིགསོ་ཞེ་ན་དེ་མ་ཡིན་ཏེ། གང་གི་ཕྱིར་རང་གི་དམ་བཅས་པ་ནི་འཇིགས་པ་སྟེ། དེ་རྣམས་གདུལ་བྱའི་དབང་དུ་མཛད་ནས་དམ་བཅས ་པ་འདི་ལ་འཛེགས་པ་རྣམ་པར་འཇོག་པར་མཛད་དེ། གལ་ཏེ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སྒྲུབ་པ་ལ་ལ་ན་བདུན་ཞུགས་པའི་སྔགས་པས་གྲུབ་པར་མ་གྱུར་ན་དེའི་ཚེ་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པས་ཕུར ་བུས་བཏབ་སྟེ། ཁོ་བོ་ཅག་བསྒྲུབ་པར་བྱ་བ་ཡིན་པས་བཅོམ་ལྡན་འདས་ནི་གཏུམ་པོའོ།། སྙམ་ནས་འདིར་སྔགས་པ་ཕུར་བུས་འདེབས་པར་འགྱུརརོ།། ཞེས་འཇིགས་པ་ཀུན་ཏུ་སྐྱེས་པས་དངོས་གྲུབ་སྩོལ་བར་མཛད་པར་འགྱུར་ཏེ། ་ཇི་སྐད་དུ་རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་ཡིས།། ཇི་ལྟ་དེ་ལྟ་དེ་རྣམས་ཁྲོས།། སངས་རྒྱས་ཐམས་ཅད་གཟིར་ན་ནི།། འཇིགས་པས་དངོས་གྲུབ་སྩོལ་བར་འགྱུར་ཞེས་གསུངས་པས་སོ།། རྡོ་རྗེ་ར་བ་དྲོ་བའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གཟི་བྱིན ་བཟོད་པར་དཀའ་བས་རྡོ་རྗེ་ར་བ་དང་འདྲ་བས་གོ་མནན་པས་ན་ཡེ་ཤེས་སྣ་ཚོགས་ཅན་ལ་གཟིགས་པ་སྟེ། འདིས་ནི་བཅོམ་ལྡན་འདས་དེ་བསྙེན་པར་དཀའ་བ་བསྟན་ཏོ།། སྲུབས་གཅིག་པ་འམ་ཞེས་བྱ་བ་ནི་དུམ་བུ་གཅིག་པའོ།། སྲུབས ་གཉིས་པ་ཞེས་བྱ་བ་ནི་དུམ་བུ་གཉིས་པ་ཞེས་བྱ་བའི་དོན་ཏོ།། ལྷ་མོ་བཞི་ཡི་སྦྱོར་བ་དང་། སངས་རྒྱས་ལྔ་ཡིས་བྱིན་རླབས་ཏེ་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་ཐོད་པའི་དབུསུ་ཁྲག་གིས་ཐོད་པ་ལ་པདྨ་འདབ་བརྒྱད་བྲིས་ཏེ། དེའི་དབུས ་དང་ཤར་ལ་སོགས་པའི་འདབ་མ་བཞི་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་དང་ཤར་ལྷོ་ལ་སོགས་པ་མཚམས་ཀྱི་འདབ་མ་བཞི་ལོ་སྤྱན་ལ་སོགས་པ་བཞི་དགོད་པ་ནི་སངས་རྒྱས་བྱིན་གྱིས་བརླབས་པ་དང་། ལྷ་མོ་བཞིའི་སྦྱོར་བ་དང་དེ ་ལྡན་པར་འགྱུར་རོ།། རྐང་རྗེས་ས་ཡི་ཆོ་ག་ལ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རྐང་རྗེས་ཀྱི་ས་དང་ཆུ་བོའི་དོགས་གཉིས་ཀྱི་ས་ལས་གཟུགས་བརྙན་བྱས་ཏེ། དེའི་སྙིང་གར་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་གཤིན་རྗེ་གཤེད་ཀྱི་སྔགས ་ཏ་ལེ་ལ་སོགས་པ་ལ་བྲིས་ཏེ། བཅུ་གནས་གཡོགས་པ་སྟེ། འདི་ནི་རྐང་རྗེས་ཀྱི་སའི་ཆོ་གའོ།། རྐང་པས་མནན་ཏེ། དེ་ལ་བཟླས་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་དབུསུ་འདུག་ལ་བསྒྲུབ་པར་བྱ་བ ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། རྣམ་པར་སྣང་མཛད་ལ་སོགས་པས་རང་གི་ཞགས་པ་དང་ལྕགས་ཀྱུས་བཙངས་ཏེ་དྲངས་པར་གྱུར་པར་བསམས་ལ་རྐང་པ་གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པོའི་རྡོ་རྗེ་ལྕགས ་ཀྱུ་ལ་ཐུར་དུ་བལྟས་པས་ཐོད་པའི་དུ་གཟུགས་བརྙན་བཅུག་པ་མནན་ལ་དགུག་པའི་ཚུལ་གྱིས་རྐང་པ་བསྐྱོད་ཅིང་གཤིན་རྗེ་གཤེད་ཀྱི་གསང་སྔགས་བསྒྲུབ་པར་བྱ་བ་དགུག་པའི་མིང་དང་སྤེལ་ཏེ་བཟླས་པར་བྱའོ།། ཞེས ་བྱ་བ་ནི་བསྡུས་པའི་དོན་ཏོ།། སྤྲིན་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་སྐལ་པ་ཇི་ལྟ་བཞིན་དུ་དམ་པའི་ཆོས་ཀྱི་ཆུ་རྒྱུན་རྣམས་ཀྱིས་འགྲོ་བའི་དོན་མཛད་པས་སྤྲིན་ཆེན་པོ་འདྲ་བས་ནི་སྤྲིན་ཆེན་པོ་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ།། དེ ་རྣམས་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་མཆོག་ནི་གདུག་པ་འདུལ་བའི་ཐབས་ཀྱི་ཡེ་ཤེསོ།། དེ་ལས་བྱུང་བའི་ནི་དམ་པ་རྡོ་རྗེ་བདུད་རྩི་ཁྲོ་བོ་སྟེ་བདུད་རྩིའི་ཐབས་སྦྱོར་རོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་སྔ་མ་བཞིན་ནོ།། ཁྲོ་བོའི་འཁོར་ལོ་སྤེལ ་ནས་སུ་ཞེས་བྱ་བ་ནི་འཁྱམ་ཞིང་སྤེལ་ཞིང་འཁྱིམ་པའི་ཏ་ལའི་ལོ་མ་ལ་དུག་ལ་སོགས་པས་འཁོར་ལོ་རྩིབས་བརྒྱད་པ་བྲིས་ལ་ལྟེ་བར་ཧཱུཾ་ལྔས་བྱིན་ཨུཙྪ་ཊ་ཡ་ཕཊ་ཅེས་བྱ་བ་དང་། རྩིབས་བརྒྱད་ལའང་དེ་བཞིན་དགོད་དོ།། མུ་ཁྱུད་ལ་བསྒྲུབ ་བཔར་བྱ་བའི་མི་སྐྲོད་པ་དང་སྤེལ་ཏེ་ཕྲེང་བའི་སྔགས་བྲིའོ།། ཚོགས་བདག་རྐང་པའི་དྲུང་དུ་བཞག་ཅེས་བྱ་བ་ནི་ཚོགས་ཀྱི་བདག་པོ་རྐང་པའི་འོག་ཏུ་བསྒྲུབ་པར་པར་བྱ་བ་གཟུགས་བརྙན་བཞག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཧཱུཾ་དང ་ཕཊ་ཀྱིས་བསྐུལ་ནས་སུ་ཞེས་བྱ་བ་ནི་ཧཱུཾ་ཆེ་གེ་མོ་ཨུཙྪ་ཊ་ཡ་ཕཊ་ཅེས་ཚོགས་ཀྱི་བདག་པོ་བསྐུལ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་སྐད་སྟོན་པ་ཡིན་ཏེ་བསྒྲུབ་པར་བྱ་བའི་བསྲུང་བ་སྩལ་སྔོན་དུ་འགྲོ་བས་གཟུགས་བརྙན་གྱི་སྙིང་གར ་འཁོར་ལོ་བཅུག་ལ་བདུད་རྩི་ཐབས་སྦྱོར་གྱི་སྦྱོར་བ་དང་ལྡན་པས་ཚོགས་ཀྱི་བདག་པོ་ཇི་ལྟ་བཞིན་བཀུག་ལ་དམ་ཚིག་བྱིན་པ་དེའི་རྐང་པའི་འོག་ཏུ་གཟུགས་བརྙན་སྦས་ནས་ཧཱུཾ་ཆེ་གེ་མོ་ཨུཙྪ་ཊ་ཡ་ཕཊ་ཅེས་བརྗོད་ཅིང་དེ་ལ་བཀའ་བསྒོ་བས ་བསྒྲུབ་པར་བྱ་བ་གཅེར་བུ་ཏིལ་མར་གྱིས་བསྐུས་པ་རྔ་མོ་ལ་བསྐྱོན་ཏེ་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱིས་བཏེག་ནས་ལྷོ་ཕྱོགསུ་ཁྱེར་བར་བསམ་ཞིང་དེའི་ཁྱིམ་ཡང་རྫི་མོ་གཅིག་གིས་ཡོངསུ་ཁྱེར་བར་བསམས་ལ་ཁྲོས་པས་ཉི་མ་ཕྱེད་དང་། མཚན ་བྱེད་ལ་ཉིན་ཞོག་བདུན་གྱི་བར་དུ་བརྒྱ་རྩ་བརྒྱད་བཟླས་ན་ངེས་པོར་སྐྲོད་པར་འགྱུརརོ།། རིན་པོ་ཆེ་བརྩོན་པའི་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེ་ནི་རིན་པོ་ཆེའི་རིགསསོ།། བརྩོན་པ་ནི་ཐམས་ཅད་ཀྱི་བསམ་པ་ཡོངསུ་རྫོགས་པར་མཛད་པས་རབ ་ཏུ་འབད་པའི་ཁྱད་པར་རོ།། དེས་སྤྲོས་པས་ན་ཁྲོ་བོ་གཞན་གྱིས་ཐུབ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་ཡེ་ཤེས་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ།། སྐེམས་བྱེད་ཀྱི་གདོན་ཞེས་བྱ་བ་ནི་བྱིས་པའི་གདོན ་ནོ།། རྡོ་རྗེ་གཟོར་བའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་གདོན་རིགས་པའི་མཆོག་རྒྱུད་ཀྱི་ཆོ་ག་ལསྣ་མཚན་མར་ཤེས་པར་བྱས་ལ་དེ་ཇི་ལྟ་བ་བཞིན་དུ་བཀླག་ལ་བསྒྲུབ་པར་བྱ་བའི་ལུས་ལ་བཞུག་ཅིང་བཅིངས་ལ་ར་བ་ལ ་སོགས་པ་བྱས་ཏེ། ཡི་གེ་ཧཱུ~ཾ་ལས་བྱུང་བའི་རྡོ་རྗེ་གཉིས་ཀྱིས་གཟིར་བར་བསམས་ལ་ཧཱུ~ཾ་འབར་བ་ལས་བྱུང་བ་རྡོ་རྗེ་ལྟ་བུའི་ཡུངས་ཀར་གྱིས་སྲིན་པོ་ལ་སོགས་པ་རྣམས་སོལ་ཅིག་ཅེས་བསྐུལ་པོའི་ཚིག་དང་བཅས་པར་གསང་སྔགས་བཟླས་ལ ་བརྡེག་ཅིང་བསམ་པ་ལ་སོགས་པའི་ལས་རྣམས་བྱས་ཏེ། འདིས་ནི་རྡོ་རྗེ་གཟེར་བའི་སྦྱོར་བའོ།། ཡོན་ཏན་རིན་པོ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་ཡོན་ཏན་རིན་པོ་ཆེ་ལྟ་བུའི་ཡོན་ཏན་དེ་ལུང་དང་རྟོགས་པའི་བདག་ཉིད་ཅན་ནོ།། དཔག ་ཏུ་མེད་པ་ནི་ཚད་མེད་པ་སྟེ། དེ་ཀུན་ནས་བསགས་པ་ཁྲོ་བོ་རྟ་མགྲོན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །། ལག་པ་ལ་ཞེས་བྱ་བ་ལ་སོགས་པ་ལ་ནི་གོ་སླའོ།། ་འདི་སྐད་སྟོན་པ་ཡིན་ཏེ། མཚན་མ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ནས་ལག་པ་གཡོན་པ་ལ་ཟློ་བ་རྡོ་རྗེ། དེའི་དབུསུ་པདྨ་འདབ་བརྒྱད་པ་དཀར་པོ།། དེའི་དབུསུ་ཡི་གེ་ཧ་ཟླ་བའི་མདོག་ཅན་བསམས་ལ་དུག་གིས་ཟིན་པའི་མདུན་དུ་རྟ ་མགྲིན་གྱི་ཕྲེང་བའི་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ། བསྒྲུབ་པར་བྱ་བ་གོས་ཀྱིས་བཀབ་སྟེ། ནུབ་ཕྱོགསུ་ཁ་བསྟན་ལ་བཞག་ནས་དེའི་ལུས་ལ་ཕྲེང་བའི་སྔགས་ཇི་ལྟ་བ་བཞིན་བཀོད་ལ། ཞི་བར་མཛད་པའི་རྟ་མགྲིན་དུ་གསོལ་ཅིག ་ཅེས་བསྐུལ་བའི་ཚིག་དང་བཅས་པར་སྔགས་བཟླས་པར་བཅོམ་ལྡན་འདས་ཀྱིས་བསྒྲུབ་པར་བྱས་སྟེ་བདུད་རྩིའི་རྒྱུན་གྱིས་ཡོངསུ་འགེངས་པར་བསམས་ལ་གོས་དྲང་ཞིང་རྟ་མགྲིན་གྱི་ང་རྒྱལ་དུ་བྱས་པས་དུག་གསལ་བར་བྱའོ།། གལ་ཏེ་མྱུར ་བར་ལྡན་སྟེ་འཛིན་པར་འདོད་ན་དེས་དེའི་སྙིང་གར་པདྨ་དཀར་པོའི་ལྟེ་བར་ཡི་གེ་ཧ་བསམ་པར་ཡང་ཤེས་པར་བྱའོ།། ཁྲོ་རྒྱལ་ཏིང་འཛིན་ལ་གནས་ནས།། རྡོ་རྗེ་གསུམ་གྱི་ཡི་གེས་མཛེས་ཞེས་བྱ་བ་ནི་ཁྲོ་བོ་རྟ་མགྲིན་གྱི་ཏིང་འཛིན་ལ་གནས་ནས། ་ཨོཾ་ཨཱཿརྒྷཾ་ཞེས་བྱ་བས་ཉེ་བར་མཛེས་པའི་ལུས་ཀྱིས་སོ།། ཁམས་དག་ཀྱང་ཞེས་བྱ་བ་ནི་ཁམས་གསུམ་པོ་རྣམས་ཀྱང་ངོ་།། དོན་ཡོད་པར་འབྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཡོད་ཅིང་དོན་དང་ལྡན་པས་ཐོགས་པ་མེད་པའི་དངོས་གྲུབ་སྩོམ ་པབ་འབྱུང་ཞིང་བསྐྱོད་པ་སྟེ། ཁྲོ་བོ་བེ་ཅན་སྔོན་པོ་ཅན་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་རྒྱལ་མཚན་གྱི་མཆོག་ནོར་བུའི་རྡོ་རྗེ་སྟེ་རྡོ་རྗེས་མཚན་ཞིང་ཡིད་བཞིན་ནོར་བུ་ལྟར་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྟོན་པ་ཉིད་ཡིན་པས་ན་རྒྱལ་མཚན་གྱི་མཆོག་ནོར་བུ་རྡོ་རྗེ་ཞེས་བྱའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པ་ལ་ནི་གོ་སླའོ།། སངས་རྒྱས་ཐམས་ཅད་ཅེས་བྱ་ནི་དེ་དང་འབྲེལ་པས་ན་བཅོམ་ལྡན་འདས་དབྱུག་སྔོན་ཅན་ནོ།། འབྱོར། ་པའི་ཆོ་གས་བསྐུལ་ནས་ཞེས་བྱ་བ་ནི་གདུག་པ་རྣམས་གསོད་པའི་བར་དུ་སྦྱོར་བས་སོ།། དེ་ལ་སྦྱོར་བའི་ཆོ་ག་ནི་འདི་ཡིན་ཏེ། ཐུགས་རྡོ་རྗེའི་རྣལ་འབྱོར་པས་བསྒྲུབ་པོར་བྱ་བའི་རྡོ་རྗེ་པདྨས་སྦྱོར་བ་ཇི་ལྟ་བ་བཞིན་དུ་ཞུགས་ལ་དེའི ་སྙིང་ག་ན་གནས་པའི་བྱང་ཆུབ་ཀྱི་སེམས་ཇི་ལྟ་བ་བཞིན་དུ་འཐུངས་ཏེ་དེ་ཉིད་ལས་བྱུང་བའི་ཁྲོ་བོ་དབྱུག་སྔོན་གྱི་ང་རྒྱལ་ཅན་དུ་བྱས། རང་གི་དཀྱིལ་འཁོར་ལ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཁྲོས་པ་དང་། བསྒྲུབ་པར ་བྱ་བ་ཡང་དཀོན་མཆོག་གསུམ་ལ་སོགས་པ་རྣམ་པར་འཇིག་པར་བསྒོམས་ལ། སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་རང་གི་དམ་ཚིག་གིས་བཟློག་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འང་ན་དཀོན་མཆོགས། ་ལ་སོགས་པ་ལ་གནོད་པར་བྱེད་པ་དེ་འདིའི་དམ་ཚིག་སྦྱིན་པ་ལ་སོགས་པ་མི་ལེན་ཏེ། སེམས་ཅན་དེ་ནི་བྱང་ཆུབ་ཀྱི་སེམས་དང་བྲལ་བ་ཡིན་ལ་ཁྱེད་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་དང་རབ་ཏུ་འབྲེལ་པ་ཡིན་པས ་དེས་ན་འདིའི་སྙིང་སྤང་བར་མཛད་དུ་གསོལ་ཞེས་བརྗོད་ལ། དེའི་སྙིང་སྤོངས་ནས་དེ་བཞིན་གཤེགས་པར་རྣམ་པར་བསམ་མོ།། ཡང་སྦྱོར་བ་གཞན་དག་གིས་སྲུང་བ་ལ་སོགས་པ་བསམས་ནས་ཁྲག་གིས་གཤེར་བའི་གོས ་བགོས་པའམ་གཅེར་བུས་ཆུ་བོའི་ངོགས་གཉིས་ཀྱི་ས་ལ་སོགས་པ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ་རྐང་པ་གཡོན་པས་མནན་ཏོ་བསྒྲུབ་པར་བྱ་བ་ཡང་དོར་དགུག་པ་དང་གཞུག་པ་དང་བཅིང་བ་བྱས་ལ་ཁྲོས་པས ་ཇི་ལྟ་བ་བཞིན་དུ་མངོན་སྤྱོད་ཀྱི་ཆོ་ག་རྫོགས་པ་ལ་བརྩོན་པར་བྱ་ཞིང་བེ་ཅོན་སྔོན་པོ་ཅན་ཟློས་པས་དེ་གསོད་པ་ལ་བརྩོན་པའི་རྡོ་རྗེ་བེ་ཅོན་སྔོན་པོ་ལ་སོགས་པ་དཔག་ཏུ་མེད་པ་སྤྲོ་བར་བྱའོ།། ཀུན་ཏུ་ཞེས་བྱ་བ་ལ་སོགས ་པ་ལ་ཀུན་ནས་ཐམས་ཅད་དུ་སངས་རྒྱས་ལ་སོགས་པ་རྣམ་པོར་འཕྲོ་བ་སྟེ། དེའི་བཀོད་པའི་ཚོགས་ཡོད་པས་ཁྲོ་བོ་སྟོབས་པོ་ཆེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད ་ཟིན་ཏོ།། །། ལས་ཀུན་རབ་ཏུ་སྒྲུབ་པར་བྱེད་ཅེས་བྱ་བ་ནི་རྣལ་འབྱོར་པ་མོས་པའི་སྟོབས་ཀྱིས་ན་གསང་སྔགས་ཀྱི་འདི་ཉིད་ཀྱིས་ཞི་བ་ལ་སོགས་པའི་ལས་རྣམས་ཀྱང་འགྲུབ་པར་འགྱུར་བས་དེ་སྐད་ཅེས་བྱའོ།། ཆར་པ ་ཆེན་གཅོད་འགྱུར་ལ་ཞེས་བྱ་བ་ནི་ཁྲོ་བོ་སྟོབས་པོ་ཆེའི་རྣལ་འབྱོར་གྱིས་ན་མཁའ་ལ་གནས་པའི་ཆུའི་ཚོགས་རྣམས་འཐུངས་པར་ལྷག་པར་མོས་ནས་ཆར་པའི་ཕྱག་རྒྱས་སྤྲིན་རྣམས་གཏུབ་པར་བྱའོ།། ཆར་པ་ཆུང་ན་རབ་ཏུ་འབེབ ་ཞེས་བྱ་བ་ཡང་སྦྱོར་བ་འདི་ཉིད་ནས་བཤད་དོ།། ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ནས་ཐམས་ཅད་དུ་འབར་བས་སྙིང་པོར་བྱས་པས་བཅོམ་ལྡན་འདས་འདོད་པའི་རྒྱལ་པོ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་པས་ན་དེ ་སྐད་ཅེས་བྱའོ།། རྐང་གཡས་ཞེས་བྱ་བ་ལ་སོགས་པ་ལ་རྐང་པ་གཡས་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་འོག་ཏུ་ཡེ་ཤེས་ཨ་ལས་སྣ་ཚོགས་རྡོ་རྗེ་དེའི་ཡང་འོག་ཏུ་ཡི་གེ་ཛཿལས་རྡོ་རྗེ་ལྕགས་ཀྱུ་ཁ་ཐུར་དུ་བལྟས་པ་རྣམ ་པར་བསམོས་ལ་མཚན་དེ་བསྒྲུབ་པར་བྱ་བའི་གཟུགས་བརྙན་མནན་ནོ་ཞེས་བྱ་བར་སྦྱརརོ།། སྐུ་གསུམ་ཡེ་ཤེས་སྟོབས་ལྡན་པས་ཞེས་བྱ་བ་ནི་སྐུ་གསུམ་གྱི་ཡེ་ཤེས་བྱིན་གྱིས་རླབས་ལ་ཁྲོ་བོ་དང་བཅས་པས་གཡོན་ཕྱོགསུ ་ལུས་ཅུང་ཟད་འདུད་པར་བྱའོ།། ཁྲོ་གཉིར་རིམ་པར་བསྙེར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་འཕྲལ་བ་བསྐུལ་བ་བྱིསོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྟར་རབ་ཏུ་འབར་བའི་ཡེ་ཤེས་ནི་གདུག་པ་རྣམས ་འདུལ་བའི་ཐབས་ཀྱི་ཡེ་ཤེས་ཏེ་དེས་རབ་ཏུ་འབར་བས་གཏུམ་པོར་གྱུར་པ་སྟེ་ཁྲོ་བོ་མི་གཡོ་བའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། གཙོ་བོ་ཞེས་བྱ་བ་ནི་འདིར་དྲན་ཞེས་བྱ་བ་དང་རྗེསུ་སྦྱ་རོ།། འགུགས་བྱེད ་ཅིང་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞི་ནོ།། སྐུ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ་འདི་ནི་རྟག་ཏུ་སྐུ་གསུང་ཐུགས་མི་བཟད་པའི་ཡེ་ཤེས་ཀྱི་མཐར་ཐུགས་པ་ཡིན་པས་སྐུ་གསུམ་རྡོ་རྗེའི་ཡེ་ཤེས་སོ།། དེ་ཉིད་ཧཱུཾ ་བཞིས་བསྙེན་པར་དཀའ་བའི་ངོ་བོ་ཉིད་པས་ན་འབར་བའོ།། དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་ཁྲོ་བོའི་གཟུགས་ཀྱིས་སྲིད་པ་གསུམ་པོ་མ་ལུས་པའི་བདག་པོར་གྱུར་ཅིང་ཤེད་པའི་བུད་ཤིང་རྣམས ་བསྲེགས་པས་ན་འབར་བའི་རྡོ་རྗེའོ།། དེ་ཉིད་བགེགས་རྣམས་འཇིག་ཅིང་རྙོག་པར་བྱེད་པས་ན་འཇིགས་པ་ཆེན་པོ་སྟེ། བཅོམ་ལྡན་འདས་གནོད་མཛེས་ལ་དེ་སྐད་ཅེས་བྱའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད ་ཟིན་ཏོ།། བཅོམ་ལྡན་འདས་འདི་ནི་སྐུ་མདོག་ནག་པོ་ཞལ་གཡས་དཀར་གཡོན་དམོར་བ་ཕྱག་གཉིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཙང་བ། གཡས་གཉིས་རྡོ་རྗེ་དང་འཁོར་ལོ་བསྣམས་པ་གཡོན་གཉིས ་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པ། མི་བསྐྱོད་པའི་ཅོད་པན་ཅན་གཡོན་བརྐྱང་བས་བཞུགས་པ་ཡི་གེ་ཧཱུཾ་ལས་བྱུང་བར་ཤེས་པར་བྱའོ།། སྐུ་གསུམ་རྡོ་རྗེ་མཆོག་མངའ་བའི་ཞེས་བྱ་བ་ནི་རྣམ་པར་སྣང་མཛོད་ཅེས་བྱ་བ་དང་སྦྱར་རོ།། ་ཡེ་ཤེས་ཀྱི་འཇོམས་ཞེས་བྱ་བ་ནི་རང་གི་ཏིང་འཛིན་གྱི་ཡེ་ཤེས་དང་བྲལ་བའོ།། ལྕགས་ཀྱུ་ཡིས་ནི་རྣམ་དྲལ་ཏེ་ཞེས་བྱ་བ་ནི་སྙིང་གོར་རོ།། རྡོ་རྗེ་ཞགས་པས་བཅིངས་ནས་སུ་ཞེས་བྱ་བ་ནི་མགུལ་དུའོ།། འདི་སྐད་སྟོན་པོ་ཡིན ་ཏེ་གནོད་མཛེས་ཀྱི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་གྱི་དབུསུ་འདུག་སྟེ། ན་མཁའི་དབྱིངས་ན་བཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ལྕགས་ཀྱུ་དང་ཞགས་པ་ཇི་ལྟ་བ་བཞིན་དུ་བསྣམས་པའི་གནོད་མཛེས་ཀྱི ་སྦྱོར་བ་ལ་ཞུགས་པས་བསྒྲུབ་པར་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ལ་དམ་ཚིག་ཕྱག་རྒྱའི་གཟུགསུ་བསྐྱེད་ལ་བུ་མོ་འགུགས་པ་ལ་བརྩོན་པར་བསམས་ནས་མིང་དང་སྤེལ་བའི་སྦྱོར་བས་སྔགས་བཟླས་པ་བྱ་ཞིང ་དགུག་པར་བྱའོ།། དགུག་ཅེས་བྱ་བ་ལ་རབ་ཏུ་མྱུར་བར་གཡོ་བའི་མིག། མིག་གི་རྫི་མོ་འདྲེན་པ་ནི།། འབར་པོའི་ལྟ་བ་ཞེས་གྲགས་ཏེ།། འགྲོ་བ་ཐམས་ཅད་དགུག་པར་གསུངས་པའི་འབར་བའི་ལྟེ་བའང་དགུག་པའི་ལས ་ཐམས་ཅད་ལ་སྦྱོར་བར་བྱའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔར་བཤད་པའི་གསང་སྔགས་ཀྱིས་ཀྱང་མངོན་པར་འདོད་པའི་ལས་བསྒྲུབ་ཏུ་རུང་སྟེ། གང་འདིའི་གདུལ་བྱའི་སྐྱེ་བོ་རྣམས་ལ་རབ་ཏུ་སྣང་བའི་དབང་དུ་མཛད ་ནས་སྤྱན་ལ་སོགས་པའི་ལས་སོ་སོར་ངེས་པར་བཤད་ཀྱི་འོན་ཀྱང་རྣལ་འབྱོར་པའི་མོས་པའི་དབང་གིས་དེ་དག་ཐམས་ཅད་ཀྱང་ལས་ཐམས་ཅད་མཛད་པ་ཡིན་ནོ།། ད་ནི་ཐམས་ཅད་ཀྱི་སྤྱིའི་ལས་ཀྱི་ཚོགས་རྣམས་ཀྱི་དོན ་གསུངས་པ་ཡིན་ཏེ། ཡེ་ཤེས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ཡེ་ཤེས་ཆེན་པོ་ནི་ལྷ་རྣམས་སྤྲུལ་པའི་ཡེ་ཤེས།། དེའི་རྣམ་པར་བསྒྱིངས་པ་ནི་རྣམ་པར་རོལ་པ་སྟེ། སངས་རྒྱས་ལ་སོགས་པ་འགུགས་པའོ།། དེའི་དགའ ་སྟོན་ནི་དེས་དགའ་སྟོན་མཛད་པ་སྟེ་རྣལ་འབྱོར་པ་རྣམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པར་མཛད་པའོ།། དེ་ལ་དམིགས་པས་ན་ཏང་འཛིན་དེ་ལ་ཡང་མིང་དེ་སྐད་ཅེས་བྱ་སྟེ། ལས་ཀྱི་ཚོགས་བསྐྱེད་པའི་རྣམ ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། སྐུ་གསུམ་གྱི་མཆོག་རྡོ་རྗེ་འཆང་བསྐྱེད་པར་མཛད་པ་ཞེས་བྱ་བ་ནི་སྐུ་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་འཛིན་པ་བསྐྱེད་པའོ།། དེ་ཉིད་ནི་སངས་རྒྱས་བྱང་ཆུབ་སྟེ། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས ་བབདག་པོའི་ངོ་བོ་ཉིད་ཡིན་པས་སོ།། འབྱིན་ཅེས་བྱ་བ་ནི་ཕྱུང་བ་སྟེ་ལས་ཀྱི་ཚོགས་རྣམས་ཤེས་པར་བྱ་སྟེ། རྡོ་རྗེ་འཛིན་པའི་རྗེསུ་དྲན་ནས་ལས་ཀྱི་ཚོགས་རྣམས་བཤིང་ངོ་ཞེས་བྱ་བའི་དོན་ཏོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ལས ་འདི་དག་ཐམས་ཅད་ལ་དེ་ཡོངསུ་རྫོགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་དེ་བསྐུལ་བ་བྱ་སྟེ། དངོས་གྲུབ་ཐམས་ཅད་ནི་དེ་ལ་རག་ལས་པ་ཡིན་པའི་ཕྱིར་རོ།། དེ་བས་ན་འདི་ཉིད་ཀྱི་འོག་ནས། རྒྱལ་པོ་ཀུན་གྱི་གནས་ལ་བཞུགས།། རྡོ་རྗེ ་སེམས་དཔའ་སེམས་དཔའ་ཆེ།། ཀུན་གྱི་སེམས་རབ་རྫོགས་མཛད་པ།། ཡང་དང་ཡང་དུ་རབ་བསྐུལ་བར་ཞེས་གསུངས་པའི་ཕྱིར།། བྱང་ཆུབ་ཆེན་པོ་རྡོ་རྗེ་འཆང་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དེ། དེ་དྲན་པ་སྔོན་དུ་འགྲོ་བས་ལས་ཀྱི ་ཚོགས་རྣམས་བཤད་པ་ཡི་ནོ།། དེ་ནི་འདི་སྐད་སྟོན་པར་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་བསྒོམ་པ་བསྟན་པར་གྱུར་པས། ཁམས་གསུམ་པོ་སེམས་ཙམ་དུ་ཤེས་ནས་ལས་རྣམས་བྱས་ན་འགྲུབ་པར་འགྱུར་ཞེས་པའོ།། འཁོར་ལོ་ཆེ་ལ་རྣམ་གནས་ནས་ཞེས་བྱ་བ་ནི ་དཀྱིལ་འཁོར་ཆེན་པོ་ལ་འདུག་པས་སོ།། འདི་སྐད་སྟོན་པ་ཡིན་ཏེ། གནོད་མཛེས་ཀྱི་དཀྱིལ་འཁོར་ལ་གནས་པ་སྟེ། དཀྱིལ་འཁོར་དེ་ལ་གནས་པའི་རྣལ་འབྱོར་པས་དེའི་སྔགས་བཟླས་ཤིང་སངས་རྒྱས་ཀྱི་སྤྲིན་གནོད་མཛེས་ཀྱི་སྦྱོར་བར་ཞུགས ་བ་ལྕགས་ཀྱུ་དང་ཞགས་པ་བསྣམས་པ་སྤྲོས་པས་འགུགས་པར་བྱེད་པའོ།། སངས་རྒྱས་རྣམས་ཀྱི་སྤྲིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ།། རྡོ་རྗེ་འཆང་བའི་སྤྲིན་ནི་རྡོ་རྗེ་སེམས་དཔའི་སྤྲིན་ནོ།། གཞན་དག་ལ་ཡང་དེ་བཞིན་ནོ།། དགུག ་པར་གསུངས་པ་འདི་ནི་གཙོ་བོ་མ་ཡིན་གྱི། སྔ་མ་ཉིད་དུས་དང་པོ་བྱ་བ་ཡང་ཤེས་པར་བྱའོ།། དེ་བས་ན་གཞན་དག་ལས་ཀྱང་། སྔགས་ཀྱི་སེམས་དཔས་བྱ་བ་ནི།། རྡོ་རྗེ་གསང་བ་རྨད་པོ་ཆེ།། ཁྲོ་བོ་རྒྱལ་པོ་བཀུག་ནས་ནི།། སངས་རྒྱས་ཐམས་ཅད ་རབ་ཏུ་མཆོག་ཅེས་གསུངས་པ་ཡིན།། ད་ནི་རྣལ་འབྱོར་ཐམས་ཅད་ཀྱི་མངོན་པར་འདོད་པའི་བུ་མོ་ལ་སོགས་པ་དགུག་པ་ཡིན་ཏེ། ཀུན་མཁྱེན་ཡེ་ཤེས་རང་བཞིན་གཙོ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ།། རང་སྔགས་སྐྱེས ་བུར་བདག་བསྒོམས་ན་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་རང་གི་ལྷའི་སྐུར་རང་སྔགས་ཀྱི་བདག་ཉིད་རྣམ་པར་བསམ་པའོ།། རླུང་ལ་རྐང་པ་བཟློག་ནས་སུ་ཞེས་བྱ་བ་ལ་སོགས་པ་ནི་རྐང་པའི་འོག་ཏུ་རླུང་གི་དཀྱིལ ་འཁོར་བཞག་པ་གང་ཡིན་པོ་དེ་ལ་དེ་སྐད་ཅེས་བྱ་སྟེ། རང་གི་དཀྱིལ་འཁོར་ལ་བསྐྱོན་ཞེས་བྱ་བའི་དོན་ཏོ།། ལྕགས་ཀྱུ་སྙིངས་ནས་དྲངས་ནས་ནི་ཞེས་བྱ་བ་ནི་ལྕགས་ཀྱུས་སྙིང་དྲངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འདི་སྐད་སྟོན་པ་ཡིན ་ཏེ། རྣལ་འབྱོར་པ་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་དེའི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། མངོན་པར་འདོད་པའི་བུ་མོ་དམ་ཚིག་གི་ཕྱག་རྒྱའི་གཟུགསུ་བསྐྱེད་ལ། རླུང་གི་དཀྱིལ་འཁོར་ལ་སྟོན་ཏེ། དེ་ལ་མངོན་པར་ཕྱོགས ་པར་དྲངས་ཤིང་། རང་གི་ལྷའི་གཟུགས་ཀྱིས་ལྕགས་ཀྱུ་དང་ཞགས་པ་ཐོགས་ཏེ། གནས་ཇི་ལྟ་བཞིན་དུ་བཅིངས་ལ་དྲངས་ནས་ཁྱེར་ཏེ་འོངས་པར་བསམ་པ་དང་། དཀྱིལ་འཁོར་པ་རྣམས་ཀྱང་དེ་འགུགས་པ་བརྩོན་པར་བསམ་ཞིང་བདག་ཉིད་ཀྱང ་མིང་དང་སྤེལ་བའི་སྦྱོར་བས་གསང་སྔགས་བཟློས་ཤིང་དགུག་པར་བྱའོ།། སྐྱེས་པ་དགུག་པ་ལ་ནི་སྦྱོར་བ་འདི་ཉིད་གོ་བཟློག་པ་ཡིན་པར་ཤེས་པར་བྱའོ།། ཐག་རིང་པོ་ནས་དགུག་ན་བསྒྲུབ་པར་བྱ་བ་གལ་ཏེ་ཡོངསུ་བསྐམས་པར་འགྱུར་བ་ཡང་སྲིད ་པས། དེ་ལྟར་མི་འགྱུར་བར་བྱ་བའི་ཕྱིར་རྡོ་རྗེ་རྣམ་པར་སྣང་མཛད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བསམ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མགོ་བོ་ལའོ།། དེ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱའོ།། འདི་སྐད་སྟོན་པ་ཡིན་ཏེ། རླུང་གི་དཀྱིལ་འཁོར་ལ་བསྐྱེན ་ཏེཏེཐག་རིང་པོ་ནས་དགུག་པ་ན་བསབ་པར་བྱ་བཱི་མགོ་ལ་བླ་བའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོ་བདུད་རྩི་འབོབ་པ་བསམས་ལ་དགུག་པར་བྱའོ་ཞེས་པའོ།། རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་ཟླ་བའི་དཀྱིལ ་འཁོར་གྱི་སྟེང་དུ་རྣམ་པར་བཞུགས་པར་བསྒོམ་མ་ཞེས་ཤུགས་ཀྱིས་སྦྱར་རོ།། རྡོ་རྗེ་ལྕགས་ཀྱུ་སྐུ་ཆེན་པོ་ཞེས་བྱ་བ་ནི་ཡི་གེ་ཛཿལས་བྱུང་བའི་ལྕགས་ཀྱུ་འབར་བ་ཕྱག་ན་བསྣམས་པའི་རང་གི་ལྷའོ།། འདི་ནི་བུ་མོ་དགུག་པའི་སྦྱོར་བའི་ཁྱད་པར ་གཞན་དག་ན་རེ་རྡོ་རྗེ་དཀྱིལ་འཁོར་ལས་བྱུང་བ་རྡོ་རྗེ་ལྕགས་ཀྱུ་སྐུ་ཆེན་པོ་ཞེས་བྱ་བ་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱི་གཟུགསུ་ཡོངསུ་གྱུར་པར་བསྒོམས་ལ་དེ་ལ་བསྐྱོན་ནས་བུ་མོ་དགུག་པར་བྱའོ་ཞེས་ཟེར་རོ།། རྡོ་རྗེ་གསུམ་གསུངས ་ཁྲོ་བོ་ནི་ཞེས་བྱ་བ་ནི་སྐུ་གསུངས་ཐུགས་ཀྱི་རྡོ་རྗེའི་ཡི་གེ་ལས་བྱུང་བ་ཞལ་གསུམ་པ་མི་བསྐྱེད་པའི་གཙུག་གི་ནོར་བུ་ཅན། སྐུ་མདོག་སྔོ་བ་རོལ་པའི་སྟང་སྟབས་ཀྱིས་བཞུགས་པར་ཁྲོ་བོ་རྡོ་རྗེ་ས་འོག་བསྒོམ་མོ་ཞེས་བྱ་བ་ནི་ལྷག་མ ་གསལ་ཞིང་རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཡིས་ཞེས་བྱ་བ་ནི་གསལ་ཤིང་དང་ཞགས་པ་ལ་སོགས་པ་དང་ལྡན་པས་འདི་སྐད་ཅེས་བྱའོ།། དེ་ཡང་ཕྱག་གཡས་པ་གཉིས་ན་གསལ་ཤིང་ལྕགས་ཀྱུ་བསྣམས་པ། གཡོན་གཉིས་ན་རྡོ ་རྗེ་དང་ཞགས་པ་བསྣམས་པ་ཡིན་པར་རིགས་སོ།། ཉེ་བར་མཚན་པ་འདིས་ན་གཡས་ཀྱི་ཅིག་ཤོས་ལ་ནི་རལ་གྲི། གཡོན་ན་དགྲ་སྟི་བསྣམས་པར་ལ་ལ་འདོད་དོ།། དངས་ན་ཞེས་བྱ་བ་ནི་ལྕགས་ཀྱུས་དྲངས་ནས་ཞགས་པས་བཙངས་ལ ་བསྒྱེལ་པའི་ཚུལ་དུ་བྱིས་པའོ།། འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པ་ཇི་སྐད་དུ་བཤད་པའི་རྡོ་རྗེ་ས་འོག་ནི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་སྦྱོར་བས་འདུག་སྙེད་ཉིད་ཀྱིས་སྔ་མ་བཞིན་དུ་ལྷ་མ་ཡིན་གྱི་བུ་མོ་འགུགས་བཞིན་པར་བསམ། ་ལ་མིང་དང་སྤེལ་ནས་དེའི་སྔགས་བཟླས་པའི་སྦྱོར་བས་དགུག་པར་བྱ་སྟེ། ལྷ་མ་ཡིན་གྱི་བུ་མོ་དགུག་པའི་ཁྱད་པར་གྱི་སྦྱོར་བའོ།། གཟས་ཟན་ཚོན་ཁར་བཅུག་སྟེ།། རྫས་རྒྱལ་རྡོ་རྗེ་ལྕགས་ཀྱུས་བསྒྲུབ་ཅེས་བྱ་བ་ནི་གཟས་ཟིན་པའི་ཚེ ་རྫས་ཁར་བཅུག་རྡོ་རྗེ་ལྕགས་ཀྱུ་དགུག་པའི་སྦྱོར་བས་ན་མཁའི་ཁམས་ཐམས་ཅད་ན་གནས་པའི་འཕགས་པ་གཤིན་རྗེ་གཤེང་ལ་སོགས་པ་འགུགས་པ་ལ་བརྩོན་པ་རྣམས་འགུགས་པ་ལ་སོགས་པ་བྱས་ཏེ་བསྒྲུབ ་པར་བྱའོ།། འདི་སྐད་སྟོན་པ་ཡིན་ཏེ། རྣལ་འབྱོར་པས་གཤིན་རྗེ་གཤེད་ལ་སོགས་པའི་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། གཟས་ཟིན་པའི་ཆ་རྫས་ཁར་བཅུག་ལ་དེར་འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་ཇི་ལྟ་བ ་བཞིན་དུ་དགུག་པ་ལ་སོགས་པ་བྱས་ལ་ཟླ་བ་འམ་ཉི་མ་གཟས་ཟིན་པ་ལ་ལྟ་བ་བཞིན་དུ་ཇི་སྲིད་གཟས་གཏང་གི་བར་དུ་བཟླས་པ་བྱའོ།། དེ་ནས་བསྲུང་བ་བྱས་པ་དེ་ལྟར་བསྒྲུབ་པའི་རྫས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས་དྲག་པོ་ལ་སོགས་པ་གང ་ཡང་རུང་བའི་མིང་བྱིས་ལ་རྐང་པོ་གཡོན་པས་མནན་ཏེ་བསྒྲུབ་པར་བྱ་བ་ཡང་རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་གཡོན་རྗེ་གཤེད་ལ་སོགས་པ་རྣམས་ཀྱིས་ལྕགས་ཀྱུས་དྲང་ཞིང་ཞགས་པས་བཅིངས་ནས་འགུགས་བཞིན་པར ་བསམས་ལ། དེ་བཞིན་དུ་མིང་སྤེལ་བའི་སྦྱོར་བས་གསང་སྡིགས་བཟླས་ན་ཁུགས་པར་འགྱུརརོ།། བུད་མེད་དགུག་པ་ལ་ནི་རྐང་པས་མནན་ནོ།། སངས་རྒྱས་འཁོར་ལོ་ལེགས་བསམས་ཏེ།། འཇམ་དཔལ་རྡོ་རྗེ་རྣམ་པར་བསྒོམ་ཞེས ་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་དབུས་སུ་ཇི་སྐད་བཤད་པའི་འཇམ་དཔལ་གྱི་སྐུར་བདག་ཉིད་བསྒོམ་པར་བྱའོ།། ལག་ན་རྡོ་རྗེ་ལྕགས་ཀྱུ་ཐོགས་ཤིང་བྱ་བ་ནི་ཕྱག་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ་ཏེ། སྙིང་གར་འདི ་ཉིད་བསྒོམ་ཞེས་བྱ་བ་ནི་ཁྱད་པར་རོ།། འདི་སྐད་སྟོན་པ་ཡིན་ཏེ། འཇམ་དཔལ་གྱི་རྣལ་འབྱོར་པ་རང་གི་དཀྱིལ་འཁོར་གྱི་དབུསུ་འདུག་སྟེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཇི་སྐད་དུ་གསུངས་པའི་གཤིན་རྗེ་གཤེད་ཀྱི་སྐུར། ་དེའི་སྔགས་ཀྱི་བསྒོམས་ལ། སྔ་མ་བཞིན་དུ་ལེགས་པར་སྤྲོས་ཏེ། མངོན་པར་འདོད་པའི་གནོད་སྦྱིན་མོའི་སྙིང་གར་ཞུགས་པ་དང་། དེ་བསྐལ་པའི་མེ་བཞིན་དུ་བསྲེགས་པར་གྱུར་ལ་རང་གི་མདུན་བསིལ་བར་གྱུར་པའི་ལམ་ཡོད་པ་ལ ་ཨ་གཙྪ་ཨ་གཙྪ་ཞེས་བྱ་བའི་སྔགས་ཀྱིས་འཇམ་དཔལ་རྡོ་རྗེ་ལ་སྐྱབསུ་འགྲོ་བར་མངོན་པར་བས་མས་ལ། གཤིན་རྗེ་གཤེད་ཀྱི་སྔགས་ཡི་གེ་ཀྵི་དང་སྤེལ་བས་བཟླས་ལ་དགུག་པར་བྱའོ།། ཕྱག་རྒྱུ་གསང་སྔགས་སྦྱོར་བ་དང ་ཞེས་བྱ་བ་ལ་སོགས་པོ་ལ། གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་པས་རང་གི་དཀྱིལ་འཁོར་གྱི་དབུསུ་འདུག་སྟེ། རང་གི་ཕྱག་རྒྱ་དང་སྔགས་ལས་བྱུང་བའི་གཤིན་རྗེ་གཤེད་ལ་སོགས་པ་གྲངས་མེད་པས། ནམ་མཁའ ་ཀུན་ཏུ་བཀང་སྟེ། འཁོར་ལོ་དང་རྡོ་རྗེ་ལ་སོགས་རང་གི་མཚན་མ་དང་ལྕགས་ཀྱུ་ཕྱག་ན་བསྣམས་པས་བསྒྲུབ་པར་བྱ་བ་འགུགས་པར་གྱུར་པར་བསམ་ཞིང་ཁྱད་པར་གྱི་སྦྱོར་བས་དགུག་པར་བྱའོ།། འདི་ནི་དགུག་པ་སྤྱིའི་ཡིན་པས་འགུག ་པར་བྱ་བའི་གནསུ་གསུངས་ཞེས་བྱ་བ་ཡིན་ཏེ། དགུག་པ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་ནོ།། གཞན་དུ་བྱས་ན་འགྲུབ་མི་འགྱུར་ཞེས་བྱ་བ་ནི་གལ་ཏེ་སྤྱི་དང་ཁྱད་པར་སྦྱར་བདག་གིས་འགུགས་པ་ལ་སོགས་པ་མི་ཕྱེད་ན་དེའི་ཚེ་དེ་འགྲུབ ་པར་མི་འགྱུརརོ།། དེ་བས་ན་གཉིས་ཀས་ཀྱང་བྱའོ་ཞེས་བྱ་བར་གནསོ།། རྒྱལ་པོའི་ཞིབས་དྲུང་ཀུན་གནས་པས་ཞེས་བྱ་བ་ནི་རྒྱལ་པོ་ནི་སྔགས་ཐམས་ཅད་ཀྱིའོ།། ཀུན་གྱི་གནས་ལ་བཞུགས་ཞེས་བྱ་བ་ནི་གཉི་སུ་མེང་བའི་ཡེ ་ཤེས་ཉིད་ཀྱིས་ལྷ་ཐམས་ཅད་ཀྱི་སྐུ་ལ་རྣམ་པར་བཞུགས་པའོ།། ཡང་དང་ཡང་དུ་བསྐུལ་བར་བྱ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཐུགས་རྡོ་རྗེ་ལས་ཐམས་ཅད་ལ་བཅོམ་ལྡན་འདས་བདག་དངོས་གྲུབ་སྦྲུལ་དུ་གསོལ་ཞེས་སྐད་ཅིག་རེ་རེ་ཞིང ་བསྐུལ་བར་བྱ་སྟེ། ཅིའི་ཕྱིར་ཞེ་ན་རྒྱལ་པོ་ཀུན་གྱི་གནས་ལ་བཞུགས་པས་བྱ་བ་ཡིན་པའི་ཕྱིར་རོ།། གཞན་དག་ནི་དགུག་པའི་ལས་རྣམས་ལ་བཅོམ་ལྡན་འདས་གནོད་མཛེས་ཉིད་བསྐུལ་བར་བྱའོ་ཞེས་ཟེར་རོ།། ཡེ་ཤེས་ཀྱིས་ཞེས་བྱ་བ ་ལ་སོགས་པ་ལ། ཡེ་ཤེས་ཀྱི་རྣམ་པར་རྒྱལ་བ་ནི་གདུག་པའི་རང་བཞིན་ཟིལ་གྱིས་གནོན་པ་སྟེ། ཟིལ་གྱིས་གནོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། རལ་པ་གཅིག་མའོ་དེ་ཉིད་རྡོ་རྗེ་སྟེ། དམིགས་པ་ཞེས་བྱ་བ་ལ་སོགས་པོའི ་དོན་ནི་བཤད་ཟིན་ཏོ།། གསང་སྔགས་བཟླས་བརྗོད་བྱས་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ། རལ་པ་གཅིག་མའི་རྣལ་འབྱོར་པས། དེའི་དཀྱིལ་འཁོར་གྱི་དབུས་ལ་སྔ་མ་བཞིན་དུ་ཀླུའི་བུ་མོ་འགྲོགས་པར་བྱེད་པར་བས ་ལ། བསྒྲུབ་པར་བྱ་བའི་མིང་དང་མདུང་ཅན་མའི་སྔགས་སྤེལ་ཞིང་བཟློའོ།། འདོད་པའི་ཡོན་ཏན་ལྔས་ཆགས་པའི་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ལ་རྗེསུ་ཆགས་པའི་བདག་ཉིད་ཅན་གྱིས་ཏེ། བཅོམ་ལྡན་འདས་མ་འདི་ཡང་སྐུ་མདོག ་སྔོ་བཅོད་པན་ལ་མི་བསྐྱོད་པས་བརྒྱན་པ། རལ་གྲི་དང་ལྕགས་ཀྱུ་དང་རྡོ་རྗེ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་ཁྲག་གིས་ཡོངསུ་གང་བའི་ཐོད་པ་དང་དགྲ་སྟ་ཕྱག་ན་བསྣམས་ལ། རོལ་པའི་སྟང་སྟབས་ཀྱིས་ལེགས་པར་བཞུགས ་པཔ། ཡི་གེ་ཧཱུཾ་ལས་བྱུང་བ་མཆོག་ཏུ་ཀླུའི་བུ་མོ་འགུགས་པར་ཤེས་པར་བྱའོ།། ན་མཁ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ནམ་མཁའ་ནི་གེ་འབྱེད་དོ།། ཆེན་པོ་ནི་ཐམས་ཅད་ཁྱབ་པ་སྟེ། སེམས་ཅན་གྱི་དོན་མཛད་པའི་ཕྱིར་མགྱོགས་པའི་ཤུགས་དང ་ལྡན་པའི་སེམས་ཀྱིས་ཁྱབ་པར་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་ན་འཇུག་པར་དཀའ་བའི་ཕྱིར་རྒྱ་མཚོ་དང་ཆོས་མཐུན་པར་གནས་པས་ན། སྐུལ་བྱེད་མ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་འདའ་བར་མི་བྱ་བས་ནི་དམ་ཚིག་གོ། དེ་ལ་དམིགས ་པཔོཔ་ནི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིནོ།། སྦྱོར་བ་ཡིས་ཞེས་བྱ་བ་སྤྱི་བོར་རྣམ་པར་སྣང་མཛད་དགོད་པ་ལ་སོགས་པའོ།། འདི་སྐད་སྟོན་ཏོ།། སྐུལ་བྱེད་མའི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་གྱི་དབུསུ་འདུག་ལ་ཀླུའི་བུ་མོ་ལ་སོགས་པ་རྡོ་རྗེ་རླུང ་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་འཕགས་པ་ཙུན་ངའི་སྐུ་ན་མཁའ་ཁྱབ་པ་རྣམས་ཀྱིས་འགུགས་པར་བྱེད་པར་བསམས། དེ་བཞིན་དུ་གསང་སྔགས་བཟླས་ནས་བཀུག་སྟེ་ཉེ་བར་ལོངས་སྤྱོད་པར་བྱའོ།། ནམ་མཁའ་ཞེས་བྱ་བ་ལཾ་སོགས་པ་ལ་ཐམས ་ཁྱབ་པས་ན་ན་མཁར་སྟེ། རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཉིད་ཡེ་ཤེསོ།། དེ་མི་ཕྱེད་པས་ན་རྡོ་རྗེའོ།། དེས་རྣམ་པར་རྒྱལ་བ་ནི་གདུག་རྣམས་ཟིལ་གྱིས་གནོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ཁྲོ་གཉེར་ཅན་ནོ།། དེ་ཉིད་མཆོག་སྟེ་དེ་ལ ་དམིགས་པ་ཞེས་བྱ་བ་ལ་སོགས་པ་ན་ག་སླབ།། ཆོས་ཞེས་བྱ་བ་ལ་སོགས་པ་ལ་ཆོས་ཆེན་པོའི་ལུང་དང་རྟོག་པའི་མཚན་ཉིད།། དེ་ཉིད་གཉི་སུ་མེད་པའི་ཡེ་ཤེས་ཀྱིས་བདུད་རྩི་འདྲེན་པས་ན་བདུད་རྩིའོ།། དེ་ཉིད་ནི་དམ་ཚིག་སྟེ ་རྒྱུ་རྫོགས་པ་གང་ཡིན་པ་སྟེ། དེ་ཡང་འདིར་རྡོ་རྗེ་ཁྲོ་གཉེར་ཅན་གྱི་རྣལ་འབྱོར་པས་དེའི་དཀྱིལ་འཁོར་ལ་གནས་ཏེ་ཉེ་བར་ལོངས་སྤྱད་པར་བྱའོ།། ཡང་ན་ཞེས་བྱ་བ་ལ་ཡང་ན་སྨོས་པའི་ནི་འགོག་པའི་རྡོ་རྗེ་བཟླས་པ་ལ་སོགས་པས་སམ། རྡོ་རྗེ་ཕྲ་མོ་ལ ་སོགས་པ་བསྒོམས་པས་སེམས་རྩེ་གཅིག་པ་ཐོབ་པའོ།། སྐྱེ་བོ་མོད་པའི་ཞེས་བྱ་བ་ནི་གཙུག་ལག་ཁང་ལ་སོགས་པར་རོ།། སྔགས་པ་བྱེ་བ་བཟླས་ནས་སུ་ཞེས་བྱ་བ་ནི་ཡི་གེ་ཕྲེང་བ་བཟླས་པས་སོ།། ལས་རྣམས་ཐམས་ཅད་བྱ་བར་གསུངས་ཞེས ་བྱ་བ་ནི་སྔགས་དེ་ཡིས་སོ།། འདི་སྐད་སྟོན་པ་ཡིན་ཏེ། ལྷའི་བུ་མོ་མཆོག་ལ་སོགས་པ་དགུག་པ་ལ་སོགས་པའི་ཇི་སྐད་དུ་གསུངས་པའི་ཆོ་ག་གང་དག་ཡོད་པ་དེ་དགོ་ཐམས་ཅད་ལ་རྡོ་རྗེ་ཕྲ་མོ་ལ་སོགས་པ་བསྒོམས་པས་སེམས་རྩེ་གཅིག་པ་ཐོབ ་པ་འམ། བཟླས་བརྗོད་བྱེ་བ་བྱེ་བ་བྱས་ནས་བྱའོ།། བསྐྲད་པ་ལ་སོགས་པ་ནི་བཟླས་བརྗོད་བྱེ་བ་མ་བྱས་པའམ། སེམས་རྩ་གཅིག་པ་མ་ཐོབ་པས་ཀྱང་དད་པ་བརྟན་པོར་བྱ་བས་ལ་ལ་བྱར་རུང་བ་ཡོད།། གཞན་དགེ་སློབ་དཔོན་སྨོད་པ་དང་ཞེས་བྱ ་བ་ལ་སོགས་པ་ནི་མངོན་སྤྱོད་ཀྱི་ཡུལ་གསུངས་པ་ཡིན།། ཉེ་བར་མཚོན་པ་འདིས་ན་དཀོན་མོཆོག་གསུམ་ལ་གནོད་པར་བྱེད་པ་ལ་སོགས་པའང་བསྡུའོ།། བྱང་ཆུབ་དངོས་གྲུབ་ལེགས་པར་ཐོབ་ཅེས་བྱ་བ་ནི་མངོན་སྤྱོད་ཀྱི་ཡན་ལག་འདིས་མངོན་སྤྱོད ་བྱ་བར་འོས་པ་ལས་བྱས་ན་སེམས་ཅན་ཐམས་ཅད་འདུལ་བའི་ཐབས་ཀྱི་བདག་ཉིད་ཅན་གྱི་བྱང་ཆུབ་རྟོགས་པར་འགྱུརརོ།། སྐུ་གསུམ་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་ལས་བྱུང་བའི་གསོད་པའོ།། དགྲ་ལ་ཡང་ཞེས་བྱ་བ་ལ་ཡང་རྒྱུད ་གཞན་དག་ལས། ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཀྱི་ལུས་དང་ངག་སེམས་བསད་པར་ནི།། ཁྱད་པར་དག་ཏུ་བསྒོམ་པར་བྱ།། དགྲ་རྣམས་ལ་ནི་གདོན་མི་ཟ་ཞེས་གསུངས་པས་འདིར་སོམ་ཉི་མི་བྱ་སྟེ། འདི་ཉིད་ཀྱིས་ནི་གཅིག་ཏུ་བྱ་བ་བདག་གི་ངོ་བོ་ཉིད ་བསྟན་པ་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། སེམས་ཅན་ཐམས་ཅད་གསོད་པ་གཙུག་ལག་ཁང་ལ་སོགས་པ་རྣམ་པར་འཇིག་པ་དང་། སློབ་དཔོན་ལ་སོགས་པ་ལ་གནོད་པར་བྱེད་པ་ལ་སོགས་མངོན་སྤྱོད་ཀྱི་ཡན་ལག་བྱ་བར་འོས་པ་ལ་ལྷའི་བསྲུང་བ་དང ་བྲལ་བར་བྱས་ཏེ། བསྐལ་པ་དུ་མར་དམྱལ་པ་ལ་སོགས་པས་གནས་པར་འགྱུར་རོ།། ཞེས་སྙིང་རྗེའི་སེམས་བསྐྱེད་ལ་མི་བསྐྱོད་པ་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་དུ་བསྐྱོད་པར་བྱའོ་ཞེས་བསམས་ནས་མེད་པར་བྱ་བ་འམ། བསད་པའི་དངོས་པོ་དམིགས ་ལ་གཤིན་རྗེ་གཤེད་ལ་སོགས་པའི་རྣལ་འབྱོར་པས་མངོན་སྤྱོད་ཀྱིས་བྱ་བའི་ལས་བྱའོ།། ཁྲག་གམ་ཆུ་ཡིས་ཞེས་བྱ་བ་ལ་སོགས་པ་ནི་ཆོ་ག་གསུངས་པོ་ཡིན་ཏེ། མཚོན་མ་གོས་བྱ་བ་ནི་བསྲུབ་པར་བྱ་བའི་གཟུགས་བརྙནོ།། ཁྲོ་བོའི་རྒྱལ་པོ་ཞེས ་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའིའོ།། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ན་ཞེས་བྱ་བ་ན་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པས་སོ།། སངས་རྒྱས་ཀྱང་ནི་ངེས་པར་འཇིག་ཅེས་བྱ་བ་ནི་སྦྱོར་བ་ཕུལ་དུ་བྱུང་བར་གསུངས་པ་ཡིན་ཏེ། ཅིའི་ཕྱིར ་ཞེ་ན་འདི་ལྟར་དེ་རྣམས་ལ་ནི་འཆི་བར་འགྱུར་བར་ཡང་མི་སྲིད་ལ། འདིར་དེ་དག་གིས་མངོན་སྤྱོད་བྱ་བའི་ཕུར་བུས་བཤད་པ་ཡང་མ་ཡིན་ན། ཅིའི་ཕྱིར་གསུངས་ཤེ་ན། དེ་ནི་བདེན་ཏེ་དེ་དག་འཆི་བར་འགྱུར་བ་མི་སྤྲིང ་བ་ཉིད་ཡིན་མོད་ཀྱི། འོན་ཀྱང་སྦྱོར་བ་འདི་ཉིད་ལ་དངོས་གྲུབ་མཆོག་སྩོལ་བ་ལས་མི་ལྡོག་པ་ལ་བྱའོ།། རྒྱུད་གཞན་དོག་ལས། འགའ་ཞིག་སྦྱོར་བ་མ་ཐོབ་པས།། སངས་རྒྱས་གསོད་པའི་བདག་ཉིད་ཅན།། དེ་ལ་ཕན་པར་བྱ་བ ་ཕྱིར།། དངོས་གྲུབ་མྱུར་བར་རབ་ཏུ་བསྒོམ་ཞེས་གསུངས་པས་སོ།། ཆུས་བརླན་པའི་ཞེས་བྱ་བ་ལ་སོགས་པ་ནི་བཤང་མ་ཐག་པའི་དོན་ཉིད་བསལ་བར་བསྟན་པས་སོ།། ཁྲོ་བོའི་མདུན་དུ་བཅིངས་ནས་སུ་ཞེས་བྱ་བ་ནི་ཁྲོ་བོའི་ང ་རྒྱལ་དྲག་པོས་བྱས་སོ།། ཁྲོ་བོ་འཁྲུངས་པ་ཡིས་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྲོ་བོའི་ལུས་འབར་བས་ཁྱབ་པའི་ཚུལ་གྱིས་སོ།། ཁ་བཞིན་རྣམ་པར་བསྒྱུར་བྱས་ཏེ། ཞེས་བྱ་བ་ནི་ཁ་བཞིན་དག་རྣམ་པར་བསྒྱུར་བ་ནི་འཇིགས་པར་བྱེད་པ ་གཟུགས་ཅན་ཏོ། རྣམ་པར་བསྒྱུར་བར་ངེས་དུ་མར་རྣམ་པར་བསྒྱུར་བ་སྟེ། རང་གི་ལག་གི་རྗེསུ་མཐུན་པོའི་སྟོབས་དང་ལྡན་པས་དེ་ལ་དེ་སྐད་ཅེས་བྱའོ།། ནི་མཁའི་ཁམས་ཀྱང་འཇིག་པར་འགྱུར་ཞེས་བྱ་བ་འདིས་ནི་ཆེ་བའི་བདག་ཉིད ་བསྟན་པ་ཡིན་ནོ།། མ་མོའི་གནས་ཞེས་བྱ་བ་ལ་སོགས་པ་ནི་མངོན་སྤྱོད་ཀྱི་གནས་ཀྱི་ངེས་པ་གསུངས་པ་སྟེ། གང་ན་མ་མོ་བདུན་པོ་གནས་པ་ནི་མ་མོའི་གནས།། ཤིང་གཅིག་ཏུ་བྱ་བ་ནི་ཤིང་གཞན་གྱི་གྲིབ་མས་མ་ནོན་པ་ཞེས་བྱ་བའི ་དོན་ནོ།། དེའི་རྐང་རྗེས་ས་ལ་བྱ་བའི་བསྒྲུབ་པར་བྱ་བའི་རྐང་རྫས་ཀྱི་སའོ།། ཡང་ཞེས་བྱ་བའི་སྒྲས་ནི་ཆུ་བོའི་ངོས་གཉིས་ཀྱི་ས་ལ་སོགས་པ་ཡང་བསྡུས་ཏེ་དེ་གཟུགས་བརྙན་བྱའོ།། ཞེས་བྱ་བ་ནི་ལྷག་མའོ།། མི་རུས་ལས་བྱས་ཕུར ་བུ་དག་ཞེས་བྱ་བ་ནི་མིའི་རུས་པ་ལས་བྱས་པོའི་ཕུར་བུས་སོ།། ཕུར་བུ་ཡིས་ནི་ཞེས་བྱ་བ་ནི་ལྟེ་བ་ཡན་ཆད་སྟོང་བདུད་རྩི་འཁྱིལ་པའི་གཟུགས་ཅན་ལ་སྨད་རྡོ་རྗེ་རྩེ་གཅིག་པའི་དབྱིབསུ་བྱས་པའོ།། འདི་སྐད་སྟོན་པ་ཡིན་ཏེ། གཤིན་རྗེ། ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་བྱས་ལ། ཇི་སྐད་དུ་བཤད་པའི་ཕུར་བུ་བླངས་ནས་ངོས་བཞིར་ཡུཾ་གེ་ཧཱུཾ་བཞི་སྤྱི་བོར་གཅིག་བཀོད་ལ་དེ་ཉིད་ཀྱིས་དུར་ཁྲོད་དུ་སྣ་ཚོགས་རྡོ་རྗེ་བྱིས་ལ་རྐང་རྗེས་ཀྱི་ས་དང་དུག་ལ་སོགས་པ ་རྣམས་ཀྱིས་དེའི་གཟུགས་བརྙན་བྱས་ཏེ། དུག་ལོ་སོགས་པ་ངེས་པར་བྱས་པའི་ཏ་ལའི་འདབ་མ་ལ་སོགས་པ་དེའི་མིང་དང་སྤོལ་ཏེ། གསང་སྔགས་བྲིས་ལ་དེའི་ཁོང་དུ་བཅུག་སྟེ། ས་ལ་སོགས་པས་ཀྱང་བཀབ་ལ། ཡི་གེ་ཨ་གི ་ས་བོན་ལས་སྔར་བྲིས་པའི་སྣ་ཚོགས་རྡོ་རྗེའི་སྟེང་དུ་ལྷོ་ཕྱོགསུ་མངོན་དུ་ཕྱོགས་པར་བཞག་ལ་གནོད་མཛེས་ཀྱིས་བསྒྲུབ་པར་བྱ་བའི་སྙིང་དྲངས་ནས། གཞུག་པ་དང་། བཅིང་བ་བྱས་ལ། འོག་ནས་བཤད་པའི་ཕུར་བུའི་གསང་སྔགས ་བརྒྱ་རྩ་བརྒྱད་བཟླས་པའི་ཕུར་བུས་སྙིང་གར་བཏབ་ལ་ནང་གི་ཡི་གེ་ཨས་མཚན་པའི་སྣ་ཚོགས་རྡོ་རྗེ་དྲིས་པའི་ཁཾ་ཕོར་གྱིས་གཏོབ་སྟེ། དེ་ཡང་སས་བགབ་པ་དེའི་སྟེང་དུ་རྐང་པ་གཡོན་པས་མནན་ཏེ་ཉི་མ་ཕྱེད་དམ་མཚན་ཕྱེད་ན་གསེང ་སྔགས་བརྒྱ་རྩ་བརྒྱད་བཟླས་པ་རྗོད་བྱའོ།། གདོན་གྱི་ལས་ཐམས་ཅད་ལ་ཕུག་མུ་དང་དྲོ་བཱ་དང་ནི་མུ་བའི་ལོ་མ་དང་། སྦྲར་རྩབས་དང་། སྐེ་ཚེ་ལ་སོགས་པ་དང་ལྡན་པའི་འབྲས་ཆན་དམར་པོ་རུང་ཉིད་ཁྲོ་བོའི་ང ་རྒྱལ་དང་ལྡན་པས་ནང་གི་སྦྱིན་སྲེག་གི་ཆོ་ག་ཇི་ལྟ་བ་བཞིན་དུ་བཟའ་བར་བྱའོ།། དགྲའི་ཁྱིམ་སྒོར་ཞེས་ཚིག་མང་པོར་སྨོས་པས་ནི་གྲོང་བརྡུལ་ལ་སོགས་པ་ཡང་གཟུང་སྟེ། ཕུར་བུ་ཞེས་བྱ་བར་སྦྱར་བར་བྱའོ།། སྦྱོར་བ་འདི ་དག་ལ་ཡང་བརྐོས་ཏེ་བཞུགས་ཅེས་བྱ་བར་སྦྱར་རོ།། ཤེས་དང་མི་ཤེས་རྣམ་སྤངས་པོ་ཞེས་བྱ་བ་ནི་ཤེས་པ་དང་མི་ཤེས་པའི་རྣམ་པར་རྟོག་པ་དང་བྲལ་བའམ། ཡང་ན་གཉིསུ་མེད་པའི་རྣམ་པར་འཇུག་པའི་ཡེ་ཤེས་ནི ་ཤེས་པའོ།། མི་ཤེས་པ་ནི་དེ་ཉིད་མི་ཤེས་པོ་སྟེ་དེ་དེ་དང་བྲལ་བས་ན་མི་ཤེས་སྤངས་པ་སྟེ། སྤངས་པ་ནི་དོར་བའོ།། འདི་སྐད་སྟོན་པ་ཡིན་ཏེ། འདི་དག་ཐམས་ཅད་ནི་སེམས་ཙམ་མོ་ཞེས་བྱ་བ་ངེས་པར་བསམས་ལ་གཤིན་རྗེ ་གཤེད་ལ་སོགས་པའི་ང་ཡང་རུང་བའི་ང་རྒྱལ་ཇི་སྐད་གསུངས་པའི་ཕུར་བུས་བླངས་ལ། ལས་ཀྱི་རྗེསུ་མཐུན་པའི་བསྐུལ་ཚིག་དང་སྤེལ་པའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། དགྲའི་ཁྱིམ་སྒོ་ལ་སོགས་པ་བརྐོས ་གཞུག་པར་བྱའོ།། ཐོད་པ་ཡོངསུ་རྫོགས་པ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་མཚན་ཉིད་ཐམས་ཅད་དང་ལྡན་པའོ།། འམ་གྱི་སྒྲ་ནི་མ་རྙེད་ནི་གཞན་དག་ཀྱང་རུང་བའོ།། རྡོ་རྗེའི་ཚིག་གི་ཞེས་བྱ་བོ་ནི་རྡོ་རྗེའི་ཚིག་གིས་བྱིན་གྱི ་བརླབས་པས་ན་རྡོ་རྗེའི་ཚི་གོ། འདི་སྐད་སྟོན་པ་ཡིན་ཏེ། ཆེ་གེ་མོ་སྐྲོད་ཅེས་བྱ་བ་དང་སྤྲུལ་པའི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་གསང་སྔགས་ཇི་སྐད་དུ་བཤད་པའི་ཐོད་པ་ལ་དུག་ལ་སོགས་པ་རྣམས་ཀྱིས་ལེགས་པར་བྲིས་ལ། ་རྡོ་རྗེའི་ཚིག་གིས་བརྒྱ་རྩ་བརྒྱད་ཡོངསུ་བཟླས་ཏེ། དགྲའི་སྒོ་ཁང་ལ་སོགས་པར་སྦས་ན་གྲོང་ལ་སོགས་པར་བསྐོང་བར་འགྱུར་རོ།། འཆི་བ་འམ་སྐམ་པར་འགྱུར་ཞེས་བྱ་བ་ནི་སོད་ཅིག་པ་འམ་སྒོམས་ཤིག་ཅེས་པ་དང་སྤེལ་བའི་གསང་སྔགས ་བྲིས་པས་སོ།། ཉེ་བར་མཚན་པ་འདས་ནི་སྐྲོད་ཅིག་ཅེས་པ་ལ་སོགས་པ་ཡང་ཡོངསུ་བསྡུའོ།། འདི་སྐད་སྟོན་པ་ཡིན་ཏེ། ཁྲོ་བོ་གང་ཡང་རུང་བའི་ང་རྒྱལ་དུ་བྱས་ནས། ལྷ་ཆེན་པོ་གཅེར་བུ་སྐྲ་བཤིག་པ་ལྷོ་ཕྱོགས་ན་གནས་པ་འདོད་པའི ་རྒྱལ་པོའི་གསང་སྔགས་དང་ཕྱག་རྒྱས་དེ་བཀུག་ལ། རྡོ་རྗེ་འདི་ནི་རྡོ་རྗེ།། སངས་རྒྱས་ཀུན་གྱིས་བྱིན་བརླབས་པ།། དམ་ཚིག་འདས་ན་མྱུར་བར་ནི།། རིགས་བརྒྱད་བཅས་པ་ཐལ་བར་བྱ།། ཨོཾ་ཧ་ནེ་ས་མ་ཡ་ཧཱུཾ་ཕཊ་ཅེས་བརྗོད་ལ་སྔར་བཤད་པའི ་ཁྲོ་བོ་ཏི་རིན་ཏི་རིས་དམ་ཚིག་བྱིན་ལ་ཁ་ཞིང་ཚ་བའི་བཀྲ་མི་ཤིས་པའི་མེ་ཏོག་རྣམས་ཀྱིས་མཆོད་ལ་དེ་བླངས་ནས། དེ་ཡང་རང་གི་ལས་བྱ་བ་བསྒོ་སྟེ། སླར་གཏང་ནས་གྲོང་ངམ་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་འབུས་ཟོས་པའི་འདབ་མེ་ལ་སོགས་པ ་ལ་བདག་ཉིད་མངོན་པར་འདོད་པའི་ལས་དང་རྗེསུ་མཐུན་པར་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བའི་སྦྱོར་བས་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་གསང་སྔགས་མི་རུས་ལ་སོགས་པས་ཕྱག་རྒྱས་གཏོར་མའི་ཚུལ་གྱིས་སམ་ཡི ་དེ་བྱུར་ཕྱོགསུ་བྲིས་ལ་དྲུག་ལ་སོགས་པ་དང་རྣམ་པའི་ལོ་མ་ལ་སོགས་པ་དང་མི་གཙང་བས་བསྡུས་ཏེ་གསང་སྔགས་བརྒྱ་རྩ་བརྒྱུད་བཟླས་ལ་མེ་ཏོག་དེ་ལ་ཡང་ལན་བདུན་མངོན་པར་བཟླས་པ་བྱས་ནས། དེའི ་འོག་ཏུ་ཏ་ལའི་འདབ་མར་སྦྱོར་ཏེ་མེ་ཏོག་ལྷག་མ་རྣམས་ཀྱིས་དཀྲིའོ།། དེ་ནས་སྒྲའི་སྒོ་གར་ཅོག་པུས་དོང་བྱས་ལ་ཉི་མ་བྱེད་དམ་མཚན་ཕྱེད་ནི་སྤྲོ་བར་བྱའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལོ་དེ་བཞིན་གཤེགས ་པ་ཐམས་ཅད་ཇི་སྐད་བཤོད་པའི་སྒྲུབ་པའི་ཐབས་ཀྱི་རིམ་པས་བསྒྲུབ་པ་ལ་ལན་བདུན་ཞུགས་པའི་སྒྲུབ་པོ་ལ། དངོས་གྲུབ་མི་སྩོམ་ན། ཕུར་བུས་གདབ་པ་འདི་མངོན་པར་འདོད་དོ།། དེ་རྣམས་ཀྱི་སྐུ་གསུམ་ནི་སྐུ་དང་གསུང ་དང་ཐུགས་ཏེ། ངོ་བོ་ཉིད་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའོ།། དེ་རྣམས་ཀྱི་ཕུང་བུས་གདབ་པའི་ཕྱིར་རྡོ་རྗེ་ཕུར་བུ་སྟེ། བདུད་རྩི་ཐབས་སྦྱར་ལ་སོགས་པའི་གཟུགསོ།། དེ་ཉིད་ཡེ་ཤེས་རྡོ་རྗེ་སྟེ། དེ་ལ་དམིགས་པ ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཕུར་བུས་གདབ་ལ་ཐོགས་པ་མེད་པའི་གསང་སྔགས་གསུང་པོའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། ཐམས་ཅད་ཅེས་བྱ ་པ་ལ་སོགས་པ་ལ་ཁམས་གསུམ་པོ་ཐམས་ཅད་ཀྱི་སྟེ། ཁམས་གསུམ་བྱུང་བའི་དེ་བཞིན་གཤེགས་པ་ལ་སོགས་པའི་ཡེ་ཤེས་ནི་ཡེ་ཤེས་ཀྱི་བདག་ཉིད་ཅན་ཏེ་སྐུ་གསུང་ཐུག་སོ་དེ་རྣམས་ཕུར་བུས་འདེབས་པར་བྱེད་པའི་སྙིང་པོ་གང ་ཡིན་པ་དེ་ཉིད་ནི་རྡོ་རྗེ་སྟེ། མིང་དེ་སྐད་ཅེས་བྱའོ།། ཕུར་བུའི་སྤྱི་སྔགས་ལ་ནི་སརྦ་དུཥྚཱན་སརྦྦ་པཱ་པཾ་ཞེས་བྱ་བ་བཏོན་ལ་བསྒྲུབ་པར་བྱ་བའི་མིང་གཞུག་པར་བྱའོ།། ཨཱ་ཛྙཱ་བ་ཡཱ་ཏི་ཞེས་བྱ་བའི་འོག་ཏུ་ལྷ་བྱིན་གྱི་ཞེས་བྱ་བ་ཡང་གཞུག། རྡོ་རྗེ ་སེམས་དཔའ་མཉམ་གཞག་སྟེ། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིང་བའོ།། སྐུ་གསུམ་རྡོ་རྗེའི་མཐར་ཐུག་པའོ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་མཐར་ཐུག་སྟེ། བསྒྲུབ་པར་བྱ་བའི་ཞལ་གསུམ་ཞེས་བྱ་བ་ནི ་ལྷག་མའོ།། སྦྱར་ཞེས་བྱ་བ་ནི་མི་རུས་ལ་སོགས་པ་ལས་བྱས་པའི་ཕུར་བུས་དབང་དུ་བྱས་ནས་གདབ་པོ་ཞེས་བྱ་བའི་དོན་ཏོ།། ཁྲོ་བོ་ནས་འབྲས་ཉིད་དུ་ནི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བ་ཞལ་གསུམ་པ་ཕྱག་དྲུག་པ་སྐུ་མདོག་ནག ་པོ་རོལ་པའི་སྟང་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པའི་གཙུག་གི་ནོར་བུ་ཅན། ཕྱག་ན་རལ་གྲི་དང་ལྕགས་ཀྱུ་དང་། འཁོར་ལོ་དང་། ཞགས་པ་དང་། དགྲ་སྟ་དང་རྩེ་གསུམ་པ་བསྣམས་པའོ།། རྡོ་རྗེ་གསུམ་གྲི་ཕུར་བུས་བསམས ་ཞེས་བྱ་བའི་སྐུ་གསུང་ཐུགས་ཀྱི་ཕུར་བུའོ།། བདག་ཉིད་ཆེན་པོ་སྟོབས་པོ་ཆེ་ཞེས་བྱ་བ་ནི་སྟོབས་པོ་ཆེ་འམ་རྡོ་རྗེ་ཧཱུ~ཾ་མཛད་ཆེན་པོ་ལ་སོགས་པས་སོ།། བདུད་རྩི་ཐབས་སྦྱོར་རྡོ་རྗེ་དང་ཞེས་བྱ་བ་ནི་བདུད་རྩི་ཐབས་སྦྱོར་གྱི་གཟུགས་ཅན་གྱི་བུར ་བུས་སོ།། རྡོ་རྗེའི་རྣལ་འབྱོར་གྱིས་ཞེས་བྱ་བ་ནི་ཁྲོ་བོའི་སྦྱོར་བ་དང་ལྡན་པས། འདི་ལ་ཕུར་བུས་གདབ་པར་བྱའོ་ཞེས་པའི་བསམ་པ་བརྟན་པོས་སོ།། སྟེང་དུའང་དམ་ཚིག་དེ་ཉིད་ནི་ཞེས་བྱ་བ་ནི་ཐུགས་ཀ་ནས་བརྩམས་ཏེ་ཇི་སྲིད་དབུའི་བར་དུ ་རྡོ་རྗེ་ཕུར་བུ་དེ་ཉིད་བསམ་པར་བྱའོ།། དམ་ཚིག་ནི་ངེས་པར་བསྒོམ་པར་བྱ་བ་ཡིན་པའི་ཕྱིརརོ།། འདི་སྐད་དུ་སྟོན་པ་ཡིན་ཏེ། གང་གི་ཚེ་རྣལ་འབྱོར་པས་བསྒྲུབ་པ་བདུན་གྱིས་ཀྱང་མ་གྲུབ་ན། རྡོ་རྗེ་སེམས་དཔའ་གང་ཡང་རུང ་བའི་ང་རྒྱལ་དུ་ཇི་ལྟ་བ་བཞིན་དུ་བྱས་ལ་སྔ་མ་ལྷོར་མི་རུས་ལ་སོགས་པ་ལས་བྱས་པའི་ཕུར་བུ་ཐོགས་ཏེ། ས་ལ་སོགས་པ་ལས་བྱས་པའི་རང་གི་ལྷ་མདུན་དུ་བཞག་སྟེ། དེ་གཉིས་པ་ཡང་དགུག་ཅིང་གཞུག་ལ་བཅིངས་ནས་ཕུར་བུས་ཡང ་དག་པར་བཏབ་སྟེ། དེས་ཀྱང་དབུ་ནས་བརྩམས་ཏེ། ཇི་སྲིད་ཞབས་ཀྱི་མཐར་ཐུག་གི་བར་དུ་ཕུག་པར་བསམས་ལ་སྡིགས་མཛུབ་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་སྦྱོར་བ་རྣམས་ཀྱིས་བསྒྲུབ་པར་བྱའོ།། བསམ་གཏན་རྡོ ་རྗེརྗེའི་སྦྱོར་བ་ཡིས་ཞེས་བྱ་བ་འདིས་ནི་བསམ་གཏན་གྱི་ཕུར་བུ་ཉིད་གསུངས་པའོ།། རྒྱལ་ཆེན་རྡོ་རྗེ་སེམས་དཔའ་དང་ཞེས་བྱ་བ་ནི་ཐུགས་རྗེའི་རྣལ་འབྱོར་པ་ལ་དེ་སྐད་ཅེས་བྱའོ།། སངས་རྒྱས་ཀུན་ཀྱང་ཕུར་བུས་འདེབས་ཞེས་བྱ་བ་ནི་སངས་རྒྱས ་ཀྱང་དེའི་ཕུར་བུས་འདེབས་ཞེས་བྱ་བ་ནི་སྔ་མ་དང་སྦྱརརོ།། སྤྱིའི་གསང་སྔགས་ཀྱིས་དེ་བཞིན་གཤེགས་པ་ཕུར་བུས་འདོབས་པ་ནི་བཅོམ་ལྡན་འདས་ཉིད་གཙོ་བོ་ཉིད་དེ། ཕུར་བུས་གདབ་པ་དེ་ལ་ནི་དེ་བཞིན་གཤེགས་པ་རྣམས་ཡིན་ནོ།། ལྷ ་ལྷག་མ་རྣམས་ཕུར་བུས་གདབ་པ་ལ་ནི་རང་གི་བདག་པོ་རྣམས་ཀྱིས་བྱའོ།། ཁྱད་པར་གྱི་གསང་སྔགས་ཀྱིས་ཐམས་ཅད་ཀྱི་ཕུར་བུ་གདབ་པ་ལ་ནི་སྐུ་རྡོ་རྗེ་ལ་སོགས་པ་ཉིད་ཀྱིས་སོ།། མྱུར་དུ་འཆི་བ་འམ་བསྐམ་པར་འགྱུར་ཞེས་བྱ་བ་ནི་སངས ་རྒྱས་ཀྱང་ཞེས་བྱ་བ་ནི་སྦྱར།། འདི་སྐད་སྟོན་པ་ཡིན་ཏེ། སྐུ་རྡོ་རྗེའི་རྣལ་འབྱོར་པས་རང་གི་བསྒྲུབ་པར་བྱ་བའི་དེ་བཞིན་གཤེགས་པ་མདུན་དུ་བསམས་ལ་དེ་ལ་གཉིས་པ་ཡང་དགུག་ཅིང་གཞུག་ལ་བཅིངས་ནས་དེའི་སྟེང་དུ་ཧཱུཾ་ལས་ཕུར་བུ་ཇི་ལྟ ་པ་བཞིན་དུ་བསམས་ལོ་ཁྲོས་པས་དེ་ལ་བསྒོ་བའི་ཚུལ་གྱིས་ཆུར་བུས་གདབ་པའི་གསང་སྔགས་ཇི་ལྟ་བ་བཞིན་དུ་ཟློས་ཤིང་ཕུར་བུས་འདེབས་པར་བསམས་ལ། ཕྱག་རྒྱ་དང་ཚཾ་ཛ~ཾ་གྱིས་ཕུར་བུས་བཏབ་པར་བྱའོ།། སྐུ་ལ་སོགས་པའི་ཕུར ་བུས་གདབ་པར་ཁྱད་པར་གྱིས་གསང་སྔགས་གསུངས་པ་ལ། སྐུའི་ཡེ་ཤེས་ནི་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སོ།། དེའི་རྣམ་པར་བསྒྱིངས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་སྐུའི་ཕུར་བུས་སེམས་ཅན་གྱི་དོན་མཛད་པའོ།། དེ་ཉིད ་རྡོ་རྗེ་སྟེ་དམིགས་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ལ་སོགས་པའི་སྐུའི་ཕུར་བུས་གསང་སྔགས་གསུངས་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། རྡོ་རྗེའི་ཞེས་བྱ་བ་ལ་སོགས ་བལ་རྡོ་རྗེའི་སྐུ་ནི་རྣམ་པར་སྣང་མཛད་དེ་ཉིད་དམ་ཚིག་གོ།། གཉིས་སྨྲ་མེད་པ་ནི་གཉིསུ་མེད་པའི་ཡེ་ཤེས་ཀྱི་སྒྲ་མཐུན་པ་ལས་བྱུང་བ་དིའི་ཕུར་བུ་ཡིན་ལ། དེའི་དེའི་དྲིན་གསང་སྔགས་འབྱུང་ཞེས་བྱ་བར་སྦྱརརོ།། སྣང་སྟབས་ཀྱི་ཕྱག་དྷ ་གསུངས་པ་ནི་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ཕན་ཚུན་དཀྲི་བའི་ཚུལ་དུ་བྱ་བ་ནི་ལག་པ་གཡོན་པ་ཁ་སྦུབ་པ་ལ་དེའི་སྟེང་དུ་གཡས་པ་བཞག་སྟེ། གཡོན་པའི་མཐེའུ་ཆུང་ལ་སོགས་པས་གཡས་པའི་མཐེའུ་ཆུང་ལ་སོགས་པ ་བཟུང་སྟེ། ཕན་ཚུན་དཀྲི་བ་ལྟ་བུ་བྱས་ལ་གཡོན་པའི་མཐེ་བོ་གཡས་པའི་ལག་མཐིལ་གྱི་དབུས་སུ་བཀུག་ལ་བཞག་སྟེ། མཐེ་བོ་དང་སྦྱར་བ་ནི་མཐེ་བོ་སྦྱར་བ་སྟེ། དེས་རྡོ་རྗེ་ཕུར་བུ་གདབ་པར་བྱའོ་ཞེས་བྱ་བྲང ་དོན་ཏོ།། སྣང་མཛད་ཞབས་ཀྱིས་མནན་ན་སུ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་གཟུང་བའོ།། བཏབ་པ་ཙམ་གྱིས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལའོ།། སྐུ་གསུང་ཡེ་ཤེས་ལས་བྱུང་བའི་ཞེས་བྱ་བ་ནི་སྐུ ་དང་གསུང་དང་ཐུགས་ལས་བྱུང་བའི་བཅོམ་ལྡན་འདས་རྣམ་པར་སྣང་མཛོད།། དམ་ཚིག་མཆོག་གིས་བཞེངས་པར་མཛོད་ཅེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེའི་ཕུར་བུའི་རྣམ་པར་ཡོངསུ་གྱུར་པར་བསྒོམ ་བ་ནི་དམ་ཚིག་སྟེ། དེ་ཉིད་མཆོག་གི་འབྱུང་བར་འགྱུར་བའོ།། གཞན་དུ་བྱས་ན་བརླག་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་རྡོ་རྗེ་ཕུར་བུ་འབྱུང་བར་མེ་བསྒོམས་པར་སྡིགས་དང་ཕྱག་རྒྱ་འབའ་ཞིག་རབ་ཏུ་སྦྱར་ན་དེའི་ཚེ་མངོན་པར ་འདོད་པའི་དངོས་གྲུབ་ཉམས་པར་འགྱུརརོ།། འདི་སྐད་སྟོན་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཁྲོས་པས། རང་གིས་བསྒྲུབ་པར་བྱ་བ་མདུན་དུ་ཇི་ལྟ་བ་བཞིན་དུ་བསམས་ཏེ། ཚམ་ངམ་གྱི་ཕྱག་རྒྱ་བཅིངས་ཏེ། ་དེའི་འོག་ཏུ་ཕྱག་རྒྱ་བཅིངས་པ་ལས་བྱུང་བའི་འཁོར་ལོ་འབར་བ་ཡོངསུ་གྱུར་པའི་རྡོ་རྗེའི་ཕུར་བུ་བསྒྲུབ་པར་བྱ་བ་ལ་འབབ་པས་མགོ་ནས་བརྩམས་ཏེ། རྐང་པའི་མཐར་ཐུག་གི་བར་དུ་གཟུགས་བརྙན་གྱི་ཚུལ་དུ་ཕུར་བུ་བཏབ་པར ་བསམ་མོ།། ཡང་ན་བཏབ་པ་ཙམ་གྱིས་སེམས་དཔའ་ཆེ་ཞེས་བྱ་བ་ནི་སྔ་མ་བཞི་ནོ།། སྐུ་གསུང་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་ནི་ཕུར་བུའི་གཟུགས་ཅན་གྱི་བཅོམ་ལྡན་འདས་རྣམ་པར་མཛད་དོ།། དམ་ཚིག་གིས་ཞེས་བྱ་བ་ནི ་བཅོམ་ལྡན་འདས་དེ་ཉིད་ཚམ་ངམ་གྱི་ཕྱག་རྒྱས་སླར་བསྡུ་བའི་སྦྱོར་བའི་མཆོག་གིས་ཆོ་ག་བཞིན་དུ་གནས་ཇི་ལྟ་བར་སླར་བསྡུའོ་ཞེས་བསྟན་ཏོ།། བཞེངས་པར་མཛད་ཅེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་བཏབ་ནས་གྱེན་དུ་བཞུགས ་པའོ།། གཞན་དུ་བྱས་ན་བརླག་པར་འགྱུར་ཞེས་བྱ་བ་ནི་སྟེང་སྟབས་རྗེ་སུ་མ་བསྡུས་པའི་ཉེས་པས་སྲིན་པོ་ལ་སོགས་རྣམས་ཀྱིས་ཉེ་བར་གནོན་པར་བྱེད་པའི་གྲགས་རྙེད་པར་འགྱུར་བས་གནོད་པོར་འགྱུར་བའི་དོན་ཏོ།། དེ་ཡང་སྔགས ་པས་གང་རུང་བཟུང་ནས། དེ་ལའང་བྱམས་པ་ཉིད་དུ་བྱ།། རྡོ་རྗེ་གར་ལ་གནས་ནས་ཀྱང་།། དེ་ལས་ཕྱག་རྒྱ་ལེགས་པར་བསྡུ།། ལས་ཀྱི་ཆོ་ག་མཐོང་པོ་ཡིས།། རྡོ་རྗེ་གན་སུ་བཞག་པར་བྱ།། གཞན་དུ་གསང་བ་པ་ཀུན་དང་།། སྲིན་པོ ་རྣམས་ནི་གནོད་བྱེད།། གླགས་སྐབས་ཚོལ་བར་བྱེད་པ་ཡི།། གནོད་ན་རྣམས་ནི་འཚེ་བྱེད་ཅིང་།། གླགས་ཚོལ་རྗེས་མཐུན་ཤེས་ནས་ནི།། སྔགས་པ་ལ་ནི་རབ་གནོད་བྱེད།། དེ་བས་རྣམ་པ་ཐམས་ཅད་དུ།། སྒྲུབ་པ་པོ་ནི་བློ་ལྡན་པས།། རྡོ ་རྗེ་གནས་ནི་ཞེས་བྱས་ལ།། སྟང་སྟབས་བསྡུ་བ་སྦྱོར་བར་བྱ་ཞེས་གསུངས་པ་ཡིན།། འདི་ཡང་མཚམས་སྦྱར་བ་སྙན་པ་ལས་ཤེས་པར་བྱའོ།། འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་སྟང་སྟབས་བྱ་བ་དག་བྱས་ནས། དེ་བཞིན་དུ་བསྒྲུབ ་པར་བྱ་བ་ཕུར་བུ་བཏབ་པར་རྣམ་པར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཇི་ལྟ་བ་བཞིན་དུ་གར་བྱས་ནས། ཆོ་ག་བཞིན་དུ་རྐང་པ་གཡོན་པའི་གནས་སུ་བསྡུ་བར་བྱའོ།། རྡོ་རྗེའི་ཐུགས་ཀྱིས་ཞེས་བྱ་བ་ལ ་སོགས་པ་རྡོ་རྗེའི་ཐུགས་ཀྱི་ཡེ་ཤེས་ཆེན་པོ་ནི་ཐུགས་རྡོ་རྗེའི་ཡེ་ཤེས་སོ།། དེའི་རྣམ་པར་བསྒྱིངས་པ་ནི་དེ་བཞིན་གོ་ཤེགོས་པ་ལ་སོགས་པའི་ཐུགས་ཀྱི་ཕུར་བུས་རྣལ་འབྱོར་པའི་མངོན་པོར་འདོད་པའི་དོན་རྫོགས་པར་མཛོད་པ་སྟེ། ་དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། །། དམ་ཚིག་ཆེན་པོ་ཡི་ཞེས་བྱ་བ་ལ་སོགས་པ་ལ། ཆེན་པོ་ནི་སངས་རྒྱས་ལ་སོགས་པ་སྟེ། དེ་རྣམས་ཀྱི་དམ་ཚིག་ནི་འོག་ནས་བཤད ་པའི་སྟང་སྟབས་སོ།། དེས་ཕུར་བུས་འདེབས་པས་དེའི་དོན་དུ་གསང་སྔགས་ཕྱུང་ངོ་ཞེས་བྱ་བར་སྦྱརོ།། རྩེ་མོ་ལྔ་པོ་བཅིངས་ན་སུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྣམས་པ་བཅིངས་ན་སུ་སྲིན་ལག་གཉིས་གོ་བཟློག་ཏེ། གུང ་མོའི་ནང་དུ་གཞུག། མཐེ་བོ་དང་མཐེའུ་ཆུང་དག་སྦྱར་གུང་མོ་དག་ཀྱང་སྦྱར་བར་བྱས་ལ། གུང་མོ་གཉིས་དམ་པོར་སྦྱར་བའི་ཚིགས་གསུམ་པའི་གནསུ་མཛུབ་མོ་བཀུག་ནས་རྡོ་རྗེ་དང་འདྲ་བར་ནས་གང་ཙམ་གྱིས་མ་རེག་པར ་བཞག་ན་རྩེ་མོ་ལྔ་པ་བཅིངས་པར་འགྱུར་ཏེ། དེས་རྡོ་རྗེའི་ཕུར་བུ་གདབ་པར་བྱ་བའི་དོན་ཏོ།། རྡོ་རྗེའི་ཐུགས་ཀྱི་ཞབས་ཀྱི་མིནན་ཅེས་བྱ་བ་ནི་ཐུགས་རྡོ་རྗེའི་སྦྱོར་བས་གཟུང་བའོ།། སྐུ་གསུམ་ཡེ་ཤེས་ལས་བྱུང་བའི་ཞེས་བྱ་བ་ནི་ཐུགས ་རྡོ་རྗེའི་ཕུར་བུའི་གཟུགས་སུའོ།། དམ་ཚིག་མཆོག་གི་ཞེས་བྱ་བ་ལ་སོགས་པའི་ཡན་ལག་དང་སྤྱིའི་དོན་བཤད་ཟིན་ཏོ།། འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དབང་ཕྱུག་ཉིད་ནི་གསུང་གི་ངོ་བོའོ།། དེ ་ཉིད་དམ་ཚིག་སྟེ། དེའི་རྣམ་པར་བསྒྱིངས་པ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་གསུང་གི་ཕུར་བུས་སེམས་ཅན་གྱི་དོན་མཛད་པ་སྟེ། དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ་གསུང་གི་ཞེས་བྱ་བ་ལ་སོགས་པ་ལ་གསུང་གི་དམ་ཚིག་ནི་འཇིག་རྟེན་དབང་ཕྱག་གོ། དེའི་སྟང་སྟབས་ཀྱི་འོག་ནས་བཤད་པའོ།། དེས་ཕུར་བུས་འདེབས་པས་ན་དེའི་དོན་དུ་གསང་སྔགས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ།། རྡོ ་རྗེ་སོར་མོ་བཅུམ་པའི་ཞེས་བྱ་བ་ལ་སོགས་ལ་ཐལ་མོ་ཁོང་སྟོང་སྦྱར་བ་བཅིངས་ལ་པདྨ་ཁ་བྱེ་བ་ལྟ་བུར་རྡོ་རྗེའི་སོར་མོ་བཞག་པ་ནཱི། པདྨ་ཁ་བྱེ་འབར་བ་སྟེ་དེས་རྡོ་རྗེ་ཕུར་བུ་གདབ་པར་བྱའོ་ཞེས་སྦྱར་རོ།། འདོད་ཆགས་རྡོ་རྗེའི ་ཞབས་ཀྱིས་མནན་ཅེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་སྦྱོར་བས་གཟུང་བའོ།། སྐུ་གསུམོ་ཡེ་ཤེས་ལས་བྱུང་བ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་ཕུར་བུའི་གཟུགས་ཅན་ནོ།། དམ་ཚིག་མཆོག་གི་ཞེས་བྱ་བ་ལ་སོགས་པའི ་ཡན་ལག་གི་དོན་དང་སྤྲོའོ་དོན་ནི་སྔ་མ་བཞིནོ།། སྐུ་གསུང་ཐུགས་ཀྱི་ཆགས་པའི་ཞེས་བྱ་བ་ནི་རང་གི་ལྷོའི་སྐུ་གསུང་ཐུགས་བསྒོམ་པ་ལས་བྱུང་བའི་ཡིད་བདེ་བའི་ཁྱད་པར་དང་ལྡན་པའི་གསང་སྔགས་ལ་སོགས་པས ་ཕུར་བུ་གདབ་བོ།། ཆོ་ག་བཟང་པོ་ཙམ་གྱིས་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཆོ་གའི་རྣམ་པས་སོ།། མནན་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་བྱ་བ་ལ་འདིས་ནི་བསམ་གཏན་གྱི་ཕུ་བུར་བསྒོམ་པ་གཙོ་བོར་བསྟན་ཏོ།། མཉེས ་ཤིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་ཕུར་བུར་རྣལ་འབྱོར་པའི་མངོན་པར་འདོད་པའི་དངོས་གྲུབ་གཟིགས་པའོ།། དེ་ཉིད་ཀྱིས་ན་མགུ་བ་མཉེས་པའོ།། རྡོ་རྗེ་དབྱངས་ནི་འདི་སྐད་གསུངས་ཞེས་བྱ་བ་ནི་ཐིགས་པ་མེད ་པ་སྒྲས་གསུངས་པའོ།། ཨེ་མའོ་གསང་བའི་ཚིག་གི་མཆོག་ཅེས་བྱ་བ་ནི་སྤྱིའི་ཕུར་བུའོ།། ཨེ་མའོ་སྙིང་པོ་ཀུན་འདུས་པ་ཞེས་བྱ་བ་ནི་སྐུའི་ཕུར་བུའོ།། ཨེ་མའོ་ཞི་བ་ཆོས་ཀྱི་ཚིག་ཅེས་བྱ་བ་ནི་གསུང་གི་ཕུར་བུའོ།། ཨེ་མའོ་རྗེ ་རྗེའི་ཡེ་ཤེས་ཕུར་བུ་གདབ་ཅེས་བྱ་བ་ནི་ཐུགས་ཀྱི་ཕུར་བུའོ།། གས་སྔགས་ཀྱི་ཕུར་བུར་ཞེས་བྱ་བ་ནི་གང་འདི་བཤད་མ་ཐག་པའི་གསང་སྔགས་དེ་ཐམས་ཅད་ཀྱི་ཕུར་བུའོ།། བདེ་གཤེགས་བཀའི་རྗེ་སུ་བྱེད་ཅེས་བྱ་བ་ནི་གང་དེ་བཞིན ་གཤེགས་པའི་བཀའི་རྗེ་སུ་བྱེད་པའི་དོན་གྱིས་ན་འདི་སྟོན་ཏེ། གསང་སྔགས་ཀྱི་ཕུར་བུ་གང་བ་པ་ལ་སོགས་པ་ནི། དོན་དམ་པར་མི་སྲིང་མོད་ཀྱི་འོན་ཀྱང་དེ་བཞིན་གཤེགས་པ་དམ་ཚིག་མཆོག་མཁྱེན་པས་བུར་བུས་གདབ་པ་ལ་སོགས ་པ་གསུངས་པ་ཡིན།། འདི་དག་ཅེས་བྱ་བ་ལ་སོགས་པ་ལ་གཉིས་མེད་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ཉིད་ཡིན་པས་ཕུང་བུ་ནི་དེ་ཁོ་ན་ཉིད་ལས་བྱུང་བའོ།། ། ད་ནི་དཀྱིལ་འཁོར་ཀྱི་ལྷ་རྣམས་ལ་མ་གཏོགས་འོད་ཟེར་ཅན་ལ ་སོགས་པའི་གསང་སྔགས་དང་ལས་རྣམས་ཀྱང་གསུངས་པ་ནི་ཆོས་ཀུན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ། ཆོས་ཀུན་ཐམས་ཅད་འཆིང་ཞིང་ལྡོངས་པར་བྱེད་པའི་རྡོ་རྗེ་ནི་འོད་ཟེར་ཅན་ནོ།། དེ་ལ་དམིགས་པ་ཞེས་བྱ་བའི་དོན་ནི་བཤད་ཟིན ་ཏེ།། ཐུགས་ནི་དགྱེས་ཤིང་མགུ་བར་གྱུར་ཅེས་བྱ་བ་ནི་གདུག་པ་མ་ལུས་ལྗོངས་པར་བྱེད་པའི་རིག་སྔགས་འདིས་སེམས་ཅན་གྱི་ཁམས་བདེ་བར་བྱས་པར་གཟིགས་པས་རབ་ཏུ་དགྱེས་པ་བརྙེས་པའོ།། སྦྱོར་བ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ ་སྟེ། དེས་ན་བསྒོམ་པ་ལ་སོགས་པ་ཡང་མངོན་པར་བརྩོན་པའོ།། དེའི་རབ་ཏུ་སྦྱོར་བ་ཡང་འདི་ཡིན་ཏེ། རྟ་བདུན་གྱིས་ཉེ་བར་མཛེས་པར་བྱོས་པའི་ཤིང་རྟ་ལ་གནས་པའི་གཞལ་ཡས་ཁང་གི་ནང་དུ་ལྷ་མོ་འོད་ཟེར་ཅན་གྱི་ང་རྒྱལ་ཇི་ལྟ ་བཞིན་དུ་བྱས་ཏེ། དེའི་དཀྱིལ་འཁོར་གྱི་དབུས་ཀྱི་ངོས་ཐམས་ཅད་ལ་དེའི་གྲོགས་རྣམས་དེར་གནས་པར་བསམས་ལ། ཉི་མའི་དཀྱིལ་འཁོར་གཉིས་ཀྱིས་གཞལ་ཡས་ཁང་ཁ་སྦྱར་བྱས་ཏེ། དེ་ལས་བྱུང་བའི་འོད་ཟེར་དམར་པོ་རྣམས ་ལྷ་མོ་འོད་ཟེར་ཅན་གྱི་སྐུར་ཡོངསུ་གྱུར་པ་ཁབ་དང་སྐུད་པ་ཐོགས་པས། གདུག་པ་རྣམས་ཀྱི་ཁ་དང་མིག་འཚེམ་པར་བསམས་ལ། ལག་པ་གཡོན་པར་ཟླ་བ་རྡོ་རྗེ་ཟླ་བ་ལ་ཡང་འཁོར་ལོ་རྩིབས་བརྒྱད་པ་དེའི་ལྟེ་བར་འོད་ཟེར་ཅན་གྱི ་སྔགས་སྔགས་དེའི་ལོགས་ཀྱི་རྩིབས་རྣམས་ལ་གྲོགས་ཀྱི་མིང་བཀོད་ལ། དབུགས་མི་འབྱིན་པར་དེའི་སྔགས་ལན་བདུན་བརྗོད་ལ། ཨོཾ་ཨཱཿཧཱུཾ་ཞེས་བརྗེད་ལ། རྡོ་རྗེ་ཁུ་ཚུར་གྱིས་གོས་གཡོག་པར་བྱས་ལ། དེ་མ་བཀྲོལ་བར་འོད་ཟེར་ཅན་གྱི་གསང ་སྔགས་ཟློས་ཤིང་མི་སྨྲ་བར་དོགས་པ་མེད་ཅིང་བློ་བརྟན་པས་འགྲོ་བར་བྱའོ།། གནོད་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ། གནོད་པར་བྱེད་པ་ཐམས་ཅད་ནི་སེམས་ཅན་མང་པོ་ལ་འཁུ་བར་བྱེད་པ་ལ་སོགས་པའོ།། ་རྣམས་འདུལ་བ་ནི་རང་གི་ཉེས་པ་ལ་བཟློག་པ་སྟེ། དེ་ནི་རྡོ་རྗེ་པདྨ་དཀར་པོའིའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ། དུར་ཁྲོད་ཀྱི་རས་ལ་སྲིན་མོ་ཆེན་མོ་བཙག་གིས་བྲིས་ནས། ཞེས་བྱ་བ་ནི་དུར་ཁྲོད ་ཀྱི་རས་ཉིད་ལ་བྲི་བའོ།། ལེགས་པར་སྦས་ཏེ་ཞེས་བྱ་བ་ལ་དབེན་པར་བཞག་པར་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། རིག་སྔགས་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ་ཞེས་བྱ་བ་ནི་རྗེསུ་མཐུན་པར་བསྒྲུབ་པར་བྱ་བའི་མིང་བསྐུལ་ཚིག་དང་བཅས་པ ་མིང་ནས་སྨོས་ཤིང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མིང་བརྗོད་པའོ།། ཕྱིར་རྒོལ་བ་དང་དགྲ་ཐམས་ཅད་ཅེས་བྱ་བ་ནི་རྫས་གཅིག་མངོན་པར་འདོད་པ་ལས་བྱུང་བའི་དགྲ་བོའི་ཕྱིར་རྒོལ་བའོ།། མི་མཛའ་བའི་ཕྱོགསུ་ལྟུང་བ་ནི་དགྲ་པའོ།། བཅིང ་བ་ཞེས་བྱ་བ་ནི་ཅི་ཡང་མི་བྱེད་པ་ཉིད་དུ་བྱེད།། དེ་ཉིད་ནི་འོག་མས་བསྟན་པ་ནི། མནན་པ་དང་ཞེས་བྱ་བ་ལ་སོགས་ཏེ། མི་འགུལ་བར་བྱས་པ་ནི་མནོན་པའོ།། ཚིག་དང་བྲལ་བར་བྱས་པ་ནི་རྨོངས་པའོ།། འོད་སྐད་སྟོན་པ་ཡིན་ཏེ། རིན་ལ ་མི་བརྩེག་པར་ཉོས་པ་འམ། འབད་པ་མེད་པ་ལས་བྱུང་བའི་དུར་ཁྲོད་ཀྱི་རས་ལ་བཅོམ་ལྡན་འདས་མ་ཇི་ལྟ་བ་བཞིན་དུ་བྲིས་ལ་དབེན་པར་བཞོག་སྟེ། དགུག་པ་ལ་སོགས་པ་བྱས་ནས་གུ་གུལ་གྱི་བདུག་པ་བསྲེགས་ལ་ཉིན་ཞག་བདུན་གྱི་བཱ་དུ ་ཐུན་བཞིར་མེ་ཏོག་དམར་པོ་ལ་སོགས་པ་མཆོད་པ་རྣམ་པ་ལྔས་ལེགས་པར་མཆོད་ལ། ལྷས་བྱིན་སྟཾ་བྷ་ཡ་ཞེ་ལ། ཛ་བྷ་ཡ་ཞེས་བསྐུལ་བའི་ཚིག་དང་བཅས་པར་རིགས་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་རས་རིས་བླངས་ཏེ་ཉི་མའི་གུང་ངམ་མཚན ་ཕྱེད་དུ་དུར་ཁྲོད་དུ་སོང་སྟེ་དེར་ཅོག་པུས་དོང་བྱས་ལ། ཐོད་པ་གཉིས་ཀྱི་བར་དུ་རས་རིས་བཙུག་ལ་སས་བཀབ་སྟེ། ཡུངས་ཀར་དཀར་པོ་ལ་རིག་སྔགས་ལྷས་བྱིན་སྟཾ་བྷཱ་ཡ་ཞེས་བསྐུལ་པོའི་ཚིག་དང་ལྡན་པར་བརྒྱ་རྩ་བརྒྱད་བཟླས་ལ། ་དེདེའི་སྟེང་དུ་གཏོར་མ་ལས་གྲུབ་ནས་བཅོམ་ལྡན་འདས་མ་སྤྱན་དྲངས་ལ་ཇི་ལྟ་བཞིན་མཆོད་དེ་སླར་གཤེགས་སུ་གསོལ་ལོ།། ནད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་ནོད་ཆེན་པོ་ཐམས་ཅད་ནི་རིམས་ལ་སོགས་པའོ།། དེ་སེལ་བ་ནི་མེད་པར་སེལ ་ཏེ་དེས་ན་རྣམ་པར་རྒྱལ་བ་ཞེས་བྱ་སྟེ། རི་ཁྲོད་ཀྱི་ལོ་མ་ཅན་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་ཡེ་ཤེས་ཀྱི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤང་ཟིན་ཏོ།། །། ཡམ་ཤིང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདི་སྐད་སྟོན་པ ་ཡིན་ཏེ། ཞི་བའི་ཚོགས་ཐབ་ཁུང་གིས་དབུས་སུ་བཅོམ་ལྡན་འདས་ཡུམ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེའི་ཞལ་དུ་ཏིལ་ལ་སོགས་པ་མར་ལ་སོགས་དང་བསྲེས་པ་དབུལ་ཞིང་སྲེག་བླུགས་རེ་རེའི་རྗེས་ཐོགས་ལ་ཡང་དེའི་སྐུ་ལས་བྱུང་བའི་བདུད ་རྩིའི་ཆུས་ཡོངསུ་གང་བའི་བུམ་པ་འཛིན་པའི་རི་ཁྲོད་ཀྱི་ལོ་མེ་ཅན་གྱི་ལྷ་མོ་ན་མཁའ་ཁྱབ་པ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་དབང་བསྐུར་བར་གྱུར་པས་རིམས་ལ་སོགས་པའི་ནད་ཐམས་ཅད་སེལ་བར་བསམ་པར་བྱའོ།། སྡང་བ་ཐམས་ཅད ་ཅེས་བྱ་བ་ལ་སོགས་ལ་སྡང་བ་ཐམས་ཅད་རྣམ་པར་འཇོམས་པ་ནི་ནུས་པ་མེད་པར་བྱས་པའོ།། དེས་སེམས་ཅན་རྣམས་གདུག་པས་འཇིགས་པ་ལས་སྒྲོལ་ཞིང་ཐར་པར་བྱེད་པས་སྡང་བ་ཐམས་ཅད་རྣམ་པར་སེལ ་པ་ཞེས་བྱ་སྟེ། སྟོང་ཆེན་མོས་རབ་ཏུ་འཇོམས་མ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ་བ་ཞེས་བྱ་སྟེ། ཡེ་ཤེས་ཆེན་པོའི་སྟོབས་ཀྱིས་རྣམ་པར་རྒྱལ་བས་སོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི ་དོན་ནི་བཤད་ཟིན་ཏོ།། གྱུར་ཅེས་བྱ་བ་ནི་དེ་ལྟར་གྱུར་པའོ།། གཙོ་བོ་ཞེས་བྱ་བ་དེ་ལྟར་ཤེས་ནས་འདི་སྐད་སྨྲསོ།། ཞེས་བྱ་བ་ནི་ལྷག་མའོ།། ཕྱག་སྟོང་ལྡན་ཞིང་ཞལ་སྟོང་ལ་ཞེས་བྱ་བ་ནི་སྤྲུལ་པ་ཉིད་ཀྱིས་སོ།། གང་ཕྱིར་བརྩོན་འགྲུས་ཆེན ་མོ་ཕྱག་བརྒྱད་པ་ཞེས་བྱ་བ་དང་། ཞལ་རས་བཞི་པ་སྟེ་ཞེས་བྱ་བ་གསུངས་པའི་ཕྱིར་རོ།། ཁྲོ་བ་དང་སྒེག་པའི་ཉམས་དང་ལྡན་ཞེས་བྱ་བ་ནི་སྒེག་པའི་ཉམས་དང་བཅས་པ་དང་ལྗོན་པའོ།། ཞེས་བྱ་བའི་བར་དུའོ།། ཕྱག་གཡོན་པདྨ་རྡོ་རྗེ ་ནོར་ཞེས་བྱ་བ་ནི་ཕྱག་གཡོན་པའི་དང་པོ་ནི་པདྨ་སྟེང་ན་རྡོ་རྗེ་མཚན་པའི་ཡིད་བཞིན་གྱི་ནོར་བུ་བསྣམས་པའོ།། མདོག་དམར་ཞེས་བྱ་བ་ནི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན་ནོ།། རང་གི་རྣལ་འབྱོར་ལ་བརྩོན་པ་ཞེས་བྱ་བ་ནི་རླུང་གི་ང་རྒྱལ ་དུ་བྱས་པ་ལ་རབ་ཏུ་འབད་པས་སོ།། འབར་ཕྲེང་ཅན་ཞེས་བྱ་བ་ལ་འདིར་བསྒོམ་མོ་ཞེས་བྱ་བ་ནི་ལྷག་མའོ།། དེའི་ལས་ཀྱིས་བསྐུལ་བའི་ཞེས་བྱ་བ་ནི་རྒྱུད་གཞན་གྱི་དཔུང་རྣམ་པར་བཟློག་ཅིག་ཅེས་བྱ་བ་ལ་སོགས་བའི་ཚིག་དང་ལྡན ་པས་བསྐུལ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་དབང་ཕྱུག་ལས་འདོད་པས་ཞེས་བྱ་བ་ནི་སྔགས་པས་བློའི་ཡུལ་དུ་བྱས་པའོ།། འདྲ་ཞེས་བྱ་བ་ནི་རབ་ཏུ་སྦྱོར་བས་སོ།། དཔུང་ཆེན་པོ་ཞེས་བྱ་བ་ནི་ཡན་ལག་བཞི་པའི་མནྟ། ་ཉིད་དོ།། རྣམ་པོར་ལྟ་བ་ནི་བདག་ལ་སོགས་པ་བསྲུང་བའི་ཕྱིར་ངེས་པར་རྟོག་པའོ།། གང་ཐམས་ཅད་བསྲུང་བ་དེ་ནི་སྟོབས་ཀྱི་མཆོག་སྟེ་ཤིན་ཏུ་སྟོབས་དང་ལྡན་པའོ།། སྟོང་ཆེན་མོ་རབ་ཏུ་འཇོམས་པ་ནཱི་ཤིན་ཏུ་ངོ་མཚར་དུ་གྱུར ་པབ་ལ་འཇུག་པས་ཏེ། སྟོང་གིས་ལན་སྟོང་དུ་རྣམ་པར་འཇོམས་པས་ན་བཅོམ་ལྡན་འདས་ཡུམ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ཡེ་ཤེས་ཀྱིས་རྣམ་པར་རྒྱལ་བའི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ་འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། འགའ་ཞིག་བདག་ཉིད་སྲུང་ཞིང་གཞན་གྱི་དཔུ་དེ་རྣམ་པར་འཇིག་པ་ལ། ཇི་སྐད་བཤད་པའི་བཅོམ་ལྡན་འདས་ཡུམ་འདི་དང་སྦྱར་བར་བྱའོ།། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་གྱི ་མངོན་པར་མཐེ་བ་ནི་བསྒྲེང་བའོ།། འདི་དོན་གྱི་སྟོབས་ནི་ནུས་པའི་ཁྱད་པར་དེ་ཡང་དག་པར་བསྐྱེད་པའི་རྒྱལ་མཚན་མཆོག་གི་དཔུང་རྒྱན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ཀྱང་ལྷ་མ་ཡིན་རྣམ་པར་འཇོམས་པས་ན་དེ་སྐད་ཅེས་གསུང ་པ་ཡིན་ཏེ། དེ་ཉིད་ནི་རྒྱལ་བའི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ཕྱོགས་བསྡིགས་པའི་ཕྱག་རྒྱ་ཅན་ཞེས་བྱ་བ་ལ་རང་རང་གི་ཕྱོགས་ན་འདུག་པའི་གདུག་པ་རྣམས་ལ། བསྡིགས་པའི་མཛུབ་མོའི་ཕྱག ་རྒྱ་དང་ལྡན་པའོ་ཞེས་བྱ་བ་ནི་ལྷག་མའོ།། བསྡིགས་པ་སྟེ་ཞེས་བྱ་བ་ནི་བསྲུང་བའི་བདག་ཉིད་ཅན་ནོ།། རྡོ་རྗེ་རོ་ལངས་ཕྱུང་བ་ཡིས་ཞེས་བྱ་བ་ནི་འབྱིན་པའི་དཔུང་རྣམས་བཅོམ་ཞིང་གཏོར་བར་བལྟ་ཞེས་བྱ་བ་ནི ་བཅོམ་ལྡན་འདས་མ་དེ་བསྒོམ་ཞིང་དེ་ལས་བྱུང་བའི་རོ་ལངས་རྣམས་ཀྱིས། གཞན་གྱི་དཔུང་རྣམ་པར་འཇོམས་པར་བལྟ་བ་དང་། བསྒོམ་པར་བྱའོ་ཞེས་འདིར་གཽཉི་ག་སྦྱར་རོ།། འདི་སྐད་སྟོན་པ་ཡིན་ཏེ། སྔར་བསྙེན་པ་བྱས་ལ་རས ་རིན་ལ་མི་བརྩེག་པར་ཉོས་ཏེ། དེ་སྔགས་ཟློས་པ་ལ་བརྩོན་ཞིང་གསོ་སྦྱོང་དང་ལྡན་པའི་བཟོ་བོ་མཁས་པས་བཅོམ་ལྡན་འདས་མ་ཇི་ལྟ་བ་བཞིན་དུ་བྲིས་ལ། དེས་དགུག་པ་ལ་སོགས་པ་བྱས་ཏེ། དུས་ཅུང་ཟད་དུ་ཡང་འདས་ལ། ་གཡུལ་འགྱེད་པའི་ས་ཕྱོགསུ་སོང་ཏེ། གླང་པོ་ཆེའི་རྒྱབ་ཏུ་གཞན་གྱི་དཔུང་ལ་མངོན་པར་ཕྱོགས་པར་རས་རིས་བསྒྲེང་ལ། དེས་དགུག་པ་ལ་སོགས་པ་བྱས་ཏེ། རས་དཀར་པོ་མ་སྤྱད་པས་གཡོགས་ནས། མཚོན་ཆ་འབབ་པ་ལ ་མངོན་པར་ཕྱོགས་པའི་དུསུ་གླང་པོའི་མདུན་དུ་བརྟན་ཞིང་མི་དར་ལ་བབ་པའི་སྐྱེས་བུ་མཚོན་ཆ་སྟེང་ཐོགས་པས་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོའི་ང་རྒྱལ་དུ་བྱས་ལ། རིག་མ་མི་གཡོ་བའི་དར་དབྱངས་བཅིངས་ཏེ། བསྟན་པ་ལ་སོགས ་པའི་བསྲུང་བའི་དོན་དུ་རྒྱལ་བར་གྱུར་ཅིག་པའི་སྒྲ་དབྱངས་དང་དུང་གི་སྒྲ་དང་ཙ་ཅི་གདོན་པར་བྱ་ཞིང་ང་རྒྱལ་བསྐྱེད་ལ་མྱུར་བར་རས་རིས་ཕྱེ་ནས་དེ་ལས་བྱུང་བའི་རོ་ལངས་རྣམས་ཀྱིས་གཞན་གྱི་དཔུང་འཇོམས་པར་འགྱུར་བཞིན་པར་བལྟས་ལ། རྒྱལ ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བརྗོད་ཅིང་གསང་སྔགས་གདོན་པར་བྱའོ།། འཇིག་རྟེན་གསུམ་ལ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གསུམ་ནི་གནས་པ་སྟེ། དེ་ལ་གནས་པའི་གདུག་པ་རྣམ་པར་འཇིག་པར་ནུས་ཤིང ་གསལ་བའོ།། དེ་ལ་མཁས་པ་ནི་ལེགས་པར་བྱང་བ་སྟེ། རྒྱལ་མཚན་མཆོག་གི་དཔུང་རྒྱན་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་མཆོག་སྟེ་སངས་རྒྱས་རྣམས་ཀྱི་རྩེ་མོ་ཡིན་ལ་དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི ་དོན་ནི་བཤད་ཟིན་ཏོ།། །། མངལ་ཞེས་བྱ་བ་ལ་སོགས་པ་ལ། བུད་མེད་ཐམས་ཅད་ཀྱི་མངལ་ཡང་དག་པར་བསྐྱེད་པ་ནི་མངལ་ཆགས་པ་སྟེ། དོན་དེ་སྤྲོས་པར་མཛད་པས་ན་སོ་སོར་འབྲང་མ་ཆེན་མོ་ལ་དེ་སྐད་ཅེས ་བྱ་སྟེ། དེ་ཉིད་རྡོ་རྗེའོ།། དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། འཇིག་པ་དང་ནི་སྐྲག་པ་ཡིས་ཞེས་བྱ་བ་ནི། རྗེ་སུ་ཉེ་བར་གྱུར་པར་ཤེས་པར་བྱའོ་སྐུ་གསུམ་འཕྲོ་བ་དང་ལྡན་པ་ཞེས་བྱ་བུ་ནི། སྐུ་དང་གསུང ་དོང་ཐུགས་ཏེ་གསུམ་གྱི་ཚུལ་སྤྲོ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒོམ་པ་ཞེས་བྱ་བ་ནི་ལྷག་མའོ།། བུམ་པའི་མཚོ་དང་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བས་གསུངས་པ་སྟེ། མངལ་འཛག་མ་དྲང་བུ་མཽ་འཚོ་བ་དང་། མངལ ་མི་འཆགས་པ་དང་། མངལ་ཉམས་པ་རྣམས་སོ་སོར་འབྲང་བ་ཆེན་མོའི་དཀྱིལ་འཁོར་འདིར་བཅུག་ལ་དེ་ཞེས་བྱ་བ་འདིར་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ།། སྐལ་ངན་ནི་ཞེས་བྱ་བ་ནི་སྡིག་པའི་ལུས་ཡི་གེ་ཀཽ་ལས་བྱུང་བའོ།། སྡིག ་པ་དྲལ་བ་དྲལ་ནས་ཀྱང་ཞེས་བྱ་བ་ནི་སྡིག་པ་དྲལ་བའི་སྔགས་ཕྱག་རྒྱ་དང་བཅས་པས་སོ།། དེ་ལ་འདི་ནི་སྔགས་དང་ཕྱག་རྒྱའོ།། རྡོ་རྗེ་བཅིང་བ་དམ་བྱས་ཏེ།། གུང་མོ་གཉིས་སྦྱར་ནས་སུ།། ཐ་མ ་བཞིན་རྩེ་མོར་སྦྱར།། སྡིག་པ་འཇོམས་པར་གྲགས་པ་ཡིན་ཞེས་གསུངས་པ་ནི་སྡིག་པ་དྲལ་བའི་ཕྱག་རྒྱའོ།། ཨོཾ་བཛྲ་པ་ནི་བི་སྥོ་ཊ་ཡ་སརྦ་ཨ་པ་ཡ་པནྡྷ་ནཱ་ནི་པྲ་མོ་ཀྵ་ཡཽ་སརྦ་ཨ་པཱ་ཡ་ག་ཏི་བྷྱ་སརྦ་སཏྭ་མ~ཾ། སརྦ་ཏ་ཐཱ ་ག་ཏཱ། བཛྲ་ས་མོ་ཡ་ཏྲཊེ། ཞེས་བྱ་བ་ནི་སྔགས།། འདི་སྐད་སྟོན་པ་ཡིན་ཏེ། སོ་སོར་འབྲང་མ་ཆེན་མོའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་བུད་མེད་པུ་མཱཾ་འཚོ་བ་འམ་མངལ་ཉམས་པ་དཀྱིལ་འཁོར་དུ་བཅུག་པ། རིག ་པའི་དབང་བསྐུར་བ་བྱིན་ལ་དབང་བསྐུར་བའི་དཀྱིལ་འཁོར་དུ་བཀུག་སྟེ་བཞག་ནས། ཇི་སྐད་དུ་བཤད་པའི་སྡིག་པ་རྡོ་རྗེ་ཞགས་པའི་ཕྱག་རྒྱ་དང་སྔགས་ཀྱི་ཕྱུང་ལ་སྡིག་པ་དྲལ་བའི་ཕྱག་རྒྱ་དང་སྔགས་ཀྱིས་ཡང་དག ་པར་དྲལ་ཏེ། སོ་སོར་འབྲང་མ་ཆེན་མེའི་སྐུར་རྣལ་འབྱོར་མ་ཆེན་མེ་བསམས་ལ། སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་དེའི་ལུས་ལ་འཇམ་པའི་གཟུགས་ཅན་དུ་བཞུགས་པར་བསམས་ལ་དབང་བསྐུར་བའི་ཆོ ་གས་བུམ་པའི་ཆུས་དབང་བསྐུར་བར་བྱའོ།། མངལ་ཐམས་ཅད་ཅེས་བྱ་བ་ལ། བུད་མེད་ཐམས་ཅད་ཀྱི་མངལ་དེས་རྣམ་པར་གཟིགས་པས་བརྟན་པར་བྱེད་པའི་ཡེ་ཤེས་གང་ཡིན་པ་དེ་སོ་སོར་འབྲང་ཞིང་། ཚོར་བར་བྱེད ་པས་བཅོམ་ལྡན་འདས་མ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་རྣམ་པར་རྒྱལ་བའི་རྡོ་རྗེའོ།། དམིགས་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། ནོར་གྱི་རྒྱུན་ཞེས་བྱ་བ་ལ་སོགས་པ་ལ་ནོར་གྱི་རྒྱུན་ནི་མངོན་པར་འདོད ་པའི་རིན་པོ་ཆེའི་རྒྱུན་ཡང་དག་པར་འཛིན་ཅིང་སེམས་ཅན་སོ་སོའི་རྒྱུད་ལ་མི་གཡོ་བར་བྱེད་པས་ནོར་གྱི་རྒྱུན་ལ་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ཡེ་ཤེས་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། ་བཅོམ་ལྡན་འདས་ནོར་གྱི་རྒྱུན་ཞེས་བྱ་བ་ལ་ཞེས་པ་ཞེས་བྱ་བའི་སྒྲ་སྟེ། དེ་བས་ན་དབུལ་པོ་རྣམ་པར་འཇིག་པ་ཞེས་བྱ་བ་ལ་སོགས་པ་ཡོངསུ་བཟུང་ངོ་།། དེ་བས་ན་འདི་ལྟར་མཚན་རྣམས་ཤེས་ཚིག་མང་པོ་སྨོས་པ ་ཡིན།། བའི་ཞེས་བྱ་བ་ནི། ཡི་གེ་བོ་ལས་བསམ་པར་བྱ་སྟེ། བཤད་མ་ཐག་པའི་མན་ངག་གཞུག་པར་གྱུར་པ་ཇི་ལྟ་བ་བཞིན་དུ་བསམ་ལ་རིན་པོ་ཆེ་སྤྲོ་བར་བྱའོ།། དེ་ལ་ཁྱིམ་གྱི་ཕྱོགས་གཅིག་དབེན་པ་ཞིག་ཏུ་བཅོམ་ལྡན ་འདས་མ་རས་རིསཽ་ལ་སོགས་པར་སྤྱན་དྲང་བ་ལ་སོགས་པར་མཆོག་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་ལ་ཁྱིམ་དེར་ཚུལ་ཁྲིམས་རྣམ་པར་དོག་ཅིང་དགེ་བ་ཕུན་སུམ་ཚོགས་པའི་བུད་མེད་གཙོ་མོ་མཆོད་པ་ལ ་སོགས་བྱེད་བཅུག་ན་ཁྱིམ་ཡང་དག་པར་འབྱོར་པར་འགྱུར་བར་ཤེས་པར་བྱའོ།། ནོར་གྱི་རྒྱུན་ཅེས་བྱ་བ་ལ་སོགས་པ་ལ་ནོར་གྱི་རྒྱུན་གྱི་རབ་ཏུ་འཆར་འབེབས་ཤིང་དེར་རྒྱ་ཆེ་བའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་གྱུར་པར་བཅོམ ་ལྡན་འདས་ཡུམ་ལ་དེ་སྐད་ཅེས་བྱ་སྟེ་དེ་ཉིད་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་ཟིན་ཏོ།། ། འཕྲོག་མའི་ཞེས་བྱ་བ་ལ་འཕྲོག་མའི་དགའ་སྟོན་ནི་སྤྲོ་བ་སྟེ། དེས ་གནོད་སྦྱིན་མའི་ཚོགས་དགའ་བར་ཡིད་བདེ་བ་བསྐྱེད་པའོ།། དེས་དངོས་གྲུབ་ཏུ་གྱུར་པ་སྟེ། དོན་དེ་ནི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པ་ནི་རིགས་པ་དང་ལྡན་པའི་མིང་སྟེ། གནོད་སྦྱིན་མོའི་ཚོགས ་དགའ་བར་བྱེད་པ་འཕྲོག་མའི་གསང་སྔགས་གསུངས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། དངོས་གྲུབ་ཕྱིར་ནི་མངོན་ཕྱོགས་ནས་ཞེས་བྱ་བ་ནི་དངོས་གྲུབ་སྩོལ་པའི་ཕྱིར་མངོན་དུ་ཕྱོགས་པར་གྱུར་པའོ།། ། ་ཁྲོ་བོའི་འཁོར་ལོ་གནོད་སྦྱིན་མ་བརྒྱད་ཀྱི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕྱིར་དཀྱིལ་འཁོར་དུ་ཕྱོགས་བརྒྱད་ལ་ཁྲོ་བོ་བརྒྱད་ཡོད་པའི་ཁྲོ་བོའི་འཁོར་ལོ་དེང་ཐུགས་རྡོ་རྗེ་ལ་སོགས་པའི་གནསུ་རྫོགས་བཟང་ལ་སོགས་པའི་དམ ་ཚིག་གི་ཕྱག་རྒྱའོ།། གནོད་སྦྱིན་མོ་བརྒྱད་པོ་གདོན་གནོད་སྦྱིན་གྱི་མདོག་ཅན་ནོ།། དབུས་ན་འཕྲོག་མས་བརྒྱན་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་གནས་སུ་འཕྲོག་པ་རྒྱན་ཐམས་ཅད་ཀྱི་བརྒྱན་པའོ།། ལྕགས་ཀྱུའི་འབྲས་བུ་ནེརུ ་ལེ་ཅན་ཞེས་བྱ་བ་ནི། གནོད་སྦྱིན་དང་གནོད་སྦྱིན་མོ་རྣམས་ཀྱི་ལག་པ་གཡས་པ་གཉིས་ན་འབྲས་བུ་བི་ཛ་པུ་ར་དང་ལྕགས་ཀྱུ་ཐོགས་པ། ལག་པ་གཡོན་གྱི་དང་པོས་ནེའུ་ལེ་འཛིན་པ་གཉིས་པས་སྟན་ལ་གཉིས་ཏེ་འཛིན་པའོ།། ་གནོད་སྦྱིན་བརྒྱད་ཀྱིས་བརྒྱན་ནསུ།། གནོད་སྦྱིན་མ་བསྒྲུབ་པར་བྱ་བ་ནི་རིམ་པ་གཉིས་པ་ལ་ཤར་ལ་སོགས་པའི་ཕྱོགས་རྣམསུ་གྲང་བ་བཟང་པོ་དང་རྣམ་ཐོས་སྲས་དང་། ནོར་སྦྱིན་དང་། ནོར་བུ་བཟང་ཞེས་བྱ་བའི་གནོད་སྦྱིན་བཞི་པོ ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། སེར་པོའོ།། མོ་ལ་སོགས་པའི་མཚམས་རྣམསུ་པི་ཙི་ཀུཏྤ་ལི་དང་། ཀི་ལི་མ་ལི་དང་། སྒོའི་དབང་མོ་དང་། སྤྱོད་པའི་དབང་མོ་དམར་མོ་དང་། ལྗང་གུ་དང་། གསེར་གྱི་མདོག་སྟེ་དེ ་རྣམས་ཀྱིས་ཀླུབས་ཤིང་བརྒྱན་པ། གཤིན་རྗེ་གཤེད་ལ་སོགས་པའི་སྦྱོར་བས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ།། འཕྲོག་མ་ཡང་གཡོན་གྱི་གཉིས་པས་དགའ་བྱེང་ནུ་མ་ལྡུད་ཅིང་འཛིན་པའོ།། གསང་སྔགས་ཀྱི་ཡེ་ཤེས་ནི ་དེའི་རྣམ་པར་བསྒྱིངས་པས་རྣལ་འབྱོར་པའི་མངོན་པར་འདོད་པའི་ལས་བསྐྱེད་པར་ནུས་པ་ཡིན་ལ། དེ་རབ་ཏུ་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བྱ་སྟེ། དེས་ན་གསང་སྔགས་ཀྱི་ཡེ་ཤེས་ཀྱི་སྒྱིངས་པའི་རིམ་པར་ཕྱེ་བའི་སྒྲར ་གསུང་སོ།། ། ལེའུ་ལྔ་པའི་འགྲེལ་པའོ།། །། གསང་སྔོགས་ཀྱི་མཐུ་ནི་རང་གི་ཕྱག་རྒྱ་དང་། མཆོད་པའི་ཆོ་ག་མེད་པར་ཕུན་སུམ་ཚོགས་པར་མི་འགྱུར་བསེ། དེ་ནས་ཞེས་བྱ་བ་ལ་སོགས་པ་དྲུག་པ་ཕྱོག་རྒྱ་དང ་མཆོད་པའི་ལེའུ་གསུངསོ།། སྐུ་གསུམ་གྱི་ཡེ་ཤེས་ཀྱི་རྡོ་རྗེ་ལས་ཡང་དག་པར་བྱུང་པོ་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཡེ་ཤེས་ལས་བྱུང་བའོ།། ཐ་དད་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛོད་ལ་སོགས་པའི་དབྱེ་བས། སོ་སོ་བ ་ཡིན་གྱི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྱི་རོལ་དང་ནང་དུ་རྡོ་རྗེ་བཅིངས་པས་ཀྱང་ཕྱག་རྒྱའི་དོན་སྟོན་པ་ནི་མ་ཡིན།། འདི་ན་ལུས་ནི་བྱིན་བརླབས་ཏེ།། རང་གི་གཟུགསུ་རྣམ་བསྒོམས་ན།། ཞེས་བྱ་བ་ནི་ཕྱ་རྒྱ་རིམ་པར་ཕྱེ་བ་འདི་ན་དམ་ཚིག་གི། ་ཕྱག་རྒྱ་ནི་ལུས་ཏེ་སྐུ་བྱིན་གྱིས་བརླབས་པའི་ལག་པའི་ཕྱག་རྒྱ་བཅིང་བ་ཡིན་པར་ཤེས་པར་བྱའོ།། སྒོམ་པར་བྱེད་པ་ན་ཡང་རང་གི་ངོ་བོ་ཉིད་ཇི་ལྟ་བ་བཞིན་གྱི་སྦྱོར་བས། ལྷ་དང་ལྷ་མོའི་སྐུ་དང་པའི་ཕྱག་རྒྱ་སོ་སོ་ལ་བལྟོས་པས ་རྣམམ་བསྒོམས་ན་ཞེས་ཚིག་དབང་པོར་བྱས་པ་ཡིནོ།། ལོག་པ་གཉིས་ཁུ་ཚུར་བཅངས་པ་ལས་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་རྡོ་རྗེ་བཅིངས་པ་ནང་དུ་བཅིངས་པའི་ཁུ་ཚུར་བྱས་པའོ།། བཤད་མོ་ཐག་པའི་ཕྱག་རྒྱ་བཅིངས ་པ་སྟེ། ཕྱག་རྒྱ་གསུམ་པོ་དེ་དག་སྔགས་དང་བཅས་པ་ནི་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་རླབ་པར་བྱེད་པ་ཡིནོ།། ལེག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་ལམ་གྱི་ཕྱག་རྒྱ་གསུངས་པ་ཡིན་ཏེ། གོ་སླའོ།། ་གཟུང་བ་ནི་ཞེས་བྱ་བ་ནི་གཡོན་པའི་མཛུབ་མོ་བསྒྲེང་བའོ།། ཞེས་སྔ་མ་དང་སྦྱར་རོ།། མཐོ་བོང་གཉིས་ནི་བསྣོལ་བྱས་ལ།། མཛུབ་མོའི་རྩ་བ་བཀུག་ནས་ནི།། གུང་མོ་བསྣམས་པོའི་ཚི་གོས་སྦྱར།། རྡོ་རྗེ་དབྱིངས་ཀྱི་དབང ་མོར་བཤད།། ཅེས་གསུངས་དང་དེ་ལ་བཤད་མ་ཐེག་པའི་མཚན་ཉིད་ཅན་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ།། ལག་པ་གཡོན་པ་ཞེས་བྱ་བ་ནི་ཕང་བར་བཀན་ཏེ ་བཞག་པའོ།། གཡས་པ་ཞེས་བྱ་བ་ནི་ཁ་ཐུར་བལྟས་པར་བྱའོ།། དེ་བཞིན་དུ་ཞེས་བྱ་བ་ནི་ལག་པ་གཡོན་པའོ།། མཆོག་སྦྱིན་པར་མཛད་པ་ཞེས་བྱ་བ་ནི་མཆོག་སྦྱིན་པའི་ཚུལ་དུའོ།། དེ་ཉིད་ཅེས་བྱ་བ་ནི་ལག་པ་བཀན་པའི ་ཚུལ་གྱིས།། བསམ་གཏན་གྱི་ཚུལ་ཞ་ཞེས་བྱ་བ་ནི་བས་མོ་གཏན་གྱི་ཐབས་ཀྱི་སོ།། དེ་ཉིད་ལས་ཞེས་བྱ་བ་ནི་ལག་པ་གཡོན་པ་བཀླན་པའོ།། མི་འཇིགས་པ་སྦྱིན་པར་བྱས་ལ་ཞེས་བྱ་བ་ནི་ལོག་པ་གཡོན་པ་བ་ངན ་གསུམ་པར་བདག་དང་ཉེ་བར་བཞག་པ་སྟེ། དེས་མི་འཇིགས་པ་སྦྱིན་པའི་ཚུལ་དང་ལྡན་པའོ།། རྡོ་རྗེ་སེམས་མ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་ནི་མི་བསྐྱོད་པ་ལ་སོགས་པའི་ཡང་ཤེས་པར་བྱའོ།། རྡོ་རྗེ་བཅིངས ་པ་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་ཕྱི་རོལ་ཏུ་བཅིངས་པའོ།། དེ་ཉིད་ལས་ཞེས་བྱ་བ་ནི་སྔ་མ་དང་འདྲའོ།། དེ་ཉིད་ལས་ཞེས་བྱ་བ་ནི་བཤད་མ་ཐག་པའི་ཕྱག་རྒྱ་དང་འདྲའོ།། དེ་ཉིད་ལས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་བསྡམས ་པ་ཕྱི་རོལ་དུ་བཅིངས་པ་ལ། གུང་མོ་གཉིས་ནང་དུ་བཅུག་སྟེ་ཕན་ཚུན་ལྷོ་སྦྱར་ལ་བཞག་པའོ།། ལ་ལ་དག་ནི་མཐེ་བོ་དང་མཐེ་ཆུང་གཉིས་རྡོ་རྗེ་ལྟར་བྱས་ལ་རྩེ་སྤྱད་པར་བྱའོ།། ཞེས་མོན་ངག་ལྔས་བཤད་དོ་ཞེས་ཟེར ་རོ།། མི་བསྐྱོད་པ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ནི། རང་རང་གི་ཇི་ལྟར་རྡོ་རྗེ་སེམས་མ་ལ་སོགས་པའི་ཡང་ཡིན་པར་བྱས་པར་བྱའོ།། བཞག་པ་ཞེས་བྱ་བ་ནི་ཚིག་གསུམ་པར་བཞག་པ་སྟེ། ནས་གང་ཙམ་གྱིས ་མ་རེག་པར་བྱ་བར་བལྟ་བར་བྱའོ།། པདྨ་ཁ་བྱེ་བའི་ཚུལ་དུ་བྱས་པ་ནི་པདྨ་ཁ་མ་བྱེ་བ་དང་འདྲ་བའོ།། མཛུབ་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་མཛུབ་མོ་གཉིས་ཀྱིས་གུང་མོའི་སེན་མོ་བཀུག་ནས ་མནན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། མཐེ་བོ་གཉིས་དང་མཛུབ་མོ་གཉིས་ཀྱི་བར་དུ་གུང་མོ་བཅུག་ལ་བཙིར་ནས་གནས་པའོ།། ཐལ་སྦྱོར་ཞེས་བྱ་ནི་ཐལ་མོ་ཁོང་སྟོང་དུ་བྱས་པའོ།། ཚིགས་དབུ་མར་ཞེས་བྱ་བ་ལ ་ནི་ཚིགས་པར་མ་དང་མཛུབ་མོར་སྦྱར་པོའོ།། མཛུབ་མོ་གཉིས་མཐེ་བོའི་རྩེ་མོར་བཀུག་པ་ཞེས་བྱ་བ་ནི། མཛུབ་མོ་གཉིས་རྩེ་སྤྲད་ལ་མཐེ་བོ་གཉིས་ཀྱི་སྙིང་དུ་རིན་པོ་ཆེ་འདྲ་བར་བཀུག་ནས་སྦྱར་ལ་བཞག་ཅེས་བྱ་བའི་དོན་ཏོ།། ་མཐེའུ་ཆུང་གི་སེན་མོ་མནན་ནས་ཞེས་བྱ་བ་ནི་རང་རང་གི་མཐེའུ་ཆུང་གི་སེན་མོ་ལུ་གུ་རྒྱུད་འདྲ་བ་ལོ་ལྷག་མ་རྡོ་རྗེའི་མཚན་ཉིད་དུ་བྱས་པས་སྦྱར་བར་བྱའོ།། ལ་ལ་ན་རེ་ཡང་ན་སྟང་སྟབས་ཀྱི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱའོ།། ་ཞེས་ཟེར་རོ།། མཛུབ་མོ་དང་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ལྟར་བཅིང་བ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་བ་བྱས་ལ་ལག་པ་གཉིས་ཀྱི་མཛུབ་མོ་དང་མཐེའུ་ཆུང་ལུ་གུ་རྒྱུད་ལྟར་མདུད་པ་བྱས་པའོ།། ལག་པ་གཉིས ་ཞེས་བྱ་བ་ནི་བརྩེགས་པ་ལ། རྡོ་རྗེ་བསྡམས་པ་བཅིངས་པས་ཁུ་ཚུར་ནང་དུ་བཅིངས་ཏེ་གུང་མོ་སྦྱར་ལ་རྩེ་མོའི་ཚུལ་དུ་བཞག་སྲིན་ལག་གཉིས་གུང་མེའི་རྒྱབ་ཏུ་གཅར་ཏེ་བཟློག་པའི་ཚུལ་གྱིས་བཞག། མཛུབ་མོ་གཉིས་གུང་མོའི་ཚིགས ་གསུམ་པ་གནསུ་གདུ་བུའི་ཚུལ་དུ་བཞག། མཐེ་བོ་གཉིས་གུང་མོ་ལ་ཕྱོགས་པར་བཞག་ལ་ཅུང་ཟད་རྡོ་རྗེ་འདྲ་བར་དདུག་གོ།། ལ་ལ་ནི་མཐེའུ་ཆུང་སྦྱར་བ་བྱས་ལ་གུང་མོའི་བར་དུ་བཞག། ཞེས་ཟེར་རོ།། བཟློག་པ་དཔྲལ ་བར་བཞག་པའོ།། སེན་མོ་མནན་ནས་ཞེས་བྱ་བ་ནི་མནན་པའོ།། རལ་གྲི་ཤུགས་ནས་བྱུང་བ་ཞེས་བྱ་བ་ལ་སོགས་པས་ནི། ལག་པ་གཡོན་པའི་མཐེ་བོས་སྲིན་ལག་དང་མཐེའུ་ཆུང་མནན་ཏེ་བཞག་པ་ལ་ལག་པ་གཡས་པས ་ཀྱང་རང་གི་སྲིན་ལག་མཐེའུ་ཆུང་གིས་སེན་མོ་མནན་ལ་གུང་མོ་དང་མཛུབ་མོ་གཉིས་ནི་བདེར་བཅུག་ནས་རལ་གྲི་ལྟར་དྲངས་ཏེ། དེའི་ཚུལ་དུ་བྱས་ལ། ལག་པ་གཡོན་པ་སྙིང་གར་ཇི་ལྟ་བ་བཞིན་དུ་བཞག་གོ། ཁྲོ་བོའི་སེན་མོ ་ཞེས་བྱ་བ་ནི་ལག་པ་གཡོན་པའི་མཛུབ་མོ་བསྒྲེང་བའོ།། རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་དུ་བྱའོ།། མེ་ཏོག་གི་ཚུལ་དུ་ཞེས་བྱ་བ་ནི་ནཱ་ག་གེ་སར་འདྲ་བའོ།། གཡོན་པ་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར ་དུ་བྱའོ།། གླང་པ་ཆེའི་སྣ་ལྟར་ཞེས་བྱ་བ་ནི་སྣའི་མདུན་དུ་ལག་གཡས་པའི་རྡོ་རྗེ་ཁུ་ཚུར་གླང་པོ་ཆེའི་སྣའི་ཚུལ་དུ་བཞག་པའོ།། བསྒྲེང་ལ་ཞེས་བྱ་བ་ནི་འདིར་གཡས་ཀྱི་ཆ་ཡིན་པར་ཤེས་པར་བྱའོ།། གཡས་ཞེས་བྱ་བ་ལ ་སོགས་པ་ལ་གཡས་པའི་ཆས་ན་མཁོའ་ལ་བཇིག་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་ངུ་གནས་པས་གཡས་པའི་ལག་མཐིལ་ན་བ་དན་གསུམ་པ་ཇི་ལྟ་བར་བྱ་བའོ།། ཆུ་རླབས་ལྟར་དྲང་བ་ནི་ཞེས་བྱ་བ་ནི་ཆུ་རླབས་འདྲིན་པ་ལྟར ་བྱས་པའོ།། གཡོན་པ་ཟླ་བའི་ཚུལ་དུ་བྱས་པ་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར་བཅིངས་ལ། མཐེ་བོ་དང་མཛུབ་མོ་གཉིས་ཟླ་བ་ཕྱེད་པའི་ཚུལ་དུ་བྱས་པའོ།། གཡེན་པའི་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པ་རྡོ་རྗེ་ཁུ་ཚུར ་བགྱིང་བའི་ཚུལ་གྱིས་གཡོན་པའི་སྟ་ཟུར་དུ་བཞག་པའོ།། འདོད་ཆགས་ཀྱི་དུག་ཐམས་ཅད་སེལ་བ་ཞེས་བྱ་བ་འདིས་ནི་རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་། རྣལ་འབྱོར་པས་དུག་བསལ་བའི་ལས་བྱེད ་པས་ན། ཕྱག་རྒྱ་འདིས་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བསྟན་ཏོ།། མཛུབ་མོ་བསྒྲེང་ལ་ཞེས་བྱ་བ་ནི་མཛུབ་མཽ་གཉིས་སྡིགས་མཛུབ་མོ་ཚུལ་གྱི་ཚུལ་དུ་བསྒྲེང་པའོ།། འདིས་ནི་ངོ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་ནོ་ཞེས་བྱ་བ་ནི། ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ལྕགས་ཀྱུས་སྤྱན་དྲང་ངོ་།། ཞེས་གང་གསུངས་དེ་འོདིས་དྲན་པར་བྱས་ཏེ། ཨོཾ་བཛྲ་ཨོཾ་ཀུ་ཤ་ཨ་ཀཪྵ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་དང་ཕྱག་རྒྱ་འདི་སྦྱར་བར་བྱའོ།། འགྲམོ་པ་གཉིས་བཞག་པ ་ཞེས་བྱ་བ་ནི་འགྲམ་པ་གཉིས་སུའོ།། ཁྲོ་བོ་རྣམས་ནི་ཞལ་གྱི་ཕྱག་རྒྱསོ་ཞེས་བྱ་བ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་སོ།། བྱང་ཆུབ་སེམས་དཔའ་རྣམས་ནི་རྡོ་རྗེའི་ཕྱག་རྒྱས།། ཞེས་བྱ་བ་ནི་རྩེ་མོ་ལྔ་བཅིངས་ལ་ཞེས་བྱ་བ་ལ་སོགས་པའི ་མཚན་ཉིད་ཅན་གྱི་རྡོ་རྗེའི་ཕྱག་རྒྱས་སོ།། རིག་མའི་ལྷ་མོ་རྣམས་ཀྱི་ཡུམ་རྣམས་ཀྱིས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་མོ་དང་བསྐུལ་བྱེད་མ་ལ་སོགས་པའི་ནི་ཅིང་རིགས་པར་སངས་རྒྱས་སྤྱན་ལ་སོགས་པའི་ཕྱག་རྒྱས་ཏེ། རིགས་ཀྱི ་ཡུམ་རྣམས་ཀྱི་ཕྱག་རྒྱས་སོ།། བྲན་རྣམས་ནི་ཞུགས་པའི་ཕྱག་རྒྱསོ་ཞེས་བྱ་བ་ལ་འོག་ནས་བཤད་པའི་རྡོ་རྗེ་ཞགས་པའི་ཕྱག་རྒྱསོ།། ཕོ་ཉ་རྣམས་ནི་ལྕགས་ཀྱུའི་ཕྱག་རྒྱ་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་སྤྱན་འདྲེན་པའི་ཕྱག་ཉིད་དོ།། ་ཕྱག་རྒྱའི་རྣམ་པར་དབྱེ་བ་འདི་ནི་སྤྱན་དྲང་བ་ཡོན།། གཞུག་པ་ལ་སོགས་པ་ལ་ནི་ཐམས་ཅད་ཀྱང་རྡོ་རྗེའི་ཞགས་པ་དང་། ལྕགས་སྒྲོག་དང་འབེབས་པའི་ཕྱག་རྒྱས་བྱའོ།། དྲག་པོའི་ལས་ལ་ནི་རྡོ་རྗེ་མཁའ་འགྲོ་མིའི་ཕྱག་རྒྱ་དང་ཨོཾ་བཛྲ་ཌཱ་ཀི་ནཱི ་ཆོ་གེ་མོའི་རཀྵ་མཱ་ཀ་རོ་ཥ་ཡ་ཨ་ཀྲྀཥྞཱི་ཙུ་ཤ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་སྦྱརོ།། རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་སོ་སོའིའོ།། དཀྱིལ་འཁོར་ཕྱག་རྒྱ་ཞེས་བྱ་བ་ནི་དཀྱིལ་འཁོར་བརྡེག་པའི་ཕྱག་རྒྱ་སྟེ། འདི་ཡང་ཨོཾ་བཛྲ་ཏིཥྛ་ཞེས་བྱ་བ་འདི་དཀྱིལ་འཁོར་གྱི ་བདག་པོའི་སྙིང་པོ་དང་བཅས་པས་སྔ་མ་བཞིན་དུ་སྦྱར་བར་བྱའོ།། མཁྲིག་མ་གཉིས་བསྣོལྀ་ཏེ་ཞེས་བྱ་བ་ནི་མཛུབ་མོ་གཉིས་ཀྱི་དབུས་སུ་གཟུགས་ཏེ། ཁ་ཐུར་དུ་བལྟས་པས་ངོས་ལ་བཅར་ལ་བརྡེག་པར་བྱའོ།། སྒོ་དབྱེ་བའི་ཕྱག་རྒྱ་ཡང ་ཨོཾ་བཛྲོད་གྷ་ཊ་ཞེས་བྱ་ལ་སོགས་པའི་སྔགས་ཀྱིས་སྒྲ་བསྒྲགས་ལ། ཨོཾ་བཛྲོད་གྷ་ཊ་ཡ་སི་མ་ཡ་བྷཱ་བཽ་ཤ་ཡ་ཧཱུཾ་ཞེས་བྱ་བའི་གསང་སྔགས་དང་སྦྱར་བར་བྱའོ།། གདོན་ཐམས་ཅད་སྐྲག་པར་བྱེད་པའི་ཕྱག་རྒྱ་ནི་ཨོཾ་ཧཱུཾ་བཛྲ་རཀྵ་ས་མ་ཡེ་ཕཊ་ཅེས ་བྱ་བ་འདི་ཡང་ཇི་ལྟ་པོ་བཞིན་དུ་སྦྱརརོ།། ལྷ་མ་ཡིན་གྱི་བུ་མོ་ཀུན་སྨྲར་གཙུག་པའི་ཕྱག་རྒྱས་ཞེས་བྱ་བ་ནི་མཚནམོ་ཐོས་པས་ལྷ་མ་ཡིན་གྱི་ཕྱག་དུ་འཇོག་པ་དེ་ནི་ཛ་སྒྲོའི་འཁྲུལ་འཁོར་ལ་བལྟོས་ལ། རྡོ་རྗེས་འག་གོ་སྦྱར་བིས་རོལ་པའི་སྟང ་སྟབས་ཀྱིས་འདུག་ནས་ཇི་སྐད་དུ་གསུངས་པའི་ཕྱག་རྒྱས་བཅིངས་ཏེ། ང་རྒྱལ་དང་བཅས་པས་གསང་སྔགས་བརྗོད་ལ། ཕྱག་རྒྱ་དེ་བཅིངས་པ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་འབར་བས་འཁྲུལ་འཁོར་རྣམ་པར་གཞོམ་པར ་བྱ་བ་ནི་སྦྱོར་བའོ།། དེ་བས་ན་ལྷ་མ་ཡིན་གྱི་སྒྱུ་མའི་འཁྲུལ་འཁོར་གཞིག་པ་ཞེས་གསུངས་ཏེ། གང་གི་ཚེ་ལྷ་མ་ཡིན་གྱི་བུ་མོ་ལེགས་པར་འོངསོ་ཞེས་བྱ་བ་ལ་སོགས་པའི་ཚིག་མི་སྨྲ་ན་དེའི་ཚེ་ཆོ་ག་འདི་ཉིད་དང་། ཕྱག་རྒྱ་འདི་ཉིད་དྲན ་བར་བྱའོ།། དེ་བས་ན་ལྷ་མ་ཡིན་གྱི་བུ་མོ་སྤྱིར་གཞུག་པ་ཞེས་གསུངས་པ་ཡིན་ནོ།། སྟང་སྟབས་དང་བཅས་པར་ཧཱུཾ་ཞེས་སྒྲོགས་པ་ཞེས་བྱ་བའི་ནི་རོལ་པའི་སྟང་སྟབས་དང་བཅས་པས་ཡི་གེ་ཧཱུ~ཾ་བརྗོད་པའོ།། རྡོ་རྗེ་ནག་མོའི་ཕྱག་རྒྱ་དཔུང ་པ་གཡས་པ་བཏེག་ལ་རྡོ་རྗེ་ཁུ་ཚུར་བརྡེག་པའི་ཚུལ་དུ་བྱ་བ་སྟེ། འདི་ཡང་མངོན་སྤྱོད་ཀྱི་ལས་རྣམས་ལ། ཨོཾ་བཛྲ་ཀཱ་ལི་ཏིར་ཙཱ་ཡ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱརོ།། རྡོ་རྗེ་ཕུར་བུའི་ཕྱག་རྒྱ་དེ་བཞིན་གཤེགས་པ་ལ་སོགས་གཞན་དག་ལ་འབེབས ་པའི་ཚེ་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱ་ཡང་ཞེས་བྱ་བ་འདི་དང་སྦྱར།། དེ་བཞིན་གཤེགས་པ་ལ་སོགས་པའི་ཕུར་བུའི་སྔགས་དང་ཕྱག་རྒྱའི་དབྱེ་བ་ཉེ་བར་མ་བསྟན་པའི་ཕྱིརརོ།། རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སེང་ལྡེང་གི་ཕུར ་བུ་བཟུང་ལ་བསྒྲུབ་པར་བྱ་བའི་མིགོ་ལ་བཞག་སྟེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བརྡུང་བ་ནི་རྡོ་རྗེ་ཐོ་བའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་མུད་གར་ཨཱ་ཀཽ་ཊ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་དང་སྦྱར་རོ།། འདི་ནི་ཕྱིར་ཕུར་བུས་འདེབས་པ་ལ་ཚུལ་འདི་ཡིན་ཏེ། བསམ ་གཏན་དང་ཕྱག་རྒྱ་ཕུང་བུས་འདེབས་པ་ལ་ནི་ཕྱག་རྒྱ་ཉིད་ཀྱིས་ཕུར་བུས་བཞག་པ་བསམས་ལ་དེ་བཞིན་དུ་བརྡུ་།། ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་ལག་པ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་ཕན་ཚུན་རྒྱུབ་སྦྱར་ལ་མཐེའུ་ཆུང་གཉིས་མདུང་སྟེ། མཛུབ ་མོ་གཉིས་སོ་སོར་ཕྱེ་ནས་ལྕགས་སྒྲོག་ལྟར་བཅིང་བར་བྱའོ།། ཕྱག་རྒྱ་འདི་ཡང་ཨོཾ་བཛྲ་སྥོ་ཊ་བནྡྷ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་འདི་དང་སྦྱརརོ།། བཅིང་བའི་འོག་ཏུ་མཉེས་པར་བྱ་བས་རིག་པོ་ཡིན་པས། རྒྱུད་གཞན་དག་ལས་བསྟེན་པའི ་སྔགས་དང་ཕྱག་རྒྱས་བཟུང་སྟེ། བཤད་མ་ཐུག་པོའི་ཕྱག་རྒྱ་འདི་ཉིད་དྲིལ་བུ་ལྟར་སྙིང་གར་བསྐྱོད་པ་ནི་རྡོ་རྗེ་འབེབས་པའི་ཕྱག་རྒྱ་སྟེ། ཨོཾ་བཛྲ་ཨཱ་བེ་ཤ་ཧཱུཾ་ཞེས་བྱ་བ་འདི་དང་སྦྱརརོ།། བཅིངས་པ་ནི་གཞུགས་པའི་འོག་ཏུ་འབྱུང ་བས་རྡོ་རྗེ་ཞགས་པའི་ཕྱག་རྒྱ་འབའ་ཞིག་ཀྱང་སྟོན་པར་ཤོས་པར་བྱ་སྟེ། རྡོ་རྗེའི་ལྕགས་ཀྱུའི་ཕྱག་རྒྱས་བཅིངས་པ་ལས་མཛུབ་མོ་གཉིས་ཞགས་པར་བྱ་བ་ནི། རྡོ་རྗེ་ཞགས་པའི་ཕྱག་རྒྱ་སྟེ་ཨོཾ་བཛྲ་པྲ་པེ་ཤ་ཡ་ཧཱུ~ཾ་ཞེས་བྱ་བ་འདི་དང་སྦྱརོ།། ་རྡོ་རྗེ་སོག་ལེའི་ཕྱག་རྒྱ་ནི་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང་། དེའི་གསང་སྔགས་ཀྱི་རྣམ་པར་དགའ་བར་བྱའོ་ཞེས་བསྐུལ་བའི་ཚིག་དང་བཅས་པས་བསྒྲུབ་པར་བྱ་བའི་མགོ་བོ་ནས་བརྩམས་ཏེ་རྣམ་པར་དག ་པ་ནི་མངོན་སྤྱོད་ཀྱི་ལས་ཀྱི་སྦྱོར་བའོ།། རྡོ་རྗེ་སྲིན་མོའི་ཕྱག་རྒྱ་དང་ཨ་ལ་ལ་ཞེས་བརྗོད་ལ། འཕགས་པ་གཤིན་རྗེ་གཤེད་ལ་སོགས་པ་གོང་ཡང་རུང་བའི་སྦྱོར་བས་བསྒྲུབ་པར་བྱ་བའི་བསྲུང་བ་ཕྲོགས་ལ་མདུན་དུ་རྡོ་རྗེ་སྲིན་པོ་ལ་སོགས ་པ་རྣམས་ཀྱིས་རྣམ་པར་བཟའ་བར་བསམས་ལ། ཨོཾ་བཛྲ་རཱཀྵ་སྭ་བྷཀྵཱ་ཡ་ཐ་ཕཊ་ཅེས་བྱ་བ་འདི་དང་སྦྱརོ།། མཐེ་བོ་ཞེས་བྱ་བ་ནི་མཐེ་བོ་དང་གུང་མོ་ཆན་པའི་ཕྱག་རྒྱུ་དང་སྟོབས་པོ་ཆེའི་སྦྱོར་བས་སོ།། ཨོཾ་བཛྲ་ཀྲོ་དྷ་མ་ཧཱ ་བྱཱ་ལ། ཀཱ་ར་ཀཱ་ར། ཙྪིནྡ་ཙྪིནྡ་ཧཱུཾ་ཕཊ་ཅེས་བྱ་བ་འདིས་སྤྲིན་གཏུབ་པ་ཇི་ལྟ་བ་དང་སྦྱོར་རོ།། དེ་བས་ན་ཆར་གཅོད་པར་བྱའོ་ཞེས་གསུངས་པ་ཡིནོ།། སྐམ་པའི་ཕྱག་རྒྱ་དོང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བ་དང ་ཨོཾ་བཛྲ་ཀཱི་ལི་ཀི་ལ་ཡཾ་སརྦ་བོགྷྣཱ་ན། བཛྲོ་དྷ་ར་ཨཱཛྙཱ་ཡཾ། བུདྡྷ་ས་ཏྱེ་ན་ཧཱུ~ཾ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་གསང་སྔགས་འདིས་འཁྲུལ་འཁོར་ཐམས་ཅད་དབྱུང་བ་ལ་སྦྱོར་རོ།། གསང་སྔགས་འདི་ལ་ཡང་སརྦ་བགྷྣཱན་ཞེས་བྱ་བ་བོར་ལོ་བསྒྲུབ ་པར་བྱ་བའི་མིང་གཞུག་གོ། རྡོ་རྗེ་ན་མཁའ་ལྡིང་གི་ཕྱག་རྒྱ་ནི་རྟ་མགྲིན་ལ་སོགས་པ་གང་ཡང་རུང་བའི་ཁྲོ་བོ་ཡོངསུ་གྱུར་པའི་རྡོ་རྗེ་ན་མཁའ་ལྡིང་གི་གཟུགས་ཀྱིས་དུག་ལ་སོགས་པས་ཕོག་པའི་བསྒྲུབ་པར་བྱ་བའི་མགོ་བོར ་རྡོ་རྗེ་ན་མཁའ་ལྡིང་གཽ་བདུད་རྩིའི་རྒྱུན་ཡོངསུ་ལྡུགས་པར་བསམས་ལ། རྣལ་འབྱོར་པས་ཀྱང་དེའི་ཚུལ་དུ་བྱ་ཞིང་ཨོཾ་བཛྲ་མཱ་ར་ཡན། བི་ཤ་མ་པ་ནཱ་ཡ་ཨ་མི་ཏ། ཨ་མ་བུ་མེ་གྷེ་ཧཱུཾ་ཞེས་བརྗོད་ཅིང་ཇི་ལྟ་པོ་བཞིན་དུ་སྦྱར་རོ།། ་རྡོ་རྗེ་མངའི་ཕྱག་རྒྱས་ཕ་རིས་ཀྱི་གཟུང་བཤིག་པའི་སྦྱོར་བ་ནི་འདི་ཡིན་ཏེ། ཁྲོ་བ~ཾ་གང་ཡང་རུང་བའི་ང་རྒྱལ་དུ་བྱས་ལ་ཡི་གེ་པ་ལས་ག་ཞུ། ཨ་ལས་བྱུང་བའི་གཞུ་རྒྱུང་དང་བཅས་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ་གཡས་པའི་རྡོ་རྗེ་ཁུ་ཚུར་ལ་སོགས་པས་ཧཱུཾ་ལས་བྱུང་བའི་མངར་ཆར་ཧཱུཾ་དང་ཕཊ་ཀྱི་མབེ་རུ་དང་བཅས་པ་ཧཱུཾ་གི་མབར་མེ་འབར་བ་དང་འདྲ་བ་ལག་པས་དྲངས་ནས་གཞུ་ལག་པར་བཞག་ལ་ཁྲོས་པས་ཕྱོགས་བཞིར་ཧཱུཾ་ཕཊ་ཅེས་བརྗོད་ལ་འངངས ་ཏེ། དེས་ཀྱང་ཕ་རོལ་གྱི་དཔུང་ཐལ་བར་བྱས་པར་བས་མོ།། འདོད་པོའི་རྒྱལ་པོ་ལ་སོགས་པའི་ཁྲོ་བོ་གང་ཡང་རུང་བའི་སྐུ་སེའུའི་མེ་ཏོག་ལྟར་དམར་བའི་ཨུཏྤལ་དམར་པོས་རྣམ་རྒྱན་བྱས་པར་བདག་ཉིད་བསམས་ལ། སྔ་མ་བཞིན ་དུ་གཞུ་བླངས་ཏེ། ཕཊ་ལས་འདའ། དེའི་སྟེང་དུ་ཕྱོགསུ་འདོད་པའི་རྒྱལ་པོ་དབུས་སུ་རྡོ་རྗེ་དབང་། རྡོ་རྗེ་རྩེ་གཅིག་པ་འདྲ་བོའི་མདེའུའི་རྩ་བར་རྡོ་རྗེ་ཆགས་པ། མདེའུའི་རྩེ་མོར་རྣམ་པར་རྒྱལ་བའི་རྡོ་རྗེ། ལྟོང་དུ་མི་བསྐྱོད་པ་བཀོད ་ལ། བདག་ཉིད་སྙིང་གའི་ཟླ་བ་ལ། ཡི་གེ་ཀྵཾ་བསམ་ཡི་གེ་ཀ་ལས་བསྒྲུབ་པར་བྱ་བ་མདུན་དུ་བསམ་ལ། བཛྲ་དྲྀཤྲཱྀ་ཞེས་བྱ་བ་མིག་ཏུ་བཀོད་ལ། རྡོ་རྗེ་ལྟ་བ་ཀུན་ཆགས་པས།། རབ་ཏུ་དགའ་ཞིང་གདངས་པའི་མིག། དེ་ཡིས ་བུད་མེད་བལྟས་ན་ནི།། རྟག་ཏུ་དབང་དུ་གྱུར་པ་ཡིན་ཞེས་བྱ་བ་འདིས་རྡོ་རྗེ་ལྟེ་བར་བྱས་ལ། འདོད་པ་ནི་བདག་གོ་ཞེས་བསྒོམ་ཞིང་། ཨོཾ་ཊཀྐི་ཧོ་ཆེ་གེ་མོ་པ་ཤ་མཱ་ན་ཡ་ཧཱུཾ་ཛཿཞེས་བརྗོད་ཅིང་སྙིང་གང་ལྕགས་ཀྱུ་དམར་པོ་གསང ་བར་ནག་པོ་ནུ་མ་གཡས་དང་གཡོན་དུ་དཀར་པོ་སྙིང་གར་ལྗང་གུའི་རྣམ་པས་བརྡེག་པར་བྱའོ།། མདའ་རེ་རེས་ཕུག་པའི་འོག་ཏུ་མདའ་ལས་བྱུང་བའི་རྣམ་པར་རྒྱལ་བའི་རྡོ་རྗེ་ལ་སོགས་པའི་གྲངས་ཇི་ལྟ་བ་བཞིན་དུ་དེའི་ལས་ལ་ཞུགས ་ནས་དབང་དུ་བྱ་བར་གྱུར་པས་བསམས་ལ། མུན་པ་སེལ་བའི་འོད་ཟེར་དམར་པོས་ནང་གི་ལུས་ཐམས་ཅད་དང་། དེ་ཉིད་ཀྱིས་ཕྱི་དང་ནང་དུ་བཅས་པའི་ལས་ལ་ཁྱབ་པ་དང་། ཉེ་དུ་དང་མཛའ་བཤེས་ཀྱི་ཚོགས ་རྣམས་ཀྱིས་ས་ལ་འགྱེལ་པ་ལས་སློང་བར་བྱེད་བཞིན་པར་གནས་ལ། འདུ་ཤེས་མེད་ཅིང་ཁྲག་རབ་ཏུ་སྐྱུག་པ་ལ་ཐུག་པར་བསམས་ལ། རང་གི་དམ་ཚིག་གི་ལྷ་མོ་རང་གི་ལུས་ལས་བྱུང་བས་བཀུག་ནས། རྐང་མཐིལ་གྱི་འོག་ཏུ ་བཞག་ལ་སྒྲུབ་པ་པོས་བཤད་མ་ཐག་པའི་ཆོ་གས་ཇི་ལྟ་བ་བཞིན་དུ་བསྲུང་བ་བྱའོ།། མཉེས་པར་བྱེད་པའི་རྡོ་རྗེ་མངའི་ཕྱག་རྒྱའི་སྦྱོར་བའོ།། ཁུ་ཚུར་གཉིས་ནི་ཞེས་བྱ་བ་ནི་ལག་པ་གཉིས་ཀྱིས་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པར ་བྱས་པ་ཁུ་ཚུར་གྱིས་གཡུལ་གཞིག་པས་གླང་པོ་ཆེའི་རྒྱབ་ཏུ་ཞོན་ཏེ། འཁོར་ལོས་སྒྱུར་བ་ཇི་ལྟ་བ་བཞིན་དུ་ང་རྒྱལ་བྱས་ལ། འཁོར་ལོས་སྒྱུར་བའི་ཕྱག་རྒྱ་གོས་ཀྱིས་བཀོབ་པ་བཅིངས་ཏེ། དེ་ལས་བྱུང་བའི་འཁོར་ལོས་སྒྱུར་བའི་ཕ ་རོལ་གྱི་དཔུང་རྣམ་པར་གཏོར་བར་བསམས་ལ། ཕྱག་རྒྱ་འཕང་ཚུལ་དུ་བྱ་སྟེ། འཁོར་ལོ་ཅན་གྱི་ཕྱག་རྒྱ་འོདས་གཡུལ་ལས་སྒྲོལ་བར་བྱེད་དོ།། ཁུ་ཚུར་གཉིས་ཀྱིས་མཐེའུ་ཆུང་གཉིས་དཀྲིས་ལ་ཞེས་བྱ་བོ་ནཱི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ལུ་གུ ་རྒྱུད་ཀྱི་ཚུལ་དུ་དཀྲིས་ལ། གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་པོའི་སྦྱོར་བ་བྱ་སྟེ། ཧེ་རུ་ཀོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ཡི། ཨོཾ་ཧེ་རུ་ཀ་བཛྲ་ལ་རྦ་དུཥྚ་ས་མ་ཡ་སུདྡྷ་བ་ར་བིན་ཛ་ཀ་ཧཱུ~ཾ་ཕཊ་ཅེས་བརྗོད། བྱིན་གྱིས་བརླབ་པ་དང་དབང་བསྒོ ་བྱས་ཏེ། དཔྲལ་བར་བཞག་ལ་གསང་སྔགས་འདི་ཉིད་ལན་བདུན་བཟླས་ཏེ། དུར་ཁྲོད་དུ་འཇུག་པ་ལ་སོགས་པ་བྱའོ་ཞེས་བསྟན་ཏོ།། དུར་ཁྲོད་དུ་ཞེས་བྱ་བ་ལ་སོགས་པ་ལ་གར་བྱེད་པ་སྟེ། ལྷ་ཆེན་པོའི་གཟུགས་ཇི་ལྟ་བ་བསྦྱིན ་དུ་བསྒོམས་ལ། གར་བྱེད་བཅིང་དེའི་ཕྱག་རྒྱ་བཅིང་ངོ་ཞེས་བྱ་བའི་དོན་ཏོ།། མ་མོ་རྣམས་ཀྱིས་ཞེས་བྱ་བ་ནི། བྱ་བ་འཇུག་མ་ལ་སོགས་པ་སྟེ། དེ་རྣམས་ཕྱག་རྒྱ་བྱིན་གྱིས་བརླབསོ་པ་ལ་འདི་ཉིད་སྦརོ།། ལྷ་རྣམས་ཀྱི་དམ་ཚིག ་གི་ཕྱག་རྒྱ་བསྟན་པ་ལ་ནི་རང་གི་བདག་པོའི་དམ་ཚིག་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་པ་ཡིན་ཞེས་བསྟན་ཏོ།། ཐམས་ཅད་ཀྱི་རང་གི་ས་བོན་གྱི་ཡི་གེ་རྣམས་ནི་ཆོས་ཀྱི་ཕྱག་རྒྱའོ།། སོ་སོའི་ལས་ཀྱི་ཕྱག་རྒྱ་མ་གསུངས ་པ་དག་གི་ཡང་ཕྱག་དང་པོའི་གཡས་དང་གཡོན་གཉིས་ཀོར་བྱས་པ་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གྱི་ཏིངངེ་འཛིན་གྱི་ལེའུ་ལས་གསུངས་པའི་རང་གི་མཚན་མ་འཛིན་པའི་ཚུལ་ནི་ལས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་ཆེན་པོ་མ་གསུངས་པའི ་ཡང་ལས་ཀྱི་ཕྱག་རྒྱ་ཉིད་རང་གི་མཚན་མ་དང་བཅས་པ་ནི་ཕྱོག་རྒྱ་ཆེན་པོའོ།། ལ་ལ་ནི་དྲག་པོ་སྒྲུབ་པར་བསྟན་པ་ལ་ནི་ཕྱག་རྒྱ་བཞིས་རྒྱས་བཏབ་པ་མན་ངག་ཇི་སྐད་བསྟན་པ་བཞིན་དུ་བྱའོ།། ལས་ཀྱི་ཚོགས་ལྷག་མ་རྣམས་ནི ་དེ་ལྷག་མ་ཡིན་ནོ་ཞེས་ཟེར་རོ།། གཞན་དག་ནི་སྒྲ་ཇི་བཞིན་པར་བྱའོ་ཞེས་ཟེར་རོ།། རྡོ་རྗེ་སེམས་མ་ལ་སོགས་པས།། རིན་ཆེན་ཅོད་པན་ཕྲེང་དབང་བསྐུར་ཞེས་བྱ་བ་ནི་དམ་ཚིག་དང་ཆོས་དོང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས ་ཅི་རིགས་པར་རྒྱས་བཏབ་ནས། རྣམ་པར་སྣང་མཛད་དང་བྱམས་པ་ལན་རྡོ་རྗེ་རན་ཅན་མའི་སྔགས་དང་ཕྱུག་རྒྱ་འཁོར་ལོ་དང་། རིན་པ་ཚ་ཅོད་པན་གྱིས་དབང་བསྐུར་བར་གསུངས་པས་དབང་བསྒྱུ ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་ནི་སེམས་མ་རྡོ་རྗེ་ལ་སོགས་པའི་སྔགས་དོང་ཕྱག་རྒྱསོ།། ཇི་སྐད་བཤད་པའི་དེ་བཞིན་གཤེགས་པ་རྣམས་དང་སྤྱན་ལ་སོགས་པའི་དབང་བསྐུར་བ་དང་། ལྕུག་མ་དབང་བསྐུར་བ ་མ་གསུངས་པ་ལ་ནི་རང་གི་དབང་པོ་དང་རྗེ་སུ་མཐུན་པར་དབང་བསྐུར་བས་དབང་བསྐུར་ལ། དར་དཔྱངས་དང་། ཕྲེང་བས་དབང་བསྐུར་བ་ནི་ཐམས་ཅད་ལོ་སྦྱར་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ནི། རྒྱབ་ཏུ་མདུང ་པབ་ལྟར་དོར་བྱ་ཞེས་བྱ་བ་ནི་དབང་བསྐུར་བའི་འོག་ཏུ་བཛྲ་ཏུ་ཥྱ་ཧོ་ཞེས་བྱ་བ་དང་ཐལ་མོ་བརྡབས་པས་ཉེས་པར་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྣམ་པར་སྣང་མཛད་ལོ་སོགས་པའི་དབུ་རྒྱུན་གྱི་ཅོད་པན་གྱི་རྩེ་མོའི་ཆ་ལ ་བཛྲ་རཀྵ་ཧཾ་ཞེས་བྱ་བ་བཀོད་ལ་དེ་ལས་བྱུང་བའི་འོད་ཟེར་ལྗང་གུས་གོ་བགོས་པར་དེ་བསམས་ནས། གོ་ཆའི་ཚུལ་དུ་དེས་བདག་ཉིད་གོ་བགོས་ལ། ཇི་ལྟ་བ་བཞིན་དུ་འགྱིང་བ་དང་བཅས་པོས་རྣ་བ་གཉིས་ཀྱི་མཐར་མཐ ་མ་ལ་སོགས་པ་དགྲོལ་ཞིང་དར་དཔྱངས་དཔྱངས་པ་ལ་སོགས་པའི་ཚུལ་དུ་བྱའོ།། འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་དེའི་འོག་ཏུ་ཏིང་འཛིན་རིམ་པར་ཕྱི་བ་ལས་གསུངས་པའི་རིགས་ཀྱིས་རང་གི་ཏིང་འཛིན་ལ་སྙོམས ་པར་ཞུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡང་དག་པར་ཞུགས་པར་བསམ་མོ།། དེ་ནས་མཆོད་ཡོན་ཕུལ་ལ། བཞིན་འཛུམ་པས་རྡོ་རྗེའི་གར་ལས་བྱུང་བའི་སྒེག་ཅིང་། དགའ་བའི་རྡོ་རྗེ་སྙིང་གར་གནས་པས་ཞེ་ས་དང་བཅས་ཤིང་བཞིན་འཛུམ་པ ་མིག་གིས་ཕྱག་བྱ་བས་ཕྱག་བྱས་ལ། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ་བ།། ཡེ་ཤེས་ཆེན་པོ་ལས་ཆེ་བ།། རྡོ་རྗེ་སེམས་དཔའ་དེང་བདག་གྲུབ་ཅེས་དེ་ཁོ་ན་ཉིད་ཀྱི་ཡང་དག་པར་བསྐུལ་བར་བྱའོ།། སངས་རྒྱས་ས་རབ་ཅེས ་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སྒེག་མོ་ལ་སོགས་པ་མཆོད་པ་བཞི་ནི་ཡེ་ཤེས་ལྔའི་བདག་ཉིད་ཅན་རྡོ་རྗེ་འཛིན་པའི་ས་རབ་ཏུ་རྫོགས་པར་བྱེད་ཅིང་མཐར་ཕྱིན་པར་བྱེད་པ་སྟེ། ཕྱིའི་མཆོད་པ་རྣམས་ཀྱང་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། སངས ་རྒྱས་ནི་འདིར་སངས་རྒྱས་རྡོ་རྗེ་འཛིན་པར་བརྗོད་ཅེས་གསུངས་པས་རྡོ་རྗེ་འཆང་ཉིད་ཡིན་པར་གཟུང་སྟེ། ཕན་ཡོན་དང་བཅས་པས་བརྗོད་པའི་དབངོ་དུ་བྱས་ནོས་ཐམས་ཅད་ལོས་མཆོག་ཏུ་གྱུར་པའི་དོན་སྔོན་པོའི་ཕྱིར།། གསང་བའི་མཆོད ་པ་ཉིད་བསྟན་པའི་ཕྱིརརོ།། ཅུང་ཟད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འགྱིང་བག་ཏུ་བྱས་ནས། གཡོན་ཕྱོགསུ་སྒེག་པས་མགོ་ཅུང་ཟད་བཏུང་བ་ནི་སྒེག་མོའི་ཕྱག་རྒྱའོ།། ཧཱུཾ་ཞེས་བྱ་བས་ཞེས་བྱ་བ་ལ ་སོགས་པ་ལ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོ་བསྒྲེང་ལ་འོག་ཏུ་བཞག། གཡས་པའི་མཛུབ་མོ་གར་གྱི་རྣམ་པས་གླུ་ལེན་ཅིང་པི་ཝ་བསླང་བ་ལྟ་བུ་བྱས་ལ་སྒེག་པས་ལུས་ཅུང་ཟད་པོ་སྐྱོད་པ་ནི་གླུ་མའི་ཕྱག་རྒྱ་སྟེ་ཕྲེང་བ་མའི ་ལག་ཏུ་ཤེས་པར་བྱར།། ང་ནས་ནས་བྱ་བླ་མ་མགས་གྷ་མྦྷ་ཙྪ་བ་མག་རྒྱུར་དྭག་གིས་མུག་པ་ལ་སྦྱིན་ཚྭ་མ་བྱུང་བ་བྱུང་བ་སུམ་དུ་བྷསྨྲ་པ་ནི་བྱུང་བ་ས་བྱཱགྶ་རྫྫ།། དྲང་གཱ་སུས་ཐོས་བྱུ་བན་ཕྱུང ་མའོ།། ལྷ་རྣམས་ཀུན་ལ་ཞེས་བྱ་བ་ནི་ལྷོ་ཐམས་ཅད་ལ་སྟེ། ཕྲེང་བ་ནི་སྒེག་མོའི་འོག་ཏུ་ཤེས་པར་བྱའོ།། ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་གར་མཁན་མོའི་ཕྱག་རྒྱའོ།། ཕྱིའི་མཆོད་པ་བསྟན་པའི ་ཕྱིར་མེ་ཏོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་པ་ལས་བྱུང་པོའི་རྡོ་རྗེ་ཐལ་མོ་སྤྱི་བོར་བཞག་ལ་ཕབ་སྟེ། སྙིང་གར་མེ་ཏོག་འབུལ་བའི་ཚུལ་དུ་བྱ་བ་ནི་མེ་ཏོག་མའི་ཕྱག་རྒྱའོ།། བདུག་སྤོས ་རྩེ་མོའི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་རྡོ་རྗེ་བཅིང་བ་བྱས་ལ་བཟློག་སྟེ། བསྒྲེང་ནས་གླང་མོ་བདུག་སྤོས་ཀྱི་རྩེ་མོའི་ཚུལ་དུ་བྱས་ནས་གར་གྱི་འོག་ཏུ་བདུག་སྤོས་དབུལ་བའི་ཚུལ་དུ་བྱ་ཞིང་ལག་པ་རྣམ་པར་བསྐོར་བ་ནི་བདུག་པ ་མའི་ཕྱག་རྒྱའོ།། མཐེབ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་དུ་རྡོ་རྗེ་བཅིང་བ་ལས་བྱུང་བའི་གཡས་གཡོན་གྱི་མཐེ་བོ་བསྒྲེང་ལ་མར་མེ་འབུལ་བའི་ཚུལ་དུ་ལག་པ་བསྐོར་བ་ནི་མར་མེའི་ཕྱག་རྒྱའོ།། དུང་གི་ཚུལ་དུ་ཞེས་བྱ་བ་ལ་སོགས ་པ་ལ་དེ་བཞིན་རྡོ་རྗེའི་རལ་མོ་དུང་འདྲ་བར་བྱས་པ་ཡོངསུ་བསྐོར་ནས་དུང་ཕོར་ཉིད་དང་མཆོད་ཡོན་འབུལ་བའི་ཚུལ་དུ་བྱས་ལ་ཡང་སླར་བཟློག་ནས་དེ་ཉིད་དང་གར་བྱ་བའི་སྦྱོར་བས་བྱུག་པོས་བྱུག་པས་ཚུལ་གྱི་ལྷ་ཐམསོ་ཅད་ལོ་བྱུག་པ་ནི ་བྱུགྷ་པདྨའི་ཕྱག་རྒྱཿ།། དི་རྣམས་ཀྱི་སྣང་བན། ཧཱུཾ་བཛྲཱཿསྱཱ། བྷཱུ་བཛྲམ་ས། རྦཱ་རྫ་ནཱཿ། ཊ་བགྷྣཱནྡཿ། ཏྲཱ་བདྡྷ་བྷནྨ། ཨུ་བཿདྷཱུ་བ། ཥ་བཛྲམཱ་མཀ།། བ་བཛྲགནྡྷཥྚས་བྱ་བ་དང་མ་བཞིན་སྦྱར།། འདུ་སྤྱད་སྦྱིན་པ་ཡིན་ཏུ། !། ་གར་སྣ་ཚོགས་རྡོ་རྗེ་བསམས་པ། དེའི་འོག་ཏུ་སྒེག་མོའི་ས་བོན་གྱི་ཡི་གེ་བསམས་ཏེ། དེའི་ཕྲེང་བ་ལས་བདག་ཉིད་རྡོ་རྗེ་སྒེག་མོའི་གཟུགསུ་ཡོངསུ་གྱུར་པར་བྱས་མ་ལ། བཤིང་མ་ཐག་པའི་དེའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། དེའི་ཚེ་ཉིད་ཀྱི་གསང་སྔགས ་འདོན་ཅིང་སྤྲོ་བ་དང་བསྡུ་བ་ཐམས་ཅད་བྱས་ནས། ལྷ་མོ་སྐྱེ་མོའི་གཟུགས་ཀྱིས། འདོད་པ་དགའ་བའི་མཆོད་པ་རྣམས་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པར་བྱའོ།། དེ་ནས་བསྡུས་ལ་རང་གི་ལུས་ཀྱི་ནང་དུ་ཆུད་པའི་སྣ་ཚོགས་རྡོ་རྗེ་ལ་ཡང་དག་པར ་དགུག་པ་དང་གཞུག་པ་དང་དབང་དུ་བྱས་ལ་བཞག་སྟེ། ཡིད་ཀྱིས་ཛ་ཧཱུ~ཾ་པཾ་ཧོ།། ཞེས་བརྗོད་དོ།། དེ་བཞིན་དུ་དྲིའི་བར་གྱི་མཆོད་པ་རྣམས་ལ་ཡང་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཨོཾ་འདོན་ཅིང་རྡོ་རྗེའི་ཁུ་ཚུར་གཉིས་ཀྱིས་རྫ་རྔ་ལ་སོགས་པ ་བསིལ་སྙན་བརྡུང་བའི་ཚུལ་བྱའོ།། དེ་བཞིན་དུ་རྔ་ཡ་བ་གཡོབ་པའི་ཚུལ་དང་ཉི་མ་འཛིན་པའི་ཚུལ་དང་། ལག་པ་གཉིས་བརྐྱང་ལ་སྲིན་ལག་གི་ཚིགས་དབུ་མ་བཀུག་ནས་པ་དན་གསུམ་པའི་ཚུལ་དུ་བསྒྲེང་ནས་ལག་པ་གཉིས་བརྐྱང་ལ་སྟེང་དུ་བཏག ་པ་ལྟར་བཞག་པ་དང་། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རིན་པོ་ཆེའི་ཕྱེ་མ་འགྱོད་པར་ལྟར་བྱའོ།། ལྔ་བ་ཤོས་དབུལ་བ་ནི་གཽ་སླའོ།། དེ་བཞིན་དུ་རྡོ་རྗེ་ཐལ་མོ་གཉིས་བརྐྱང་བས་ན་བཟའ་དབུལ་བ་དང་། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ན་བཟའ་བསྐོན། ་བའི་ཚུལ་དུ་བྱ་བ་དང་། ལག་པ་གཡས་པས་ཚད་མེད་པ་ལྟ་བུ་ནི་ལྷ་ཐམས་ཅད་གཞལ་ཡ་ས་ཁང་ངོ་།། མཁྲིག་མའི་ཚུལ་དུ་གདུ་བུ་འདོགས་པའི་ཚུལ་དུ་བྱས་པས་གང་བུ་དབུལ་བ་དང་དོ་ཤཱལ་འདོགས་པའི་ཚུལ ་གྱིས་དོ་ཤལ་དབུལ་བ་དང་། ཞབས་ལ་རྐང་གདུབ་དབུལ་བའི་ཚུལ་གྱིས་རྐང་རྒྱན་བྱ་བ་དང་། སྙན་ལ་སྨན་རྒྱན་བྱ་བ་དང་། དེ་བཞིན་དུ་མགུལ་དུ་མགུལ་རྒྱན་བྱ་བ་དང་། དཔུང་པའི་རྩ་བའི་འོག་ཏུ་དཔུང་རྒྱན་བྱ་བའི་ཚུལ་དང་། དེ་ནས ་སོར་བཞིའི་འོག་ཏུ་བསྲུང་སྐུད་ཀྱི་ཚུལ་གྱིས་སྲུང་སྐུང་བྱ་བ་དང་མཾ་ཁ་ལའི་ཚུལ་དུ་རྐེད་པར་སྐ་རགས་བྱ་བ་སྟེ། དེ་དག་དང་གཞན་དག་ཀྱང་ཤེས་པར་བྱའོ།། གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་དུ་བྱས་པའི་མཐེ་བོའི ་སྟེང་དུ་ལག་པ་གཡས་པ་ཁ་ཐུར་དུ་བསྟན་ལ་བརྐྱང་བའི་གདུགས་ཀྱི་ཚུལ་གྱི་གདུགས་དབུལ་བ་དང་། ལོག་པ་གཡོན་པ་པང་བར་བསམ་གཏན་བྱ་བ་ལྟར་བཞག་ལ། ལག་པ་གཡས་པ་ཁ་ཐུར་དུ་བསྟན་ཏེ་བླ་རོ་བསྐྱེད་པའི་བསམ ་པས་ན་མཁའ་ལ་ཡོངསུ་བསྐོར་རོ།། རྡོ་རྗེ་དྲིལ་བུ་ཞེས་བྱ་བ་ལ་སོགས་པ་ནི་སྒོ་དབྱེ་བའི་ཡིན་པར་ཤེས་པར་བྱའོ།། ཞེས་ལ་ལ་དག་ཟེར་རོ།། གཞན་དག་ནི་མཆོད་པའི་དབང་དུ་བྱས་པའི་བདག་ཉིད་ཡིན་གྱི་རང་བཞིན ་གྱི་མཆོད་པའི་འབྲས་བུ་ལ་མ་དད་པ་དང་མི་ཤེས་པའི་སྒོ་འཕོར་བྱེད་པའི་དྲིལ་བུའི་སྒྲས་རང་གི་ལྷག་པར་མེས་པས་བསྒོམས་པའི་དོན་གྱི་འབྲས་བུ་སྟེར་བའི་ནུས་པ་སྟོན་པས་དྲིལ་བུ་ཉིད་གསང་སྔགས་དཀྲོལ་བས་དབྱེ་བར ་བྱའོ་ཞེས་ཟེརའོ།། འདིས་ནི་འདི་སྐད་སྟོན་ཏེ། དྲིལ་བུ་དཀྲོལ་བས་ཡིད་ཀྱིས་རང་བཞིན་གྱི་མཆོད་པའི་ཚོགས་ཀྱི་འབྲས་བུ་ཕྱིན་ཅི་མ་ལོགས་པ་སྩལ་བར་བྱིན་གྱིས་རློབ་པར་འགྱུར་བ་ཡིན།། དེ་བས་ན་གཞན་དག་ལས ་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་བྱས་ནས་སམ། ལྷ་རྣམས་རབ་ཏུ་བསྒྲུབས་ནས་དྲིལ་བུ་དཀྲོལ་ལོ་ཞེས་གསུངས་ཏེ། བཤད་པ་འདི་དག་ཀྱང་དྲིལ་བུ་དཀྲོལ་ལོ།། མཆོད་པའི་མཐའ་ཞེས་བྱ་བ་ལ ་སོགས་པ་ལ་བཛྲ་སཏྭ་སཾ་གྲ་ཧཱ་ཏ་ཅེས་བྱ་བ་ལ་སོགས་པའི་གསང་བའི་སྙིང་པོ་གླུ་བླང་བ་སྒྲོག་པ་ལྔ་སོགས་པའི་ཉམས་དང་རྗེ་སུ་མཐུན་པའི་གླུ་ལེན་ཅིང་བསྟོད་པའི་མཆོད་པ་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལྷ་རྣམསཽ་རང་གི་བདེ ་བའི་བདག་ཉིད་ཅན་སེམས་སོ་སོར་རྟོག་པའི་རྣམ་པ་བསྒོམས་ལ་སྒེག་མོ་ལ་སོགས་པའི་རིགས་པའི་ལྷ་མོ་རྣམས་ཀྱི་བདག་གི་ཞེས་ལུས་ཀྱི་ངོ་བོ་ཉིད་ཀྱིས་མཆོད་པའི་དགའ་སྟོབས་རྣམས་ཀྱི་འགྲོ་བ་མ་ལུས་པར་བཀང་ལ ་དེ་དང་ཐ་མི་དང་པའི་ང་རྒྱལ་དང་གླུ་བླང་སྟེ། སྟོང་པ་ཤིན་ཏུ་རྣལ་འབྱོར་ཡོད་མེད་མཐུས།། ན་མཁའ་ཉིད་དུ་དམ་ཚིག་ཉེ་བར་གཤེགས།། བདེ་གཤེགས་བྱེང་བར་གཤེགས་པས་བྱནས་གསོལ།། རྡོ་རྗེ་སེམས་དཔའ ་དཔལ་བཟང་སྦྲུལ་ཁྱོད་བདག་ཅེས་བྱི་བས་བླང་བར་བྱའོ།། དེ་ནས་དེ་ལྟར་བླངས་ནས་ཡང་།། ཨོཾ་ས་གསུམ་གྱིས་ནི་ཕྱག་བྱས་པ།། ཨོཾ་ས་གསུམ་གྱིས་སྟོན་པ་པོ།། ས་གསུམ་ལ་ནི་འབྱོར་སྤེལ་བ།། ས་གསུམ་བདག་ནི་གྲུབ ་པར་མཛོད་ཅེས་བྱ་བ་འདས་མཆོད་ཅིང་བསྟོད་པར་བྱའོ།། དེ་ནས་རང་གི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། རྡྷས་ཆགས་པའི་རྣམ་དག་དགའ་བའི་པདྨ་རྣམ་དག་པའི།། མཆོད་པས ་མཆོད་པ་གསལ་བར་རྒྱུ་སུ་མཆོད་བྱས་ན།། མཆོག་ཏུ་རྟག་པའི་རྣལ་འབྱོར་བདེ་བས་བདེ་བ་གྲུབ་པར་མཛོད་།། སྐྱེ་མཆོག་བང་བའི་ངོམ་ཚིག་ངོ་བོ་ཉིད།། མཆོག་ཏུ་བདེ་བ་རྣལ་འབྱོར་སྐུལ་པ་བཟང་།། མཆོག་ཏུ་དགྱེས ་པ་རང་གི་དམ་ཚིག་བསྐྱོན་མེད་རྟག་པའི་རོལ་ཅིག་རོལ་ཅིག་ཧོ།། ཀྱེ་མཆོག་ཏུ་གསང་བའི་བདག་པོ་རང་གི་དམ་ཚིག་ཡིན་པའི་ཕྱིར།། རབ་ཏུ་གསང་བའི་ལྷ་མཆོག་རྣམ་སོ་ཞེས་བྱའོ།། དེ་ནས་དཀྱིལ་འཁོར་བྱིན་གྱིས་བརླབ་ཏུ། ་པའི་ཕྱིར་གསོལ་བ་གདོབ་པར་བྱ་སྟེ། འགྲོ་བའི་རྒྱུན་ནི་རྣམ་པ་སྣ་ཚོགས་འདུལ་བ་གསལ་བར་མཁྱེན།། དམ་ཚིག་ཐམས་ཅད་དངོས་པོ་བརྟན་གཡོ་ཀུན་གྱི་ངོ་བོར་གྱུར།། རྒྱལ་བ་ཀུན་གྱི་བདག་ཉིད་རྣལ་འབྱོར་བདེ་བ ་མཁའ་འགྲོ་སྒྱུ་མ་ཧོ།། ཀྱེ་དམ་པོ་རྟག་པའི་དངོས་གྲུབ་ཆེན་པོ་རབ་ཏུ་སྒྲུབ་ལ་སྟོན།། ཛཿཧཱུཾ་བཾ་ཧོཿོཾ་མ་ཧོ་བདེ་མཆོག་བདེ་བ་དྲོངས།། རྣམ་པར་སྤྲུལ་ཧཱུཾ་སྣང་བར་མཛོད།། ཨ་ལྀ་ལ་ཧོ།། དེ་བཞིན་གཤེགས་པོ་ཐམས ་ཅད་ཀྱི།། མཁའ་འགྲོ་སྒྱུ་མ་སྣ་ཚོགས་ཀྱིས།། སློབ་མ་གཞུག་ཏུ་གསོལ་ཞེས་བྱ་བའོ།། དེ་ནས་དཀྱིལ་འཁོར་འདི་དག་ཐམས་ཅད་དེའི་གསང་སྔགས་བརྗོད་ནས་རིང་གི་སྙིང་གའི་དམ་ཚིག་གི་ཕྱག་རྒྱར་བཅུག་སྟེ། དཀྱིལ་འཁོར་གྱི ་བདག་པོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི་གསང་སྔགས་བརྒྱ་རྩ་བརྒྱད་བཟླའོ།། ལྷག་མ་རྣམས་ཀྱི་གསང་སྔགས་ནི་ལན་བདུན་བཟླས་བརྗོད་བྱའོ།། དེ་ནས་གྲུབ་པའི་དཀྱིལ་འཁོར་གཙུག་ཏོར་ལ་སོགས་པ་ལས་བྱུང ་ལ། རང་གི་གན་སུ་བཞག་སྟེ། དྲྀ་དྷཱ་བཛྲ་ཏིཥྛ་ཞེས་བྱ་བསེ་བརྟན་པར་བྱའོ།། ཨོཾ་བཾ་བཛྲ་མུཥྚི་པཾ་ཞེས་བྱ་བས་དམ་ཚིག་གི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱ་བར་ཡང་ཤེས་པར་བྱའོ།། རྡོ་རྗེ་ཐེག་པ་ཞེས་བྱ་བ་ལ་སོགས་པ་ལ་ཇི ་སྐ་དུ་བཤད་པའི་ཡིད་ཀྱིས་མཆོད་པ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལོས་བྱུང་བའི་ཕྱིར་དོན་དམ་པའི་མཆོད་པ་ཡིན་པས་དེ་ཉིད་ཀྱིས་ན་འདི་ནི་རྡོ་རྗེ་ཐེག་པ་མཉེས་བྱེད་པ་སྟེ། རྡོ་རྗེ་ཐེག་པ་བསྡུས་པོ་རྣམ་པར་སྣང་མཛད་ལ ་སོགས་པ་མཉེས་པར་བྱེད་པ་ཡིན་ཏེ། དེ་རྣམས་ཀྱིས་དགྱེས་པའི་ངོ་བོ་ཉིད་དུ་གྱུར་པས་སོ།། གང་གི་རྣམ་སྤངས་ཏེ་ཞེས་བྱ་བ་ནི་མི་བདེན་པའི་ཕྱིའི་དོན་གྱི་རྣམ་པར་རྟོག་པ་སྤངས་པའོ།། བྱང་ཆུབ་སེམས་ནི་རྣམ་བསྒོམ ་པས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ལེའུའི་རིམ་པས་ཆོས་བདག་མེད་པ་བསྒོམ་པར་བྱེད་པའོ།། ལུས་དང་སེམས་ནི་རྣམ་པར་དག་པ་ཞེས་བྱ་བ་ནི་དེ་ཉིད་ཚོལ་ལ་ཐོག་མར་ནི།། ཐམས་ཅད་ཡོད་ཅེས་བརྗོད་པར་བྱ།། དོན་རྣམས ་རྟོགས་ཤིང་ཆགས་མེད་ནས།། དེ་ཡི་འོག་ཏུ་དབེན་པའོ་ཞེས་བྱ་བའི་ཚུལ་གྱིས་སོ།། རྣམ་པར་སྣང་མཛད་ལ་སོགས་པ་ཀུན་རྫོབ་ཀྱི་བདེན་ལས་མི་འདའ་བའི་ཚུལ་གྱིས་མངོན་པར་ཡིད་ཆེས་པའི་རྒྱུས་དད་པ་གང་ཡིན་པའི་ཞེས ་བྱ་བའི་བྱེད་པའི་ཚིག་མི་མངོན་པར་མཚམས་སྦྱར་ཏེ། དེ་ནས་ཀྱི་མཆོད་པ་ནི་བླ་ན་མེད་པའོ།། སེམས་ཅན་གང་གི་ཞེས་བྱ་བ་ལ་སོགས་པ་ལ་གང་དངོས་པོ་ལ་མངོན་པར་ཞེན་པ་དང་། མངོན་པར་མ་ཞེན་པའི ་མཚན་ཉིད་ནི་མཐའ་གཉིས་ཏེ་དེ་ལས་དབེན་པ་ཆོས་བདག་མེད་པོའི་ཡེ་ཤེས་ནི་དབུ་མའི་ཐེག་པ་སྟེ། དེ་བསྒོམས་ལ་དབྱེར་མི་ཕྱེད་པ་དང་ལྡན་པའི་རྒྱུན་ལ་གནས་པ་དག་གི་ཡིན་གྱི་ཐེག་པ་དམན་པ་ལ་ལྷག་པར་མོས་ཤིང་མངོན ་པར་ཞེན་པའི་མཐར་ལྟུང་བ་དེ་རྣམས་ཀྱི་མཆོད་པ་ནི་ཀུན་རྫོབ་པའོ།། དེའི་ཞེས་བྱ་བ་ནི་སྒྲ་ནི་ཐ་དད་པའི་རིམ་པ་དང་ངེས་པོ་གཟུང་བ་ཡིན་པར་བལྟ་བར་བྱའོ་ཞེས་བྱ་བའི་ཚུལ་གྱིས་སོ།། མངོན་པར་ཞེན་པ་དང་མཐར་ལྟུང་བ་རྣམས ་ཀྱིས་ནི་མཆོད་པ་ཉིད་མེད་པར་ཤེས་པར་བྱའོ།། མཐའ་གཉིསུ་རྟོག་པ་སྤངས་པའི་ནི་ཡིད་ཀྱི་མཆོད་པ་འབའ་ཞིག་ཏུ་མ་ཟད་ཀྱི་མེ་ཏོག་ལ་སོགས་པའི་དངོས་སུ་འབྱོར་པའི་མཆོད་པ་རྣམས་ཀྱང་མིག་ཡོར་ལྟ་བུར་མངོན་པར ་འདུས་བྱས་པས་དེ་ལ་ཡང་མངོན་པར་ཞེན་པོ་མེད་དེ། སྒྱུ་མའི་སྐྱེས་བུ་བཞིན་དུ་སྤྱད་པར་བྱ་བའོ་ཞེས་བྱ་བའི་ཚུལ་དུ་ཤེས་པར་བྱའོ།། དེ་བས་ན་བུམ་པ་གང་ཇི་སྙེད་པ། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ཅེས་བྱ་བའི་རིམ་འདིས ་བཞག་པར་བྱའོ།། དེ་ལ་རེ་ཞིག་རྣམ་པར་རྒྱལ་བའི་བུམ་ས་པ་ཇི་སྐད་བཤད་པ་ལ། ཨོཾ་མོ་ཧཱ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཀ་སིདྡྷི་ཨ་བྷི་ཥིཉྩ་སརྦ་སུ་ཀ་སོ།། མ་ན་སྱ་ཨ་ད་ད་ཀུ་རུ་ཀུ་རུ་ཛཿཧཱུཾ་བཾ་ཧོཿ་ཞེས་བྱ་བས་དཀྱིལ་འཁོར་གྱི ་བདག་པའི་དམ་ཚིག་གི་ཕྱག་རྒྱས་གཟུང་བའི་འཁོར་ལོ་དང་། མེ་ཏོག་གི་ལྕུག་མ་ལ་ཉི་ཤུ་རྩ་གཅིག་བཟླས་ཏེ། དེའི་གསང་སྔགས་ཀྱིས་དེའི་མདུན་དུ་བཞག། བུམ་པ་གཞན་རྣམས་ནི་འབྲུ་ལྔ་ལ་སོགས་པ་དང་ལྡན་ཞིང་མི་བསྐྱོད་པ་ལ ་སོགས་པའི་མཚན་མས་མཚན་པ་ལ། ཨོཾ་བཛྲོད་ཀ་ཧཱུཾ་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱ་སྟེ་མི་བསྐྱོད་པ་ལ་སོགས་པའི་གསུང་སྔགས་ལན་བདུན་བཟླས་ཏེ་དེ་རྣམས་ཀྱི་དེ་ཉིད་ཀྱིས་བཞག་པར་བྱའོ།། དེ་བཞིན་དུ་བུམ་པ་ལ་ཨ་མྲའི་ལོ ་མ་ལ་སོགས་པས་ཁ་དགབ་ཅིང་རྡོ་རྗེའི་ཆུའི་སྔགས་ཀྱིས་ལན་བདུན་བཟླས་པ་བྱས་ལ་ལྷ་ཐམས་ཅད་ལ་དབུལ་བར་བྱའོ།། དེ་ནས་ཡི་གེ་ཨོཾ་ལ་མངོན་པར་བསྐྱོད་ལ་རྡོ་རྗེའི་རྩེ་མོས་བཟླས་པའི་ཆུས་བསང་གཏོར་བྱ་ཞིང་། རྡོ་རྗེ་མའི་ཕྱག་རྒྱ ་དང་སྔགས་ཀྱིས་བཏབ་པ་དང་། རྡོ་རྗེ་མེ་ཏོག་ལ་སོགས་པའི་ཕྱག་རྒྱ་དང་། སྔགས་ཡོངསུ་བཟླས་པའི་མེ་ཏོག་དང་སྤོས་དང་མར་མེ་དང་། བྱུག་པ་སོ་སོའི་གསང་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་མཆོད་པར་བྱའོ།། དེ ་ནས་རྡོ་རྗེ་བཅིང་བ་བྱས་ནས་རལ་གྲི་འཕྱར་བའི་ཚུལ་གྱི་ཕྱག་རྒྱ་དང་། ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨེ་དྱཱ་ནུཏྤ་ནན་ཏྲཏ་ཅེས་བྱ་བ་འདིས་ཡོངསུ་བཟླ་ཞིང་ལས་ཐམས་ཅད་པའི་ཆུས་བསང་བའི་བཟའ་བ་དང་བཅའ་བ་དང་། མྱང་བ་དང་ལྡག་པ་རྣམ ་པ་སྣ་ཚོགས་པ་རྣམས་སོ་སོའི་གསང་སྔགས་བརྗོད་ནས་དབུལ་བར་བྱའོ།། དེ་ནས་ལྷ་མོ་སཾ་སེ་ལེ་རེ་རེ་འམ། སྤྱིད་རས་ཟུང་ཅིག། ཨོཾ་བཛྲ་བི་པཱུ་ར་པཱུ་ར་ས་ལས་གཔ་ཞེས་མངོན་པར་བསྔགས་ལ་རང་གི་གསང་སྔགས་ཀྱིས་ཀྱང་འབྱིར་པ ་ཡོད་པས་དབུལ་བར་བྱའོ།། དེ་ནས་ཐལ་མོ་སྦྱར་བ་སྤྱི་བོར་བཞག་ལ། ཨོཾ་ལས་བྱུང་བའི་དཔག་བསམ་གྱི་ཤིང་ལ་སོགས་པས་ན་མཁའི་ཁམས་ཐམས་ཅད་གང་བར་བྱས་ལ་ཡིད་ཀྱིས་སྤྲུལ་པར་བྱའོ།། ཨོཾ་ཨ ་ནུཏྟཱ་ར་སརྦ་བུ་ཛཱ་ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པའི་གསང་སྔགས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་དེ་ནས་དྲིལ་བུ་དཀྲོལ་ཏེ་ཡི་གེ་བརྒྱ་པ་ལན་བདུན་བཟླས་པས་དཀྱིལ་འཁོར་བརྟན་པར་བྱའོ།། དེ་ན་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར ་བོ་དང་ལྡན་པས་ཕྱི་རོལ་ཏུ་བྱུང་བ་བཅོམ་ལྡན་འདས་དང་ལྷན་ཅིག་ཕྱོགས་བཅུ་ནས་འོངས་པའི་སེམས་ཅན་མི་སྣང་བ་ཐམས་ཅད་ལ་ཕྱོགས་ཀྱིས་གཏོར་མ་ཇི་ལྟ་བ་བཞིན་བྱིན་ཏེ་ཉེ་རེག་བྱས་ནས་སླར་ཞུགས་ལ་བྱིན་སྲེག་བྱས་ཏེ་ཕྱག་རྒྱ ་དང་ཕྱག་རྒྱའི་ལན་དག་གིས་མཆོད་པ་ཡང་བྱ་བར་ཤེས་པར་བྱའོ།། མཆོད་པ་དག་ཅེས་བྱ་བ་ལ་སོགས་པ་ལ་གོང་དུ་བཤད་མ་ཐག་པའི་མཆོད་པ་ཐབས་ཀྱི་བདག་ཉིད་ཅན་དེ་དག་གསན་པ་དང་སེམས་ཅན་གྱི་དོན་དུ་འགྱུར་པོར ་གཟིགས་པས་ངོ་མཚར་དུ་གྱུར་པའི་སྤྱན་ཕྱོ་ནས་ལེག་སོ་ཞེས་བྱ་བ་རབ་ཏུ་གསུངས་པ་སྟེ། མཆོག་ཏུ་དགྱེས་པར་མཛད་པའོ།། ཨ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། སུ་ཞིག་ཅེ་ན་སངས ་རྒྱས་ཀྱིའོ།། ཅི་ཞིག་ངོ་མཚར་དུ་གྱུར་ཙོ་ན་ཐོབས་ཤེས་པ་སྟེ། ཐབས་ཞེས་བྱ་བ་ནི་དོན་དམ་པའི་མཆོད་པའི་ཚོགས་གསུངས་པ་ཡིན་ནོ།། ཅིའི་ཕྱིར་ཞེ་ན། སངས་རྒྱས་བྱང་ཆུབ་ཐོབ་པ་ཡི་ཞེས་གསུངས་པ་སྟེ་དེ་ཐོབ་པའི་ཕྱིརརོ།། གང་གིས། ་ཤཱན་རྡོ་རྗེ་བསྒོམས་པས་ནི་རྣམ་པར་སྣང་མཛད་ལ་སོགས་པ་བསྒོམ་པ་སྟེ། སྒྲུབ་པ་བོས་ཞེས་བྱ་བ་ནི་ལྕུག་མའོ།། དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དཀའ་བ་མེད་པས་ཞེས་བྱ་བ་གསུངས་ཏེ། དཀའ་བ་མེད་པ་སྟེ། ཉོན་མོངས་པ་ཐམས་ཅད་དང་བྲལ ་བའི་ཐབས་གང་ཡིན་པ་དེས། བྱང་ཆུབ་སྟེ་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པོ་འཐོབ་ཅིང་མངོན་སུམ་དུ་བྱེད་པའོ།། རྡོ་རྗེ་ཐིག་ཆེན་ཞེས་བྱ་བ་ལ་སོགས་པ་ལ། གང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རྡོ་རྗེའི་ཐེག་པ་བླ ་ན་མེད་པ་སྟེ། ཐེག་པ་ཆེན་པོ་མངོན་སུམ་དུ་མཛད་པ་དེ་ནི་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བའི་ཕྱིར་ལེགསོ་ཞེས་བྱ་བའོ།། ཇི་ལྟར་ཐུགས་སུ་ཆུད་པའི་ངོ་བོ་དེ་སྟོན་པ་དེ་ཡང་ཆོས་དང་གང་ཟག་ལ་བདག་མེད་པ་རབ་ཏུ་སྟོན་པ་ལེགས་སོ།། ་དེ་ཡང་རྟོག་གེ་བ་ཐམས་ཅད་ཀྱིས་རྟོགས་པར་མི་ནུས་པས་ཟབ་པ་ཉིད་དང་བརྟན་པ་ཉིད་ཤེས་བྱའི་དཀྱི་མོ་འཁོར་མ་ལུས་པར་ཁྱབ་པར་དྲི་མ་ཐམས་ཅད་དྲི་མ་དང་བྲལ་བའི་ཕྱིར་ལེགསོ་ཞེས་བྱ་མ་ལུས་པ་ཟིལ་གྱིས་མནན་པས་ལེགས།། ་དེ་ལའང་ཐོགས་པ་མེད་པའི་དེ་བཞིན་གཤེགས་པ་ལ་སོགས་པའི་རིན་པོ་ཆེའི་བསྡུས་པའི་གང་ཡིན་པ་དེའང་སྐྱེས་བུ་དམ་པའི་དོན་སྒྲུབ་པ་དང་ཉེ་བར་འཚམ་པའི་མཐར་ཐུག་པ་ཡིན་པའི་ཕྱིར་ལེགསོ་ཞེས་པའོ།། ཡེ་ཤེས་ཀྱི་གསུམ་ལས ་བྱུང་བའི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་ལས་བྱུང་བའོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱམས་པ་ལ་སོགས་པའོ།། སངས་རྒྱས་ཐམས་ཅད་ཀྱིས་རྡོ་རྗེ་ཐེག་པ་བསྔགས་པ་ཞེས་བྱ་བ་ནི་དེ་བྱས་པའི་ཕན ་ཡོན་ལ་དགྱེས་པས་གསུངས་པའོ།། དགའ་བ་ཞེས་བྱ་བ་ནི་སྔོན་མ་བྱུང་བའི་ཆོས་ཐོས་པས་ཡིད་བདེ་བ་ཐོབ་པར་གྱུར་པ་ཡིན་ལ་དུས་ཕྱིས་སྔོན་ཆོས་འདིས་བདག་ཅག་བསླུས་སོ་ཞེས་སེམས་ཤིང་ཡིད་བདེ ་བ་ཐོབ་པས་འཆི་མ་འབྱིན་ཅིང་རབ་ཏུ་ངུ་བར་གྱུར་པ་ཡིན་གྱི། བྱང་ཆུབ་སེམས་དཔའི་རྣམས་ལ་ནི་ཡིད་མྱི་བདེ་བ་ཉིད་མི་འབྱུང་ངོ་།། ཞེས་ལ་ལྔ་འདོད་དོ།། གཞན་དག་ན་རེ་དེ་དག་ཀྱང་ནམ་ཞིག་བདག་མངོན་པར་རྫོགས་པར ་སངས་རྒྱས་ནས་འགྲོ་བ་མ་ལུས་པའི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་ཞེས་འདི་ལྟར་རྟག་ཏུ་དགའ་ཞིང་འདོད་པ་ཉིད་ཀྱིན་གྱི། དེ་རྣམས་ཀྱི་ནང་ནས་འདི་ཡོངསུ་མི་ཤེས་པའི་བྱང་ཆུབ ་སེམས་དཔའ་མི་སྲིད་དོ་ཞེས་ཟེར་རོ།། དེ་ལ་འདི་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལྟ་བུ་ཡིན་པས་འདི་ཉིད་བསྐལ་པ་གཞན་ལ་བསྟན་པའི་ཕྱིར། དེའི་ཚེ་བྱུང་བའི་བྱམས་པ་ལ་སོགས་པ་རྣམས་ནི་མདོ་སྡེའི་སྤྱོད་པ་ལ་སྤྱོད་པར ་བྱེད་པ་བྱུང་སྟེ། དེ་ཡང་གསང་བ་འདུས་པའི་རྒྱུད་ལས་དེ་ནས་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་དེ་དག་ལ་བོས་ཏེ་གསུངས་པ་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་རྣམས། སྔོན་བྱུང་བ་ན་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པ་ཡང་འདས། གང་བཅོམ་ལྡན་འདས་མར་མེ་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྣམས་ཀྱང་འདས། འོད་སྲུངས་ཐུབ་པ་ཆེན་པོ་མངོན་པར་སངས་རྒྱས་པས་ཀྱང་མ་གསུངས་ཏེ། དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་གསང་བ་ཆེན་པོའི་དོན་བཤད་པ་དེའི་ཚེ་དེའི་དུས་ན་སེམས་ཅན་རྣམས།། ་སྐལ་བ་མེད་པའི་ཕྱིརརོ།། ཞེས་བྱ་བའི་བདག་ཉིད་བསྟན་པའི་ཕྱིར་གསུངས་ཏེ། དེ་ནི་སྒྲ་ཇི་བཞིན་པར་ཤེས་པར་བྱའོ་ཞེས་ཟེརོ།། གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལ། སྔོན་ཆད་མ་རྙེད་པ་ལ་སོགས་པའི་ཆོས་ཐོས་པས་མགུ་བ་སྟེ། ་ཡིད་དགའ་བར་གྱུར་པའོ།། མཐའ་རྣམས་མེད་པ་ནི་མངོན་པར་ཞོན་པའི་མཐའ་གཉིས་དང་བྲལ་བའོ།། སྐྱེ་བ་མེད་པ་ནི་ཇི་ལྟར་ཡོངས་སུ་བརྟགས་པའི་སྐྱེ་བའི་ངོ་བོ་ཉིད་མེད་པའོ།། ཡི་གེ་མེད་པ་ནི་ངག་གི་སྤྱོད་ཡུལ་ཐམས་ཅད ་ལས་འདས་པའི་རང་བཞིན་ཅན་ཡིན་པས་སོ།། གནས་པ་མེད་པ་ནི་སོ་སོར་ངེས་པའི་གནས་མེད་པས་སོ།། རྣམ་པ་དེ་དག་གིས་ན་མཁའ་འདྲའོ།། དེ་ཉིད་ཀྱིས་རྣམ་པར་རྟོག་པའི་དྲི་མ་ཐམས་ཅད་དང་བྲལ་བས་རྣམ་རྟོག ་ལས་གྲོལ་བ་ཞེས་བྱའོ།། རྟོག་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་བཅོམ་ལྡན་འདས་དེ་རྣམ་པར་རྟོག་པ་མི་མངའ་ཡང་། ཡིད་བཞིན་གྱི་ནོར་བུར་རང་ཉིད་སོ་སོར་སྣང་བའི་ཚུལ་གྱིས་སྔགས ་ལ་སོགས་པ་རྣམ་པར་བརྟགས་པས་རྟོགས་པས་རྟགས་ཞེས་བྱ་ལ། རྟོག་པའི་ཐབས་སུ་བརྟགས་པ་གང་གིས་ཡེ་ཤེས་ཀྱི་སྲས་པོ་ཀུན་ཞེས་བྱ་བ་ལ་ཡེ་ཤེས་རྟོག་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས ་ཀྱིས་ཐོབ་ཅིང་རྟོག་པར་གྱུར་པའོ།། བདེ་བ་ལས་འཁྲུངས་ཞེས་བྱ་བ་ལ་སོགས་པ་ལ་བདེ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདག་ཉིད་ཅན་ནོ།། དེ་ལས་འཁྲུངས་པ་ནི་དོན་གྱི་དངོས་པོའི་རྣམ་པ་གཉིསུ་མེད་པར་བསྒོམ ་པ་སྟེ་དེ་ལས་བྱུང་བའི་ཕྱིར་རོ།། རྡོ་རྗེ་འཆང་བ་ནི་གཉིསུ་མེད་པའི་སེམས་ཀྱི་ངོ་བོ་ཉིད་དུ་རྟག་ཏུ་བྱུང་བའོ།། དངོས་པོ་ནི་ཡོད་པ་ངོ་བོ་སྟེ། དེ་གཉིས་སུ་མེད་པའི་རྣམ་པ་ནི་དངོས་པོ་མེད་པ་སྟེ། དེའི་འབྱུང་གནས་སོ།། གང་དུ་ཞེས ་པ་ནི་རྒྱུད་གང་དུ་རྡོ་རྗེ་འཆང་བ་དེ་ཉིད་དང་པོར་རྣམ་པར་སྣང་མཛད་དུ་ཡི་གེ་ཨོཾ་གྱིས་སྟོན་པ་སྟེ། དག་པའི་གདུལ་བྱ་རྣམས་རྣམ་པར་དག་པར་བྱ་བའི་ཕྱིར་གང་གིས་སངས་རྒྱས་རྣམ་པར་སྣང་མཛད་དུ་སྤྲུལ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས ་བྱའོ།། གཟུགས་མང་ཚུལ་གྱིས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རྣམ་པར་བཀོད་པས་གདུལ་བྱ་རྣམས་དགའ་བར་བྱའི་ཕྱིར་དེ་བཞིན་གཤེགས་པ་ལ་སོགས་པའི་སྤྲུལ་པའི་ཕྲེང་བ་གང་གིས་བསྐོར་བ་དེ་ལའང་དེ་སྐད་ཅེས་བྱའོ།། སྒྱུ་འཕྲུལ ་དྲོ་བ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་རྒྱུད་ལ་ཕྱག་བྱས་པས་བཅོམ་ལྡན་འདས་ལ་ཕྱག་བྱས་པ་ཡིན་ནོ།། གསུང་སྙ་མོ་ཞེས་བྱ་བ་ལ་སོགས་པ་ལ་སྤྲོས་པ་མེད་པའི་གསུང་དུ་བཞུགས་པ་ནི་འཇིག་རྟེན་དབང་ཕྱུག་སྟེ། ཡི་གེ་ཐམས་ཀྱིས་ཁྱབ ་པར་བྱས་པའི་ཚོགས་དང་ལྡན་པའི་རྒྱུད་གང་ཡིན་པོ་དེ་ལོ་ཕྱག་འཚལོ་ཞེས་བྱ་བར་སྦྱར་རོ།། མིག་གསུམ་པ་ནི་ལྷ་ཆེན་པོའོ།། གདུལ་བར་མཛད་པ་ནི་ཆུང་མ་དང་བཅས་པ་རྣམ་པར་དུལ་བར་བྱས་པ་སྟེ། དེས་ན་གང་གི་སྒྱུ་འཕྲུལ་གྱི་ཚུལ་དུ་མ་དང ་ལྡན་པའི་མཁས་པས་ནཱི་དེ་ལས་གཞན་པ་མེད་པའོ།། ཡང་རྒྱད་གང་དུ་རྗེ་སུ་ཆགས་པའི་ངོ་བོ་ཉིད་དུ་གྱུར་པ་རྡོ་རྗེ་འཆང་དེ་ལ་ཕྱག་འཚལ་ལོ་ཞེས་སྔ་མ་དང་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། ལྷ་མོ་དག་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། ལྷན་ཅིག་སྐྱེས་པའི་གནས་པ་དང་། སྒེག་པ་དང་བཅས་པའི་དགོངས་པས་ཕྱག་གཡས་ཀྱིས་རྡོ་རྗེ་གཏོང་ནས་གསོར་ཞིང་ཕྱག་གཡོན་གྱིས་དྲིལ་བུ་ལེགས་པར་བསྣམས་ཏེ་དཀྲོལ་བ་རིགས་ལྔ་མ་ལུས་པ་ཡང་དག་པར་བསྡུས ་པའི་ལྷ་མོ་དང་བཙུན་མོའི་ཚུལ་གྱིས་འདུས་མཛད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དམ་ཚིག་ཐོབ་ཅིང་བྱ་བ་བྱས་པས་བཙུན་མོའི་དོན་འདི་ཉིད་གསལ་བར་གསིང་བ་ལྔའི་སེམས་དཔའ་ཆེན་པོའི་རིམ་པ་ལས་གསུངས་པ་ནི ་གཅིག་སྟེ། ཀཱ་ལྀ་ཀཱ་ལས་རྡོ་རྗེ་སེམས་དཔའ་ཕྱག་གིས་ཀུནྡ་ནས་འཁྱུད་པ་ལ་བརྩོན་པ་དང་། གཉིས་པ་རྡོ་རྗེ་ཆགས་པས་རྗེསུ་ཆགས་ཤིང་རབ་ཏུ་དགའ་བར་ནུས་པ་དང་། གསུམ་པ་སྟེ་རྡོ་རྗེ་སྙེམས་མ་ཁྲོ་བོའི་ཚུལ་གྱིས་མེ ་གི་ཕྲེང་བ་ཅུང་ཟད་འཕེན་པར་ཤེས་པར་བྱའོ།། དེ་ལ་བཞི་པ་ནི་རྡོ་རྗེ་མཚོན་ཆ་མོ་སྟེ། རབ་ཏུ་དགའ་མའི་འདའ་འཕེན་ཅིང་འབིགས་པར་བྱེད་དོ།། དེ་ལྟར་ལྷ་མོ་ཐམས་ཅད་འདུས་པས་བཙུན་མོའི་གཟུགས་བྱེད་པར་ཁོང་དུ་ཆུད ་པར་བྱའོ།། འདིས་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཆང་འདིར་གསང་བ་ལྔའི་དེ་ཁོ་ན་ཉིད་ཀྱི་རིམ་པས་ཀྱང་བསྒོམ་པར་བྱའོ་ཞེས་པའོ།། གླུ་དེ་དག་གིས་བསྡུས་པའི་དོན་རྣལ་འབྱོར་པས་བསྒོམས་རབ་ཏུ་དགའ་བའི་རྡོ་རྗེ་མཉམ ་པ་ཉིད་ངེས་ཐོབ་པར་འགྱུར་རོ།། ཕྱག་རྒྱ་དང་མཆོད་པའི་ཆོ་ག་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི་ཕྱག་རྒྱ་དང་མཆོད་པ་རིམ་པར་ཕྱེ་བའི་སྒྲར་བརྗོད་དོ།། ལེའུ་དྲུག་པའི་འགྲེལ་པའོ།། །། ཕྱག་རྒྱ ་དང་མཆོད་པ་ཡང་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་བྲལ་བས་སེམས་ཅན་རྣམས་ལ་ཁྱད་པར་གྱི་མཐུ་གཏེར་བར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་བདུན་པ་བྱང་ཆུབ་ཀྱི་སེམས་བསྒོམ ་པའི་ཡེ་ཤེས་བསྐྱེད་པའི་ལེའུ་གསུངས་པ་ཡིན་ནོ།། དེ་ལ་འཁོར་ནུ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་ལ་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་གསོལ་བ་འདེབས་པར་མཛད་ཀྱི་མི་མཁྱེན་པ་ནི་མ་ཡིན ་པར་ཤེས་པར་བྱོས་ཏེ། ཚོགས་དང་ཆོས་ཀྱི་སྐུ་དང་ནི།། འགྲོ་བའི་དོན་ནི་སྤྱོད་པོ་ཡིས།། སངས་རྒྱས་ཐམས་ཅད་མཉམ་པ་སྟེ།། སྐུ་ཚེ་རིགས་དང་ཚད་ཀྱིས་མིན་ཞེས་བྱ་བའི་གྲུབ་པའི་མཐའི་རྗེསུ་འབྲང་ན་དེ་མི་སྲིད་པས ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐུགས་སུ་ཆུད་ནས་བྱང་ཆུབ་ཀྱི་སེམས་རྣམས་ཡོངསུ་མཁྱེན་པའི་ཕྱིར་ནི་མ་ཡིན་ནོ།། ཚིག་མཐུན་པར་དབྱངས་ཀྱི་སྒྲ་སྐད་ཅིག་གིསོ་ཞེས་བྱ་བ་ལ། དབྱངས་ནི་ལྟེ་བ་ནས་བྱུང་ནས།། ་དྲུང་གི་སྒྲར་གྱུར་ཅིང་སྙིང་གི་པདྨའི་ཐིག་ལེ་ལས་བྱུང་བའི་ཚིག་གིས་ཆ་ཤས་ལྐོག་མའི་གནས་ཡོངསུ་གྱུར་པའོ།། དེ་ནས་ལྕེའི་རྩ་བ་ལས་བྱུང་བ་ནི་སྒྲ་ཞེས་བྱའོ།། དེ་ནས་ཡི་གེ་མིང་ཅན་གྱིས་སྒྲ་དབྱངས་ལྕེ་ལ་གནས ་པའི་ཚིག་ནི་སྐད་དེ་ཇི་སྐད། དུང་གི་སྒྲ་ནི་གསལ་བ་དབྱངས།། པདྨའི་ཁམས་ལ་ཡང་དག་གནས།། པདྨའི་གེ་སར་ཐིག་ལེ་ལས།། ཚིག་རྣམས་ཀྱི་ནི་ཆ་ཤས་ཏེ།། ལྐོག་མར་ཕྱིན་ནས་དབྱངསུ་འགྱུར།། དབྱངས་ལས་ལྷག་པའི་སྒྲ ་ཡིན་ལ།། སླར་ཡང་ལྕེ་རུ་ཕྱིན་པ་ནི།། དམ་པའི་ཡི་གེ་བཟང་པོའོ།། ཞེས་བཤད་པ་ཡིན་ནོ།། དགོངས་པ་ཅིག་པས་ནི་འདི་ཉིད་གཅིག་པ་ཉིད་དེ་ལྟ་བུའི་ཚིག་མཐུན་པའི་སྒྲ་དབྱངས་དེས་བཤད་པར་གསོལ་བ་འདེབས་པའོ།། ། ་ལ་ལ་ནི་རྣམ་གྲངས་ཡིན་པར་འདོད་དོ།། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཐུགསུ་ཆུད་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ།། གཉི་སུ་མེད་པའི ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཡེ་ཤེསོ།། གསུང་རབ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་ན་སྙིང་པོའོ།། རང་བཞིན་གྱིས་འོད་གསལ་བར་གྱུར་པས་ན་མཆོག་ཏུ་དྲི་མ་མེད་པའོ།། བྱང་ཆུབ་ཀྱི་བདག་ཉིད་ཅན་གྱི་སེམས་བྱང ་ཆུབ་ཀྱི་སེམས་ཏེ་དོན་དམ་པའོ།། དེ་ལས་ལྷག་པར་གྱུར་པ་མེད་པས་ན་བླ་ན་མེད་པ་སྟེ། འདིས་ནི་ཆོས་ཀྱི་སྐུའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ།། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་ཉིད ་དུ་གྱུར་པ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིའོ།། ཇི་སྐད་དུ་གསུངས་པའི་ཡེ་ཤེས་ཡོངསུ་གྱུར་པ་ཡིན་པས་ན་ཡེ་ཤེས་སོ།། བཟོད་མ་ནས་མ་སྐྱེས་པར་ལྷག་པར་མོས་པས་རྣམ་པར་བསྒོམ་པར་གྱུར་པས་ན་སྙིང་པོའོ།། ་རྣལ་འབྱོར་ཆེན་པོའི་རྣམ་པར་དགོད་པ་ལ་བཞུགས་པའི་ལྷ་འཁོར་ལོར་སྟོན་པས་ན་མཆོག་ཏུ་དྲི་མ་མེད་པའོ།། བྱང་ཆུབ་ཐོབ་པའི་ཐབས་ཀྱི་མཆོག་གི་ངོ་བོར་གྱུར་པས་བྱང་ཆུབ་ཀྱི་སེམས་ཏེ་ཀུན་རྫོབ ་པོ། ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་བླ་ན་མེད་པ་སྟེ། འདིས་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ཏེ་འབྲེལ་པོས་བསྟན་པ་ལས་འདི་ལྟར་ཡང་ཤེས་པར་བྱའོ།། བྱང་ཆུབ་ཀྱི་སེམས་གཉིས་པོ་ཉིད ་བཤད་པའི་ཕྱིར་གསོལ་པ་བཏབ་པའི་ཕྱིར་དང་། ཇི་ལྟ་བ་ཉིད་སྐབས་ལ་བབ་པར་གཟིགས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པས ་དེ་དག་ཉིད་ཀྱིས་དོན་དུ་འགྱུར་བའི་ཕྱིར་དེ་རྣམས་ལ་འདི་སྐད་གསུངས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཡོད་ཇི་སྐད་གསུངས་པའི་བཤད་པ་རིགས་པ་མ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་བསྐྱེད་ཅིག་ཅེས་བྱ་བ་ནི་ལྷག་མའོ།། ། ་དེ་ལ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཀྱི་དབང་དུ་མཛད་ནས་གསུངས་པ་ནི་སེམས་ལུས་ལྟ་བུ་དང་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པའི་སྐུ་ནི། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་མིག ་ཡོ་ཙམ་ཡིན་པས་ན། དེ་ལྟ་བུ་སྟེ་དེ་དང་འདྲ་བར་སེམས་གཉིསུ་མེད་པའི་རྣམ་པར་འཇུག་པས་བསྐྱེད་པར་བྱའོ།། ཞེས་ཉེ་བར་བསྟན་པའི་ཚིག་གིས་སྔ་མ་དང་སྦྱར་རོ།། ལུས་སེམས་ལྟ་བུ་དང་ཞེས་བྱ་བ་ནི་ཇི་ལྟར་སེམས་ངོན ་དམ་པར་གཟུང་བ་དང་འཛིན་པ་པོ་མེད་པས་གཉིས་ཀྱིས་རྣམ་པར་དབེན་པ་ཡིན་ལ་ལུས་ཀྱང་དེ་དང་འདྲའོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། སེམས་ཀྱང་ཚིག་ཏུ་རབ་ཏུ་བརྗོད་པ་ལྟ་བུ་ཡིན་ཞེས་བྱ་བ་ནི་ཇི་ལྟར་ཚིག་ཏུ་བརྗོད་པ་ནི་བསྐྱེད་པར་བྱེད ་པའི་རྒྱུ་མེད་པས་སྒྲ་བརྙན་དང་མཚུངས་པའི་ངོ་བོ་ཉིད་ཡིན་ལ་སེམས་ཀྱང་དེ་དང་འདྲའོ།། ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ལུས་ཀྱང་ཚིག་ཏུ་རབ་ཏུ་བརྗོད་པ་ལྟ་བུའོ་ཞེས་ཤེས་པར་བྱའོ།། ལུས་དང་སེམས་དག་ནི་དངོས་པོ་མེད་པ་ངོ་བོ་ཉིད ་ཡིན་ལས་ནུས་པ་མེད་པར་བསྟན་ཅིང་སྐྱེ་བ་མེད་པར་རང་བཞིན་དག་གི་དོན་གྱིས་རྒྱ་ཆེར་དངོས་པོ་མེད་པར་གྱུར་པས་དེ་སོ་སོར་སྤྲོས་ནས་བསྟན་པ་མ་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་ལུས་དང་ངག་དང ་སེམས་ནི་ཆོས་བདག་མེད་པའི་མཉམ་པས་ངོ་བོ་ཉིད་གཅིག་པ་སྟེ། འདི་ནི་དོན་དམ་པ་བྱང་ཆུབ་ཀྱི་སེམས་སོ།། འབྲེལ་པར་བསྟན་པ་ལས་འདི་ལྟར་ཡང་ཤེས་པར་བྱའོ།། ལུས་དང་ངག་དང་སེམས་རྡོ་རྗེ་ལྟ་བུར་ཇི་ལྟ་བ ་བཞིན་དུ་བསྒོམ་པའི་སེམས་བསྐྱེད་པ་གཅིག་ཅེས་བྱའོ།། ཕྱོགས་འདི་ལ་ནི་ལུས་ལ་བརྟེན་པའི་ཕྱིར་སེམས་ལ་ལུས་ཤེས་བྱ་སྟེ། འདི་ནི་ཐབས་ཀྱི་ངོ་བོ་སྟེ་ཀུན་རྫོབ་བྱང་ཆུབ་ཀྱིས་སེམས་སོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལྟ་བུར་ཇི་སྐད་དུ་བཤད་པའི་དོན་དམ་པ་དང་ཀུན་གྱི་ཐབས་ཀྱི་ངོ་བོས་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པོས་གཅིག་ཏུ་སྦྱོར་བ་བྱས་པས་བདག་ཉིད་ཀྱི་ལུས་དང་ངག ་དྲང་སེམས་དངོས་པོ་སྲིད་པར་བྱ་སྨྲནས་ཧཱུཾ་སྐུད་དུ་བཤད་བ་རྟོགས་ཏེ་དྲུགའ་བས་རང་དཀའི་ཚིག་ཏུ་སྨྲ་བའི་ཆེད་དུ་བརྗོད་པ་ནི། ཨེ་མནོ་ཞེས་བྱ་བ་ལ་སོགས་པའོ།། ཨེ་མདོ་ང་མཚར་རྨད་དུ་གྱུར ་པའོ།། ཀུན་ཏུ་བཟང་པོ་ནི་རྣམ་པར་སྣང་མཛད་ཆེན་པོའོ།། འདོད་ཆགས་ལ་སོགས་པའི་སྤྱོད་པ་རྣམ་པར་དག་པ་སྟོན་པར་མཛད་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་ཐབས་ཀྱི་ངོ་བོ་ཅི ་ཞིག་ངོ་མཚར་ཆེ་ཞེ་ན། ཆོས་རྣམས་སྐྱེ་བ་མེད་པ་སྟེ། ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེ་བོ་མེད་པ་ནི་གཉིསུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ཅན་ནོ།། འགྱུར་བ་མེད་པ་ནི་ཆོས་རྣམས་ཡི་གེ་མེད་པས་ངོ་བོ་ཉིད་ལས་མི ་འཕྲོ་བའི་ཆོས་ཉིད་ཅན་ནོ།། གནས་པ་མེད་པ་ནི་སོ་སོར་ངེས་པའི་གནས་ལ་མི་བརྟེན་པའོ།། རྟོག་པ་དང་སྨྲ་བ་རྣམས་སྤངས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་པར་རྟོག་ཅིང་སྨྲ་བ་དང་བྲལ་བའོ།། བསྐྱེད ་པར་བྱ་ཞེས་རབ་ཏུ་གསུངས་ཞེས་པ་ནི་དོན་དམ་པར་སྐྱེ་བ་མེད་ཀྱང་གདུལ་བྱ་རྣམས་ལ་རྗེསུ་བརྩེ་བས་སྐྱེ་བ་མེད་པ་ལ་སོགས་པ་ལ་བཟློག་ནས། གང་འདི་རྣམ་པར་སྣང་མཛད་ལ་སོགས་པ་བསྐྱེད་པར་རབ་ཏུ་གསུངས ་ཤིང་སྒྲ་སྒྲོགས་པ་འདི་ནི་ངོ་མཚར་ཆེ་སྟེ། དེ་བཞིན་གཤེགས་པ་གཅིག་པུ་ཉིད་གདུལ་བྱ་རྣམས་ཀྱི་མོས་པའི་དབང་གིས་རྣམ་པ་ལྔར་གྱུར་ཏེ་ཇི་སྐད་དུ། འཇིག་རྟེན་ཁམས་ནི་སྟོང་དག་ཏུ།། ངས་ནི་མདོ་སྡེ་གང ་བཤད་པ།། ཚིག་འབྲུ་ཐ་དད་དོན་གཅིག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་ཐབས་ཀྱི་ངོ་བོས་གཅིག་ལས་ཀྱང་གདུལ་བྱའི་སྐྱེ་བོའི་དབང་གིས་རྣམ་པ་ལྔར་སོ་སོར་སྣང་ངོ་།། དེ་ཡང་འདི་ནི་རང་བྱུང་བཅོམ་ལྡན ་འདས།། གཅིག་ཏུ་རབ་ཏུ་ཆེ་བའི་ལྷ།། སངས་རྒྱས་རྡོ་རྗེ་འཛིན་ལ་སོགས།། གདུལ་བྱ་རྣམས་ལ་བཅོས་མར་བཤད་ཅེས་གསུངས་པོས་སོ།། དེ་ལྟར་དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉི ་བསྟན་ནས། ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ཉིད་མི་བསྐྱོད་པ་ལ་སོགས་པའི་སྐུའི་ཚུལ་དེ་ལ་མོས་པའི་སྐྱེ་བོ་རྣམས་ལ་རྗེས་སུ་བརྩེ་བའི་ཕྱིར་དེའི་རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་གསུངས་པས་འདིར་དེ་ཉིད ་ལ་སོགས་ལ་བཏབ་པ་ལ་སོམ་ད་ཉི་མི་བྱའོ།། དེ་བཞིན་དུ་ཐམས་ཅད་ལོ་ཡང་བཀའ་སྩལ་ཏོ།། ཀུན་ལ་དང་པོ་ཉིད་ཡིན་པར་ཤེས་པར་བྱའོ།། ལ་ལ་ནི་སྒྲོ་ཇི་བཞིན་པ་ཉིད་ལ་ཞུགས་ཏེ། དེས་ནི་ཡང་དག་པར་གསུངས་པ ་རྟོགས་ཤིང་ཁོང་དུ་ཆུད་པ་ཡིནོ་ཞེས་ཤེས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་ཀྱི་སེམས་འདི་གསུང་སྔོ་ཞེས་བྱ་བར་སྦྱརོ།། ཅི་ཞིག་མཛད་ནས་ཤེ་ན་གསུངས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསུང་གི ་སྤྲས་པ་ནི་གསུང་གི་རྣམ་པར་རྟོག་པས་བྱང་ཆུབ་ཀྱི་སེམས་རབ་ཏུ་སྟོན་པའི་མཚན་ཉིད་ཅན་དུའོ།། འདི་ཉིད་ནི་མི་བསླུ་བོའི་དོན་བསྐྱེད་པས་རྡོ་རྗེའི་དེ་ལ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་དོ།། རང་གི་བྱང ་ཆུབ་ཀྱི་སེམས་སྟོན་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། ཏིང་ངེ་འཛིན་འོག་ནས་འབྱུང་བ་རྣམས་ཀྱི་དོན་ཡང་འདི་བཞིན་དུ་བཤད་པར་བྱའོ།། དངོས་པོ་འདི་དག་ཅེས་བྱ་བ ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་ལ་སོགས་པོའི་བདག་ཉིད་ཅན་རྡོ་རྗེ་སེམས་དཔའ་ལ་སོགས་རྣམས་དང་། ཕུང་པོ་ལ་སོགས་པ་ནི་དངོས་པོ་སྟེ། དེ་རྣམས་ལ་ནི་གཉིས་སུ་རྣམ་པར་རྟོག་པས་དངོས་པོར་བརྟགས ་པས་ན་དངོས་པོ་སྟེ། དེ་ནི་སྐྱེ་བ་མེད་པའོ།། ཅིའི་ཕྱིར་ཞེ་ན། ཆོས་རྣམས་མེད་ཅིང་ཆོས་ཅན་མིན་ཅེས་བྱ་བ་གསུངས་ཏེ། དོན་དམ་པ་གཉིསུ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། འདི་ནི་དོན་དམ་པ་བྱང་ཆུབ་ཀྱི ་སེམས་སོ།། རྡོ་རྗེ་རིགས་ཇི་ལྟར་བྱུང་བ་ཡིན་ཞེ་ན། ནམ་མཁའ་བཞིན་དུ་དམིགས་པ་མེད་པའི་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ན་མཁའ་ནི་རྫས་ཐམས་ཅད་དུ་མེད་ཅིང་མི་དམིགས་པ་ལས་འདས་པ་ཡ་ནི་ཡང་རྟོག་པ་གྲགས ་པའི་བློས་དམིགས་པར་བྱེད་དེ། རྡོ་རྗེའི་རིགས་ཀྱང་དེ་དང་འདྲ་བར་ལྟ་བར་བྱའོ།། འདི་ནི་ཀུན་རྫོབ་བྱང་ཆུབ་ཀྱིས་སེམས་སོ།། བྱང་ཆུབ་སེམས་འདི་བསྟན་པ་ཡིན་ཞེས་བྱ་བ་ལ་བརྟན་པ་ཡིན་ཞེས་བྱ་བ་ནི། གང་དོན་དམ ་པའི་བྱང་ཆུབ་ཀྱི་སེམས་སུ་བཤད་པ་དེ་ནི་རྣམ་པར་རྟོག་པས་མི་ཕྱེད་ཅིང་དེ་འཇིགས་པར་བྱེད་པ་མ་ཡིན་པས་བརྟན་པ་ཡིན་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ལའང་འཁོར་བར་སེམས་ཅན་གྱི་དོན་བྱེད་པ ་དེ་ནི་སྐྱོ་བར་མི་འགྱུར་བས་བརྟན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཐམས་ཅད་ན་གཟུགས་ཀྱི་སྐུའི་ངོ་བོའོ་དེ་རྣམསུ་མེད་པ་ནི་དོན་དམ་པར་གཉིསུ་མེད ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་སོ།། དངོས་པོ་འདི་དུག་ཅེས་བྱ་བ་ལ་སོགས་པ་ལ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཀྱང་རིན་པོ་ཆེའི་རིགས་ཀྱིས་བསྡུས་པ་རྡོ་རྗེ་རིན་ཆེན་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ནི ་དངོས་པོ་སྟེ། ཇི་ལྟར་ཡོངསུ་སྣང་བ་འདི་དག་ནི་དངོས་པོ་མེད་པོ་ཉིད་ཡིན་ནོ།། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་མཚན་ཉིད་སྤངས་པ་ཡིན་ཞེས་གསུངས་པ་སྟེ། ཆོས་ནི་ཇི་སྐད་དུ་བཤད་པའི་གཟུགས་ལ་སོགས་པའི་ངོ་བོ་དེ་རྣམས ་ཀྱི་མཚན་ཉིད་ནི་གཟུགས་ལ་སོགས་པ་དེ་དག་ཉིད་སྐྱེ་བ་དང་མི་རྟག་པ་ལ་སོགས་པའོ།། དེ་རྣམས་སྤངས་པ་ནི་བྲལ་བ་སྟེ། སྐྱེ་བ་མེང་པ་ལ་སོགས་པ་གཟུང་བ་ལ་སོགས་པའི་ངོ་བོར་བརྟགས་པ་མེད་པའི་ཕྱིར་འདི་ནི་དོན ་དམ་པའོ།། དེ་ལྟར་ན་རྡོ་རྗེ་རིན་ཆེན་ལ་སོགས་པ་ཇི་ལྟར་འབྱུང་ཞེ་ན། བདག་མེད་ཆོས་ལས་ཡང་དག་འབྱུང་ཞེས་བྱ་བ་གསུངས་ཏེ། བདག་མེད་པའི་ཆོས་ནི་ཇི་སྐད་དུ་བཤད་པ་སྟེ། དེ་བས་ན་གལ་ཏེ་བདག་སངས་རྒྱས ་སུ་གྱུར་ན། འགྲོ་བ་མ་ལུས་པའི་འདོད་པ་དོན་མ་ལུས་པ་རྫོགས་པར་བྱའོ་ཞེས་དེ་ལྟ་བུའི་མཚན་ཉིད་ཅན་གྱི་སྨོན་ལ་མོ་གྱི་ཤུགས་ཀྱི་སྟོབས་ཀྱིས་གདུལ་བྱ་རྣམས་ལ་མིག་ཡོར་ཙམ་དུ་སོ་སོར་འབྱུང་བ་ནི་ཡང་དག་པར་འབྱུང ་བ་སྟེ། འདི་ནི་ཀུན་རྫོབ་བོ།། དེ་ཡང་རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་།། སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན།། འགྲོ་བའི་དོན་སྒྲུབ་ལྷུར་མཛད་མཐའ་ཡས་པ།། ཐུགས་རྗེའི་བདག ་ཉིད་རྟག་ཏུ་རྣམ་པར་སྣང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཞེས་བྱང་ཆུབ་སེམས་ནི་བརྟན་པ་ཡིན་ཞེས་བྱ་བའི་དོན་ནི་སྔ་མ་བཞིན་ནོ།། མེ་ལྕེ་འབར་བ་ཞེས་བྱ་བུ་ལ་སོགས་པ་ལ། འབར་བ་དང་བཅས་པའི་མེ ་ལྟ་བུའི་རྡོ་རྗེ་འབར་བ་ཉོན་མོངས་པའི་མུན་ནག་ཐམས་ཅད་དང་བྲལ་བའི་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། དེ་ལོ་དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་སྔ་མ་བཞིནོ།། དངོས་པོ་ཞེས་བྱ་བ་ལ་སོགས་པ་ལ། ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་ཅན་ཆོས་ཀྱི་རིགས་ཀྱིས་བསྡུས་པ་རྡོ་རྗེ་ཆོས་ལ་སོགས་པ་དང་ཕུང་པོ་ལ་སོགས་པ་ནི་དངོས་པོ་སྟེ། དེ་སྐྱེ་བ་མེད་པ་ནི་སྔ་མ་བཞིན་ནོ།། དེ་བས་ན་སྐྱེ་བ་མེད་པའི་དངོས་པོ་དེ་རྣམས་ལ ་དངོས་པོ་མེད་ཅིང་སྒོམ་པ་མེད་ཅེས་བྱ་སྟེ། དེ་རྣམས་ལ་དངོས་པོ་མེད་པས་ཚུལ་གང་གིས་སྤྱིའི་མཚན་ཉིད་ཀྱིས་བསྒོམ་པའི་ཚུལ་ངེས་པས་ན། སྒོམ་པ་ཡང་མེད་དེ། འདི་ནི་དམ་པའོ།། འོ་ན་རྡོ་རྗེ་ཆོས་ཇི་ལྟར་འབྱུང ་ཞེ་ན། ནམ་མཁའ་ཡི་ནི་གནས་ཐོབ་པར།། དེ་ལྟར་དངོས་རྣམས་རབ་ཏུ་བརྗོད་ཅེས་བྱ་བ་གསུངས་ཏེ། ན་མཁའ་ཉིད་གནས་སུ་གྱུར་པའི་ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་གནས་པ་གང་ཡིན་པ ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཐོབ་པ་ནི་ཆོས་ཐམས་ཅད་ན་མཁའ་དང་མཉམ་པར་གནས་པའི་སེམས་བསྟན་པ་ཐོབ་ནས། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྗེས་ལ་ཡང་དག་པ་འཇིག་རྟེན་པའི་ཡེ་ཤེས་བསྒོམས་པས ་རྡོ་རྗེ་ཆོས་ལ་སོགས་པའི་མཚན་ཉིད་ལ་འཇམ་ཞིང་དུ་བྱས་པ་སྟེ། འདི་ནི་ཀུན་རྫོབ་བོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་གཟུགས་ཀྱི་སྐུའི་ངོ་བོ་ཉིད་དོ།། ་དེ་ཉིད་ནི་བླ་མ་ཡིན་ལ་དེ་རྣམས་ཀྱི་བླ་མ་ནི་ངོ་བོ་ཉིད་ཀྱི་སྐུ་སྟེ་དེ་ཉིད་རྡོ་རྗེའོ།། ཆོས་རྣམས་རང་བཞིན་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་བདག་ཉིད་ཅན་ལས་ཀྱི་རིགས ་ཀྱིས་བསྡུས་པའི་རྡོ་རྗེ་ལ་སོགས་པ་དང་། ཕུང་པོ་ལ་སོགས་པ་ནི་ཆོས་རྣམས་ཏེ། དེ་རྣམས་ནི་རང་བཞིན་ཏེ། ངོ་བོ་ཉིད་ཀྱིས་འོད་གསལ་བ་སྟེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བའི་ངོ་བོ་ཉིད་ཡིན་པའི་ཕྱིརརོ།། དེ་དག་ཀྱང་ཅིའི ་ཕྱིར་ཞེ་ན། གཟོད་ནས་དག་ཅིང་ཞེས་བྱ་བ་གསུངས་ཏེ། སྐྱེ་བ་ལ་སོགས་པའི་ཉེས་པ་རྣམས་མ་སྐྱེས་པས་གཟོད་ནས་དག་པའོ།། དེ་དག་ཀྱང་ཅིའི་ཕྱིར་ཞེ་ན། རྙོག་པ་མེད་ཅེས་བྱ་བ་གསུངས་ཏེ། དོན་དམ་པར་རྣམ་པར་རྟོག་པའི ་རྙོག་པ་ཐམས་ཅད་དང་བྲལ་བས་ན་རྙོག་པ་མེད་པའོ།། དེ་ཉིད་ཀྱིས་ན་སེམས་ཅན་མེད་ཅིང་སྲོག་ཀྱང་མེད་ཅེས་བྱ་བ་གསུངས་ཏེ། ཐོགས་པ་མེད་ཅིང་མཉམ་མེད་ལ།། བསམ་གྱིས་མི་ཁྱབ་བྱང་ཆུབ་འདི།། སྐྱེ་དང་འགག་པས་སྟོང ་པས་ན།། རི་བྲོང་ར་བཞིན་བདག་མེད་དོ་ཞེས་བཤད་པས་སེམས་ཅན་ལ་སོགས་པ་རྣམ་པར་རྟོག་པ་ཐག་རིང་དུ་སྤངས་པ་ཡིན་པས་ན་མེད་པ་ཞེས་བྱའོ།། སངས་རྒྱས་ཉིད་མེད་བྱང་ཆུབ་ཅེས་བྱ་བ་ནི་གཉིས ་སུ་མེད་པའི་ཡེ་ཤེས་རྟོགས་པའི་གནས་སྐབས་ན། སངས་རྒྱས་ཉིད་དང་བྱང་ཆུབ་ཅེས་བྱ་བ་མངོན་པར་རྟོགས་པའི་ངོ་བོ་འདི་ནི་རྣམ་པར་རྟོག་པ་ལ་སྤྱོད་པ་སྟེ། སངས་རྒྱས་ཉིད་དང་བྱང་ཆུབ་པ་མེད་དོ།། དེ་བས་ནི་དངོས་དང ་དངོས་མེད་ཡོངས་ཚོལ་བ།། ཟག་པ་མྱ་ངན་འདས་ཞེས་བརྗོད་ཅེས་བཤད་པ་ཡིན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་མེད་པ་ཉིད་ནི་མ་ཡིནོ།། གཞན་ཡང་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་གཉིསུ་མེད་པར་རིག་པའི་སེམས ་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་གཉིས་སུ་མེད་པའི་རྣམ་པར་སྣང་མཛད་ནི་ངོ་བོ་ཉིད་མེད་པས་མེད་ཅེས་བཤད་པ་ཡིན་ཏེ། འདི་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ།། འོ་ན་རྡོ་ལ་སོགས་པར་ཇི་ལྟར་སོ་སྔོར་སྣང་ཞེ་ན། ་རྨི་ལམ་སྒྱུ་མ་ལྟར་སྣང་བའི་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་རྨི་ལམ་ལ་སོགས་པར་རབ་ཏུ་སྣང་བས་གཉིས་སུ་རྣམ་པར་རྟོག་པ་རྩད་ནས་འབྱིན་པས་བརྟགས་པ་དེ་བཞིན་དུ་རྡོ་རྗེ་ལ་སོགས་པ་ཡང་སྣང་སྟེ། འདི་ནི་ཀུན་རྫོབ་བོ།། ། ་བྱང་ཆུབ་སེམས་འདི་བསྟན་པ་ཡིན་ཞེས་བྱ་བའི་དོན་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ།། བྱང་ཆུབ་ཀྱི ་སེམས་རྣམ་པར་དག་པ་ཐོབ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའི་བྱང་ཆུབ་ཀྱི་སེམས་དམ་པའོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཆོས་ཀྱི་སྐུའི་ངོ་ཉིད་དུ་གྱུར་པས་ན་སངས ་རྒྱས་སོ།། རྣམ་པར་རྟོག་པ་ཐམས་ཅད་བྲལ་བས་ན་དག་པའོ།། དེ་ཉིད་འདི་ལྟ་བུའི་མངོན་པར་འདོད་པའི་དོན་རྫོགས་པར་བྱེད་པའི་ཆོས་སྟོན་པ་ལ་ཉེ་བོར་དམིགས་པར་མཛད་པ་དེ་ཡང་ལེགས་སོ་ཞེས་བྱའོ།། བདག་མེད ་ཆོས་ལས་ལེགས་བྱུང་བ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་རྣམ་པ་ལས་ཡང་དག་པར་བྱུང་ཞིང་སྐྱེས་པའི་དོན་དམ་པའི་རྣམ་པ་ལས་ཡང་དག་པར་བྱུང་ཞིང་སྐྱེས་པའི་དོན་དམ་པའི་བྱང་ཆུབ་སེམས་དེ་ལ་ཕྱག་འཚལ་ལོ་ཞེས ་དོན་དམ་པ་ལ་སྟོན་པའོ།། བྱང་ཆུབ་ཚོགས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཚོགས་ཀྱིས་བསྒོས་པ་ཡིས་ཞེས་བྱ་བ་ནི་བྱང་ཆུབ་སེམས་བསྐྱེད་པར་བྱེད་པ་ཡི་བསོད་ནམས་ཡེ་ཤེས་ཀྱི་ཚོ་གས་སྨོན་ལམ་གྱིས ་བསྒོས་པར་གྱུར་པས་སོ།། མི་གཡོ་ཡི་གེ་ལས་བྱུང་བ་ཞེས་བྱ་བ་ནི་མི་འགྱུར་པས་ན་མི་གཡོ་བ་སྟེ། དོན་དམ་པའི་སེམས་སོ།། དེའི་ངོ་བོ་ཉིད་ནི་ཨོཾ་ལ་སོགས་པའི་ཡི་གེ་ལ་ཡང་ཉེ་བར་འདོགས་པས་དེ་སྐད་ཅེས་བྱ་སྟེ། ཡི ་གེའི་རྣམ་པ་མངོན་པར་འདུ་བྱས་པའི་གནས་སྐབས་དེ་ལས་སྐྱེས་པ་ནི་བྱུང་བའོ།། རྨི་ལམ་སོགས་ལྟར་དེ་ལྟར་དེ་ལས་སྐྱེས་ཞེས་བྱ་བ་ནི་རྨི་ལམ་ལ་སོགས་པ་ལྟར་སོ་སོར་སྣང་བ་ཙམ་དུ་སྐྱེ་བར་ཟད་དེ་དེ་ལྟར་ན། དེ་ཉིད་ནི ་གདོདང་མ་ནས་མ་སྐྱེས་པའི་ངོ་བོ་ཉིད་དུ་གྱུར་པའི་ཐུགས་རྡོ་རྗེ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ་ཞེས་བྱ་སྟེ། ཀུན་རྫོབ་ཏུ་སྟོན་པའོ།། ཐབས་ཀྱི་ངོ་བོ་ཉིད་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་སུ་བསྟན་པ་དེ་ཇི་ལྟར ་བསྒོམ་པར་བྱ་ཞེ་ན། གནས་དང་སྟོན་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནས་དང་སྟན་རྣམས་བསམས་ཏེ། སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་གནས་རྣམ་པར་བསམ་ཞིང་བསྐྱེད ་ནས་དེར་ཡང་པདྨ་ལ་སོགས་པ་བྱའོ་ཞེས་བྱ་བ་ནི་ལྕུག་མའོ།། ཇི་ཞིག་བྱས་ནས་ཤེ་ན། དང་པོར་རང་བཞིན་དག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེས་པའི་སྒྲ་ནི་དོན་ལྷག་མ་རྣམས་ཉེ་བར་མཚོན་ཏེ། ཨོཾ་སརྦ་ཏ ་ཐཱ་ག་ཏ་ཨ་ནུ་ཥཾ་སི་ཏ། སརྦ་སཏྭཱ་ན་ཙ་སརྦ་སིདྡྷི་ཡ་སཾ་པརྱན་ཏཾ་སརྦ་ཏ་ཐཱ་ག་ཏཤྩ་ཨ་དྷིཥྛ་ན་ཏ་སྭ་བྷ་བ་ཤུདྡྷ། སརྦ་དྷརྨ། སྭ་བྷཱ་བ་ཤུདྡྷོ་ཧི་ཞེས་བརྗོད་ལ། རང་བཞིན་གྱིས་དག་པར་ལྷག་པར་མོས་པས་དག་པའི་ཆོས་ཀྱི་ཚུལ་ལ་གནས ་པར་འགྱུརརོ།། རྡོ་རྗེ་སེམས་ནི་ཉེ་བར་མཚོན་པ་ཙམ་སྟེ། དེས་ན་རང་གི་རིགས་ཏེ་ཡུམ་ལྔའི་དམ་ཚིག་གིས་ཕྱག་རྒྱ་རྣམས་ཀྱིས་ཀྱང་བྱ་བར་ཤེས་པར་བྱའོ།། བྱིན་གྱིས་བརླབས་ཅེས་བྱ་བ་ནི་ཉེ་བར་མཚོན་པ་ཙམ་སྟེ། དེས་ན་དབང ་བསྐུར་བ་དང་ཏིང་ངེ་འཛིན་དང་མཆོད་པ་ཡང་བྱའོ་ཞེས་གསུངས་པ་ཡིན་ནོ།། ཡིད་ཀྱིས་ཧཱུཾ་ལེས་རྡོ་རྗེ་ཅན་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཅན་ཏེ་རྡོ་རྗེ་འཆང་བར་རང་གི་ལུས་ཀྱི་ཡིད་ཀྱིས་རྣམ་པར་བསམས་དང་བྱིན་བརླབས་དང ་དབང་བསྐུར་བར་བསྒོམས་ནས། ཡང་དག་པར་མཆོད་དེ་རང་གི་ང་རྒྱལ་བསྐྱེད་ལ་གནས་དང་སྟན་བསྐྱེད་པར་བྱའོ་ཞེས་པ་ནི་རིམ་པའོ།། ལྕགས་ཀྱུ་ནི་ཞེས་བྱ་བ་ལ་སོགས་པ་ལ་མདུན་དུ་གཞལ་ཡས་ཁང་དང་དཀྱིལ་འཁོར ་རྣམ་པར་བསམས་པའི་སྟེང་དུ་དཀྱིལ་འཁོར་གཉིས་པ་ཡང་སྤྱན་དྲང་ཞིང་ལེགས་པར་བསྟོད་ལ་ལོག་པ་སྟོང་དུ་བསྟོད་ནས་བསྐོར་བའི་རྡོ་རྗེ་ལྕགས་ཀྱུས་དགུག་པར་བྱའོ།། འདི་ཉིད་ཉེ་བར་མཚོན་པ་ཙམ་སྟེ། གཞུག་པ་དང ་བཅིང་བ་དང་དབང་དུའང་བྱ་བར་ཤེས་པར་བྱའོ།། བྱོན་ནས་དང་པོར་ཕྱོགས་བཅིངས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ཕྱོགས་བཅིངས་པ་རྗེས་ལ་དམ་ཚིག་ཅེས་བྱ་བའི་ཉེ་བར་མཚོན་པས་ན་ཆོས་དང་ལས་དང་ཕྱག་རྒྱ་ཆེན ་པོ་རྣམས་ཀྱིས་རྒྱས་བཏབ་པར་བྱའོ་ཞེས་བྱ་བོར་ཡང་རིགས་པ་ཡིན།། ལ་ལ་ནི་སྒྲ་ཇི་བཞིན་པོ་ཉིད་དུ་སྨྲའོ།། སྦྱོར་བ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་དག་གིས་སོ།། འདི་ནི་བྱ་བའི་རྒྱུད་ཀྱི་དབང་དུ་བྱས་པའོ།། དེའི་རིམ ་པ་ནི་འདི་ཡིན་ཏེ་མཆོད་ཡོན་དང་ཞོབས་དཀྲུ་བ་དང་ཞལ་བསིལ་རྣམས་ཕུལ་ལ་གདན་ཇི་ལྟ་བ་བཞིན་དུ་བསྒྲུབས་ཏེ། ཐལ་མོ་སྦྱར་ནས་བདེ་བར་གཤེགསོ་བཅོམ་ལྡན་འདས།། ཚུར་གཤེགས་འདིར་ནི་གཤེགསུ་གསོལ།། བདག ་ལས་མཆོད་པ་བཞེས་ནས་ནི།། བདག་ཀྱང་བློ་དང་ལྡན་པར་མཛོད་ཅེས་བརྗོད་ལ། བཅོམ་ལྡན་འདས་ཇི་སྲིད་འདིར་མཆོད་པོ་བགྱིད་པ་དེ་སྲིད་དུ་བདེན་པ་དམ་པས་བཞུགས་སུ་གསོལ་ཞེས་གསོལ་བ་བཏབ་སྟེ། ཕུར་བུ་དང་ཕྱོགས ་དང་དཀྱིལ་འཁོར་བཅིང་བ་དང་རུ་བ་དང་དྲ་བ་བྱས་ལ་ཡང་མཆོད་པ་ཕུལ་ཏེ། དམ་ཚིག་ལ་སོགས་པ་ཕྱག་རྒྱ་བཞིས་རྒྱས་བཏབ་པར་བྱའོ།། དབང་བསྐུར་བ་ཞེས་བྱ་བ་ནི་རང་རྗེསུ་མཐུན་པའི་དབང ་བསྐུར་བ་བསྟན་པར་བྱའོ་ཞེས་སྔ་མ་དང་སྦྱར་རོ།། མཚོན་ཆ་གོ་ཆ་སོགས་ཞེས་བྱ་བ་ནི་སོགས་པའི་སྒྲས་དབུ་དང་སྤྱི་གཙུག་དོང་མཚོན་དང་གོ་ཆ་བྱ་བ་མ་ལུས་པ་ཡོངས་སུ་གཟུང་ངོ་།། སིལ་སྙན་མཆོད་སོགས་བསྒོམ ་པར་བྱ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཕྱག་རྒྱ་དང་མཆོད་པའི་ཆོ་ག་བྱ་བའི་རིམ་གྱིས་སོ།། རྣམ་པ་ཀུན་གྱིས་མཉེས་བྱ་བ་ནི་སྔར་བཤད་མ་ཐག་པོའི་ཕྱི་དང་གསང་བའི་མཆོད་པ་ལ་སོགས་པའི་ཁྱད་པར་གྱིས་སོ།། ་རྣལ་འབྱོར་བདག་ཉིད་ཅན་གྱིས་བརྟག་ཅེས་བྱ་བ་ནི་ཡང་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མགོ་དང་སྤྱི་གཙུག་ལ་སོགས་པས་བདག་ཉིད་ཀྱི་སྦྱོར་བ་བྱས་ལ། རྡོ་རྗེ་ལ་སོགས་པ་བླངས་ནས་བཟླས་པ་དང་བསྒོམ ་བ་དག་བྱའོ།། འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤང་བའི་ཕྱིའི་ཁྲུས་བྱ་བའི་ཆོ་གས་ཁྲུས་བྱ་བ་འམ། ནང་གཽ་ཁྲུས་ནས། ལྷའི་ཁང་པ་ཇི་ལྟ་བ་བཞིན་དུ་ཞུགས་ལ་འདུག་སྟེ། དེ་ནས་ཨོཾ་སྟྲ་བྷ་བ་ཤུདྡྷ་སརྦ་དྷརྨ་སྭ་བྷཱ་བ ་ཤུདྡྷོ་ཧོ་ཞེས་བརྗོད་ལ། ཐལ་མོ་གསུམ་གྱིས་བགེགས་བསལ་ནས། རང་གི་ལུས་ལྷའི་སྐུར་སྐད་ཅིག་གིས་བསམས་ཏེ། ལྐོག་མའི་ཕྱོགསུ་ཡི་གེ་ཧྲིཿལས་པདྨ་འདབ་མ་བརྒྱད་པ་ལས་པདྨའི་འདབ་མ་གཅིག་ལྕེར་གྱུར ་པ་ལ་ཨ་ལས་ཟླ་བར་གྱུར་པའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ། ཨོཾ་བཛྲ་ཛི་ཧཱ་ཞེས་བྱ་བས་བྱིན་གྱིས་བརླབ་བོ།། དེ་ནས་ལག་པ་གཉིས་ལ་ཨ་གཉིས་ལས་ཟླ་བ་བསམ་ལ། དྭེར་ཡི་གེ་ཧཱུཾ་ལས་རྡོ་རྗེ ་གཉིས་བསམ་པ་དང་ཡི་གེ་ཧཱུཾ་ཉིད་ལས་སོར་མོ་རྣམས་རྡོ་རྗེ་རྩེ་གཅིག་པའི་རྣམ་པཱར་བསམས་ལ་གུང་མོ་དང་མཛུབ་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་མཐེ་བོ་རྣམསུ་གྲངས་ཇི་ལྟ་བ་བཞིན་དུ། ཨོཾ་ཧཱུཾ་ཏྲཾ། ཨ་ཁཾ་ཞེས་བྱ་བའི ་ཡི་གེ་ལྔ་བཀོད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་རུང་གི་ལྷའི་གཟུགས་ཀྱི་གཟུགས་བརྙན་དུ་སྣང་བས་བདག་ཉིད་ནི་རྒྱལ་པོའི་བཀའ་མངོན་སུམ་པ་ལྟར་མངའ་བར་དཀའ་བར་བསྒོམས་ན་ཕྱག་རྒྱ་ཕན ་ཚུན་བཅིངས་ཏེ། ཐལ་མོ་མདུན་དུ་ཕྱོགས་པས་མཉམ་པར་བྱས་ལ་ཨོཾ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨཱ་ཞེས་བརྗོད་དོ།། དེ་ནས་སོར་མོ་ཕན་ཚུན་རྩེ་མོ་བསྣོལ་བ་བྱས་ལ་ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ་ཧཱུཾ་བཛྲ་ཨཉྫི་ལི་ཞེས་བརྗོད ་དོ།། དེ་ནས་རྡོ་རྗེ་བསྡམས་པ་ལགས་པར་བཅིངས་ལ། ཨོཾ་དྱན་ཏ་ཨུ་ནུ་པྲེ་བཥྚ་སརྦ་དྷརྨྨ་ཞེས་བརྗོད་དེ་རྡོ་རྗེ་བསྡམས་པ་བཅིངས་པ་དེས་མཐར་ཐུག་པ་མེད་པའི་ན་མཁའི་ཁམས་ན་བཞུགས་པའི་སངས་རྒྱས་ཀྱི་ཡོན ་ཏན་བསྡུས་ལ་ཧཱུཾ་བཛྲ་བྷནྡྷ་ཞེས་བརྗོད་དོ།། དེ་ནས་རང་གའི་ཟླ་བ་ལ་རྡོ་རྗེ་ཡོངསུ་གྱུར་པ་ལས་རྡོ་རྗེའི་འཁོར་ལོ་རྩིབས་བརྒྱད་པ་དེའི་དབུས་སུའང་ཡི་གེ་ཨོཾ་བསམས་ལ་བཛྲ་བན་དྷ་ཏྲཊ་ཅེས་བརྗིད་ལ། རྡོ་རྗེ་བསྡམས་པ་རང ་པྲ་ལཱ་ཨ་ལས་ཟླ་བར་གྱུར་པའི་སྟང་དུ་ཧཱུ་ལས་རྔ་རྗེ་རྩ་ལྔ་པ་དཀར་བ.ུ་བཛྲ་ཛ་ཧྲ་ཞེས་བྱ་བས་བྱེ་བྱས་བརླབ་པ།། དེ་ནས་ལག་པ་གཉིས་ལ་ཨ་གཉིས་ལས་ཟླ་བ་བས་མ་ལ ་ཡ་ག་ཧཱུཾ་ལས་རྔ་རྗེ་གཉིས། གི་སྙིང་གར་དགྲོལ་བས་དེ་ན་བཞུགས་པའི་སངས་རྒྱས་ཀྱི་ཡོན་ཏན་རྡོ་རྗེ་འཁོར་ལོ་ལ་རབ་ཏུ་བཞུགས་པར་བྲི་སམ་མོ།། དེ་ནས་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ ་ཛི་ན་ཛི་ཀ་ཞེས་བྱ་བ་འདིས་ཕྱག་རྒྱ་བཅིང་བ་བྱས་ལ་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱ་བཅིང་བ་ཡང་དེ་བཞིན་བྱའོ།། དེ་ནས་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ལཾ་བཛྲ་ཨ་བྲྀ་ཤ་ཨ་ཞེས་ལན་གསུམ་བརྗོད་ལ་མཉེས་པར ་བྱའོ།། རྡོ་རྗེ་བསྡོམས་པ་བཅིངས་པོ་ལ་མཐེའུ་ཆུང་དང་སྲིན་ལག་གི་རྩ་བའི་ནང་དུ་མཐེ་བོ་བཅུག་ལ་སྙིང་གར་ཅུང་ཟད་བསྐྱོད་པ་ནི་རྡོ་རྗེ་འབྱེས་པའི་དམྦོ་ཚི་གོ་གི་ཕྱག་རྒྱའོ།། དེ་ནས་ཏཱིཥྛ་བཛྲ་དྲྀ་བྷྱོ་མེ་བྷ་བ། ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ ་པྲོ་ཡཙྪ་ཧཱུཾ་ཧ་ཧ་ཧེ་ཧ་ཧོཿཞེས་བྱ་བ་འདིས་དབབ་པ་ཉེ་བར་བསྡུ་བར་བྱས་ལ་བཛྲ་སནྡྷི་ཞེས་བྱ་བའི་སྔགས་ཀྱིས་དམ་ཚིག་གི་ཁུ་ཚུར་བཅིང་ཞིང་། ཨོཾ་བཛྲ་མུཥྚི་པཾ་ཞེས་བྱ་བོའི་སྔགས་འདིས་བརྟན་པར་བྱའོ།། རྡོ་རྗེ་འབེབས་པའི་དཔ་ཚིག་གཱི་ཕྱག ་རྒྱབཅིངས་ལ་མཛུབ་མོ་འགྲོགས་ཤིང་ཚིགས་གསུམ་པའི་རྒྱབ་ཏུ་བཅིངས་པ་འདི་ནི་དོམ་ཚིག་རྡོ་རྗེ་ཁུ་ཚུར་རོ།། དེ་ནས་སྔར་བཤད་པའི་རིམ་པས་བགེགས་ལ་སོགས་པ་གཞོམ་པ་ནས་མེ་ཏོགོ་ལ་སོགས་པ་མཆོད་པ་ལྔ་བསྐྱེད་པའི་མཐར ་ཐུག་པའི་ཆོ་ག་བྱས་ལ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ཏེ། ཁྱེར་བཞག་ནས་ཨོཾ་བཛྲ་ཙཀྲ་ཧཱུ~ཾ་ཞེས་བརྒྱ་རྩ་བརྒྱད་བརྗོད་ལ་མདུན་དུ་དཀྱིལ་འཁོར་བསམ་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ལ་མཛུབ་མོ་དང་མཐེའུ་ཆུང་ལྕགས་ཀྱུ་ལྟར ་མདུད་པ་བྱས་པ་ནི་འདིའི་ཕྱག་རྒྱའི་མཚན་ཉིད་ངོ་།། དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟེ་བཛྲ་པཱ་ཎཱ་མེ་བཛྲ་བནྡྷ་ན་ཀ་རོ་མི་ཞེས་བརྗོད་ལ་ཡན་ལག་ལྔས་ཕྱག་རྒྱ་བྱའོ།། གལ་ཏེ་འབྱོར་ན་བདུག་སྤོས་ལ་སོགས་པ་ཕྱིའི ་མཆོད་པ་ལྔ་དང་། ཡང་མཆོད་པ་རྣམ་པ་བརྒྱད་ཀྱིས་ཡང་དག་པར་མཆོད་ནས་མཆོད་པ་ཉི་ཤུའི་བར་དུ་ཇི་ལྟ་བ་བཞིན་དུ་བྱས་ལ། རང་གི་སྙིང་ག་དང་དཔྲལ་པོ་དང་ལྕེ་དང་སྤྱི་གཙུག་ཏུ་ཨ་ལས་ཟླ་བའི་དཀྱིལ་འཁོར ་བསམ་ཞིང་དེར་ཡང་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་རལ་གྲི་ཧཱུཾ་ཏྲཾ་ཨ་ཁཾ་ཞེས་བྱ་བ་ལས་བསྐྱེད་ལ་སྙིང་ག་དང་དཔྲལ་བ་དང་ཁྭ་དང་སྤྱི་བོར་གནས་པའི་རྡོ་རྗེ་ཐལ་མོ་བརྐྱང་ནས་ལུས་ཐམས་ཅད་ས་པ་ཕབ་སྟེ། ཤར་དང་ལྷོ ་དང་ནུབ་དང་བྱང་གི་ཕྱོགསུ་གྲངས་ཅི་ལྟ་བ་བཞིན་སྙིང་པོ་འདིས་ཕྱག་རྒྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏཽ་པུ་ཛ་ཨུ་པསྠ་ནཱ་ཡ་ཨཱཏྨ་ནེ་ནཨཱརྱཱ་ཏ་ཡཱ་མི་སརྦ་ཏཱ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སཱ་མཱཾ། སརྦ་ཏ་ཐཱ་ག་ཏཱ་པུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཾ་ནིཿ ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷིཥིཉྩ་མཱཾ། ཨོཾ་བཛྲ་སརྦ་ཏ་ཐ་གཽ་ཏ་པུ་ཛ་པྲ་བཪྵ་ཎཱ་ཡ་ཨཱཏྨ་ནཾ་ནིརྱ་ཏཱ་ཡ་མི། སརྦ་ཏ་ཐཱ་ག་ཏི་བཛྲ་དྷརྨཱ་པྲེ་བཪྵ་ཡ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་པུ་ཛ་ཀརྨེ་ཎེ་ཨཱཏྨ་ནཾ་ནིརྱ་ཏཱ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ ་ཀུ་རུ་མཱཾ། དེ་ནས་མདུན་དུ་འདུག་ལ་ཇི་ལྟ་བ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པའི་རིམ་གྱིས་སྡོམ་པ་བླངས་ལ་སྨོན་ལམ་བྱས་སྟེ། ཆོས་བདག་མེད་པའི་མཉམ་པ་ཉིད་ཀྱིས་རང་གི་སྙིང་གར་དཀྱིལ ་འཁོར་བཅུག་ལ་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་དང་ཕྱག་རྒྱ་དག་གིས་ཇི་ལྟ་བ་བཞིན་དུ་སྡིག་པ་བསལ་བར་བྱའོ།། དེ་ནས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བཅིངས་ལ། ཧཱུ~ཾ་ཊཀྐི་སྥོ་ཊ་ཡ་མ་ཧཱ་བི་ད་ག་བཛྲ་བཛྲ་དྷ་ར་སན ་ཏྱེ་ནཱ་ཐ་ཞེས་བྱ་བའི་སྔགས་ཀྱི་མཐར་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་འདོད་ཆགས་དང་བྲལ་བ་བྲལ་བས་བྲལ་བར་བྱའོ།། རྡོ་རྗེ་བསྡམས་པ་དམ་བཅིངས་ཏེ།། མཐེ་བོ་མཐེའུ་ཆུང་སྦྱར་ནས་ནི།། ལྷག་མ་རྣམས ་ནི་འཁོར་བྱ།། ཆོས་ཀྱི་འཁོར་ལོ་ཞེས་བྱར་གྲགས་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ།། དེ་ནས་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཡ་སརྦ་སཏྭེ་བྷྱོ། ཛཿཧཱུ~ཾ་བ~ཾ་ཧོཿཞེས་བྱ་བའི་སྔགས་ལན ་བདུན་བརྗོད་པར་བྱའོ།། རྡོ་རྗེ་གདམས་པ་དམ་བཅིངས་ལ།། གཡོན་གྱི་མཐེའུ་ཆུང་མངལ་དུ་ནི།། གཡས་པ་ཡིས་ནི་མཐེ་བོ་མཚོན།། བཅུག་ལ་བསྐྱོད་ཅིང་ཅུང་ཟད་བཙིར།། ཞེས་བྱ་བ་འདི་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱའོ།། ་དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་འཁོར་ལོའི་དབུས་སུ་གནས་པའི་ཡི་གེ་ཨོཾ་བསམས་ལ། དེའི་འོད་ཟེར་གྱིས་རེག་པ་ལས་བདག་ཉིད་སྡིག་པ་ཐམས་ཅད་དང་བྲལ་ཞིང་བསོད་ནམས་ཐམས་ཅད་དང་ལྡན་པར་བསམས་ལ། ་རེག་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི་སྐུར་ངེས་པར་བསམས་ལ། སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབས་པའི་ཕྱག་རྒྱ་རྣམས་ཀྱིས་མགོ་དང་སྙིང་ག་དང་ལྐོག་མར་བྱིན་གྱིས་བརླབ་སྟེ། སྙིང་ག་དང་དཔྲལ་བ་དང་། མགོ་དང ་ལྐོག་མ་དང་སྤྱི་བོ་རྣམ་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རྡོ་རྗེ་ལ་སོགས་པའི་ཡི་གེ་ཧཱུཾ་ལ་སོགས་པས་མཚན་པར་བསམ་མོ།། དེ་ནས་སྙིང་གར་རྡོ་རྗེ་སེམས་དཔའི་ཕྱག་རྒྱས་ཨོཾ་སཏྭ་བཛྲ་ཎི་ཧཱུཾ། ཨ་དྷི་ཏིཥྛ་མཱཾ་ཞེས་བྱ་བས ་བྱིན་གྱིས་བརླབ་བོ།། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་དམ་ཆོག་གི་ཕྱག་རྒྱ་བཅིངས་ལཾ། གཡས་སུ་བསྐོར་བའི་བར་གྱི་སྦྱོང་བས་ལུས་ཐམས་ཅད་ཡོངསུ་བསྐོར་ལོ་སྙིང་གར་བཞག་ནས། ཨོཾ་བཛྲ་དྷ་ཏཱི་ཤྭ་རི་ཧཱུཾ་བཛྲོ་ཎཱི་ཨ་དྷི ་ཏིཥྛ་མཱཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ་དེ། དེ་བཞིན་གཤེགས་པ་ལྔའི་ས་བོན་གྱི་ཡི་གེས་བྱིན་གྱིས་བརླབས་པ་གཙོ་བོར་ལྔ་དང་ལྡན་པའི་རིན་པོ་ཆེའི་ཅོད་པན་མགོ་ལ་བསམས་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དཔྲལ་བར་བཞག་སྟེ། ་ཨོཾ་བཛྲ་རཏྣ་ཨོཾ་བྷི་ཥིཉྩ་མཱཾ་ཞེས་པས་དབང་བསྐུརོ།། དེ་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང་གི་ལྷའི་གཟུགསུ་རྣམ་པར་བསམ་མོ།། དེ་ནས་ཇི་ལྟ་བ་བཞིན་དུ་མཆོད་པ་བྱས་ལ་རྡོ་རྗེ་དབྱིངས་ནི་བདག་གོ་ཞེས་པ ་རྒྱལ་བྱའོ།། དེ་ནས་ཐལ་མོ་སྦྱར་བ་བྱས་ལ། ཨོཾ་བི་མ་ལ་ལོ་ད་དྷི་ཧཱུཾ་ཞེས་བྱ་བས་མཚོ་ཆེན་པོ་དེའི་སྟེང་དུ་ཨོཾ་ཨ་ཙ་ལ་བྷི་ར་ཧཱུཾ་སྭཱ་ཧཱ་ཞེས་བྱ་བས་ས་གཞི་གསེར་གྱི་རང་བཞིན་ཅན་དེའི་སྟེང་དུ། ཨོཾ་ཨ་ཙ་ལ་ཧཱུཾ་ཞེས་བྱ་བས་རིན་པོ ་ཆེ་སྣ་བཞིའི་རང་བཞིན་གྱི་རིའི་རྒྱལ་པོ་རི་རབ་བྱིན་གྱིས་བརླབ་བོ།། དེ་ནས་གཞན་འཕྲུལ་དབང་བྱེད་ཀྱི་དབང་སྒྱུར་གྱི་རྒྱལ་པོའི་གནས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་བྷྲཱུཾ་ལས་ཟུར་བཞི་ལ་སོགས་པ་དང་ལྡན་པའི ་ཁང་པ་བརྩེགས་མ་རྣམ་པར་བསམས་ལ། དེའི་ཕྱོགས་གཅིག་ཏུ་པདྨ་བསམས་ཏེ། དེར་འདུག་ནས་མཽ་དུན་དུ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་རྣམ་པར་བསམས་ལ། རྡོ་རྗེ་དང་དྲིལ་བུ ་འཛིན་པ་རང་གི་གནས་ལ་བཞུགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས་བསྒོམས་ཏེ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའི་ཕྱག་རྒྱ་རྣམས་བྱིན་གྱིས་བརླབ་པ་དང་། རྡོ་རྗེ་བསྲུང་བས་གོ་བགོས་ལ་མཆོད་ཡོན་ཕུལ་ཏེ། ཇི ་ལྟ་བ་བཞིན་དུ་སྤྱན་དྲངས་ལ་ཁང་པ་བརྩེགས་མའི་ནང་དུ་གནས་པ་ལ། རང་གི་ལྷའི་ང་རྒྱལ་དུ་བྱས་ནས་རྡོ་རྗེ་ཐལ་མོ་བསྐོར་བ་སྙིང་གར་བཞག་ནས། མགོ་ཅུང་ཟད་བཏུད་དེ་བསྟོད་པ་བྱའོ།། དེ་ནས་དགུག་པ་ལ ་སོགས་པ་བྱ་སྟེ། དེ་བཞིན་དུ་སྒྲོ་བཅིང་བ་དང་བསྲུང་བ་ཐམས་ཅད་ཀྱིས་ལེགས་པར་བསྲུངས་ལ། དམ་ཚིག་ལ་སོགས་པའི་ཕྱག་རྒྱ་བཞིས་རྒྱས་གདབ་པོ།། དེ་ནས་རྗེསུ་མཐུན་པའི་དབང་བསྐུར་བས་དབང་བསྐུར ་ལ་སྙིང་གར་སྙིང་པོ་བཀོད་དེ། དེ་ཉིད་ལ་ཉེ་བའི་སྙིང་པོ་ལ་སོགས་པར་ལྷག་པར་མོས་པས་སྙིང་གའི་ཕྱོགསུ་དབུ་དང་གཙུག་ཕུད་དང་། ནུ་མ་གཉིས་དང་ལག་པ་གཡས་ཀྱི་རྩ་བ་དང་གཡོན་གྱི་རྩ་བ་དང་ལུས་ཐམས ་ཅད་ལ་དགོད་དོ།། དེ་ནས་བདུག་སྤོས་ལ་སོགས་པ་མཆོད་པ་བརྒྱད་བྱས་ལ། དཔག་བསམ་གྱི་ཤིང་ལ་སོགས་ཡང་ཕུལ་ནས་དྲིལ་བུ་བླངས་ཏེ་བསྟོད་པས་མཉེས་པ་བྱས་ལ་ཕྱག་བཞི་བྱའོ།། དེ་ནས་རང་གི་ངམ་ཚིག ་གི་ཕྱག་རྒྱས་བདག་ཉིད་བྱིན་གྱིས་བརླབས་ལ། སྤོས་ཆུས་དབང་བསྐུར་ཏེ་དེ་བཞིན་དུ་སྙིང་པོ་དགོད་པ་བྱས་ནས་སྤོས་ཆུས་རྡོ་རྗེ་རིན་ཆེན་གྱིས་དབང་གི་དབང་བསྐུར་བས་དབོང་བསྐུར་ལ། མདུན་དུ་དཀྱིལ་འཁོར ་བསྒོམས་བདག་ཉིད་ཀྱང་རང་གི་ལྔའི་ངོ་བོ་ལ་རྡོ་རྗེ་དང་དྲིལ་བུ་ཐོགས་པར་གྱུར་པས་ལྷའི་ཐུགས་ཀའི་ཟླ་བ་བཟླས་བྱའི་སྙིང་པོ་རྣམ་པར་བཀོད་ནས། ཇི་ཙམ་འདོད་ཀྱི་བར་དུ་བཟླས་པ་དང་བསྒོམ་པ་བྱའོ།། ཕྱག་རྒྱ་དང ་བྱིན་གྱིས་བརླབ་པ་ལྷོད་པར་གྱུར་པ་འམ། བདག་ཉིད་གཏོང་པར་འདོད་ན་ཡི་གེ་བརྒྱ་པ་བཟླས་པར་བྱའོ།། དེ་ནས་བཟླས་བརྗོད་ཇི་ལྟ་བ་བཞིན་དུ་ཕུལ་ལ། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བྱས་ནས་སྤྲིན ་སྲོག་བྱས་ཏེ། བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད།། དཀྱིལ་འཁོར་གཤེགསུ་གསོལ་བའི་རིམ་པས་ལྷ་རྣམས་གཤེགསུ་གསོལ་ལ། བདག་ཉིད་དབང ་བསྐུརོ་བ་དང་གོ་བགོ་བ་བྱས་ནས་ལངས་ལེ། མཆོད་རྟེན་གྱི་ལས་ལ་སོགས་པ་ཉིན་རེ་བཞིན་ཐུན་པོཞིང་བྱ་སྟེ། འདི་ནི་བྱིན་གྱིས་བརླབས་པ་ཞེས་བྱ་བའི་རྣལ་འབྱོར་རོ།། གཟུགས་ཉིད་ཅེས་བྱ་བ་ནི་རང་གི་ལུས་རང་གི ་ལྷའི་མཚན་ཉིད་དུ་སྦྱར་རོ།། བྱིན་གྱིས་བརླབས་པ་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་གསུམ་གྱི་མཚན་ཉིད་གསུངས་པ་སྟེ། བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱས་སོ།། བྱང ་ཆུབ་སེམས་ནི་དག་པ་དང་ཞེས་བྱང་ཆུབ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་བློ་ཤིན་ཏུ་རྣམ་པར་དག་པའོ།། གསང་སྔགས་ས་བོན་སྐྱེ་བ་ཆེ་ཞེས་བྱ་བ་ནི་དེའི་རྗེས་ལ་ཐོབ་པའི་དགེ་བ་འཇིག་རྟེན་པའི ་སེམས་ཀྱིས་སོ།། ཕྱག་རྒྱའི་ཚོགསུ་རྟག་པ་ཡིས།། རིམས་ཀྱིས་གཟུགས་ནི་རྫོགས་བྱས་པ་ཞེས་བྱ་བ་ནི། དེ་བཞིན་ཉིད་སྣང་སྒྱུ་ལས་བྱུང་།། གསལ་དང་གྲིབ་མ་ལས་ཀྱང་འདས།། འཕགས་པའི་རིགས་ཀྱི་སྔགས་ལ ་སྐྱེས།། གཉིས་གྱུར་འཇིགས་པ་ལ་རབ་བརྩོན་ཞེས་བྱ་བའི་རིམ་གྱིས་སོ།། ཡོངས་སུ་རྫོགས་པའི་རྣལ་འབྱོར་ནི་གོ་སླ་བས་འདིར་མི་སྨོས་སོ།། དང་པོ་དམ་ཚིག་བྱིན་བརླབས་པ་ཞེས་བྱ་བ་ནི་དང་པོ་བྱིན་གྱིས་བརླབ་པའི ་རྣོརྣལ་འབྱོར་རོ།། དམ་ཚིག་ལ་མངོན་པར་ཞེས་བྱ་བའི་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་ཀྱི་ཕྱིར་ཡིན་པར་ཤེས་པར་བྱའོ།། རྣལ་འབྱོར་སྤྱོད་པའི་ཞེས་བྱ་བ་ལ་རྣལ་འབྱོར་སྤྱོད་པའི་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའོ།། ་དབུ་མའི་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་པར་སྤྲོ་བའོ།། འདི་ནི་རྣལ་འབྱོར་ཆོ་གར་བཤད་ཅེས་བྱ་བ་ནི་རྣལ་འབྱོར་གྱི་ཆོ་གའི་དབྱེ་བའི་རྣམ་པ་གསུམ་མོ།། རྟག་པའི་རྣལ་འབྱོར་གསལ་བར་བསྟན་པའི་ཕྱིར་ཉོན ་མོངས་དྲི་མར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་སེམས་ཀྱི་དག་པ་ནི་དོན་དམ་པར་བྱང་ཆུབ་ཀྱི་སེམས་ཀྱིས་སོ།། དེ་ནི་རང་བཞིན་ཞེས་བྱ་བ་ལ་སོགས་པ་ལ། ཐལ་མོ་གསུམ་གྱིས་སྦྱར་ཞེས་བྱ་བ་ལྷ་ཁང་། ་ཞུགས་པའི་འོག་ཏུ་དོར་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཱ་སྭ་བྷཱ་ཤུདྡྷོ&ཧཾ་ཞེས་བརྗོད་ལ། བགེགས་རྣམ་པར་བསམས་ཏེ་བྱང་ཆུབ་ཀྱི་སེམས་ཇི་ལྟ་བས་སེམས་སྦྱང་བར་བྱའོ་ཞེས་ལ་ལ་འདོད་དོ།། གཞན་དོག་ན་རེ་ཐལ་མོ ་གསུམ་བརྡབ་པ་ཙམ་གྱིས་སེམ་སེམས་ཀྱི་ངོ་ཉིད་རྟོག་པར་བྱས་པའི་འོག་ཏུ། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བ་ངོ་བོ་ཉིད་དག་པ་ཡོངསུ་སྟོན་པར་བྱེད་པའི་ཚིག་འདྲིས་རབ་ཏུ་སད་པ་དང་བྱིན་གྱིས་བརླབ། ་པར་བྱའོ་ཞེས་ཟེར་རོ།། སེམས་ལ་སོ་སྦྱོར་བརྟན་པར་བྱ་ཞེས་བྱ་བ་ནི་ཇི་སྐད་བཤད་པ་བཞིན་དུ་བསམས་པའི་དཀྱིལ་འཁོར་གྱི་དབུས་རྣམ་པར་སྣང་མཛོད་ཀྱི་རང་གི་དམ་ཚིག་གིས་སྐུལ་འཁྱུད་པར་རྣམ་པར་བསམ ་ལ། ཨ་ལི་ཙམ་གྱི་གཟུགས་ཅན། ཨོཾ་ཙིཏྟ་བརྟི་པེ་དྷྲྀ་ཀི་རོ་མཽ་ཞེས་བརྗོད་པས་དེའི་ཞལ་དུ་ཞུགས་ནས་དམ་ཚིག་གི་ཕྱག་རྒྱའི་པདྨའི་གན་སུ་སོང་བ་སྟེ། འདིས་ནི་སེམས་ཀྱི་སོ་སོར་རྟོག་པ་ཞུགས་ཤིང་འཕངས་པ ་བྱས་པར་འགྱུརརོ།། ཕྱི་རོལ་རང་བཞིན་སྟོང་པར་བྱ་ཞེས་བྱ་བ་ནི་ཕྱི་རོལ་ངོ་བོ་ཉིད་ཀྱིས་རང་བཞིན་སྟོང་པ་ཡིན་པ་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ།། སེམས་ཙམ་ལ་ནི་གནས་ནས་སུ།། བྱང་ཆུབ་ཚགས ་ཀྱི་བག་ཆགས་དེས་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱི་གཟུགསུ་ཡོངསུ་གྱུར་པ་ལས་དེར་ཡང་དཀྱིལ་འཁོར་ལྷ་རྣམས་རབ་ཏུ་ཞུགས་པར་བསམས ་ལ། དེའི་འོག་ཏུ་བདག་ཉིད་མཉམ་པར་བཞག་སྟེ། སེམས་དཔའི་གཟུགས་གསལ་བ་ལ་ཆོས་ཀྱི་རི་མོས་དབུགས་ཕུག་པ་སྙིང་ག་དང་འོད་དང་སྟན་ཟླ་བའི་རྣམ་པ་དང་བཅས་པ་མཆོག་ཏུ་མྱ་ངན་ལས་འདས་པའི ་བདེ་བ་ཆེན་པོའི་ངོ་བོ་རྣམ་པར་སྣང་མཛད་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པའི་བདག་ཉིད་ཅན་ལ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱང་དེ་ཉིད ་དུ་དྲངས་ལ་རྒྱལ་བར་གྱུར་པ་ལ། ཨ་ལ་སོགས་པའི་སངས་རྒྱས་ཀྱི་ཡོན་ཏན་གྱི་ངོ་བོ་ཞུགས་པར་བསམས་ཞིང་ཨོཾ་དྷརྨྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བས་བྱིན་གྱིས་བརླབ་བོ།། དེས་སྒོ་བྱས་པའི་ཞེས་བྱ་བ་ལ་སོགས ་པ་ལ། སྙིང་དང་སོགས་པར་ཨ་བཀོད་ལ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི་ཞེས་བརྗོད་ལ་ཐབས་དང་ཤེས་རབ་ཀྱི་ཡེ་ཤེས་བསྒོམ་པར་བྱེད་པས་བདག་ཉིད་བསྒོམས་ཤིང་གཅིག་ཏུ་གྱུར་པར་བསྒོམས་ལ་སྤྱན་ལ་སོག ་པས་ཇི་ལྟ་བ་བཞིན་དུ་བསླང་ནས། ཀུན་ཏུ་བཟང་པོའི་གཟུགས་སུ་རྣམ་པར་བསམས་ལ་ཡི་གེ་ཀ་ལ་སོགས་པ་ཞུགས་པར་བྱས་ནོས་སྙིང་ག་ལ་སོགས་པའི་ཟླ་བའི་གཟུགས་ཀྱི་སྟེང་དུ་བརྟག་པར་བྱའོ།། དེ་ནས ་རྒྱུད་གཞན་གྱི་ནང་ནས་གསུངས་པའི་རིམ་པས་དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་བསམས་ལ། ཐུགས་ཀའི་ཟླ་བ་ལ་ཡི་གེ་ཨོཾ་བཀོད་ནས་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་བསམས་པའི་པདྨ་ལ་གནས ་པ་ཞེས་བྱ་བ་ནི་འོག་ཏུ་པཾ་ལས་བྱུང་བའི་པདྨ་བསམས་པ་དེའི་སྟེང་དུ་བདག་ཉིད་མཚན་ཐམས་ཅད་དང་ལྡན་པར་བསྒོམ་མོ།། དེ་བཞིན་དུ་ཨོཾ་གྱི་མྱུ་གུས་བསྐྲུན་པ་ཡི།། ཡན་ལག་ཀུན་གྱི་མཚན་ཉིད་གཟུགས།། ། ་རྡོ་རྗེ་སྐེ་ནི་བསྒོམ་པར་བྱ་བ་འདྲིས་ཏི་འཛིན་རིམ་པར་ཕྱེ་བ་ལ་གསུངས་པའི་དོན་དང་སྦྱརརོ།། དེ་ནས་སྒྱུ་མ་ལུསེ་པའི་ངོ་བོར་གྱུར་པའི་ཡི་གེ་ཨོཾ་ནཱི་སྤྱི་གཙུག་ཏུ་བསམས། གསུང་མ་ལུས་པའི་ངོ་བོ་ཡི་གི་ཨོཾ་ལྐོག་མར་བས ་ཐུགས་མ་ལུས་པའི་ངོ་བོ་ཡི་གེ་ཧྲཱི་སྙིང་གར་བས་མོ།། ཞེས་བྱ་བ་ནི་ལྷག་པ་སྟེ། དེ་དག་གིས་ནི་རྒྱུད་ཀྱི་བདག་པོའི་རྣལ་འབྱོར་གསུངས་པ་ཡིན་ནོ།། ཡི་གེ་གསུམ་གྱིས་ཞེས་བྱ་བ་ལ་སོགས་པས་ནི་ཐུགས་རྡོ་རྗེ་ལ་སོགས ་པའི་རྣལ་འབྱོར་གསུངས་པ་ཡིན་ཏེ། ཏིང་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་རང་གི་ས་བོན་གྱི་ཡི་གེ་དེ་རྣམ་པར་བཀོད་པའི་འོག་ཏུ་རྡོ་རྗེ་སེམས་དཔའ་རང་གི་ལྷའི་སྐུ་མདོག་དང་བཞུགས་ཚུལ་དང་གདན་དང་འོད་དང་ཕྱག ་མཚན་རྣམས་དང་ལྷགས་པར་བསྒོམས་ཏེ། མདོག་གཟུགས་འོད་དང་འདྲ་བས་བསམ་ཞེས་བྱ་བའི་ཉེ་བར་མཚོན་པས་སོ།། ང་རྒྱལ་བསྐྱེད་ཅེས་བྱ་བ་ལ་སོགས་པས་ནི་ཐ་ཚོལ་པ་མ་ཡིན་པ་ཉིད་དུ་གསུངས་པའོ།། དེ་ནས་རྡོ་རྗེ ་བདག་ཉིད་བདག་ཡིན་བརྗོད་བྱའི་ཉེ་བར་མཚོན་པས་རྣམ་པར་སྣང་མཛད་ཀྱི་ལུས་ལ། ཨོཾ་བཛྲ་ཨཱཏྨ་ཀོ&ཧཾ་ཨོཾ་ས་བྷཱ་བ་ཤུདྡྷོ&ཧཾ། ཨཾ་སཱ་ར་ས་མྱོ་ཧེ་ཞེས་ང་རྒྱལ་གསུངས་པ་བརྗོད་པརྱ་བྷཱ་བ་ཡིན་ཏེ། ་དེ་དག་ནི་རྣལ་འབྱོར་ཆེན་པོ་བསྐྱེད་པར་བྱ་བའི་འོག་ཏུ་ཤེས་པར་བྱའོ།། ཆ་ཤས་ཀྱི་དྲི་བ་ཅན་ཞེས་པ་ནི་སྤྱན་ལ་སོགས་པ་འདྲ་བ་རང་གི་ལུས་ལ་རྣམ་པར་དགོད་པའོ།། ཡེ་ཤེས་སེམས་དཔའ་བསྒྲུབ་པའི་སྔོན་དུ་འདི་བྱའོ།། ་ཞེས་ཟེར་རོ།། ལོ་ལ་ནི་ཇི་སྐད་དུ་བཤད་པ་བཞིན་རིགས་པ་ཡིན་ནོ་ཟེར་རོ།། དེ་འོག་ལག་པའི་ཕྱག་རྒྱ་ཡིས་ཞེས་བྱ་བ་ནི་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས་བྱིན་གྱིས་བརླབ་པ་བྱས་ནས། དེའི་འོག་ཏུ་ལག་པའི་ཕྱག་རྒྱ ་བྱིན་གྱིས་བརླབ་པ་མངོན་པར་འདུས་བྱས་བྱའོ།། ཆོ་ག་མཚོན་ཆ་ལ་སོགས་བྱ་ཞེས་བྱ་བ་ནི་ལག་པའི་ཕྱག་རྒྱ་རྣམས་ཀྱི་དབང་བསྐུར་བའི་འོག་ཏུ་བྱེ་བ་ཁོང་དུ་ཆུད་པར་བྱའོ།། རྫོགས་སངས་རྒྱས་ལྔས་དབང་བསྐུར་ཏོ་ཞེས་བྱ།། ་བོ་ནི་ཆོ་གའི་ཚུལ་ཉིད་ནི་མ་ཡིན་གྱི། སྲིད་པའི་དབང་དུ་མཛད་ནས་གསུངས་པོ་ཡིན་ཏོ།། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལ་ནི་སངས་རྒྱས་ལྔའི་ཅོད་པན་དུ་བྱས་པར་མི་འདོད་དོ།། བྱང་ཆུབ་སེམས་ནི་ཞེས་བྱ་བ་འདིས་ཅོད་པན ་ཕྲེང་བ་རྣམས་ཀྱིས་ཅེས་བྱ་བའི་བར་གྱི་གཞུང་གིས་ནི། དང་པོའི་སྦྱོར་བའི་ཏིང་འཛིན་གསུངས་པ་ཡིན་ནོ།། དེ་ནས་དེའི་འོག་ཅེས་བྱ་བ་ལ་སོགས་པ་ལ། ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས། ཐུགས་རྡོ་རྗེ ་ལ་སོགས་པ་བཞི་སྤྲུལ་པའི་ཕྱིར་དེ་དང་ལྷན་ཅིག་ཏུ་ཇི་སྐད་བཤད་པའི་གནས་སུ་བབས་ནས། སྤྱན་ལ་སོགས་པའི་ལྷ་མོ་སངས་རྒྱས་ཀྱི་སྤྲུལ་པ་མཛད་པའི་སྒྱུ་མ་སྤྲོ་བར་བྱའོ།། ཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་ཞེས་བྱ་བ་ནི ་ཤར་ལ་སོགས་པར་ཕྱོགས་བཅུའི་མཐར་ཐུག་པར་བཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་བཅུ་སྤྱི་ཞེས་བྱ་བར་སྦྱར་རོ།། ཅིའི་ཕྱིར་ཞེ་ན། འདི་ལྟར་དཀྱིལ་འཁོར་བྲི་བའི་དུས་སུ་གཙུག་ཏོར་འཁོར་ལོས་སྒྱུར་བ་ཆེན་པོ་དང་། གནོད ་མཛེས་དག་སྟེང་དང་འོག་དང་བླ་གབ་དང་ཕུར་བུའི་ཚུལ་གྱིས་བསམ་པར་བྱའོ་ཞེས་ཤེས་པར་བྱའོ།། དཀྱིལ་འཁོར་གྱི་རིམ་པར་ཕྱེ་བ་ལས་ཁྲོ་བོ་བརྒྱད་བསྟན་པ་ནི་ཉེ་བར་མཚན་པ་ཙམ་ཡིན་ནོ།། ཇི་ལྟ་བུ་ཞིག་ཅེ་ན། ་ཡན་ལག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡན་ལག་བཞིའི་དབང་དང་ལྡན་ཞེས་བྱ་བ་ནི་ལྷ་མོ་བཞིའི་ཚིགས་དང་ལྡན་པའོ།། ཡན་ལག་བཞིའི་དཔུང་དང་ལྡན་ཞེས་གསུངས་པའི་དོན་དེ་ཉིད་བསྟན་པའི་ཕྱིར། བསྙེམས་མ་དང ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་བསྙེམས་མ་ཞེས་བྱ་བའི་སྒྲས་ནི། ཀཱི་ལྀ་ཀཱི་ལ་ཡང་སུ་བཟུང་ངོ་།། མེ་ཏོག་ལྡན་མ་ནི་རྡོ་རྗེ་ཆགས་མའོ།། མཚོན་ཆ་མ་ནི་རྡོ་རྗེ་མཚོན་ཆ་མའོ།། རྩེ་མོ་ཅན་ནི་དུས་ཐམས་ཅད་པའི ་མེ་ཏོག་གི་ཕྲེང་བས་བརྡེག་པས་ན། ཕྱག་རྒྱའི་ཉེ་བར་མཚོན་པ་འདི་རྡོ་རྗེ་བསྙེམས་མ་ཡིན་ནོ།། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བཞི་ནི། སྤྱན་ལ་སོགས་བཞིའི་ངོ་བོ་ཉིད་ཡིན་ནོ།། སྒྱུ་མའི་ཆ་བྱད་རྣམ་མང་པོའོ་ཞེས་བྱ་བ་ནི་གདུལ ་བྱའི་ཡིད་མགུ་བར་བྱེད་པའི་སྒྱུ་མའི་རྣམ་པའི་ཆ་བྱང་སྣ་ཚོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རྣམ་པར་རོལ་པས་བྱིན་གྱིས་རློབ་ཅེས་བྱ་བ་ནི་རྣམ་པར་རོལ་པ་སྟེ། རྡོ་རྗེ་དང་པདྨའི་རྩེ་འཇོ་བྱིན་གྱིས་རློབ་ཅིང ་རྫོགས་པར་མཛད་པའོ།། དེ་ཉིད་ཆེན་པོའི་བདེག་ཉིད་ལྔས་ཞེས་བྱ་བ་ལ་དེ་ཉིད་ཆེན་པོ་ནི་ལྷ་མོ་ལྔའི་བདག་ཉིད་དོ།། བདག་ཉིད་ལྔས་ཞེས་པ་ཡེ་ཤེས་ལྔའི་བདག་ཉིད་ཅན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཕྱོགས་བཞིར ་འཁོར་ལོ་གནས་བྱས་ཏེ་ཞེས་བྱ་བ་ནི་སྔར་བཤད་པའི་ལྕེ་མོ་དེ་རྣམས་ཕྱོགས་བཞིར་འཁོར་ལོ་སྟེ། དཀྱིལ་འཁོར་གྱི་ཚུལ་གྱིས་གནས་པར་བྱས་ཤིང་འཇོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ན་རང་གི་དམ་ཚིག ་སྐུ་ལ་འཁྱུང་པའོ།། འཕགས་མ་བཞི་ཡི་དགའ་བ་ནི་ཞེས་བྱ་བ་ནི་སྤྱན་ལ་སོགས་པ་འམ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་འཕགས་མ་བཞི་པོ་དགའ་བ་དེ་ཡང་དག་པར་བསྐྱེད་ལ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དགའ ་པས་ཞེས་བྱ་བ་ནི་རང་གི་དམ་ཚིག་གི་ཕྱག་རྒྱའི་དགའ་བ་ལས་བྱུང་བའི་སོ་སོར་རང་གི་རིག་པའི་བདེ་བའི་ངོ་བོ་སྟེ། དེའི་རྗེས་ལ་ཇི་སྐད་དུ་བཤད་པའི་ཁྲོ་བོ་རྣམས་སྤྲོ་བར་བྱའོ་ཞེས་བྱ་བར་སྦྱར་རོ།། དེ་ལྟར་སྤྲོ་བ་བསྟན་ནས། ད་ནི ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་བསྡུ་བ་གསུངས་པ་ཡིན་ཏེ། ཇི་སྐད་གསུངས་པའི་སྤྲོ་བ་སྣ་ཚོགས་ལ་ཁྱབ་པར་བྱས་ནས་བཀུག་སྟེ། དཀྱིལ་འཁོར་གྱི་སྦྱོར་བས་བཞག་ལ། དེའི་དབུ་སུ་སྣ་ཚོགས་པ་གནས་པར་བྱའོ་ཞེས་བྱ་བ ་ནི་ལྷག་མ་སྟེ། འདི་དག་གིས་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་འཛིན་གཉིས་པ་གསུངས་པ་ཡིན་ནོ།། ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ནི། གསང་བའི་ཚོགས་མཐོན་པོ་ལ་སོགས་པའི་རྗེསུ་འབྲངས ་ནས་ཤེས་པར་བྱའོ།། ཏིངེ་འཛིན་གསུམ་བསྐྱེད་ནས་ད་ནི་བཟླས་པ་དང་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རབ་དགའི་ལོངས་སྤྱོད་ལོངས་སྤྱོད་པ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་དང་ཐབས་ལས་བྱུང་བའི་བདེ་བོའི་ཁྱད ་པར་ནི་རབ་ཏུ་དགའ་བའོ།། དེ་ཉིད་བདེ་བ་ཆེན་པོ་ཉིད་ཀྱིས་ལོངས་སྤྱོད་པས་ན་ལོངས་སྤྱོད་དེ། དེ་ལོངས་སྤྱོད་པའི་དཀྱིལ་འཁོར་གྱི་བདོག་པོ་ཉིད་དང་མཉམ་པར་བྱུང་བས་ཞེས་བྱ་བ་ལ་སོགས་པའི་དོན་བཤད་ཟིན་ཏོ།། ། ་ཏིང་འཛིན་ཀུན་གྱི་འཁོར་ལོ་བལྟ་ཞེས་བྱ་བ་ལ་སོགས་པས་ནི་སླར་ཡང་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་ཞིང་སྟོང་པ་ལ་སོགས་པ་བྱས་ནས་ཅི་རིགས་པ་དཀྱིལ་འཁོར་གྱི་འཁོར་ལོ་དམ་ཚིག་གི་ཕྱག་རྒྱས་ཏིང་འཛིན་ལ་སྙོམས ་པར་ཞུགས་པ་ལྟ་ཞིང་བསམ་པ་ཉིད་དང་། བདག་ཉིད་ཀྱང་རྗེསུ་མཉེས་པར་ཐོབ་པར་བྱས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧཾ་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། རྡོ་རྗེའི་གཟུགས་དམ་ཚིག་གི་ཕྱག་རྒྱའི ་པདྨར་དེས་སྒེག་པ་ལ་སོགས་པའི་ཚུལ་གྱི་རོལ་པ་ཉིད་ཀྱིས་རབ་ཏུ་གཞུག་པར་བྱ་བ་ཞེས་བྱ་བར་སྦྱར་རོ།། དེ་ནས་ཅི་ཞོག་བྱ་ཞེ་ན། པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་གི་ལྷ་མོའི་པདྨའི་གཟུགས་རྣམས་རབ་ཏུ ་དགའ་བ་གང་ཡིན་པ་དེ་ལས་སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པ་སྤྲོ་ཞེས་བྱ་བ་ནི་ལྷག་མའོ།། ཡང་ན་བལྟ་ཞེས་སྔ་མ་དང་སྦྱར་རོ།། ཏིང་འཛིན་ཀུན་གྱི་དཀྱིལ་འཁོར་བལྟ་ཞེས་ཇི་སྐད་དུ་གསུངས་པ་དེ་ཉིད་ཀྱི ་ཁྱད་པར་ནི་མ་ལུས་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འང་ཞེས་བྱ་བའི་སྒྲའི་དོན་ལྷག་མ་མ་ལུས་པའི་ལྷ་རྣམས་ཀྱི་འཁོར་ལོ་རྣམས་ཀྱང་ཞེས་བྱ་བའི་དོན་ཏོ།། མདོག་ལྡན་ཞེས་བྱ་བ་ནི་རིགས་དང་རྗེསུ་མཐུན་པ་དང་ལས་དང་རྗེས་སུ ་མཐུན་པ་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་ནི་མདོག་ལྡན་བདག་ཉིད་ཅན་གཟུགས་སོ།། མདོག་དང་ལྡན་པའི་བདག་ཉིད་ཅན་གྱི་གཟུགས་ཀྱང་ཡིན་ལ་སྤྲོ་བ་ཡང་ཡིན་པས་དེ་སྐད་ཅེས་བྱའོ།། དེ་ཡང་ཇི་སྐད་དུ་བཤད་པའི ་ཡི་གེ་ཨེ་དང་ཨ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་སྐ་རགས་ཀྱིས་ཉེ་བར་མཛེས་པ། ཡི་གེ་ཏྲཾ་ལས་བྱུང་བའི་རིན་པོ་ཆེ་ཟུར་གསུམ་གྱི་ནང་དུ་ཆུད་པ། ཡི་གེ་ཧྲཱི་ལས་བྱུང་བའི་པདྨའི་དབུས་ན་གནས་པ་ལས། མདོག་དང་ལྡན་པའི་བདག ་ཉིད་ཅན་གྱི་གཟུགས་སུ་སྤྲོ་བའི་ལྷ་མོའི་འཁོར་ལོ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལྟར་ཡང་བལྟའོ་ཞེས་སྔ་མ་དང་སྦྱར་རོ།། རྡོ་རྗེ་གཞུག་པར་བྱའོ་ཞེས་གསུངས་པ་ཇི་ལྟར་བསམ་ཞེ་ན། རྒྱན་རྣམས་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། རྒྱུད་གཞན་དག་ལས་བྱུང་བའི་མཚན་ཉིད་དང་ལྡན་པ་དངོས་སུ་འོ་མ། བསམ་གཏན་ལས་བྱུང་བ་རང་གི་བསམ་གཏན་ལ་གནས་པར་བསམས་སོ།། སྒེག་མོ་གླུ་དང་གར་རྣམས་དང་ཞེས་བྱ་བ་ལ་སོགས་པ་ལ། ་སྐུ་རྡོ་རྗེ་ལ་སོགས་པའི་མཆོད་པའི་ཚུལ་གྱིས་པདྨར་རྡོ་རྗེ་བཅུག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ&ཧེ་ཞེས་བརྗོད་ལ་མཆོད་པ་བྱའོ།། སྒེག་མོ་ཞེས་བྱ་བ་ལ་སོགས་པ་སྨོས་མོད་ཀྱི། ཕྲེང་བ་མས་ཀྱང་མཆོད་པར་ཤེས ་པར་བྱའོ།། ཕྱིའི་མཆོད་པའི་ཞེས་བྱ་བ་ལ་སོགས་པའི་ནི་གོ་སླའོ།། གང་འདི་ལྟར་གསུངས་མོད་ཀྱི་འོན་ཀྱང་ཕྱིའི་མཆོད་པ་དང་སྐྲག་མོ་ལ་སོགས་པའི་མཆོད་པ་ལ་སྙོམས་པར་འཇུག་པའི་མཆོད་པའི་རིམ་གྱིས་ཕྱི་དང་གསང ་པའི་མཆོད་པས་མཆོད་པར་བྱའོ་ཞེས་སྟོན་པ་ཡིནོ།། བསྒོམ་པས་ཞེས་བྱ་བ་ནི་རྣལ་འབྱོར་བསྒོམ་པས་སོ།། མྱུར་ཆེས་པ་དང་བུལ་ཆེས་དང་ཞེས་བྱ་བའི་སྒྲ་ནི། ཤས་ཆེར་འདི་ལྟར་མི་བྱའོ།། གུག་སྐྱེད་ཉམས་མིན་པར་ཞེས་བྱ ་བ་ནི་འདི་དག་མ་ཚང་བར་མི་བྱའོ།། རྟོག་པ་ངན་པ་སྤངས་ཏེ་ཞེས་བྱ་བ་ནི་རྟག་པ་དང་ཆང་པ་ལ་སོགས་པའི་རྟོག་པ་དང་བྲལ་བས་སོ།། པ་དན་ཚུལ་དུ་བྱ་བས་ཞེས་བྱ་བ་ནི་སྔར་བཤད་པའི་མཆོད་པ་ཉི་ཤུ་ཉེ་བར་མཚོན་པོ ་ཡིན།། མཆོད་ཅེས་བྱ་བ་ལ་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། གཤེགས་སུ་གསོལ་ཞེས་བྱ་བ་ནི་སླར་གཤེགསུ་གསོལ་བ་སྟེ། སྤྲུལ་པ་རྣམས་ནི་རང་གི་ལུས་ཉིད་ལ་ཉོ་བར་བསྡུ་བར་བྱའོ།། སྐུ་དང་ཞེས་བྱ་བ་ལ་སོགས་པས ་ནི་མཉམ་པར་བཞག་པའི་རྣལ་འབྱོར་གསུངས་པ་ཡིན་ནོ།། བར་ཆད་བྱེད་པ་རྣམས་ལ་ནི་ཞེས་བྱ་བ་བགེགས་ཀྱིས་གཙེས་པར་གྱུར་པ་ལའོ།། རྡོ་རྗེ་ཐེག་པ་རབ་རྫོགས་པ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱིའོ།། སྣ་ཚོགས ་ལས་རྣམས་སྟོན་པ་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ་པའོ།། རིན་ཆེན་ཞེས་བྱ་བ་ལ་སོགས་པ་རིན་ཆེན་འབྱུང་ལྡན་ནོ།། འདོད་ཆགས་ཆེན་པོ་ཞེས་བྱ་བ་ལྔ་སོགས་པ་ནི་འོད་དཔག་ཏུ་མེད་པའོ།། ་དཔལ་ལྡན་ཞེས་བྱ་བ་ལ་སོགས་པ་ནི་མི་བསྐྱོད་པའོ།། འདི་ནི་འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པ་ལྔའི་ཕུལ་དུ་བྱུང་བའི་ཡོན་ཏན་ཐོབ་པས་ན་བདག་ཉིད་དེ་བཞིན་གཤེགས་པར་འགྱུར་བའོ།། འདི ་རྣལ་འབྱོར་རྣམས་ཀྱི་རིམ་པ་དང་། ལྷ་བསྒོམ་པའི་ཚུལ་རྒྱ་ཆེར་ནི་དེ་ཁོ་ན་ཉིད་བསྡུས་པ་དང་། གསང་བ་འདུས་པ་ལ་སོགས་པ་ལས་བྱུང་བ་བཞིན་ཤེས་པར་བྱའོ།། སྒྲུབ་པའི་ཐབས་ལོགས་ན་ཡོད ་པས་འདོར་མེ་བྲིས།། ཡོངསུ་རྟོག་པའི་རྣལ་འབྱོར་མང་དུ་ཡོད་མོད་ཀྱི་འདིར་མ་བསྟན་ཏོ།། བྱང་ཆུབ་སེམས་ནི་ཇི་སྐད་དུ་བཤད་པའི་རྣམ་པ་གཉིས་སོ།། བསྒོམ་པ་ནི་ཡང་དང་ཡང་དུ་མངོན་དུ་བྱེད་པའོ།། ། ་དེའི་ཡེ་ཤེས་བསྒྲུབ་པ་ནི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་མངོན་པར་རྟོགས་པའི་ཚུལ་གྱིས་ངེས་པ་སོ་སོར་བསྒྲུབ་པ་སྟེ། དེ་སྟོན་པའི་གཞུང་གི་ལེའུ་ལ་རིམ་པར་ཕྱི་བའི་བསྒྱུར་བརྗོད་དོ།། ལེའུ་བདུན ་པའི་འགྲེལ་པའོ།། །། བྱང་ཆུབ་ཀྱི་སེམས་བསྒོམ་པ་རྫོགསུ་ཟིན་ཀྱང་སྦྱོར་བའི་ཐབས་མེད་པར་ཕུན་སུམ་ཚོགས་པར་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པས། བརྒྱད་པ་སྦྱོར་བའི་ཐབས ་ཀྱི་བསྒྲུབ་པའི་རིམ་པར་ཕྱེ་བ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད་ནས་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། ངོ་བཞིན་གཤེགས་པ་ཐམས་ཅད་དེ་རྣམ་པར་སྣང་མཛད་ལ་སོགས་པའི་བཀའ་ནི། ཞི་བ་ལ་སོགས་པའི་ལས་བསྐྱེད་པའོ།། དེ་བསྐྱེད་པའི་དོན་གྱི་འཁོར་ལོ་ནི་དཀྱིལ་འཁོར། དེ་རབ་ཏུ་བསྒྲུབ་ཅིང ་བསྐྱེད་པས་དེའི་དོན་དུ་ཡེ་ཤེས་ཀྱི་རྡོ་རྗེ་ལ་དམིགས་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པོ་ཐམས་ཅད་ཞི་བ་ལ་སོགས་པའི་ལས་བྱེད་པའི་དཀྱིལ་འཁོར་སྟོན ་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། འཁོར་ལོ་ཐམས་ཅད་ཅེས་བྱ་བའི་དོན་ཏོ།། འཁོར་ལོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་འཁོར་ལོ་ཐམས་ཅད་ལ་རང་གི་མིང་ལས་བྱུང ་བའི་དཀྱིལ་འཁོར་ཐམས་ཅད་རབ་ཏུ་བསྒྲུབས་ཏེ། ཞི་བ་ལ་སོགས་པ་ལ་རབ་ཏུ་སྦྱོར་བའི་ལས་གང་ཡིན་པ་དེའི་ཚོགས་ནི་མང་པོའོ།། དེའི་ཕྱི་དང་ནང་གི་བདག་ཉིད་ཅན་གྱི་ཆོ་ག་བཀའ་སྩལ་ཏོ་ཞེས་པ་སྟེ་གསུངས་པའོ།། ལྷ་ནི་ཞེས་བྱ་བ་ལ ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་གང་ཡང་རུང་བ་ཞིག་དཀྱིལ་འཁོར་གྱི་དབུས་བཀོད་ན་དཀྱིལ་འཁོར་དེ་དེ་ཉིད་ཡིན་ཏེ། རྣམ་པར་སྣང་མཛད་འབྱུང་བ་རྡོ་རྗེ་ཞེས་མཁས་པ་རྣམས་ཀྱིས་བརྗོད་དོ།། འདི་ལྟར་སྟོན ་པ་ཡིན་ཏེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དོ།། གང་གི་ཚེ་མི་བསྐྱོད་པ་ལ་སོགས་པ་བཞིའི་དཀྱིལ་འཁོར་བྱེད་པ་དེའི་ཚེ། དབུས་གང་བྲིས་པའི་གནས་སུ་རྣམ་པར ་སྣང་མཛད་བྲིའོ་ཞེས་ཁ་ཅིག་ཟེར་རོ།། གཞན་དག་ནི་མི་བསྐྱོད་པའི་དཀྱིལ་འཁོར་ལ་རྣམ་པར་སྣང་མཛད་ནི་མི་བསྐྱོད་པའི་གནས་སུའོ།། དེའི་གནས་སུ་མི་བསྐྱོད་པ་བྲིའོ།། རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ལ་ནི་རྣམ ་པར་སྣང་མཛད་ནི་མི་བསྐྱོད་པའི་གནས་སུ། མི་བསྐྱོད་པོ་རིན་ཆེན་འབྱུང་ལྡན་གྱི་གནས་སུ། རིན་ཆེན་འབྱུང་ལྡན་ནི་རྣམ་པར་སྣང་མཛད་ཀྱི་གནསུ་བྲིའོ་ཞེས་ཟེ་རོ།། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པའི་དཀྱིལ ་འཁོར་ལ་ཡང་འདི་ཉིད་ཀྱི་རྗེསུ་འབྲངས་ནས་ཤེས་པར་བྱའོ།། སྤྱན་ལ་སོགས་པའི་དཀྱིལ་འཁོར་ལ་ཡང་རྣམ་པར་སྣང་མཛད་ཉིད། སྤྱན་ལ་སོགས་པའི་གཟུགས་ཇི་ལྟར་བསམ་ལ། སྤྱན་ལ་སོགས་ཡང་རང་ཉིད་ཀྱི ་གནས་ན་བཞུགས་པར་སྒོམ་མོ།། འོད་ཟེར་ཅན་ལ་སོགས་པོ། དཀྱིལ་འཁོར་གྱི་ལྷ་ལ་མ་གཏོགས་པའི་ལྷ་རྣམས་ཀྱི་དཀྱིལ་འཁོར་གྱི་ནི། བྱང་ཆུབ་ཀྱི་སེམས་ཀྱི་རིམ་པར་ཕྱེ་བའི་རིམ་པ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོག ་པའི་སྐུ་ཡོངསུ་གྱུར་པ་ཉིད་འོད་ཟེར་ཅན་ལ་སོགས་པའི་ལྷ་རྣམས་ཀྱི་གཟུགས་སུ་གྱུར་ནས། རང་གི་གནས་ན་བཞུགས་ལ་ལྷ་ལྷག་མ་རྣམས་ཀྱི་ཚུལ་ནི་དེ་བཞིན་དུ་བསམ་པར་བྱའོ།། འཕྲོག་མའི་དྲག་པོ་བསྒྲུབ་པའི་དཀྱིལ་འཁོར ་དུ་ནི། ཇི་སྐད་དུ་བཤད་པ་ལས་དེའི་རིམ་པ་གཞན་ཡིན་ཏེ། དེ་ཡང་ཁྲོ་བོའི་འཁོར་ལོར་གནོད་སྦྱིན་མོ་བརྒྱད་ཀྱི་དབུས་ན་འཕྲོག་མས་བརྒྱན། གནོད་སྦྱིན་བརྒྱད་ཀྱི་རྣམ་པར་བརྒྱན། གནོད་སྦྱིན་མོ་ཀུན་བསྒྲུབ་པར་བྱ་ཞེས་བཤད ་པ་ཡིན་ནོ།། དེ་ལ་མ་གཏོགས་པར་བཤད་པའི་གནོད་སྦྱིན་དང་། གནོད་སྦྱིན་མོ་གཞན་དག་བསྒྲུབ་པ་ལ་ནི་ཚུལ་འདི་ཉིད་ཡིན་ཏེ། གནོད་སྦྱིན་ནམ་གནོད་སྦྱིན་མོ་གང་སྒྲུབ་པ་དེ་དབུས་སུ་བཀོད་ལ་དེའི་གནསུ་ནི་འཕྲོག ་མའོ།། གནོད་སྦྱིན་དང་། གནོད་སྦྱིན་མོར་བཤད་པ་ལ་མ་གཽཏོགས་པ། རིགས་གཞན་དག་སྒྲུབ་པ་ལ། ཐམས་ཅད་དུ་ཡང་འཕྲོག་མ་མེད་པར་དེའི་གནས་སུ་སྒྲུབ་པར་བྱ་བའི་གནོད་སྦྱིན་ནམ་གནོད་སྦྱིན་མོ་བསམ་པར ་བྱའོ།། ལ་ལ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བཏོན་ནས་དེའི་གནས་སུ་བཤད་པ་དང་། མ་བཤད་པའི་གནོད་སྦྱིན་དང་གནོད་སྦྱིན་མོ་བཀོད་ལ་སྔོན་དུ་འགྲོ་བས་བསྒྲུབ་པར་བྱའོ་ཞེས་ཟེར་ཏེ། དེས་ནི་དྲག་པོའི་བསྒྲུབ ་པའི་གཞུང་གི་དོན་ཡང་དག་པར་རྟོགས་པར་ཤེས་མོད་ཀྱི་སྔར་བཤད་པའི་དོན་དེ་ཉིད་གཞུང་དང་རྗེསུ་མཐུན་པར་མཐོང་ངོ་།། ལྷ་ཆེན་པོ་ལ་སོགས་པའི་དཀྱིལ་འཁོར་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་གནསུ་ཁྲོ་བོའི ་རྡོ་རྗེ་དང་། སྒྱུ་མའི་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་དང་། མི་སྨྲ་བའི་རྡོ་རྗེ་དང་། རྡོ་རྗེ་མཚོན་ཆ་གྲངས་ཇི་ལྟ་བ་བཞིན་དུ་དགོད་པར་ཤེས་པར་བྱ་སྟེ། དེ་ལ་རྡོ་རྗེ་དྲིལ་བུ་ནི་མདོག་དམར་བ་གདོང་དྲུག་པ། ལག་པ་བཞི་པ་གཡས་ན ་མདུང་ཐུང་དང་བྲལ་བུ་ཐོགས་པ། གཡོན་ན་གྱིས་བྱ་དང་དྲིལ་བུ་འཛིན་པ། རྒྱམ་ནན་བརྒརྫ་རྟུན་ཅན་མ་དག་སར་སྐྱ་ལག་པ་བན་པ། གཡས་ན་རྔ་རྗེ་དང་ལྕགས་ཀྱུ་ཐོགས་པ། གཡོན་གྱི་གཅིག་གས ་ནི་སྟན་ལ་བསྙེམས་ཐབས་སུ་འདུག་ལ། གཉིས་པ་ནི་རུང་རྡོ་རྗེ་འཛིན་པ་གླང་པོ་ཆེ་དཀར་པོ་ལ་ཞོན་པའོ།། སྤྱན་མཱ་ལ་སོགས་པའི་གནས་སུ་ནི་འཇིགས་བྱེད་མ་ལ་སོགས་པ་ལྷ་མོ་བཞི་སྟེ། དེ་ལ་འཇིགས་བྱེད་མ་ནི་མདོག་ལྗང ་གུ་གཡས་ཀྱིས་རྡོ་རྗེ་འཛིན་གཡོན་གྱིས་རལ་ཕུག་ཐོགས་པའོ།། དཔལ་མོ་ནི་མདོག་སེར་བ་གཡས་ནི་རྡོ་རྗེ་གཡོན་ན་པདྨ་ཐོགས་པའོ།། དབྱངས་ཅན་མ་ནི་མདོག་ལྗང་གུ་གཡས་གཡོན་གཉིས་ན་རྡོ་རྗེ་དང་པི་ཝཱི་ཐོགས ་པའོ།། དཀའ་ཐུབ་མདོག་མ་ནི་མདོག་ལྗང་གྲུ་གཡས་ཀྱི་ལག་པ་གཉིས་ན་རྡོ་རྗེ་དང་འཁོར་ལོ་ཐོགས་པ། གཡོན་གཉིས་ན་དུང་དང་བ་ཏཱི་ས་ཐོགས་པ་སེང་གི་ལ་ཞོན་པའོ།། རྡོ་རྗེ་སེམས་མ་ལ་སོགས་པའི་གནསུ་ནི་དྲག་མོ ་དང་ཚངས་མ་དང་། ཁྱབ་འཇུག་མ་དང་གཞོན་ནུ་མ་དང་། ནག་མོ་དྲང་ནག་མོ་ཆེན་མོ་དང་། གནོད་སྦྱིན་མོ་དང་། སྲིན་མོ་རྣམས་དགོད་པར་ཤེས་པར་བྱའོ།། དེ་ལ་འདི་རྣམས་ཀྱི་ལག་པ་ལ་ལག་ཆ་ནི་མདུངརྩ ་གསུམ་པ་དང་། ཕྲེང་བ་མ་དང་འཁོར་ལོ་དང་དྲིལ་བུ་དང་། གྲི་དང་ཆུ་དྲི་དང་། མཆེ་བ་དང་། ཁ་ཊྭཱཾ་ག་རི་མོ་བཞིན་ཐོགས་པ། གཡོན་གྱི་སྡིགས་མཛུབ་བསྐྱོང་བའོ།། ཕྱིའི་དཀྱིལ་འཁོར་དུ་གཤིན་རྗེ་གཤིང་ལ་སོགས་པ ་དཔྱོད་པ་ཡང་དེ་བཞིན་ཏེ། འདི་ནི་ཁྲོ་བོའི་རྡོ་རྗེའི་དྲུག་པོ་བསྒྲུབ་པའི་དཀྱིལ་འཁོར་རོ།། ཁྲོ་བོ་རྡོ་རྗེ་མ་གཏོགས་པའི་ལྷ་གཞན་སྒྲུབ་པ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཉིད་དགོད་པར་ཤེས་པར་བྱའོ།། འདིར་མ་བཤད ་པའི་སྒྲུབ་ཐབས་ལ་རྡོ་རྗེའི་རིགས་པ་མཆོག་བཏོན་ལ། དེའི་གནས་སུ་རང་གི་སྒྲུབ་པར་བྱ་བའི་འཇིག་རྟེན་པའི་ལྷ་གང་ཡང་རུང་བ་དགོད་པར་བྱའོ་ཞེས་ཁོང་དུ་ཆུད་པར་བྱའོ།། འདི་ཡང་ལ་ལ་ངག་ནི་རྣམ་པར་སྣང་མཛད ་འཁོར་དུ་དེ་བཏོན་པ། ལྷ་ཆེན་པོ་ལ་སོགས་པ་གང་ཡང་རུང་བ་དགོད་པ་སྔོན་དུ་འགྲོ་བས་བསྒྲུབ་པ་ནི་ཤིན་ཏུ་འབྲེལ་པ་མེད་པས་སྨྲ་བ་ཡིན་པས། དེའི་གཞུང་ནི་མ་བྲིས་ཏེ། ཇི་སྐད་དུ་བཤད་པ་འདི་ཉིད་ཤིན་ཏུ་རིགས་པ་ཁོ ་ན་མཐོང་ངོ་།། དེ་ཡང་རྡོ་རྗེ་ཏིང་འཛིན་བསྒོམས་ནས་ནི།། རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྐུལ་ནས།། མོདོ་ལ་དངོས་གྲུབ་ཐོབ་པར་འགྱུར་ཞེས་སྔར་བཤད་པ་ཡིན་ནོ།། ཞི་དང་ཞེས་བྱ་བ་ལ་སོགས་པ་ལ། རང་གི་དཀྱིལ་འཁོར་གྱི ་བདག་པོའི་སྦྱོར་བས་དཀྱིལ་འཁོར་གྱི་ལྷ་རྣམས་བསྒོམས་ཏེ། ལས་དང་རྗེ་སུ་མཐུན་པར་ལྷ་རྣམས་སྤྲུལ་ལ། ཆེ་གེ་མོའི་ཞི་བར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་བསྐུལ་བའི་ཚིག་དང་ལྡན་པར་གསང་སྔགས་བཟླས་ནས་ཞི་བ ་ལ་སོགས་པོའི་ལས་རྣམས་ལ། ལྷའི་འཁོར་ལོ་ངེས་པར་སྦྱར་བས་ལས་དེ་རྣམས་བྱའོ།། དེ་ལྟར་སྤྱིར་བསྟན་ནས་ད་ནི་ཞི་བ་སྤྱན་དང་ཞེས་བྱ་བ་ལ་སོགས་པ་ལྷ་རྣམས་ཀྱི་སོ་སོར་ངེས་པ་ལས་དེ་ཉིད་གསུངས་པ་ཡིན་ཏེ། ཐམས ་ཅང་དུ་ཡང་གསུམ་པའི་མཐའ་ཅན་གྱིས། བདག་གི་བྱ་ཞེས་འོག་ནས་བཤད་པ་དང་སྦྱར་རོ།། འོད་ཟེར་ཅན་དང་རི་ཁྲོད་མས་ཞེས་བྱ་བ་འདིར་སྦྱར་བར་བྱ་བ་ཞེས་བྱ་བ་ནི་ལྕུག་མའོ།། ཆགས་པ་རྡོ་རྗེས ་ཞེས་བྱ་བ་ནི་སྙིང་རྗེ་ཆེན་པོའི་ཆགས་པའོ།། གསང་སྔགས་དེ་ཉིད་ཀྱིས་བསྐུལ་ན་ཞེས་བྱ་བ་ནི་གསང་སྔགས་ལོ་ལས་དང་རྗེསུ་མཐུན་པར་བསྐུལ་བའི་ཚིག་བཅུག་པས་ཡང་དག་པར་བསྐུལ་བའོ།། ལྷ་རྣམས་ཀྱིས་སོ་སོའི ་ངེས་པོར་བསྟན་ནས་ད་ནི་སྤྱན་དང་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་སྦྱོར་བའི་ངེས་པ་གསུངས་ཏེ། རིལ་པ་སྤྱི་བླུགས་ཀྱིས་བརྒྱན་པ་ཞེས་བྱ་བ་ནི། ཕྲེང་བ་དང་རིལ་པ་སྤྱི་བླུགས་ཀྱིས་མཛེས་པར་བྱས་པའོ།། དང་པོ་ཏིང ་འཛིན་གྱིས་སྤྲུལ་ནས་ཞེས་བྱ་བ་ནི་དང་པོར་ཏེ། ཐོག་མར་ཏིང་འཛིན་དེ་བསམ་གཏན་གྱི་སྤྲུལ་ཅིང་བསྐྱེད་ནས། བདག་ཉིད་རྣམ་པར་སྣང་མཛོད་ཀྱི་སྐུར་བསམ་པ་ཡིན་པར་ཤེས་པར་བྱའོ།། དེ་ཉིད་ཀྱི་ཕྱིར་རྣམ་པར་སྣང་མཛད ་གནས་ན་འདུག་སྟེ་ཞེས་བྱ་བ་གསུངས་པ་ཡིན་ནོ།། བུམ་པ་ཟླ་བ་མདངས་ལྡན་པ་ཞེས་བྱ་བ་ནི་ཟླ་བའི་འོད་འདྲ་བའི་བུམ་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། བདུད་རྩི་འོ་མ་ས་ར་པོ་བཀང་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས ་ཀྱི་ཆུས་བཀང་བ་ལག་པོ་གཉིས་ཀྱིས་འཛིན་པར་བསམ་མོ།། ཞེས་བྱ་བར་སྦྱར་རོ།། ལོག་པ་གཉིས་པད་རྩ་དཀར་མཆོག་གི་ཞེས་བྱ་བ་ནི་ལག་པ་པདྨའི་རྩ་བའི་མདོག་ལྟར་དཀར་བའི་མཆོག་གང་ཡིན་པ་དེ་ལ་དེ་སྐད་ཅེས ་བྱའོ།། འདི་སྐད་སྟོན་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྣམ་པར་སྣང་མཛད་དབང་པོ་ཞི་ཞིང་སྐུ་མདོག་དཀར་བར་བདག་ཉིད་བསྒོམས་ལ། རང་གི་སྙིང་གར་ནད་པ་བསམས་ཏེ། རང་གི་དམ་ཚིག་གི ་ཕྱག་རྒྱ་དང་ཡང་དག་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་ལས་སྤྱན་དང་བསྐུལ་བྱེད་མའི་ངོ་བོར་རྣམ་པར་བསམས་ལ། ཕྱག་གཉིས་ཀྱིས་ཇི་སྐད་དུ་བཤད་པའི་བུམ་པ་བསྣམས་ཤིང་། ཕྱག་བཞིར་ཕྲེང་བ་དང་། རིལ་པ་སྤྱི ་བླུགས་ཀྱིས་བརྒྱན་པ་སྤྲུལ་ལ། དེ་རྣམས་ཀྱིས་ན་མཁའ་བཀང་སྟེ། སྔགས་བརྗོད་པ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱི་བསྐུལ་ལ་བསྒྲུབ་པར་བྱ་བ་དབང་བསྐུར་ཏེ། དེར་རབ་ཏུ་ཞུགས་ནས་ཡང་དེ་རྣམས་ཀྱི་བ ་སྤྱིའི་བུ་ག་རྣམས་ལས་རྣམ་པར་སྣང་མཛད་ཁ་སྦྱར་གྱི་སྦྱོར་བས་ཕྱུང་བ་ལས་ཡང་དག་པར་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་རྣམས་ཀྱིས་དེ་ལ་དབང་བསྐུར་བར་བྱའོ།། དེ་ནས་དེ་རྣམས་ཀྱང་དེ་ཉིད་དུ་རབ་ཏུ་ཞུགས ་པར་ཡང་ཤེས་པར་བྱའོ།། སྦྱོར་བ་འདི་དག་དང་འབྲེལ་པ་གཞན་དག་ལས་ཀྱང་། བ་སྤུའི་བུ་ག་རྣམས་ལས་ནི། སངས་རྒྱས་སྤྲིན་ནི་རྣམ་པར་སྤྲོ་ཞེས་བྱ་བ་ལ་སོགས་པས་བསྟོད་པ་ཡིན་ནོ།། དེ་ནས་དེ་བླ་ན་མེད་པའི ་ཞི་བ་ཐོབ་པར་རྣམ་པོར་བས་མོ་མོ།། རིན་ཆེན་མ་དང་ཞེས་བྱ་བ་ལ་སོགས་པ་ལ། རིན་ཆེན་འབྱུང་ལྡན་གྱི་ཏིང་འཛིན་དང་པོ་སྤྲུལ་ཅིང་བསམ་མོ་ཞེས་བྱ་བ་ནི་ལྷག་མའོ།། རིན་ཆེན་མ་ཞེས་བྱ་བ་ནི་རིན་ཆེན་སྒྲོལ་མའོ།། ཕྱག ་ན་རིན་ཆེན་པདྨ་ཅན་ཞེས་བྱ་བ་ནི་ཕྱག་གཉིས་ཤེས་རབ་པདྨ་དང་། རིན་པོ་ཆེ་རྣམས་ལ་ཅིག་ཤོས་གཉིས་ཀྱིས་ནི། ཇི་སྐད་བཤད་པའི་བུམ་པ་བསྣམས་པའོ།། བདུད་རྩི་རབ་ཏུ་གང་བ་དང་། ཞེས་བྱ་བ་ནི ་བསམ་མོ་ཞེས་སྔ་མ་དང་སྦྱར་རོ།། འདི་སྐོང་སྟོན་ཏེ། དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་སེར་པོའི་སྟེང་དུ། བདག་ཉིད་རིན་ཆེན་འབྱུང་ལྡན་སྐུ་མདོག་སེར་པོར་བསམས་ལ། རང་གི་སྙིང་གའི་དཀྱིལ ་འཁོར་ལ་བྱ་བར་བསམས་ནས། སྔ་མ་བཞིན་དུ་རིན་ཆེན་སྒྲོན་མ་དང་གོས་དཀར་མོའི་གཟུགས་ལ་ཕྱག་གཉིས་ན་བུམ་པ་ཐོགས་ཤིང་། དེ་ལས་གཞན་པའི་ཕྱག་གིས། པདྨ་དང་རིན་པོ་ཆེ་བསྣམས་པ་སྤྲུལ ་ལ། དེ་རྣམས་ཀྱིས་ན་མཁའ་མ་ལུས་པར་བཀོད་དེ། དེ་བཞིན་དུ་བཀུག་ནས་བསྒྲུབ་པར་བྱ་བ་བསྐོར་ལ། དེ་རྣམས་དེར་རབ་ཏུ་གཞུག་གོ། དེ་ནས་དེའི་བ་སྤུའི་བུ་ག་རྣམས་ལས་རིན་ཆེན་འབྱུང་ལྡན་མ ་བཞིན་དུ་ཕྱུང་ལ། དེ་ལས་བྱང་ཆུབ་སེམས་ཀྱི་ཆུའི་རྒྱུན་གྱིས་མངོན་པར་དབང་བསྐུར་ལ། དེ་ཡང་དེར་བཞུགས་པར་བྱ་བར་ཤེས་པར་བྱ་སྟེ། བ་སྤུའི་བུ་ག་རྣམས་ལས་ནི། རིན་ཆེན་སྤྲིན་ནི་སྤྲོ་བར་བྱེ་ཞེས་བྱ ་བ་ལ་སོགས་པ་ལ། བསྟན་པ་ཡིན་ནོ།། དེ་རྣམས་ཀྱིས་བླ་ན་མེད་པའི་སངས་རྒྱས་ཐོབ་པོར་འགྱུར་བར་བསམ་མོ།། ལྷ་མོ་སྐུ་ཚོན་ཞེས་བྱ་བ་ལ་སོགས་པ་ལ། འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོར་བསམ་ཞེས་བྱ ་ལ་ནི་ལྷག་མའོ།། སྒྲོལ་མ་དེ་བཞིན་ལུ་གུ་རྒྱུད་ཅེས་བྱ་བ་ནི་སྒྲོལ་མ་དང་ལུ་གུ་རྒྱུད་དང་བཅས་པར་བསམ་པར་བྱ་སྟེ། ཕྱག་གཉིས་ན་ནི་ཞགས་པ་དང་ལྕགས་ཀྱུ་འཛིན་པ། ཕྱག་ཅིག་ཤོས་གཉིས་ན་ནི་མེ་ཏོག་ཅན་གྱི་མདའ ་དང་གཞུ་བསྣམས་པའོ།། དེ་ནས་དེ་དགེ་བསམ་པ་ནི། བཀུག་སྟེ་མདའ་ཡིས་བསྣུན་ན་ནི་ཞེས་བྱ་བ་སྟེ། ལྕགས་ཀྱུས་བཀུག་ལ་མདའ་བསྣུན་པའོ།། ཉེ་བར་མཚོན་པོ་འདིས་ན་ཞགས་པ་བཅིངས་པས་ཀྱང་སྐད ་ཅིག་གིས་དབང་དུ་མཛད་པའོ།། འདི་སྐད་སྟོན་ཏེ། རང་དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་པདྨ་དམར་པོའི་མདོག་ཅན་དེའི་སྟེང་དུ་བདག་ཉིད་འོད་དཔག་མེད་པ་མདོག་དམར་བའི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར ་པདྨ་དམར་མོ་མདོག་ཅན་ལ་བསྒྲུབ་པར་བྱ་བར་བསམ་ནས། སྔ་མ་བཞིན་དུ་སྒྲོལ་མ་དང་། ལུ་གུ་རྒྱུད་ཀྱི་གཟུགས་ཅན་མ་ཇི་སྐད་བཤད་པའི་མཚོན་ཆ་ཐོགས་པ་སྤྲུལ་ནས། དེས་ན་མཁའ་མ་ལུས་པར་གང་བསྒྲུབ་པར་བྱ་བ་བཅིངས ་ནས་བཀུག་སྟེ། རང་གི་སྙིང་གིར་བཅུག་ནས། སྔ་མ་བཞིན་དུ་མངའི་སྦྱོར་བས་བསྣུན་ནས་དེ་རྣམས་དེར་གཞུག་གོ། དེ་ནས་ཡང་དེའི་བ་སྤུའི་བུ་ག་རྣམས་ལས་འོད་དཔག་ཏུ་མེད་པ་ཇི་ལྟ་བ་བཞིན་དུ་ཕྱུང་ལ། དེ་ལ་བྱུང་བའི་བྱང་ཆུབ ་སེམས་ཀྱི་ཆུའི་རྒྱུན་གྱིས་དེ་དབང་བསྐུར་ནས། དེའང་དེར་གཞུགོ་ཞེས་སྔ་མ་བཞིན་དུ་ཤེས་པར་བྱའོ།། དེ་ནས་དེ་བླ་ན་མེད་པའི་དབང་དུ་འགྱུར་བ་ཐོབ་པར་བསམ་པར་བྱའོ།། ཡམས་དང་ཞེས་བྱ་བ་ལ་སོགས་པ་ལ། ཡམས་ནི་ནོད་འགྲོ ་བའི་འཆི་བས་འཆི་བ་དང་། ཁྱིམ་ལ་སོགས་པར་སྲིན་པོ་ལ་སོགས་པ་མཐོང་བ་སྟེ། དེ་བྱས་པའི་ཉེ་བར་འཚེ་བ་ནི་གནོད་པ་སྟེ། ཉེ་བར་འཚེ་བ་དེ་རྣམས་གཞིག་ཅིང་། བསྒྲུབ་པའི་ཕྱིར་འོད་ཟེར་ཅན་རི་ཁྱོད་ཀྱི ་ཤིང་ལོ་མ་རབ་ཏུ་སྦྱར་བར་བྱའོ་ཞེས་ཤེས་པོར་བྱའོ།། ཇི་ལྟར་ཞེ་ན་སྐུ་ཆེན་གྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་ཚུལ་དུ་ཞེས་བྱ་བ་ནི་ཏིང་འཛིན་རིམ་པར་ཕྱེ་བོ་ལས་གསུངས་པའི་ཚུལ་དུ་མཆིན་ཆ ་ལ་སོགས་པ་བསྣམས་བསམ་པར་བྱའོ།། ཅི་ཞིག་བྱས་ཞེ་ན། བདུད་རྩི་ཡིས་ཀྱང་རྣམ་པར་བཟློག་ཅེས་བྱ་བ་གསུངས་ཏེ། བདུད་རྩིའི་ཆར་འབེབས་པར་རྒྱུར་གྱུར་པས་ཡམས་དང་གནོད་པའི་རྣམ་པ་བཟློག་པར་བྱའོ་ཞེས་ཤེས་པར ་བྱའོ།། འདི་སྐད་སྟོན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལྗང་གུ་དེའི་སྟེང་དུ་བདག་ཉིད་དོན་ཡོད་གྲུབ་པ་སྐུ་མདོག་མརྒད་ལྟ་བུའི་མདོག་ཅན་གྱི་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་མདོག་ལྗང་གུ་ལ་བསྒྲུབ་པར ་བྱ་བ་བསམས་ཏེ། འོད་ཟེར་ཅན་དང་རི་ཁྲོད་ཀྱི་ལོ་མ་ཅན་གྱི་གཟུགས་ལ་ཁྲོ་བོ་ཇི་ལྟ་བ་བཞིན་སྐུར་སྤྲུལ་པ་དེ་རྣམས་ཀྱིས་ནམ་མཁའ་མ་ལུས་པར་བཀང་སྟེ། དེའི་ལུས་ལས་བྱུང་བའི་ཁྲོ་བོ་འབར་བ་རྣམས་གདུག་པ་རྣམས་ཀྱིས་མིག ་དང་ཁ་འཚེམ་ཞིང་ཐལ་བར་བྱས་པར་རྣམ་པར་བསམས་ལ། འོད་ཟེར་ཅན་ལ་སོགས་པའི་ལྷ་མོའི་ཚུལ་གྱིས་ཞི་བ་ལ་གཟུགསུ་ཡོངསུ་གྱུར་ནས། བུམ་པ་ཐོགས་པ་བཀུག་ནས་དབང་བསྐུར་ཏེ། དེ་རྣམས་དེར་གཞུག་གོ། ་དེ་ནས་ཡང་དེའི་བ་སྤུའི་བུ་ག་རྣམས་ནས་དོན་ཡོད་གྲུབ་པ་ཇི་ལྟ་བ་བཞིན་དུ་སྤྲུལ་ལ། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་ཀྱི་ཆུའི་རྒྱུན་གྱིས་དབང་བསྐུར་ཏེ། དེ་ཡང་དེར་རབ་ཏུ་གཞུག་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ།། དེ་ནས་དེ ་ཉེ་བར་འཚེ་བ་དང་བྲལ་བ་རྣམ་པར་བསམ་མོ།། མརྒད་ལྟ་བུའི་མདོག་ཅན་ལ་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་སྐུ་མདོག་ལྡིང་གུའི་རྣམ་པ་རྣམས་ལ་བཤད་མ་ཐག་པའི་སྦྱོར་བ་བྱའོ་ཞེས་སྟོན་པ་ཡིན་ནོ།། ལྀ་ལ་དག་ནི་མི ་བསྐྱོད་པ་མརྒད་ཀྱི་མདོག་ལྟ་བུའོ་ཞེས་ཟེར་ཏེ། དེ་ནི་མདོག་དང་རྗེ་སུ་མི་མཐུན་པས་མི་རིག་སོ།། ཧཱུཾ་ཞེས་བྱ་བའི་སྒྲ་སྒྲོགས་ཞེས་བྱ་བ་ནི། ཡི་གེ་ཧཱུཾ་འདོན་པ་ལ་བརྩོན་པ་སྟེ། མི་བསྐྱོད་པ་སྐུ་མདོག་ཨིནྡྲ་ནཱི་ལ་ལྟ་བུར་བསམ་མོ་ཞེས ་བྱ་བ་ནི་ལྷག་མའོ།། རྡོ་རྗེ་བསྡིགས་པར་བརྩོན་པ་ཡིས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་འདི་ནི་ཏིང་ངེ་འཛིན་རིམ་པར་ཕྱེ་བ་ལས་གསུངས་པའི་མཚོན་ཆ་བསྣམས་པར་རིགས་སོ།། འདི་སྐད་སྟོན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས ་སུ་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་བདག་ཉིད་མི་བསྐྱོད་པ་སྐུ་མདོག་སྔོན་པོར་བསམས་ལ། རང་གི་སྙིང་གའི་ཉི་མོའི་དཀྱིལ་འཁོར་ལ་བསྒྲུབ་པར་བྱ་བ་བསྲུང་བ་དང་བྲལ་ཞིང་ལྷས་སྤངས་པ་བསམས་ལ་སྔ་མ་བཞིན་དུ། ཁྲོ་གཉེར ་ཅན་དང་མཱ་མི་ཀའི་གཟུགས་ཀྱིས་སྤྲུལ་པས་ན་མཁའ་མ་ལུས་པར་བཀང་སྟེ། དེ་བཞིན་དུ་བཀུག་ནས་རྡོ་རྗེ་མའི་ཆར་གྱིས་བསྲེགས་ལ་དེ་རྣམས་དེར་གཞུག་གོ། ཡང་དོའི་བ་སྤུའི་བུ་ག་རྣམས་ལས་མི་བསྐྱོད་པ་ཇི་ལྟ་བ་བཞིན་དུ ་སྤྲུལ་ལ། དེ་བཞིན་རྡོ་རྗེ་མེའི་ཆར་འབེབས་པར་བྱ་སྟེ། དེའི་ལུས་ལ་དེ་གཞུག་པས་སྐམས་ཤིང་ཤི་བར་བསམ་མོ།། ཡན་ལག་བཞི་པ་ལ་ཡང་ཆོ་ག་འདི་ཉིད་བྱའོ།། འདི་ནི་ནང་གི་ཞི་བ་ལ་སོགས ་པའི་ཆོ་ག་སྟེ། བསྒྲུབ་པར་བྱ་བ་མདུན་དུ་བསམས་ལ་ལས་ལྔ་པ་བྱ་བ་ནི་ཕྱིའི་ཆོ་གའོ།། བྱིན་གྱིས་བརླབས་ཞེས་བྱ་བ་ལ་སོགས་པ་ལ་བྱིན་གྱིས་བརླབས་པའི་ངོ་བོ་ཉིད་ནི་རྡོ་རྗེ་སེམས་མའོ།། དམ་ཚིག་དབང་བསྐུར ་བའི་ངོ་བོ་ཉིད་ནི་རིན་ཆེན་སེམས་མའོ།། དེ་ཉིད་འོག་ནས་གསུངས་པ་ནི། རྡོ་རྗེ་སེམས་མ་རིན་ཆེན་འཆིང་ཞེས་བྱ་བ་ཡིནོ།། ཆོས་དང་རྡོ་རྗེ་ལས་ཆོས་མ་ཞེས་བྱ་བ་ནི་ཆོས་ཀྱི་སེམས་མ་དང་། ལས་ཀྱི་སེམས་མ་སྟེ། དེ ་ལྟར་ལྷ་མོ་བཞི་པོའི་འདི་ཉིད་སྦྱར་རོ།། ཇི་ལྟ་ཞེ་ན། སྦྱོར་བ་ཞེས་བྱ་བ་གསུངས་ཏེ། བཤད་མ་ཐག་པའི་ཞི་བ་ལས་བཞིའི་ཚོགས་སྦྱར་བར་བྱའོ་ཞེས་དོན་ཏོ།། བཅུ་དྲུག་ཅེས་བྱ་བ་ནི་ཉེ་བར་མཚོན་པ་འདིས་ནི་ཆང ་གསུངས་པ་ཡིན་ཏེ། བྱམས་པ་ལ་སོགས་པ་གཟུང་ངོ་།། རང་གི་ཕྱོགསོ་ཞེས་བྱ་བ་ལ་སོགས་པ་ལ་ཤར་ལ་སོགས་པའི་ཕྱོགསོ་ན་གནས་པའི་བྱམས་པ་ལ་སོགས་ཞི་བ་དང་། རྒྱུས་པ་དང་། དབང་དང་། ཡམས ་དང་། གནོད་པ་ཉེ་བར་ཞི་བ་ལས་ངེས་པར་བྱེད་པའོ།། འབྲས་བུ་དོན་ཡོད་སྦྱིན་བྱེད་པའི།། ཁྲོ་བོའི་ལུས་ལ་ལེགས་གནས་ཏེ།། ཞེས་བྱ་བ་ལ་སོགསོ་པས་ནི།། དོན་ཆེན་པོ་ཉིད་ཡིན་པའི་ཕྱིར་བསྟན་པའི་དོན་དུ་སླར་ཡང ་མངོན་སྤྱོད་ཀྱི་ལས་བྱ་བ་གསུངས་པ་ཡིན་ཏེ། ཁྲོ་བོའི་ལུས་ལཱ་ཞེས་བྱ་བ་ནི་གཤིན་རྗེ་གཤེད་ལ་སོགས་པའི་སྐུར་ལེགས་པར་གནས་པར་བྱས་ལ། ཁྲོ་བོའི་རྒྱལ་པོ་ལས་ལ་ངེས་པར་སྦྱར་བར་བྱའོ།། ཇི་ལྟར་ཞེ་ན། ་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དམ་ཚིག་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པར་བྱ་བའི་ལུས་ལོ་གནས་ཤིང་། སྐུ་གསུང་ཐུགས་བསྒོམས་པས་རྣམ་པར་བསྒོམ་པའོ།། ་བསྐུལ་ནི་བཅོམ་ལྡན་འདས་འདི་ནི་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པའོ་ཞེས་བྱ་བ་ལ་སོགས་པའི་བསྐུལ་པོ་རྣམས་ཀྱིས་ཕྱུང་སྟེ་ཞེས་བྱ་བའི་དོན་ཏོ།། དེའི་རས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་སོ།། དེའི་གཟུགས ་བརྙན་བཅིང་བར་བྱ་བ་ནི་བསྒྲུབ་པར་བྱ་བའི་ལུས་ཀྱི་རྣམ་པ་དང་འདྲ་བར་བྱས་ལ་བྱའོ།། ཕུར་བུ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་མངོན་པར་འདུས་བྱས་པས་སོ།། མེ་འབར་བ་ལ་ཞེས་བྱ་བ་ནི་མེ་འབར་བ་ལ་སྟེ། ་མ་པ་དང་བཅས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། གོང་ནས་གོང་དུ་ཕུལ་དུ་བྱུང་བའི་སྦྱོར་བས་སོ།། རུས་སྦལ་གྱིས་ནི་རྐང་སྟབས་སྦྱར་ཞེས་བྱ་བ་ནི་ཅོག་ཙོག་པོར་འདུག་སྟེང་རྐང་པ་གཡོན་པའི་སྟེང་དུ་རྐང ་པ་གཡས་པ་གཞག་པར་བྱ་བ་ནི་རུས་སྦྲེལ་གྱི་རྐང་སྟབས་ཀྱི་མཚན་ཉིད་དོ།། ལས་འདི་ཞེས་བྱ་བ་ནི་ལས་རྣམས་སོ།། འདི་སྐད་སྟོན་པ་ཡིན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་གཤིན་རྗེ་གཤེང་ལ་སོགས་པའི ་པའི་གང་ཡང་རུང་བའི་སྦྱོར་བས་འདུག་ལ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའི་བསྒྲུབ་བྱ་མདུན་དུ་བསམས་ཏེ། དེའི་སྙིང་གར་དེ་རང་གི་ལྷ་འདོད་པའི་རྒྱལ་པོས་བཀུག་ལ་དེའི་མགོར་འཁོར ་ལོ་འམ་པདྨ་འམ་རྡོ་རྗེ་འབར་བ་ཀུན་ཏུ་འཁྲུ་ག་པ་རྣམ་པར་བསམས་ལ། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པས་ཇི་ལྟ་བ་བཞིན་དུ་བཟློག་ལ་བསྒྲུབ་པར་བྱ་བའི་སྙིང་གའི་ཟླ་བ་ལ་དེའི་མིང་བྲིས་ལ། ཨོཾ་མ་ཎི ་རི་ཏི་ན་ར་པི་ཏི་རཱ་ཛྙེ་གི་ནི་ཛཿསྭཱ་ཧཱ། ཞེས་བྱ་བ་ཁ་དོག་ལྔ་པའི་འོད་ཟེར་གྱི་ཚོགས་ཀྱིས་མིང་དྲངས་ནས་བཀུག་པའི་ཚུལ་དུ་རིག་སྔགས་དང་སྤེལ་བས་རང་གི་རྐང་པའི་འོག་ཏུ་བཞགོ། དེ་ནས་བྱང་ཆུབ་ཀྱི་སེམས་དང་ཇི ་ལྟ་བ་བཞིན་དུ་དཔྲལ་བ་སྔོན་དུ་འགྲོ་བས། མགོ་དང་སྤྱི་གཙུག་ལ་སོགས་པའི་བསྲུང་བ་གསལ་ལ། ཇི་སྐད་བཤད་པའི་ཚུལ་གྱིས་དེའི་གཟུགས་བརྙན་བསྐྱེད་དེ་རྣམ་པར་ཤེས་པའི་རླུང་དང་འདྲ་ཞིང་སྲིན་བུ་མེ ་ཁྱེར་ལྟ་བུར་ལྕགས་ཀྱུས་བཀུག་ནས། ཞགས་པས་གཞུག་ཅིང་ལྕགས་སྒྲོག་གིས་བཅིངས་ཏེ། གཟིར་བ་འདི་ལྟ་བུ་ཞག་བདུན་གྱི་བར་དུའོ།། དེ་ནས་རྐང་པས་མོནན་ལ། དུས་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ།། ་དེ་ནས་པོ་སོན་ཆའི་ཚར་མས་ཕུག་ལ་དུས་དེ་སྲིད་ཀྱི་བར་དུ་བཟླའོ།། དེ་ནས་ཕུར་བུས་བཏབ་ལ་དེ་བཞིན་དུ་བཟླའོ།། དེ་ནས་མེལ་གདུང་བར་བྱ། དོ་ནས་ལ།། དེ་ནས་སྦྱིན་སྲེག་བྱེད་ཅིང་ཞག་བདུན་བཟླའོ།། དེ་ལྟར་ཉིན་ཞག་བདུན་ཁྲོ ་བོའི་ང་རྒྱལ་བྱས་ལ་འབར་བའི་ལུས་ཀྱིས་ལས་བྱས་ན་ངེས་པར་འཇིག་པར་འགྱུར་བར་གདོན་མི་ཟའོ།། ཆོ་ག་བཞིན་དུ་དགུག་པར་བྱ་བ་ནི་སྔར་བཤད་པའི་ཆོ་གས་སོ།། རྡོ་རྗེ་གཞན་གྱིས་ཞེས་པ་ནི་གཤིན་རྗེ་གཤེད་ལ་སོགས ་པའི་ཁྲོ་བོའོ།། བསྣུན་པར་བྱེད་པ་ཞེས་བྱ་བ་ནི་བརྡེག་བཞིན་པའོ།། གཏུབ་པ་དང་ཞེས་བྱ་བ་ནི་རྣམ་པར་གཞིག་གོ།། རྒྱུ་མ་ལོང་ནར་པོར་བསམས་ཞེས་བྱ་བ་ནི་རྒྱུ་མ་དང་ཡན་ལག་ཀུན་དཔྲལ་ཞིང་ནད་ལ་བསྒྲུབ་པར་བྱ་བ ་འཇིགས་པས་རྣམ་པར་མོས་པར་བསམ་པར་བྱའོ་ཞེས་སྔ་མ་དང་སྦྱར་རོ།། འདི་སྐད་སྟོན་ཏེ། རང་གི་དཀྱིལ་འཁོར་གྱི་དབུས་སུ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་འདུག་ལ་བསྒྲུབ་པར་བྱ་བ་མདུན ་དུ་བསམས་ཏེ། བསྲུང་བ་དང་ལ་སོགས་པ་དང་ཕྲལ་ལ། ཇི་སྐད་དུ་བཤད་པའི་ཁྲོ་བོ་སྤྲུལ་ནས། ལ་ལས་ནི་ཞགས་པས་བཅིངས་ནས་ལྷོ་ཕྱོགས་སུ་ཁྲིད་པར་གྱུར་པ་དང་། ལོ་ལས་ནི་རྡོ་རྗེས་བརྡེག་བཞིན་པ་དང་ནི་གཏུན ་ཤིང་གི་བརྡུང་བཞིན་པོ་དང་། ལ་ལས་ནི་འཁོར་ལོས་གཅོད་བཞིན་པ་དང་། ལེ་ལ་ས་ནི་ལྕགས་ཀྱུ་ལ་སོགས་པས་འདྲེན་བཞིན་པ་དང་། ལ་ལས་ནི་ཟ་བཞིན་པར་རྣམ་པར་བསམས་ལ། སྔར་བཤད་པའི་རྡོ་རྗེ ་གནོད་སྦྱིན་གྱི་ཕྱག་རྒྱས་བཅིངས་ཏེ། འབར་བའི་ཚུལ་གྱིས་ཇི་སྐད་དུ་བཤད་པའི་གསང་སྔགས་བཟླས་ནས། དཀྱིལ་འཁོར་གྱི་ལྷ་རྣམས་དེ་གསོད་པར་བརྩོན་པར་བསམ་པར་བྱའོ།། མིང་ནས་བསྐུལ་བར་བྱ་ཞེས་བྱ་བ ་ནི་ཆེ་གེམ་ཟེ་ཞིག་ཅེས་བྱ་བ་ལ་སོགས་པས་བསྐུལ་བ་སྟེ། སྔར་བཤད་པའི་བསྐུལ་བའི་སྦྱོར་བ་འདི་དང་སྦྱར་རོ།། རླུང་གི་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་གསུངས་པའོ།། རྡོ་རྗེ་ཁྲོ་བས ་ཞེས་བྱ་བ་ནི་དུབྱུག་སྔོན་ལ་སོགས་པའོ།། དཀྲི་བར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་བསམ་ཞེས་བྱ་བ་ནི་ལྷག་མ་སྟེ། འདི་ནི་བསམ་གཏན་གྱིས་སྐྲོད་པའོ།། འདི་སྐད་སྟོན་ཏེ། ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་རང ་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། བསྒྲུབ་པར་བྱ་བ་དེ་བཞིན་དུ་མགོ་དང་གཙུག་ལ་སོགས་པའི་བསྲུང་བ་གསལ་ལ། ཡཾ་ལས་རླུང་རིག་དཀྱིལ་འཁོར་བསྐྱེད་པ་ལ་བསྐྱོན་ཏེ། རྡོ་རྗེ་རྔ་མོའི་རྒྱབ་ཏུ་བསྐྱོན་ཏེ། གཅེར ་བུ་སྤྱི་གཙུག་སྐྲ་གྲོལ་བ་ཏིལ་མར་གྱིས་ལུས་བསྐུས་ལ། བསྒྲུབ་པར་བྱ་བའི་ཁ་དང་མདོག་དང་། ལག་པ་གཉིས་དང་། སྙིང་ག་དང་། ལྐོག་མར་ཡི་གེ་ཡཾ་དུ་བའི་མདོག་ཅན་བསམས་ལ། དབྱུག་སྔོན་གྱིས ་རྡོ་རྗེ་མཚན་པའི་དབྱུག་པས་རྡོ་རྗེ་རྔ་མོ་འདས་པས་ལྷོ་ཕྱོགསུ་ཁྱེར་ཞིང་རྔ་མེའི་གཅིན་གྱིས།། དེའི་ལུས་ཡོངས་སུ་གཡེངས་པར་གྱུར་པར་བསམས་ཏེ། དེ་ཉིད་དང་ལྷན་ཅིག་ཏུ་ཡུལ་གཞན་དུ་ཕྱིན་པར་བསམ ་པར་བྱ་ཞིང་ཁ་གདོང་མ་བཀྲུས་ཤིང་། ཇི་སྲིད་དུ་བྱ་རྀག་མ་ལོང་པ་དེ་སྲིད་དུ། ཨོཾ་བྷེ་རི་བྷེ་རི་གཎྜ་རི་ཙཎྜ་ལི། མ་ཏཾ་གི་སྭཱ་ཧཱ་ཞེས་བརྗོད་ལ་ཁའི་དབུགས་ཀྱིས་བསྒྲུབ་པར་བྱ་བ་བཏེག་ནས་ངེས་པར་བསྐོད ་པར་འགྱུརརོ།། དེའི་རྗེས་ས་ཞེས་བྱ་བ་ལ་སོགས་པའི་སྦྱོར་བའི་དོན་ནི་བཤད་ཟིན་ཏོ།། དེ་ལྟར་ན་དེའི་སྦྱོར་བའི་ལས་ཞེས་བྱ་བ་ནི་འདི་སྐད་དུ་བཤང་ཆོ་ག་བསྟན་པའི་གསང་སྔགས་བྲི་བ་ལ་སོགས་པའི་ལས་ཀྱིས་བསྐྲད་པར ་འགྱུར་རོ་ཞེས་ཀྱང་སྦྱར་རོ།། བསྒོམ་ཞིང་ཆོ་ག་བཞིན་བྱས་ན། ཞེས་བྱ་བ་ནི་རང་གི་སྦྱོར་བས་དེ་བཞིན་དུ་འདུག་ལ་བསམ་གཏན་གྱིས་བསྐྲད་པའི་སྦྱོར་བ་བསྒོམས་པས་སྐྲོང་པར་འགྱུརརོ་ཞེས་འོག་ནས་སྨོས་པ་དང་སྦྱརརོ།། དེའི ་མིང་གསང་སྔགས་དོང་སྦྲེལ་ཞིང་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་མིང་དང་སྔགསུ་སྤེལ་བ་སྟེ། འདིས་ཀྱང་ཕྱི་དང་ནང་གི་རྣམ་པའི་བྱེ་བྲག་ཅན་གྱི་སྦྱོར་བ་མ་ལུས་པར་གསུངས་པ་ཡིནོ།། འདི་སྐད་སྟོན་ཏེ། དེ་བཞིན ་དུ་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས། རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བསྲུང་བ་ལ་སོགས་པ་བསལ་ཏེ། ཏ་ལའི་ལོ་མ་ལ་སོགས་པ་ཕྱག་རྒྱ་གཏོར་བའི་ཚུལ་ལམ་ཡི་གེ་བཟློག་པའི་ཚུལ་གྱིས་བདུད་རྩི་འཁྱིལ ་པ་ལ་སོགས་པ་གང་ཡང་རུང་བའི་སྔགས་ཆེ་གེ་མོས་སྐྲོད་ཅིག་བྱ་བའི་ཚིག་དང་སྤེལ་བའི་སྦྱོར་བས། དུག་ལ་སོགས་པ་དང་བྲིས་ལ་ནིམ་པའི་ལོ་མི་སྨེ་བར་བྱས་པ་དང་། ཁྲག་ལ་སོགས་པ་བསྐུས་ལ། ཏ་ལའི་ལོ་མཽ་དེ ་འུག་པའི་སྒྲོས་མ་དགེ་སྦྱོང་གི་སྒྲས་དཀྲི་ཤིང་སྤེལ་བ་བྱས་ལ། ཉི་མ་ཕྱེད་དམ་མཚན་ཕྱེ་ལ་ཁྱིམ་གྱི་དབུས་ལ་སོགས་པར་བརྐོས་ནས། ཇི་སྐད་བཤད་པོའི་བསམ་གཏན་གྱི་བཀོད་པའི་སྦྱོར་བས་བསྒོམས་པར་བྱའོ།། ་ཐལ་མོ་འགྱེད་པར་ཞེས་བྱ་བ་ནི་ལྷའི་གཟུགསུ་བསྒོམས་པས། གནས་ལ་འཐབ་བཞིན་པར་ཡོངསུ་བསམ་མོ་ཞེས་སྦྱར་རོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་གཤིན་རྗེ་གཤེད་ལྔ་སོགས ་པའི་སྦྱོར་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བསྒྲུབ་པར་བྱ་བའི་བསྲུང་བ་ལ་སོགས་པ་བསལ་ཏེ། དེའི་གནས་དང་ཉེ་བར་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་གཉིས་བསམས་ལ། དེའི་སྙིང་གར་ཡི ་གེ་ཧཱུཾ་དོམར་པོ་དང་ནག་པོ་བསམས་ལ་བསྒྲུབ་པར་བྱ་བའི་དཔྲལ་བར་ཡཾ་བཀོད་ནས། ཁྲོ་བོ་གཉིས་འཐབ་བཞིན་པར་བསྒྲུབ་པར་བྱ་བ་བྱེ་ཞིང་འགྲས་པར་བསམ་མོ།། རང་གི་ལག་པའི་སེན་མོ་ལ་དེའི་མིང་གི་ཡི་གེ ་ཕྲེང་བ་ཕྱིན་ཅི་ལོག་ཏུ་བཀོད་ལ། ཕན་ཚུན་འདར་ནོས་ཆེ་གེ་མོ་འགྲས་པར་གྱུར་ཅིག་ཅེས་བསྐུལ་ལ་ཁྲོས་པས་རང་གི་གསོང་སྔགས་བཟླས་པར་བྱའོ།། ཧཱུཾ་ཞེས་བྱ་བས་གང་བའི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་བརྗོད་པས ་སོ།། རྡོ་རྗེ་ཕྲ་མོ་བསྒོམས་བྱས་ནས་ཞེས་བྱ་བ་ནཱི་ཧཱུཾ་ལས་བྱུང་བའི་ནས་འབྲུ་ཙམ་གྱི་རྡོ་རྗེ་རྩེ་མོ་ལྔ་པ་འབར་བ་བསམས་པས་དགང་བར་བྱའོ་ཞེས་འོག་མ་དང་སྦྱར་རོ།། གང་དུ་ཞེ་ན། སྣའི་རྩེ་མོ་ནས་བེ་ཏོན་ཏེ་ཞེས ་བྱ་བ་གསུངས་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་སྣའི་རྩེ་མོར་བསྒོམས་པས། རྡོ་རྗེ་ཕྲ་མོ་བསྐྱེད་ནས་དེས་དུས་ཕྱིས་དགང་བར་བྱའོ།། སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ནི་རེ་རེ་ཞིང་རྩེའོ་མ་ད་ཇིགསན་ན་། ད ་རྡོ་རྗེའོ།། བཅིངས་ནས་སུ་ཞེས་བྱ་བ་ནི་ལག་པའི་དབུས་ལ་སོགས་པའོ།། རྡོ་རྗེ་འབར་བ་ཞེས་བྱ་བ་ལ་སོགས་པ་ལ་ཇི་སྐད་དུ་བཤད་པའི་རྡོ་རྗེ་ལས་བྱུང་བའི་འབར་བས་བསྒྲུབ་པར་བྱ་བའི་ལུས་སྐེམས་པ་གང་ཡིན་པ་དེ་ལ་དེ་སྐད ་ཅེས་བྱའོ།། འདི་སྐུད་སྟོན་པ་ཡིན་ཏེ། མན་ངག་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ཕྲ་མོ་བསྒོམས་པས་བསྒྲེད་ལ། དེ་བཞིན་དུ་ཁྲོ་བོ་གང་ཡང་རུང་བས་རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། བསྒྲུབ་པར་བྱ་བ་མདུན་དུ་བསམས ་ལ། བསྲུང་བ་ལ་སོགས་བསལ་ནས། ཧཱུཾ་ཞེས་བརྗོད་ལ་སྣའི་དབུགས་ཀྱིས་ཇི་སྐད་དུ་བཤད་པའི་རྡོ་རྗེས་དྲངས་ཏེ། དེ་བསྒྲུབ་པར་བྱ་བ་བསྐང་བ་ལ་སོགས་པའི་གནས་སུ་སྣ་ཚོགས་རྡོ་རྗེ་རྣམ་པར་སྤྲོས་ལོ། བསྒྲུབ་པར་བྱ་བ་འདིར ་གཤེར་བའི་རྫས་རྣམས་རྡོ་རྗེ་མཁའ་འགྲོ་མས་བཞིབས་པར་བསམས་ལ་ཇི་སྐད་བཤད་པའི་འདོད་པའི་རྒྱལ་པོའི་ཕྱག་རྒྱ་བཅིངས་ནོས་ཁྲོ་བ་ལ་ཞེས་པས་ཨོཾ་ཞེས་བྱ་བ་ལ་སོགས་པར་བསྟན་པའི་གསང་སྔགས་དེས་བསད ་པ་ལ་སོགས་པའི་སྦྱོར་བས་གདོན་པར་བྱའོ།། མཁས་པས་ཞེས་བྱ་བ་ནི་མཁས་པས་བྱའོ།། ཞེས་སྔ་མ་དང་སྦྱར་བ་འམ། དེ་ནས་མཁས་པས་དགབ་ཅེས་འོག་མ་དང་སྦྱར་རོ།། རླུང་གི་ཕྱོགས་སུ་སོང་སྟེ་ཞེས་བྱ ་བ་ནི་རླུང་གི་ཕྱོགས་ཀྱི་ཆ་སྟེ། རླུང་ལྷས་ཕྱེ་བའི་མཚམས་སོ།། དེ་དག་ཅེས་བྱ་བ་ནི་ཐིག་ལེའོ།། དེ་ནི་ཞེས་བྱ་བ་ནི་ཁམ་པོར་དེ་བསམ་མོ་ཞེས་སྦྱར་ཏེ། དེ་ཞེས་བྱ་བ་ནི་རི་རབ་ཀྱིས་མནན་པར་བསྒོམ་མོ་ཞེས་པར་བྱའོ།། ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཡཾ་ལས་བྱུང་བའི་རླུང་བདུན་འོག་གི་ཆར་གནས་པ་རྣམས་ཀྱིས་ཡོངསུ་གཡོབ་པ་དང་རི་རབ་དེ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རླུང་མནན་པར་བྱ་བའི་དོན་ཏོ།། ནང་དུ་རླུང ་རྣམས་ངེས་པར་ཆུད་པར་བྱ་ཞེས་བྱ་བ་ནི་བྱ་བའི་ཁྱད་པར་གྱིས་ན་གཉིས་པ་ཡིན་ཏེ། ནང་སྟེ་དབུས་སུ་རླུང་རྣམས་ཆུད་ཅིང་སྦས་པ་སྟེ། རླུང་ཚེགས་རི་རབ་ཀྱིས་གཡོགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གཞན ་ཡང་དེ་ཉིད་ཁྱད་པར་ནི། ལོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཡི་གེ་ལས་མཚན་པའི་དབངོ་ཆེན་གྱི་དཀྱིལ་འཁོར་གང་ཡིན་པ་དེར་རོ།། འདི་སྐད་སྟོན་ཏེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་པས་ཇི ་སྐད་དུ་བཤད་པའི་ཕྱོགསུ་སོང་ལོ། དྲིའི་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏོ། དེར་འཁོར་ལོ་སྦྱོར་བས་མཐའ་མར་དྲུག་དབུས་སུ་གཅིག་བྱས་ཏེ། དེ་རྣམས་ལ་ཡང་བཀོང་ལ། དེ་ཡོངསུ་གྱུར་པ་ལས་རླུང་ལྷོ་རྣམས་སུ ་བསམས་ཏེ། འདོད་པའི་རྒྱལ་པོས་གཉིས་པ་ཡང་བཀུག་ནས་གཞུག་པ་དང་། བཅིང་བ་དང་། དམ་ཚིག་དང་། བཀའ་བསྒོ་པོ་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཧཱུཾ་སུམ་ཧཱུཾ་ཞེས་བྱ་བ་ལས་བསྐྱེད་པའི་ཁམ་ཕོར་ལས ་རིའི་རྒྱལ་པོ་རི་རབ་ཁ་ཐུར་དུ་བལྟས་པ་ལ་ཡི་གེ་ཧཾ་བཟླས་ལ་རབ་ཏུ་བཀབ་སྟེ། དེའི་སྟེང་དུ་ཡི་གེ་ལཾ་ལས་དབང་ཆེན་གྱི་དཀྱིལ་འཁོར་ཟུར་བཞི་པ་ཁ་དོག་སེར་པོ་བསམས་ལ། དབང་ཆེན་གྱི་དཀྱིལ་འཁོར་དེ་ཡང ་ཁོ་བོའི་རྡོ་རྗེ་ཆེན་པོ་རྩ་ལྔ་པས་མནན་པར་རྣམ་པར་བསམས་ལ། དེའི་སྟེང་དུ་རྐང་པ་གཡོན་པ་གཞག་ནས། འཕགས་པ་མི་གཡོ་མགོན་གྱི་གསང་སྔགས་ལ་རྗེསུ་མཐུན་པའི་བསྐུལ་ཚིག་ལས་བཅས་པ་བརྒྱ་རྩ ་བརྒྱད་བཟླས་པར་བྱའོ་ཞེས་བསྟན་པ་འདི་ནི་གཙོ་བོར་བསྟན་པ་ཡིན་གྱི།། སྦྱོར་བ་གཞན་གྱིས་བྱ་བ་ལ་ཡང་ཉེས་པ་མེད་དོ།། ཀླུ་བརྒྱད་དགོད་དབུས་ཞེས་བྱ་བ་ནི་ཤར་གྱི་འདབ་མ་ནས་བརྩམས་ཏོ།། ་སྔར་བཤད་པའི་ཀླུ་བརྒྱད་དགོད་པའོ།། རྡོ་རྗེ་ཁྲོ་བོའི་སྐུ་ཞེས་བྱ་བ་ནི་གཙོ་བོར་ཁྲོ་བོ་སྟོབས་པོ་ཆེའི་སྐུས་སོ།། གཟིར་ནས་སུ་ཞེས་བྱ་བ་ནི་གཟིར་བ་བསམ་མོ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། འདི་སྐད་སྟོན་ཏོ།། ་དེ་བཞིན་དུ་རང་གི་དཀྱིལ་འཁོར་གྱི་དབུས་སུ་སྟོབས་པོ་ཆེའི་སྦྱོར་པོས་དུག་ལ་མདུན་དུ་སྤང་ལེབ་ལ་སོགས་པའི་གཞི་ལ་མེའི་དཀྱིལ་འཁོར་དེའི་འོག་ཏུ་རླུང་དེར་ཡང་ཆུའི་དབུ་སུ་ཇི་སྐད་དུ་བཤད་པའི་པདྨ་བྲིས་ལ།། དེའི ་འདབ་མ་བརྒྱད་ལ་ཇི་སྐད་དུ་བཤད་པའི་ཀླུ་བརྒྱད་ཡི་གེ་ནི་ཧཱུ~ཾ་གཉིས་ཀྱི་རབ་ཏུ་བཅུག་པའི་རྣམ་པར་བཀོད་ལ། དེར་ཡང་སྟོབས་པོ་ཆེས་ཀླུ་དགུག་པ་ལ་སོགས་པས་བྱས་ཏེ།། རྟིང་པས་བརྡེག་པར་བསམས་ལ། ་ཧཱུཾ་གིས་རབ་ཏུ་གཟིར་བར་གྱུར་པས། ཀླུའི་བདག་པོ་སྐྱུགས་པར་རྣམ་པར་བསམས་ལ་ཆར་ཕོབ་ཅིག་ཅེས་པའི་བསྐུལ་ཚིག་དང་བཅས་པར་སྔགས་བཟླའོ།། དབུས་སུ་ཞེས་བྱ་བ་ནི་ལྟེ་བ་ལའོ།། ཀླུ་རྣམས་ཀྱི་སྙིང ་པོ་ཡོངས་བཅུག་ཅེས་བྱ་བ་ནི་ཀླུའི་ས་བོན་གྱི་ཡི་གེ་ཧཱུཾ་གཉིས་དང་སྤེལ་བ་ཉིད་ཡོངས་སུ་བཀོར་རོ།། ཧཱུཾ་ཞེས་བྱ་བ་བཟླས་བརྗོད་བྱས་ན་ནི་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དང་སྤེལ་ལ་ཡི་གེ་ན་བཟླས་ཤིང་བསམས ་ན། ཀླུའི་ཚོགས་རྣམས་ཀྱིས་ཆར་འབེབས་སོ།། བཤངད་མ་ཐག་པའི་སྦྱོར་བ་འདིས་ནི་བཙུན་པ་མར་མེ་མཛད་སེང་གེས་ཀྱང་དེ་སྐད་བཤད་དོ།། འདི་སྐད་སྟོན་ཏོ། གལ་ཏེ་སྔར་བཤད་པའི་སྦྱོར་བས་ཆར་མི་འབབ་ན། ་ཐམས་ཅད་དེ་བཞིན་དུ་བསྐྱེད་ལ་དབུས་ཀྱི་ནའི་ནང་དུ། བརྒྱད་ཆར་བཅུག་ལ་ཧཱུཾ་ན་ཧཱུཾ་ཞེས་བྱ་བ་བཟླ། སྟོབས་པོ་ཆེ་བསྒོམས་ལ་རང་ཉིད་ཀྱིས་བཟླས་པ་བྱའོ།། བཀུག་ནས་ཞེས་བྱ་བ་ནི་དགུག་པོའོ།། འབྱུང་བ་ཞེས་བྱ་བ་ནི ་རྣམ་པར་འབྱིན་པའོ།། འདི་སྐད་སྟོན་ཏེ་དེ་བཞིན་དུ། རླུང་གི་དཀྱིལ་འཁོར་དབུས་སུ་རྟ་མགྲིན་གྱི་གཟུགས་ཁམས་གསུམ་པའི་ཚད་ཙམ་གྱིས་གནས་ལ། ལྕེའི་དབུས་སུ་ཡི་གཽ་ཧཱུཾ་འབར་བའི་ཕྲེང་བས་ཁྱབ་པར་བཀོད་ལ། ་ཇི་སྐད་དུ་བཤད་པའི་ཁ་དོག་ཁ་གདངས་པའི་དབུགས་རྔུབ་པའི་རླུང་སྒྲ་དང་བཅས་པས་མནྡ་ར་བ་ལ་སོགས་པའི་ཇི་སྐད་བཤད་པའི་སྤྲིན་རྣམས་བཀུག་ལ་དབུགས་དབྱུང་བའི་རླུང་གིས་ཤིང་བལ་བཞིན་གཏོར་ལ ་རང་གི་ཕྲེང་བའི་སྔགས་བཟླས་ཏེ། སྦྱོར་བ་འདི་ལ་གཙོར་ནི་རྟ་མགྲིན་སྦྱར་རོ།། བཅད་གཏུབས་ཏེ་ཅེས་བྱ་བ་ནི་སྤྲིན་རྣམས་གཏུབ་པོ།། འདི་སྐད་སྟོན་ཏེ། དེ་བཞིན་དུ་དཀྱིལ་འཁོར་གྱི་དབུས་སུ་བདུད་རྩི་ཐབས་སྦྱོར ་གྱི་སྦྱོར་བས་འདུག་ལ་ཉི་མའི་དཀྱིལ་འཁོར་ལོ་དེའི་མདོག་ཅན་གྱི་ཡི་གེ་ཧཱུ~ཾ་བཀོད་ལ། སྡིགས་མཛུབ་བྱ་བའི་ཚུལ་གྱིས།། རང་གི་གསང་སྔགས་བཟླས་པས། ཧཱུ~ཾ་ལས་བྱུང་བའི་རྡོ་རྗེ་ལ་སོགས་པས་སྤྲིན་རྣམས་གཏུབ་པར ་བསམས་ཏེ། སྦྱོར་བ་འདི་ལ་གཙོར་ནི་བདུད་རྩི་ཐབ་སྦྱོར་སྦྱར་རོ།། རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཀྱི་སྦྱོར་བས་གནས་པར་བསམ་པའོ།། མངའ་གཞུ་ཞེས་བྱ་བ་ལ་སོགས་པ་ལ། མངའ་གཞུ ་ལ་སོགས་པ་ཐོགས་ནས། དེ་དང་དེས་འཕེན་ཅིང་དག་པའི་འཆར་རབ་ཏུ་འབེབས་པའོ།། དེ་ཉིད་ཀྱིས་ནི་བདུད་ལས་རྣམ་པརོ་རྒྱལ་བ་སྟེ། ཕྱག་དྲུག་ཅེས་གསུངས་པས་ན། གཡོན་གྱི་གཅིག་གིས་ནི་སྡིགས་མཛུབ ་མཛད་པར་ཡང་ཤེས་པར་བྱ་བའོ།། སྐྲག་མཛད་ཅེས་བྱ་བ་ནི་འཇིགས་པར་མཛད་པའོ།། དེ་ལྟ་བུར་བསམས་ནས་ཅི་ཞིག་བྱེད་ཅེ་ན། འཇིགས་ཤིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བཤད་པའི་གདུག ་པ་རྣམས་ཡིན་པར་ཤེས་པར་བྱའོ།། འདི་སྐད་སྟོན་ཏེ། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བས་འདུག་ལྔ། ཡི་གེ་ཧཾ་ལས་དཔྲལ་བ་ལས་མི་གཡོ་བ་བྱུང་སྟེ། ཡི་གེ་ཧཱུཾ་ལས་སྒྲ་བསྒྲོགས་པ་ལས་བྱུང་བའི་མེའི ་དཀྱིལ་འཁོར་གྱིས་སྐོར་ཏེ། བཞུགས་པ་དེའི་ཕྱག་ཏུ་ཡི་གེ་ཁ་ལས་རལ་གྲིར་ཡོངས་སུ་བརྟོགས་པ་དང་། ཀྵིཾ་ལས་ཞགས་པ་ཧཱུཾཿདང་སྤེལ་བའི་དྷི་ལས་གཞུ། ཧོ་སྔ་མ་བཞིན་དུ་སྤེལ་བ་ལས་མངའ། ཧཱུཾ་ལས་རྡོ་རྗེ་བྱུང་བས ་བསྣམས་པ་ལ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བར་བསྒོམ་ནས། ཞགས་པས་བཀུག་ནས་བགེགས་རྣམས་ཀུན་ནས་རལ་གྲི་ལ་སོགས་པས་གཏུབ་པར་བསམས་ཏེ། གསང ་སྔགས་བཟླས་བརྗོད་བྱིའོ།། ཕུར་བུ་ཞེས་བྱ་བ་ནི་ཕུར་བུས་གདབ་པ་བྱས་པའོ།། འོད་ཟེར་ཅན་གྱི་གསང་སྔགས་བཟླས་པ་ཡིས་ཞེས་བྱ་བ་ནི། འོད་ཟེར་ཅན་གྱི་གསང་སྔགས་འདོན་པས་ལན་ཉི་ཤུ་རྩ་གཅིག་པ་མངོན ་པར་བསྔགས་པའི་ཕུར་བུ་སྟེ། དེས་མིག་ཏུ་གདབ་པ་ཞེས་སྦྱར་རོ།། ཕྱི་བཞིན་རྡོ་རྗེ་གཏུན་ཤིང་ངག་གིས་བརྡུང་ཞེས་བྱ་བ་ནི། རྡོ་རྗེ་གཏུན་ཤིང་ཐོགས་པའི་ཁྲོ་བོས་རྒྱབ་ནས་བརྡུང་བར་བསམ་པར་བྱའོ།། འདི་སྐད ་སྟོན་ཏེ། དེ་བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པ་གང་ཡང་རུང་བའི་སྦྱོར་བས་འདུག་ལཱ། རྐང་རྗེས་ཀྱི་ས་དང་མཱིའི་ཁྲོག་དང་དུར་ཁྲོད་ཀྱི་རྣམས་ལཱསྟྲ་མིའི་གཟུགས་བྱས་ལ། མྲི་རུས་ལས་བྱསྲོ་པའི་ཕུར་བུ་ཛ ་སྙིང་དུ་བཤད་པའི་གཟུགས་ཅན་ལ། འོད་ཟེར་ཅན་གྱི་གསང་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ། དེས་མིག་གཉིས་སུ་ཕུར་བུས་གདབ་པའི་མའི་གཟུགས་བརྙ་ན་རྡོ་རྗེ་ཁྲོ་བོ་རྡོ་རྗེ་གཏུན་ཤིང་ཐོགས་པས ་བརྡུང་ཞིང་དེ་རེངས་པར་བྱའོ།། ཚོགས་ཀྱི་བདག་པོ་ལྷོ་ཕྱོགསུ་མངོན་པར་ཕྱོགས་ནས་གདུག་པའི་ཁར་བཅུག་པར་ཡང་བསམ་ལ། ཇི་སྐད་དུ་བཤད་པའི་གསང་སྔགས་བཀའ་ལུང་བསྒོ་བའི་ཚུལ་གྱིས་བཟླའོ།། ་ཞུགས་པའི་འོག་ཏུ་དེས་ཟོས་པར་བསམ་མོ།། ལས་འདིས་བསམས་པས་མདོ་ལས་ནི་ཇི་སྐད་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བསམ་གཏན་གྱིས། གཟུགས་བརྙན་བྱ་བ་ལ་སོགས་པའི་ཨ་རྣམས་ཀྱིས་སོ།། མཁའ ་ལ་ཞེས་བྱ་བ་ནི། བདགུ་ཉིད་ན་མཁའི་ཕྱོགསུ་གནས་ལཱ་བརྒྱ་བྱིན་དུ་བསམ་མོ།། ཞེས་བྱ་བའི་དོ་ནྱ་ཏོ།། ཀླུ་བརྒྱད་དག་རྒྱུད་སྤྲིན་དག་ལ་བསྒོ་ཞེས་བྱ་བཱ་ནཱི་ཇི་སྐད་བཤད་པའི་བཀའ་བསྒོ་བར་བསམ་མོ་ཞེས་བཤད་པའི ་ཚིག་གིས་སྔ་མ་དང་སྦྱར་རོ།། དེ་ནས་ཅི་ཞིག་བྱ་ཞེ་ན། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་གསུངསོ།། སྤྲིན་ཚོགས་ཞེས་བྱ་བ་ནི་ཀླུ་ལ་བྱ་བར་འདོད་དེ། དེ་ཙོའི་ཕྱིར་ཞེ་ན། སྦྱར་དེ་ཉིད་ལས་བསྒོ་བའི་ཕྱིརརོ།། འདབ་མ་བཀབ ་ནས་ནི་ཞེས་བྱ་བ་ནི། གཤོག་པའི་རླུང་གིས་དཽ་བཀབ་པའོ།། མཆུས་བརྐོས་ཞེས་བྱ་བ་ནི། མཆུ་བཙུགས་པའོ་ཞེས་བྱ་བར་སྦྱར་རོ།། འདི་སྐད་སྟོན་ཏེ་དེ་བཞིན་དུ་ཁྲོ་བོ་གང་ཡང་རུང་བའི་སྦྱོར་བས་རང་གི་དཀྱིལ་འཁོར ་གྱི་དབུས་སུ་འདུག་ལ། ན་མཁར་གནས་པའི་བརྒྱ་བྱིན་དུ་བདག་ཉིད་རྣམ་པར་བསྣམས་ལྔ། བར་སྣང་ལྔ་གནས་ན་ས་འོག་ཏུ་ཇི་སྐད་དུ་བཤད་པའི་ནམ་མཁའ་ལྡིང་དང་། ཀླུའི་ཁྱིམ་ལ་སོགས་པོ་ཚིག་པ་སྤེལ་བར་བྱེད་པ ་བསམས་ལ། ཇི་སྐད་དུ་བཤད་པའི་སྔགས་བཟླས་ཤིང་བཀའ་བསྒོ་བས་ཆར་གྱི་རྒྱུན་གྱིས་མེ་བསོད་ཅིང་། ཀླུའི་ཚོགས་རྣམས་ན་མཁའ་ལྡིང་གི་གཤོག་པའི་རླུང་གཡོབས་པོ་དང་མཆུས་བཙུགས་པས་དེ་བྱེད་པར་བསམོ།། ་ལྷ་ལ་བཞི་པོས་ཡོངསུ་བསྐོར་ཅེས་བྱ་བ་ནི། རྡོ་རྗེ་མཚོན་ཆ་ལ་སོགས་པས་ཡོངསུ་བསྐོར་བའོ།། དེ་ཉིད་གསུངས་པ་ནི། སྙམས་མ་བེས་བྱ་བ་ལ་སོགས་པ་སྟེ། བསྙེམས་མ་དང་རྡོ་རྗེ་མཚོན་ཚྭ་དང་། རྡོ་རྗེ་བྱམ ་མ་དང་། རྡོ་རྗེ་ཀཱི་ལི་ཀཱི་ལའོ།། ཆུ་སྲིན་རྒྱལ་མཚན་ནི་རྡོ་རྗེ་བྱམས་མའོ།། མེ་ཏོག་གི་གཞུ་དང་རོལ་པས་མཚན་མ་དང་། རྡོ་རྗེ་བསྙེམས་མ་རྣམས་ཀྱིས་ཡོངསུ་བསྐོར་བའོ།། གཡས་པའི་ཕྱག་གིས་ཤེས་ཞེས་བྱ་བ་ནི་གཡས ་པ་རྡོ་རྗེ་བསྣམས་པའོ།། གཡོན་པས་རྡོ་རྗེ་དྲིལ་བུ་དཀུང་འཇོག་པའོ་ཞེས་བྱ་བ་ནི་རྐེད་པའི་ཕྱོགས་སུ་རྡོ་རྗེ་དྲིལ་བུ་འཇོག་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། བཅོམ་ལྡན་འདས་ཀྱི་ཕྱག་ལྷག་མ་ངག་ལ་ནི་མེ་ཏོག ་ཅན་གྱི་མདའ་དང་གཞུ་བསྣམས་པའོ།། ལྡེམ་བག་ཅེས་བྱ་བ་ལ་སོགས་པ་ལ། ལྡེམ་བག་གི་ལྷ་མོ་རྣམས་ཀྱིས་འཇོ་ཚུལ་གྱིས་ཡོངསུ་བཤད་ལ། དེས་སྒེག་ཅིང་རོལ་པ་དང་བཅས་པའོ།། སེམས་དཔའ་བྱུང་བ་ཞེས་བྱ ་བཔ་ལ་སོགས་པ་ལ། སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ལྀ་སོགས་པ་སྟེ། དེ་བྱུང་བ་ནི་སྤྲུལ་པའོ།། དེའི་སྤྲིན་ནི་དེའི་ཚོགས་སོ།། དེ་དང་འབྲེལ་པ་ནི་རབ་ཏུ་འབྲེལ་པར་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རིན་ཆེན ་ཅོད་པན་ཞེས་བྱ་བ་ལ་སོགས་པ་ལ། དབང་བསྐུར་བའི་ཕྱིར་རིན་ཐང་ཆེ་བའི་རིན་པོ་ཆེའི་ཅོད་པ་ན་ཅིངས་ཤིང་དར་དཔྱངས་རྣམ་པ་གཉིས་ཀྱི་མཐར་འཕྱང་བ་གང་ཡིན་པ་དེ་སྐད་ཅེས་བྱའོ།། ནམ་མཁའ་ལས་འབབས་པའི་ཞེས་བྱ་བ ་ནི། ན་མཁའི་ཕྱོགས་ལས་རྡོ་རྗེའི་ཐོག་འབབ་པ་བཟློག་པར་བྱེད་པ་བསམ་པའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཆེ་གེ་མོ་ཞེས་བྱ་བའི་སྒྲ་ནི་སེམས་ཅན་གྱི་སྒྲ་རབ་ཏུ་སྟོན་པར་བྱེད་པ་ཡིན་ནོ།། དེ་ནས་ཡི་གེ་ཛཿཛཿདེ་ནས་ཡི ་གེ་ཧཱུཾ་བཀོད་པ་བྱས་ལ། སུ་ར་ཏྲ་ཞེས་བྱ་བའི་སྒྲའི་མཐར་སྟཽ་ཞེས་རབ་ཏུ་སྦྱར་རོ།། གལ་ཏེ་རྒྱུད་གཞན་དག་ལས་བཤད་པ་སུ་ར་ཏ་སྟཾ་ཞེས་པ་རྣམ་པར་དགོད་དམ་ཞེ་ན། བནྡྷ་ཞེས་བྱ་བ་གསུངས་ཏེ། བནྡྷ་ནི་འཆིང་བའི་བདག ་ཉིད་ཅན་ཏེ། ཨོཾ་གེ་རྣམ་པར་བཀོད་ལ་རྒྱུད་གཞན་དག་དང་རྗེ་སུ་མཐུན་པར་ཡི་གེ་ཧོ་ཡང་གཟུང་བར་བྱ་སྟེ། ལས་དང་རྗེ་སུ་མཐུན་པའི་བསྐུལ་བའི་ཚིག་གཞུག་གོ།། དེ་ནས་མཐའ་མར་ཕཊ་ཅེས་བྱ་བས་ཏེ། སྔགས་འདི་དག ་རིགས་པར་སྦྱར་བ་ནི། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བམ་ཧོཿསུ་ར་ཏ་སྟྭཾ་ཆེ་གེ་མོའི་བཛྲ་པ་ཏ་མ་ཎི་བཱ་ར་ཡ་ཕཊ་ཅེས་བྱའོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཐོག་མ་དང་ཐ་མ་མེད་ཅིང་། གཉིསུ་མེད་པའི་བྱང་ཆུབ་ཀྱི་སེམས ་ཡེ་ཤེས་བླ་ན་མེད་པ་དེ་ཉིད་ནི་ས་བོན་གྱི་ངོ་བོ་ཉིད་པས་གོ་འཕང་སྟེ་གནས་པ་ཡིན་ལ། དེ་རྒྱས་པར་བྱེད་པ་ནི་རྣལ་འབྱོར་པའི་རྒྱུད་ལ་རྒྱ་ཚོར་གནས་པར་བྱེད་ཅིང་གཉིས་སུ་རྟོག་པའི་འཆིང་བ་སེལ་བར་བྱེད་པོ། རྣལ་འབྱོར་པ ་རབ་ཏུ་སད་པར་བྱེད་པས་རྒྱས་པར་བྱེད་པ་སྟེ། ཇི་སྐད་དུ་བཤད་པའི་སྦྱོར་བ་རིམ་པ་འདིས་བསྒོམས་ཞིང་བསམས་ལ།། ནམ་མཁའ་ལས་ནི་བབ་པ་ཡིས།། ཐོག་ཐོག་རྣམ་པར་བཟློག་པར་བྱ་ཞེས་སྔ་མ་དང་སྦྱར་རོ།། འདི་སྐད་སྟོན་ཏེ། ་རང་གི་དཀྱིལ་འཁོར་དཀྱིལ་འཁོར་གྱིས་དབུས་སུ། རྡོ་རྗེ་སེམས་དཔའི་སྦྱོར་འདུག་ལ། བསྒྲུབ་པར་བྱ་བའི་སྟེང་གི་ན་མཁའི་ཕྱོགས་སུ་དྷི་སྐད་དུ་བཤད་པའི་ལྷ་མོ་བཞིས་ཡོངས་སུ་བསྐོར་བའི་བྱང ་བ་ཆེན་པོར་རྣམ་པར་བསམས་ལ། སེར་བ་འབབ་པ་བཟློག་པའི་ཕྱིར་ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གདོན་པས་བཅོམ་ལྡན་འདས་བསྐུལ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་སོ།། ་ཞེས་མི་མངོན་པའི་ཚིག་གིས་སྦྱར་རོ།། ཅི་ཞིག་མཛད་ཅན་མི་འཁྲུགས་ཞེས་བྱ་བ་ལ་སོགས་པ་གསུངསོ།། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་རྒྱལ ་པོ་དང་། སྔགས་ཀྱི་སེམས་དཔའི་བསྐལ་པ་བཟང་པོ་པ་བཅུ་དྲུག་ནི་ཉེ་བཱ་རོ་མཚོན་པ་ཙམ་མོ།། ཁྲོ་བོ་ནཱི་གཱ་ཤི་ན་རྗེ་གཤེང་ལྔ་སོགས་པའོ།། རིགས་པའི་རྒྱལ་མོ་ནཱི་སྤྱན་ལ་སོགས་པའི་རིག་པའི་རྒྱལ་མོའོ།། ་ཐམས་ཅད་ལྡན་པ་ནི་ཐམས་ཅད་དང་བཅས་པའོ།། རྣམ་པར་གཟིགས་པ་ནཱི་ལྟ་བའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅནྡྲ་ཞེས་བྱ་བ་ནཱི། རྡོ་རྗེ་ཙནྡྲ་ནི་རྡོ་རྗེ་འཛིན་པའི་དགྱེས་ཤིང་རོལ་པའོ།། སྨིན་མ་མཛེས་པར ་བསྐྱོད་ནས་སུ་ཞེས་བྱ་བ་ནི། སྨིན་མ་མཛེས་པར་བསྐྱོད་ཅིང་། རྣམ་པར་རྩེ་བའི་ཁྱད་པར་རྩོམ་པས་རབ་ཏུ་འཛིན་པས་གཡོན་པོའི་སྨིན་མ་བསྐྱེད་ཅིང་འཛགས་པ་བསྐྱོད་པ་སྟེ། དེས་ཤེས་འོག་དང་སྦྱར་རོ།། ཡན་ལག ་འབྲོག་མའི་འཛུམ་མཛད་ནས་ཞེས་བྱ་བ་ནི། ཡན་ལག་རྣམ་པར་དགོད་པ་རྣམས་ཀྱིས་ཏེ། ཚིག་སྔ་མྱ་རྣམས་དང་སྦྱར་རོ།། ཐུགས་ཀྱི་སེམས་ནི་དགའ་བ་མཛད་ཅེས་བྱ་བ་ནི། གཉིས་སུ་མེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཏུ ་ཐུགས་ཀྱི་བདག་ཉིད་ཀྱི་སེམས་རྡོ་རྗེ་སེམས་དཔའ་དང་འབྲེལ་པའི་དགའ་བ་མོད་པར་མཛད་པའོ་ཞེས་བྱ་བར་ཤེས་པར་བྱའོ།། བསྒྲིབས་ནས་རྡོ་རྗེ་གསོར་ནས་དེསཽ་ཞེས་བྱ་བ་ནི་རྡོ་རྗེའི་འདེབས་པས་སོ།། ལྡེམ་བག་ཅེས ་བྱ་བ་ལ་སོགས་པས་སུ་སྨོས་ལ། ལྡུམ་བག་དང་སྒེག་པ་དང་བཅས་པས། རྡོ་རྗེའི་ལྟ་བའི་རོལ་པོས་བལྟས་པའི་ངོ་བོ་གང་ཡིན་པ་དེ་ནི་ལྡེམ་བག་འཇོ་ཚུལ་གྱི་བལྟས་པའོ།། ལག་པ་གཉིས་ཞེས་བྱ་བ་ལ་སོགས་པ ་ལོ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པདྨ་བསྐོར་བའི་ཚུལ་དུ་ཡོངས་སུ་བསྐོར་ནས་སྤྱི་བོར་མེ་ཏོག་གི་ཐལ་མོ་སྦྱར་བ་བྱས་ཏེ་གསོལ་པ་ཞེས་བྱ་བར་སྦྱར་རོ།། ཇི་སྨད་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི། ཕྱི་དང་ནང་གིས་སོ།། ་ཟུར་གྱིས་རྣམ་པར་གཟིགས་པ་དང་ཞེས་བྱ་བ་ནི་རྣམ་པར་ལྟ་བ་ནི་གཟིགས་པ་སྟེ། གཞད་པ་ཆེན་པོ་དངོ་ཟུར་གྱིས་གཟིགས་པ་ཅིའི་ཕྱིར་མཛད་ཅེས་བྱ་བའི་དོན་ཏོ།། སྨིན་མ་བསྐྱོད་པས་འཛུམ་པ་མཛད་པ་ཅེས་བྱ་བ་ནི་སྨིན ་མ་བསྐྱོད་ཅིང་འཛུམ་པ་དང་བཅས་པ་འཛུམ་པ་དང་འབྱེད་པ་ལ་སོགས་པའི་མཚན་ཉིད་ཅན་གྱིས་སོ།། བརྟན་ཞིང་ཟབ་པའི་གསུང་གིསཽ་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྟོན་པའི་གསུང་གིས་ཟབ་མོའི་དོན་སྟོན་པསོ་སོ།། བདེ ་བས་བྱང་ཆུབ་ཐོབ་པར་འགྱུར་ལྡན་ཞེས་བྱ་བ་ནི། དངོས་སུ་སྟོན་པས་སོ།། ཉོན་ཅིག་ཅེས་བྱ་བ་ནི་ཚིག་ཡོངསུ་བསྒྱུར་ནས་སྦྱར་རོ།། གང་ལ་ཞེས་བྱ་བ་ལ་སོགས་པ་ལ། དངོས་པོ་གང་གིས་ཆོས་བདག ་མེད་པའི་མཚན་ཉིད་ཅན་གྱིས་ངོ་བོ་ནི་གཉིས་སུ་མིང་པའི་མཚན་ཉིད་དེ། བརྟགས་པའི་ངོ་བོར་མེད་པའོ།། མཐའ་གཉིས་ཀྱི་ནི་མཚན་མེད་ཅེས་བྱ་བ་ནི་རྟག་པ་དང་ཆད་པ་དང་བྲལ་ཏེ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ ་མེད་པའོ།། དེ་ལ་ཡང་འགའ་ཞིག་འཁྲུལ་པར་འགྱུར་ཞེ་ན། དེའི་ཕྱིར་དབུལ་ལ་སྤྱོད་པ་མེད་པ་དག་ཅེས་ཏེ། སྐད་ཅིག་མ་རེ་རེ་ཞིང་འཇིག་པས་ན་སྐད་ཅིག་མ་གསུམ་གྱི་གནས་སྐབས་ཀྱི་དབུས་མེད་དོ།། དེ་མེད་པས ་ན་དེ་ལ་མངོན་པར་ཞེན་པ་རིང་དུ་སྤངས་པ་ཉིད་ཡིན་ནོ།། ཡང་ན་འཇོག་པ་དང་ལྡན་པའི་སེམས་ངག་གི་དབུས་ན་ཇི་སྐད་དུ་བཤད་པའི་ཡེ་ཤེས་རྟོགས་པའི་བདག་ཉིད་ཅན་གྱི་གནས་པའི་སེམས་མཐའ་གཉིས་ལ་བལྟོས ་པ་དེའི་དབུས་ན་ཞེན་པར་བྱེད་པ་རྣམ་པར་རྟོག་པ་མེད་དེ། དགའ་བ་མེད་པའི་ཕྱིར་རོ།། དུས་གསུམ་ཉིད་ལ་གནས་པའི་དུས་གསུམ་པོ་མེད་པས་དུས་གསུམ་འདས་པའོ་ཞེས་སྔ་མ་དང་སྦྱརོ།། ཐམས་ཅད་དུ་ཁྱབ་པས ་ནན་མཁའ་འདྲའོ།། དེ་ལ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟ་འདི་ལྟ་བུའི་ཡེ་ཤེསོ་ལ་གནས་པར་གྱུར་ན། དེ་རྟོགས་པའི་མཚན་ཉིད་ཅན་གྱི་བྱང་ཆུབ་ཉམས་སུ་མྱོང་བར་བྱ་བ་མེད་པས། རྣམ་པར་སྣང་མཛད་ལ་སོགས་པ ་བསྒོམ་པའི་ཐབས་ཀྱི་ཡེ་ཤེས་དང་བྲལ་བ་ཡིན་ཏེ། དེ་བས་ཇི་སྐད་དུ་བཤད་པའི་དེའི་ཡེ་ཤེས་རྟོགས་པར་འདོད་པའི་ཐབས་རྣམས་ངས་བཤད་པར་བྱའོ་ཞེས་པའོ།། ཕུང་པོ་ལ་ཞེས་བྱ་བ་ལ་སོགས་པ་ལ། ཕུང ་བོ་ལྔའི་བདག་ཉིད་ཀྱི་གཟུང་བ་དང་འཛིན་པའི་རྣམ་པས་སོ་སོར་སྣང་བར་གྱུར་པའི་དངོས་པོ་ནི་དངོས་པོ་མེད་པ་སྟེ། དོན་དམ་པར་སེམས་ཅན་དམིགས་སུ་མེད་པས་དངོས་པོ་དེ་ཉིད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཚན ་ཉིད་དོ།། སེམས་ཅན་ལ་ཕན་འདོགས་པར་བྱེད་པ་སྦྱོར་བ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་གྲོགསུ་གྱུར་པ་སྤྲུལ་པ་དང་བཅས་པས་སེམས་ཅན་ལ་རྗེ་སུ་ཕན་འདོགས་པར་བྱེད་དེ། དེ་བཞིན་གཤེགས་པ་ལ ་སོགས་པའི་སྤྲུལ་པའི་རྒྱུ་མཛད་པའི་དག་པ་འཇིག་རྟོན་པའི་ཡེ་ཤེས་ཀྱིས་སྐུ་གསུམ་གྱི་མཆོག་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས། བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསྡུས་པ་ལས་བསྐྱེད ་བར་བྱའོ།། ཐབ་ས་ཉེ་བར་བསྟན་ནས། ད་ནི་སེམས་རིན་པོ་ཆེའི་བདག་ཉིད་ཆེ་བར་བསྟན་པའི་ཕྱིར། སེམས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་ནི་ཞེས་བྱ་བ་ནི་སྐུ་རྡོ་རྗེའོ།། སེམས་ཀྱིས་ཆོས་རྣམས་བསྟན་པ ་ཡིས་ཞེས་བྱ་བ་ནི་ཆོས་སྟོན་པའི་ངོ་བོ་གསུང་རྡོ་རྗེ་ཐོབ་པའོ།། སེམས་ཀྱིས་བྱང་ཆུབ་ཐོབ་པར་འགྱུར་བས་ཞེས་བྱ་བ་ནི་ཐུགས་རྡོ་རྗེའི་ངོ་བོ་ཉིད་དོ།། སྐུ་རྡོ་རྗེ་ལ་སོགས་པ་དེ་རྣམས་ལ་ཡང་དངོས་པོར་མངོན་པར་ཞེན ་པར་མི་བྱའོ།། ཞེས་བསྟན་པའི་ཕྱིར། དེ་བཞིན་ཉིད་ཀྱི་རྣམ་པར་བསྒོམ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ཀྱི་རྣམ་པར་བསྒོམ་པའོ།། གཉིས་སུ་མེད་པའི་ཡེ་ཤེས་ལ་མངོན་པར་ཞུགས་པས ་རྣམ་པར་སྣང་མཛད་ལ་སོགས་པའི་སྐུར་ཇི་ལྟར་བསྒོམ་ཞེ་ན། སེམས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་སེམས་སྐུ་རྡོ་རྗེ་ལ་སོགས་པའི་རྣམ་པར་ཡོངསུ་གྱུར་པ་ནི། ་སྒྱུ་མ་ལྟ་བུའི་རྣམ་པར་རང་དབང་དུ་གྱུར་པར་མོས་པས་རབ་ཏུ་བསྒོམ་ཞིང་བསམ་པར་བྱའོ།། དེ་བས་སྐུ་རྡོ་རྗེ་ལ་སོགས་པར་མངོན་པར་བྱང་ཆུབ་པ་ཡང་སྒྱུ་མ་དང་འདྲ་བའོ།། དཔེར་ན་ཞེས་བྱ་བ་ལ་སོགས ་པ་ནི་དཔེ་གསུངས་པའོ།། གྱོ་མི་ཞེས་བྱ་བ་ནི་གྱོ་མོ་ལ་སོགས་པའི་སྦྱོར་བས་སོ།། ཞེན་པའི་སེམས་ལྔ་ཞེས་བྱ་བ་ནི་སེམས་ཆོས་ཉིད་ཀྱིས་ཉེ་བར་བསྒོམ་པས་སོ།། དེ་བཞིན་ཞེས་བྱ་བ་ལོ་སོགས་པས ་ནི་དུཔེས་བསྟན་པའི་དོན་གསུངས་ཏེ། བསོད་ནམས་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བ་ནི་བསོད་ནམས་ཀྱི་ངོ་བོ་ཉིད་དང་། ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཚོགས་ཀྱིས་ཞེས་བྱ་བ་ད་ལྟ་བར་བྱའོ།། ཚོགས་ཀྱིས ་བསྒོམ་པའི་སེམས་ཞེས་བྱ་བ་ནི་སྔར་བཤད་པའི་ཚོགས་དང་ལྡན་པས་སོ།། སེམསོ་རང་བཞིན་གྱི་འོད་གསལ་ཉིད་དུ་བསྟན་ནས། ང་ནི་གློ་བུར་གྱི་དྲིན་ཅན་ཉིད་དུ་བསྟོན་པའི་བྱོར། དངོས་པོ་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། དངོས་པོ་དེ་རྣམས་ཀྱི་དོན་དམ་པའི་ངོ་བོ་ཉིད་ནི་བརྟགས་པའི་ངོ་བོ་ཉིད་གྲས་ས་མ་པའི་ངོ་བ་ཉིད་ཀྱི་མཚན་ཉིད་ཅན་ཡིན་པར་མ་ཤེས་པས་གཟུགས་ལ་སོགས་པ་མི་བདེན ་ཡོད་པ་མ་ཡིན་པའི་དངོས་པོ་ལ་རྣམ་པར་རྟོག་པས་གཟུང་བ་དང་འཛིན་པར་ཞེན་པའི་བག་ཆགས་ཀྱིས་བསྒོས་པས་རིན་པོ་ཆེའི་སེམས་དྲི་མ་ཅན་དུ་བྱས་པ་ཡིན་ནོ།། དེ་ནས་རྣལ་འབྱོར་དེ་སྤྱོད་པའི ་གཞུང་གིས་ཀྱང་དངོས་པོ་རྣམས་ངོ་བོ་ཉིད་མྱེད་པར་བསྟན་ནས་ད་ནི་མདོ་སྡེ་པའི་གཞུང་སུན་འབྱིན་པས་ཀྱང་དངོས་པོ་ཐམས་ཅད་མཉམ་པ་ཉིད་དུ་གསུངས་པ་ནི་འབྱུང་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ་འབྱུང་བ་ཆེན་པོ་བཞི་ནི་ས་ལ་སོགས་པའོ།། དངོས་པོ་ཐམས་ཅད་ནི་གཟུགས་ལ་སོགས་པ་ཐམས་ཅད་དོ།། ལྡན་པ་འདྲེས་པའོ།། གཟུགས་ཞེས་བྱ་བ་ནི་བསྟན་པའོ།། དེ་ལྟ་ན་ཡང་དངོས་པོ་དེ་རྣམས་ལ་གཙང་བ་དང་མི ་གཙང་བ་ལ་སོགས་པར་ཡོངས་སུ་བརྟགས་པའི་མི་ཤེས་པའི་སྟོབས་ཀྱིས་སྒྲོ་བཏགས་པ་ཡིན་ནོ།། སོགས་པའི་སྒྲས་ནི་གཅིག་དང་དུ་མ་ལ་སོགས་པའི་དངོས་པོར་ཡོངས་སུ་བཏགས་པ་ནི་མི་རིགས་ཏེ། གཅིག་དང་དུ ་མའི་དངོས་པོ་དག་ནི་ཕན་ཚུན་འགལ་བ་ཡིན་ནོ།། ཞེས་ཤེས་པར་མི་བྱའོ།། སོ་སོར་སྣང་བའི་དབང་གིས་ཡོད་པ་ཡིན་ནོ།། ཞེས་ཀྱང་ཤེས་པར་མི་བྱ་སྟེ། ཟླ་བ་གཉིས་མཐོང་བ་ཡོད་པ་ཉིད་དུ་ཐལ་བར་འགྱུརརོ།། ་འབྱུང་བ་ཆེན་པོ་བཞིའི་ཕྲ་རབ་ཆ་ཤས་དང་ཆ་ཤས་ཅན་མ་ཡིན་པ་དང་ཇི་ལྟ་བ་བཞིན་བརྟག་པར་བྱ་བ་མ་ཡིན་པ་ལ་སོགས་པ་རྒྱ་ཆེར་སྦྱར་བར་བྱའོ།། དེ་བས་ན་རིག་པ་རྗེ་སུ་ཞུགས་པ་རྣམས ་ཀྱིས་རྣམ་པར་བརྟག་པ་ཐམས་ཅད་ནི་སེམས་ཅན་ཉིད་ཡིན་པས་གནས་སོ།། དེའི་ཕྱིར་གང་འདི་གཟུང་བ་ལ་སོགས་པར་ཡོངསུ་བརྟགས་པ་དེ་ནི་བདག་ཏུ་འཛིན་པ་ལ་མངོན་པར་ཞེན་པ་སྟེ། ཉེ་བར་མཚོན ་པ་འདིས་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པར་མངོན་པར་ཞེན་པས་ཆོས་ཀྱི་དེ་ཁོ་ན་ཉིད་མི་རྟོགས་ཤིང་མུ་སྟེགས་ལ་སོགས་པའི་ཚུལ་དུ་བྱས་པས་བྱང་ཆུབ་ཇི་ལྟར་ཐོབ་པར་འགྱུར་ཞེས་པའོ།། ། ་ལྔས་དང་རྗེ་སུ་འབྲེལ་པ་གསུངས་པ་ནི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་ནི་རྣམ་པ་གཉིས་ཉིད་དུ་གསུངས་ཏེ། གང་གི་ཕྱིར་འདི་ལས་གཞན་པའི་བྱང་ཆུབ་ནི་དེ་རྣམས་ཀྱིས་འགྱུར་བས་དེ་ཡང་བྱ་བ་མ ་ཡིན་ནོ།། ཞེས་བྱང་ཆུབ་ཀྱི་མཚན་ཉིད་བསྟན་པའི་ཕྱིར་འདི་སྐད་གསུངས་ཏེ། ཇི་སྲིད་དུ་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པ་ལ་ཀུན་ཏུ་སྤྱོད་པ་དེ་སྲིད་དུ། ཕྱིན་ཅི་ལོག་གི་རྣམ་པར་རྟོག་པ་ལྡོག ་པར་མི་འགྱུརརོ།། དེ་མི་ལྡོག་གྲོལ་བར་ག་ལ་འགྱུ་རོ་ཞེས་བྱ་བར་དགོངསོ།། རྒྱ་ཆེར་ནི་འདི་ཉིད་གཞན་དག་ལས་སྟོན་པས་དེར་བརྟག་པར་བྱ་སྟེ། འདིར་ནི་ཞིབ་ཏུ་མ་བཤད་དོ།། ལྷག་བཅས་ཕུང་པོའི་ངོ་བོ་སྟེ། ཞེས ་བྱ་བ་ལ་སོགས་པ་ཡོངས་སུ་གདུང་བའི་བདག་ཉིད་ཅན་གྱི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་མྱེད་པས་ན་མཁའ་ལྟར་དྲི་མ་མེད་པ་སྟེ། ལོངས་སྤྱོད་རྟོགས་པའི་སྒྲ་རྡོ་རྗེ་ལ་སོགས་པའི་ངོ་བོ་ཆོས ་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་ནི་ལྷག་མ་དང་བཅས་པའི་བྱང་ཆུབ་ཡིན་པར་ཤེས་པར་བྱ་སྟེ། ཕུང་པོ་ངོ་བོ་ཉིད་ཅེས་གོང་མ་དང་སྦྱར་རོ།། གཟུང་བ་དང་འཛིན་པའི་རྣམ་པ་ལས་ལྡོག་ཅིང་ཕུང་པོ་ལྔ་ཉིད་དུ་མེད་པའི ་ཡེ་ཤེས་ན་མཁའ་ལྟར་དྲི་མྱེ་པ་གང་ཡིན་པ་དེ་ལ་ནི་ལྷག་མ་མེད་པའི་བྱང་ཆུབ་ཡིན་ནོ་ཞེས་ཤེས་པར་བྱ་སྟེ། འདི་ནི་ཕུང་པོ་མེད་པ་ཡིན་ལ་འདི་ཉིད་ཀྱིས་ན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གཟུང་སྟེ། ཐོག་མ ་དང་ཐ་མ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། བྱང་ཆུབ་གཉིས་དེ་དག་ཀྱང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཡང་སྤང་ཤིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར་བྱེད་པ་སེམས་ཅན་རྣམས་ལ ་རྗེས་སུ་ཕན་འདོགས་པར་བྱེད་པའི་སྨྱོན་པ་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་གྲོགས་ཀྱིས་གྱུར་པ་དང་ཆོས་བདག་མེད་པ་བསྒོམ་པ་ལ་མངོན་པར་བརྩོན་པས་ཐོབ་པར་འགྱུར་རོ།། འདི་ལྟར་དེ་དག་ཐམས་ཅད་ནི་ཐེག ་པ་དམན་ལ་མེད་དེ། དེ་རྣམས་ནི་ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱིས་འདུལ་བའི་སྣོད་དུ་གྱུར་པ་མ་ཡིན་ནོ།། བླ་མེད་བྱང་ཆུབ་འདི་ལྟ་བུར་ཞེས་བྱ་བ་ནི་བྱང་ཆུབ་རྣམ་པ་གཉིས་པོ་འདི་དག་ཉིད་དོ།། རྡོ་རྗེ་ཡེ་ཤེས ་རྣམས་ཀྱིས་ཐབས་ཞེས་བྱ་བ་ནས། མཁའ་ལྟར་དྲི་མ་མེད་པ་ཡིན་ནོ་ཞེས་བྱ་བའི་བར་གྱི་དོན་བྱང་ཆུབ་ཀྱི་སེམས་རིམ་པར་ཕྱེ་བ་ལས་གསུངས་མོད་ཀྱི། དེ་ལྟར་གསུངས་པའི་དྲག་པོ་བསྒྲུབ་པའི ་བྱ་བ་ལ་ཡང་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རང་གི་ངོ་བོ་རྟོགས་པ་ཉིད་ཀྱིས་བྱའོ།། ཞེས་བསྟན་པའི་ཕྱིར་རོ།། དེའི་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་ཞིག་ཇི་སྐད་དུ་བཤད་པའོ།། བསྒོམ་པ་དང་། ་བཟླས་པ་ལ་རབ་ཏུ་ཞུགས་པས་བསྒྲུབ་པ་བདུན་གྱི་བར་གྱིས་ཀྱང་མ་གྲུབ་ན་དེ་ཇི་སྙེད་དུ་བཤད་པའི་ཆུང་ཆུབ་པའི་ཕྱིར་དང་། ལས་སྣ་ཚོགས་པ་བྱ་བའི་དོན་དུ་དྲག་པོ་བསྒྲུབ་པའི་ཆོ་ག་མ་ལུས་པར་གསུངས ་པབ་ཡིན་ནོ།། བདེ་བའི་ཐབས་ཀྱིས་ཞེས་བྱ་བ་ནི་ཐབས་བདེ་བྱས་སོ།། འདི་ཞེས་བྱ་བ་ནི་ལྷག་མ་རྣམས་ཀྱི་ཕྱག་རྒྱ་རྣམས་དང་། སྔར་བསྟན་པའི་བསྒོམ་པོ་རྣམས་ཀྱིས་དྲག་པོ་བསྒྲེ་བ་ལ་སོགས་པའི་ལས་ལ་སྦྱར ་བར་བྱའོ།། དམ་ཚིག་ཅེས་བྱ་བ་ནི་རང་གི་བདེན་པའི་ཚིག་ཡོངས་སུ་སྐྱོ་བས་རྒྱལ་བསྟན་པའི་ལས་བཞི་པོ་བྱེད་པའོ།། ལས་གང་ལ་རབ་ཏུ་སྦྱར་བར་བྱ་ཞེ་ན། དེའི་ཕྱིར་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སོ་སོའི་ངོས ་པའི་ལས་གསུངས་པ་ནི་གཽསང་སྔགས་རིག་པས་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཧཱུ~ཾ་མཛད་ལ་སོགས་པའི་སྦྱོར་བས་གནས་ཏེ། ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུ་བཏང་བས་དགུག་པར་བྱའོ།། ཞེས་ཤེས་པར་བྱའོ།། ་དེ་ནས་ཅི་ཞིག་བྱ་ཞེ་ན། འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བཅིངས་པས་བཅིང་བར་བྱ་ཞེས་བྱ་བ་ནི་གཞུག་པའི་འོག་ཏུ་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བྱའོ།། ཞེས་ཤེས་པ་བྱའོ།། རྡོ་རྗེ་ལྕགས་ཀྱུའི ་འོག་ཏུ་ནི་རྡོ་རྗེ་ཞགས་པ་གསུངས་པ་ཡིན་པས། རྡོ་རྗེ་ཁུ་ཚུར་གྱིས་གཟུང་ནས་ཞེས་བྱ་བ་འདིར། རྡོ་རྗེ་ཁུ་ཚུར་གྱི་གཟུང་ནས་བཙིར་བར་བྱ་བར་ཤེས་པར་བྱའོ།། རྡོ་རྗེ་ནག་མོ་ལ་སོགས་ནི་འདིར་བསྒྲུབ་པོ་ཞེས་བྱ ་བར་སྦྱར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་འཁོར་ཐམས་ཅད་ཀྱི་དྲག་པོ་བསྒྲུབ་པའི་ཆོ་གས་ཐོས་ནས་ཐམས་ཅད་ཀྱི་བསམ་པོ་གཅིག་གིས་ལོགས་སོ་ཞེས་བྱ་བ་ལ་སོགས་པས་གསོལ་ཏོ།། གཙོ་བི་རྡོ ་རྗེ་རྣམ་སྣང་མཛད་ཅེས་བྱ་བ་ལ་སོགས་པ་འདི་དག་ལས་ལེགས་སོ་ཞེས་བྱ་བ་དང་པོས་ནི་སྒྱུའི་སྒོ་ནས་སོ།། གཉིས་པས་ནི་གསུང་གི་སྒོ་ནས་སོ།། གསུམ་པས་ནི་ཐུགས་ཀྱི་སྒོ་ནས་སོ།། བཞི་པས་ནི་སྐུ་དང ་གསུངས་དང་ཐུགས་ཀྱི་སྒོ་ནས་སོ།། ཐུགས་རྡོ་རྗེའི་ལྕགས་ཀྱུས་ཀུན་ནསཽ་འབར་ཞེས་བྱ་བ་ནི་ཐུགས་རྡོ་རྗེ་ཉིད་ལྕགས་དང་འདྲ་བས་གདུལ་བྱའི་སྐྱེ་བོ་འགུགས་པའི་ཕྱིར་གང་འདི་ལྟར་འབར་བར་གྱུར་པ་དེ་ལེགས་སོ།། ་གསང་ཆེན་ཞེས་བྱ་བ་ནི་ཐམས་ཅད་ལ་མི་སྟོན་པས་སོ།། ཐེག་པའི་ཚུལ་འདི་ལ་གནས་ན་ཞེས་བྱ་བ་ནི། ཡེ་ཤེས་འདི་ཐེག་པའི་སྦྱོར་བའི་མཚན་ཉིད་ལ་གནས་པའོ།། བདེ་བས་ཞེས་བྱ་བ་ལ་སོགས་པ་ལ། བླ་ན་མེད ་པའི་བྱང་ཆུབ་བདེ་བས་ཐོབ་པའོ།། སྔགས་འདི་རྣམས་ཀྱིས་ཕྱག་རྒྱ་ནི་སྔར་སྨྲས་པ་དང་མཐུན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་བཤད་པའི་རྣལ་འབྱོར་པས་རྡོ་རྗེ་ཧཱུཾ་མཛད་ལ་སོགས ་པའི་སྦྱོར་བས། རང་གི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བསྒྲུབ་པར་བྱ་བའི་ལྷ་མདུན་དུ་བསམས་ཏེ། གཉིས་པ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་དང་། གཞུག་པ ་དང་བཅིང་བ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བས་ཡང་དག་པར་གཟུང་ནས། གནས་སྔར་ཕུར་བུསྟེ་གང་ཟླ་བརྡུང་བ་དང་། སྡིགས་མཛུབ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ།། ཡེ་ཤེས་སྙིང་པོའི་སྙིང་པོ ་ཅན་ཞེས་བྱ་བ་ནི་དྲག་པོ་བསྒྲུབ་པའི་ཡེ་ཤེས་ཀྱི་སྙིང་པོའི་སྙིང་པོ་ཅན་གྱི། གསེང་སྔགས་ཀྱི་མཆོག་ཡིན་ནོ།། ཞེས་བྱ་བར་སྦྱར་བར་བྱའོ།། འདི་དོག་སུ་ལ་བསྟན་མི་བྱ་ཞེས་བྱ་བ་ནི་གང་ཡང་རུང་བ་འགའ ་ཞིག་མི་བསྟན་པ་དང་། བསྒྲུ་བ་པ་ལྔ་དང་པོར་ཞུགས་མ་ཐག་པ་རྣམས་ལ་བསྟན་པར་མི་བྱའོ།། སྦྱོར་བ་ཞེས་བྱ་བ་ལ་སོགས་པོ་ལ་ཞི་བ་ལ་སོགས་པའི་སྦྱོར་བའི་ཐབས་ཀྱིས་ཇི་སྐད་དུ་བཤད་པའི་ངོ་བོ་ཉིད ་བསྒྲུབ་པ་སྟེ། དེ་སྟོན་པའི་གཞུང་ལེའུ་ལ་རིམ་པར་ཕྱེ་བའི་སྒྲར་བཤད་དོ།། ལེའུ་བརྒྱད་པོའི་འགྲེལ་པའོ།། །། སྦྱོར་བས་ཡང་སྦྱིན་སྲེག་གི་ཡོངས་སུ་རྫོགས་པར་འགྱུར་བས། དེ་ནས་ཞེས་བྱ་བ་ལ ་སོགས་པ་རིམ་པར་ཕྱེ་བ་དགུ་པ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་བཤད་དོ་ཞེས་ཉེ་བར་མཚོན་པའི་ཚིག་གིས་སྦྱོར་རོ།། ཅི་ཞིག་མཛད་ནས་ཤེ་ན། སྦྱོར་པའི་ལས་ཐམས་ཅད་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། སྦྱོར་བ་ནི་རྣམ་པར་དགོད་པའི་ཁྱད་པར་རོ།། ལས་ཐམས་ཅད་ནི་དབབ་པ་ལ་སྩོགས་པའོ།། དེའི་ཚོགས་ན་ལས་མང་པོའོ།། དེའི་རྗེསུ་འབྲེང་བ་ནི་འདི་ལྟར་བྱའོ། ་ཞེས་པའི་ངེས་པའོ།། དེ་ཉིད་ནི་རྡོ་རྗེའི་ངོ་བོ་སྟེ། དེ་ལས་དམིགས་པོ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ཏོ།། དབབ་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་བཞག་པ་སྟོན་པའི ་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། དབབ་པ་ལ་སོགསོ་པའི་ལས་བྱ་བ་འདི་བཤད་དོ་ཞེས་བྱ་བ་ལ། འདིར་ཡེ་ཤེས་སྙིང་པོ་ཅན་ཁྱོད་ཉོན་ཅིག་ཅེས་གསུངས་སོ།། ཞེས་མཚམས ་སྦྱོར་རོ།། ཨོཾ་ཞེས་བྱ་བ་མགོར་བཞག་སྟེ་ཞེས་བྱ་བ་ལ་སོགས་པ་ལ་གི་མགོར་ཡི་གེ་ཨོཾ་བཞག་པ་དང་། ཁའི་པོདྨ་ལ་ཡི་གེ་ཨུ་བཞག་པ་དང་། སྙིང་གར་ཡི་གེ་ཧཱུཾ་བསྐུལ་བར་བཞག་པ་གང་ཡིན་པའོ།། ་ཞེས་སྦྱར་བ་ཐམས་ཅད་དུ་བྱའོ།། ཡཾ་ནི་རླུང་གི་དཀྱིལ་འཁོར་ལ་ཞེས་བྱ་བ་ལ་ཡི་གེ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་རོ།། བཞག་ནས་ཞེས་བྱ་བ་ནི་དེར་འཇོག་པས་ན་དེ་སྐད་ཅེས་བྱ་སྟེ། དེར ་བསྒྲུབ་པར་བྱ་བ་བསམ་མོ་ཞེས་བྱ་བར་ཤེས་པར་བྱའོ།། དབབ་སྣོད་བསྐུལ་བྱེད་བཟུང་བ་དེའི་ཞེས་བྱ་བ་ནི་དབབ་པའི་སྣོད་དེ་སྐུལ་བྱེད་མའི་གཟུགསུ་བསམ་པའོ།། གཟུགས་ཀྱི་ངོ་བོར་ཞེས་བྱ་བ ་ནི་བསྒྲུབ་པར་བྱ་བའི་གཟུགས་ཡོངསུ་གྱུར་ནས་སྐུལ་བྱེད་མའི་ངོ་བོར་བསམ་པའོ།། རྡོ་རྗེ་འཆང་བའི་ང་རྒྱལ་གྱིས་ཞེས་བྱ་བ་ནི་རྡོ་རྗེ་འཆང་པ་ནི་བདག་གོ་ཞེས་ང་རྒྱལ་དུ་བྱས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ་འདི་སྐད་སྟོན་ཏེ། དཀྱིལ་འཁོར་དུ་སློབ་མ་གཞུག་པ་དང་། དམ་ཚིག་བསྟན་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ། དེའི་མགོ་ལ་རྣམ་པར་སྣང་མཛད་ལྐོག་མར་གསུང་རྡོ་རྗེ་སྙིང་ཐུགས་རྗེ་ཇི་ལྟ་བ ་བཞིན་དུ་བསམས་ལ། རྐང་པའི་འོག་ཏུ་ཡི་གེ་ཡཾ། མཐའ་མ་གཉིསུ་ཧ་རྣམ་པར་བཞག་སྟེ། བ་ངན་དང་རླུང་གི་དཀྱིལ་འཁོར་དུ་བསམས་ལ། བསྒྲུབ་པར་བྱ་བ་སྐུལ་བྱེད་མའི་སྐུ་ཇི་ལྟ་བ་བཞིན་དུ་བསྒོམས ་ཏེ། དྲིལ་བུ་དཀྲོལ་བ་ལ་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་ཇི་སྐད་དུ་བཤད་པའི་ཕྲེང་བའི་སྔགས་བཟླས་པར་བྱའོ།། དབང་ཆེན་དཀྱིལ་འཁོར་ལ་གནས་ཨོཾ་ཞེས་བྱ་བ་ལ་སོགས་པ་ལ། ཡི་གེ་ལཾ་ལས་དབང ་ཆེན་གྱི་དཀྱིལ་འཁོར་གནས་བརྒྱད་དུ་ཨོཾ་དང་འབྲེལ་པའི་རྣམ་པ་དགོད་པས་ལྟེ་བའི་ནང་ན་གནས་པའོ།། དབུས་སུ་ཞེས་བྱ་བ་ནི་དགུག་པ་བྱ་བའི་མིང་ངོ་།། ཧཱུ~ཾ་བཞི་ཡིས་ནི་རྣམ་པར་མཛེས་ཞེས་བྱ་བ་ནི ་ཕྱོགས་བཞི་ནས་ཧཱུཾ་གིས་བསྐོར་བའོ།། བསྒོམ་ཞིང་གསང་སྔགས་བསྐུལ་གྱིས་ཞེས་བྱ་བ་ནི་ཆེ་གེ་མོ་རེངས་པར་གྱིས་ཤིག་ཅེས་བྱ་བའི་བསྐུལ་བའི་ཚིག་དང་བཅས་པའི་གསང་སྔགས་ཀྱིས་ཏེ། བཟླས་པ ་ཞེས་བྱ་བ་ནི། བཟླས་བརྗེད་བྱས་པའི་ཡི་གེ་བའི་སྲད་བུས་ཤེས་བྱ་བར་སྦྱར་རོ།། དཀྲི་བར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་རེངས་པར་བསྒོམ་ཞིང་དཀྲི་བའོ།། དེས་ཅི་ཞིག་བྱེད་ཅེ་ན། འདིས་ནི་ཞེས་བྱ ་པ་ལ་སོགས་པ་གསུངས་སོ།། ཇི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་ག་ཀྲྀའ་ལ་སོགས་པ་གང་ཡ་ར་བའི་སྦྱོར་བས་འདུག་ལྀ་ཁམ་ཕོར་ཅིག་ལ་ཡི་གེ་ཡཾ་ཡོངསུ་བཟླས་པའི་རུང་བའི་ཁུ་བས་དབང་ཆེན་གྱི་དཀྱིལ ་འཁོར་བྲིས་ལ། དེའི་ཕྱོགས་བརྒྱད་དུ་ཨོཾ་བརྒྱད་དེའི་དབུས་སུ་དུ་ཉིད་ཀྱི་པདྨ་འདབ་མ་བརྒྱད་པ་བྲི། འདོབ་མ་དེ་ལ་ཡི་གེ་པཱཾ་བརྒྱད། ལྟེ་བ་ལ་ཕྱོགས་བཞིན་ཡི་གེ་ཧཱུཾ་བཞི་བཞི་བཀོད་པས་བསྐོར་བའི་བསྒྲུབ ་པར་བྱ་བའི་མིང་བྲིས་ལ། ཇི་སྐད་དུ་བཤད་པའི་མིའི་མིང་གིས་དེའི་སྙིང་དྭངསི་ལ། གཞུག་པ་དང་བཅིང་བ་བྱས་ནས། དེའི་མིང་ཡོངསུ་གྱུར་པའི་བསྒྲུབ་པར་བྱ་བ་དེའི་མགོར་ཡང་ཡི་གེ་ཧཱུཾ་བཞག་པ་ལས་རྡོ་རྗེ ་འཆང་ཁྲོས་པར་གྱུར་པ་ངེས་ཀྱང་མནན་པར་བསམས་ལ། ཁམ་ཕོར་གཉིས་པ་ཡང་དེ་བཞིན་བྲིས་ཏེ། དེས་སྔ་མ་བཀབ་ལ་ཡི་གེ་བ་ལས་བྱུང་བའི་སྲིང་བུ་སོར་མོས། གཤིན་རྗེ་གཤིང་ལ་སོགས་པ་གང ་ཡང་རུང་བའི་གསང་སྔགས་བསྐུལ་བའི་ཚིག་དང་བཅས་པར་བརྒྱ་རྩ་བརྒྱད་པས།། དབུགས་མི་གཏོང་བར་དཀྲིས་ལ་མདུད་པ་བྱས་ཏེ། རྐང་པ་གཡོན་པར་མནན་ནས་དེ་བཞིན་དུ། གསང་སྔགས ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། སྐུ་གསུམ་ལྡན་པའི་མངའ་ཐོགས་ཤིང་ཞེས་བྱ་བ་ནི་སྐུ་རྡོ་རྗེ་ལ་སོགས་པའི་ཡི་གེ་གསུམ་བཀོད་པའི་མངའ་དེའི་ཕྱག་གཡས་ཀྱིས་ཡོངསུ་འཛིན་པའོ།། གཡོན་པ་ཡིས་ནི་ཞེས ་བྱ་བ་ནི་གཡོན་གྱིས་སོ།། འདོད་པས་ཞེས་བྱ་བ་ནི་འདོད་ཆགས་ཀྱིསོ།། བཞག་སྟེ་ཞེས་བྱ་བ་ནི་མདུན་དུ་འཇོག་པའོ།། པདྨ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དེས་ན་གནས་ལྔར་རོ།། རྣལ་འབྱོར་ཅན་གྱིས་ཞེས་བྱ་བ ་ནོ་རྣལ་འབྱོར་པས་སོ།། འདི་སྐད་སྟོན་ཏེ་དེ་བཞིན་དུ། འདོད་ཆགས་རྡོ་རྗེ་ཅན་གྱི་གཟུགས་ཀྱི་མངའ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་འཛིན་ཙང་མདུན་དུ་བུད་མེང་རྣམ་པར་བསྒོམས་ལ། དེ་སྤྱི་བོར་ཟླ་བའི་དཀྱིལ་འཁོར ་ལ་ཨོཾ་ཛཾ་ཞེས་བྱ་བ་བཀོད་ལ། དེ་ལས་བྱུང་བའི་འོད་ཟེར་དམར་པོའི་ཚོགས་ཀྱིས་གནས་བཅུ་བདུན་དུ་རྟོགས་པའི་དྲེགས་པས་སོད་པར་བྱས་པས། དེས་ཀྱང་དེ་བརྒྱལ་བར་བྱས་ཤིང་དྲག་པ་འདོར་བར་བསམ ་ལ། སྔ་མ་བཞིན་རྡོ་རྗེ་མངའི་སྦྱོར་བས་གནས་ལྔར་དབུག་པར་བྱའོ།། ངོས་གཉིས་ལ་པདྨ་བྲིས་ཞེས་བྱ་བ་ནི་ངོས་གཉིསུ་པདྨ་བྲི་བའོ།། མཛེས་པར་བྱ་ཞེས་བྱ་བ་ཉེ་བར་མཛེས་པའོ།། བྲི་བ་ནི་པདྨའི་ལྟེ་བ་ལ་བྲི་བའོ།། ་མི་ཡི་སྒྲ་ཡིས་བཏགས་ནསྟ་ནི་ཞེས་བྱ་བ་ནི་མི་སྒྲས་བཅིངས་ནུས་ཟླུམ་པོར་བྱས་པས་སོ།། མཐིང་རིལ་གྱིས་རྐང་རུས་ཀྱིས་ཞེས་བྱ་བ་ནི་མཐིང་རིལ་ཞེས་བྱ་བ་ནི་བྱའི་རྐང་པའི་རུས་པས། ཁྲྀ་ཧཱུཾ་མིང་ནས་བརྗོད་ཅིང་། ་བརྡུང་ཞེས་བྱ་བ་ནི་ཟས་སྦྱིན་མ་ཁུ་གྲོ་ཅིག་ཁཾ་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་བརྡུང་།། ཅི་ཞིག་བྱས་ནས་ཤེས་ན། ལམ་གྱི་སུམ་མདོར་ཞེས་བྱ་བ་ལ་སོགས་པ་གསུངསཽ་ཏེ། གཡོན་པ་ཞེས་བྱ་བ་ནི་རྐང་པ་གཡོན་པས་སོ།། ་འགུགས་པར་བརྩོན་པ་ཞེས་བྱ་བ་ནི་ཟས་སྦྱིན་མ་འགྲོགས་པར་བརྩོན་པའོ།། ལྕགས་ཀྱིས་ཞེས་བྱ་བ་ནི་རྐང་པ་གཡོན་པའི་མཐེ་བོང་ཉིད་ཀྱིས་རྡོ་རྗེས་མཚན་པའི་ལྕགས་ཀྱུ་བྲིའོ་ཞེས་སྡོ་མ་དང་སྦྱར་རོ།། གཟུགས་ཅན ་གྱིས་ནི་རྟིང་པར་བརྡུང་ཞེས་བྱ་བོ་ནི་རྣལ་འབྱོར་པས་རྐང་པས་འགུགས་པའི་ཚུལ་དུ་བྱའོ།། འདིས་ནི་ཁམས་གནས་པའི་ཞེས་བྱ་བ་ནི་ཁམས་གསུམ་ན་གནས་པའི་ཟླ་སྦྱིན་མ་རྣམ་སོ།། འདི་སྐད་སྟོན་ཏེ་མིའི་མགོ་ཐོང་གཉིས ་ལས་ཅང་ཏེའུ་བྱས་ལ། སྤྲེའུ་པགས་པ་གཡོགས་ནས་བུད་མེད་ན་ཚོང་དང་ལྡན་པའི་ཁྲག་གིས་ངོས་གཉིས་པདྨ་བྲིས་ལ། དཽར་ཡང་ཡི་གེ་ཁྲོ་བཀོད་ནས་ཧེ་རུ་ཀའི་སྦྱོར་བ་བྱས་ལ། དེའི་སྔགས་དང་ཕྱག་རྒྱས་བྱིན་གྱིས ་བརླབས་ཏེ། ཉི་མ་ཕྱེད་དམ་མཚན་ཕྱེད་ལམ་གྱི་སུམ་མདོར་རྐང་པ་གཡོན་པའི་མཐེ་བོས་དཀྱིལ་འཁོར་ཕྲ་བ་ཕྱེད་པ་དང་འདྲ་བར་བྱས་ལ། དེའི་གྲུར་ཡང་རྡོ་རྗེས་མཚན་པའི་ལྕགས་ཀྱུ་བྱས་ལེ། དེའི་དབུས་སུ་འདུག་སྟེ། ་རྐང་པས་འགུགས་པའི་ཚུལ་དུ་བྱས་ནས། ཁྲག་འཐུང་གི་སྔགས་ཀྱི་མཐར་ཟས་སྦྱིན་མ་བཀུག་ལ། བློ་ཧཱུཾ་ཞེས་བྱ་བ་དང་། མིའི་སྒྲས་འཁོར་བྱས་ལ།། མཐིང་རིལ་གྱི་རྐང་པའི་རུས་པས་བརྡུངས ་པ། ཁྲག་འཐུང་གིས་ཟས་སྦྱིན་མ་བསྣམས་ཏེ། བྱོན་པར་བསམ་པར་བྱའོ།། རྣལ་འབྱོར་པ་སེམས་ལོ་དབང་དུ་གྱུར་པ་ཐོབ་པས་ཚིགོ་ཙམ་ལ་སོགས་པས་ཐམས་ཅིང་དབང་དུ་གྱུར་པ་བསྟན་པའི་ཕྱིར། གང་ཡང ་རུང་བའི་གཟུགས་བརྙན་ལ། གནས་པ་ཡི་ནི་ང་རྒྱལ་གྱིས་ཞེས་བྱ་བ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བའི་གཟུགས་བརྙན་དུ་གནས་པའི་ང་རྒྱལ་གྱིས་སོ།། ཚིག་གི་རྣམ་པ་ཙམ་གྱིས་ཀྱང ་ཞེས་བྱ་བ་ནི་ཚིག་གམ་ལུས་ཀྱི་རྣམ་པས་ཀྱང་ལྷ་ལ་སོགས་པ་མཇུག་གཞུག་ཏུ་འགྱུར་ཞིང་ཐམས་ཅད་བྱེད་པར་འགྱུར་རོ་ཞེས་ཚིག་རྣམ་པར་བསྒྱུར་བར་སྦྱར་བར་བྱའོ།། གང་ཚེ་དབང་ཉིད་ལ་གནས་པ་ཞེས་བྱ་བ་ནི་དབང་ཉིད ་ལ་གནས་པས་གནས་པའོ།། མ་ཙམ་གྱིས་ཀྱང་གཅོད་པའི་མཆོག་ཅེས་བྱ་བ་ནི་གསོད་པས་འདུལ་པོ་མེ་ཙམ་ཀྱང་བཟོད་པའི་མཆོག་གོ།། གླུ་དང་གར་ཞེས་བྱ་བ་ནི་བསྒོམས་པས་བསྒྲུབ་པར་བྱ་བ་དང་གཅིག་ཏུ ་གྱུར་ནས། བདག་ཉིད་ཇི་ལྟ་བ་བཞིན་དུ། གང་རབ་ཏུ་བྱས་པས་འགྲོ་བའི་གཟུགས་ལྷའི་ཡེ་ཤེསུ་བསྒྲུབ་པའོ།། དེ་ལ་དང་པོར་སྦྱིན་སྲེག་བྱ་བ་ནི་མེ་ནི་ལྷའི་ཞལ་ཡིན་པས་ཞེས་བྱ་བ་ནི་དེ་ལ་སྦྱིན་སྲེག་དང་པོ་བྱས ་ནས། གཞན་དག་ལ་སྦྱིན་སྲེག་བྱ་བ་ཡིན་པས་འདི་སྐད་ཅེས་བཤད།། གཙུབ་ཤིང་ལུས་ནི་བྱུང་བའི་མེ་ཞེས་བྱ་བ་ནི་ཞི་བའི་བུད་ཤིང་གཙུབསྡུ་པ་ལས་བྱུང་བའི་མེའོ།། དགེ་བ་ཡི་ནི་ལས་རྣམས་བྱེད་ཅེས་བྱ་བ་ནི ་ཞི་བ་ལ་སོགས་པའི་ལོས་སུ་གང་གསུངས་པ་དེ་ཉིད་ནི། དགེ་བའི་ལས་ཏེ་དེ་བྱེད་པའོ།། ག་དོལ་པའམ་དུར་ཁྲོད་ལྔས་བྱུང་བའི་ཞེས་བྱ་བ་ནི་རིགས་ངན་གྱི་ཁྱིམ་ལས་བྱུང་བ་དང་། དུར་ཁྲོད་ཀྱི་ཤིང་ལ་སོགས ་པ་ལས་བྱུང་བའོ།། ཐབ་ཁུང་ཟླུམ་པོ་ཞེས་བྱ་བ་ལ་སོགས་པ་ལ། ཞི་བའི་ཐབ་ཁུང་ཟླུམ་པོ་སྟེ།། རྒྱས་པ་ལ་ནི་ཟུར་བཞི་པ།། དབང་གི་དོན་དུ་ཟླ་གམ་སྟེ།། མངོན་སྤྱོད་ལས་ནི་གྲུ་གསུམ་མོ་ཞེས་བཤད་པའོ།། ཞི་བའི ་ཐབ་ཁུང་དུ་ནི། འདི་ལྟར་བདུད་དང་ཡམས་ཀྱི་འཚེ་བ་ཉེ་བར་ཞི་བ་ཤེས་པ་བྱ་བའོ།། དཀྱིལ་འཁོར་ཟུར་བཞི་ཁ་ཁྱེར་ལ།། རྡོ་རྗེའི་མཚན་མ་ངག་གིས་བརྒྱན་ཞེས་བྱ་བ་ནི། རྡོ་རྗེ་ཞེས་བྱ་བའི་ཉེ་བར་མཚོན་པས་ཁ ་ཁྱེར་དང་དཀྱིལ་འཁོར་གྱི་མཚམས་སུ། ལུས་ཀྱི་རྗེས་སུ་མཐུན་པར་རྣམ་པར་སྤྱང་མཛད་ལ་སོགས་པའི་མཚན་མོ་བཞག་པའོ།། ལུ་ལ་དག་ནི་ཐམས་ཅད་དུ་ཡང་རྡོ་རྗེ་རྩེ་ལྔ་པ་ཉིད་ཀྱིས་བརྒྱན་པར་བྱའོ་ཞེས་ཟེར་རོ།། ་སྦྱིན་སྲེག་དེ་ཉིད་ཚུལ་རིག་པས་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའོ།། པདྨའི་ཞེས་བྱ་བ་ལ་སོགས་པ་ལ། ཞི་བ་ཡི་ནི་གཙུག་ཏོར་རོ།། དང་གི་ནི་པདྨའོ།། མངོན་སྤྱོད་ཀྱི་རྡོ་རྗེ་རྩེ་ལྔ་པར་གྲགས་པའི་རྡོ་རྗེའོ།། རྡོ་རྗེ་ནི ་བདུད་དང་ཡམས་ཀྱི་འཚོ་བ་ཉེ་བར་ཞི་བའི་དོན་དུའོ།། རྒྱས་པ་ནི་རིན་པོ་ཆེ་སྟེ། དེ་དག་ཐམས་ཅད་ཀྱང་ཞི་བ་ལ་སོགས་པའི་ཐུབ་ཁུང་གི་དབུས་སུ་པདྨའི་སྟེང་དུ་བྱའོ།། ཇི་ལྟར་རིག་པར ་འདུག་ནས་སུ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ལ་ཀུ་ཤའི་རྐུན་པོའི་སྟན་ལ་སོགས་པ་ལ་འདུག་པའོ།། དགང་གཟར་མར་གྱིས་བཀང་ནས་ནི། བླུགས་གཟར་བཀང་སྟེ་དེ་བཞིན་སྲོག་ཅེས་བྱ་བ་ནི་དགང ་གཟར་མར་གྱིས་ཡོངསུ་བཀང་བས་རིགས་ཀྱི་སྙིང་པོའི་གསང་སྔགས་བརྗོད་ལ། རིམ་གྱིས་བླུགས་གཟར་ཡོངསུ་བཀང་བར་སྲེག་བླུགས་དབུལ་བར་བྱེ་སྟེ། དེས་མེའི་གཟི་བསྐྱེད་པར་བྱ་སྟེ། སྦྱིན་སྲེག་ལ ་དགོས་གཡས་སུ་བཞག་ཅེ་བྱ་བ་ནི་ལས་ཀྱི་ཆོ་ག་ཇི་ལྟ་བས་སྦྱིན་སྲེག་གི་རྫས་དྲི་དང་མེ་ཏོག་ལ་སོགས་པ་བཞག་གོ། གཡོན་དུ་ཆུ་ཡི་སྙིང་དག་གོ། ཞེས་བྱ་བ་ནི་བསང་གཏོར་གྱི་ཆུའི་སྣོད་དོ།། ལས་ཀུན་བྱེད་པས ་བཟླས་ནས་སུ་ཞེས་བྱ་བ་ལསཽ་ཐམས་ཅད་པ་སྟེ། རིགས་ཐམས་ཅད་ཀྱིས་ལས་ཐམས་ཅད་བྱེད་པས་སོ།། བསང་གཏོར་དང་ནཱི་འཐ~ཾར་འཐུང་བྱས་ཞེས་བྱ་བ་ནི་བསང་གཏོར་བྱ་བ་ཉིད་ཀྱིས་འཐོར་འཐུང་ལ་སོགསཽ་པ ་བྱའི་གཞན་མི་དགོས་སོ།། ལ་ལ་ནི་གཉིས་པ་ལ་ཡང་ལས་ཐམས་ཅད་བྱེད་པ་དང་། རང་གི་གསང་སྔགས་དང་རིགས་ཀྱི་སྙིང་པོའི་རིག་པོ་ངག་བཟླས་བརྗོད་བྱ་བར་ཤེས་པར་བྱའོ།། ཀུ་ཤའི་རྩེ་མོར་ཞེས་བྱ་བ་ལ ་སོགས་པ་ལ་ཐབ་ཁུང་འཁོར་བ་ཡོངསུ་བསྐོར་པ་སྟེ། དང་པོར་ཤར་དུ་རྩེ་བསྟན་དགྲམ།། གཉིས་པ་ལྷོ་རྱཱ་ཁ་བལྟས་པ།། གསུམ་པཱ་རྩེ་མོ་ནུབ་ཏུ་བལྟ།། བཞི་པ་བྱང་དུ་རྩེ་མོ་བལྟས་པའོ་ཞེས་བྱ་བའི་ཚུལ་འདིས་ཀུ་ཤའི ་རྩེ་མོས་མནན་པའི་ཐབ་ཁུང་བྱའོ།། གཡས་པ་མི་འཇིགས་མཐེབ་བསྐྱེད་ཅིང་ཞེས་བྱེ་བ་ནི། ལག་པ་གཡོན་པས་ལག་པ་གཡས་པའི་མཁྲིག་མ་བཟུང་ལ། ལགཽ་པ་གཡས་པ་བརྐྱང་སྟེ། མི་འཇིགས་པ་སྦྱིན་པའི ་ཚུལ་དུ་བྱས་ལ། མཐེ་བོང་ལོག་པའི་མཐིལ་དུ་བཞག་སྟེ། སྤྱན་འདྲེན་པའི་ཚུལ་གྱིས་བསྐྱེད་པར་བྱའོ།། ལག་གཡོན་རྡོ་རྗེ་བསང་གཏོར་ཞེས་བྱ་བ་ནི། བདུད་རྩི་ཐབ་སྦྱོར་གྱི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱས་སོ།། ་དེ་ལ་ལོག་པ་གཡས་པས་ཇི་བཞིན་དུ་བསངས་ལ། ཕྱག་རྒྱ་བཞི་མངོན་པར་རྒྱས་གདབ་པོ།། མཆོད་ཡོན་རྣམ་པ་ལྷས་དབུལ་ཞེས་བྱ་བ་ནི། མཆོད་ཡོན་དང་ཞབས་བསོལ་དང་། བསང་གཏོར་ཕུལ་ནས་མེ་ཏོག་ལ་སོགས ་པ་རྣམས་ཀྱིས་མཆོད་དོ།། ཐོག་མ་དང་ཐ་མར་དེ་ཇི་ལྟར་བསམ་ཞེ་ན། མེའི་ཕྱོགས་ནསྣ་བོད་པ་ནཱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེའི་ཕྱོགས་ནས་ཇི་སྐད་དུ་གསུངས་པའི་གཟུགས་སོ།། ལས་ཀྱི་འོད་ཟེར་རྣམས ་ཀྱིས་བརྒྱན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པ་ལ་དཀར་པོ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་བརྒྱན་ཅིང་སྤུང་པའོ།། དེའི་ཕྱག་ཇི་ལྟར་བསམ་ཞེ་ན། ལག་པ་དང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། བཞུགས་སུ་གསོལ ་ཞེས་བྱ་བ་ནི་སྤྱན་དྲངས་པའི་འོག་ཏུའོ།། དེ་ལ་སྦྱིན་སྲེག་ལ་དགོངས་པ། ཀུན་ལ་ལན་གསུམ་བསྲེག་བླུགས་ཞེས་བྱ་བ་ནི། མཆོད་ཡོན་ལ་སོགས་པའི་འོག་ཏུ་བགེགས་དང་བཅས་པ་དང་། བགེགས ་མེད་པ་བརྟགས་ལ་སྦྱིན་སྲེག་གི་ཡོ་བྱད་མར་ལ་སོགས་པ་ཐམས་ཅད་ལས་སྲེག་བླུགས་ལན་གསུམ་དབུལ་ལོ།། རིམ་པ་འདིའི་ཚུལ་གྱིས་ནི། མཁས་པས་ལྷ་རྣམས་ཚིམ་པར་བྱ་བ་ནི། དེ་ནས་པདྨ་དང་ཟླ་བ་ལ་ལྷ་རྣམས་ཇི ་ལྟ་བ་བཞིན་དུ་བསམོས་ཏེ། རང་གི་གནས་ནས་སྤྱན་དྲངས་ལ་མཆོད་ཡོན་ལ་སོགས་པ་ཕུལ་ནས། དང་པོ་ལས་དང་རྗེ་སུ་མཐུན་པའི་སྔགས་ཀྱིས་དགང་བླུགས་ཕུལ་ལ། ཕྱི་ནང་རང་གི་གསིང་སྔགས་ཀྱིས་ཀྱང ་ཇི་ལྟ་བ་བཞིན་དུ་སྦྱིན་བྱས་ལ། མཁས་པ་དག་གིས་ལྷ་རྣམས་ཚིམ་པར་བྱའོ།། ལེགས་པར་ཚིམ་བྱས་བཟོད་པར་གསོལ་ཏེ། ཞེས་བྱ་བ་ནི་ཡོ་བྱད་མ་ཚང་བ་ལ་སོགས་ཉེས་པར་མི་གཟུང་བའི་ཕྱིར་བཟོད་པ ་མཛོད་ཅིག་ཅེས་བརྗོད་དོ།། འདོད་པའི་དངོས་གྲུབ་གསོལ་པ་གདབ་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་མངོན་པར་འདོད་པའི་དངོས་གྲུབ་རྫོགས་པའི་ཕྱིར་གསོལ་བཏབ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ ་བར་བྱའོ་ཞེས་ཤེས་པར་བྱའོ།། འཁྱིལ་པ་ཞེས་ཞེས་བྱ་བ་ནི་འཁྱིལ་པར་གྱུར་པའོ།། བསྒོམ་དང་བཟླས་འབད་པར་བྱ་ཞེས་བྱ་བ་ནི་དེའི་འོག་ཏུའོ།། ཨོཾ་ཞེས་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཨོཾ་གྱིས་ཀླུའི ་རྣམ་པ་སྔགས་ཀྱི་མཐར་བྱ་བ་ནི་རྒྱས་པའི་ལས་ལ་སྦྱོར་རོ།། སྭཱ་ཧཱ་ནི་ཞི་བ་ལའོ།། ཧོ་ནི་དབང་ལ་ཤེས་པར་བྱའོ།། མངོན་སྤྱོད་ལཱ་ནི་ཡི་གེ་ཧཱུཾ་གིས་སོ།། བདུད་དང་ཡམས་ཀྱི་འཚེ་བ་ཉེ་བར་ཞི་བ་ལ་ཡི་གེ་ཕཊ་ཀྱིས་རབ་ཏུ་ཞི་བར ་བྱས་པའོ།། དེ་ལྟར་བྱས་ནས་དེའི་འོག་ཏུ་ཞི་བའི་སེམས་ཀྱིས་ཞི་བ་ལ་ཞེས་བྱ་བ་ནི། སྔགས་པས་ཞི་བའི་ལས་ལ་སེམསོ་ཞི་བ་སྟེ། བདུད་དང་ཡམས་ཀྱིས་འཚེ་བ་ཉེ་བར་ཞི་བ་ཡང་བསྐུལ་བའི་ཚིག་དང་ཞེས་བྱ་བ་ལ་སོགས ་པོ་སྟེ། ཆེ་གེ་མོ་ཞི་བར་མཛོད་ཅིག་ཅེས་བྱ་བ་ལ་སོགས་པ་བསྐུལ་བའི་ཚིག་དང་། གསང་སྔགས་སྤེལ་བ་དང་ལྡན་པས་ལས་བྱའོ།། སྔགས་བསྒྲུབ་ཅེས་བྱ་བ་ལ་སོགས་པ་ལ། ཞི་བ་ལ་སོགས་པའི་ལས་སྣ་ཚོགས་པ་གང ་ཡིན་པ་ལ། རྣམ་པར་སྣང་མཛད་ལ་སོགས་ངེས་པར་སྦྱང་བ་ལ། ལས་གང་ཡིན་པ་དེ་ཉིད་ཡོངསུ་རྫོགས་ནས་མཆོད་པར་བྱའོ།། བཤང་ལྕི་ལ་སོགས་པའི་སྦྱིན་སྲེག་བྱས་པས། ཇི་ལྟར་སྡིག་པར་མི་འགྱུར་ཞེས ་འགའ་ཞིག་སུམ་ཉི་སྐྱེ་བར་འགྱུར་བ་ཇི་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ།། མི་གཙང་བ་ཡིས་བཀང་ན་ཀོ། ཞེས་བྱ་བ་ནི་ཞལ་ཡོངསུ་བཀང་བའི་ཕྱིར། ཅིའི་ཕྱིར་སྔགས་པར ་བྱ་བ་མ་ཡིན་པ་ཡོངསུ་གཟུངས།། གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་གཏན་ཚིག་གསུངས་པ་སྟེ། གལ་ཏེ་སྡིག་པ་ཡིན་ན་མངོན་པར་འདོད་པའི་འབྲས་བུ་ཇི་ལྟར་འབྱུང་སྟེ། དེ་བས་ན་མེད་དོ་ཞེས་སྟོན་ཏོ། ཆོས་ནི་རང ་བཞིན་གྱིས་དག་སྟེ། སྐྱེ་བ་མེད་ཅིང་གནས་མེད་ཀྱང་ཞེས་བྱ་བ་ནི་དོན་དམ་པར་རོ།། སེམས་ཅན་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་རྣམས་ཀྱིས་ལྷག་པར་མོས་པའི་འབྲས་བུའི་ཡེ་ཤེས ་རབ་ཏུ་གྲུབ་པའི་ཕྱིར་བསྟན་ཏོ།། དམ་པའི་དོན་དུ་དགེ་སྤངས་ན་ཞེས་བྱ་བ་ནི། གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེསུ་བག་ཚོགས་ཐམས་ཅད་རྩ་བ་ནས་འབྱིན་པས་སོ།། སྤྲོས་ཅི་དགོས་ཞེས་བྱ་བ་ནི་འཛིན་པར་རྟོག ་པའོ།། དཔེ་བསྟན་པའི་ཕྱིར་དཔེར་ན་ཆུ་ཀླུང་ཞེས་བྱ་བ་ལ་སོགས་གསུངས་ཏེ། ཆུས་གང་ཆུ་ཀླུང་གིས་ཞེས་བྱ་བ་ནི་འདྲིར་མཐོང་ངོ་ཞེས་ཤེས་པར་བྱའོ།། ཆུ་ལས་བརྒལ་པོའི་གཟིངས་བྱས་ནས།། ཞེས་བྱ་བ་ནི ་ཆུ་དེ་ལས་བརྒལ་བའི་ཕྱིར་རོ།། དེ་བསྟན་པའི་དོན་གསུངས་པ་ནི། དེ་བཞིན་ཞེས་བྱ་བ་ལ་སོགས་པ་ཡིན་ཏོ།། ཆོས་ཀྱི་ཡམ་ནི་བསྐྱེད་བྱས་ཀྱང་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཆོས་ཀྱི་ལམ་ལ་གནས་པས་འཁོར ་བའི་ཕ་རོལ་སོན་པའོ།། ཆོས་དང་ཆོས་མིན་རྣམས་སྤངས་ནས་ཞེས་བྱ་བ་ནི་དེ་གཉིས་ཀའི་རྣམ་པར་རྟོག་པ་དང་བྲལ་བའོ།། འདི་སྐད་སྟོན་ཏེ། བགོ་ཆགས་ཐམས་ཅད་རྩད་ནས་འདོན་པའི་ཕྱིར། བསོད་ནམས ་ཀྱང་སྤང་བར་བྱ་ན། གཞན་དག་ལྟ་ཅི་སྨོས། ད་ནི་དེ་ལྟར་བསྟན་པ་འདི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ།། ཞེས་སོམ་ཉི་དང་བྲལ་བའི་བསམ་པས་རབ་ཏུ་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེའི་ཕྱིར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ལུང་གིས་ཆོས་ལ་གོམས་པའི་རྒྱུད་ཀྱིས་ཟབ་མོ་ཆོས་རྣམ་པར་འཕེལ་བར་བྱའོ།། ལས་ཀྱི་རིམ་པ་བརྒྱ་པས་བསྟན་པ་ནི་འདིར་མ་བྲིས་སོ།། ད་ནི་དམ་ཚིག་མེད་ན ་དངོས་གྲུབ་དུ་མི་འགྱུར་བར་བསྟན་པའི་ཕྱིར་དབང་པོ་གཉིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་ང་རྒྱལ་གྱིས་གཟི་བྱིན་བསྐྱེད་ཅིང་འབར་བར་གྱུར་པས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་རང ་གིས་ལྷའི་སྐུར་བསྒོམས་པའི་ཡེ་ཤེས་ཀྱི་ཚེ་འདི་ཉིད་ལ་ཡེ་ཤེས་རྫོགས་པར་བྱའོ་ཞེས་སྦྱར་རོ།། དམ་ཚིག་འདི་དག་ཐམས་ཅད་ཀྱང་སྐུ་རྡོ་རྗེ་ལ་སོགས་པའི་དབྱེ་བས་གསུམ་དུ་ཡང་འགྱུར་པས། ལས་ལས་བྱུང་བར་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་བ་དང་མི་དགེ་བའི་ལས་ལས་བྱུང་བའོ་སྐྱེས་པ་དང་བུད་མེད་ཀྱི་གཟུགས་ཡིད་དུ་འོང་བ་དང་ཡིད་དུ་མི་འོང་བ་དཔག་ཏུ་མེད་པ་མཐོང་བ་ནི་དེ་ཉིད་ཀྱི་སྤྲུལ་པ་སྟེ། དེ་བས་ན་སྐུ་རྡོ་རྗེ ་ཉོཉིད་ལུས་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ་ཞེས་རྣལ་འབྱོར་པས་ལྷག་པར་མོས་པ་བྱས་ཏེ། དེ་ནས་དེ་བཞིན་གཤེགས་པ་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཁམས་གསུམ་པ་ཐམས་ཅད་ཀྱི་ལུས་རྡོ་རྗེ་ལ་གནས་ཤིང་ཞེས་གཞན་དག ་ལས་གསུངས་པས་སོ།། ངན་རྟོགས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་ཐམས་ཅད་ཀྱི་སེམས་ལ་བརྟག་པ་དང་། བདག་ལ་སོགས་པའི་དྲ་བ་རྣམས་དང་། དབྱུག་པ་དང་ཐལ་ལྕག་ལ་སོགས་བརྡུང་ཞིང་སྨད ་པ་དང་། སུན་དབྱུང་བར་མི་བྱའོ།། བདག་ཉིད་ཀྱིས་ཀྱང་སྨད་པར་མི་བྱ་སྟེ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཐམས་ཅད་མི་འདོད་བཞིན་དུ་རྒྱུན་དུ་འབྱུང་བ་ལས་ཅི་ནུས་པར་རང་གི་བདག་ཉིད་ཐམས ་ཅད་ལ་རྟག་ཏུ་བསྲུང་བར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ།། དེ་ཡང་ཐུགས་རྡོ་རྗེ་ཡང་གང་ཡིན་པ་དེ་ཉིད་ནི་སེམས་ཅན་ཐམས་ཐམས་ཅད་ཀྱི་ངོ་བོ་ཡིན་ནོ།། དེ་ཡང་དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐུགས་རྡོ་རྗེ་ཁམས་གསུམ་པ་ཐམས་ཅད་ཀྱི་སེམས་རྡོ་རྗེ་ལ་གནས་ཤིང་ཤྲཱིས་གསུངས་པའི་ཕྱིར། སྲིད་པས་བསྐྱེད་རྩུབ་ཅེས་བྱ་བ་ལ་སྩོགས་པ་ལ། སྲེད་པ་ནཱི་ནོར་སོ་སོར་བསྒྲུབ་པ་ལ་བསྡུ་ཞིང་ལྷུར ་ལེན་པ་ཡིན་པར་ཤེས་པར་བྱའོ།། ཚིག་ནི་ངག་གི་རྣམ་པའོ།། ཇི་སྐད་དུ་བཤད་པའི་ཕ་རོལ་པོའི་ཚིག་ཀྱང་སྨོད་པར་མི་བྱའོ་ཞེས་ཀྱང་ཤེས་པར་བྱའོ།། གཏན་ཚིག་ཀྱང་འདིར་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ།། རང ་གི་ལུས་སུ་རྟོག་པའི་ཤྭ་ལ་སོགས་པ་ལ་རྣམ་པར་སྣང་མཛད་ལ་སོགས་པ་བསམ་པར་བྱའོ་ཞེས་བསྟན་པའི་ཕྱིར། རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལུས་པོའི་ཤི་ལ་ཡི་གཽ་ཨོཾ་ལས ་རྣམ་པར་སྣང་མཛད་ཇི་ལྟ་བ་བཞིན་དུ་བསམ་པར་བྱའོ།། རྐང་ནི་མི་བསྐྱོད་པའི་གནས་ཞེས་བྱ་བ་ནི། རྐང་ནི་བྱང་ཆུབ་ཀྱི་སེམས་ཏེ། དེ་ཉིད་མི་བསྐྱོད་པའི་བཞུགས་གནས་ཡིན་པས་ན་གནས་སོ།། དེ་ཡང་འདི་སྐད་དུ ་སྟོན་ཏེ། རྐང་ལ་ཡི་གྷེ་ཧཱུཾ་ལས་མྱི་བསྐྱོད་བུས་བསམ་པར་བྱའོ་ཞེས་པའོ།། རིན་ཆེན་འབྱུང་བ་ཞེས་བྱ་བ་ནི་ཡི་གེ་ཏྲཾ་ལུས་རིན་ཆེན་འབྱུང་ལྡན་བསམ་མོ།། སེམས་ཅན་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ ་སེམས་ཅན་རྣམས་ཀྱིས་ཕུང་པོའི་རུས་གོང་ཡི་གེ་ཨ་ལོས་སྣང་བ་མཐའ་ཡས་བསམ་པའོ།། རྩཝའི་ཞེས་བྱ་བ་ལ་སོགས་པ་ལ་རྩའི་ཚིག་རྣམས་ཀྱིས་རྒྱུན་ལ་ཁཾ་ལས་དོན་ཡོད་གྲུབ་པོ་བསམ་མོ།། གང་འདིར ་རྟེན་དང་བརྟེན་པའི་ངོ་བོ་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པར་བསྟན་མོད་ཀྱི་འོན་ཀྱང་དེའི་ངོ་བོ་ཉིད་ཡིན་པར་ཤེས་པར་བྱའོ།། དམ་ཚིག་མཁས་པ་ཞེས་བྱ་བ་ལ་སོགས་པ་ལ། ཤ་ལ་སོགས་པའི་ངོ་བོ ་ཉིད་རྣམ་པར་སྣང་མཛད་ལ་སོགས་པར་སྔགས་པ་རྣམས་ཀྱིས་གསང་བ་ཡིན་པར་བསྟན་ཏོ།། རྟེན་ཅིང་ཞེས་བྱ་བ་ལ་སོགས་པ་ལ། མེ་ཏོག་ལ་སོགས་པས་མཆོད་ནས། སྦྱང་བ་ལ་སོགས་པས་ཇི་ལྟ་བ ་བཞིན་དུ་བྱ་སྟེ། བཟའ་བར་བྱའོ་ཞེས་གཞན་དགེ་འདོད་མོད་ཀྱི་དེ་ཉིད་མི་རིགས་པར་འདི་ཉིད་ཀྱི་འོག་ནས་སྟོན་ཏོ།། འདོད་ཆགས་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ནི་རྡོ་རྗེའི་ཆོས་སོ།། ཞེ་སྡང་ནི་རྡོ་རྗེ་སེམས ་དཔའོ།། རྨོངས་པ་ནི་རྣམ་པོར་སྣང་མཛད་དོ།། སྲེད་པ་ནི་ཡིད་ཀྱིས་མངོན་པར་འདོད་པ་སྟེ། དེ་ཡང་རྡོ་རྗེ་རིན་ཆེན་ནོ།། འདུ་བྱེད་ནི་ཕྲ་དོག་སྟེ། དེ་ཡང་སྣ་ཚོགས་རྡོ་རྗེའོ།། གསུང་རྡོ་རྗེ་ལ་སོགས་པ་འདི་དག་འདོད་ཆགས ་ལ་སོགས་པའི་ངོ་བོ་ཉིད་ཇི་ལྟར་ཡིན་པ་ནི། བཅོམ་ལྡན་འདས་ཀྱིས་ཟླ་གསང་ཐིག་ལེའི་རྒྱུད་ལས་གསལ་བར་བསྟན་ཏེ། དེ་འདིར་གཏན་ཚིགས་ཀྱི་ཚུལ་གྱི་བྲི་བར་བྱ་སྟེ། ཤེས་རབ་ཐབས་ཀྱི་རང་བཞིན ་གྱིས།། སེམས་ཅན་ཐམས་ཅད་དགའ་མཛད་ཅིང་།། པདྨས་པདྨ་སང་མཛད་པས།། དེ་ཕྱིར་འདོད་ཆགས་ཞེས་བརྗོད་དོ།། ངན་སོང་གསུམ་གྱིས་འཇིགས་བྱེད་དུ།། སེམས་ཅན་མོངས་སྡུད་བྱེད་པས།། དེ་ཡི་ཕྱིར་ན ་རྡོ་རྗེ་ཆེ།། ཞེ་སྡང་ཞེས་ནི་བསྒྲགས་པ་ཡིས།། ངན་སོང་འཇིགས་པ་ཆེན་པོ་རུ།། སེམས་ཅན་ཐམས་ཅད་རྨོངས་བྱེད་པས།། དེ་ཡི་ཕྱིར་ནི་གཏི་མུག་ཆེ།། རྟག་པ་ཐུབ་མཆོག་ཡིན་ནོ།། བིདེ་ཆེན་སྦྱིན་པའི་སྤྲིན་གྱིས ་ནི།། སེམས་ཅན་ཐམས་ཅད་ང་རྒྱལ་བསྐྱེད།། ནམ་མཁའ་བདེ་བ་བསྡུ་བའི་ཕྱིར།། དེ་ཕྱིར་མཁས་ཆེན་ང་རྒྱལ་ཡིན།། རོ་ལ་སོགས་པ་མཉམ་སྦྱོར་བས།། ཕྲག་དོག་རྡོ་རྗེ་གདོན་མི་ཟ།། སྣ་ཚོགས་པ་ན་ཕྱེ་བའི་ཕྱིར།། དེ ་ཡི་ཕྱིར་ནི་སྣ་ཚོགས་ཆེ་ཞེས་གསུངས་ཡིན་ནོ།། ལ་ལ་ནི་འདོད་ཚིགས་ལ་སོགས་པ་ཉིད་བྱང་ཆུབ་ཀྱི་ངོ་བོར་བསྒོམ་པ། ཁྱད་པར་དུ་བསྲོ་བས་ནས། གསུང་རྡོ་རྗེ་ལ་སོགས་པའི་ངོ་བོ་པོ་ཉིད་ཀྱི་ཆོས་ལྔའི་ཐར་པ་ཐོབ་པར ་བྱེད་པོ་བསྟནི་ལ། དེ་ལ་མངོན་པར་ཞེན་པ་མ་སྤངས་པས་ནི་སྡིག་པ་དང་བཅས་ཤིང་ཉོན་མོངས་པ་ལ་བརྟེན་པར་བརྟེན་པས་ནི། མི་ཤེས་པ་ཐོབ་པར་བྱེད་པའི་ངོ་བོ་ཉིད་ཡིན་པར་དེ་བཞིན་གཤེགས་པས་གསུངས་པ ་ཡིན་ནོ།། དེ་ཡང་ཐབས་ཆེན་རྣམས་དང་ལྡན་གྱུར་ན།། ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར།། འཁོར་བའང་ཞི་བའི་མཚན་ཉིད་དེ།། དེ་ཕྱིར་དེ་བཞིན་གཤེགས་བསམ་ཡས།། ཞེས་བཤད་པའི་ཕྱིརརོ་ཞེས་ཟེར་རོ།། ་བཤང་གཙ་ཞེས་བྱ་བ་ལ་སོགས་པ་ལ། བཤང་བ་ལ་སོགས་པ་རྟག་ཏུ་ཡོངསུ་འཛག་པའི་ཆོས་ཅན་དུ་གྱུར་པ་འབྱུང་བ་ཆེན་པོའི་བདག་ཉིད་ཅན་གྱི་དམ་ཚིག་ནི་རྣམ་པར་སྣང་མཛད་ལ་སོགས་པོའི་ངོ་བོས་བསྙེན ་པར་འོང་པ་ཉིད་དུ་བསྐྱེད་ཅིང་བསྒོམ་པ་ལ་བརྩོན་པས་དྲི་མན་དག་བཞིན་དུ་སྦྱར་བ་དང་། རྟོགས་པ་དང་རབ་ཏུ་འབོར་བར་བྱས་ནས་བཟའ་བར་བྱའོ།། དཀྱིལ་འཁོར་ལ་སོགས་པ་ལ་ཡང་རྫས་དེ་ཉིད་ཀྱིས་སློབ ་མ་རྣམས་ལྔ་དམ་ཚིག་གི་ཕྱིར། སྦྱིན་པར་བྱ་སྟེ་དམ་ཚིག་གི་གསང་སྔགས་རྣམས་གྲུབ་པར་འགྱུར་རོ་ཞེས་གསུངས་པས་འདོ་སོམ་ཉི་མི་བྱའོ།། སྦྱིན་སྲེག་རབ་ཏུ་སྟོན་པའི་གཞུང་གི་ལེའུ་ལ་ནི། སྦྱིན་སྲེག་རིམ ་པར་ཕྱེ་བའི་སྒྲར་བརྗོད་དོ།། ལེའུ་དགུ་པའི་འགྲེལ་པའོ།། །། སྦྱིན་སྲེག་བྱས་ཀྱང་ཆོ་ག་མ་ཚང་བས་ཀྱང་དངོས་གྲུབ་ཀྱི་སྣོད་དུ་མི་འགྱུར་བས། དེ་ནས་ཞེས་བྱ་བ་ལ་སོགས་པ་ས་བཅུ་པོ་ཆེ་ག་ཐུམས ་ཅད་བསྟན་པའི་རིམ་པར་ཕྱེ་བ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད་ནས་ཤི་ན། ཏིང་ངེ་འཛིན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཏིང་འཛིན ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཏིང་ངེ་འཛིན་ཏོ།། དེ་རྣམས་ཀྱི་དངོས་གྲུབ་ནི་འཁོར་ལོ་ལ་དངོ་སོགས་པའི་དངོས་གྲུབ་བོ།། དེ་ཉིད་ནི་དམ་པའི་རྡོ་རྗེའོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན ་ནི་བཤད་ཟིན་ཏོ།། རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་སྟོན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། དམ་ཚིག་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར ་གྱི་ལྷ་ཐམས་ཅད་ཀྱི་འཁོར་ལོ་ལ་སོགས་པའི་དངོས་གྲུབ་གསུངསོ།། ཞེས་བྱ་བའི་དོན་ཏེ། གསང་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས། རང་གི་ལྷའི་སྐུ་གསུང་ཐུགས་བསྒོམ་པ་ལ་མངོན་པར་བརྩོན་པས། འཁོར ་ལོ་ལ་སོགས་པའི་དངོས་གྲུབ་བདག་ལ་སྩོལ་ཅིག་ཅེས་བྱ་བའི་བསྐུལ་ཚིག་དང་བཅས་པར་གསང་སྔགས་བརྗོད་ལ་དེའི་འོག་ཏུ་འཁོར་ལོ་ལ་སོགས་པ་ལ་སྐུ་རྡོ་རྗེ་ལ་སོགས་པ་གཞུག་ཅིང་བསྒོམ་པའི་རྣལ་འབྱོར་བྱས་ནས། ་རང་གི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་ལ་སོགས་པའི་རྫས་བསྒྲུབ་པར་བྱའོ།། དངོས་གྲུབ་བསྒྲུབ་པའི་ཐབས་གསང་ཆེན་ཞེས་བྱ་བ་ནི་བུ་མོ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པའི་ཐབས་ཀྱང་ཉོན་ཅིག་ཅེས་འདིར་དང་གི ་སྒྲ་ཡོད་པར་བལྟའོ།། དེ་ཉིད་གསལ་བར་བསྟན་པའི་ཕྱིར་རྣམ་པར་སྣ་ང་མཛད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ནི་གོ་སླའོ།། འོད་སྐད་སྟོན་ཏེ། ཇི་སྐད་དུ་བཤད་པའི་སྦྱོར་བས་ལྷའི་རྣལ་འབྱོར་བྱས་ལ། ཚེས་གྲངས ་དང་རྒྱུ་སྐར་ལ་སོགས་ཤིས་པ་ལ་འཁོར་ལོའི་དངོས་གྲུབ་ཀྱི་ཕྱིར། སྐུ་རྡོ་རྗེ་ལ་མཆོད་ཡོན་ཕུལ་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱི་བཀའ་ཐོབ་དེ་སྲིད་ཀྱི་བར་དུ་གསང་སྔགས་དམ་པ་བཟླས་པ་འམ་བསྒོམ་པར་བྱའོ།། དེ་ནས ་བཀྲ་ཤིས་དང་དགེ་མཚན་དག་བྱ་ཞིང་། དུལ་བའི་སྤྱོད་ལ་མོ་ཕུན་སུམ་ཚོགས་པས་བདག་ཉིད་སོང་ལ་རིན་ལ་མི་བརྩེགས་པར་གནམ་ལྕགས་ཉོའོ།། དེ་ནས་བཟོ་བོ་བཟང་པོ་གླ་རྔན་ལ་མ་བརྩེགས་པར་འཁོར་ལོ་རྩིབས་བརྒྱད ་པའམ། དྲུག་པ་མཐོ་གང་པ་བྱས་ནས་ལས་ཐམས་ཅང་བཟླས་པའི་ཆུ་དང་། སྤྱན་གྱིས་གསང་སྔགས་བཟླས་པའི་ཆུས་བསང་གཏོར་བྱའོ།། དེ་ནས་ཐམས་ཅད་བཟླས་པའི་རྣམ་ལྔས་དཀྲུའོ།། དེ་ནས་ཏིལ་གྱི་ཆུས་སོ།། ་དེ་ནས་རྣམ་པར་སྣང་མཛད་ཀྱི་སྙིང་པོ་བཟླས་སྤོས་ཆུས་དཀྲུའོ།། དེ་ནས་ཤིན་ཏུ་སྩོགས་པའི་སྣོད་ཀྱི་སྟེང་དུ་བཞག་ལ་ཐུན་བཞིར་བཟླས་པ་དང་བསྒོམ་པ་ཇི་ལྟ་བ་བཞིན་དུ་བྱས་ནས། གསང་སྔགས་ཚིམ་པར་བྱ་བའི་ཕྱིར ་རྫས་དང་རྗེ་སུ་མཐུན་པའི་སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་བྱས་ཏེ། ཨོཾ་ཏེ་ཛེ་ཏེ་ཛེ་སྭཱ་ནི་སིདྡྷ་སཱ་དྷཱ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་འདི་སྦྱིན་སྲེག་བྱས་ལ། རྫས་གཟི་བྱིན་བསྐྱེད།། མེ་ཏོག་ལ་སོགས་པས་ཀྱང་མཆོད་ནས་ལསཽ་ཐམས་ཅད ་པས་ཀྱང་བཟླས་པའི་ཆུ་དང་ལག་པས་བྲན་ཞིང་རེག་པར་བྱའོ།། དེ་ནས་བསྒྲུབ་པ་ལ་བབ་པའི་དུས་སུ་རི་བོ་ལ་སོགས་པོ་དཀྱིལ་འཁོར་བྲིས་ལ། འཁོར་གྱི་ལས་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱ་སྟེ། བདག་ཉིད ་དབང་བསྐུར་བ་ལ་སོགས་པ་བྱས་ནས། རྣམ་པར་སྣང་མཛད་དང་སྤྱན་གྱི་སྔགས་ཀྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དང་ལྡན་པས་འཁོར་ལོ་ལ་སྦྱིན་སྲེག་དབུལ་ལོ།། དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཡང ་རྫས་དང་རྗེསུ་མཐུན་པར་སྦྱིན་སྲེག་བྱའོ།། དེ་ནས་ཇི་སྐད་བཤུད་པའི་གསང་སྔགས་ཀྱིས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་པས། གཟི་བྱིན་བསྐྱེད་པ་ལེགས་པ་བསྲུངས་ནས། ཇི་སྦྱིན་སྲེག་ཇི་ལྟ་བ་བཞིན་དུ་ཉེ་བར ་བསྡུ་བར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སར་ཞུགས་ལ་མཆོད་ཡོན་དབུལ་བ་ལ་སོགས་པའི་མཆོད་པ་བྱས་ནས་ཕྱག་བྱས་ཏེ། འཁོར་ལོ་མདུན་དུ་བཞག་ལ་དེར་ཡང་སྐུ་རྡོ་རྗེ་ལ་སྩོགས་བཞུགས་པར་བསྒོམས་ནས། ་ཨོཾ་ཛི་ན་ཛི་ཀ། ཙཀྲ་སིདྡྷི་མེ་པྲ་ཡཙྪ། ཞེས་བྱ་བའི་གསང་སྔགས་མཚན་ཐོག་ཐག་བཟླས་བརྗོད་བྱའོ།། དེ་ནས་ཧོ་མི་འཆང་ཁ་ན་འཁོར་ལོ་འབར་བར་མཐོང་ན་ལངས་ཏེ། སྤྱན་གྱི་གསང་སྔགས་བརྗོད་ཅིང་དེ་བླངས་ལ ་ཡི་གེ་བརྒྱ་པས་བརྟན་པར་བྱས་ནས། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྡུ་བར་བྱས་ཏེ། སངས་རྒྱས་ལ་སོགས་པ་ལ་མཆོད་པའི་ཕྱིར་རྫས་རྣམ་པར་བགོ་བར་བྱ་ཞིང་། བླ་མ་ལ་ནི་རིན་པོ་ཆེ་ལ་སོགས་པ་བདག་ཏུ་བཟུང ་པ་ཡོད་པས་མཆོད་ལ་ཕྱག་བྱས་ནས་དེའི་སྐལ་པ་བླང་བར་བྱའོ།། སྒྲུབ་པའི་གྲོགས་མཆོག་ལ་ནི་ནོར་སྦྱིན་པ་འམ། བླ་མའི་ཡང་དག་པོའི་མན་ངག་བྱིན་པས་དེའི་སྐལ་བ་བླས་ལ། རྣམ་པར་སྣང་མཛད་ཀྱི་སྔགས ་ཟློཟོས་ཤིང་གང་དུ་འདོད་པས་སོང་ན། ཇི་སྐད་འདོད་པའི་ཡོན་ཏན་དང་ལྡན་པར་འགྱུར་རོ།། རྡོ་རྗེ་ལ་སོགས་པ་བསྒྲུབ་པ་ཡང་དེ་བཞིན་ནོ།། སྐུ་གསུམ་རྣམ་པར་འཕེལ་འགྱུར་ཞིང་ཞེས་བྱ་བ་ནི། ཨོཾ་ཨཱཿཧཱུཾ་ཞེས་བྱ ་བིས་སྐུ་རྡོ་རྗེ་ལ་སོགས་པ་རབ་ཏུ་ཞུགས་པར་འཕེལ་བར་འགྱུར་རོ།། རྫས་ཀྱི་དངོས་གྲུབ་བསྟན་ནས། ད་ནི་བུ་མོ་བསྒྲུབ་པ་བསྟན་པའི་ཕྱིར། རྫས་ཀྱི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོའི་རྡོ་རྗེ ་ཐོགས་ལ། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པའོ།། རྣལ་འབྱོར་ཆེ་ལཱ་གནས་པས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་རང་གི་ལུས་ལ་དགོད་ཅིང་འཇོག་པས་སོ།། དེ་ལ་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཆེན་པོ་ནི་འདི་ཡིན ་ཏེ། ལྷ་ཐམས་ཅད་ཀྱི་གནས་སུ་ས་མ~ཾ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ་འཁོར་ལ་སོགས་པར་བཀོད་ལ། སྙིང་གར་མི་བསྐྱོད་པ་རྣམ་པར་བསམ་མོ།། དཔྲལ་བར་ནི་རིན་ཆེན་འབྱུང་ལྡན། ལྐོག་མར་ནི་འོད་དཔག་མེད ་པ། སྤྱི་བོར་ནི་དོན་ཡོད་པར་གྲུབ་པ། མིག་གཉིསུ་སངས་རྒྱས་སྤྱན། མི་བསྐྱོད་པའི་གཡོན་ལོག་སུ་མཱ་མ་ཀཱིའོ།། འདོད་དཔག་མེད་ཀྱི་གཡོན་ལོག་སུ་གོས་དཀར་མོ།། དོན་ཡོད་པར་གྲུབ་པའི་གཡོན་ལོགསུ་སྒྲོལ་མ། མི ་བསྐྱོད་པ་ལ་སོགས་པའི་གཡོན་ལོགས་སུ་རྡོ་རྗེ་སེམས་མ་ལ་སོགས་པ་བཞི་མི་བསྐྱོད་པའི་རྒྱབ་ཏུ་བསྐུལ་བྱེད་མ། རིན་ཆེན་འབྱུང་ལྡན་གྱི་གཡོན་ལོགསུམ་རིན་ཆེན་སྒྲོལ་མ། དེ་བཞིན་གཤེགས་པ་ལྷག་མའི་རྒྱབ་ཏུ་ཁྲོ་གཉེ ་ཅན་མ་དང་རྡོ་རྗེ་ལུ་གུ་རྒྱུད། ལྟེ་བར་གཤིན་རྗེ་གཤེད། མཛོད་སྤུར་གཞན་གྱིས་མི་ཐུབ་པ། ཁ་ལ་རྟ་མགྣིན། གསང་བའི་གནས་སུ་བདུད་རྩི་ཐབ་སྦྱོར། རྐང་པ་གཉིསུ་སྟོབས་པ་ཆེ། དཔྲལ་བའི ་སྟེང་དུ་མི་གཡོ་བ། མི་བསྐྱོད་པའི་མདུན་དུ་འདོད་པའི་རྒྱལ་པོ། དཔུང་པ་གཉིས་སུ་དབྱུག་སྔོན་ཅན། མི་བསྐྱོད་པ་དང་འདོད་པའི་རྒྱལ་པོའི་བར་དུ། གནོད་མཛེས་རྒྱལ་པོ། སྤྱི་གཙུག་གི་སྟེང་དུ་འཁོར་ལོས་བསྒྱུར་བ། ་སྤྱི་གཙུག་གི་དབུས་སུ་རྣམ་པར་སྣང་མཛད་བསམ་པར་བྱའོ།། དེ་ནས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ། ཡིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་སེམས་དཔའ་ཕབ་སྟེ། རྣམ་པར་སྣང་མཛད་ལ་སོགས་པ ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བ་ཇི་ལྟ་བ་བཞིན་དུ་བྱས་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ།། གང་འདི་བུ་མོ་བསྒྲུབ་པ་བསྟན་པ་ཡིན་མོད་ཀྱི་འོན་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ ་པ་ལ་ཡང་ཤེས་པར་བྱའོ།། རང་གི་ལྷའི་རྣལ་འབྱོར་གྱིས་དུས་ཇི་སྲིད་དུ་གྲུབ་པར་མ་གྱུར་ན། རྣལ་འབྱོར་ཆེན་པོའི་ཚུལ་གྱིས་དངོས་གྲུབ་ཐོབ་སྟེ། སློབ་དཔོན་གྱིས་དབང་བསྒྲུབ་པས་དབང་བསྐུར་བ་ཉིད་ཀྱིས་རྣལ ་འབྱོར་ཆེན་པོ་བསྒོམ་པར་བྱ་བ་ཡི། རང་གི་རིག་པོའི་དབང་བསྐུར་བས་ནི་མ་ཡིན་ནོ།། མི་བསྐྱོད་པ་ལ་སོགས་པའི་རྣལ་འབྱོར་ཆེན་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། དེ་བཞིན་གཤེགས་པའི་བཙུན་མོ་ཆེ་ཞེས་བྱ ་བ་ནི་སངས་རྒྱས་སྤྱན་ནོ།། ཞེ་སྡང་རིགས་ནི་འདྲེན་མཛད་པ། རྡོ་རྗེ་གདུན་ཅན་མཱ་མུ་ཀཱི་ཞེས་བྱ་བ་ནི་ཞེ་སྡང་གི་རིགས་འཐོབ་པར་བྱེད་པའོ།། ཞེས་སྦྱར་རོ།། རིན་ཆེན་འབྱུང་བའི་ལྷ་མོ་དང་ཞེས་བྱ་བ་ནི་གོས་དཀར ་མོའོ།། ལྷ་མོ་འགྲོ་ལ་དབང་མཛད་མ་ཞེས་བྱ་བ་ལ་སོགས་པ་ནི། སྒྲོལ་མ་ལ་སོགས་པའི་ལྷ་མོའོ།། བུ་མོ་འདི་དག་ཅེས་བྱ་བ་ལ་སོགས་པ་ནི། སྤྱན་ལ་སོགས་པའི་རྣལ་འབྱོར་མ་སྟེ། བུ་མོ་ནི་ངེས་པར་སྤྱན ་ལ་སོགས་པའི་ཚིག་གི་སྒྲར་བརྗོད་དོ།། དྲི་བས་ན་བུ་མོ་འདི་དག་སྟེ། སྤྱན་ལ་སོགས་པའི་རྣལ་འབྱོར་མ་ནི། མིག་ཡངས་ཤིང་མཛེས་ལ་ལོ་བཅུ་དྲུག་ལོན་པའི་ན་ཚོད་དང་ལྡན་པོ། གཟུགས་དང་ན་ཚོས་ལང་ཆོས ་བརྒྱན་པ། གསང་སྔགས་ཀྱི་རྒྱུད་ལ་ཤིན་ཏུ་བྱང་བ། གཞན་ཡང་རང་གི་དམ་ཚིག་དང་ཕྱག་རྒྱ་ཤིན་ཏུ་ལེགས་པར་བསླབས་པ་བླངསཱ་ལ། རྡོ་རྗེ་དང་ནི་པདྨ་བསྐུལ་ཞེས་འོག་ནས་སྨོས་པའི་ཚིག་དང་འབྱོར་རོ།། ་རང་གི་ཕྱག་རྒྱའི་ཁྱད་པར་བསྟན་པའི་ཕྱིར། ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྷ་མོ་བྱི་དོར་ལེགས་བྱས་ཏེ་ཞེས་བྱ་བ་ནི། རང་གི་ལྷའི་རྣལ་འབྱོར་དུ་བྱས་པ་ནི་བྱི་དོར་རོ།། རིགས་ལྔ་ནི་ཚོགས་ཚོན་མ་ཞེས ་བྱ་བ་ནི་རྣལ་འབྱོར་ཆེན་པོས་བྱས་ལ་བཞག་སྟེ། གསང་བ་བསྐུལ་ལོ་ཞེས་འོག་ནས་སྤྲོས་པ་སྦྱར་རོ།། ཇི་སྐད་བསྐུལ་ཞོ་ན་བཞག་སྟེ་སྤྲས་པའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་བསྟན་པ་ནི ་པངྒ་ལ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། དམ་ཚིག་གི་ཕྱུག་རྒྱུའི་གསང་བའི་པདྨ་དེང་རྡོ་རྗེ་གཞུག་པ་བྱསཱ་ལ་དེ་དང་ལྷན་ཅིག་སྤྱད་པ་དང་འཁྱུད་ནས་རྡོ་རྗེ་དང་པདྨ་བསྐུལ་བར་བྱའོ་ཞེས་བྱ་བར་ཤེས ་བར་བྱའོ།། འདི་ཉིད་གསུངས་པ་ནི། གར་གྱི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། རུས་སྦྲུལ་བསྐོར་བ་བཅིངས་པ་ལ་སོགས་པའི་གར་གྱི་ཚུལ་གྱིས་བསྐོར་བ་ལ་སོགས་པའི་རིམ་གྱིས་མཚན་ཁུང་བསྡོམས་པའི ་གར་རོ།། དེ་བཞིན་སྤྲོས་པ་དང་བསྡུ་བ་ཡིས་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱིས་ན་མཁའ་ཁྱབ་པར་བསམས་པའི་སངས་རྒྱས་ལ་སོགས་པ་ལ་དགའ་བས་མཉེས་པར་བྱ་སྟེ། ནམ་མཁའ་མངོན་པར་འབུགས ་པའི་ཚུལ་དུ་བྱའོ་ཞེས་ཐམས་ཅད་དུ་གནས་སོ།། མདོ་ལ་སྒྱུ་མ་དྲེགས་མྱོས་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་སྐད་ཅིག་གིས་ལྷ་མོའི་ཡང་དག་པའི་བདེ་བས་ཚིམ་པས། རྡོ་རྗེ་ལས་བྱུང་བའི་བདུད་རྩི་དེ་ཉིད ་ཕྱུང་ལ་དེ་ཇི་ལྟ་བ་བཞིན་དུ་ལེགས་པར་རྟེན་ཏེ་རབ་ཏུ་འབར་བཙོར་བྱས་ཏེ། པདྨ་ལ་གནས་པ་ཉིད་ཁས་བཏུང་ཞིང་རང་གི་ལྷའི་ང་རྒྱལ་དང་ལྡན་པའི་ཚིམ་པར་བྱ་སྟེ། རྣལ་འབྱོར་མས་ཀྱང་ཚུལ་འདི་བཞིན་རྡོ་རྗེ་ལས་བདུད ་རྩི་བླངས་ལ་བཏུང་བར་བྱའོ།། འཐུངས་པ་ཙམ་ཉིད་ཀྱིས་ཞེས་བྱ་བ་ནི་འཐུངས་པའི་འོག་ཏུ། དེ་བཞིན་གཤེགས་པ་ལྔའི་སྐུར་ཡོངསུ་གྱུར་པ་འཐོབ་པ་ནི་ཁྱད་པར་གྱི་འབྲས་བུ་ཉིད་བསྟན་པ་ཡིན་ནོ།། དེ་ཡང་འདི་སྟོན་ཏེ། ་དང་པོ་རྡོ་རྗེ་ཕྲ་མོའི་ཏིང་འཛིན་བསྒོམས་པས། སེམས་རྩེ་ག་ཅིག་པ་ཐོབ་ཙང་བརྟན་པར་བྱས་ནས། ཚུལ་འདི་ལྟར་སྦྱར་ཏིང་ངེ་འཛིན་ཉི་རྒྱུ་ཙམ་གྱིས་བློ་བྱང་བར་བྱས་ལ། དེའི་འོག་ཏུ་དངོས་སུ་བྱ་བ་ཡིན་གྱི། གཞན་དུ་ནི ་དངོས་གྲུབ་ཏུ་མི་འགྱུར་ཏེ། དེ་ཡང་གཞན་དུ་འདོད་པའི་ལོངས་སྤྱོད་ལ།། མངོན་པོར་ཞེན་པ་སྐྱེ་འགྱུར་ན།། མཾ་བསླབས་དབང་གི་སྔགས་པ་ནི།། ཉམས་པར་འགྱུར་གྱི་འགྲུབ་མི་འགྱུར།། སློབ་མ་བཟུང་ལ་འོང ་རྣམ་ཀུན་ཏུ།། སྦྱོར་བ་འདི་ནི་མི་བསྟན་ཏེ།། བསམ་པར་ཁྱད་པར་ཤེས་བྱས་ན།། མངའ་བསྒྲ་གྲོས་ནས་ནི་བསྟན་པར་བྱ།། ཞེས་གསུངས་པ། དང་པོར་རྡོ་རྗེའི་ཏིང་འཛིན་གྱིས། སེམས་རྩེ་གཅིག་པ་ཐོབ་ཅིང་སེམས ་སྦྱསྤྱང་བ་དང་འབར་བའི་ནུས་པ་ཡོད་པར་བྱས་ན་དངོས་གྲུབ་ཏུ་མི་འགྱུར་གྱི། གཞན་དུ་འདོད་པའི་ཡུལ་གྱིས་སེམས་ཕྲོགས་ཏེ་ཉོན་མོངས་པའི་དབང་དུ་གྱུར་པ་ཅན་དངོས་གྲུབ་ཉམས་ཤིང་ཐེ་ཚོམ་གྱི་གཞིར་གྱུར་པས ་སེམས་ཅན་དམྱལ་བ་ལ་སོགས་པར་སྐྱེ་བར་འགྱུར་བས། དུས་ལ་བབ་ཅིང་སེམས་དབང་དུ་གྱུར་ན། གནོད་ཅིག་མངོན་སུམ་དུ་བྱ་བ་ཡིན་ནོ།། ནམ་མཁའ་འདྲ་བའི་ཆོས་ཀུན་ལ་ཞེས་བྱ་བ་ལ་སོགས་པ་ལ། ནམ ་མཁའ་དང་འདྲ་བོར་རྣམ་པར་རྟོག་པ་དང་བྲལ་བའི་ཆོས་ཐམས་ཅད་ལ་ཤེས་རབ་དང་ཐབས་སུ་ལྡོན་པས། བཤད་མ་ཐག་པའི་ཆོ་ག་རྣམ་པར་སྤེལ་ཞིང་རྫོགས་པར་བྱའོ།། རྡོ་རྗེ་པདྨས་བྱིན་རླབས་པས་ཞེས་བྱ་བ་ནི། བྱང ་ཆུབ་ཀྱི་སེམས་མངོན་དུ་འགྲོ་བས་བྱེད་པ་ནི་ཚིག་མི་མངོན་པར་བྱས་ནས་སྦྱར།། རྗེ་སྨྲ་ཆགས་པ་ཞེས་བྱ་བ་ལ་སྤོགས་པ་ལ། དམ་ཚིག་ཕྱག་རྒྱ་ནི་རྗེས་སུ་ཚུགས་པས་རྗེསུ་མཉེས་པར་བྱས ་ནས་འགྲུབ་པར་འགྱུར་རོ།། ཞེས་སྔ་མ་དང་སྦྱར་རོ།། ཇི་ལྟར་འགྲུབ་པར་འགྱུར་ཞོ་ན། བདེ་བ་ཐབས་ཞེས་བྱ་བ་གསུངསཽ་ཏེ། འདི་ཡང་བྱ་བའི་ཁྱད་པར་གྱིས་གཉིས་པ་ཡིན་ནོ།། ཁྱད་པར་བསྟན་ན་ས། ད་ནི ་ཐུན་མོང་དུ་བསྟན་པའི་ཕྱིར། སྦྱོར་བའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་རྡོ་རྗེ་སེམས་མ་ལ་སོགས་པ་བཞི་འམ། བསྐུལ་བྱེད་མ་ལ་སོགས་པ་བཞིའི་སྦྱོར་བའི་ཁྱད་པར་གྱིས་ལམ ་གསུམ་དུ་འཇུག་པ་སྟེ། དུས་གསུམ་དུ་གཤེགས་པའི་གསང་སྔགས་རྣམས་འགྲུབ་པར་འགྱུརརོ་ཞེས་འོག་མ་དང་སྦྱརརོ།། ལས་ཀྱི་ཕྱག་རྒྱངས་བཤིང་དང་ཞེས་བྱ་བ་ནི། ཕྱག་རྒྱ་རིམ་པར་ཕྱེ་བ་ལས། ལས་ཀྱི ་ཕྱག་རྒྱའི་དེ་ཁོ་ན་ཉིད་དེའི་ཚུལ་དུ་བསྟན་པས་འགྲུབ་པར་འགྱུར།། ཞེས་བྱ་བར་སྦྱར་རོ།། ལེག་པའི་ཕྱག་རྒྱ་དག་གོས་བྱ་བ་ནི་ལག་པས་བྱས་པའི་དམ་ཚིག་གི་ཕྱག་རྒྱའི་དེ་ཁོ་ན་ཉིད་ཀྱི་ཚུལ་ལོ།། ཡེ་ཤེས ་ཕྱག་རྒྱས་རབ་བསྐུལ་བས་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པའི་ཕྱག་རྒྱས་རབ་ཏུ་བསྐུལ་བས་སོ།། ངོམ་ཚིག་མཆོག་གི་འགྲུབ་པར་འགྱུར་ཞེས་བྱ་བ་ནི། རང་གི་བོདག་པོ་དང་ལྡན་པས་སོ།། འདིས་རྣལ་འབྱོར ་པ་ཅིར་འགྱུར་ཞེ་ན། ཐུགས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས།། ཕྱི་དང་ནང་གཽ་སཱ་ལ་སོགས་པའི་ཁམས་ལྔ་པོ་རྣལ་འབྱོར་པས་སྤྱན་ལ་སོགས་པའི་ངོ་བོར་རྣམ་པར་བསྒོམ་པར་བྱའོ།། ཞེས་བསྟན ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁམས་གསུམ་གྱི་དམ་ཚིག་གི་འཁོར་ལོ་འདི་ཞེས་བྱ་བ་ནི། སྐྱིང་པ་གསུམ་པོ་འདི་ཉིད་ནི་ཁམས་གསུམ་སྟེ། དེར་དམ་ཚིག་འཁོར་ལོ་ནི་སྦྱིན་ལ ་སོགས་པའི་ངོ་བོ་ཉིད་ཡང་ཡིན་པའོ།། སྒྲོལ་མ་ཞེས་བྱ་བ་ལ་སོགས་པ་ལ། སྒྲོལ་མ་རླུང་ངུ་རབ་ཏུ་བསྒྲགས། གོས་དཀར་མོ་ནི་མེ་ཤེས་བརྗོད། ཅེས་བྱ་བར་སྦྱར་ཏེ། གཞན་དག་ལས་འདིར། གོས་དཀར་ཅན་དང ་སྒྲོལ་མ་ནི། མེ་དང་རླུང་དུ་རབ་ཏུ་བསྒྲགས། ཞེས་གསུངས་པས་སོ།། མཁའི་དབྱིངས་ཞེས་བྱ་བ་ནི། ནམ་མཁའི་དབྱིངས་ནི་ཆོས་ཀྱི་དབྱིངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད།། དེ་ཉིད་རྡོ་རྗེ་འཆང་བར་བཤད ་ཅེས་བྱ་བ་ནི་རྫས་ཐམས་ཅད་དང་བྲལ་བས་ན་མཁའ་རྡོ་རྗེ་སྟེ། དངོས་པོ་མེད་པ་ལས་ན་མཁའ་རྡོ་རྗེ་ཞེས་བྱ་བར་གཞན་དག་གི་རྗེ་སུ་འབྲངས་ནས་ཤེས་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས ་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནི་རྣམ་པར་སྣང་མཛད་ལ་སོགས་པའིའོ།། མཉམ་པ་ཉིད་དུ་གནས་པ་ནི་དོན་དམ་པར་གཉིས་སུ་མེད་པའི་ངོ་བོ་ཉིད་དོ།། དེ་ཉིད་ལ་གནས་པ་ནི་ཐམས་ཅད་དུ་རྟག་ཏུ ་ཞུགས་པའི་ཕྱིར་རོ།། དམིགས་པ་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤུད་ཟན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ངོ་བོ་ཉིད་ཅིག་ཏུ་དམིགས་པའི་རྣམ་པ་ལ་ཐུགས་རྩེ་གཅིག་ཏུ ་མཛད་ཅེས་བྱ་བའི་དོན་ཏོ།། བྱམས་པ་ལ་སོགས་ཁྱེད་ཐམས་ཅད་ཀྱིས། ཏིང་འཛིན་འདི་ཉིད་མངོན་དུ་བྱའོ།། ཞེས་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་གྱི་འཁོར་ལོ་ལ་རྣམ་པར་གཟིགས་ནས་ཅང ་མི་གསུང་པོར་གྱུར་པ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ཀྱིས་ཆོས་བདག་མེད་པའི་ཡེ་ཤེས་རྒྱུ་མཐུན་པ་ཉེ་བར་བསྟན་ནས་ཆོས་རྣམས་དེ་ཉིད་ཉེ་བར་བསྡུ་བའི་སྒོ་ནས་དེར་རྫོགས་པར་བསྟན་པ་ཡིན།། དེ་ནས ་ཞེས་བྱ་བ་ལ་སོགས་པ་ལ། ངུས་པའི་འོག་ཏུ་བྱམས་པ་ཇི་སྐད་དུ་བཤད་པའི་ཏིངེ་འཛིན་ལ་སྙོམས་པར་ཞུགས་ནས། བྱང་ཆུབ་ནི་དགེ་བའི་གཤེས་གཉེན་ལ་རག་ལུས་པ་ཡིན་ཞེས་བྱ་བ་ལ་སོགས་པར་རྣམ་པར ་བསམས་ན། སློབ་དཔོན་གྱིས་སློབ་མ་ལ་སངས་རྒྱས་ལ་སོགས་པ་སྟེར་བ་ཡིན་པར་ཤེས་ཏེ།། དེ་བཞིན་གཤེགས་པོ་ལྟར་གུས་པ་བསྐྱེད་པར་བྱའོ་ཞེས་བསམས་ནས། དེ་བཞིན་གཤེགས་པས་དེ་གསུངས ་འདོད་ནས་ཕྱག་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ།། ཞེས་བྱ་བ་ལ་སོགས་པ་ནི་གདུལ་བྱའི་སྐྱེ་བོའི་ཐེ་ཚོམ་བཟློག་པའི་ཕྱིར་རང་ཉིད་ཀྱིས་མ་གསུངསོ་ཞེས་ཤེས་པར་བྱའོ།། རྡོ་རྗེ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས ་པ་ལ་སངས་རྒྱས་ཉིད་ལ་སོགས་པ་ཐོབ་པར་བྱེད་པས་སམ། སྒྲུབ་མ་དམ་བཅས་པ་དེ་བྱས་པས་ནི་དེའི་སྒྲས་གསུངས་པ་ཡིན་ནོ།། དེས་ཀྱང་འདི་ལྟར་བལྟ་བར་བྱའོ།། ཞེས་བྱ་བ་ན་ཅིའི་ཕྱིར་ཞེ་ན། བྱམས་པ་བྱུང ་ཆུབ་ཀྱི་སེམས་རྡོ་རྗེ་དང་། སློབ་དཔོན་དང་། གཉིསུ་སྲེད་པའི་ཕྱིར།། ཞེས་བྱ་བ་འོག་མོ་དང་སྦྱརོ།། གང་གི་ཕྱིར་ཞེ་ན། ཇི་སྐད་དུ་བཤད་པའི་བྱང་ཆུབ་ཀྱིས་སེམས་དང་། དེ་གཉིས་ནི་མཉམ་པའི་ཚུལ་གྱིས་གོནས ་པས་ན། གཉིས་བྱར་མེད་པའི་ཕྱིར་རོ་ཞེས་གསུངས་སོ།། བོར་ནས་ཞེས་བྱ་བའི་སྒྲའི་མངོན་པོར་འདོད་པའི་དོན་རྫོགས་པར་བྱེད་པ་ཉིད་དོ།། ཞེས་རིགས་པ་དང་ལྡན་པར་ཡོངསུ་བཟུང་ངོ་།། རིགས་ཀྱི་བུ་ཞེས་བྱ་བ་ལ ་སོགས་པ་ལ། འདི་ལྟར་དངོས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཐམས་ཅད་དུས་གསུམ་དུ་བྱོན་ནས་འདི་སྐད་གསུངས་ཏེ། ཀུན་ནས་ཀྱང་རྣལ་འབྱོར་ཆེན་པོའི་རྣམ་པར་བཞག་པས་བཞུགས་ནས། ངོ་བཞིན ་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་རྗེསུ་འཛིན་པའི་མཚོན་ཉིད་རྣམས་ཀྱི་ཡང་དག་པར་མཆོད་ཅང་རྗེ་སུ་གསུངས་ནས། ཡང་སླར་གཤེགས་པར་མཛད་པོའོ།། འདི་སྐད་སྟོན་ཏེ། སློབ་མས་སློབ་དཔོན་ནི་སངས ་རྒྱས་ལ་སོགས་པ་ཡང་བཀའ་བཞིན་བྱེད་པའོ།། ཞེས་ཁོང་དུ་ཆུད་ནས་སངས་རྒྱས་ལ་སོགས་པ་བསྒྲུབ་པར་འདོད་པས་སློབ་དཔོན་ཉིད་ཀུན་ནས་བཟུང་བར་བྱའོ་ཞེས་བྱ་བ་སྟེ། དོན་འདི་ཉིད་གསལ་བར་བྱེད་པའི་ཕྱིར། འདི ་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་པའི་རིམ་གྱིས་བདག་ལ་མུན་ངག་སྟོན་པ་སྩོལ་པར་བསྐྱེད་པར་མཛད་པས་ན། བདག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕ་ཡིན་ནོ།། བདག་ཅག་གི་མ ་ཡིན་ནོ།། ཞེས་དེ་བཞིན་གཤེགས་པས་གསུངས་པའམ། དཀྱིལ་འཁོར་དུ་བཤད་པའི་སྒྲུབ་པའི་ཐབས་ཀྱི་རིམ་གྱིས་རྫོགས་པར་བྱས་པས་ན། དེ་སྐད་གསུངས་སོ།། ཇི་སྲིད་ཀྱི་སྒྲས་ནི་བདག་གི་དོན་ནི་སེམས་ཅན ་གྱི་དོན་བྱས་པ་སྟེ། མཆོག་ཏུ་ཕན་བཏགས་པའོ་ཞེས་བྱ་བ་ལ་སོགས་པ་ཡོངསུ་གཟུང་ངོ་།། བདག་ཅག་ནི་སྟོན་པའོ་ཞེས་བྱ་བ་ནི་དམ་ཚིག་ལས་འདའ་བར་བྱེད་པའི་སློབ་མ་མཐོང་ནས། དངོས་གྲུབ་སྦྱིན་པའི ་ཕྱིར་རང་གི་ལུང་བསྒོ་བ་ལ་འཇོག་པས་བདག་ཅག་གི་སྟོན་པའོ།། དཔེར་ན་ཞེས་བྱ་བ་ལ་སོགས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་བཞི་ལ་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་སྐྱེ ་བོཔོས་སློབ་དཔོན་གྱི་བ་སྤུའི་ཁུང་བུ་གཅིག་ནས་བསོད་ནམས་ཕུང་པོ་སྐྱེ་བ་གླིང་ཡིན་པ་དེ་ནི། སྔ་མ་པས་ཆེས་ལྷོག་པའི་བསོད་ནམས་ཀྱི་ཕུང་པོ་སྐྱེ་བར་འགྱུར་ཞེས་པ་སྟེ། སྒྲུབ་པ་པོས་དེ་བཞིན་གཤེགས་པ ་རྣམས་ལས་སློབ་དཔོན་འདི་ཆོས་ལྷག་པར་བལྟ་བར་བྱ་སྟེ། དེ་རྣམས་ཀྱི་དོམ་ཚིག་ཐོབ་པ་ནི་དེ་ལ་རག་ལུས་སོ།། ཞེས་འདི་ལྟར་མཆོག་ཏུ་བསྟན་པའི་ཚིག་གི་ངོ་བོ་དངོས་སུ་ཁོང་དུ་ཆུད་པར་མི་ནུས་པའི་ཕྱིར། སེམས ་ཅན་གྱི་ཁམས་ཤིན་དང་པ་མེད་པས། གཞན་ཡང་བྱས་པ་དེ་དགུསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ལ་སོགས་པ་འོག་མ་སྦྱར་ཏེ། ཇི་སྲིད་ཀྱིས་སྨྲས ་སངས་རྒྱས་ལ་སོགས་པ་འཐོབ་པའི་རྒྱར་གྱུར་པ་ཞེས་བྱ་བ་ལ་སོགས་པར་ཡོངསུ་གཟུང་སྟེ། དེ་ཡོང་སློབ་དཔོན་ཡི་ནོ།། ཞེས་བྱ་བར་དགོངས་སོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་ལྟ་བུའི་མཐུ་ཆེན་པོ་དང ་ལྡན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ལ། བརྙེས་པའི་སེམས་ཅུང་ཟད་བསྐྱེད་པ་ཙམ་གྱིས་ཡུན་རིང་པོར་དམྱལ་བའི་གནས་སུ་གནས་པར་འགྱུ་རོ་ཞེས་གདུལ་བྱ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱ་བའི་ཕྱིར། འཇིགས ་ཤིང་སྐྲག་པའི་ཡིད་ཀྱིས་ཅང་མི་སྨྲ་བར་གྱུར་ཏོ།། དེ་ལྟར་རྣམ་པར་སྣང་མཛད་ཀྱིས་སློབ་དཔོན་ལ་ནན་ཏན་དུ་བྱ་བ་བསྟན་ནས། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་གཞུང་མ་ཡིན་པར་གདུལ་བའི་སྐྱེ་བོ་འགའ ་ཞིག་སོམ་ཉི་སྐྱེ་བར་འགྱུར་བས། དེ་བཟློག་པར་བྱ་བའི་ཕྱིར། ད་ནི་མི་བསྐྱོད་པ་ལ་སོགས་པ་ཡང་དོན་དེ་ཉིད་གསུངས་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བཞིན་གཤེགསོ་པ་དཔག ་མེད་དང་། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛོད་ཅེས་བྱ་བ་ནི་འོད་དཔོག་ཏུ་མེད་པའི་སྒྲའི་སྣང་བ་མཐའ་ཡས་སོ།། རྡོ་རྗེ་འཆང་ཞེས་བྱ་ལ་སོགས་པ་ལ། རྣམ་པར་སྣང་མཛད་ལ་སོགས་པ་ཐམས་ཅད་ཀྱི་རྡོ་རྗེ ་འཆང་བ་ནི་ཡེ་ཤེས་འཛིན་པ་སྟེ། དེའི་དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་དངོས་གྲུབ་བོ།། དེའི་དམ་ཚིག་གི་རྒྱུར་གྱུར་པ་ནི་སློབ་དཔོན་ཏེ། དེ་ལ་དམིགས་པ་ནི་མངོན་སུམ་དུ་མཛད་པའོ།། དེ ་ཉིད་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དམིགས་པའི་ཏིང་ངེ་འཛིན་གྱིས་འདི་སྐད་སྟོན་ཏེ། དམ་ཚིག་གང་ལ་ཡིན་པ་མངོན་སུམ་དུ་མཛད་པ་སྟེ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་གྲུབ་དང་། ་དམ་ཚིག་གི་སློབ་དཔོན་ལ་དམིགས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། ཕྱོགས་བཅུ་དུས་གསུམ་གྱི་བྱུང་བའི་ཞེས་བྱ་བའི་ནི་སྔ་མ་བཞིན་དུ་མཆོད་པར་བྱེད་པའོ།། མཆོད་པ་མཛད་ཅིང ་ཕྱག་འཚལ་བར་མཛོད་ཅེས་བྱ་བ་ནི་ཏིང་ངེ་འཛིན་གསུམ་གྱི་རིམ་གྱི་དཀྱིལ་འཁོར་བསྒྲུབ་པ་ལ་སོགས་པར་འཇུག་པ་ལ་ཕྱག་འཚལ་བ་སྟེ། ཐམས་ཅད་ཀྱིས་གུས་པ་བསྐྱེད་པར་བྱ་བའི་ཕྱིར་ཞེས་བྱ་བ་སྟེ། སྤྱིའི ་དོན་ནི་སྔ་མ་བཞིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་ནི་འདི་ལྟར་སློབ་དཔོན་ལ་ནན་ཏན་དུ་བྱ་བ་ལས་ལྡོག་པར་མི་བྱ་སྟེ། བདག་ཅག་རྣམས་ཀྱིས་སློབ་དཔོན་འདི་ཉིད་ལས་མི་འབྲལ་བ་ལས། ཕྱག ་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་བྱ་བ་འདི་ལྟ་བུའི་བསམ་པས་འཇུག་པོའི་གདུལ་བྱ་རྣམས་ལ། དེ་བྲལ་བས་གསང་སྔགས་ཀྱི་དངོས་གྲུབ་མེད་དོ་ཞེས་དེ་བཞིན་གཤེགས་པ ་པ་རྣམས་ཀྱིས་རབ་ཏུ་བསྟན་པར་བཞེད་ནས་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱིས། དེ་བཞིན་གཤེགས་པ་དེ་དག་ལ་འོག་ནས ་བཤད་པའི་དོན་གསལ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དངོས་གྲུབ་གང་ལ་གནས་ཤེ་ན། གསང་བ་གསུཾ ་ནི་ཞེས་བྱ་བ་ལ་སོགས་ལ་གསུངས་ཏེ། སྐུ་རྡོ་རྗེ་ལ་སོགས་པ་གསང་བ་གསུམ་དང་ལྡན་པའི་སློབ་དཔོན་གྱི་ལུས་ལ་སོགས་པ་ལ་གནས་པའོ།། ལུས་དང་ངག་དང་། ཡིད་ཀྱི་རྡོ་རྗེའི་གསང་བ་གང་ལ ་གནས་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་དང་། སློབ་དཔོན་གྱིས་ཡང་ཞེས་ཤེས་པར་བྱའོ།། གང་དུ་ཡང་མ་ཡིན་ནོ།། ཞེས་བྱ་བར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་སོ།། ཞེས་སྔ ་མ་དང་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུ་རྡོ་རྗེ་ལ་སོགས་པ་ཇི་ལྟར་ཡོངསུ་བརྟགས་པའི་ངོ་བོ་ཉིད་ཡིན་པས་གང་ལ་ཡང་མི་གནས་སོ།། དེ་བཞིན་དུ་སློབ་དཔོན་གྱི་ཡང་དོན་དམ་པར་གཉིས ་སུ་མེད་པའི་ཡེ་ཤེས་ཡིན་པས་དེ་ཡང་སོ་སོར་ངེས་པའི་ཕྱོགས་ན་གནས་པ་མ་ཡིན་པས་གང་ན་ཡང་མི་གནས་སོ།། ཞེས་བརྗོད་དོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ལ་སོགས་པའི ་སྐུ་རྡོ་རྗེ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་ཡོངས་བརྟག་པའི་དོན་དུམ་པར་དདྲངོས་པ་མེད་པ་རིང་བ་ཉིད་ཡིད་ལ། སློབ་དཔོན་གྱི་ལུས་དང་ངག་དང་། ཡིད་ཀྱང་དོན་དམ་པ་ཅུ་མེད་པ་ཉིད་ཡིན་པ་ལས། དུན། ་རྫོབ་ཏུ་དངོས་གྲུབ་དེ་འབྱུང་བར་འགྱུར་བ་ནི། སྔགས་ཀྱི་ཚུལ་གྱི་ཆོས་ཉིད་ཀྱི་ཆེ་བའི་བདག་ཉིད་ཡིན་པར་མཐོང་ནས་དགའ་བ་ཐོབ་པར་དོ་མཚར་དུ་གྱུར་པ་དང་། གཞན་ཡང་ཆོས་ཉིད་ནི་སོ་སོང་རུང་གི་རིག་པའོ།། ཞེས ་རབ་ཏུ་བསྟན་པའི་ཕྱིར། ཅིའང་མི་ཟེར་བ་འཁོད་དོ་ཞེས་བྱ་བ་ནི་འདི་ཉིད་ཀྱི་རྣམ་གྲངསོ།། འདི་སྐད་སྟོན་ཏེ། ཇི་སྐད་དུ་བཤད་པ་བཞིན་སློབ་དཔོན་ལ་ནན་ཏན་དུ་བྱས་ཏེ། དངོས་གྲུབ་རྣམས་ནི་དེ་ལ་རགས་ལས་པའི ་ཕྱིརོ།། དེ་བས་ན་འདི་ལྟར་རྒྱུད་གཞན་དག་ལས་སློབ་དཔོན་ལ་སྨོད་པ་བྱེད་པ་ལ་ནི་དངོས་གྲུབ་ཐམས་ཅད་གཞན་དུ་འགྱུར་པར་གསུངས་སོ།། སྟང་སྟབས་ཞེས་བྱ་བ་ནི་ཡན་ལག་གི་འགྱུར་བ་སྟེ། བརྐྱང་བསྐུམ་ལ ་སོགས་པའི་མཚན་ཉིད་ཅན་ནོ།། འདུག་སྟངས་ཞེས་བྱ་བ་ནི་གནས་པོའོ།། ལས་ལ་སྦྱར་བ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་ལ་ངེས་པར་སྦྱར་བའོ།། སླར་བསྡུ་བ་ཞེས་བྱ་བ་ནི་ཉེ་བར་བསྡུ་བའོ།། བཅུ་ཡིན། ་པར་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་དེ་ཁོ་ན་ཉིད་བཅུ་སྟེ། རང་གི་ལྷའི་སྦྱོར་བ་ཙམ་དང་འབྲེལ་པ་ཡིན་པར་སངས་རྒྱས་རྣམས་གསུངས་པས། འདིས་ནི་སངས་རྒྱས་ཐམས་ཅད་ཀྱི་རྗེ་སུ་མཐུན་པའི་གཞུང ་དུ་བསྟན་པ་ཡིན་ནོ།། དུས་གསུམ་དུ་བྱུང་བའི་རྒྱལ་བ་ཐུགས་རྗེ་རོ་གཅིག་པ་རྣམས་ཀྱིས་ཞེས་བྱ་བ་འདི་ནི་སྡུད་པར་བྱེད་པའི་ཚིག་ཡིན་ནོ།། གསང་བ་དང་གསང་ཆེན་དང་། ཡེ་ཤེས་ཞེས་བྱ་བ་ནི་དཀྱིལ་འཁོར་ལ ་སོགས་པ་སྟེ། དེ་ཁོ་ན་ཉིད་རྣམ་པ་བཅུ་གསང་བ་སྟེ། རང་གི་དམ་ཚིག་ཕྱག་རྒྱ་དུང་སྙོམས་པདྨོ་འཇུག་པ་དང་ལྡན་པོའི་སྦྱོར་བ་ཡང་དག་པ་འབྲེལ་པར་གསུངས་སོ་ཞེས་སྔ་མ་དང་སྦྱར་རོ།། གོསང་བ་རྣམ་པ་ལྔའི་དེ ་ཁོ་ན་ཉིད་ཆེན་པོ་དང་འབྲེལ་པའི་དཀྱིལ་འཁོར་ལ་སོགས་པ་བཅུ་ནི་གསངོ་ཆེན་ཡིན་ཞེས་དེ་བཞིན་དུ་སྦྱར་རོ།། དེ་བས་ནི་འདི་ལྟར་རྣམ་པ་གསུམ་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དཀྱིལ་འཁོར་གྱི་དེ ་ཁོ་ན་ཉིད་ལ་སོགས་པ་དབྱེ་བས་རྣམ་པ་གསུམ་དུ་སྙིང་པོའི་ངོ་བོ་བསྟན་པ་ཡིན་ནོ།། བླ་མས་དམ་ཚིགོ་ཇི་ལྟ་བའི་དཔུང་དུ་བྱས་ནི་ས་བཤད་པར་བྱའོ།། ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ལ་སོགས་པ་ལྷག་པར་མོས་པ་རྣམས ་ལ་དེ་ཁོ་ན་ཉིད་ལ་སོགས་པའི་རིམ་གྱིས་མངོན་པར་འདུ་བྱས་པ་དང་བཅས་པས་བསྟན་པར་བྱ་བའི་མོས་པ་དང་། མི་མཐུན་པར་གཞན་དུ་བསྟན་ན། དམ་ཚིག་ཉམས་ཤིང་དེ་ཡང་བསླུས་པར་འགྱུར་རོ།། དེ་ཁོ་ན་ཉིད ་ལ་སོགས་པ་ཉིད་གསུངས་པ་ནི་སེམས་ཅན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྣལ་འབྱོར་གྱི་རིམ་པ་ནི། རང་གི་ལྷའི་རྣལ་འབྱོར་ཙམ་གྱི་རིམ་པའོ།། ལྷག་པའི་རྣལ་འབྱོར་གྱི་རིམ་པ་ནི་དམ་ཚིག་གི་ཕྱག་རྒྱ་དང་། ་ཡང་དག་པའི་སྦྱོར་བ་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་དང་ལྡན་པའི་རང་གི་ལྷའི་རྣལ་འབྱོར་གྱི་རིམ་པའོ།། རྣལ་འབྱོར་ཆེན་པོའི་རིམ་པ་ནི་གསང་བ་ལྔའི་བདག་ཉིད་ཀྱི་རང་གི་ལྷའི་རིམ་པས་ཏེ། འདི ་དག་གི་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་གནས་སྐབས་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཅུང་ཟད་བསྟན་པ་ཅུང་ཟད་བསྟན་པ་ཙམ་གྱིས་ཉུང་ངུ་བསྟན་པ་ཡིན་ཏེ། འདིར་བཤད་པའི ་དཀྱིལ་འཁོར་ལ་སོགས་པ་དེ་ཁོ་ན་ཉིད་རྣམ་པ་བཅུ་ལ་སོགས་པ། སློབ་དཔོན་གྱི་ཁ་ལས་རྒྱ་ཆེར་ཤེས་པར་བྱ་སྟེ། གཞུང་མངས་ཀྱི་དོགས་པས་འདིར་མ་བྲིས་སོ།། བཤད་མ་ཐག་པའི་དེ་ཁོ་ན་ཉིད་རྣམས་ནི། ཐམས ་ཅད་ཡང་ཡོད་པར་བསྟན་པའི་ཕྱིར། འདི་དག་གི་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་འདི་དག་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་གསལ ་བ་ཕྱེ་བ་ལས་ལྟོས་པ་ཡིན་པསོ་སོ།། དམ་ཚིག་ཐམས་ཅད་ཉམས་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ལྀ། འདིར་འདི་ལྟར་སྦྱར་བར་བྱ་སྟེ། སེམས་ཅན་ལ་མཆོག་ཏུ་ཕན་འདོགས་པར་བྱེད་པ་བསྔགས་ཤིང ་ཡི་འོང་བ་ལ་སོགས་པ་ཡུལ་དུ་བྱས་ནས་བསོད་ནམས་བསགས་པའི་རྒྱུར་གྱུར་པ་ལི་བརྗེན་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱད་པ་ཡིན་ནོ།། དེ་བས་བསླུས་ཤིང་ཡང་དག་པའི་ཚུལ་མ་བསྟན་དམ་ཚིག་སྟེ། རྡོ་རྗེ་སེམས ་དཔའ་ལ་སོགས་པའི་དམ་ཚིག་ལས་ལས་ཉམས་ཤིང་ཡོངསུ་ཟད་པར་འགྱུར་རོ།། དེའི་དམ་ཚིག་ལས་ཉམས་པ་ལ་བདུད་དང་མཁའ་འགྲོ་ལ་སོགས་པས་ཡོངས་སུ་བཟུང་སྟེ། དེ་ནས་དེ་གསོད་ལ་དེ་ལྟར་སྐྱེས་བུ་ཤི་བར་གྱུར ་ནས་ཀྱང་སེམས་ཅན་དམྱལ་བ་མི་ཟད་པ་སྟེ། མནར་མེད་པ་ལ་སོགས་པའི་ངན་སོང་དུ་འགྲོ་བར་འགྱུར་རོ་ཞེས་པར་བྱས་ནས་ཞེས་བྱ་བ་ནི། གང་གི་ཕྱིར་སེམས་ཅན་བསླུ་བཱ་ནི་ཉེས་པ་ཆེན་པོ་ཡིན་ཏོ། དེ་བས་ན་དེ ་བཞིན་གཤེགས་པའི་ལོམ་ཡང་དག་པར་སྤྱོད་པ་ལ་གཟུང་ཅིང་ཡང་ནས་ཡང་ཐོས་པས་ཞེས་བྱ་བ་དང་འཛིན་དུ་གཞུག་པ་དུང་།། ཇི་ལྟར་ཐོས་པ་དེ་བཞིན་དུ་མན་ངག་བྱིན་པས་དེ་ཉིད་ལས་བརྟེན་པ་ལ་སོགས་པའི ་རིམ་གྱིས། གསང་སྔགས་ཀྱི་ཚུལ་ཐེག་པ་ཆེན་པོ་ལ་སེམས་ཅན་རྣམས་སྦྱང་ཞིང་གཞུག་པར་བྱའོ།། རྡོ་རྗེ་ཐེག་པ་ལ་ཞུགས་པའི་རྣལ་འབྱོར་པས་བཟླས་པ་དང་། བསྒོམ་པོ་ལ་མངོན་པར་མི་དགའ་ན། བྱང་ཆུབ་ཐོབ་པར ་དཀའོ་ཞེས་བསྟན་པའི་ཕྱིར་དང་། རྒྱུད་ཀྱི་མཐར་ཇི་སྐད་དུ་བཤད་པའི་དངོས་གྲུབ་བསྒྲུབ་པ་ལ་སྤྲོ་བ་བསྐྱེད་པའི་ཕྱིར། གང་ཞིག་འདི་ལ་བརྩོན་པ་མ་བྱས་པ་ཞེས་བྱ་བ་ལ་སོགས་པ་ལ་གསུངས་ཏེ། ཇི་སྐད་དུ་བཤད་པའི་གསང ་སྔགས་ཀྱི་ཚུལ་གྱི་བདུད་རྩིའི་རོ་ཐོས་པ་དང་། ཤེས་ཤིང་རྟོགས་པ་ཐོས་པས་སྡིག་པ་གཞོམ་པའི་ཕྱིར་བཟླས་པ་དང་། བསྒོམས་པ་ལ་བརྩོན་པས་མི་བྱེད་པ་དེ་དཀའ་ཐུབ་ཀྱི་སྤྱོད་པ་ལ་སོགས་པས་ཇི་ལྟར་མངོན་པར་བྱང་ཆུབ་པར ་འགྱུར་ཞེས་ཤེས་པར་བྱ་སྟེ། གང་བདེ་གླག་གི་སྦྱོར་བས་མི་ནུས་པ་གང་ཡིན་པ་སྟེ། དགའ་བ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། རྣམ་གཞན་གྱིས་བྱང་ཆུབ་པ་མེད་དོ་ཞེས་བཀག་ནས། ད་ནི ་གང་གིས་རྣལ་འབྱོར་བསྒོམ་པར་བྱ་བ་དེ་བསྟོན་པའི་ཕྱིར། རྣལ་འབྱོར་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་གང་ཡང་རུང་བའི་རྣལ་འབྱོར་ཤེས་པར་བྱས་ལ། སྐྱེ་བོ་མེད་པར ་སོང་སྟེ། སྒྲའི་ཚོར་མ་ལ་སོགས་པ་དང་བྲལ་བའི་གནས་སུ་ཕྱིན་ནོས། འདུ་འཛི་ཐམས་ཅད་དང་བྲལ་བར་བྱས་ཏེ། དངོས་གྲུབ་ཀྱི་ཆོ་ག་གིས་སྐྱེ་བ་གང་ལ་བཟླས་བརྗོད་ལ་སོགས་པ་ལ་བཞུགས་པའི་སྐྱེ་བོ་དེ་ཉིད་ལ། སངས ་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་། མི་འཇིགས་པ་ལ་སོགས་པ་རྣམས་དང་ལྡན་ཞིང་སེམས་ཅན་གྱི་དོན་བྱེད་པའི་ནུས་པ་བསོད་ནམས་ཀྱི་ཚོགས་བསགས་པ་རྙེད་ཅིང་ཐོབ་པར་འགྱུར་བར་བྱའོ།། རྣལ་འབྱོར་གྱི་ཁྱད་པར ་ཡང་ཇི་ལྟ་བུ་ཞེ་ན། དེའི་ཁྱད་པར་བསྟན་པའི་ཕྱིར་ཆོས་བདག་མེད་པ་བསྒོམས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཆོས་བདག་མེད་པ་ཁོང་དུ་ཆུད་པ་མཁས་པས་སོ།། ཤེས་རབ་དང་ཡེ་ཤེས་ཀྱི་འཇོ་ཚུལ་གྱིས ་ཤེས་པ་ནི་ཐབས་དང་བཅོས་པའི་ཤེས་རབ་དང་། ཡེ་ཤེས་ཀྱིས་རྣམ་པར་རྩེ་ཞིང་རོལ་པོ་གང་ཡིན་ནོ།། སྤྲོས་པ་དང་བསྡུ་བ་དང་གསང་བ་ལྔའི་བདག་ཉིད་ཅན་གྱི་གཙོ་བོ་ལ་མཆོད་པར་བྱའོ་ཞེས་བྱ་བ་ནི་སངས་རྒྱས་ལ་མཆོད་པ ་མེ་ཏོག་ལ་སོགས་པ་སྤྲོ་བ་དང་། བསྡུ་བ་དང་། གསང་བའི་བདག་ཉིད་ཅན་གྱི་གཙོ་བོ།། རང་གི་ལྷག་པའི་ལྷ་བསྒོམ་པའི་སྦྱོར་བས་མཆོད་པ་གང་ལ་ཡོད་པ་དེ་ཉིད་ཐོབ་པས་མཆོད་དོ་ཞེས་སྨྲ་རོ།། གཞན་ཡང་དེ་ཉིད་ཁྱད་པར་བསྟན ་པའི་ཕྱིར་དངོས་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ན། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་བཞི་བཅུ་སྟེ། དེའི་ཁོ་ན་ཉིད་བཅུའི་གཞི་ཐམས་ཅད་ནི་རྣམ་པར་སྣང་མཛད ་ལ་སོགས་པའི་རིམ་གྱིས་སྦྱོར་བ་གོམས་པས་དངོས་པོ་ཐམས་ཅད་ཀྱི་དོན་རྟོགས་པའོ།། ཟླ་གསང་ཐིག་ལ་ཚུལ་གྱིས་རྡོ་རྗེ་དང་། པདྨས་དབང་བསྐུར་བ་ཉིད་ནི། བཤང་གཅི་ལ་སོགས་པའི་ངོ་བོ་རྣམ་པར་སྣང་མཛད། ་ལ་སོགས་པའི་ངོ་བོ་ཉིད་དུ་ཡོངསུ་གྱུར་པར་ལྷག་པར་མོས་ནས་སྦྱང་བ་ལ་སོགས་པ་བྱས་ཏེ། ཉིན་རེ་ཞིང་སྤྱད་དེ་སངས་རྒྱས་ཀྱི་ཐིབས་མཁས་བསམ་གྱིས་མི་ཁྱབ་པས་འདི་ལྟ་སྟེ། འདི་ཉིད་ཀྱིས་ཀྱང་འབྲས ་བུ་རབ་ཏུ་རྩོལ་བར་འགྱུར་ཏེ། གསང་སྔགས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ཡིན་ནོ།། ཞེས་ཡིད་ལ་བྱས་པོས་བདུད་རྩི་ལྔ་རྣམས་ཀྱི་དགའ་བ་དྲང་མགུ་བུར་བྱེད་དོ།། བདུད་རྩི་ལྔས་དགའ་བར་བྱེད་དོ་ཞེས་བྱ་བ་ལ། ་ལ་ལ་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རྒྱུ་མཐུན་པ་དེས་རིགས་ལྔའི་ངོ་བོ་ཉིད་བདུད་རྩི་ལྔ་སྟེ། དེས་དགའ་བོའི་བྱེད་པའོ།། ཞེས་བྱ་བ་ནི་སྔ་མ་ཡིནོ།། གསང་བར་བྱ་བའི་ཆོས་གསང་བ་ཞེས་བྱ་བ་ནི་འོག་ནས ་ཤིན་ཏུ་གསང་ཞིང་སྤྲས་པར་བྱས་ཏེ། ཞེས་པ་སྐལ་པ་ངན་པའི་སྐྱེ་བོ་རྣམས་ཀྱིས་ཕྱིར་སྟོན་པར་མི་བྱེད་ཀྱི། རང་ཉིད་སྦས་པས་འཇོག་པའོ།། གཟུགས་སྒྲ་ཞེས་བྱ་བ་ལ་སོགས་པ་ལ། ་བལྟས་པ་དང་། རེག་པས་བལྟ་བར་བྱ་བའི་གཟུགས་དང་། རྣ་བས་མཉན་པར་བྱ་བ་ཐམས་ཅད་དོ།། རེག་པ་ནི་རིག་བྱས་རེག་པའོ།། འདོད་པའི་ཡོན་ཏན་ལྔ་པོ་འདི་དག་ལ་སྤྱད་ནས། རྣལ་འབྱོར་ལ ་གནས་ཤིང་། རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཉིད་ནི། འདོད་པར་བྱ་བ་ཡིན་པས་ན་འདོད་པའོ།། དེ་ཉིད་བརླབ་ཅིང་གོམས་པར་བྱ་བས་ན་ཡོན་ཏན་ནོ།། དེ་རྣམས་ཀྱི་རྣམ་པ་ནི་གཟུགས་བརྙན ་ལ་སོགས་པའི་མཚན་ཉིད་དེ། ཟ་བ་ལ་སོགས་པའི་སྐལ་སེམས་ཤིང་། རང་གི་ལྷའི་སྦྱོར་བ་བསྒོམས་པས་སྤྱོད་ཅིང་། རྣམ་པར་འགྱུར་བ་སྟེ། ཐམས་ཅད་རྟོགས་ཤིང་ཁོང་དུ་ཆུད་པའི་ཚུལ་ལོ།། འདི ་སྐད་སྟོན་ཏེ། གཟུགས་ལ་སོགས་པ་ཡུལ་ལྔ་ནི། རྣམ་པར་སྣང་མཛད་ལ་སྩོགས་པའི་བདོག་ཉིད་ཅན་དུ། རྣལ་འབྱོར་པ་ཐམས་ཅད་དུ་བསྒྲུབ་པར་བྱའོ་ཞེས་པའོ།། བལྟས་དང་ཁུ་ཚུར་རྣམ་པ་ཡས།། ་སེམས་ཅན་ཐམས་ཅད་དབང་དུ་བྱེད་པས་ནི་འདི་སྐད་ཅེས་བྱའོ།། འདི་སྐད་སྟོན་ཏེ། མཉམ་པར་མ་གཞག་པའི་སྤྲོས་པས་གང་གི་ཚེ་རྣལ་འབྱོར་པ་སྤྱོད་པ། དེའི་ཚེ་མཐོང་བ་ལ་སོགས་རང་གི་ལྷའི་ང་རྒྱལ་དུ ་བྱས་པས་སེམས་ཅན་ཐམས་ཅད་རང་དབང་དུ་བྱེད་དེ། དེའི་བདག་ཉིད་ཀྱི་ལྷའི་ང་རྒྱལ་ཉིད་ཀྱིས་སེམས་པར་བྱེད་དོ།། དེ་ནས་གང་གི་ཚེ་ས་བདག་ལ་སོགས་པ་མངག་གཞུག་པར་གྱུར་པ་དེའི་ཚེ། བདག ་ཉིད་ཀྱི་ཕྱོགས་བཅིང་བ་དང་། སྔ་མ་བཞིན་དུ་བཟླས་པ་དང་། བསྒོམས་པ་ལ་སོགས་པ་ལ། བརྩོན་འགྲུས་ཀྱིས་བསྒྲུབ་པའི་མཚན་མ་ཐོབ་པར་བྱས་ནས་བསྒྲུབ་པ་ལ་འདུག་པར་བྱའོ།། འཁོར་ལོ་ལྔ་སོགས ་པའི་དངོས་གྲུབ་ཐམས་ཅད་ཀྱི་བྱ་བའི་ཐབས་ནི་ཐམས་ཅདེ། དེ་སྟོན་པའི་གཞུང་གི་ལེའུ་ལ་རིམ་པར་ཕྱེ་བའི་སྒྲར་བརྗོད།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རྒྱུད ་གསུངས་པས་ཡང་དག་པའི་དེ་ནི་རྫོགས་པ་མཐོང་བས་ཡིད་དགའ་བར་གྱུར་པ་སྟེ། ལྷ་དང་མི་དང་ལྷ་མོ་ཡིན་དང་བཅས་པའི་འཇིག་རྟེན་པ་མངོན་པར་དགའ་བ་སྟེ། ཇི་སྐད་དུ་གསུངས་པ་རོང་གིས་ཐོས་པའི་ཡེ་ཤེས་མངོན་སུམ་དུ་ཐོས་ཤིང ་ཡིད་ལ་འཇོག་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལས་ཐོས་པས་ན། བྱམས་པ་ལ་སོགས་པ་མངོན་པར་དགའ་གྱུར་པ་སྟེ། བསྟོད་དོ་ཞེས་བྱ་བ་ནི་སྒྲ་ནི་ཡོངསུ་རྫོགས་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱ་ཆེར ་བཤད་པ་རྫོགས་སོ།། །། སློབ་དཔོན་མཁས་པ་ཆེན་པོ་ཀུན་དགའ་སྙིང་པོས་མཛད་པ། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་