CLOSE WINDOW

GT1339: dpal mchog dang po'i rgya cher bshad pa
Wyliee-texts produced with BDRC’s OCR application

text in 3 volumes

volume 1 (rgyud 'grel (yi)) - volume 2 (rgyud 'grel (ri)) - volume 3 (rgyud 'grel (li)) -

དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དཔལོ་མཆོག་ད ་པོ། ཀུན་གཞི་རྣམ་པར་ཤེས་པའི་གཉེན་པོ། བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་ཆེན་པོའི་ངོ་བོས་ཐམས་ཅད་དུ་ཁྱབ ་པར་བསྟན་ནས། ད་ནི་དུམ་བུ་གཉིས་པའི་རྩ་བའི་རྒྱུད་དུ། རྡོ་རྗེ་འཆང་བ་ཆེན་པོ་དཔལ་མཆོག་དང་པོ། ཉོན་མོངས་པ་ཅན་གྱི ་ཡིད་ཀྱི་གཉེན་པོ། ན་མཁའ་དང་མཉམ་པ་ཉིད་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་མཚན་ཉིད་ལ་མངོན་པར་ཞེན་པ་དང་བྲལ་བའི་ངོ་བོ་ཉིད ་ཀྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། དམ་ཆོ་གི་ཕྱག་རྒྱའི་མཚན་ཉིད་ཅན་གང་ཡིན་པ་དེ་གདུལ་བྱ་རྣམས་ཀྱི་མངོན་དུ་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ ་བཞིན་ཏེ། བཅོམ་ལྡན་འདས་འདོད་པའི་ཁམས་ཐ~ཾད་ཀྱི། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གཞལ་ཡས་ཁང་ན། ལག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེ་འ་རྣམས་ཀྱི་ཡོངསུ་བསྐོར་ཏེ་བཞུགས་པ་ན།། ་དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་འདི་གསུངས་པ་ཡིནོ།། བཅྡོཾས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ཡང་ཡིན་ལ། ཐད་ཀྱང་ཡིན་པས་དེ་བཞིན་གཤེན ་པ་ཐད་དེ། འཇིག་རྟེན་གྱི་ཁམས་ཐད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་དང་། བྱང་ཆུབ་སདའ་རྣམ་པར་སྨིན་པའི་སྐུའི་རང་བཞིན་ཅན་ཐད་དོ།། དེ་རྣམས་ཀྱི་གསང་བའི་ཆོས་ཉིད་ནི་དཀྱིལ་འཁོར་ལ་སོགས ་པའི་དེ་ཁོ་ན་ཉིད་བཅུའི་ངེས་པ་མཁྱེན་བྱ་སྟེ། དེ་བརྙེས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་བརྙེས་པ་ཞེས་བྱའོ།། ཆོས་ཐམས་ཅད་སྤྲོས་པ་མེད་པ་ཞེས་བྱ་བ་ནི། སངས ་རྒྱས་རྣམས་ཀྱི་རྣམ་པར་སྨིན་པའི་སྐུའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཉོན་མོངས་པ་ཅན་དང་བྲལ་བ་དང་། ཆོས་ཐམས་ཅད་མཚན་མ་མེད་པའི་རྣམ་པར་ཐར་པའི་སྒོ་སྟེ། དེ་རྣམས་ལ་སྤྲོས་པ་འདྲི་ཡོད་པ་མ་ཡིན་པས་སྤྲོས་པ་མེད་པ་སྟེ། རྟོག་པ ་ཐམས་ཅད་དང་བྲལ་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ།། ཡང་ཞེས་བྱ་བ་ནི་དུམ་བུ་དང་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལས་བལྟོས་ནས་ཡང་ཞེས་བྱ་བའི་སྒྲ་སྨོས་པ་ཡིན་ཏེ། ཡང་ཤེས་རབ་ཀྱི་ཕ་རོལ ་ཕྱིན་པ་འདི་གསུངསོ་ཞེས་བྱ་བར་སྦྱར་རོ།། འདི་ཞེས་བྱ་བ་ནི། བློ་ལ་གནས་པ་སྟེ། འོག་ནས་བཤད་པའི་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ།། བདེ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། བདེ་བ་ཆེན་པོ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན ་པའི་ངོ་བོ་ཉིད་ན་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། མི་འགྱུར་བདེ་བ་ཀུན་གྲུབ་པས།། བདེ་བ་ཆེན་པོ་ཞེས་བཤད་དོ་ཞེས་གསུངས་པ་ཡིན་ནོ།། དེ་ཉིད་བཟུང་བ་དང་འཛིན་པའི་རྣམ་པར་རྟོགས་པ་རྣམས་ཀྱི་མི་ཤགས་པས་ནི་རྡོ་རྗེའོ།། དེ་ཉིད་ནི ་དཀྱིལ་འཁོར་ལ་སོགས་པའི་རྒྱུར་གྱུར་པས་ན་དམ་ཚིག་སྟེ། དེ་ལ་དཀྱིལ་འཁོར་ལ་སོགས་པ་ངེས་པར་འབྱུང་བའི་ཕྱིར་ཏེ། དེ་སྐད་ཅེས་བྱ་བ་གསུངས་པའོ།། དེ་ཇི་ལྟ་བུ་ཞེ་ན། དོན་ཡོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཡོད་པ་ནི་འབྲས ་བུ་ཡོད་པའོ།། རྡོ་རྗེ་ཆོས་ཉིད་ནི་རྒྱུའོ།། དོན་ཡོད་པ་ཡང་ཡིན་ལ་རྡོ་རྗེ་ཆོས་ཉིད་ཀྱང་ཡིན་པས་ན་རྡོ་རྗེ་ཆོས་ཉིད་དེ། དརྟུལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་ངེས་པར་རྫོགས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་ཇི་ལྟ་བུ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་བྱོན ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ན་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེའི་སྒོ་ནི་འཇུག་པའི་ཐབས་ཏེ། ཐོས་པ་དང་བསམ་པ་དང་བསྒོམ་པའི་རང་བཞིན་ཅན་གྱིས་ཡེ་ཤེས་གང་གིས་རྟོགས་ཤིང ་མངོན་སུམ་དུ་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཡང་ཇི་ལྟ་བུ་ཞེ་ན། མཆོག་དང་པོ་ཞེས་བྱ་བ་གསུངས་ཏེ། མཆོག་ནི་ཕུལ་དུ་བྱུང་བའོ།། དང་པོ་ནི་སྐལ་བ་བཟང་པོ་ལ་སོགས་པ་ཐོག་མར་གནས་པའོ།། མཆོག་ཀྱང་ཡིན་ལ་དང་པོ་ཡང་ཡིན་པས་ན ་མཆོག་དང་པོའོ།། འདི་ཉིད་གསུངས་པས་ནི་ཐོག་མ་ཐ་མ་མེད་ཅེས་བྱ་བ་ཡིན་ཏེ། དེ་ལ་དང་པོ་ནི་ཐོག་མར་བྱུང་བའོ།། ཐ་མ་ནི་དུས་ཚིག་ངེས་པ་ཅན་གྱི་འཇིག་པའོ།། གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ནི་ཐོལ་མ་དྲང་ཐ་མ་མེད་པ་སྟེ། མཉམ་པ་ཉིད ་ཀྱིས་ཡེ་ཤེས་ཀྱི་ངོ་བོ་ཆོས་ཀྱི་དབྱིངས་སོ།། དབུས་མཆོག་ཞེས་བྱ་བ་དབུས་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པས་ན་དབུས་མཆོག་སྟེ། དངོས་པོ་དང་དངོས་པོ་མེད་པར་རྟག་པ་དང་བྲལ་བ། ན་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན་ནོ།། ཞེས་སྟོན ་ཏོཏེ།། གསུངས་ཞེས་བྱ་བ་ནི་བཀའ་སྩལ་པའོ།། འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཐོག་མ་དང་ཐ་མ་མེད་པའི་ན་མཁའ་དང་མཉམ་པའི་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུར་གྱུར་པ་དང་། སྐུ་དེ་ཐོབ་པའི་རྒྱུར་གྱུར་པའི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྟོན་པར་མཛད་པའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོའི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་ལ་འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། འད་ཆགས་ཅན་ཐས། ་ཆོས་བདག་མེད་པ་ལ་ཆགས་པ་དང་། དེའི་རྒྱུ་མཐུན་པ་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་སྐུའོ།། དེ་ཡང་། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས།། དངོས་གྲུབ་ཀུན་ལ་རྗེས་སུ་དགྱེས།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི།། འོད་ཟེར་དམར་པོ་སྣ་ཚོགས་འབར་ཞེས ་གསུངས་པ་ཡིན་ནོ།། དེའི་དངོས་གྲུབ་ཀྱི་མཆོག་ནི་འདོད་ཆགས་ཆེན་པོའི་དངོས་གྲུབ་ཀྱི་མཆོག་སྟེ། དཔལ་རྡོ་རྗེ་སེམས་དཔའི་དངོས་གྲུབ་དང་། དེརི་རིགས་ཀྱི་དངོས་གྲུབ་ནི་འདོད་ཆགས་ཆེན་པོའི་དངོས་གྲུབ་བོ།། བྱང་ཆུབ་ཆེན་པོའི་རང་བཞིན་གྱི་སེམས་དཔའ་ནི། སེམས་དཔའ ་ཆེན་པོ་སྟེ། མི་བསྐྱོད་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་སོ།། དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཅན་གྱི་དངོས་གྲུབ་གདུལ་བྱའི་སྐྱེ་བོ་རྣམས་ཀྱི་རྒྱུད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྐྱེད་པ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོ་དངོས ་གྲུབ་ཀྱི་མཆོག་དམ་པ་ལ་འཇུག་པར་འགྱུར་ཏེ། རྒྱུའི་ངོ་བོར་ཞལ་གྱིས་བཞེས་པར་མཛད་པའོ།། བདེ་བ་ཆེན་པོ་བཤད་ཟིན་ཏོ།། དེར་རྫོགས་པ་ནི་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་མ་ཏོག་གྲུབ་པའོ། འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ ་པ་ནི། རྡོ་རྗེ་སེམས་དཔའི་གཟུགས་བརྙན་དང་མཚུངས་པར་བསྒོམ་པའི་དངོས་གྲུབ་དེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བདེ་བ་ཆེན་པོའི་ངོ་བོར་གདུལ་བྱ་རྣམས་གྱུར་པའོ།། འདིས་ན་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་སྟོན་ཏོ།། བདེ་བ་ཆེན་པོའི་དངོས་གྲུབ་དམ ་བ་ཞེས་བྱ་བ་ལ་བདེ་བ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་རྫོགས་ཤིང་རྟོགས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་བདེ་བ་ཆེན་པོའི་དངོས་གྲུབ་དམ་པ་ཞེས་བྱ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ཅན་གྱིས་སེམས་དང ་སེམས་ལས་བྱུང་བ་གང་ཡིན་པ་དེ་ལ་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་དམ་པ་ཞེས་བྱའི་ཉན་ཐོས་དང་། རང་བྱང་ཆུབ་ཀྱི་རང་བཞིན་ནི་མ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོ་ནི། དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་བྱང་ཆུབ་ཆེན་པོ་དང་། བྱང་ཆུབ་ཆེན་པོའི་རྒྱུར་གྱུར་པ་སྟེ། བྱང་ཆུབ་ཆེན་པོའི་དཀྱིལ་འཁོར་རོ།། དེའི་དངོས་གྲུབ་ཀྱི་མཆོག་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པར་རྫོགས་པར་འགྱུར་བ་སྟེ། དེའི་དོན་དུ་འཇུག་པ་ཞེས་བྱ་བ་ནི། བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་ངོ་བོའི་སེམས་དང་སེམས་ལས་བྱུང་བ་མཁྱེན་ནས། ཆ་མཉམ་ལ་སྤྱོད་བྲིའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལ་སོགས་བསྐྱེད་པར་མཛད་ལ། དེས ་ཀྱང་གདུལ་བྱ་རྣམས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བ་སྟེ། འདིས་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་དངོས་གྲུབ་སྟོན་ཏོ།། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་ཀྱི་དམ་པ་ནི་བཤད་ཟིན་ཏོ།། བདུད་ཆེན་པོའི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའི་དངོས་གྲུབ་ཀྱི་དམ་པ་ལ་འཇུག་པ་ནི། བདུད་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བདུད་ཆེན་པོ་ཐམས་ཅད་དེ། མཐོ་རིས་དང་ཐར་པའི ་དགེ་བའི་སྲོག་གི་བར་དུ་གཅོད་པར་བྱེད་པ་དྲག་པོ་ལ་སོགས་པ་འཁོར་དང་བཅས་པའོ།། དེ་རྣམས་རབ་ཏུ་འཇོམས་པ་ནི་རྡོ་རྗེ་རིགས་ཀྱི་དེ་གཞོམ་པ་ལ་སོགས་པ་འཇུག་པ་སྐྲག་པར་མཛད་ནས། གདུག་ཅིང་གཏུམ་པ་ཉིད་ལས་བཟློག་པའོ།། ། ་དེའི་དངོས་གྲུབ་ཀྱི་མཆོག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ།། འདི་སྐད་སྟོན་ཏེ་གང་གི་ཚེ་སེམས་ཅན་གདུག་ཅིང་གཏུམ་པ་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་རང་གི་ངོ་བོ་ཞི་བའི་ཚུལ་གྱིས་མཛད་པར་མི་སྤྱོད་པ་དེའི་ཚེ། རྡོ་རྗེ་རགས་སྤྲུལ་ནས་དེས་གདུག ་ཅིང་གཏུམ་པ་རྣམས་སྐྲག་པར་མཛད་དེ། སྡིག་པ་ལས་བཟློག་ནས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྐྱེད་པར་མཛད་པ་སྟེ། འདིས་ནི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་གྱི་དོན་བསྟན་ཏོ།། བདུད་ཐམས་ཅད་རབ་ཏུ་འཇོམས་པའི་དངོས ་གྲུབ་ཀྱི་མཆོག་ནི། བཤད་ཟིན་ཏོ།། དེ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཁམས་གསུམ་མ་ལུས་པའི་བདག་པོའི་དངོས་གྲུབ་ལ་འཇུག་པར་གྱུར་པ་ནི་ཕྱོགས་བཅུ་ན་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ངོ་བོར་གནས་པ་ནི་ཁམས ་གསུམ་མ་ལུས་པ་སྟེ། ཁམས་གསུམ་ཐམས་ཅད་དོ།། དེར་བདག་པོར་གྱུར་པ་ནི་ཁམས་གསུམ་པ་ན་སྤྱོད་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤོང་བ་རང་དབང་དུ་གྱུར་པ་དེའི་དངོས་གྲུབ་ཀྱི་མཆོག་ནི་འགྲོ་བ་ཐམས་ཅད་འདུལ་བའི་ཏིང་ངེ་འཛིན་བསྙེམས ་པའོ། འདིས་ནི་དོན་འདི་སྐད་སྟོན་ཏེ། གང་གི་ཚེ་སེམས་ཅན་གདུག་ཅིང་གཏུམ་པར་མ་གྱུར་པ་དེ་རྣམས་ཀྱི་དོན་རྡོ་རྗེ་རིགས་ཀྱི་ཚུལ་གྱིས་མཛད་པ་མི་སྤྱོང་བ་དེའི་ཚེ། རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱིས་དེ་རྣམས་ལ་ཡང་དག་པའི་ལམ་ལེགས་པར ་སྟོན་པར་མཛད་ལ། དེ་ལས་དེ་རྣམས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་གྱུར་པ་དེ། འདིས་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་གྱིས་དོན་བསྟན་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཆེན་པོའི ་ཁམས་གསུམ་མ་ལུས་པའི་བདག་པོའི་དངོས་གྲུབ་ཀྱི་མཆོག་ནི་བཤད་ཟིན་ཏོ།། མ་ལུས་ཤིང་ལུས་པ་མེད་པའི་བདེ་བ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་ལ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ནི། ་བཤད་ཟིན་ཏོ།། དེ་རྣམ་པར་སྦྱོང་བ་ནི་སྒྲིབ་པ་ཐམས་ཅད་སྦྱངས་པ་སྟེ། ཉོན་མོངས་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་སྤངས་པས་ཡང་དག་པར་སྦྱངས་པའོ།། དེའི་དོན་དུ་འཇུག་པ་ནི་མངོན་པར་འདོད་པའོ།། དེའི་རྫོགས་པའི་རྒྱུན་རྒྱུར་གྱུར་པ། ་དེ་ལ་འཇུག་པ་ཇི་སྐད་བཤད་པའི་དངོས་གྲུབ་ཀྱི་མཆོག་ལ་འཇུག་པ་སྟེ། དེ་ཇི་སྐད་བཤད་པའི་དངོས་གྲུབ་སེམས་ཅན་གྱི་ཁམས་སྦྱོངས་པ་ལ་བརྩོན་ཞིང་བསྐྱེད་པར་མཛད་པའི་རྒྱུའི་ངོ་བོར་གྱུར་པའོ་ཞེས་བྱ་བའི་ཐ་ཚིག་གོ།། ཇི་ལྟ་བུའི་བྱང་ཆུབ་སེམས་དཔའ ་ཆེན་པོ་རྣམས་ཀྱི་ཞེ་ན། རྟག་ཏུ་འཁོར་བར་འཇུག་རྣམས་ཀྱི་ཞེས་བྱ་བ་སྟེ། སྐད་ཅིག་ར་རེ་ཞིང་སེམས་ཅན་རྣམས་རྣམ་པར་སྦྱང་བར་བྱ་བའི་ཕྱིར། འཁོར་བ་མཐའ་མེད་པར་ཡོངས་སུ་མི་འདོར་བའི་ཐུགས་དང་ལྡན་པ་རྣམས་ཀྱིའོ།། བརྩོན་འགྲུས་ཆེན་པོ་རྣམས་ཀྱི་ཞེས ་བྱ་བ་ལ། བརྩོན་འགྲུས་ནི་དགེ་བའི་ཆོས་ལ་མངོན་པར་སྤྲོ་བའི་བརྩོན་པ་ཆེན་པོ་གང་ལ་མངའ་བ་དེ་ནི་བརྩོན་པ་ཆེན་པོ་སྟེ། བརྩོན་འགྲུས་ཆེན་པོ་དང་ལྡན་པ་དེ་རྣམས་ཀྱི་འཁོར་བ་ཇི་སྲིད་པར་ཁམས་གསུམ་པའི་རྒྱ་མཚོ་ཆེན་པོ་བས་སེམས་ཅན་རྣམས་སྒྲོལ་བ ་ལ་སྦྱོར་བར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཡོངས་སྒྲུབ་པ་ཞེས་བྱ་བ་ནི་ཀུན་ནས་ཡོངསུ་སྒྲུབ་པར་མཛད་པ་སྟེ། ཕྱོགས་བཅུའི་སེམས་ཅན་གྱི་ཁམས་མ་ལུས་པའི་དམྱལ་བ་ལ་སོགས ་པའི་འཇིགས་པ་ལས་བཟློག་ཅིང་ཐར་བར་མཛད་པའོ།། ཕན་པ་ཐམས་ཅད་ནི་མ་འོངས་པའི་དུས་ན་རྣམ་པར་སྨིན་པ་བདེ་བར་གྱུར་པའི་ལས་སོ།། བདེ་བ་ཐམས་ཅད་ནི་ལུས་འདི་ཉིད་ཀྱི་བདེ་བ་མྱོང་བ་དང་། བསམ་གཏན་ལས་བྱུང་བའི་ཡིད་ཀྱི་བདེ་བའོ།། ་ཇི་སྐད་དུ་བཤད་པའི་ཕན་པ་དང་བདེ་བ་ཐམས་ཅད་ཀྱི་ཡོངས་སུ་སྐྱོབ་པ་ནི། ཕན་པ་དང་བདེ་བ་ཐམས་ཅད་ཀྱིས་ཡོངསུ་སྐྱབས་པ་སྟེ། དེས་སེམས་ཅན་གྱི་ཁམས་མཆོག་ཏུ་བསྟན་ཞིང་བདེ་བ་ལ་རབ་ཏུ་སྦྱོར་བའོ།། དེ་གང་ཞེ་ན། བདེ་བ་ཆེན་པོའི་དངོས་གྲུབ ་སྟེ། སངས་རྒྱས་ཉིད་དང་རྡོ་རྗེ་འཆང་བ་ཉིད་ཐོབ་པའོ།། དེའི་དོན་དུ་འཇུག་པ་ནི་ཇི་སྐད་དུ་བཤད་པ་སྒྲུབ་པའོ།། འདི་སྐད་སྟོན་ཏེ། གང་གི་ཚེ་གདུལ་བྱའི་སེམས་ཅན་གྱི་ཁམས་བརྩོན་འགྲུས་ཞན་པ་རྣམས་འཇིག་རྟེན་དབང་ཕྱུག་གིས་རང་བཞིན་གྱིས ་དག་པའི་ཏིང་ངེ་འཛིན་ལ་འཇོག་པར་མི་ནུས་པ་དེའི་ཚེ། ཐུགས་རྗེ་ཆེན་པོའི་གཞན་གྱི་དབང་གི་ཕྱི་མའི་མཐའ་མེད་པའི་འཁོར་བའི་གདུལ་བྱའི་སེམས་ཙོནྡ་གྱི་ཁམས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སངས་རྒྱསུ་ཉིད་དང་། རྡོ་རྗེ་འཆང་པོ་ཉིད་དཀྱིལ་འཁོར་ངེས་པར ་སྦྱོར་བ་སྟེ། འདིས་ནི་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་གྱི་དོན་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཏེ། གདུལ་བྱའི་སེམས་ཅན་གྱི་ཁམས་ལོ་ལོ་ཅན་གདུལ་བ་ལ་རབ་ཏུ་སྦྱོར་བའི་ཕྱིར་རྣལ་འབྱོར་པ་ཐུགས་རྗེ་ཆེན་པོའི་གཞན་གྱི་དབང ་གི་འཁོར་བ་ཕྱི་མའི་མཐའ་མེད་པར་གནས་པར་བྱེད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འཁོར་བ་ནས་འཁོར་བ་སྟེ། སེམས་ཅན་གྱི་འཇིག་རྟེན་དང་དེའི་གནས་སྣོད་ཀྱི་འཇིག་རྟེན་ནོ།། དེར་གནས་པས་ན་འདུག་པར་གྱུར་པའི ་ཚེ་སྟེ་འདུག་པོར་གྱུར་པ་ནི་གནས་པར་མཛད་པ་སྟེ། མི་གནས་པའི་མྱ་ངོན་ལས་འདས་པའི་ཚུལ་གྱིསོ།། འདུག་པར་གྱུར་པ་དེ་ཡང་སུ་ཞིག་ཡིན་ཞེ་ན། མཁས་མཆོག་ཅེས་བྱ་བ་སྨོས་ཏེ། མཁས་པ་ནི་གཟི་ཅན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས ་ཀྱི་མེས་ཉོན་མོངས་པ་བག་ཆགས་དང་བཅས་པའི་བུད་ཤིང་ངེས་པར་བསྲེག་པར་མཛད་པ་སྟེ། རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་སོ།། མཆོག་ནི་དམ་པའོ།། དེ་སྲིད་མཚུངས་མེད་སེམས་ཅན་དོན་ཞེས་བྱ་བ་ནི་གདུལ་བྱ་རྣམས ་སྐལ་བ་རྣམས་ཇི་ལྟ་བ་བཞིན་དུ་མཚུངས་པ་མེད་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་། འཇིག་རྟེན་པའི་ལྷ་རྣམས་ལ་སོགས་པ་དང་འདྲ་ཞིང་མཉམ་པ་མ་ཡིན་པའི་སེམས་ཅན་གྱི་དགོས་པའི་དོན་མྱ་ངན་ལས་མི་འདའ་ཞིང་ཕུང་པོ་ལྷག་མ་མེད་པའི་མྱ ་དྲན་ལས་འདས་པས། མྱ་ངན་ལཱ་མི་འདའ་བར་དོན་བྱེད་ཅིང་རྫོགས་པར་ནུས་ཤིང་སྤྱོད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་འཁོར་བའི་གནས་སུ་མཁས་པའི་མཆོག་དེ་རྣམས་འདུག་པར་འགྱུར་བ་ཡིན་ནོ།། བག་ཆགས་དང་བཅས་པའི་ཉོན་མོངས་པའི་བུད ་ཤིང་བསྲེག་པར་གྱུར་ཀྱང་ཇི་ལྟར་འཁོར་བར་གནས་པར་འགྱུར་ཞེ་ན། ཤེས་རབ་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཤད་ཟིན་ཏོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོ་གཟུགས་བརྙན་དང་འདྲ་བ་དང་། རྨི་ལམ་དང་འདྲ་བ་དང་། སྦྲུལ ་པ་དང་འདྲ་བ་ལ་སོགས་པ་ཉེ་བར་གཟུང་བ་ནི་ཐབས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐབ་སོ།། དེའི་ཡེ་ཤེས་ནི་རྟོགས་པའོ།། དེང་བྱིན་གྱིས་བརླབས་པ་ནི་སྔ་མའི་འཕེན་ཤུགས་ཏེ། དམིགས ་བ་མེད་པའི་སྙིང་རྗེ་ཆེན་པོ་ཐུགས་རྗེ་ཞེས་བྱ་བའི་ཐ་ཚིག་གོ།། དེས་སྒྲུབ་པ་ནི་བསྐྱེད་པ་སྟེ་མི་གནསྡེ་བོའི་མྱ་ངན་ལས་འདས་པ་གྲུབ་པ་སྒྲུབ་སོ་ཞེས་བསྟན་པ་ཡིན་ནོ།། ཅི་འཁོར་བའི་ཉེས་པས་དེ་གོས་པར་འགྱུར་རམ་ཞེ་ན། ཆོས་ཀུན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ཆོས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ཆོས་ཀུན་ཏེ། བྱང་ཆུབ་སེམས་དང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དེ་རྣམས་ཀྱི་རྣམ་པར་དག་པ་ནི་གཉིས་དང་བྲལ་བ་ཉིད ་དེ། ཆོས་ཐམས་ཅད་རྣམ་པར་དག་པར་རྒྱུར་གྱུར་པ་དེས་སོ།། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ཆོས་ཐམས་ཅད་རྣམ་པར་དག་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། དངོས་རྣམས་དག་པར་འགྱུར་བ་ཡིན་ཞེས་བྱ་བ་ལ་སྲིད་པ་ནི་འཁོར་བ་སྟེ། དེ་དང་། ནི་སྲིད་པའི་ཉེས ་པ་དང་བྲལ་བའོ།། འཁོར་བ་སྲིད་དུ་ཞེས་བྱ་བ་ནི་འཁོར་བ་ཇི་སྲིད་གནས་པར་རོ།། ནིའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ་གང་གི་ཕྱིརརུ་མཁས་པའི་མཆོག་དེ་རྣམས་ཆོས་ཐམས་ཅད་རྣམ་པར་དག་པོར་བྱེད་པར་འགྱུར་རོ།། དེ་བས་ན་འཁོར་བའི་ཉེས ་པ་དང་བྲལ་བ་ཡིན་ནོ།། ཇི་ལྟར་ན་དེ་རྣམས་འཁོར་བའི་ཆགས་པ་དང་བྲལ་བཞིན་དུ་འཁོར་བར་ཞུགས་པར་མཛད་ཅེ་ན། ཆགས་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་ཆགས་ནི་རྡོ་རྗེ་སེམས་དཔའོ།། སོགས་པའི་སྒྲས་ནི་དེ་བཞིན་གཤེགས་པ་དང ་རྡོ་རྗེ་དང་པདྨ་དང་། ནོར་བུའི་རིགས་རྣམས་བསྡུའོ།། འདོད་ཆགས་ལ་སོགས་པ་གང་ཡིན་པ་དེ་ནི་ཆགས་པ་ལ་སོགས་པ་སྟེ། དེ་ཉིད་ཀྱིས་འདུལ་བས་ན་ཆགས་པ་ལ་སོགས་པ་འདུལ་བའི་འཇིག་རྟེན་སེམས་ཅན་རྣམ་སོ།། འདིས་སེམས་ཅན་གྱི་ཁམས་འདུལ་བས ་ནཱན་འདུལ་བ་སྟེ། སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པ་ཉིད་ལ་རབ་ཏུ་འཇོག་པའོ།། ཅིའི་ཕྱིར་འཇིག་རྟེན་རྣམས་ཆགས་པ་ལ་སོགས་པས་འདུལ་ཞེ་ན། འཇིག་རྟེན་སྡིག་བྱེད་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁོར་བ་ཐོག་མ་དང་ཐ་མའི་མཐའ་མེད་པ་ན་འདོད་པའི ་སྲིད་པ་ལ་སོགས་པའི་རང་བཞིན་ཅན་གྱི་སྲིད་བས་ན་འཁོར་བ་ཡིན་ལ་དེ་བས་ན་འཁོར་བ་ཐོག་མཐའ་མེད་པ་ནུས་སྲིད་པ་རྒྱུ་བའི་ཚེ་རྟག་ཏུ་བུད་མེད་བསྟེན་པ་ལ་སོགས་པའི་སྡིག་པའི་འཇིག་རྟེན་དེ་རྣམས་སྦྱང་བར་བྱ་བའི་ཕྱིར། འཁོར་བ་སྲིད་དུ། ་བདག་ཉིད་འདུལ་ཞེས་བྱ་བ་ཡིན་ཏེ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲིད་པ་རྣམས་ནི་རྟག་ཏུ་བུད་མེད་ལ་སོགས་པའི་ཡུལ་བསྟེན་ཅིང་མངོན་པར་ཞེན་པའི་སྡིག་པ་ལ་འཇུག་པ་རྣམས་བཟློག་ཅིང་སྦྱང་བར་བྱ་བའི་དོན་དུའོ།། ནི་ཞེས་བྱ། ་བ་ནི་ངེས་པར་གཟུང་བ་སྟེ། དེ་རྣམས་སྦྱང་བར་བྱ་བའི་དོན་ཉིད་དུ་ཞེས་བྱ་བའི་དོན་ཏོ།། འདུལ་བ་ནི་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོར་བྱེད་པའོ།། འཁོར་བ་སྲིད་དུ་ཞེས་བྱ་བ་ནི་འཁོར་བ་ཕྱི་མའི་མཐའ་མེད་པའི་བར་དུའོ།། བདག་ཉིད་ཅེས་བྱ ་བ་ནི་རང་གིས་ཏེ་མི་དམིགས་པའི་སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་དབྱེར་མེད་པའོ།། འགྱུར་བས་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཅན་གྱི་ལས་ཀྱི་ངོ་བོ་ཉིད་བདག་ཉིད་བྱེད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། འདིས་ནི་དོན་འདི་སྐད་སྟོན་ཏེ། གང ་གི་ཕྱིར་རྡོ་རྗེ་སེམས་དཔའ་ལྔ་སོགས་པའི་སྒེག་པ་དང་ཞི་བ་དང་། དྲུག་པོ་དང་དཔའ་བོ་ལ་སོགས་པའི་ཉམས་ཀྱིས་འདུལ་བའི་སེམས་ཅན་རྣམས་ཡོད་ལ། དེ་རྣམས་གདུལ་བར་བྱ་བའི་ཕྱིར་མཁྲུས་མཆོག་དེ་རྣམས ་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་གྱིས་འཁོར་བ་ཇི་སྲིད་པར་མི་གནས་པའི་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་དེ་རྣམས་སེམས་ཅན་གདུལ་བྱའི་ཕྱིར་འཁོར་བ་ཇི་སྲིད་པར་གནས་ནི་འཁོར ་བའི་ཉེས་པ་འདོད་ཆགས་ལ་སོགས་པ་ཇི་ལྟར་གྲོས་པར་མི་འགྱུར་ཞེ་ན། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཇི་ལྟར་པདྨའི་རང་གི་ངོ་བོ་ཉིད་ཀྱི་ཁ་དོག་དམར་པོས་ནན་ཏན་དུ་དམར་བས་ན་རབ་ཏུ་དམར་བའོ།། ཡུང་ཞེས་བྱ་བ་ནི་ཀྱང་ཞེས་བྱ་བའི ་དོན་ཏེ། རབ་ཏུ་དམར་ཡང་ངོ་།། ཚོན་གྱིས་ཉེས་བྱ་ཞེས་བྱ་བ་ནི་ཞེན་པའི་ཉེས་པ་ནི་ཚོན་གྱིས་ཉེས་པ་སྟེ། རྫས་གཞན་དང་འདྲེས་པའི་ཉེས་པ་ལ་སོགས་པ་ཡོངས་སུ་མི་འདོར་བ་སྟེ། དེ་ནི་འདོད་ཆགས་ལ་སོགས་པའི་ཉེས་པ་སྔོ་གོས་པར་མི་འགྱུར་རོ།། ་དེ་ཡང་ཚོན་ཡོད་པའི་ལྗན་ལྗིན་ལ་སོགས་པའི་དྲི་མས་གོས་ཤིང་འཕགས་པར་མི་འགྱུར་རོ་ཞེས་བྱ་བ་ཐ་ཚིག་གོ།། དེ་བཞིན་གནས་ཀྱི་ཉེས་པ་ཡོས།། འགྲོ་ཕན་རྣམས་ལྷ་མི་གོས་ཞེས་བྱ་བ་ལ་གནས་ནི་ཁྱམས་གསུམ་པ་སྟེ། མི་གནས་པའི་མྱ་དྲན ་འདས་པའི་སྲིང་པོའི་ངའི་ཉིད་ཀྱི་གནས་པའོ།། ཉེས་པ་ནི་འདོད་ཆགས་ལ་སོགས་པའོ།། དེ་ཉེས་པ་ནི་འདོད་ཆགས་ལ་སོགས་པའོ།། དོ་ཤེས་པ་ནི་འདོད་ཆགས་པའོ།། དེས་མ་གོས་པ་ནི་གོས་པར་མི་འགྱུར་རོ།། རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའི། ་ཕན་རྣམས་ལ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་ལ་ཕན་པ་ཐམས་ཅད་རྫོགས་པར་བྱེད་པའི་སེམས་ལྡན་པའོ།། འདི་སྐད་སྟོན་ཏེ་ཇི་ལྟར་པདྨ་ཤིན་ཏུ་དམར་ཞིང་ཆུ་ལས་སྐྱེས་སུ་ཟིན་ཀྱང་། ཆུའི་འདམ་ལ་སོགས་པ་ཆུའི ་ཉེས་པས་གྲོས་ཤིང་འདྲེ་བར་མི་འགྱུར་རོ།། དེ་བཞིན་དུ་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་བྱེད་པའི་འདོད་ཆགས་ཀྱི་ཆགས་པའི་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་སྐྱེས་སུ་ཟིན་ཀྱང་འདོད་ཆགས་ལ་སོགས་པའི ་འཁོར་བའི་ཉེས་པ་རྣམས་ཀྱི་གོས་པར་མི་འགྱུར་རོ།། ཡང་ཇི་ལྟར་ན་སེམས་ཅན་སྨིན་ཅིང་གྲོལ་བའི་འདོད་ཆགས་ཀྱི་ཆགས་པའི་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་གནས་པོ་ན་འཁོར་བའི་ཉེས་པས་ཇི་ལྟར་གོས་པར་མི་འགྱུར ་ཏེ། འདོད་ཆགས་ལ་ཞེན་པའི་སེམས་ཅན་གཞན་དག་དྲང་འདྲ་བར་གོས་པ་ཁོ་ནར་འགྱུར་རོ་ཞེས་རྟོགས་ཤིང་འདི་སྙམ་དུ་སེམས་པ་དེ་བསལ་བར་བྱ་བའི་ཕྱིར། འདོད་ཆགས་ཆེན་པོ་རྣམ་པར་དག་ཅེས་གསུངས་ཏེ། འདོད་ཆགས་ཆེན་པོ་ནི ་སྙིང་རྗེ་ཆེན་པོའོ།། དེས་རྣམ་པར་དག་པ་ནི་འདོད་ཆགས་ཆེན་པོ་རྣམ་པར་དག་པ་སྟེ། གང་གི་ཕྱིར་དེ་རྣམས་ལ་དམིགས་སུ་མེད་པའི་སྙིང་རྗེ་ཆེན་པོ་མངོའ་བ་ངོས་ནི་དེ་རྣམས་ལ་རྣམ་པར་རྟོག་པ་མི་མངར་ཡང་། སྔོན་གྱི་འཕེན་ཤུགས་ཀྱི ་སེམས་ཅན་གྱི་དོན་ལ་འཇུག་པར་མཛད་དོ།། དེ་བས་ན་འདོད་ཆགས་ཆེན་པོ་རྣམ་པར་དག་པོའི་ཕྱིར་ཆེ་རྣམས་ལས་འདོད་ཆགས་ལ་སོགས་པའི་འཁོར་བའོ་ཉེས་པ་རྣམ་པར་རྟོག་པའི་རང་བཞིན་ཅན་གྱིས་གོས་པར་མི་འགྱུར ་ཞེས་བྱ་བའི་དོན་ཏོ།། ཀྱཻ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་ན་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་སྦྱིན་པའི་ཕ ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་དེ་ལས་བྱུང་བའི་རིན་པོ་ཆེའི་རིགས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ།། དེ་ཉིད་ནི་གསང་བའི་དོན་ཡོད་པའི་སེམས་ཅན ་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ་བརྟན་ཞིང་མི་ཕྱེད་པའི་ཕྱག་རྒྱ་ཡིན་པས་ན། གསང་བའི་དོན་ཡོད་པའི་ཕྱག་རྒྱ་བསྟན་པ་སྟེ། ཕྱག་རྒྱ་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་རྒྱས་བཏབ་པ་ཡིན་པ་དེ་ལ་དེ་སྐད ་ཅེས་བྱའོ།། འདིས་ནི་བཅོམ་ལྡན་འདས་རྣམ་པར་སྣོང་མཛད་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་སྟོན་ཏོ།། ད་ནི་པདྨའི་རིགས་ཀྱི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བའོ།། དེ་རྣམས་ཀྱི་དམ་ཚིག་ཆེན་པོ་ཐམས་ཅད་ནི་པདྨའི་རིག་སོ།། ན་མཁའི་ཁམས་ཐམས་ཅད་ཁྱབ་པས་ནི་ཆེན་པོ་ཉིད་དོ།། གཟུགས ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ན་དམ་ཚིག་ཆེན་པོ་ཐམས་ཅད་དོ།། ཕྱག་རྒྱ་དམ་ཚིག་ཞེས་བཤང་ངོ་ཞེས་གསུངས་པས་སོ།། དེར་ཞུགས་པ་ནི་པདྨའི་རིགས་སུ་གཏོགས་པར་གྱུར་པའོ།། ཅིའི་ཕྱིར་དེར་ཞུགས་ཤེ་ན། ཆོས་ཉིད་ཀྱི་ཡེ་ཤེས་ཐུགས་སུ ་ཆུད་པ་ལ་རབ་ཏུ་གནས་པ་ཞེས་བྱ་བ་གསུངས་ཏེ། གང་གིས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་ཅིང་མངོན་སུམ་དུ་མཛད་པར་གྱུར་པ་དེ་ནི་ཆོས་ཉིད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་པའོ།། དེ་ལ་རབ་ཏུ་གནས་པ ་ནི་ཕྱི་མའི་མཐའ་ཐུག་པ་མེད་པར་རྣམ་པར་མི་རྟོག་པའི་ཚུལ་གྱིས་ཞུགས་པའོ།། འདིས་ནི་པདྨའི་རིགས་ངོ་བོ་ཉིད་ཡིན་པར་བསྟན་ཏོ།། དེ་ལྟར་བཅོམ་ལྡན་འདས་པདྨའི་རིགས་ཀྱི་ངོ་བོར་བསྟན་ནས། དེ་ན་ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་དུ ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འོད ་གསལ་བའི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་རྣམས་ཀྱི་བྱ་བ་སྣ་ཚོགས་སོ།། དེ་ལས་སྐྱེས་པའི་དགེ་བའི་ལས་ཏེ་དེའི་ལས་ནི་སངས་རྒྱས་མཆོད་པ་དང་། སེམས་ཅན་རྣམས་ཀྱི་དོན་བྱེད་པའོ།། ལས་དེ་དུས་གསུམ་སྟེ་འདས་པ་དང་། མ ་འོངས་པ་དང་། ད་ལྟར་གྱི་དུས་རྣམས་སུ་འཇིག་རྟེན་གྱི་ཁམས་མ་ལུས་པ་ན་གང་དག་གནས་པར་གྱུར་པ་དང་། གནས་པར་འགྱུར་བ་དང་། གནས་པ་གང་ཡིན་པ་དེ་རྣམས་ལ་སྤྲོས་པས་ནི་ཁྱབ་པའོ།། དེ་ཉིད་ལས་ཀྱི་མཐའ་སྟེ། ལུས་སུ་གྱུར་པ་གང ་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོའོ།། འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ཡིན་གྱི་རྒྱུ་ལས་འབྲས་བུར་ཉེ་བར་བཏགས་ནས་རྡོ་རྗེ་འཛིན་པ་ཆེན་པོ་ལ་ནི་མི་བྱའོ།། ་དེ་ཅིའི་ཕྱིར་ཞེ་ན། རྡོ་རྗེ་འཆང་ཆེན་པོ་འདིའི་འོག་ནས་ལོགས་ཅིག་ཏུ་བསྟན་པས་སོ།། འངས་ཀྱང་བཅོམ་ལྡན་འདས་ལས་ཀྱིང་ངོ་བོ་ཉིད་དུ་བསྟན་ཏོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་ཁྱབ་པར་བསྟན་ནས། བདེ་བ་ཆེན་པོ་རྡོ་རྗེ་འཛིན ་པའི་བཞུགས་གནས་ཀྱི་གཞལ་ལུས་ཁང་གི་ཁྱད་པར་བསྟུན་པར་བྱ་བའི་ཕྱིར། ཟླ་བ་ཕྱེད་པ་དུ་མུ་ལྔ་རབ་ཏུ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཟླ་བ་ཕྱེད་པ་དུ་མ་སྟེ་མང་པོར་རབ་ཏུ་གནས་པའི་གནས་གང་ཡིན་པ་དེ་ནི་ཟླ་བ་ཕྱེད ་པ་དུ་མ་རབ་ཏུ་གནས་པ་ཞེས་བྱའོ།། རྡོ་རྗེ་རིན་པོ་ཆེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་རྡོ་རྗེ་རིན་པོ་ཆེ་ཆེན་པོ་སྟེ། རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ལ་ཡིད་ཐམས་ཅད་ཀྱིས་གསང་བའི་མཆོག་གི་དངོས་གྲུབ་གྲུབ་བོ་ཞེས་བྱའོ།། རྡོ་རྗེ་འཛིན་པ་ཆེན་པོར་འགྱུར ་རོ་ཞེས་བྱ་བ་ལྔ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་རྡོ་རྗེ་ཆེན་པོའོ།། དེ་འཆང་བས་ན་རྡོ་རྗེ་འཆུང་པ་ཆེན་པོ་སྟེ་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་བདག་ཉིད་ཅན་རྣམ་པར་སྣང་མཛད་ཆེན ་བོའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པའོ།། འདིས་ནི་འདི་སྐད་སྟོན་ཏོ།། རྣལ་འབྱོར་པཱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པ་ལ་སོགས་པ་ཉམས་སུ་ལེན་པ་དང་ལྡན་པ་ནི་དཔལ་རྡོ་རྗེ་སེམས་དཔའ ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངས་གྲོབཐོབ་བར་འགྱུར་ལ། ཡང་དེས་ཀྱང་དེ་བའོན་གཤེགས་པ་ཐམས་ཅིད་ཀྱི་མཉིས་སུ་སོང་བའི་མི་ཤེས་ཐབཅིང་ངེས་ཀྱི་ཇི་རྗེ་འཛིན་པ་ཆེན་པོ་ཉིང་ངམ། དེ་བཞིན་གཤེགས་པ་ཉིད་ཐོབ་པར་འགྱུར་རོ།། ་བ་ཆེན་པོའི་རྡོ་རྗེ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེ་ཉིད་ནི་དོན་ཡོད་པའི་དམ་ཚིག་སྟེ། རིགས་ལྔ་པ་བསྐྱེད་པར་བྱེད་པའི་རྒྱུའོ།། དེ་བས་ན་ཇི་སྐད་དུ་བཤད་པའི་མཆོག་དང་པོ་དེ་ཐོབ་པར་བྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང ་ཡིན་ལ་བདེ་བ་ཆེན་པོ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདྲེ་བ་ཆེན་པོའོ།། དེ་ཉིད་ནི་མོ་ཕྱུང་བས་ན་རྡོ་རྗེའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནྡྲ་པཱའི་སྒོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་ཐབས་ཀྱི་སྒྲོལ ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ཞེས་བྱའོ།། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོའི་ཆོས་ཀྱི་རྣམ་གྲངས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་བསྐྱེད་པའི་རྒྱུར་གྱུར་པ་བསྟན་ནས། ད་ནི་བདེ་བ་ཆེན་པོ་རྡོ་རྗེ་སེམས ་འི་གཞལ་ཡས་ཁོང་བསྒོམས་པའི་སྟོབས་ཀྱི་བསྐྱེད་ནས་དེར་འདུག་སྟེ། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་ཀྱིས་རང་གི་རིགས་སྤྲུལ་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་ནི། དེ་ནས ་ཞེས་བྱ་བྲ་ལ་སོགས་པའི་གཞུང་གིས་སྟོན་ཏོ།། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གཞལ་ཡུས་ཁཱང་ན་བཞུགསོ་ཞེས་བྱ་བ་སྦྱར་རོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མྱ་ཐག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ ་བསྟན་ནས། གཞལ་ཡས་ཁང་སྒོམ་པས་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་བ་སྐྱེད་པའི་རྗེས་ཐོགས་ཉིད་ལའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ།། འདི་ཉིད་ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བྱང་ཆུབ་ཀྱི་སེམས་ཆེན་པོའི་རང་བཞིན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས ་ཏེ། དེ་རྣམས་ཀྱི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་སོ།། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། བྱང་ཆུབ་ཆེན་པོའི་རང་བཞིན ་མི་བསྐྱོད་པའི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ།། དེའི་བྱིན་གྱིས་བརླབས་ནི་སྔོན་གྱི་འཕེན་ཤུག་སོ།། དེའི་རྡོ་རྗེ་ནི་སེམས་དཔའི་རྡོ་རྗེའོ།། དེའི་གསང་བའི་མཆོག་གི་དངོས་གྲུབ་ནི་དེ་བཞིན་གཤེགས་པའི་རིགས ་བྱུང་བ་སྟེ། དེ་ལས་དེ་བྱུང་བ་ཡིན་པའི་ཕྱིར། དེའི་ཆོ་ག་རྒྱས་པ་ནི་དེ་ཁོ་ན་ཉིད་བཅུའི་བདག་ཉིད་ཅན་ནོ།། ཚི་ག་རྒྱས་པ་དེས་རྒྱལ་པོར་གྱུར་ཞིང་འབར་ལ་མཛེས་པས་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་དེ་སྐད་ཅེས་བྱའོ།། འདིས་ནི་དེ་བཞིན ་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་དུ་བསྟན་ཏོ།། ད་ནི་འདི་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་ཡང་མ་ཟད་ཀྱི། རིན་པོ་ཆེའི་རིགས་ཀྱི་རང་བཞིན་ཡང་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཅེས ་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ་མི་གོས་པ་ཁོ་ན་ཡིན་ནོ།། འདིས་ནི་སེམས་ཅན་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་ཏོ།། བདེ་བ་ཆེ་ཞེས་བྱ་བ་ལ་བདེ་བ་ཆེན་པོ་ནི་བཤོད་ཟིན་ཏོ།། གང་ལ་བདེ་བ་ཆེན་པོ་མངའ་བ་ང་ནི་བདེ ་བ་ཆེན་པོ་སྟེ། འདོད་ཆགས་ཆེན་པོའི་རྣམ་པར་དག་པ་ཉིད་ཀྱི་རྣམ་པར་རྟོག་པའི་ཀུན་ཏུ་སྤྱོད་པ་དང་ཤིན་ཏུ་བྱལ་བ་ཡིས་ནི་བདེ་བ་ཆེའོ།། འདིས་ཀྱང་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་པར་བཤད་དོ།། ནོར་ཆེ་ལ་ཞེས་བྱ་བ་ནི་གདུག་ཅིང་གཏུམ་པའི་སེམས ་ཅན་རྣམས་གདུལ་བར་བྱ་བའི་ཕྱིར། ཐབས་དང་ཤེས་རབ་ཀྱི་ཁྲོ་བོར་སྣང་བའི་ནོར་གང་ལ་མངའ་བ་དེ་ནི་ནོར་ཆེན་པོའོ།། འདོད་ཆགས་ཆེན་པོ་རྣམ་པར་དག་པ་ཉིད་ཀྱིས་རྣམ་པར་རྟོག་པ་དང་བྲལ་བ་དེ་ནི་ནོར་ཆེ་བ་སྟེ་འོདིས་ཀྱང་རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད ་ཡིན་པར་སྟོན་ཏོ།། ཁམས་གསུམ་པའི་དབང་ཕྱུག་ནི་འཇིག་རྟེན་དབང་ཕྱུག་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་ཁམས་གསུམ་དབང་ཕྱུག་ཉིད་དེ་དེ་ཐོབ་པའོ།། འདོད་ཆགས་ཆེན་པོ་རྣམ་པར་དག་པ་ཉིད་ཀྱི་ཉོན་མོངས་པ་བྲག་ཆགས་དང་བཅས་པ་སྤངས་པའི ་ཕྱིར་འཇིག་རྟེན་དབང་ཕྱུག་ཉིད་བརྙེས་པ་སྟེ། བྱིངས་ཀྱང་པདྨའི་རིགས་ཀྱི་ངོ་བོར་བཤད་པ་ཡིན་ནོ།། སེམས་ཅན་དྲོན་རྣམས་བརྟན་པར་བྱེད་ཅེས་བྱ་བ་ནི་བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱིས་འཁོར་བའི་ཕྱི་མའི་མཐའ་ཇི་སྲིད་ཀྱི་བར་དུ་སེམས་ཅན་རྣམས་སྐལ ་བོ་ཇི་ལྟ་བ་བཞིན་དུ་འདུལ་བ་ནི་སེམས་ཅད་ཀྱི་དོན་ཏེ། དོན་ངོ་མཁས་པའི་མཆོག་དེ་རྣམས་མཛད་པའོ།། བརྟནྡ་ནི་ཀྲྀ་ཕྱེད་པའོ།། དེ་ཡང་དོན་དུ་གཉེར་བས་ན་དོན་ཏེ་མཁས་པའི་མཆོག་དེ་རྣམས་འདོད་ཆགས་ཆེན་པོ་རྣམ་པར་དག་པ་ཉིད་ཀྱིས་སྐུ ་ཅིག་མ་རེ་རེ་ཞིང་སྤྲུལ་པས་སེམས་ཅན་གྱི་དོན་རྣམས་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ།། འདིས་ཀྱང་ནོར་བུའི་རིགས་ཀྱི་ངོ་བོ་ཉིད་དུ་བཤད་པ་ཡིན་ནོ།། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྟོན་པའི་ཕན་ཡོན་བསྟན་པའི་ཕྱིར་གང་ལ་ལ་ཞིག་ཅེས་བྱ ་བ་ལ་སོགས་པ་གསུངས་ཏེ། གང་ལ་ལ་ཞེས་བྱ་བ་ནི་བུད་མེད་དམ་སྐྱེས་པ་འམ་ཁྱེའུ་འམ་བུ་མོ་གང་ཞིག་རྗེ་སྐད་དུ་གསུངས་པའོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྒོ་འང་ཉིད་རུ་རེ་ནང་ནང་པར་ལངས་ནས་འངོན་པ་གན ་གྱིས་བསྟན་པ་ལས་ཇི་སྐད་དུ་བསྟན་པ་འམ། གླེགས་བམ་དུ་བྱེད་པའམ། ཀློག་པར་བྱེད་པ་འམ་ཉན་པ་ནི་སློབ་དཔོན་གྱིས་བསྟན་པ་ནི་རྣ་བའི་རྣམ་པར་ཤེས་པའི་རང་བཞིན་འཛིན་པར་བྱེད་པ་ནི་ཐོས་པར་བྱེད་པའོ།། ཐོས་ནས་ཚིག་དང་དོན་ཤེས་པར ་འགྱུར་བ་མ་བརྗེད་པར་བློ་ལ་འཇོག་པར་བྱེད་པ་ནི་འཛིན་པའོ།། ཡི་དམ་དུ་གླགས་ནས་གླེགས་བམ་ཀློག་པར་བྱེད་པའོ།། དང་ཞེས་བྱ་བ་ནི་བསྡུས་པའི་དོན་ཡིན་གྱི་ཕྱོགས་གཉིས་སུ་བརྟག་པའི་དོན་ནི་མ་ཡོན་གྱི། གང་གི་ཕྱིར་ཚེ་འདི་ཉིད་ལ་དངོས་གྲུབ ་ཐོབ་པར་འགྱུར་རོ་ཞེས་གསུངས་པསོ།། བརྟག་པའི་དོན་དུ་ཁས་བླངས་ནས་ནི་གླགས་བམ་བཀླགས་པ་ཙམ་གྱིས་ཚེ་འདི་ཉིད་ལ་དངོས་གྲུབ་ཀྱི་མཆོག་ཏུ་གྱུར་ན་དེ་ལྟར་མི་འདོད་དེ་བསྒོམ་པའི་རང་བཞིན་ཅན་གྱི་ཡེ་ཤེས་ཉམས་སུ་ལེན་པ་མེད ་པར་དངོས་གྲུབ་ཀྱི་མཆོག་ཏུ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པ་ཁ་ཏོན་བྱེད་པ་ལ་སོགས་པ་ལ་རབ་ཏུ་སྦྱོར་བ་ནི་རྡོ་རྗེ་འཆང་བ་ལ་སོགས་པའི་བདེ་བ་ཐོབ་པར་འགྱུར་ལ། བདེ་བ་དང་ཡིད་བདེ་བ་དེས་ཀྱང་བདེ་བ་ཆེན་པོ་རྡོ་རྗེ ་དོན་ཡོད་པའི་དམ་ཚིག་གི་དངོས་གྲུབ་ཅེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དངོས་གྲུ་བ་བོ་ཁྱབ་པར་ཇི་ལྟ་བུ་ཞེ་ནོ།། ཕུལ་དུ་བྱུང་བ་ཞེས་བྱ་བ་སྟེ་ཕྱི་མའི་མཐར་ཐུག་པ་མེད་པར་གནས་པ་ཚེ་འདིར་ཞེས་པ་ད་ལྟར་ཉིད་ལ་བསྙེན་ཅིང ་ཐོབ་པར་འགྱུར་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་ཀྱང་འགྲུབ་བོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པ་དེས་ཀྱང་། རྣལ་འབྱོར་པའི་དྲི་བཞིན་གཤེགས་པ་ཐམས།། ་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བུས་ན། དེ་བཞིན་གཤེགས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཡོད་པའོ།། ཟླ་བ་ཕྱེད་བ་ལ་རབ་ཏུ་གནས་པ་ཡང་ཡིན་ལ་རྡོ་རྗེ་རིན་པོ་ཆེ་ལྗང་ཡིན་པས་ཟླ་བ་ཕྱེད་པ་དུ་མ ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་ཆེ་ཆེན་པོའོ།། དེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ་ཞིང་འགྱེད་ལ་དེ་ཉིད་ནི་འབར་བ་རྣམ་པར་འཕྲོ་བ་ཡིན་ཞིང་དེ་ཉིད་འདི་ཡིན་ནོ།། དེས་སྣང་ཞིང་གསལ་བར་བྱས་པ་དེ་ནི་འོད་གསལ་བ་བྱས་པའོ།། ་ཇི་སྐད་དུ་བཤད་པའི་འོད་ཀྱི་གསལ་བར་བྱས་པ་དེར་རོ།། དེ་འོད་ཀྱི་གསལ་བར་བྱས་པ་འབའ་ཞིག་ཏུ་གྱུར་པར་མ་ཟད་ཀྱི་གསེར་གྱི་དྲིལ་བུ་བཏགས་པའི་བ་དན་སྣ་ཚོགས་རླུང་གིས་བསྐྱོད་པསོ་མཛེས་པར་བྱས་པ་ཡིན།། གསེར་གྱི ་དྲིལ་བུ་ནི་གསེར་གྱི་རྒྱུ་ལས་བྱས་པའི་དྲིལ་བུའོ།། བ་དན་སྣ་ཚོགས་ནི་ཁ་དོག་སྣ་ཚོགས་དང་ལྡན་པའི་དོར་གྱི་བ་དན་ནོ།། རླུང་གིས་བསྐྱོད་པ་ནི་གཡོས་པར་བྱས་པའོ།། བཏགས་པ་ནི་སྦྲེལ་བའོ།། དེ་ལྟར་ན་དེ་དག་གིས་བརྒྱན་ཅིང་མཛེས་པར ་བྱའོ།། དེ་ལྟ་བུ་འབའ་ཞིག་ཏུ་མ་ཟད་ཀྱི་མེ་ཏོག་རྣམ་པ་སྣ་ཚོགས་པའི་ཆུན་འཕྱང་དང་། གོས་དང་། མེ་ལོང་རབ་ཏུ་འཕྱང་བའི་དྲི་བོས་ཀྱང་རབ་ཏུ་བརྒྱན་པོ་ཞེས་བྱ་བ་སྟེ། རིགས་སྣ་ཚོགས་ཞིང་ཐ་དད་པས་རྣམ་པ་དུ་མོར་གྱུར་པའི་རྒྱུ་དེ ་ཉིད་ཀྱིས་ན་མྱེ་ཏོག་སྣ་ཚོགས་པས་མཛེས་པར་བྱས་པས་པ།། མེ་ཏོག་གི་རྒྱུན་འབྱུང་ན་མ་ཏོག་གི་ཕྲེང་བ་སྟེ། དེ་ལྟ་བུའི་ཕྲེང་བ་དང་། གོས་དང་མེ་ལོང་རབ་ཏུ་འབྱུང་བའི་དྲ་བས་ཀྱང་རབ་ཏུ་བརྒྱན་ཅིང་མཛེས་པར ་བྱས་པ་ཡིན་ནོ།། དེ་དེ་ལྟ་བུ་འབའ་ཞིག་ཏུ་མ་ཟད་ཀྱི་ཁ་ཁྱེར་སྣ་ཚོགས་པོའི་ལེགས་པར་གནས་པའི་ལྷོའི་བུ་མོ་དགོད་ཅིང་སྒེག་ལ་གླུ་དང་གར་བྱེད་པས་བསྔགས་ཤིང་བསྟོད་པའོ་ཞེས་བྱ་བ་སྟེ། སྣ་ཚོགས་ཤིང་ཁ་དོག་དུ་མ་དང་ལྡན་པའི ་ཁ~ཾ་ཁྱེར་གྱི་ནང་ན་གནས་པའི་ལྷའི་བུ་མོ་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཟུངས་ཀྱི་ངོ་བོ་ཉིད་དགོད་ཅིང་སྒེག་པས་རྩེ་བ་དང་། གློ་དང་གར་གྱིས་ཀྱང་ཀུན་ནས་བརྒྱན་ཅིང་མཛེས་པར་བྱས་པ་སྟེ། དེ་རྣམས་ཀྱི་གླུས་དཀྱིལ ་འཁོར་གྱི་དེ་ཁོ་ན་ཉིད་སྟོན་ཅིང་རབ་ཏུ་བསྐུལ་བའོ།། དེ་རྣམས་ཀྱིས་གླུ་ཉིད་ཀྱིས་བསྟོད་པ་ནི་དེ་ཁོ་ན་ཉིད་གསུམ་གྱི་གླུས་ཡང་དག་པར་ཡོན་ཏན་བ་རྗོད་པའོ།། དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ལྡན་པའི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གཞལ ་ཡས་ཁང་ན་བཞུགས་པའོ།། བདེ་བྱ་ཆུན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པར་བཤད་དོ།། དེ་ལས་བྱུང་བ་རྡོ་རྗེ་སེམས་དཔའ་ནི་སྐུའི་གསང་བའི་ངོ་བོ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའོ།། དེའི་བཞུགས་གནས་ནི་ཕོ་བྲང་སྟེ། དེ་ཉིད་གཞལ ་ཡས་ཁང་ཡིན་པས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཀྱི་གཞལ་ཡས་ཁང་སྟེ་ང་འཞུགས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གནས་པར་མཛད་པའོ།། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ནས། ངའི་དོན་འ ་བས་བདེ་བ་ཆེན་པོ་རྡོ་རྗེ་སེམུས་དབའི་བྱུཟུགས་གནས་ཀྱི་གཞལ་ལས་ཁྱད་བསྐྱེད་ནས་ཇི་ཀླང་དུཥྛ་བྱུང་བའི་ཡོན་ཏན་གྱི་ཁྱད་པདྨ་དྲུང་ལྡན་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཇི་སྐད་དུ་བྱུང་བམ་མོན་ཏན་གྱི་ཁྱད་པར་དདུ་ལྡན་པའི་གསུརྨྨ ་ཡས་ཁུང་ན་བཞུགས་ནས། དེའི་རྗེས་ཐོགས་ཉིད་ལྔ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ལ་རྗེས་སུ་གནང་བ་དང་། དབང་བསྐུར་བས་གསོལ་བ་འདེབས་པ་ཡིན་པར་བསྟན་པའི་ཕྱིར ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་པའི་དོན་སྟོན་པའི་ཚིག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་སེམས་དཔའི་ཁྱད་པར་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་བཤད་ཟིན་ཏོ།། དེ་རྣམས་ཀྱི་བྱིན་གྱིས་བརླབས་ནི་དེའི་འཕེན་ཤུགསོ།། དེས་ན་དམ་ཚིག་སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོའི་སེམས་དཔའ་རྣམས་ཞེས་བྱ་བའི་ཐ་ཚིག་གོ།། འདིས་ནི ་བཅོམ་ལྡན་འདས་རྡོ་རྗེ་སེམས་དྲ་བའི་དེ་བཞིན་གཤེགས་པའི་རིགས་ཀྱི་ངོ་བོ་ཉིད་སྦྱིན་བྷར་བཤད་།། དབང་བསྐུར་བ་ཐམས་ཅད་ཅེས་བྱ་བ་ལ་དབང་བསྐུར་བ་ཡང་ཡིན་ལྷ་ཐམས་ཅད་ཀྱང་སྦྱིན་པས་ན་དབང་བསྐུར་བ་ཐམས་ཅད་དོ།། འདིས་ནི ་རིན་པོ་ཆེའི་རིགས་ཀྱི་རང་བཞིན་ཡིན་པར་བཤད་།། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་ཐམས་ཅད་ཀྱང་ཡིན་ལ་མཁྱེན་པ་ཡང་ཡིན་པས་ན་ཐམས་ཅད་མ་བྱིན་པ་སྟེ། འདྨའི་རིགས་ཀྱི་ལྷ་རྣམས་ཀྱི་སངས་རྒྱས་ཐམས་ཅད་གཅིག ་ཏུ་བསྡུས་པ་ལ་སོགས་པའི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་དུ་ངེས་པའོ།། དེ་རྣམས་ཀྱི་ཏིང་ངེ་འཛིན་ནི་ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་ཏེ་འདི་ལ་སེམས་ཡང་དག་པར་གཏོད་ཅིང་གནས་པས་ན་ཏིང ་ངེ་འཛིན་ཏོ།། འདིས་ཀྱང་བཅོམ་ལྡན་འདས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་ཏིང་ངེ་འཛིན་གྱི་ཚུལ་གྱིས་པདྨའི་རིགས་ཀྱི་ངོ་བོ་ཡིན་པར་བཤད་དོ།། ལས་ཐམས་ཅད་ཀྱི་ཞེས་བྱ་བ་ལས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས ་ལས་ཐམས་ཅད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་ཐམས་ཅད་།། དེ་མཆོག་ཏུ་གྱུར་པ་ནི་ཕུལ་དུ་བྱུང་བའོ།། དེ་ཡང་འཁོར་གསུམ་ཡོངས་སུ་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ལས་ཐམས་ཅད་ལ་འདྲ ་བའི་གཉིས་པ་མེད་པ་ཡིན་ལ་དེ་བས་ན་མཆོག་ཏུ་གྱུར་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ནོ་ལས་ཀྱི་རིགས་ཀྱི་རང་བཞིན་ཅན་ཡིན་ནོ།། འདིས་ནི་བཅོམ་ལྡན་འདས་ལས་ཀྱི་རིགས་ཀྱི་ངོ་བོར་བཤད་དོ།། ཁམས་གསུམ་ཐམས ་ཅད་ནི་ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ཀྱི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་ཅན་ནོ།། དེ་རྣམས་གདུལ་བ་ཞེས་བྱ་བ་ནི་འདུལ་བར་མཛད་པ་སྟེ། དེ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་ཅིང་གཏུམ་པ་འདུལ་བར་མཛད་པས ་འདིར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་བྱ་བར་འདོད་དོ།། ཁམས་གསུམ་པ་ཐམས་ཅད་ཀྱི་གདུལ་བྱའི་དབང་ཕྱུག་ཐམས་ཅད་ཅེས་བྱ་བ་ལ་དབང་ཕྱུག་ཀྱང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་ན་དབང་ཕྱུག་ཐམས་ཅད་དེ་བསྡུས་པའི་དཀྱིལ ་འཁོར་གྱི་རང་བཞིན་ཡིན་པས་ཐམས་ཅད་དོ།། དེའི་བདག་པོ་ཡིན་པས་ན་དབང་ཕྱུག་གོ།། རིགས་ཐམས་ཅད་བསྐྱེད་པས་ན་བྱེད་པ་པོའོ།། ཁམས་གསུམ་ཐམས་ཅད་བསྐྱེད་པས་ན་འབྱིན་པ་པོའོ།། འདོད་པ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ ་དང་། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་སྐུའི་རང་བཞིན་ཡིན་པས་འདོད་པ་ཐམས་ཅད་དེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་འདོད་པའོ།། ཞེས་བཤང་བས་ན་འདོད་པའི་ཕྱིར་འདོད་པ་སྟེ། གདུལ་བྱ་རྣམས་མངོན་པར་དགའ་བས་ཞེས་བྱ་བའི ་ཐ་ཚིག་གོ།། འདོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་འདོད་པ་ཐམས་ཅད་དོ།། དངོས་གྲུབ་ཀྱི་ཚིག་རྒྱས་པར་ཐམས་ཅད་ཅེས་བྱ་ལ་དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ་རིགས་ཐམས་ཅད་ཀྱི་ཕྱག ་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བོ།། དེའི་ཆོ་ག་ནི་སྒྲུབ་པའི་ཐབ་སོ།། དེའི་རྒྱས་པ་ནི་རིགས་ཀྱི་དཀྱིལ་འཁོར་གྱི་དབྱེ་བས་ཕྱེ་བ་རྣམ་པ་སྣ་ཚོགས་ཀྱི་སྒྲུབ་པའི་རྒྱུན་ནོ།། རྟག་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ།། དེ་བཞིན་གཤེགས་པ་ལ ་གསོལ་བྱ་གདབ་བོ་ཞེས་བྱ་བ་ནི་བདག་ལ་རྗེས་སུ་གནང་བ་གསོལ་ཅིག་ཅེས་པའོ།། གསང་བའི་རྟོག་པ་རབ་བཤང་པོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་པ་གདབ་བོ།། རྡོ་རྗེ་སེམས་དཔའ་ཇི་སྐད་དུ་བཤད་པའི་ཇི ་སྲིད་འཁོར་བའི་གནས་འདུག་པ་ཞེས་བྱ་བ་ལ་འདིར་འཁོར་བས་ན་འཁོར་བ་སྟེ་སྣོད་ཀྱི་འཇིག་རྟེན་ནོ།། དེར་གནས་པ་ནི་བཞུགས་པ་སྟེ་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་དེ་ཇི་སྲིད་གནས་ཤིང་འདུག་པ་དེ་སྲིད་ཀྱི་བར་དུའོ།། ་དེ་སྲིད་མཚུངས་མེད་སེམས་ཅན་དོན་ཞེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་འདོད་ཅིང་དོན་དུ་གཉེར་བ་ཡིན་པས་ན་སེམས་ཅན་དོན་དེ་སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་དོ།། དེ་ལྟ་བུའི་སེམས་ཅན་གྱི་དོན་མཆོག ་སྟེ། དམ་པར་གྱུར་པ་བདག་བགྱིད་པར་རྗེས་སུ་གནང་བ་སྩོལ་ཅིག་པ་ནི་བདག་འཁོར་བ་ཇི་སྲིད་གནས་པའི་བར་དུ་སེམས་ཅན་གྱི་དོན་བགྱིད་པར་གནང་བ་གསོལ་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། ཅིའི་ཕྱིར་ཞེ་ན། སེམས་ཅན་ཁམས་ནི་མཐའ ་ཡས་ཞེས་བྱ་བ་གསུངས་པ་སྟེ། གང་གི་ཕྱིར་སེམས་ཅན་གྱི་ཁམས་ནི་མཐའ་ཡས་པ་ཡིན་པས་མཐའ་ཡས་པ་ཡིན་ལ། དེ་ཡང་དུས་རིང་མོ་ཞིག་ནས་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ལ་འཇོག་པར་འདོད་ནུས་ཀྱི་ཐམས་ཅད་དུ་དུས ་གཅིག་གི་ཚེ་སྐལ་བ་དང་ལྡན་པ་ཉིད་དུ་བྱ་བ་ནི་མི་སྲིད་དོ།། གཟི་ཅན་སྲིད་པ་ཚོལ་བྱེད་པ་ཞེས་བྱ་བ་ལ་གཟི་ཅན་ནི་བྱང་ཆུབ་སེམས་དཔའ་ཆེན་པོའོ།། དེ་རྣམས་ཀྱི་སྲིད་པ་འདོད་པ་ནི་འཁོར་བ་ཇི་སྲིད་པར་མི་གནས་པའི་མྱ་ངན་ལས་འངས ་པ་སྐྱེ་བར་བཞེད་པ་སྟེ། ང་རྣམས་ཀྱི་སྲིད་པ་འདོད་པ་ནི་སྲིད་པའི་ཉེས་པ་གཞིག་པར་བྱ་བ་སྟེ། འདོད་ཆགས་ལ་སོགས་པ་ཉེས་པ་ཞི་བར་བྱ་བའི་ཕྱིར་རོ།། དེ་ཉིད་ཀྱིས་ན་སྲིད་པའི་ཉེས་པ་ཞིག་པ་ཡིས་བདེ་བ་ཆེན་པོ་འཕེལ་བའི་ཕྱིར། བྱང་ཆུབ ་སེམས་དཔའ་དེ་དག་ཉིད་རྒྱུད་སྣ་ཚོགས་ཀྱི་ཕྱི་ཞིང་ཐ་དད་པའི་ཆོས་རྣམས་ཐུགས་སུ་ཆུད་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐུགས་སུ་ཆུད་པོ་ནི་དེའི་དོན་དུ་བདག་ལ་རྗེས་སུ་སྣང་བ་གསོལ་ཅིག་ཅེས་པའོ།། ཡུལ་གང་ལ་ཞོ་ན། གསང་པོའི ་རྟོག་པ་མཆོག་བཤད་པ་ཞེས་སྨོས་ཏེ། གསང་བ་ཡང་ཡིན་ལ་རྟོག་པ་ཡང་ཡིན་པས་ན་གསང་བའི་རྟོག་པའོ།། རྟོག་པ་ཡང་གཞན་ལས་ཁྱད་པར་དུ་འཕགས་པས་ན་མཆོག་སྟེ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་རྟོག་པ་བཤད་པར་བདག་ལ ་གནང་བ་གསོལ་བ་ཅིག་པའོ།། དེ་ནས་ཞེས་བྱ་བ་ནི་རྗེས་སུ་གནང་བ་གསོལ་བ་གདབ་པའི་རྗེས་ཐོགས་ཉིད་ལའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ།། ཇི་སྐད་དུ་བཤད་པ ་བྱས་ནས་དང་པོའི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེ་སེམས་དཔའི་ཇི་སྐད་བཤད་པའི་དངོས་གྲུབ་ཀྱི་མཚན་མར་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་ལག་པ་གཉིས་སུ་བྱིན་མོ་ཞེས་བྱ་བར་སྦྱར་རོ།། ཆོས་ཐམས་ཅད་སྒྲིབ་པ་མེད་པ་ལ་དམིགས་ཏེ། ཞེས ་བྱེ་བ་ལ་ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ།། དེ་རྣམས་ཀྱི་སྒྲིབ་པ་མེད་པ་ནི་དེ་བཞིན་ཉིད་དེ་ལྟ་དམྱིགས་པ་ནི་མངོན་སུམ་དུ་མཛད་པའོ།། ཅི་ཞིག་མཛད་ཅེ་ན་གདུལ་བྱ་ཐམ ་ཅོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་སེམས་ཅན་རྣམས་འདུལ་བས་ན་འདུལ་བ་སྟེ་ཆོས་ཀྱི་དབྱིངས་སོ།། ཐམས་ཅད་ཀྱི་འདུལ་བ་ནི་ཐམས་ཅད་འདུལ་བ་སྟེ། དེ་ཉིད་ནི་ཐུགས་རྡོ་རྗེ་ཆེན་པོ་ཡིན་ལ། དེ་ཡང་དམིགས་པ་མེད་པའི་ཐུགས་རྗེ ་ཆེན་པོ་སྟེ། དེ་ལས་བྱུང་བའི་དང་པོའི་རྡོ་རྗེ་ཞེས་པ་སྣ་ཚོགས་རྡོ་རྗེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་སྟེ། དེ་ལ་དམིགས་པའི་མིང་དེ་སྐད་བྱེ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པ་སྟེ། དང་པོའི ་རྡོ་རྗེའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ།། བདེ་བ་ཆེན་པོའི་རྡོ་རྗེ་དང་པོ་དཾ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག ་ན་གནས་པ་གང་ཡིན་པ་དེ་རྡོ་རྗེ་སེམས་དཔའ་སྤྲུལ་པའི་དུས་སུ་དྲང་པོའི་རྡོ་རྗེ་ཚོན་པོ་དེ་ནི་དམིགས་པ་མེང་པའི་ཐུགས་རྗེ་ཆེན་པོ་ལས་བྱུང་བའི་ཕྱིར་བོདྲ་བ་ཆེན་པོ་ཞེས་བྱའོ།། བདེ་བ་ཆེན་པོའི་རྡོ་རྗེ་དེ་རྒྱུ་ཅི་ཞིག་གི་ཕྱིར་སྩལ་ཅེ་ན་སེམས ་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུང་ས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་ཞེས་བྱ་བ་ནི་བཤད་ཟིན་ཏོ།། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་བསམ་པ་ཐམས་ཅད་ཡོངསུ་རྫོགས་པ་ནི་མངོན་བྱར ་འདོད་པ་ཐམས་ཅད་བསྐོང་བྱའོ།། དེས་ཀྱང་སེམས་ཅན་ཐམས་ཅད་ཡོངས་སུ་བསྐངས་པ་ནི་འཇིགས་པ་ཐམས་ཅད་ཡོངས་སུ་བཟློག་པའོ།། ཕན་པ་དང་བདེ་བ་ནི་བཤད་ཟིན་ཏོ།། དངོས་གྲུབ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས ་པ་རྫོགས་པའོ།། ཕུན་སུམ་ཚོགས་པ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པའི་འབྱོར་པའོ།། དེ་རྣམས་ཀྱི་ལས་ཤེས་པ་ནི་མཆོད་པའི་ལས་བཅུ་དྲུག་གི་ལས་སོ།། དངོས་གྲུབ་ཀྱི་མཆོག་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་རྫོགས་པའོ།། ་ཇི་སྐད་དུ་བཤད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པའི་ཡོངསུ་སྐྱོབ་པ་དང་། ཕན་པ་དང་བདེ་བ་དང་། དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་དང་ཡེ་ཤེས་དང་ལས་དང་དངོས་གྲུབ ་ཀྱི་མཆོག་ནི་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། སེམས་ཅན་ཡོངས་སུ་སྐྱོབ་པར་བྱེད་པའི་ཕན་པ་དང་བདེ་བ་དང་། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི ་ལས་ཀྱི་དངོས་གྲུབ་ཀྱི་མཆོག་རྣམས་ཞེས་བྱ་བ་སྟེ། དེའི་དོན་དུ་ཞེས་བྱ་སྟེ་དེའི་དོན་དུ་ཞེས་བྱ་བ་ནི་དེ་བསྐྱེད་པར་བྱ་བའི་ཕྱིར་རོ།། བར་དུ་ཞེས་བྱ་བའི་སྒྲས་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་བསྡུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དེ་ཁོ་ན་ཉིད་ནི་རྣམ་པར་སྣང་མཛད་ལྔ་སོགས་པ་དེ་བཞིན་གཤེགས་པ་ལྔའི་དེ་ཁོ་ན་ཉིད་དོ།། རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་ནི་ཤེས་པར་ཟད་དེ། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོའི་དེ་ཁོ་ན་ཉིད་ཐོབ་པ་སྟེ། དེ་ཉིད་ནི ་དངོས་གྲུབ་ཀྱི་དྲི་བ་སྟེ། རྒྱུ་དེ་དག་གི་ཕྱིར། ཇི་སྐད་དུ་བཤད་པའི་རྡོ་རྗེ་ལག་པ་གཉིས་སུ་བྱིན་པའོ།། རྒྱུ་ཅི་ཞིག་གི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་ཞེས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་རོ།། དེ་བསྐོར་བའི་ངང་ཚུལ་འདི་ལ་ཡོད་པས་ན་དེའི་ངོ་བོ་ཉིད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ ་བསྐོར་བ་ཉིད་ཀྱིས་དེར་ཅི་ཞིག་བྱེད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་པར་གྲུབ ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་རྣམས་ཀྱི་སྐུ་ནི་ཕྱག་རྒྱ་ཆེན་པོའོ།། དེའི་ཕྲེང་བ་དེ་རྣམས་ཀྱིས་ཉེ་བར་མཚོན་པའི་ཅོད་པན་རྩེ་ཕྲན་ཅན་གང་ཡིན་པ་སྟེ། དེའི་དབང་བསྐུར་བས་དབང་བསྐུར་བ་ནི། ཅོད་པན་ཏེ ་དེའི་མགོ་ལྔ་བཞག་ནས་རྡོ་རྗེ་དེའི་ལག་པ་གཉིས་སུ་བྱིན་པའོ།། དེ་ནས་རྡོ་རྗེ་དེ་བྱིན་པོ་དང་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པས་མིང་གི་དབང་བསྐུར་བར་གྱུར་ཏོ།། གང་དུ་སོང་ཞེ་ན། ་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དེ་སངས་རྒྱས་དང་བཅས་པའི་སངས་རྒྱས་ཀྱི་ཞིང་རྣམས་སོ།། རྡུལ་ཕྲ་རབ་ཀྱང་ཡིན ་ལ་ཐམས་ཅད་ཀྱང་ཡིན་པསོ་ན་རྡུལ་ཕྲ་རབ་ཐམས་ཅད་དེ་དེ་རྣམས་ཀྱི་ས་དང་ཆུ་དང་མེ་དང་རླུང་གི་ཁམས་ཉེ་བར་གཟུང་བའི་གཟུགས་ཀྱི་རྡུལ་ཏེ་དེ་ཉིད་ནི་ཕྲ་རབ་སྟེ། དེའི་ཚོགས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་དཀྱིལ་འཁོར ་རོ།། དེ་རྣམས་སུ་གཏོགས་པ་ནི་ཆུང་པའོ།། དེ་དག་ཏུ་གཏོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་མིང་གྲིས་དབང་བསྐུར་བས་དབང་བསྐུར་རོ།། དེ་ལ་ཆོས་ཀྱི་དབྱིངས་ཐོག་མ་དང ་ཐ་མ་མེད་པའི་རྡོ་རྗེ་ཆེན་པོ་སྟེ། དེ་ལས་བྱུང་བའི་དང་པོ་རྡོ་རྗེ་རྩེ་ལྔ་པ་ལ་ཡང་ཉེ་བར་བཏགས་པས་རྡོ་རྗེ་ཆེན་པོ་ཞེས་བྱའོ།། དེ་བས་ན་ཆོས་ཀྱི་དབྱིངས་ཐོག་མ་མེད་པའི་རྡོ་རྗེ་དེ་བཞིན་ཉིད་དུ་རོ་གཅིག་པོའི་ཡེ་ཤེས་འདི་ལག་པས་འཛིན་པར ་བྱེད་པས་རྡོ་རྗེ་འཆང་ཆེན་པོ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ།། དེ་ལྟར་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཅེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་རོ།། ཞེས་བྱ་བའི་མཐར་ཐུག་པས་བསྟན་པའི་དོན་གཞན ་ལྀ་དགོངས་པས་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན་བཤད་པ་ཡིན་ནོ།། ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ།། བཅོམ་ལྡན་འདས་ཞེས་བྱ ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། ཇི་སྐད་དུ་བཤད་པའི་སེམས་ཅན་གྱི་ཁམས་བདེ་བ་ཆེན་པོ་དམ་པ་འགྲུབ་པ་ནི་རྡོ་རྗེ་འཆང་ཆེན་པོ་ཉིད་འགྲུབ་པའོ།། མིང་ཐོག་མར་བྱས་ཏེ་དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགྶ ་བའི་ངོ་བོ་ཐོབ་པར་བྱ་བའི་ཕྱིར་སེམས་དབའི་སྐྱིལ་མོ་ཀྲུང་དུ་འདུག་ཅིང་བཅས་ཏེ་ལུས་དྲང་པོར་བཞག་ནས་ཞེས་བྱ་བ་གང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་མ་ཐག་པའི་རྡོ་རྗེ་གཡོན་དཀུར་བརྟན་ནས། རང་གི་ཐུགས་ཀར་འཇོག་པའི ་ཚུལ་གྱིས་བསྣམསོ་ཤིང་ཞེས་བྱ་བ་ནི་བཤད་ཟིན་ཏོ།། བང་པ་ཆེན་པོའི་རྡོ་རྗེ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ནི་བཤད་ཟིན་ཏོ།། དེའི་རྡོ་རྗེ་ནི་དེ་ལས་བྱུང་བའི་སྙིང་པོ་ཡི་གེ་བཅུ་བདུན་གྱི་བདག་ཉིད་ཅན་གྱི་རང་བཞིན་གང་ཡིན་པ་ལ་མིང་དེ་སྐད་ཅེས་བྱ ་སྟེ་གསུང་སོ།། ཞེས་བྱ་བར་སྦྱར་རོ།། འདི་ཞེས་བྱ་བ་ནི་བཤང་མ་ཐག་པའོ།། ཁྱང་པོར་ཇི་ལྟ་བུ་ཞིག་ཡིན་ཞེ་ན་ཞེས་བྱ་བ་སྨོས་ཏེ། རང་ཉིད་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཐམས་ཅད་དེ་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྐུ ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱའོ།། དེ་གང་གི་བསྐྱེད་ཅིང་འབྱིན་པར་བྱེད་པའི་སྙིང་པོ་དེ་ནི་རང་གི་བདག་ཉིད་ཐམས་ཅད་ཀྱི་ཕྱག་རྒྱའོ།། དེ་གང་ལས་བྱུང་ཞེ་ན། རང་གི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ལས་ཞེས ་བྱ་བ་གསུངས་ཏེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ནི་བཤད་ཟིན་ཏོ།། དེ་རྣམས་ལས་བཅོམ་ལྡན་འངས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་སྙིང་པོ་དེ་བྱུང་བའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་བཅུ་བདུན་གྱི་སྙིང་པོའོ།། དེ་ནས་ཞེས་བྱ་བ་ལ ་སོགས་པ་ནི་གོ་བར་ཟད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི་ལག་པ་གཉིས་ཀྱི་བྱང་ཆུབ་མཆོག་གོ་ཕྱག་རྒྱ་བཅིངས་པའོ།། སླར་ཡང་བྱང་ཆུབ་ཆེན་པོར་མངོན་པར་འཚང་རྒྱའོ།། ཞེས་བྱ་བ་ནི ་དེ་བཞིན་གཤེགས་པ་ཞི་པའི་ཉམས་མི་སྣང་བར་མཛད་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱིས་སྒེག་པའི་ཉམས་ཀྱི་ཆ་ལུགས་སུ་བཞུགས་པར་མཛད་པའོ།། བཞད་པ་ཆེན་པོ་སེམས་དཔའ་ཆེ་ཞེས་བྱ ་པ་ནི་ཐམས་ཅད་དུ་ཁྱབ་པའི་འཛུམ་པ་ནི་བཞིང་བ་ཆེན་པོ་སྟེ། དེ་མཛད་པས་ནི་བཞང་བ་ཆེ་བའོ།། སེམས་དཔའ་ཚེ་ནི་རྡོ་རྗེ་སེམས་དཔས་འདུལ་བའི་སེམས་ཅན་གྱི་དོན་རྫོགས་པར་གཟིགས་ནས་དེ་བཞིན་གཤེགས་པ་རྣམས་ཐུགས་དགྱེས ་པས་འཛུམ་པ་མཛད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོས་ཏེ། ཞེས་བྱ་བ་ནི་འཇིག་རྟེན་ཁམས་མི་མཇེད་དང་འདྲ་བའི་སངས་རྒྱས་ཀྱི་ཞིང་ཉོན་མོངས་པ་དང་བཅས་པ་དེ་དག་ནི་འཇིག་རྟེན་གྱི་ཁམས ་ཐམས་ཅད་དོ།། དེ་རྣམས་སྙིང་པོ་འདིའི་མཐུས་གཡོས་པའོ།། དེ་ཉིད་ཤིན་ཏུ་གཡོས་པ་ནི། རྣམ་པ་དྲུག་ཏུ་གཡོས་པ་སྟེ། རྣམ་པ་དྲུག་ཏུ་འགུལ་བའོ།། དེ་ཉིད་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དེར་གཏོགས་པའི་སེམས་ཅན་གྱི་ཁམས། ་རྣམ་པར་སྦྱངས་པས་རྣམ་པར་དག་པའོ།། ཁམས་གསུམ་པ་མ་ལུས་པར་རྒྱས་པར་ཞེས་བྱ་བ་ནི་ཁམས་གསུམ་པ་ཉིད་ནི། ཁམས་གསུམ་པ་ཉིད་དེ། དེ་རྒྱས་པར་ནི་རབ་འབྱམ་མོ།། དེའི་སྤྲོས་པ་ནི་ཁྱབ་པ་སྟེ། གང་གིས་བཅོམ་ལྡན་འདས ་རྡོ་རྗེ་སེམས་ངབའི་དཀྱིལ་འཁོར་ཆེན་པོ་དེ་དེ་ལྟ་བུའི་ཚད་དུ་གྱུར་ཞིང་བྱུང་བའོ།། དེ་ལྟ་བུའི་ཚད་དུ་གྱུར་པ་དེས་ཇི་སྐད་དུ་བཤད་པའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི ་ཡེ་ཤེས་སྐྱེས་པའོ་ཞེས་བྱ་སྟེ། བདེ་བ་ཐམས་ཅད་ནི་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལས་བྱུང་བའོ།། ཡིད་བདེ་བ་ནི་དགེ་བ་སྟེ་དེ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། དེ་ནས་དོན་འདི་སྐད་སྟོན ་ཧོ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཐོབ་པར་གྱུར་ཏོ་ཞེས་བྱ་བ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ།། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ ་ཐམས་ཅད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའོ།། དེ་རྣམས་ཀྱི་དོན་ཡོད་པ་ནི་འབྲས་བུ་ཡོད་པ་སྟེ། འདོད་པའི་དོན་རྫོགས་པར་བྱེད་པའོ།། ཐོགས་པ་མེད་པ་ནི་དེ་དོན་ཡོད་པ་ཉིད་ཡིན ་པའི་ཕྱིར་རོ།། མངོན་པར་འཕགས་པ་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་རྟག་པར་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཉིད་དུ་ཕྱུང་བའོ།། དེ་གང་ཞེ་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཐུགས་ཀར་གནས ་བའི་སེམས་དཔའི་རྡོ་རྗེའོ།། དེ་ལྟ་བུའི་ཕྱག་རྒྱའི་ངོ་བོ་ལ་དམིགས་པས་མིང་ངོ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་པའི་ཐོགས་པ་མིང་བ་མངོན་པར་འཕགས་པའི་རྡོ་རྗེ་ཆེན་པོའི ་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། བཅོམ་ལྡན་འདས་སྙོམས་པར་ཞུགས་ནས་ཡང་ནི་ཞིག་མཛད་ཅེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོ་བཤད་ཟིན་ཏོ།། དེ་ལས་བྱུང་བ་ནི་སེམས ་དཔོའི་རྡོ་རྗེ་ནི་བོ་བ་ཆེན་པོའི་རྡོ་རྗེའོ།། དེའི་དམ་ཚིགོ་ནི་རྡོ་རྗེ་སྙིང་ལས་བྱུང་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྟེ། དེ་རྣམས་དེ་ལས་བྱུང་བ་ཡིན་པའི་ཕྱིར་རོ།། དེ་རྣམ་པར་གནོན་པ་ནི་མིང་དེ་སྐད་ཅེས་བྱ་བ་སྟེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི ་གཟུགས་ཀྱི་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལ། ཡིད་ལས་བྱུང་བ་ལ་སོགས་པའི་མཐུས་ཏེ་རྟོགས་པ་རྫོགས་པར་བྱས་པས་རྣམ་པར་གནོན་པ་དེ་མཛད་ནས། བཅོམ་ལྡན་འདས་བདེ་བ་དང་ཡིད་བདེ་བ་ཐམས་ཅད་འཁྲུངས་པར་གྱུར ་ཏོ་ཞེས་བྱ་བར་སྦྱར་རོ།། སྐུ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་ཇི་སྐད་བཤད་པའི་ཚུལ་གྱིས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་བདེ་བ་དང་ཡིད་བདེ་བ་ཐམས་ཅད་འཁྲུངས་ནས། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པས་སྐུ་ཐམས ་ཅད་ནས་ཕྱུང་སྟེ། ལོགས་ཐམས་ཅད་དུ་གནས་བྱར་གྱུར་པའོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ་རྡོ་རྗེ་ཡིད་ལས་བྱུང ་བ་ལ་སོགས་པའི་ཕྱག་རྒྱའི་དངོས་གྲུབ་རྣམས་སོ།། དེ་རྣམས་ཉིད་ཀྱི་བདེ་བ་དང་ཡིད་བདེ་བ་དངོས་གྲུབ་ཐམས་ཅད་བདེ་བ་དང་། ཡིད་བདེ་བ་ནི་དོན་གྱི་དངོས་གྲུབ་ཀྱི་བདེ་བ་དང་ཡིད་བདེ་བའོ།། དེ་རྣམས་སྩོལ་བ་ནི་བསྐྱེད་པར་མཛད་པའོ།། རྟག་ཏུ་འབྲེལ ་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ཆེན་པོ་སྐད་ཅིག་མ་རེ་རེ་ཞིང་རྗེས་སུ་འབྲེལ་པ་ཉིད་ཡིན་པས་ན་རྟག་ཏུ་རྗེས་སུ་འབྲེལ་པའོ།། དོན་འདི་ཉིད་བསྟན་པའི་སྤྱོད་པ་མཛེས་པ་ཞེས་བྱ་བ་ཡིན་ནོ།། བདེ་བ་ཆེན་པོ་རྡོ་རྗེ་ནི་བཤད་ཟིན་ཏོ།། ་དེའི་དམ་ཚིག་སེམས་དཔའ་ནི་ཀུན་རྫོབ་ཀྱི་སེམས་དཔའི་རང་བཞིན་གྱི་སེམས་དཔའ་ནི་དམ་ཚིག་སེམས་དཔའོ།། ཇི་སྐད་དུ་བཤད་པ་རྣམས་བཅོམ་ལྡན་འདས་ཀྱི་སྐུ་ལོས་ཕྱུང་སྟེ། བཅོམ་ལྡན་འདས་ཀྱི་ཕྱོགས་དང་མཚམས་ཀྱི་ངོས་ཐམས་ཅད ་དུ་གནས་པ་ལས་མདུན་དུ་རྡོ་རྗེ་གསང་བའི་ཡིང་ལས་བྱུང་བའོ།། ཞེས་བྱ་བ་ནི་རྡོ་རྗེ་ཡིད་ལས་བྱུང་བ་ཉིད་རྡོ་རྗེ་ཡིད་ལས་བྱུང་བ་གསང་བ་ཡིན་ནོ།། གཡས་སུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ ་བ་ནས་བརྩམས་ཏེ། བྲན་རྣམས་སོ་ཞེས་བྱ་བའི་བར་དུ་བསྟན་པས་ནི་ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ།། དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པར་ཤེས་པར་བྱའོ།། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་བཟླས་པ་དང་བསྒོམ ་བར་བྱའོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སློབ་དཔོན་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས།། ་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ།། བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནི་རྡོ་རྗེ་སེམས་དཔའ་ལ་དམིགས་པའི་སེམས་རྩེ་གཅིག་པ་ཉིད་དོ།། སེམས་ཅན་ཐམས ་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་དོན་དུ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་རྫོགས་པར་བྱ་བའི་ཕྱིར་རོ།། ཡང་དག་པར་བསྐྱེད་དེ་ཞེས་བྱ་བ་ནི་ཡང་དག་པར་བྱུང་བའོ།། རྒྱལ་བ ་ཆེན་པོ་ཞེས་བྱ་བ་ནི། རྒྱལ་བ་ཡང་ཡིན་ལ་བདེ་བ་ཆེན་པོ་ཡང་ཡིན་པས་ན་རྒྱལ་བ་ཆེན་པོ་སྟེ། བག་ཆགས་དང་བཅས་པའི་ཉོན་མོངས་པ་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ།། འདི་གླང་ལོས་ཤེས་ཤོ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། གང་གི་ཕྱིར་བག་ཆགས་དང་བཅས་པའི་ཉོན་མོངས་པ་སྦྱངས་ཤིང་འདོད་ཆགས་དང་བྲལ་དུ་ཟིན་ཀྱང་འདོད་ཆགས་དང་ལྡན་པ་རྣམས་རྗེས་སུ་གཟུང་ཞིང་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། རང་གི་བཙུན་མོ་སྤྲུལ ་བའི་སྐུས་རང་གི་བཙུན་མོ་ཡང་སྩོལ་བ་མཛད་ནས་ཕྱིའི་དངོས་པོ་རྣམས་ཀྱང་སྨོས་ཅི་དགོས། གང་གི་ཕྱིར་དེ་ལྟར་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར། རྒྱལ་བ་ཆེན་པོ་འཁྲུངས་པ་དེ་བོས་ན་རོང་ཉིད་འདུལ་བ་མཆོག་ཅེས ་བྱ་བ་སྨོས་ཏེ། འོངས་སེམས་ཅན་འདུལ་བས་ན་འདུལ་བ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་གྲུབ་ཅིང་བྱང་ཆུབ་ཆེན་པོར་འཇོག་ཅེས་བྱ་བའོ་ཐ་ཚིག་གོ།། དེ་ཉིད་ནི་མཆོག་སྐྱོ་གསང་བའི་རྟོགས་པ་དམ་པའོ།། བདྨ་བུ་ཆེན་པོ་རྡོ་རྗེ་ཆེ་ཞེས་བྱ ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་སྟེ། དེ་ཉིད་ནི་བརྟག་པ་ལས་བྱུང་བའི་ཕྱིར་དང་། བརྟགས་པའི་རང་བཞིན་ཡིན་པའི་ཕྱིར་གསང་པོའི་རྟོག་པའོ།། དངོས་གྲུབ་རབ་གསོལ་གསུངས་ཞེས་བྱ་བ་ནི་གང་གི་རྡོ་རྗེ་སེམས་དཔའ་ལ་སོགས ་བྱའི་དངོས་གྲུབ་བོ།། སྩོལ་ཞེས་བྱ་བ་ནི་དངོས་གྲུབ་དེ་སྟེར་བས་ན་དངོས་གྲུབ་རབ་སྩོལ་ཞེས་བྱའོ།། གསུངས་ཞེས་བྱ་བ་ནི་ཇི་སྐད་དུ་གསུངས་པའི་གྲུབ་པའི་ཕྱིར་ཞེས་གསོལ་བ་འདེབས་པ་ཡིན་ནོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི ་རྡོ་རྗེ་འཆང་ཆེན་པོའོ།། དེ་ནས་ཞེས་བྱ་བ་ནི་བར་མ་ཆེད་པ་སྟེ་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ། དཀྱིལ་འཁོར་ཆེན་པོ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། ་དོན་ཡོད་ཅིང་ཐོགས་པ་མེད་པར་བསྟོན་པ་ཞེས་བྱ་བ་གསུངས་ཏེ། བསྟན་པ་དེ་བཀའ་དོན་ཡོད་ཅིང་འབྲས་བུ་དང་བཅས་ལ་ཐོགས་པ་མེང་པའི་འདི་ལ་མངའ་བས་ན་བསྟན་པ་དོན་ཡོད་ཅིང་ཐོགས་པ་མེད་པ་ཞེས་བྱའོ།། ཅི་ཞིག་མཛད་ནས་ཤེ་ན ་བདེ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་བདེ་བ་ཐམས་ཅད་དེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཅེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་ནི་འདུལ་བ་སྟེ། གང་གི་ཕྱིར་འདིས་འདུལ་ཞིང ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་ཐམས་ཅད་གྲུབ་པ་ཐོབ་པར་བྱེད་པས་ན་དེ་སྐད་ཅེས་བྱའོ།། རྡོ་རྗེ་འདོད་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱའི་ངོ་བོ་ཉིད་དོ།། དེའི་མཆོག་ནི་ཆོས་ཀྱི་དབྱིངས་ཏེ། དེ་ལས ་བྱུང་བ་ནི་རྡོ་རྗེ་ལུས་མཆོག་འདུལ་བར་རྣམ་པར་གནོན་པ་ཞེས་བྱ་སྟེ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ངོ་བོ་ཉིད་ཀྱི་སེམས་ཅན་གྱི་དོན་བྱ་བ་སྟེ་མཛད་པའོ།། འདི་ཞེས་བྱ་བ་ནི་འོག་ནས་བཤང་བའི་ཤུགས་ལ་གནས་པའོ།། རྡོ་རྗེ་ཆེན་པོ ་གསང་བའི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་སོ།། དེ་གསོང་བའི་རྡོ་རྗེ་སེམས་དཔའི་སྐུ་ཐམས་ཅད་དེ་ལས་བྱུང་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར ་ཆེན་པོའོ།། དམ་ཚིག་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་བཀའ་སྩལ་པ་ནི་གསུངས་པའོ།། དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ་ཏིང་ངེ་འཛིན་གསུམ་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ།། གང་ཕྱིར་ཞེས་བྱ་བའི་རྒྱུ་སྟེ། གང་གི་ཕྱིར་དཀྱིལ ་འཁོར་དུ་འཇུག་པ་མེད་པར་སེམས་ཅན་རྣམས་སྣོད་དང་ལྡན་པར་མི་འགྱུར་ཞིང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ལ་སོགས་པ་མི་འགྲུབ་པ་དེ་བས་ན་ཡང་དག་པོར་བཤད་པར་བྱ་ཞེས་བྱ་བ་སྟེ། ཡདོ་དག་པར་རབ་ཏུ་ཕྱེ་སྟེ་བཤང ་བ་ཞེས་བྱའོ།། དེ་ཅི་ཞིག་ཞེ་ན། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའོ།། དམ་པ་ནི་མཆོག་གོ།། མིང་ཇི་སྐད་ཅེས་བྱ་ཞེ་ན་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ཆེན་པོ་ནི་བཤད་ཟིན ་ཏོ།། དེའི་རྡོ་རྗེ་མཆོག་ནི་སེམས་དཔའི་སྐུ་ཐམས་ཅད་དོ།། དེ་ལས་བྱུང་བ་ནི་དམ་ཚིག་མཆོག་སྟེ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའིའོ།། དེ་ཇི་ལྟར་བྲི་ཞེ་ན་ལེགས་སྦྱངས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ས་སྦྱངས་པ་དང་ཡོངས ་སུ་གཟུང་བའི་ཆོ་ག་ངག་གི་དཀྱིལ་འཁོར་གྱི་གནས་ལེགས་པར་སྦྱངས་ལ། དཀྱིལ་འཁོར་གྱིས་དེའི་དབུས་སུ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་སྒྲུབ་པར་བྱའོ།། དེ་ཡང་སྔོན་དུ་བསྙེན་པ་ཆོ་ག་ཇི་ལྟ་བ་བཞིན་དུ་བྱས་ལ། དཀྱིལ་འཁོར་གྱི་སའི་དབུས ་སུ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་མཉམ་པར་བཞག་ལ་དཀྱིལ་འཁོར་ཆེན་པོ་འདི་བསྒྲུབ་པར་བྱའོ།། སར་པ་ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་དུ་མ་སྤྱད་པ་འམ་གཞན་དུ་སྤྱད་པ་མ་མྱོང་བའོ།། ལེགས་པར་བསྒྲིལ་བ་ཞེས་བྱ་བ་ནི་དྲི ་ཞིམ་པོས་བསྒོས་པའི་གསེར་གྱི་སྣོད་ལ་སོགས་པར་བཞག་པས་སོ།། མདུད་པ་རྣམས་ནི་མེད་འགྱུར་བ་ཞེས་བྱ་བ་ནི་གོ་སླའོ།། སྲོང་བུ་ཁ་བསྒྱུར་བས་ཞེས་བྱ་བ་ནི་རྒྱོ་སྐྱེགས་དང་ལྗང་གུ་དང་། སྔོ་བ་དང་སེར་པོ་དང་དཀར་པོའི་ཁེ་དོག་ཚོན་སྣ་ལྔ་ཁ་བསྒྱུར ་བའི་སྲད་བུ་ཁ་དོག་ལྔ་དང་ལྡན་པ་ནི་ཐིག་སྐུད་ཁ་བསྒྱུར་བའོ།། དེ་ལྟ་བུའི་ཚོན་སྐུད་ཀྱི་ལེགས་པར་ཐིག་གདབ་པ་ནི་དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། སེར་པོ་དང་། དཀར་པོས་ཁ་བསྒྱུར་བའི་སྐད་བུས་དེ་ལེགས་པར་ཐིག་བཏེབ་ལ། ་དཀྱིལ་འཁོར་ལེགས་པར་བྲི་བར་བྱའོ།། ཟུར་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཁ་ཁྱེར་གྱིས་ནི་རབ་བསྐོར་བ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ཕྱི་རོལ་ནས་ཀུན་ནས་སྐོར་ཕྱོགས་སུ་ཁ་ཁྱེར་གྱིས་བསྐོར་བ་སྟེ། དེས་ལེགས་པར ་བསྐོར་ཅིང་ཡོངས་སུ་འཁོར་བའོ།། མཁས་པས་ལེགས་པར་དགོད་པར་བྱ་ཞེས་བྱ་བ་ནི་ཁྱམས་ཀྱི་གྲཝ་མཚམས་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཀྱིས་རང་བཞིན་ཅན་གྱི་ལྷ་མོ་རྣམས་ཀྱི ་རབ་ཏུ་སད་ཅིང་ཉེ་བར་བསྐུལ་བར་བྱས་པ་དོན་འདི་ཉིད་ནི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། ཡང་ཞེས་བྱ་བ་ནི་བསྡུ་བ་དང་རིམ་པ་ཐ་དད་དུ་དབྱེ་བའོ།། དཀྱིལ་འཁོར་གྱི་ནི་གྲཝ་དང་ནི།། སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ་ཞེས ་བྱ་བ་ལ། དེ་ལ་དཀྱིལ་འཁོར་གྱི་མཚམས་ནི་རཱི་མོ་གཉིས་ཕྲད་པའོ།། སྒོ་རྣམས་ཀྱི་སྒོ་ཁྱུད་ནི་སྒོ་ཁྱུད་རྣམས་ཏེ་རི་མོ་དོད་པའོ།། དྲི་རྣམས་ཀྱི་མཚམས་ནི་རི་མོ་གཉིས་འདུས་པའོ།། དེ་ལྟ་བུའི་དཀྱིལ་འཁོར་གྱི་གྲཝ་དང་། སྒོ་རྣམས་ཀྱི་མཚམས ་སོ།། དེ་རྣམས་སུ་ཟླ་བ་ཕྱེང་བ་ལ་གནས་པའི་རིན་པོ་ཆེ་གང་ཡིན་པ་དེ་ནི་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེའོ།། དེ་རྣམས་ཀྱི་འོད་ནི་འོད་ཟེར་ཏེ་དེས་ཉེ་བར་འབར་བར་དེ་བྲི་བར་བྱའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་གྱི ་གྲཝ་རྣམས་དང་སྒོ་ཁྱུད་ཀྱི་ནི་མཚམས་སུ་ཞེས་བཤད་པ་གང་ཡིན་པ་དེ་དག་ཏུ་རྡོ་རྗེ་རིན་པོ་ཆེའི་གཟུགས་བྲི་བར་བྱའོ།། དེ་ལ་སྒྲ་སྒྲོགས་དྲིལ་བུ་མཆོག་ཅེས་བྱ་བ་ནི་རླུང་གིས་བསྐྱོད་པའི་དྲིལ་བུ་དང་བཅས་པའི་བ་དན་སྣ་ཚོགས་ཏེ། དེས་སྣ་ཚོགས ་ཤིང་ཁ་དོག་དུ་མ་དང་ལྡན་པ་དེས་ཉེ་བར་མཛེས་པར་བྱས་པའོ།། དེ་བཞིན་དུ་མེ་ལོང་དང་དྲ་བ་དང་མེ་ཏོག་གི་ཆུན་འཕྱང་གིས་ཀྱང་བརྒྱན་པར་ཕྱིའི་དཀྱིལ་འཁོར་བྲི་བར་བྱ་སྟེ། མེ་ལོང་དང་དྲ་བ་དང་མེ་ཏོག་གི་ཆུན་འཕྱང་གང་ལ་ཡོད་པ་དེ་དག་ལ ་དེ་སྐད་ཅེས་བྱ་སྟེ། དེ་རྣམས་ཀྱི་བརྒྱན་ཅིང་མཛེས་པར་བྱས་པར་ཕྱིའི་དཀྱིལ་འཁོར་དེ་ལྟ་བུར་བྲི་བར་བྱའོ།། དེའི་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱིའོ།། ནང་དུ་ཞེས་བྱ་བ་ནི་ནང་ན་སྟེ་དབུས་སུ་ཞེས་བྱ་བའི་ཐ་ཚིག་གོ།། འཁོར་ལོ་ནི་དཀྱིལ་འཁོར་རོ།། ་ཇི་ལྟ་བུ་ཞེ་ན། དཀྱིལ་འཁོར་བརྒྱད་པ་དང་འདྲ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དུམ་བུ་དང་པོ་ལས་བཤད་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན་དུ་ཤེས་པར་བྱའོ།། དེའི་ནང་ནི་དཀྱིལ་འཁོར་དབུས་སུ་ཏེ་ལྟེ་བར་ཅི་རིགས་པར་བར་སྣང་གི ་ཕྱོགས་ནས་ཕབ་སྟེ་ས་མ་ཡ་སྟྭཾ་ཞེས་བྱ་བ་དང་རང་གི་སྙིང་པོ་བརྗོད་ལ་རང་གི་གནས་སུ་བཞག་པར་བྱའོ།། སངས་རྒྱས་ཀྱི་ཕྲེང་བ་དང་། རིན་པོ་ཆེ་དང་། པདྨ་དང་རྡོ་རྗེ་ཕྲེང་བ་དང་ལྡན་པའི་ཅོད་པན་དང་། རྣ་ཆ་ལ་སོགས་པས་ཀྱང་བརྒྱན་ཅིང་སྤྲས་པ་དང ་དྲི་དང་ཚོན་དང་གུར་གུམ་ལ་སོགས་པས་ཀུན་ཏུ་གཏོར་བར་བྱའོ།། ཚོན་གྱི་ཞེས་བྱ་བ་ནི་དྲི་ཞིམ་པོའི་པིར་དང་བཅས་པའོ།། ལྷག་མ་ནི་གོ་སླའོ།། དེ་བཞིན་དུ་ལྷ་མོའི་དཀྱིལ་འཁོར་ནི་ཁྱམས་སུ་དགོད་པར་བྱའོ།། ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན ་པོ་ཇི་ལྟ་བ་བཞིན་དུ་འདིར་མདུན་དུ་ནི་རྡོ་རྗེ་མཚོན་ཆ་སྐུ་མདོག་དམར་པོ་མཚོན་ཆའི་ཐབས་ལ་བརྩོན་པའོ།། རྡོ་རྗེ་ཡིད་ལས་བྱུང་བ་དགོད་དོ་ཞེས་བྱ་བ་ལ་སོགས་པས་ནི་དགོད་པའི་ཆོ་གོ་གསུངས་པ་ཡིན་ནོ།། དེ་ལྟར་དེ་བཞིན་གཤེགས་པའི་དཀྱིལ ་འཁོར་དང་། རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་དུ་མདུན་དུ་རྡོ་རྗེ་ཡིང་ལས་བྱུང་བ། ཨོཾ་བཛྲ་དྲྀཥྚི་ས་མ་ཡ་ཀེ་མིཊ་ཅེས་བྱ་བས་བུད་མེང་དུ་གྲགས་པ་རྣམས་དགོད་པར་བྱའོ།། གཡས་ལོག་སུ་ནཱ་ཏྲཻ་ཎཱཾ་ཀཱི་ལི་ཀཱི་ལ་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཧཱུ~ཾ ་ཞེས་བྱ་བས་དགོད་དོ།། རྒྱབ་ཏུ་ནི་རྡོ་རྗེ་དྲན་པ་ཧཱུཾ་སྨ་ར་བཛྲ་ཧཱུཾ་ཞེས་བྱ་བས་སོ།། གཡོན་ལོགསུ་ནི་རྡོ་རྗེ་བསྙེམས་མ་ཧཱུཾ་དུ་དྷ་བཛྲ་ཎི་ཧཱུཾ་ཞེས་བྱ་བསོ།། དེ་བཞིན་དུ་རྡོ་རྗེ་སྦྲང་རྩི་མ་ལ་སོགས་པ་ནས་གར་མའི་བར་གྱི ་མཆོད་པའི་ལྷ་མོ་རྣམས་རང་གི་སྙིང་པོས་དགོད་པ་བྱས་ལ་རྡོ་རྗེ་ལྕོགས་ཀྱུ་མ་ལ་སོགས་པ་ཡང་ལྷ་མོར་གྲགས་པ་དགོད་པར་བྱའོ།། དེ་ནས་ཛཿབཛྲ་ཨཾ་ཀུ་ཤ། ཧཱུཾ་བཛྲ་པཱ་ཤ། བཾ་བཛྲ་སྥོ་ཊ། ཨ་བཛྲ་གྷཎྜེ་ཞེས་བྱ་བསོ།། དགོས ་བར་བརྟག་པར་བྱའོ་ཞེས་བྱ་བ་ལ་སོགས་པར་སྣང་གི་ཕྱོགས་ལ་ཕབ་སྟེ། བྲིས་པ་དང་བླུགས་པ་ལ་སོགས་པའི་ནང་དུ་བཅུག་ལ་ཡེ་ཤེས་སེམས་དཔའ་དང་། རང་བཞིན་གཅིག་ཏུ་གྱུར་པས་ལྷ་ཐམས་ཅད་བཞུགས་པར ་མཛད་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་བྲིས་པའི་རྗེས་ཐོགས་ཉིད་ལ། བུམ་པ་གང་བ་ལ་སོགས་པའི་མཆོད་པ་ཐམས་ཅད་ཀྱི་ཡང་དག་པར་མཆོད་ལ། དེར་དང་དྲིལ ་བུ་ལ་སོགས་པ་དང་བཅས་པར་དཀྱིལ་འཁོར་གྲཝ་བཞིར་གནས་སུ་བཞག་པར་བྱའོ།། ལྷག་མ་ནི་གོ་བར་ཟད་དོ།། དེ་ནས་རང་གི་དམ་ཚིག་གི་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་དཀྱིལ་འཁོར་བྲིས་ནས། སྒོ་ཕྱེ་ལ་བསུ་བ་བྱས ་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཡས་པའི་རྡོ་རྗེ་ལྕགས་ཀྱུས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཙོས་པ་དཀྱིལ་འཁོར ་དུ་ཇི་ལྟ་བ་བཞིན་དུ་བཅུག་ལ་མཆོད་ཡོན་ཕུལ་ནས། དེའི་རྗེས་ཐོགས་ཉིད་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པས་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ།། ཛ་ཧཱུཾ་བཾ་ཧོཿཞེས་བྱ་བ་བརྗོད་ལ། དཀུག ་ཅིང་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ཛཾ་སྐད་དུ་བཤད་པའི་ལྕགས་ཀྱུས་དགུག་པ་དང་། དཀྱིལ་འཁོར་དུ་གཞུག་པ་དང་། རང་གི་གནས་རྣམས་སུ་དམ་ཚིག་གིས་བཅིངས་པས་བཅིངས ་ནས་དེའི་འོག་ཏུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དབང་དུ་འགྱུར་རོ་ཞེས་བྱ་བ་ཡིན་ནོ།། ཕྱག་རྒྱ་ཆེན་པོར་མཉམ་པར་བཞག་སྟེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སྙེམསྣ་དཔའི་ཕྱག་རྒྱ་ཆེན་པོ་བྱཅིང་བའོ།། དེ་བཞིན་གཡས་མཛུབ ་ལྕགས་ཀྱུར་བྱ་ཞེས་བྱ་བ་ནི། གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་ལ་དེ་བཞིན་ཞེས་བྱ་བ་རྣམ་པ་འདི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གི། འདི་དག་ནི་དགུག་པའོ།། ལྷན་ཅིག་མཆོག་ཏུ་འགུགས ་བར་བྱེད་པ་ཞེས་བྱ་བ་ནི། དེ་བཞིན་དུ་ཕྱག་རྒྱ་ཆེན་པོའི་ལྕགས་ཀྱུ་བཅིངས་ལཱ་རྗེས་ཐོགས་ཉིད་ལ་འོག་ནས་བཤད་པའི། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་གྲུབ་པའི་སྙིང་པོ་ལྡན་གཅིག་བརྗོད་པར་བྱའོ།། དེ་ནས་བཅོམ་ལྡན ་འདས་རྡོ་རྗེ་ཅན་རྡོ་རྗེ་སེམས་དཔའ་རང་ཉིད་དཀྱིལ་འཁོར་དུ་བྱོན་པར་གྱུར་པ་ནི་བྲིས་པའི་དཀྱིལ་འཁོར་དུ་བྱོན་ནས། གན་ས་ཇི་ལྟ་བ་བཞིན་དུ་ཞུགས་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ།། ཡང་ན་བཅོམ་ལྡན་འདས་རང་ཉིད་གཟིགས། ་བར་འགྱུར་རོ་ཞེས་བྱ་བ་ནི་ཡང་རྣ། ལ་འབྱོར་པ་རླུང་ཅིང་།། སེམས་དཔར་གྱུར་བར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་ཤང་ཀྱི་མཐོང་བར་འགྱུར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བཅོམ་ལྡན་འདས ་དཀྱིལ་འཁོར་དུ་བཅུག་ནས། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་བསྒྲུབས་ལ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས་དེའི་རྗེས་ལ་འཇུག་པའི་ཆོ་གས ་བདག་ཉིད་འཇུག་པར་བྱའོ།། དེ་ནས་ཆོ་ག་ཐམས་ཅད་བྱས་པས་རང་ཉིད་ཞུགས་པའི་བསམ་གཱི་ཏན་གྱི་སློབ་དཔོན་ནམ། དཀྱིལ་འཁོར་གཞན་དུ་དཀྱིལ་འཁོར་གྱི་སློབ་དཔོན་དུ་འགྱུར་རོ་ཞེས་བྱ་བར་དགོས་སོ།། ཡང་ཞེས་བྱ་བའི་སྒྲས ་ནི་གཞན་དག་ནི་མི་གཙུག་གོ་ཞེས་སྟོན་ཏོ།། རྡོ་རྗེ་འཛིན་ཀུན་སློབ་དཔོན་ནི་ཞེས་བྱ་བ་ལ་རྡོ་རྗེ་འཛིན་པ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་རྡོ་རྗེ་འཛིན་པ་ཀུན་ཏེ། རིགས་ཐམས་ཅད་ཀྱི་རང་བཞིན་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་སོ།། དེ་རྣམས་ཀྱི་དཀྱིལ་འཁོར་གྱི་སློབ་དཔོན་ནི་རྡོ་རྗེ་འཛིན་ཀུན་སློབ་དཔོན་ནོ།། ཕྱག་རྒྱ་ཐམས་ཅད་ཀྱི་ཞེས་བྱ་བ་ནི། ཕྱག་རྒྱ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ཕྱག་རྒྱ་ཀུན་ཏེ། རིགས་ཐམས་ཅད་ཀྱི་མཚན་མའི་ཕྱག་རྒྱ་སྟེ། དེ་རྣམས་ཀྱི ་གྲུབ་པའོ།། དམ་ཚིག་ཀུན་མཁྱེན་པ་ལ་ཞེས་བྱ་བ་ལ་དམ་ཚིག་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན་དམ་ཚིག་ཀུན་ཏེ་རིགས་ཐམས་ཅད་ཀྱི་དམ་ཚིག་གི་དཀྱིལ་འཁོར་རོ།། དེ་མཁྱེན་པས་ན་དམ་ཚིག་ཐམས་ཅད་མཁྱེན་པའོ།། ལས་ཐམས ་ཅད་ནུས་པ་ཞེས་བྱ་བ་ལ་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་ནི་ལས་ཐམས་ཅད་དེ། དེ་རྣམས་བྱེད་པར་ནུས་པས་ལས་ཐམས་ཅད་ནུས་པ་སྟེ། བཅོམ་ལྡན་འདས་ཀྱིས་ལས་ཐམས་ཅད་ནུས་པར་བྱིན་གྱི་རློབས་པར་མཛད་དོ་ཞེས་རེ་རེ ་ཞིང་སྦྱར་བར་བྱའོ།། ཆོ་ག་ཇི་ཙམ་གྱིས་ཞུགས་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ལྟར་བྱིན་གྱིས་རློབས་པར་མཛད་ཅེ་ན་འདི་ཡིས་ཞེས་བྱ་བ་གསུངས་ཏེ། རྗེས་ཐོགས་ལ་འཆང་བར་འགྱུར་བའི་འཇུག་པའི་ཆོ་ག་འདིས་ཞེས་བྱ་བའི་དོན་ཏོ།། ་ད་ནི་ཚོ་གཱ་དེ་བསྟན་པའི་ཕྱིར་རང་ཉིད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་སློབ་དཔོན་བདག་ཉིད་རྡོ་རྗེ་སེམོས་དཔར་བྱིན་གྱིས་བརླབས་པའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ནོ།། ཇི་སྙེད་པའི་དྲིས་ཕྱུགས་ཤིང་བསྒོས་ལ་ཞེས་བྱ་བ་ལ། ཇི་ཙམ་སྙེད་པར ་གྱུར་པའི་དྲི་ལུས་ལ་ཉེ་བར་བྱུག་ཅིང་བསྐུས་པཱ་ཡིན་པས་དེ་སྐད་ཅེས་བྱའོ།། རྒྱན་དང་བཅས་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་རྗེས་སུ་མཐུན་པའི་རྒྱན་རྣམས་ཀྱིས་བརྒྱན་པར་བྱས་པའོ།། ལུས་ཤིན་ཏུ་ཆས་བ་ཞེས་བྱ་བ་ནི་རྒྱན ་དང་བཅས་པའི་མེ་ཏོག་གིས་ཕྲེང་བ་རྣམས་ཀྱིས་སྡུད་པའོ།། གོས་དམར་པོས་ཞེས་བྱ་བ་ལ་སོགས་བ་ལ་གོས་དམར་པོ་གཅིག་གྲིས་སྨད་གསྡོགས་བྱས་ལ་གཉིས་པས་སྟོང་གཡོགས་བྱས་ནས། རང་ཉིད་རྡོ་རྗེ་དང་བཅོས་པའི་རྡོ ་རྗེ་བསྙེམས་པས་རང་ཉིད་འཇུག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་དང་ལྷན་ཅིག་པས་ན་རྡོ་རྗེ་དང་བཅས་པའོ།། རྡོ་རྗེ་བསྙེམས་མ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། རྡོ་རྗེ་བསྙེམས་མའི་རྣལ་འབྱོར་དང་ལྡན་པ་ཡིས་བསྒྲུབ་པར་བྱ་བའི ་བུ་མོའོ།། རྡོ་རྗེ་དང་བཅས་པ་ཡང་ཡིན་ལ་རྡོ་རྗེ་བསྙེམས་མ་ཡང་ཡིན་པས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་མ་དེ་དང་ལྷན་ཅིག་བདག་ཉིད་འཇུག་པར་བྱའོ།། འདི་སྐད་སྟོན་ཏེ་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན ་བོ་བཅིངས་ལ་བསྒྲུབ་པར་བྱ་བ་རྡོ་རྗེ་བསྙེམས་མའི་རྣལ་འབྱོར་དང་ལྡན་པའི་སྔོན་དུ་སྤྱད་པ་བྱས་ལ་རྗེས་སུ་གནང་བ་ཐོབ་པ་དང་། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་སྦྱོར་བ་དང་ལྡན་པས། བུ་མོ་རྡོ་རྗེ་དྲིལ་བུ་འཛིན་པ་ལག་པ་གཡས་པས ་གཟུང་བའི་ཚུལ་གྱིས་བླངས་ལ་རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་དུ་འཇུག་པར་བྱའོ།། བཅོམ་ལྡན་འདས་ལ་མངོན་པར་བསྟོད་ཅིང་ཞེས་བྱ་བ་ནི་དྲུག་ལྡན་ལ་སོགས་པའི་གླུས་རྡོ་རྗེ་གླུ་ལེན་ཅིང་འཇུག་པར་བྱའོ།། འདོད་ཆགས་ཞེས་བྱ་བ་ལ་སོགས ་པ་ལ་འདོད་ཆགས་དམ་ཚིག་ཡིན་པར་བཤད་ཅེས་གསུངས་པས་འདོད་ཆགས་ནི་རྡོ་རྗེ་སེམས་དཔའོ།། སོགས་པའི་སྒྲས་ནི་རྡོ་རྗེ་ཡིད་ལས་བྱུང་བ་ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་བར་དུ་གཟུང་ངོ་།། འདོད་ཆགས་ལ་སོགས་པ་གང་ཡིན ་པ་དེ་ནི་འདོད་ཆགས་ལ་སོགས་པ་སྟེ་དེ་ཉིད་ནི་བདེ་བ་ཡང་ཡིན་ལས་ཐམས་ཅད་ཀྱང་ཡིན་པས་ན་བདེ་བ་ཐམས་ཅད་དོ།། ངེས་གང་གིས་ཡིད་མཛེས་པར་གྱུར་པ་དེ་ནི་འདོད་ཆགས་ལ་སོགས་པས་བདེ་བ་ཡིད་དེ། དེ་བཞིན་གཤེགས་པ་རྣམས ་སོ།། ཁྱེད་ནི་དེ་རྣམས་བསྡུས་པ་སྟེ་ཡང་དག་པར་བསྡུས་པས་ན་བསྡུས་པ་ཡིན་ཏེ་དེ་རྣམས་ཀྱི་ཉེ་བར་བླངས་ཤིང་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ།། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་ཁྱེད་ནི་དེ་རྣམས་ཀྱི་སྐྱེས ་བུའི་དོན་གྲུབ་པར་བྱ་བའི་ཕྱིར་ཉེ་བར་བླངས་པ་ཡིན་པ་དེའི་ཕྱིར། ཁྱེད་བདག་ལ་བདེ་བ་སྩོལ་བར་མཛོད་ཅིག་ཅེས་བྱ་བ་ནི། ཇི་ལྟར་ཁྱེད་སངས་རྒྱས་རྣམས་ཀྱིས་བསྡུས་པར་གྱུར་པའི་ཚུལ་གྱིས་སྐྱེས་བུའི་དོན་གྲུབ་པར་གསོལ་བ་དེ་བཞིན་དུ་བདག ་ལའང་བསྡུས་པའི་ཚུལ་གྱིས་སྐྱེས་བུའི་དོན་གྲུབ་པའི་དངོས་གྲུབ་སྩོལ་བར་མཛོད་ཅིག་ཅེས་སློབ་དཔོན་གསོལ་བ་འདེབས་པའོ།། རྡོ་རྗེ་སེམས་དཔའ་དགོངས་པ་མཛོད་ཅིག་ཅེས་བྱ་བ་ནི་སྩོལ་བ་ཉིད་དགོངས་ཤིང་མངོན་སུམ་དུ་མཛོད་ཅིག་པའོ།། ་བདག་ལ་བརྟན་པར་མཛོད་ཅིག་ཅེས་བྱ་བ་ནི། བདག་ལ་བདེ་བ་གསོལ་བ་མི་ཕྱེད་པར་མཛོད་ཅིག་ཅེས་པའོ།། མྱུར་དུ་ཞེས་བྱ་བ་ནི་རིངས་པར་རོ།། བདག་ལ་དགྱེས་པར་མཛོད་ཅིག་ཅེས་བྱ་བ་ནི་མངོན་སུམ་དུ་ཕྱོགས་ཤིང་གྲུབ་པར་མཛོད་ཅིག་པའོ།། ་ཡོངས་སུ་མཉེས་པར་མཛད་པ་དང་ཞེས་བྱ་བ་ལ་རྩའི་སྒྲ་ནི་བསྡུ་བའོ།། བང་བ་རྣམས་ཀྱི་མཆོག་ཡིན་པས་ནི་བདེ་མཆོག་གོ།། མཆོག་ཉིད་ཡིན་པས་ན་བདེ་མཆོག་གོ།། ཕྱག་འཚལོ་ཞེས་བྱ་བ་ནི་རབ་ཏུ་འདུད་པའི་ཚིག་རང་གི་དབང་བསྐུར་བ་བདག ་ལ་གསོལ་ཅིག་ཅེས་སྟོན་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་འཇུག་པའི་རྗེས་ཐོགས་ལ་བཅོམ་ལྡན་འདས་རང་རང་གི་ངོ་བོས་བཅོམ་ལྡན་འདས་མངོན་དུ་བྱས་ལ་དྲན་པར་བྱའོ།། ཐོག་མ་དང་ཐ་མ་མེད་པའི་སེམས་དཔའ་ནི ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སེམས་དཔའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བའི་ཕྱིར་མི་ཕྱེད་པའི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ།། བདེ་བོ་ཆེན་པོ་ཞེས་བྱ་བ་ནི་ཐར་པའོ།། ཀུན་ཏུ་བཟང་པོ ་ཁྱེད་ཅེས་བྱ་བ་ནི་ཁྱེད་ལས་ཀུན་ཏུ་བཟང་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཁྱེད་ནི་ཀུན་ཏུ་བཟ་ང་པོ་སྟེ་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོ་ཡིན་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ལྷ་མོ་རྡོ་རྗེ་བསྙེམས ་མའི་ཕྱག་རྒྱ་ཆེན་པོའོ།། དེའི་བདག་པོ་ཡིན་པས་ན་རྡོ་རྗེ་བསྙེམས་མའི་བདག་པོའོ།། དེ་ཡང་བྱང་ཆུབ་ཀྱི་སེམས་ཆེན་པོའི་དབང་གི་རྡོ་རྗེ་བསྙེམས་མེ་རྒྱུན་མི་འཆད་པར་འབྱུང་བས་དེའི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནི་རྡོ་རྗེ་སེམས་དཔའ ་ཡིན་པས་རྡོ་རྗེ་བསྙེམས་མའི་བདག་པོའོ།། དེ་ཡང་སེམས་ནི་བཅོམ་ལྡན་འདས་ཏེ་འདོད་ཆགས་ཆེན་པོ་ནི་དེའི་ལྷ་མོའི་ཞེས་བཤད་པ་ཡིན་ནོ།། ཁམས་གསུམ་གྱི་དབང་ཕྱུག་ཡིན་པ་དང་རིགས་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་ན་ཁྱབ་བདག་གོ།། ་སེམས་ཞེས་བྱ་བ་ནི་དགེ་བའི་ཁམས་རྣམས་ཀྱིས་བསགས་པས་ན་སེམས་སོ།། དེ་ཡང་ཇི་ལྟར་ན་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཡིན་ཞེ་ན། བསམ་མི་ཁྱབ་ཅིང་རྒྱ་ཆེ་ཟབ།། མི་འགྱུར་བདེ་བ་ཀུན་གྲུབ་པ།། ཀུན་ཏུ་ཁྱབ་ཅིང་དྲི་མ་མེད ་བྱང་ཆུབ་སེམས་ནི་ཆེ་ཞིང་བརྟན་ཞེས་གསུངས་པས། སེམས་དཔའ་ཞེས་བྱ་བ་ནི་སེམས་དེ་ཉིད་དེ། དེ་བཞིན་ཉིད་དེ་དེ་བཞིན་ཉིད་ཀྱི་རྡོ་རྗེ་དང་གཅིག་ཏུ་གྱུར་པར་བསྒོམས་པའི་མཐུས། རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས ་པོས་ན་སེམས་དཔའ་སྟེ། སེམས་ཅན་ཀུན་གྱི་སེམས་གང་ཡིན་བརྟན་པའི་ཕྱིར་ན་སེམས་དཔར་བཤད་ཅེས་གསུངས་པའི་ཕྱིར། ཏིང་ངེ་འཛིན་ཞེས་བྱ་བ་ནི་མི་གཡོ་བའི་སེམས་རྩེ་གཅིག་པོ་དེ་ཉིད་དང་ལྡན་པས་ཏིང་ངེ་འཛིན་ལ་མཉམ ་བར་འཇོག་པའི་ཕྱི་ཏིང་ངེ་འཛིན་ཞེས་བཤད་དོ།། རྡོ་རྗེ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་རང་བཞིན་ཅན་གྱི་སེམས་ཏེ་དེ་ཉིད་ཟླ་བའི་དཀྱིལ་འཁོར་ལ་སོགས་པའི་རིམས་ཀྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་གྱུར ་བ་ནི་རྡོ་རྗེ་ཞེས་བཤད་དེ། ངེས་པའི་ཕྱིར་ན་རྡོ་རྗེར་གྱུར་ཅེས་ཞེས་བཤད་པའི་ཕྱིར་རོ།། དེ་བཞིན་རྡོ་རྗེ་འཛིན་ཞེས་བྱ་བ་ནི་རྡོ་རྗེར་གྱུར་པའི་རྡོ་རྗེ་སེམས་དཔའི་ཐུགས་དེ་ཉིད་བསྒོམས་པའི་སྟོབས་ཀྱི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོ ་རྡོ་རྗེ་དང་དྲིལ་བུ་འཛིན་པར་གང་གི་ཚེ་གྱུར་པ་དེའི་ཚེ་རྡོ་རྗེ་འཆང་བ་ཡིན་ཏེ། སེམས་དཔར་བྱིན་བརླབས་སྦྱོར་བ་ཡིས།། སླར་ཡང་རྡོ་རྗེ་སེམས་དཔར་གྱུར་ཅེས་གསུངས་པའི་ཕྱིར་རོ།། ཀུན་མཆོག་ཅེས་བྱ་བ་ལ་ཀུན་གྱི་མཆོག་ནི་ཆོས་ཀྱི ་དབྱིངས་ཏེ་དེ་ལས་བྱུང་བའོ།། ཀུན་མཆོག་དམ་ཚིག་ཅེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པོའི་རང་བཞིན་གྱི་དམ་ཚིག་སྟེ་ཕྱག་རྒྱའི་དམ་ཚིག་ཅེས་བསྒྲགས་ཞེས་གསུངས་པའི་ཕྱིར་རོ།། དངོས་གྲུབ་ཅེས་བྱ་བ་ནི་རང་བཞིན་གྱི་ཕྱག་རྒྱ་ཆེན་པོ ་ལྀ་སོགས་པའི་ངོ་བྱོར་གྲུབ་ཅིང་བྱུང་བའོ།། རྡོ་རྗེ་སེམས་དཔའ་དེ་གྲུབ་མཛོད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཡང་ཡིན་ལ་དེ་ཡང་ཡིན་པས་ན་རྡོ་རྗེ་སེམས་དཔར་དེ་སྟེ་བདག་དེ་གྲུབ་པར་གྱུར་ཅིག་ཅེས་སློབ་དཔོན་ལ་གསོལ་བ་འདེབས་པའོ།། ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་སློབ་དཔོན་གྱིས་དྲན་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དགྱེས་པར་གྱུར་ལ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་དེ་དགྱེས་པས་སློབ་དཔོན་ལ་ཉིད་ཀྱི ་ཡོན་ཏན་བསྐྱེད་པས་བྱིན་གྱིས་བརླབ་པ་མཛད་དོ།། དེ་ནས་བྱིན་གྱིས་བརླབས་པ་དེས་སྔོན་ཆང་མ་མྱོང་ཞིང་སྔར་མ་བྱུང་བའི་སློབ་དཔོན་དང་གཟུངས་མ་རྡོ་རྗེ་བསྙེམས་མ་གཉི་ག་ལ་ཞུགས་པས་རང་རིག་པའི ་བདེ་བ་ཉམས་སུ་མྱོང་ཞིང་སྐྱེ་བར་འགྱུར་རོ།། བདེ་བ་དེས་ཀྱང་ཕྲ་མོ་འབབ་པར་གྱུར་པ་དང་། བྱང་ཆུབ་སེམས་རྟོགས་ཤིང་ཐབས་ཤེས་པར་ཡང་འགྱུར་རོ།། དེ་ནས་བདག་ལ་བཅོ་མ་ལྡན་འདས་གྲུབ་པར་གྱུར་ཏོ་ཞེས ་ཤེས་པར་བྱའོ།། བདེ་བ་ཕྲ་མོ་འབབ་ཅིང་སྐྱེས་པ་དེས་བདག་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་གྲུབ་པར་གྱུར་ཏོ་ཞེས་དེ་ལྟར་ཤེས་ཤིང་ངེས་པར་བརྟག་པར་བྱའོ།། དེ་ནས་དེ་བཞིན་དུ་འདུག་ལེ་ཅི་འདོད་པར་ནི་བཟླས་བརྗོད་བྱའོ།། ་ཞེས་བྱ་བ་ནི་ཕྱག་རྒྱ་གང་ཞིག་བཅིངས་ནས་ཞུགས་པ་དེ་ཉིད་དང་། སེམས་དཔའི་སྐྱིལ་མོ་ཀྲུང་གི་འདུག་ལ། ཇི་སྲིད་མཚན་མ་བྱུང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ།། དོན་འདི་ཉིད་བསྟན་པ་ནི་དེ་ནས་དེ་བཞིན་དུ་ཞེས་བྱ་བ། ་ལ་སོགས་པ་གསུངས་པ་ཡིན་ཏེ། འཇུག་པའི་ཕྱག་རྒྱ་ཇི་ལྟར་བཅིངས་པ་ཉིད་དང་། སེམས་དཔའི་སྐྱེལ་མོ་ཀྲུང་གིས་འདུག་ལ་བཟླས་བརྗོད་དཔག་ཏུ་མེད་པ་བྱེད་ཅིང་འདུག་པ་ནི་དེ་བཞིན་དུ་འདུག་པ་ཞེས་བྱའོ།། རང་གི་བསོད་ནམས ་བྱིན་བརླབས་ཀྱིས་ཞེས་བྱ་བ་ནི་རང་གི་བསོད་ནམས་དང་རྗེས་སུ་མཐུན་པའི་སྟོབས་ཀྱིས་མཁས་པ་རྣམས་ཡིད་ལ་འདོད་པའི་དངོས་གྲུབ་རྣམས་འཐོབ་པར་གྱུར་པའོ།། དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི་དེ་ནས་གཟུང་སྟེ། རྡོ་རྗེ་སེམས ་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་སྒྲུབ་པར་འགྱུར་ཞིང་བཟླས་པ་ཙམ་གྱིས་རང་ཉིད་དབང་དུ་འགྱུར་རོ།། རང་དབང་ཉིད་དུ་གྱུར་པའི་སྟོབས་ཉིད་ཀྱིས་དེ་མཐོང་བར་འགྱུར་རོ།། དེ་ནས་དེ་མཐོང་བས་ཇི་ལྟར་མངོན་པར ་འདོད་པའི་དངོས་གྲུབ་ཐམས་ཅད་དེ་ལ་སྩོལ་བར་མཛད་དོ།། འདིའི་རིགས་ཐམས་ཅད་ཀྱི་མཚན་མའི་ཕྱག་རྒྱ་ཡང་བདག་རང་ཉིད་ཀྱིས་བཅིངས་ནས་ལས་ཐམས་ཅད་ལ་མཚན་མའི་ཕྱག་རྒྱ་ཐམས་ཅད་ཀྱི་ལས་རྣམས་འགྲུབ་པར་འགྱུར ་རོ།། དམ་ཚིག་ཐམས་ཅད་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་བརྟན་པར་འགྱུར་ཞིང་རང་གི་དངོས་གྲུབ་སྩོལ་བའི་ཕྱིར་མི་ཕྱེད་པར་འགྱུར་བ་དང་། ལས་ཐམས་ཅད་དེ་རིགས་ཀྱི་ལས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཚུལ ་དུ་བསམས་པ་ཙམ་གྱིས་བྱེད་པ་དང་། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ལས་བྱེད་པའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཀྱི་སྒྲ་ནི་ཕྱོགས་གཞན་སྟོན་པར་བྱེད་པ་ཡིན་ཏེ། དེ ་ནས་བཤད་མ་ཐག་པའི་ཚོགས་བདག་ཉིད་ཀྱི་དོན་དུ་དཀྱིལ་འཁོར་བརྟག་པོར་བྱ་བ་མ་ཡིན་མོད་ཀྱི་འོན་ཀྱང་སེམས་ཅན་ཐམས་ཅད་གཞུག་པའི་དོན་དུ་དཀྱིལ་འཁོར་བྲིས་ལ་དེ་ནས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ཏེ། རྡོ་རྗེ ་སེམས་དཔའི་རྒྱན་གྱིས་བརྒྱན་ནས། རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་མཚོན་ཉིད་འོག་ནས་བཤད་པ་བཅིངས་ལ་དེས་མེ་ཏོག་གི་ཕྲེང་བ་བླངས་ལ་སྔར་བཤད་པའི་གླུ་ལེན་ཅིང་འཇུག་པར་བྱའོ།། དེ་ནས་སྔ་མ་བཞིན་དུ་དྲན ་བར་བྱའོ།། དགུག་པ་བྱས་ཏེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རྗེས་སུ་སྦྱང་ལ་བསྡུ་བ་ཇི་ལྟ་བ་བཞིན་དུ་བྱས་ནས། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རང་གི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པར་བྱའོ།། དེ ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་པཏ་པཱ་ལ་ཚིག་ཐམས་ཅད་རྗེས་སུ་སྦྱང་ངོ་།། རབ་ཏུ་བདེ་བའི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཇི་ལྟ་བ་བཞིན་དུ་བཞུགས་ལ། དྲན་པར་བྱས་ནས་འདི་སྐད་ཅེས་བརྗོད་དོ།། སྲིད་པའི་བང་བ ་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བས་ནི་སྲིད་པ་སྟེ། མི་གནས་པའི་མྱ་ངན་ལས་འོངས་པའོ།། དེ་ལས་བྱུང་བའི་བདེ་བ་ནི་སྲིད་པའི་བདེ་བའོ།། དེའི་རྣམ་པར་དག་པ་ནི་རྣམ་པར་རྟོག་པ་དང་བྲལ་བ་ཉིད་དོ།། དེའི་དོན་ནི་སྔར་བྱུང་བའི་གནས་ཏེ་སོ་སོའི ་སྐྱེ་བོའི་གནས་སྐབས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གཞལ་ཡས་ཁང་ངོ་།། མི་གནས་པའི་མྱ་ངན་ལས་འདས་པར་འདིས་རང་བཞིན་གྱིས་མི་གནས་པའི་མྱ་ངན་ལས་འདས་པར་གྱུར་པས་གཞལ་ཡས་ཁང་ངོ་།། དགའ་བ་ནི ་ཆགས་པར་འགྱུར་བའོ།། འདོད་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དངོས་གྲུབ་ནི་གདུལ་བྱའི་རྒྱུད་ལ་དེ་བསྐྱེད་པར་གྱུར་པའོ།། དེའི་དོན་གྱི་དངོས་གྲུབ་ནི་འགྲོ་བ་ཐམས་ཅད་ལ་ཡང་བསྐྱེད་པ་སྟེ། སེམས་ཅན ་ཐམས་ཅད་གྲུབ་པར་བྱས་པའོ་ཞེས་པ་དག་ཀྱང་ཞེས་བྱ་བའི་སྒྲས་སྟོན་ཏོ།། དེ་ལྟར་སློབ་མ་གཞུག་པའི་ཕྱིར་རྗེས་སུ་གནང་བར་བླངས་ནས་དཀྱིལ་འཁོར་གྱི་ལྷ་རྣམས་མེ་ཏོག་ལ་སོགས་པ་ཡང་དག་པར་མཆོད་དེ་སློབ་མ་གཞུག་པར་བྱའོ།། ། ་དེ་ཡང་རང་གི་ལྷ་གཞུག་པའི་ཆོ་གས་རང་གི་ལྷའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་རྣམས་ཀྱིས་གཞུག་གོ།། དེ་ལྟར་རང་གི་ལྷ་འཇུག་པའི་ཆོ་གས་བཅུག་པའི་རྗེས་ཐོགས་ཉིད་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། འདོད་ཆགས་བྲལ་བ་ཞེ ་བྱ་བ་ལ་སོགས་པ་ལ་འདོད་ཆགས་དང་བྲལ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའོ།། འདིས་འདུལ་བས་ན་འདུལ་བ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ལ་རབ་ཏུ་འཇོག་པ་ཞེས་སྟོན་པ་ཡིན ་ནོ།། འདོད་ཆགས་དང་བྲལ་བས་འདུལ་བ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བས་འདུལ་བའི་འཇིག་རྟེན་ནོ།། སེམས་ཅན་གྱི་ཁམས་འདོད་ཆགས་བྲལ་བས་དག་པ་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བས་འདུལ་བའི་འཇིག་རྟེན་གང ་ཡིན་པ་དེ་ནི་ཇི་སྐད་དུ་བཤང་བའི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པའི་ཆགས་པ་དང་བྲལ་བས་ཡང་དག་པར་འགྱུར་ཞིང་འཁོར་བའི་དྲི་མ་དང་བྲལ་བར་འགྱུར་རོ།། རྡོ་རྗེ་སེམས་དཔའ་སྦས་པ་ཡིན་ཞེས་བྱ་བའི་འདོད ་ཆག་དང་བྲལ་བས་འདུལ་བའི་འཇིག་རྟེན་ལ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་གསང་ཞིང་སྦ་བར་བྱ་བ་ཡིན་གྱི་བསྟན་པར་མི་བྱའོ།། ནཱིའི་སྒྲ་ནི་རྒྱུའི་དོན་ཏེ་གང་གི་ཕྱིར་འདོད་ཆགས་དང་བྲལ་བས་འདུལ་ཞིང་མོས་པ་དམན་པ་དང ་ལྡན་པ་རྣམས་ལ་ཆོས་བདག་མེད་པའི་འདོད་ཆགས་རྡོ་རྗེ་འཆང་ཆེན་པོའི་ཆགས་པ་ཆེན་པོ་ཤིན་ཏུ་ཟབ་མོ་ཐོས་ནས་སྤོང་བར་འགྱུར་ལ། དེ་སྤངས་པས་དམྱལ་བ་ཆེན་པོ་མནར་མེད་པར་ལྟུང་བར་འགྱུར་རོ།། དེ་བས་ན་རྡོ་རྗེ་སེམས་དཔ ་སྦས་པ་ཡིན་ནོ།། འདོད་ཆགས་ཆེན་པོ་ཇི་ལྟ་བུ་ཞེ་ན། མི་དམྱིགས་པའི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱི་སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་བདེ་བ་ཆེན་པོ་ཐར་པ་ཆེན་པོའོ།། ཇི་སྐད་བཤད་པའི ་འདོད་ཆགས་དང་བྲལ་བ་དང་འདྲ་ཞིང་མཚུངས་པའི་སྡུག་བསྔལ་གཞན་དག་ནི་ཡོད་པ་མ་ཡིན་ཏེ། ལུས་དང་ངག་དང་སེམས་ཤིན་ཏུ་འགགས་པས་བདེ་བ་ཐམས་ཅད་མེད་པའི་ཕྱིར་རང་བཞིན་གྱི་བདེ་བ་ཐམས་ཅད་མེད་པ་ཡིན། ་ལ། དེ་བས་ན་འདོད་ཆགས་དང་བྲལ་ཞིང་བྲལ་བར་མ་བྱེད་ཅིག་ཅེས་པའོ།། ཡང་བྱ་བ་ནི་གང་གིས་ཕྱིར་འདོད་ཆགས་དང་བྲལ་བ་ལྟ་བུའི་སྡུག་བསྔལ་གཞན་དག་མེད་པ་དེ་བས་ན་འདོད་ཆགས་བྲལ་བ་ཉན་ཐོས་དང་རང་སངས་རྒྱས་ཀྱི། ་བྱང་ཆུབ་ཐོབ་པའི་གནས་སུ་མྱ་ངན་ལས་འདའ་བར་མོ་བྱེད་ཅིག་ཅེས་བཟློག་པའོ།། ཡང་ཞེས་བྱ་བ་ནི་སེམས་དེང་ནམ་ཡང་མ་བྱེད་ཅིག་ཅེས་པའོ།། དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར་བྱའོ།། ཞེས་བྱ་བ་ནི་དཀྱིལ་འཁོར་གོ་རིམ་ཛ ་ལྟ་བུ་བཞིན་དུ་བསྟན་པ་དེ་བཞིན་གཤེགས་པའི་གསང་པོ་བརྗོད་པར་བྱའོ།། དེ་ནི་འདི་ཡིན་ཏུ། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་།། སེམས་ཅན་ཀུན་ལ་བདེ་བར་སྩོལ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། འདོད་པ་འདི་ནི་དམ ་ཚིག་མཆོག། འདི་ནི་ཐོག་མ་ཐ་མ་མེད།། ན་མཁའ་ལས་བྱུང་མཚན་ཉིད་ཅན།། ཀུན་ཏུ་བཟང་པོ་བདག་ཉིད།། རྡོ་རྗེ་བསྙེམས་པོ་དག་བདག་པོའི་གཙོ།། འདི་ཉིད་ཁོ་ན་འགྲོ་བའི་སེམས།། བརྟན་པས་སེམས་དཔའ་ཞེས་བརྗོད་དེ།། མཉམ ་བར་བཞག་པས་ཏིང་ངེ་འཛིན་ཏེ།། ངེས་པའི་ཕྱིར་ན་རྡོ་རྗེར་གྱུར།། སེམས་དཔའི་བྱིན་བརླབས་སྦྱོར་བ་ཡིས།། སླར་ཡང་རྡོ་རྗེ་སེམས་དཔར་འགྱུར།། འདི་ཉིད་ཐོག་མའི་སེམས་དཔའ་སྟེ།། འདོད་དྲང་འགྲོ་བ་ཀུན་གྱི་བདག། འདི་ཉིད་ཁོ་ན ་སངས་རྒྱས་ཉིད།། འདི་ཉིད་དེ་བཞིན་གཤེགས་པ་ཉིད།། འདི་ནི་ཁམས་གསུམ་ཐམས་ཅད་དེ།། དང་པོའི་སེམས་དཔར་ཡང་དག་བྱུང་།། ཆགས་བྲལ་གྱིས་མཐར་མུ་སྟེགས་རྣམས།། དེ་འདུལ་བ་ཡི་དབང་གིས་འདི་།། བཅོམ་ལྡན་རབ་སྦས ་གསང་ཉིད་དུ།། བདེ་བར་གཤེགས་པས་མཛད་པ་ཡིན།། དེ་ནུནས་བཅོམ་ལྡན་འདས་བསྟན་པར་བྱས་ཏེ་འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་སེམས་ཅན་ཐམས་ཅད་དགུག་པ་དང་གཞུག་པ་དང་བཅིང ་བ་དང་དབང་དུ་བྱེད་པའི་དམ་ཚིག་ནི་འདི་ཡིན་ནོ་ཞེས་དང་པོའི་སེམས་དཔའི་ནས་བརྩམས་ཏེ། དེ་བཞིན་གཤེགས་པའི་བར་དུ་ཁྱེད་ཀྱིས་ང་ལ་བརྙས་པར་མི་བྱ་ཞིང་ནམ་ཡང་ཡོངསུ་སྤང་བར་མི་བྱའོ།། འདི་ལ་བརྙས་པར་གྱུར་ན་འདི ་ངགེ་གང་ཡང་ཁྱོད་ལས་འབྱུང་བར་མི་འགྱུར་རོ།། སྙིང་པོ་ཡང་ཅི་འདོད་པར་བྱིན་ལ་ཞེས་བྱ་བ་ནི་དབང་བསྐུར་བ་ཐམས་ཅད་ཀྱི་དབང་བསྐུར་ལ་དེ་རྣམས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས་དེའི་རང་གི་མཉེས་པར་བྱ་བའི་ཡི་དམ ་ལྷའི་སྙིང་པོ་སྦྱིན་པར་བྱའོ།། དེ་བྱིན་ནས་ཀྱང་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ།། བསྒྲུབས་ནས་ཞེས་བྱ་བ་ནི་སྙིང་པོ་བྱིན་ནས། ཕྱག་རྒྱ་བཞིའི་ཡེ་ཤེས་བསླབས་ལ་རང་གི་ལྷའི་རྣལ་འབྱོར་འདི་ལྟར་གྱིས་ཤིག་ཅེས་བསླབ ་བར་བྱའོ།། དེ་ནས་ཡེ་ཤེས་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅང་བ་དང་། དབང་དུ་བྱས་ནས་མདུན་དུ་ཇི་ལྟ་བ་བཞིན་དུ་ཇི་ལྟ་བ་བྱེད་དུ་བཅུག་ལ་དེ་རང་གི་ལུས་ལ་གཞུག་པ་བསྟན་པའི་རྗེས་ཐོགས་ཉིད་ལ། ་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་པས་གྱིས་ཤིག་ཅེས་བྱ་བས་བསྒྲུབས་ལ་ཆོ་ག་ཐམས་ཅད་དེ་ལ་བསྟན་པར་བྱའོ།། རང་གི་ལྷག་པའི་དབང་བསྐུར་བས་དབང་བསྐུར་ཏེ་ཞེས་བྱ་བ་ནི། སྙིང་པོ་བྱིན་པ་གང་ཡིན་པ་འདི་ནས་བརྩམས་ཏེ། ་ཕྱག་རྒྱ་བཞི་ལ་སོགས་པ་སྦྱིན་པ་སློབ་མ་ལ་བརྗོད་པ་དེ་རང་གི་ལྷོའི་དབང་བསྐུར་བ་ལ་སོགས་པས་དབང་བསྐུར་ནས་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མཚན་མ་དེ་ལག་པ་གཉིས་སུ་བྱིན་ལོ་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ལྷའི་ཆུ ་ཡིས་དབང་བསྐུར་བ་དང་ཕྱག་རྒྱ་དང་ཅོད་པན་གྱི་དབང་བསྐུར་ལ། རྡོ་རྗེ་ལ་སོགས་པ་རང་གི་ལྷའི་མཚན་མའི་དབང་བསྐུར་བའི་སྔགས་ཀྱིས་སློབ་མའི་ལག་པ་གཉིས་སུ་སྦྱིན་པར་བྱའོ།། བྱིན་ནས་དེ་ལོ་ཧཱུ~ཾ་ཞེས་བྱ་བ་ལ་སོགས་པའི་སྙིང ་བོ་འདིས། རང་གི་རིགས་ཀྱི་མིང་གི་དབང་བསྐུར་བས་དབང་བསྐུར་བར་བྱའོ།། དེ་ནས་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བསླབ་པར་བྱའོ།། དེའི་རྗེས་ལ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་ཞེས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འདོན་དུ་བཅུག ་ལ་འདི་བཤང་བར་བྱའོ།། དམ་ཚིག་ཆེན་པོ་ནི་སེམས་དཔའ་བྱའོ།། དེ་ཁོ་ན་ཉིད་རབ་ཏུ་དགའ་བ་ཡིན་པར་བཤད་དེ། བཅོམ་ལྡན་འདས་རབ་ཏུ་དགའ་བ་ལ་བསྐུལ་ན་འདོད་པ་ཐམས་ཅད་དེ་དངོས་གྲུབ་ཀྱི་དམ་པ་མྱུར་དུ་འགྲུབ་པར་འགྱུར་རོ།། ་དེ་བས་ན་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བརྗོད་པ་བྱའོ།། བཅོམ་ལྡན་འདས་འདི་ནི་ཁམས་གསུམ་གྱི་དབང་ཕྱུག་སྟེ། ཐོག་མའི་སེམས་དཔའ་ཡིན་པས་འདོད་པ་ཀུན་གྱི་དབང་ཕྱུག་གོ།། མ་དུལ་བ་རྣམས་ལ་རྡོ་རྗེ་བསྙེམས་མ་འཆང་བའི་མཆོག ་ཡིན་ཏེ། དེ་བས་ན་རྡོ་རྗེ་བསྙེམས་མ་དོན་གྱིས་བརྗོད་པར་བྱའོ།། བཅོམ་ལྡན་འདས་ནི་ཐོག་མ་དང་ཐུ་མ་མེད་པ་ཀུན་ཏུ་བཟང་པོའོ།། འདོད་པ་ནི་འགྲོ་བ་ཀུན་གྱི་བདག་པོའོ།། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་བསྙེམས་མའི་བདག་པོའོ།། དེ་རབ་ཏུ་དགའ་བ་འདིའི་སྦྱོར ་བ་རྡོ་རྗེ་འཆང་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་འབྱུང་བར་མི་བྱེད་དོ།། གང་གི་ཚེ་རབ་ཏུ་དགའ་བ་བསྟོད་པར་བྱ་ཞིང་རྡོ་རྗེ་སེམས་དཔའ་འདི་ནི་བདེ་བ་ཆེན་པོ་ཡིན་པ་དེས་ན་ཉོན་མོངས་པ་མི་མངའ་བར། བདེ་བ་དེ་ཉིད་ཀྱི་སངས ་རྒྱས་ཀྱི་བྱང་ཆུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དུ་མྱུར་དུ་ཐོབ་པར་འགྱུར་ཏེ། དེས་ན་རབ་ཏུ་བདེ་བའི་ཕྱག་རྒྱ་འདི་བསྟོད་ངེ་འཇོག་ཅིང་བཅོམ་ལྡན་འདས་གཡོན་པ་བསྙེམས་མ་དང་བཅས་པ་གཡོན་ཕྱོགས་སུ་སྤྱོད་པའི་སེམས་ཅན ་རྣམས་དབང་དུ་བྱེད་ཅིང་མགུ་བར་བྱེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། འགྲོ་བ་རྣམས་དགའ་བའི་སྦྱོར་བས་མགུ་བར་བྱེད་པར་མ་ཟད་ཀྱི་ཞི་བར་བྱ་བ་འམ་ཞི་བ་ཉིད་ཀྱིས་འདུལ་བར་མི་ནུས་པ་དག་ལ་འདིར་བསྙེམས་པ་ཡང་སྦྱོར་རོ།། བསྙེམས་པ ་འབའ་ཞིག་གིས་འདི་དག་འདུལ་བར་ནུས་པ་མ་ཡིན་གྱི་དེའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་བསྙེམ་སོ་མའི་བདག་པོར་གྱུར་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གདུལ་མི་ནུས་པ་དག་ཀྱང་འདུལ་བར་སྤྱོད་པ་ཡིན་ནོ།། དེ་ལྟར་ཕྱག་རྒྱ་བཅིང་བ ་འདི། ཨོཾ་མ་ཧཱ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭ~ཾ། ཞེས་བྱ་བས་བརྗོད་པར་བྱའོ།། དེ་ནས་དེ་རྣམས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་བདེ་བ་ཁོ་ནར་འབྱོར་ཅིང་ཐོབ་པར་འགྱུར་རོ།། འདི་དག་ནི་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའི་འདིའི་ཡན་ལག་ཡིན་ནོ།། འདི་ནི་བཅོམ་ལྡན་འདས་ཀྱི་ཡན་ལག་སྟེ། མྱུར་དུ་འབིགས་པས་ན་སྙིང་པོའོ།། གཡས་སུ་ནི་རབ་ཏུ་བདེ་བའི་སྦྱོར་བ་བང་བ་ཆེན་པོའོ།། རྒྱབ་ཏུ་ནི་རྩེ་བའི་འཆིང་བས་ཆུ་སྲིན་འདྲ་བ་ཡིན་པ་ངེས་ན་འདི་ན ་ཆུ་སྲིན་གྱི་རྒྱལ་མཚན་ནོ།། གཡོན་དུ་ནི་བསྙེམས་མ་དབང་དུ་བྱེད་པ་ཡིན་ནོ།། འདི་དག་ནི་རབ་ཏུ་དགའ་བའི་མཆོད་པ་སྟེ་མེ་ཏོག་ལ་སོགས་པའོ།། འདི་དག་ནི་སྒེག་མོ་ལ་སོགས་པའི་རྡོ་རྗེ་སྒེག་མོ་རྣམས་སོ།། འདི་དག་ནི་མིང་ཆགས་པར་བྱེད ་པ་ལ་སོགས་པས་ཆགས་པའི་ལྕགས་ཀྱུ་ལ་སོགས་པ་སྟེ། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བར་འཇུག་པ་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་རབ་ཏུ་གསོལ་བ་ཡིན་ཏེ། འདིས་ནི་སངས་རྒྱས་ཉིད་ཀྱང་ཐོབ་པར་གྱུར་ན། ་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་མཆོག་ཡིན་པའི་ཕྱིར་རོ།། དེ་ནས་སྙིང་པོ་བྱིན་ལ་དེ་ནས་ཕྱག་རྒྱ་བཅིངས་པ་བསླབ་པར་བྱའོ་ཞེས་བྱ་བ་ནི། དེ་ནས་ཕྱག་རྒྱ་ཆེན་པོ་བཅིང་བ ་བསླབ་པར་བྱ་སྟེ། བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་ཊཀྐི་ཧཱུཾ་ཛཿཞེས་བྱ་བ་རྡོ་རྗེ་ཚིག་ཏུ་བརྗོད་པར་བྱའོ།། འདི་ཡིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་བསྟོན་པ་ལ་འཇུག་པར་འགྱུར་རོ།། དེ་ནས་རྡོ་རྗེ་རང་གི ་སྙིང་གར་སྟོང་པའི་ཚུལ་གྱིས་འཛིན་ཅིང་ཊཀྐིར་ཛཿཧོཿཞེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་ཐུགས་སུ་རང་ཉིད་འགྱུར་རོ།། དེ་ནས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཇི་ལྟར་བྲིས་པ་དང་རྗེས ་སུ་མཐུན་པ་བསླབ་པར་བྱའོ།། ཇི་ལྟར་མངོན་པར་འདོད་པའི་མཆོད་པ་བྱས་ནས་ཞེས་བྱ་བ་ནི་དེ་ལྟར་སློབ་མ་འཇུག་པ་ལ་སོགས་པའི་རྗེས་སུ་དབྱུང་ནས། སློབ་དཔོན་གྱིས་ཇི་ལྟར་མངོན་པར་འདོད་པས་དཀྱིལ་འཁོར་ཐམས་ཅད་ལ་མཆོད ་པར་བྱའོ།། དེ་བྱས་ནས་སློབ་མ་ཡང་བྱེད་དུ་གཞུག་གོ།། དེ་ནས་སློབ་མ་ཐོམས་ཅད་ཁ་ཟས་དང་གནས་པ་ཐམས་ཅད་ཀྱིས་ཚིམ་པར་བྱ་བ་དང་། རང་ཉིད་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་གར་གྱི་མཆོད་པ་བྱས་ཏེ་སློབ་དཔོན་རང་གི ་རྡོ་རྗེ་ཡོད་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་གར་བྱ་བའི་ཚུལ་གྱིས་བཅིང་བར་བྱའོ།། དེ་ནས་ནི་རྡོ་རྗེ་བསྙེམས་མའི་ལས་ཀྱི་ཕྱག་རྒྱའོ།། དེ་ནས་ནི་རྡོ་རྗེ་ཀཱི་ལཱི་ཀཱི་ལིའི་ཕྱག་རྒྱའོ།། དེ་ནས་རྡོ་རྗེ་དྲན་པའི་ཕྱག་རྒྱའོ།། དེ་ནོས་ནི་རྡོ་རྗེ་སྦྲང་རྩིའི་ཕྱག ་ཏྱའོ།། དེ་ནས་རྡོ་རྗེ་དགུན་གྱི་ཕྱག་རྒྱའོ།། དེ་ནུས་ནི་རྡོ་རྗེ་སྟོན་གྱི་ཕྱག་རྒྱའོ།། དེ་ནས་ནི་རྡོ་རྗེ་གར་མཱའི་ཕྱག་རྒྱའོ།། དེ་ནས་ནི་རྡོ་རྗེ་བཞུད་མའི་ཕྱག་རྒྱའོ།། དེ་ནས་ནི་གླུ་མའི་ཕྱོག་རྒྱའོ།། དེ་ནས་ནི་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱའོ།། དེ་ནས་ནི་རྡོ་རྗེ་འབེབས ་པའི་ཕྱག་རྒྱའོ།། དེ་ནས་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱའོ།། དེ་ནས་ནི་ལྕགས་སྒྲོག་གི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔེའི་ཕྱག་རྒྱས་བཙོངས་ནས་འགྲུབ་པར་འགྱུར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར ་ཕྱག་རྒྱ་དང་ཕྱག་རྒྱའི་ལན་གྱི་གར་གྱི་མཆོད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ནས་དེའི་རྗེས་ཐོགས་ཉིད་ལ་སློབ་མ་ཐམས་ཅད་སླར་བཏང་ནས་འདི་སྐད་ཅེས་བརྗོད ་པར་བྱའོ།། ཇི་སྐད་བརྗོད་པར་བྱ་ཞེ་ན། རབ་ཏུ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་རབ་ཏུ་དགའ་བ་ནི་བཤད་ཟིན་ཏོ།། དེ་ལ་རག་ལས་པ་ནི་འབྲེལ་ཅིང་རག་ལུས་པ་སྟེ། དེ་ནས་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ་རྡོ་རྗེ་འབེབས་པའི ་མཐར་ཐུག་པའི་ཐོག་མཐའ་དེ་ལའོ།། འགྲོ་བ་འདི་ཀུན་རྒྱ་བ་སྟེ་ཞེས་བྱ་བ་ནི་སྐྱེ་འགྲོ་བས་ནི་འགྲོ་བའོ།། འདི་ཞེས་བྱ་བ་ནི་མངོན་དུ་གྱུར་པའོ།། ཐམས་ཅད་ནི་མ་ལུས་པའོ།། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ངོ་བོ་ཡིན་པར་བསྟན་པའི་ཕྱིར་རྒྱུ ་བ་ཞེས་བྱ་བ་གསུངས་ཏེ་སེམས་དང་བཅས་པའོ།། དེ་ཡང་འགྲོ་བ་སེམས་དང་བཅས་པ་འདི་དག་ཐམས་ཅད་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་བར་ཡིན་ཏེ་རབ་ཏུ་དགའ ་བ་ལ་རག་ལས་པས་ན་ཞི་བ་བྱང་ཆུབ་ཀྱི་སེམས་ཁ་ན་ལུས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། གང་གི་ཕྱིར་དེ་ལྟར་དེ་ཡིན་པ་དེས་ན་རྡོ་རྗེ་མཛོད་ཅེས་མི་ཕྱེད་པར་མཛོད་ཅིག་པའོ།། སེམས་དཔའོ་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཆེན་པོའི་ངོ་བོ། ་ཅིའི་ཕྱིར་ཞེ་ན། སླར་ཡང་གཤེགས་པར་མཛད་དུ་གསོལ་ཞེས་བྱ་བ་ཡིན་ནོ།། འདི་ནི་ཇི་སྲིད་ཁྱེད་ལ་བདག་སྤྱན་འདྲེན་པར་བགྱིད་པ་དེ་སྲིད་ཀྱི་བར་དུ་གཤེགས་པར་མཛོད་ལ་སླར་སྤྱན་འདྲེན་པ་དེའི་ཚེ་ན་མི་བྱེད་པའི་ཐུགས་སུ་མཛད་དེ་དེ ་བཞིན་གཤེགས་པར་མཛོད་ཅིག་ཅེས་པའོ།། འདི་སྐད་སྟོན་ཏེ་གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་དང་འབྲེལ་པ་ཡིན་པས་འགྲོ་བ་འདི་དག་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྡོ་རྗེ་འབེབ། ་པའི་མཐར་ཐུག་པ་ཡིན་ནོ།། དེ་བས་ན་ཁྱེད་ལ་རག་ལུས་པའི་ཕྱིར་བདག་ཙོག་རྣམས་ལ་རྗེས་སུ་བརྩེ་བའི་དོན་དུ་ཁྱེད་སླར་ཡང་གཤེགས་པའི་སླད་དུ་མི་ཕྱེད་པའི་ཐུགས་སུ་མཛོད་ཅིག། ཁྱེད་གཤེགས་པས་སེམས་དཔའ་འདི་དག ་ཐམས་ཅད་བྱོན་ནས་བདག་གི་བསམ་པོ་ཐམས་ཅད་རྫོགས་པར་མཛད་པར་འགྱུར་རོ་ཞེས་སྟོན་ཏོ།། དེ་ནས་སྙིམ་པའི་མེ་ཏོག་གཏོར་ལ་འབྱུང་བར་བྱའོ།། དེ་ལྟར་བཅོམ་ལྡན་འདས་གཤེགས་པའི་ཕྱིར་སྤྱི་བོར་སྙིམ་པའི་མེ་ཏོག་གཏོར ་བས་བསྐུལ་བར་བྱ་ཞིང་། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་ཞེས་བརྗོད་དོ།། དེ་ནི་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སུ་གསོལ་བར་འགྱུར་རོ།། དེ་ལྟར་སྙིམ་པའི་མེ་དྷྲྀག་གཏོར་བས་ཨོཾ་མ་ཧཱ་སུ་ཁ་ཞེས ་བྱ་བ་ལ་སོགས་པ་ཟློས་ཞིང་རང་ཉིད་ཀྱི་དཀྱིལ་འཁོར་ཕྱག་པར་བྱའོ།། གལ་ཏེ་སློང་པ་ཡོད་ན་ཕྱེ་མ་དེ་ལས་རི་ལུ་བྱས་ཏེ་དཀྱིལ་འཁོར་དེ་རྣམས་ལན་བརྒྱ་རྩ་བརྒྱད་བཟླས་ལ་བཞག་པར་བྱ་སྟེ། དེས་དབང་དུ་བྱ་བ་ལ་སོགས་པའི ་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་ཞེས་བྱ་བོ་ལ་སོགས་པ་ནི་གོ་སླའོ།། གང་ཞིག་རི་མོའི་ལས་ལ་མཁས་པར་མ་གྱུར་པ་དེས་ནི་རྡོ་རྗེ་ལ་སོགས་པ་མཚན་མ་འམ་ཕྱག་རྒྱ་ལ་སོགས་པ་བཞག་པར་བྱའོ།། གང་ཞིག་མཚན ་མའི་ཕྱག་རྒྱ་ལ་སོགས་པ་ཡང་དཀྱིལ་འཁོར་དུ་འདྲི་བར་མི་ནུས་པ་དེས་ནི་ལྷ་རྣམས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་རབ་ཏུ་བསྒྲུབས་ལ་དེ་རྣམས་ཀྱི་ཆོས་དང་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། ཕྱག་རྒྱའི་ཆོ་ག་རྒྱས་པ ་ཞེས་བྱ་བ་ནི་བྲི་བའི་ཕྱག་རྣམས་ཀྱིས་འཁོར་འཛག་པའི་ཆོ་ག་གསུངས་པ་གང་ཡིན་པ་འདིའི་མཚན་མའི་ཕྱག་རྒྱ་རྣམས་དོང་ལག་པའི་ཕྱག་རྒྱ་རྣམས་ཀྱིས་བྱ་བ་དེ་ནི་ཕྱག་རྒྱའི་ཆོ་ག་རྒྱས་པ་ཞེས་བྱའོ།། དེ་ལྟར་དེ་ནས་བཅོམ་ལྡན་འདས ་ཞེས་བྱ་བ་ནས་བརྩམས་ཏེ། ཕྱག་རྒྱའི་ཆོ་ག་རྒྱས་པའོ་ཞེས་བྱ་བའི་བར་དུ་བསྟན་པས། སློབ་དཔོན་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ།། ཡང་འདིས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། ་བརྗོད་པར་བྱ་སྟེ། རེ་ཞིག་དང་པོར་ཇི་སྐད་དུ་བཤད་པའི་ཕྱིའི་ཁྲུས་སམ་ནང་གི་ཁྲུས་བྱས་ལ་ལྷའི་ཁང་པར་ཇི་ལྟ་བ་བཞིན་དུ་ཞུགས་ནས་འདུག་པར་བྱའོ།། དེ་ནས་སྔོར་བཤད་པའི་ཆོ་གས་བདག་བསྲུང་བ་དང་བགེགས་བསལ་པོ་ལ་སོགས ་པ་བྱའོ།། དེ་ནས་མཆོད་ཡོན་ལ་བཟླས་པའི་བར་གྱི་ཆོ་གཱ་རྗེས་སུ་སྦྱང་ལ་རྟག་ཏུ་རྡོ་རྗེ་དྲིལ་བུ་འཆང་ཞིང་ཐམས་ཅད་དགུག་པའི་མཆོད་པ་སྟེ། བད་ག་བྱིན་བརླབས་སོགས་སྒྲུབ་པ་ཡིས།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། ལུགས་མལ ་འབུར་དུ་བརྐོས་པ་འམ།། བྱས་པ་འམ་ཡང་ན་བྲིས་པ་ཡིས།། འཁོར་ལོ་དང་པོར་རབ་བཞག་ནས།། དེ་ཡི་མདུན་དུ་བསྒྲུབ་པར་བྱ།། སྔར་བཤད་པའི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་དཀྱིལ་འཁོར་སྤྲུལ་ལ་མེ་ཏོག་ལ་སོགས་པས་ཡང་དག་པར ་མཆོད་དེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྩིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཱཾ་ཀ་རེ་མི་ཞེས་བྱ་བས་བཅོམ་ལྡན་འདས་ལ་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ་ཕྱག་བཞི་ལ་སོགས་པའི་ཆོ་ག་སྦྲང་ལ་སྡོམ་པ་གཟུང་བར་བྱའོ།། ་དེའི་རྗེས་ལ་ཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ་ཞེས་བྱ་བས་ཐལ་མོ་ཁོང་སྟོང་བཅང་བར་བྱའོ།། དེ་ནས་པ་ར་སྥོ་ར་ཨ་ནུ་པྲ་བིཥྚ་སརྦ་དྷརྨ་ཨཉྫ་ལི་ཞེས་བརྗོད་ཅིང་རྡོ་རྗེ་ཐལ་མོ་བཅིང་བར་བྱའོ།། དེ་ནས་ཨོཾ་ཏྱནྟ་ཨ་ནུ་པཱ་བིཥྚ་སརྦ་དྷརྨྨ་བཛྲ ་བནྡྷ་ཞེས་བརྗོད་ཅིང་ཐལ་མོ་བསྡམས་པ་བཅིང་བར་བྱའོ།། དེ་ནས་བཛྲ་བནྡྷ་ཏྲཊ་ཅེས་བརྗོད་ཅིང་རྡོ་རྗེ་བསྡམས་པ་སྙིང་གར་ལན་གསུམ་དྲལ་བར་བྱའོ།། རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱོག་རྒྱ་བཅིངས་ལ་བཛྲ་ཨ་པཾ་ཤཾ་ཡ་ཨ་ཞེས་བྱ ་བ་ས་བདག་ཉིད་ལ་དབབ་པར་བྱའོ།། དེ་ནས་ཏིཥྛ་བཛྲཱི་ཞེས་པ་ལ་སོགས་པ་རྡོ་རྗེ་དབབ་པའི་ཕྱག་རྒྱས་རང་གི་སྙིང་གར་དགྲོལ་བར་བྱའོ།། དེ་ནས་བཛྲ་མུཥྚི་ཞེས་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནརྀ ་བཛྲ་སནྡྷི་བཾ་ཞེས་ལན་གསུམ་བཟློ་བར་བྱའོ།། དེ་ནས་ཡི་གེ་ཧཱུཾ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིང་བར་བྱའོ།། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་བཅིང་བར་འགྲུབ་ཅིང་རང་གི་ལུས་རྣམས་བྱེད་པར་འགྱུར་རོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔའ ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་བཅིངས་ལ་དེ་རྣམས་ཀྱི་རང་གི་སྙིང་པོ་ལན་གསུམ་བརྗོད་དེ་ཨོཾ་བཛྲ་མུཿཞེས་བྱ་བས་རང་གི་སྙིང་གར་གཞུག་པར་བྱའོ།། དེ་ནས ་ཨོཾ་སརྦ་བཱ་བཱ་ཀཱཪྵ་ན་བི་ཤོ་དྷ་ན་བཛྲ་ཧཱུཾ་ཕཊ་ཅེས་བྱ་བས་ཕྱག་རྒྱ་དང་ལྡན་པས་སྡིག་པ་ཐམས་ཅད་དགུག་པར་བྱའོ།། དེ་ནས་འདིའི་ཕྱག་རྒྱ་ནི།། རྡོ་རྗེའི་ཕྱག་རྒྱ་གཉིས་ནང་དུ།། མཛུབ་མོ་གཉིས་ནི་བཅིངས་ནས ་སུ། ལགས་པར་གྱེན་དུ་འཕངས་པ་ནི།། ལྟུང་བ་སློང་བའི་དམ་པའོ་ཞེས་བྱ་བ་ཡིན་ནོ།། དེའི་རྗེས་ལ་ཨོཾ་བཛྲ་པཱ་ཎི་བཱི་སྥོ་ཊ་ཡ་སརྦ་བནྡྷ་ནི་པྲ་མོཀྵ་ཡ་སརྦ་པཱ་པ་སརྦྦ་ཨ་པ་ཡུ་ག་ཏི་བྷྱ། སརྦ་སཏྭན་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཏ་ཊ ་ཅེས་བྱ་བ་འདིའི་ཕྱག་རྒྱ་དང་ལྡན་པའི་སྡིག་པ་ཐམས་ཅད་དྲལ་བར་བྱའོ།། རྡོ་རྗེ་བཅིང་བ་བསྡམས་བྱ་སྟེ།། གུང་མོ་གཉི་ག་སྦྱར་ནས་ནི།། ཐ་མ་བཞི་ནི་རྩེ་མོར་སྦྱར།། སྡིག་པ་འཇོམས་པར་གྲགས་པ་ཡིན།། དེ་ནས་རང་གི་སྙིང་གར་དང ་བོའི་རྡོ་རྗེའི་དབུས་སུ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་ཡིད་ཀྱི་བྲིས་ལ་དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་དེ་ཉིད་ཡིད་ལ་ཟློས་ཤིང་དེ་ཉིད་དབྱིངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས ་པ་ལས་རང་གི་སེམས་ཀྱི་གཟུགས་བརྙན་ཟློ་བའི་དཀྱིལ་འཁོར་ལྟ་བུར་བསམ་པར་བྱའོ།། དེའི་སྟེང་དུ་སྙིང་པོ་དེ་ཡི་གེ་ལ་སོགས་པ་དང་བཅས་པ་ལོས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ་པོར་བྱའོ།། དེ་ནས་སྙིང་པོ་དེ་ཉིད་ཟློས ་ཤིང་ཟླ་བའི་དཀྱིལ་འཁོར་དེ་དང་པོའི་རྡོ་རྗེར་བསམ་པར་བྱའོ།། དེ་ནས་དེའི་དབུས་སུ་སྙིང་པོ་དེ་ཡིད་ཀྱིས་བསམས་ལ་དེ་ཉིད་ཟློས་ཤིང་རྡོ་རྗེའི་ང་རྒྱལ་བསྒོམས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལྷ་འཇིག་རྟེན་གྱི་ཁམས་ཐམས ་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པར་རྡོ་རྗེ་ལས་བྱུང་བ་དེ་རྣམས་ཀྱི་ན་མཁའི་ཁམས་ཐམས་ཅད་བཀང་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ནས་ཡང་རྡོ་རྗེ་དེར་ཡིད་ཀྱི་བཅུག་སྟེ། སེམས་དཔའི་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་དེ ་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བསམ་ཞིང་བཛྲ་སཏྭ་ཧཾ་ཞེས་ཀྱང་བཟླ་བར་བྱའོ།། དེ་ནས་བསྙེམས་པ་དང་བཅས་པས། རྡོ་རྗེ་གསོར་ལ་ཡོང་བཛྲ་སཏྭོ་ཧཾ་ཞེས་བརྗོད་པར་བྱ་ཞིང་དེ་ཡང་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་རང་བཞིན ་གཟུགས་བརྙན་དང་འདྲ་བར་ངེས་པར་བྱས་ལ་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བརྗོད་པར་བྱའོ།། དེ་ནས་དང་པོའི་རྡོ་རྗེ་བཅིང་ལ། མ་ཧཱ་ས་མ་ཡོ་ཧཾ་ཞེས་བརྗོད་ལ། དེ་ཉིད་ཀྱིས་སྙིང་ག་དང་། དཔྲལ་བཽ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས ་བརླབ་ཅིང་ས་མ་ཡ་སཏྭ་ཨ་དྷི་ཏཱིཥྛ་སྱཻ་མཱཾ་ཞེས་ཀྱང་བརྗོད་པར་བྱའོ།། དེ་ནས་བསྙེམོས་པ་དང་བཅས་པས་ལུས་དྲང་པོར་བཞག་ལྔ་བསྙེམས་པ་དང་བཅས་པས་ཉིད་ཀྱི་རྡོ་རྗེ་གསོར་ཞིང་ཊཀྐི་ཧཱུཾ་ཛཿཞེས་བརྗོད་པོར་བྱའོ།། དེ་ནས་རྡོ ་རྗེ་སྙིང་གར་བསྟོད་པའི་ཚུལ་གྱིས་འཇིག་ཅིང་ཊཀྐི་ཛཿཧོ་ཞེས་བརྗོད་པར་བྱའོ།། དེ་ནས་རང་གི་སྙིང་པོ་བཟླ་བར་བྱ་སྟེ། འདིར་ཕྱག་རྒྱ་ཆེན་པོ་བཅིང་བ་འདིས་བདག་ལ་བྱིན་གྱིས་བརླབ་པ་ཡིན་ལ་དེ་བས་ན་འདིས་རྣལ་འབྱོར་པ་རྡོ་རྗེ ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོ་ཉིད་དུ་འགྱུར་རོ།། དེ་ནས་ན་མཁའ་དང་མཉམ་པའི་སྦྱོར་བས་རང་གི་ལུས་ལ་ཡིད་ཀྱིས་ནང་དུ་ཞུགས་ལ། རང་གི་སྙིང་གའི་དཀྱིལ་འཁོར་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དཀྱིལ ་འཁོར་སྤྲུལ་ལ། འཇུག་པའི་ཆོ་ག་གཉིས་པས་ཇི་ལྟ་བ་བཞིན་དུ་ཞུགས་ནས་རང་གི་སྤྱི་བོར་མེ་ཏོག་གི་ཕྲེང་བ་དོར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་དུགས་བླང་བའི་བར་གྱི་ཆོ་ག་ཇི་ལྟ་བྱ་བཞིན་དུ་སྤྱད་ལ་དཀྱིལ་འཁོར ་དེ་རང་གི་ཟླ་བར་ཞུ་ནས་དེ་དང་གཅིག་ཏུ་གྱུར་པར་བསམས་ནས། རང་གི་ལུས་ལ་རང་གི་ལྷའི་གནས་རྣམས་སུ་ཡི་གེ་ཧྲཱི་ལས་སྣ་ཚོགས་པདྨ་བསྐྱེད་ལྔ་གཞིའི་ལུས་ཀྱི་རང་གི་གནས་སུ་བཞག་སྟེ། ཨོཾ་མུ་ཧཱ་སུ་ཁཾ་བཛྲ་སཏྭ་ཛཿཧཱུཾ་བཾ ་ཧོཿསུ་ར་ཏསྟྭཾ་ཨཱ་ཞེས་བརྗོད་ལ་གཞིའི་ལུས་ཀྱི་ཕྱི་རོལ་ཏུ་སྣ་ཚོགས་པདྨའི་སྟེང་དུ་དང་པོའི་རྡོ་རྗེ་ཁ་དོག་དམར་པོ་བསྐྱེད་པར་བྱའོ།། དེ་ནས་རྡོ་རྗེའི་དབུས་སུ་སྔགས་ཡིད་ཀྱིས་བྲིས་ལ་བཛྲོ་ཧཾ་ཞེས་ངོའི་ང་རྒྱལ་བསྒོམ་པར་བྱ ་དེ་ནས་སྔགས་དེ་ཡིད་ཀྱིས་བརྗོད་ལ་བཛྲ་སཏྭ་ཧཾ་ཞེས་བྱ་བས་རྡོ་རྗེ་དེ་རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བསྒོམ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཞིའི་ལུས་ལ་ཡིད་ཀྱིས་ཨཱ་བཛྲ་གྷཎྜོ་ཞེ ་བྱ་བ་རང་གི་གནས་པར་བྱའོ།། རང་གི་ལུས་ཀྱི་ཕྱི་རོལ་གྱི་མདུན་དུ་སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེ་དྲིལ་བུ་བསྐྱེད་ལ། དེའི་དབུས་སུ་བཛྲེ་གྷཎྜ་ཞེས་བྱ་བ་ཡིད་ཀྱི་བྲིས་ལ་བཛྲ་གྷཎྜོ་ཧི་ཞེས་བྱ་བས་དྲིལ་བུའི་ང་རྒྱལ་བསྒོམ་པར་བྱའོ།། ་ཡོད་བཛྲ་གྷདྡྷོ་ཞེས་ཡིད་ལ་བརྗོད་ལ་བཛྲ་ཨ་བོ་ཤོ་ཧཾ་ཞེས་བྱ་བས་རྡོ་རྗེ་འབེབས་པའི་བདག་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དགུལ་པ་དང་གཞུག་པ་དང་བཅིང་བ་བྱས་པོས། ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་རང་གི་གཟུགས་བརྙན་ལ་རངདྭ་གི་དམ་ཚིག་གི་ཕྱག་རྒྱས་གོ་རིམ་འདིས་བསྒྲུབ་པར་བྱའོ།། དྲང་པོ་རྡོ་རྗེ་བཅིངས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་རུ་ཏསྟྭཾ ་དྲྀ་ཤྱ་ཞེས་བྱ་བས་རང་ལ་རྡོ་རྗེ་སེམས་དཔའ་བལྟ་བར་བྱའོ།། དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་ལ། ཨཱ་བ་ཛྲ་གྷཎྜོ་དྲྀ་ཤྱ་ཞེས་བྱ་བས་རྡོ་རྗེ་འབེབས་པ་བལྟ་བར་བྱའོ།། དེ་ནས་དཔལ་རྡོ་རྗེ་སེམས ་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཡས་པའི་མཛུབ་མོ་ལྕགས་ཀྱུ་དཔལ་རྡོ་རྗེ་སེམ་ས་དཔའ་ལ་སོགས་པ་རང་གི་ལུས་ལ་རང་གི་གནས་སུ་སྙིང་པོ་འོངས་གཞུག་པར་བྱའོ།། ཨོཾ་མ་ཧཱ་སུཾ་ཁ་བཛྲ་སཏྭ་ཨ་ཡཾ་ཧྲྀཿཤཱི་གྷྲཾ ་མ་ཧཱ་སུ་ཁ་བཛྲ་གུ་ཧཾ་ས་མ་ཡ་མ་ནུ་སྨཱ་ར་པྲ་བུདྡྷ་ས་མ་ཡསྟཾ་དྲྀ་ཌྷ་སུ་ཏོ་ཤོ་ཨ་ནུ་རཀྟོ་སུ་པོ་ཥྱོ་མེ་བྷ་བ་ཨ་དྷི་ཏིཥྛ་བྷཱུ་ག་བཱན་ཨ་ན་དྷི་ན་ཧི་ནཱ་ས་ཏ་སིདྡྷ་སིདྡྷ་མི་མེ་མནྟ་པ་དེ་ཛཿཧཱུཾ་བཾ་ཧོཿཡང་དང་པོའི་རྡོ་རྗེ་བཅིངས་ལཱ་ས་མ་ཡསྟྭཾ་ཞེས ་བརྗོད་དེ་འོད་ཟེར་དམར་པོ་འཁྲུག་པའི་འབར་བའི་འོད་ཀྱི་དཀྱིལ་འཁོར་ཅན་བསྐྱེད་ལ་ས་མ་ཡསྟྭཾ་ཛཿཧཱུཾ་བཾ་ཧོཿོཾ་མ་ཧཱ་སུ་ཁ་བཛྲ་སྭ་ཏོ་ཛཙྪཧཱུཾ་བཱཾ་ཧོཿསུ་ར་ཏསྟྲཾ་ཞེས་ལན་གསུམ་བཟླས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་དང་བདག་ཉིད་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་འོད་ཟེར་དམར་པོ་འབར་བ་འཁྲུག་པའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ས་མ ་ལསྟྭ~ཾ་ཨཱ་ཧཾ་ཛཿཧཱུཾ་བཾ་ཧོཿབཛྲ་གྷརྦྷ་ཞེས་ལན་གསུམ་བཟླས་ལ། བཅོམ་ལྡན་འདས་རྡོ་རྗེ་འབེབས་པ་དང་བདག་ཉིད་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ།། དེ་ལྟར་ན་ཐམས་ཅད་བསྒྲུབ་པར་འགྱུར་རོ།། དེ ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་སྔ་མ་བཞིན་དུ་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་སངས་རྒྱས་ཐམས་ཅད་ལུས་ལ་བཅུག་ལ ་ངམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་ཡང་རྒྱས་བཏབ་ལ། ཡང་དང་པོའི་རྡོ་རྗེ་བཅིངས་ནས་བཛྲ་སཏྭ་ཨ་དྷི་ཏིཥྛ་ས་མཱཾ་ཞེས་བྱ་བས་རང་གི་སྙིང་གའི་ཟླ་བ་ལ་དང་པོའི་རྡོ་རྗེ་རྩེ་ལྔ ་པཱ་བསྐྱེད་པར་བྱའོ།། བཛྲ་རཏྣ་ཨ་དྷི་ཏིཥྛ་ས་མཾ་ཞེས་བྱ་བ་དང་དཔྲལ་བར་རྡོ་རྗེ་རིན་པོ་ཆེ། བཛྲ་དྷརྨཱ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བ་དང་། ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨ་བཛྲ་ཀཱརྨ་ཨུ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བ་དང་། སྤྱི་བོར་སྣ་ཚོགས ་རྡོ་རྗེ་བསམ་པར་བྱའོ།། དེ་ལྟར་བྱིན་གྱིས་བརླབ་པ་བྱས་ནས་སྔར་བཤད་པའི་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱི་སངས་རྒྱས་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེའི་ཕྲེང་བའི་དབང་བསྐུར་བའི་ཅོད་བན་བསྐྱེད་ལ ་ཡི་གེ་བརྒྱ་པས་བརྟན་པར་བྱའོ།། དེ་ནས་དང་པོའི་རྡོ་རྗེ་བདག་པོ་དང་། མིང་གི་དབང་བསྐུར་བ་བླངས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ།། དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བཅུ་གཉིས་ཀྱི་ལས་ཀྱི་ཕྱོག་རྒྱས ་བདག་ཉིད་ཡང་དག་པར་མཆོད་ལ། རོལ་པའི་དགའ་བའི་རྡོ་རྗེས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་པར་བྱའོ།། དེ་ནས་ངམ ་ཚིག་གསུམ་གྱིས་རྡོ་རྗེའི་གླུའི་མཆོད་པ་བྱས་ལ་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒྲུབས་ནས་སྙིང་གར་རྡོ་རྗེ་འཁོར་ལོས་དེ་བཞིན་དུ་དཀྱིལ་འཁོར་སྦྲུལ་ལ་ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛཿ ་ཧཱུཾ་བཾ་ཧོཿས་མ་ཡསྟྭཾ་ཞེས་བྱ་བ་དང་། དཔལ་རྡོ་རྗེ་སེམས་དཔའ་རང་གི་སྙིང་གར་གནས་པའི་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་གྱི་དབུས་སུ་བཞག་པར་བྱའོ།། དེ་བཞིན་དུ་བཛྲ་གྷཱཎྜ་ཞེས་བྱ་བ་དང་རང་གི་སྙིང་གར་གནས་པའི་རྡོ་རྗེ་སེམས ་དབྱེའི་དཀྱིལ་འཁོར་གྱི་རང་གི་གནས་སུ་རྡོ་རྗེ་འབེབས་པའི་བར་དུ་བཞག་པར་བྱའོ།། དེ་ནས་ཨོཾ་བཛྲ་ཨཱཏྨ་ཀོ&ཧཾ་ཨོཾ་སྭ་བྷཱ་བྱ་ཤུདྡྷ་ཨོཾ་སརྦ་ས་མོ་ཧཾ་ཞེས་བྱ་བའི་སྙིང་པོ་གསུམ་ཟློས་ཤིང་རྡོ་རྗེའི་བདག་ཉིད་དུ་བསམས་ལ་བདེ་བ་ཆེན་པོ ་རྡོ་རྗེ་རབ་མཆོག་དམ་ཚིག་དམ་པ་ཞེས་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་གྱི་རང་ཉིད་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ། ཨོཾ་མ་ཧཱ་སུ་ཁཱ་ཞེས་བྱ་བའི་སྔགྲོས་ལྷ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་རྡོ་རྗེའི་དབུས་སུ་བསྡམས་ལ་ཡིད་ཀྱིས ་རྡོ་རྗེ་ཚིག་ཏུ་རབ་ཏུ་དགའ་བའི་རིགས་རྡོ་རྗེ་འི་ཚིག་ཟློས་ཤིང་ཐམས་ཅད་བདག་ཡིན་ནོ་ཞེས་ཇི་སྲིད་མངོན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ།། དེ་ནས་དེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ་བསྒྲུབས་ན ་རྡོ་རྗེ་འཆང་བ་ཉིད་འཐོབ་པར་འགྱུར་རོ།། ཡུང་ན་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ་རང་གི་སྙིང་པོ་ཟློས་པ་ལ་བརྩོན་པ་དང་། གཡོན་པའི་མིག་ཏུ་ཊ་ལྔས་ཟླ་བའི་སྟེ། གལས་པར་མ་བཀོད་པ་ལས་ཉི་མ་བས།། ་ཧྲི་ཡིས་མིག་འབྲས་བསྐལ་པའི་མེ་ལྟ་བུར་གནས་པ་འདིས་ནི་རྡོ་རྗེ་བལྟ་བར་བྱ། རྣལ་འབྱོར་པས་ཡིད་ཀྱིས་ན་མཁའི་ཕྱོགས་སུ་གནས་ལ་སྣོད་ཀྱི་འཇིག་རྟེན་གྱི་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར ་བར་བསམས་ལ་རྡོ་རྗེ་དེའི་དབུས་སུ་ཡི་གེ་ནི་རྡོ་རྗེའི་ར་བ་བསམས་ཏེ། རྡོ་རྗེ་དེ་རྡོ་རྗེ་མེ་ལྟ་བུའི་འོད་དང་ལྡན་པས་ཀུན་ནས་ཉོན་མོངས་པ་ཅན་གྱི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཐལ་བར་བྱས་པར་བསམ་པར་བྱའོ།། དེ་ནས་ཡི་གེ་ཁཾ ་ལས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་ན་མཁའི་གཏོས་ཐམས་ཅད་ཁྱབ་པས་རྡོ་རྗེ་བདུད་རྩི་ཆུའི་རྒྱུན་གྱིས་སངས་རྒྱས་ཀྱི་ཞིང་ཚིག་པར་གྱུར་པར་བཀྲུས་ཏེ། འོ་མ་ཅན་གྱོ་རྒྱ་མཚོ་ཆེན་པོ་རྦ་རླབས་ཀུན་ཏུ་འཁྲུག་པ ་ཀུན་ཏུ་གང་བར་གནས་པར་བསམ་པར་བྱའོ།། དེ་ནས་ཡི་གེ་ར་ཡིས་མེས་འོ་མ་ཅན་གྱི་རྒྱ་མཚོ་ཆེན་པོ་བསྐོལ་ལོ། རའི་མེ་དང་རྒྱ་མཚོ་ཆེན་པོའི་དབུས་སུ་པདྨ་ཆེན་པོ་བསམ་པར་བྱའོ།། པདྨའི་རྩ་བར་ཡི་གེ་པྲ་ལས་ཤེས་རབ་ཀྱི ་ཕ་རོལ་དུ་ཕྲིན་པའི་རང་བཞིན་ཅན་གྱི་གསེར་གྱི་རུ་སྦྲུལ་ཚང་མཐའ་ཡས་པ་དང་། པདྨའི་ཟོ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་ཡི་གེ་པྲ་གསེར་གྱི་མདོག་ཅང་དང་། བཅོམ་ལྡན་འདས་དམ་པར་སྣང་མཛད་ཡི ་བཾ་གཱི་གཟུགས་སུ་ན་མཁའ་ཕྱོགས་ནས་བློན་ནས་བཞུགས་པར་བསམས་ལ། པདྨ་དང་ཡི་གེ་པྲ་དང་ཡི་གེ་ཁཱ་གཅིག་ཏུ་བྱས་ལ་ཧཱུཾ་སཾ་ཧཱུཾ་ཞེས་བརྗོད་དེ། དེ་ལས་རིའི་རྒྱལ་པོ་རི་རབ་ཟུར་བཞི་པ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་རིན་པོ ་སྣ་ཚོགས་ཀྱིས་བརྒྱན་པ་བསྐྱོད་པར་བྱའོ།། དེ་ནས་ཡང་ན་མཁའི་ཕྱོགས་སུ་འདོང་བའི་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་ལྷའི་གཞལ་ཡས་ཁང་དང་པོའི་རྡོ་རྗེ་བསྒྱིངས་ལ་ཧཱུཾ་ཞེས་བརྗོད་དེ་ས་ལ ་བཻ་ཞག་ནས། ཨ་ནུ་རཱ་ག་ས་མོ་ཧཱུཾ་བཾས་བརྗོད་ལ། སྤྲུལ་ནས་ལྔ་ཐམས་ཅད་ཀྱི་གནས་སུ་ཡི་གེ་ཧྲིཾ་ལས་སྣ་ཚོགས་པདྨོར་གདན་བསོམས་ཏེ། ཨོཾ་བཛྲ་དྲྀ་ཌྷཾ་མེ་བྷཱ་བ་རཀྵ་སརྦ་སྭཱཧཱ་ཞེས་བརྗོད་དེ་རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་བནས ་ནས་བྱིན་གྱིས་བརླབས་པར་བྱའོ།། ། དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ཇི་ལྟ་བ་བཞིན་དུ་འདུག་ལ་སྔ་མ་བཞིན་དུ་མངོན་པར་བྱང་ཆུབ་པ་རྣམ་པར་བསྒོམས་ནས་འོག་མིན་གྱི་གླེནས་ནས་བབས་ཏེ། འདོད་པའི ་ཁམས་ཐམས་ཅད་ཀྱི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་བའི་གནས་ན། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་མདུན་གྱིས་བལྟས་ཏེ་གནས་སོ།། དེ་ནས་འདོད་ཆགས་ཆེན་པོ་ནི ་བྱང་ཆུབ་སེམས་དཔའ་ཆེན་པོའི་དངོས་གྲུབ་ཀྱི་མཆོག་གོ་ཞེས་བྱ་བ་ལ་སོགས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་སྟོན་པས་དཀྱིལ་འཁོར་སྤྲུལ་པའི་ཕྱིར། རྡོ་རྗེ་སེམས་དཔར་ཡང་དག་པར་སྤྲུལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པའི་དོན་ལ་ལྷག་པར་མོས་པའི་སྟོབས་ཀྱི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཀྱི་གཞལ་ཡས་ཁང་བསྐྱེད་དེ། དེར་རྣལ་འབྱོར་པ་རྣམ་བྱར་སྣང་མཛད་ཀྱི་ང་རྒྱལ་གྱིས་གནས་པར་བྱའོ།། དེ ་ནས་རྡོ་རྗེ་སེམས་དཔའི་ང་རྒྱལ་གྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པར་བྱ་སྟེ། ཇི་སྲིད་འཁོར་བའི་གནས་སུ་ནི།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། སེམས་ཅན་ཁམས་ནི་མཐའ་ཡས་པ།། གཟི ་ཅན་སྲིད་པ་ཚོལ་བྱེད་པ།། སྦྲིད་པའི་ཉེས་པ་གཞིག་པ་ཡིས།། བདེ་བ་ཆེན་པོ་འཕེལ་བའི་ཕྱིར།། གསང་བའི་རྟོག་པ་མཆོག་བཤད་པ།། བདག་ལ་རྗེས་སུ་སྣང་བ་སྩོལ།། དེ་ནས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་འཆང་བ་ལ་དབང་བསྐུར་བར ་བྱའོ།། དང་པོའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་ཏོ།། དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་པཾ་ཧོཿསུ་རཱ་ཏསྟྭཾ་ཞེས་བརྗོད་ཅིང་རང་གི་སྐུ་དང་གསུང་དང་ཐུགས་ལས་རང་གི་ལྷ་དང་དཀྱིལ་འཁོར ་གྱི་ལྷ་ཕྱུང་ལ་སྙིང་པོ་བརྗོད་ཅིང་རང་རང་གི་གནས་སུ་དཀྱིལ་འཁོར་གྱི་ཚུལ་གྱིས་ཇི་ལྟ་བ་བཞིན་དུ་བཞག་པར་བྱ་སྟེ། འདི་ནི་དཀྱིལ་འཁོར་གྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ།། དེ་ནས་སྒོ་དབྱེ་བ་དང་བསྡུ་བ་བྱས་ལ ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བྱོན་ནས་ཇི་ལྟ་བ་བཞུགས་པར་བསམས་ལ་དབང་བསྐུར་བ་བླངས་ཏེ། ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། ་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ལྔ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སོགས་པ་ཡང་བྱ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་ལ་རྡོ་རྗེ་བསྡུ་བས་ཡང་དག་པར་བསྲུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་འཁོར་དང་བཅས་པ་ལ། རྡོ་རྗེ་སེམས་དཔའི་སྙིང་པོ་བཟླས་པའི་མཆོད་ཡོན་ཕུལ་ལ་བཅོམ་ལྡན་འདས་རྡོ་རྗེ་སེ་མས་དཔའ་འཁོར་དང་བཅས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང ་ཕྱག་རྒྱ་ཆེན་པོ་འཁོར་དང་བཅས་པས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ཏེ། རིམ་པ་འདིས་རང་རང་གིས་ལས་ལ་ངེས་པར་སྦྱར་བར་བྱའོ།། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅངས་ལ ་དཔལ་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་དང་། སེམས་ཅན་གྱི་ཁམས་ཐམས་ཅད་འདོང་ཆགས་ཆེན་པོའི་དངོས་གྲུབ་ཀྱི་མཆོག་ལ་རབ་ཏུ་བཞག་པར ་མཛོད་ཅིག། རྡོ་རྗེ་ཡིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་བཙོངས་ལ་རྡོ་རྗེ་ཡིད་ལས་བྱུང་བ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་འདོད་ཆགས་ཆེན་པོ་རབ་ཏུ་རྟོགས ་བ་ལ་སྦྱོར་བར་མཛོད་ཅིག། ཀཱི་ལི་ཀཱི་ལའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཀཱི་ལི་ཀཱི་ལ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་འདོད་ཆགས་ཆེན་པོ་མངོན་དུ་བྱེད་པའི ་དངོས་གྲུབ་ལ་རབ་ཏུ་བཞག་པར་མཛོད་ཅིག། རྡོ་རྗེ་དྲན་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རྡོ་རྗེ་དྲན་བྱ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཐུགས ་རྗེ་ཆེན་པོའི་ཆགས་པའི་འཆིང་བས་བཅིངས་ལ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་རབ་ཏུ་བཞག་པར་མཛོད་ཅིག། རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རྡོ་རྗེ་བསྙེམས་པ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན ་གཤེགས་པ་ལ་སོགས་པ་སེམས་ཅན་ཐམས་ཅད་ལ་དབང་བྱེད་པའི་བདག་པོ་དངོས་གྲུབ་ཀྱི་བསྙེམས་པས་དབང་དུ་མཛོད་ཅིག། རྡོ་རྗེ་སྦྲང་རྩིའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས ་བ་དང་སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག། རྡོ་རྗེ་སྤྲིན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས ་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག། རྡོ་རྗེ་སྟོན་གྱི་ཕྱག་རྒྱ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དེ། དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་ཐམས་ཅད ་རྡོ་རྗེ་སེམས་དཔའི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག། རྡོ་རྗེ་ཀུན་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་། སེམས་ཅན་ཐམས་ཅད་རྡོ་རྗེ་སེམས་དཔའི ་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག། སྒེག་མོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་ཚུལ་ཁྲིམས་ཀྱི་ཕ ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག། བཞད་མའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་འཛུམ་པ་རྨད་དུ་བྱུང་བ་ལ་རབ་ཏུ་འཇོག ་བར་མཛོད་ཅིག། གླུ་མའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག། གར་མའི་ཕྱག ་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་རྡོ་རྗེ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག། རྡོ་རྗེ་ལྕགས་ཀྱུ ་མའི་ཕྱག་རྒྱ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་ཀྱི་སེམས་ཆེན་པོའི་ལྕགས་ཀྱུས་ཐ་པ་ཆེན་པོའི་གྲོང་ཁྱེར་དུ་གཞུག་པར་མཛོད་ཅིག། རྡོ་རྗེ ་ཞགསོ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་བཅུའི་ཞགས་པས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་གཞུག་པར ་མཛོད་ཅིག། རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་དེ་བཞིན་གཤེགས་པའི་བསམ་གཏན ་གྱིས་བཅིང་བར་མཛོད་ཅིག། རྡོ་རྗེ་འབེབས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ལ་འདི་སྐད་ཅེས་བརྗོད་དོ།། དེ་བཞིན་གཤེགས་པ་ལ་སོགས་པ་དང་སེམས་ཅན་གྱི་ཁམས་ཐམས་ཅད་རབ་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དབབ ་བས་དབང་དུ་མཛོད་ཅིག། འདིར་འདི་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ།། དེ་ལྟར་ཏིང་ངེ་འཛིན་གསུམ་རྣམ་པར་བསྒོམས་ལ་ཡང་སྒོ་དབྱེ་བ་དང་། བསྡུ་བ་དང་། མཚན་བརྒྱ་རྩ་བརྒྱད་ཀྱི་བསྟོད་པ་ཡང་བྱས་ལ། ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། གཡས་པའི་མཛུབ་མོའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་དང་རྡོ་རྗེ་སྲུང་བའི ་ལས་རྣམས་སྔ་མ་བཞིན་དུ་བྱས་ལ། མཆོད་ཡོན་དེ་བཞིན་དུ་ཕུལ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ ་ལ་དབང་བསྐུར་ལ་མཆོད་པོ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཚེ་ལ་སོགས་པ་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་རྣམ་པོར་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བྱ་བ་དང་། ཕྱག་བནི་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོར་བདག་ཉིད་བསམ་ཞིང་། ཨོཾ་བཛྲ་ཨཱཏྨ་ཀོ&ཧཾ་ཞེས་བཟླ་བར་བྱའོ།། དེ་ནས་རང་བཞིན་གྱི་འོད་གསལ་ཞིང་རང་བཞིན་དག ་བར་ལྷག་པར་མྱོས་པར་བྱས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷོ&ཧཾ་ཞེས་བརྗོད་པར་བྱའོ།། དེ་ནས་ཆོས་ཀྱི་དབྱངས་ཐོག་མ་དང་ཐ་མ་མེད་པ་ལས་བྱུང་བ་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ངོ་བོའི་གཟུགས་བརྙན་དང་མཉམ་པར་བདག་ཉིད ་བསམས་ལ། ཨོཾ་སརྦ་ས་མོ་ཧཾ་ཞེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་ཆེན་པོ་གསང་བའི་དམ་ཚིག་གི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ནི་བདག་ཉིད་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀར་གནས་པའི་རྡོ་རྗེ་ལ། ཨོཾ་མཧཱ ་སུ་ཁ་བཛྲ་སཱཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏཱསྟྭཾ་ཞེས་བྱ་བ་ཡིད་ཀྱི་མངོན་པར་བྲིས་ལ་འདི་ཉིད་ཟློས་ཤིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་དུ་བདག་ཉིད་བསྒོམ་ཞིང་ལྷ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྐུ་མངོན་པར་བྱུང ་བར་བསམ་ཞིང་ངེས་པ་བསྒྲེང་བར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ལྟར་ཉིན་རེ་ཞིང་ནང་པར་སྒྲུབ་པ་ལན་གཅིག་བྱས་ལ། དེའི་འོག་ཏུ་ཇི་ལྟར་འདོད་པར་བྱའོ།། ཀུན་བཟང་དེ་བཞིན་ཐམས་ཅད་བྱེད།། སྤྱོད་པ ་དགར་འདོད་པ་བྱེད།། ལངས་པ་དངོ་ནི་འདུག་པ་དང་། འཆག་གམ་དེ་བཞིན་གནས་པ་དང་།། རྒོད་ངམ་རབ་ཏུ་སྨྲ་ཡང་རུང་།། གང་ནི་ཇི་ལྟར་སྤྱོད་ཀྱང་རུང་།། དབང་པོ་གང་དང་གང་ལོམ་འགྱུར།། དེ་དང་དེ་ཡི་ངོ་བོར་བྱ།། མཉམ་པར་མ་བཞག ་སྦྱོར་བ་ཡིས།། རང་གི་ལྷར་ནི་བསྒྲུབ་པར་བྱ།། དེ་ཉིད་སྦྱོར་བ་འདི་ཡིས་ནི།། འདི་དག་ཐམས་ཅད་བསྒྲུབ་བྱས་ནས།། ཐམས་ཅད་རྡོ་རྗེ་སེམས་དཔའ་དངོས།། རྟག་ཏུ་བལྟས་པས་རབ་བསྒྲུབ་འགྱུར།། གང་གི་ཚེ་མན ་པར་བཞག་པའི་རྣལ་འབྱོར་གྱིས་དུབ་ན་མཉམ་པར་མ་བཞག་པའི་རྣལ་འབྱོར་བསྒོམ་པར་འདོད་པ་དེའི་ཚེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་རང་གི་གནས་སུ་བཞག་ལ་དང་པོའི་རྡོ་རྗེ་བདག་ཉིད་བྱིན་གྱིས ་བརླབས་ཏེ་དེ་བསྒོམ་པར་བྱའོ།། དེ་ནས་བྱ་བ་ཐམས་ཅད་བྱས་ལ་ཡང་སླར་ཞུགས་ཏེ་དང་པོའི་རྡོ་རྗེ་གཉིས་ཀྱིས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། བཅོམ་ལྡན་འདས་རང་གིས་ལུས་ལ་བཅུག་ལ་ཕྱག་རྒྱ་ཆེན་པོས་བཅིངས་ཏེ་དབུས་སུ ་འདུག་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་བྱས་ནས་མཆོད་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་དེ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་བཞི་ཡང་བྱས་ལ་སྔ་མ་བཞིན་དུ་བསྒོམ ་བར་བྱའོ།། གང་གི་ཚེ་དང་པོའི་གནས་སྐབས་སོམ་གནས་སྐབས་གཉིས་པར་བཅོམ་ལྡན་འདས་གཤེགས་སུ་གསོལ་བར་འདོད་ན་ཡང་དེའི་ཚེ་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོང་པོ་དང་མཆོད་བྲོ་དང་ཕྱག་བྱས་ལ་མངོན་པར ་འདོད་པའི་དངོས་གྲུབ་ཀྱི་དོན་དུ་དགེ་བའི་རྩ་བ་ཡོངས་སུ་བསྔོས་ལ། ཕྱག་རྒྱ་གང་དང་གང་ནས་བྱུང་བ་དེ་དང་དེ་ནས་དགྲོལ་བ་ནི། ཇི་སྐད་བཤད་པའི་རྡོ་རྗེ་བསྡམས་པ་དགྲོལ་བ་དང་བཛྲ་མུཿཞེས་བྱ་བའོ།། དེ་ནས་གནས་ཀྱི ་ངེས་པ་ནི་འདི་ཡིན་ཏེ། སྔགས་པའི་སྙིང་གའི་ཟླ་བ་དང་མདུན་དུ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཡིད་ལས་བྱུང་བ་དཔྲལ་བའི་རྡོ་རྗེ་ཀཱི་ལི་ཀཱི་ལ་ལ། ལྐོག་མར་རྡོ་རྗེ་དྲན་པ། སྤྱི་བོར་བསྙེམས་པ་མགྲོ་ལ་རྡོ་རྗེ་དབྱིང་། གསང་བར་རྡོ་རྗེ་སྤྲིན། ་མིག་གཉིས་སུ་རྡོ་རྗེ་སྟོན་ནུ་མ་དང་བྲང་དང་སྙིང་གའི་ཕྱོགས་སུ་རྡོ་རྗེ་དགུན་མ། ནང་གིར་གཏོགས་པའི་རྡོ་རྗེ་སེམས་དཔའི་གཡོན་ལོགས་སུ་སྒེག་མོ་རྣལ་འབྱོར་པའི་སོའི་ཕྲེང་བ་གཉིསུ་རྡོ་རྗེ་བཞད་མ་དྲོན་པའི་གཡོན་ལོགས་སུ ་གླུ་རྡོ་རྗེ་བསྙེམས་མའི་གཡོན་ལོགས་སུ་གར་མ། རྣལ་འབྱོར་པའི་བརླ་གཡས་པར་རྡོ་རྗེ་ལྕགས་ཀྱུ། བརླ་གཡོན་པར་ཞགས་པ། བྱིན་པ་གཡས་པར་ལྕགས་སྒྲོབ།། བྱིན་པ་གཡོན་པར་འབེབས་པ་ཡང་དག་པར་གནས་སོ།། ལྷའི་རྣལ ་འབྱོར་གྱིས་དུས་སུ་དེ་བཞིན་གཤེགས་པ་རྣམས་ནི་ཕུང་པོ་ལྔའི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་དེ་རྣམས་ཀྱི་གནས་ཀྱི་ངེས་པ་མེད་དོ།། ཕྱག་རྒྱ་དགྲོལ་བའི་དུས་སུ་ནི་རྣམ་པར་སྣང་མཛད་ནི་སྤྱི་གཙུག་གི་གནས་སུ་དགྲོལ ་ལོའི་མི་བསྐྱོད་པ་ནི་རྡོ་རྗེ་སེམས་དཔའི་གནས་སུའོ།། རིན་ཆེན་འབྱུང་ལྡན་ནི་ཀཱི་ལི་ཀཱི་ལའི་གནས་སུའོ།། འོད་དཔག་ཏུ་མེད་པ་ནི་རྡོ་རྗེ་དྲན་པའི་གནས་སུའོ།། དོན་ཡོད་པར་གྲུབ་པ་ནི་རྡོ་རྗེ་བདེ་ལས་མའི་གནས་སུ་དགྲོལ་བར་བྱའོ།། དེ་ལྟར ་ཕྱག་རྒྱ་བཀྲོལ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཆོག་གི་ཕྱག་རྒྱ་རང་གི་དབང་བསྐུར་བའི་གནས་སུ་བཞག་པས་དབང་བསྐུར་ལ་མཛུབ་མོ་གཉིས་ཀྱི་ཕྲེང་བ་དཀྲིས་པ་བཅིངས་ལ། དེ་བཞིན་དུ་གོ་བགོ་བ་བཅིང་ཞིང་། ་ཨོཾ་བཛྲ་རཏྣ་ཨཱ་བྷི་ཥིཉྩ་སརྦ་མུ་དྲ་མཻ་ཏྲི་དྷྭི་ཀུ་རུ་པ་ར་ཀ་བ་ཙེ་ན་བཾ་ཞེས་བཟླ་བར་བྱའོ།། དེ་ནས་དེ་བཞིན་དུ་མཐར་མཉམ་པའི་ཐལ་མོས་མཉེས་པར་བྱའོ།། དེ་ནས་རབ་ཏུ་དགའ་ལ་རག་ལས་པ་ཞེས་བྱ་བ་ལ་སོགས ་པས་བསྐུལ་ལ། སྙིམ་མའི་མེ་ཏོག་གིས་ལྷ་རྣམས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བར་བྱས་ནས། སྤྲུལ་པ་རྣམས་རང་གི་ལུས་ལ་བསྡུས་ཏེ། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་རྡོ་རྗེ་སེམས་དཔའི ་གཙུག་ཏོར་གྱི་ཕྱག་རྒྱ་བྱམས་པའི་གོ་རྗེས་བདག་བསྲུང་བར་བྱས་ལ། ལྡངས་ནས་ཇི་ལྟར་མངོན་པར་འདོད་པའི་དགེ་བ་བྱ་བྱས་གནས་པར་བྱའོ།། དེ་ལྟར་ཇི་སྲིད་དཀྱིལ་འཁོར་མྱངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན ་རེ་ཞིང་བྱའོ།། དེ་ལྟར་བྱོས་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། གང་ཞིག་བསྒོམ་པར་མི་ནུས་པ་དེས་ནི་རྣལ་འབྱོར་ཆེན་པོ་བྱས་ལ་ལྷ་ཐམས་ཅད་ཀྱི་སྔགས་རེ་རེ་ཞིང་བཟླས་བརྗོད་འབུམ་འབུམ་བྱའོ།། སྔོན་དུ་བསྙེན་པའི་ཚེ ་གའོ།། །། དེ་ལྟར་རིག་པའི་བརྟུལ་ཞུགས་རྗེས་སུ་སྤྱད་ལ། དངོས་གྲུབ་དོན་དུ་གཉེར་བས་ཇི་སྐད་དུ་བཤད་པའི་སྦྱང་བ་དང་། ས་ཡོངས་སུ་གཟུང་བ་བྱས་ལ་དཀྱིལ་འཁོར་བྲི་བར་བྱའོ།། དེ་ལ་རེ་ཞིག་དང་པོར་ནི་བགྲེགས ་གཞོམ་པར་བྱའོ།། དེ་ནས་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ་ཕྱག་འཚལ་ལོ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བཟུང་ལ་རྣལ་འབྱོར་ཆེན་པོ་དང་གཞལ་ཡས་ཁང་དང་གདན་རྣམས་བསྐྱེང་ལ་དབུས་སུ་སེམས་དཔའི་སྐྱིལ་མོ ་ཀྲུང་གིས་འདུག་སྟེ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ།། དེད་དུ་བདག་ཚེ་འབྲས་བུ་ཡོད།། བདག་གི་གསོན་པའང་འབྲས་བུར་བཅས།། ལྷ་དང་དམ་ཚིག་གིས་མཉམ་པར།། གྱུར་པར་བདག་ནི་སོམ་ཉི་མེད།། བྱང་ཆུབ་སེམས་དང་སེམས་གཅིག ་ལ། མི་ལྡོག་པར་ནི་བདག་གྱུར་ཏེ།། དེ་བཞིན་གཤེགས་པའི་རིགས་སུ་ནི།། དེང་བདག་སྐྱེས་པར་ཐེ་ཚོམ་མེད།། དེང་བདག་ཉི་མ་དམ་པ་སྟེ།། བདག་གི་མཆོད་སྦྱིན་བླ་ན་མེད།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས།། དེང་བདག་འདུས ་པའི་མཆོག་ཡིན་ནོ།། དེ་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ་ལག་ན་སྤོས་སྣོད་ཐོགས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི།། སངས་རྒྱས་ཐམས་ཅད་དགོངས་སུ་གསོལ།། བདག ་མིང་འདི་ཞེས་བགྱི་བ་ཡིས།། རྡོ་རྗེ་ཅན་གྱི་དཀྱིལ་འཁོར་བློ།། སངས་རྒྱས་ཐམས་ཅད་འདིར་གཤེགས་ཏེ།། དངོས་གྲུབ་འདི་ནི་སཱ་ལ་དུ་གསོལ།། ཞེས་བརྗོད་ལ་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ་དང་པོའི་རྣལ་འབྱོར་དང་། དཀྱིལ ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོའི་མཆོག་བསྒོམ་པོར་བྱའོ།། དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭཿཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་ཞེས་ཟློས་ཤིང་ཕྱོག་རྒྱ་ཆེན་པོ་བསྒོམ་པར་བྱའོ།། དེ་ནས་དཀྱིལ ་འཁོར་བྲི་བར་བྱ་བའི་ཕྱིར་བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅོད་ཀྱིས་གསོལ་བ་བཏབ་པར་བསམ་པར་བྱའོ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། རྒྱལ་བ་ཆེན་པོ་ཡང་དག་འཁྲུངས།། གང་ཕྱིར་ཆགས་བྲལ་བདག་ཉིད་ཀྱིས།། ་ཆགས་དང་བཅས་པ་གཟུང་བའི་ཕྱིར།། རྣམ་པར་གྲོལ་བས་གསོལ་བ་འདེབས།། རང་ཉིད་འདུལ་བའི་མཆོག་བཤད་པ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་རྟོགས་དངོས་གྲུབ་རབ་སྩོལ་གསུངས།། དེ་ནས ་ལངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནམ་མཁའ་ཀུན་ཏུ་གང་བར་བསམས་ལ་འདི་སྐད་བརྗོད་པར་བྱའོ།། བདག་ནི་རང་ཉིད་རྡོ་རྗེ་ཅན།། རྡོ་རྗེ་སེམས ་དཔའ་རང་བདག་ཉིད།། བདག་ནི་སངས་རྒྱས་རྒྱལྔ་པོ་ཆེ།། སྟོབོས་ཚོན་རྡོ་རྗེ་ཅན་བདག་ཡིན།། རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག། ཕྱག་ན་རྡོ་རྗེ་བསྟན་བདག་སྟེ།། བདག་པོ་རྡོ་རྗེ་ཆེན་པོ་བདག། བྱིན་གྱིས་བརླབས་པ་མི་འདོར་རོ།། ་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭ~ཾ་ཞེས་བརྗོད་པར་བྱའོ།། དེ་ལྟར་དམ་ཚིག་གསུམ་མཆོག་ཐོབ་པ་ཡི།། སློབ་དཔོན་རང་གི་ཕྱག་རྒྱ་ཡིས།། རྡོ་རྗེ་དྲིལ་བུ་འཆང་བྱ་ཞིང་།། འཁོར་ལོའི་ཆོ་ག་ཐམས་ཅད་བྱ།། རྟོག་པ་ཀུན ་ལ་མཉམ་འཇུག་པས།། དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱ།། དམ་ཚིག་ཆེ་གསུམ་ཞེས་བྱ་བྱ།། རྒྱ་འདི་གསང་སྔགས་སྒྲུབ་བྱེད་པའོ།། དངོས་གྲུབ་ཆོ་ག་ཐམས་ཅད་ལོ།། རྡོ་རྗེ་དྲལ་བུ་རབ་བསྐུལ་བས།། ཆོ་ག་ལྷག་གམ་མ ་ཚང་བ།། འགྲུབ་འགྱུར་སྨང་བར་མི་བྱའོ་ཞེས་བཅོམ་ལྡ་ནའདས་རྡོ་རྗེ་འཆང་ཆེན་པོས་གསུང་སོ།། ངོ་ནས་དང་པོའི་རྡོ་རྗེས་ཨོཾ་མ་ཧཱ་སུ་ཁ་བཛྲ་ཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་བཛྲོ་ཏིཥྛ་མ་ཧཱ་མཎྜ་ལཾ་ཨུ་པ་སྠཱ་ནཱ་ཡ་ཞེས་བརྗོད ་ལ་དཀྱིལ་འཁོར་དེ་སྟེང་དུ་ན་མཁར་བཞག་ལ། བདག་ལ་དེ་ཉིད་ཀྱིས་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཛྲ་དྲིཥྚི་མ་ཊ་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། དེ་བཞིན་འདུག་ལ་དེ་བཞིན་ལངས།། ཀུན་ཏུ་རྣམ་པར ་བལྟས་ནས་ནི།། སྙིང་པོ་ཀུན་ཏུ་རྗོད་བྱེད་ཅིང་།། བགྱིངས་པའི་ཚུལ་གྱིས་ཡོངསུ་བསྐོར།། ཡི་གེ་ཨོཾ་ལས་རྐང་པ་གཉིས་ཀྱི་མཐིལ་དུ་སྣ་ཚོགས་རྡོ་རྗེ་བསམས་ལ་རྐང་པའི་མཐིལ་ནས་ཡོངས་སུ་གསུངས་ཏེ། ན་མཁའི་ཁམས་རབ ་འབྱམ་མ་ལུས་པའི་ཚད་ཙམ་གྱི་སའི་ཆ་རྡོ་རྗེར་གྱུར་པར་མོས་པར་བྱས་ལ། རྡོ་རྗེ་ལྟ་བས་གཡོན་ནས་བསྐྲད་པར་བྱས་ལ་གཡས་ནས་འོག་བཅིང་བ་དང་ན་མཁའ་དང་ཕྱོགས་དང་མཚམས་དང་དཀྱིལ་འཁོར་བཅིང་བ་དང་། ་རྡོ་རྗེ་དྲ་བ་བྱའོ།། དེ་ནས་སྒྲོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ་རྡོ་རྗེ་རྒྱུའི་ངོ་བོ་ཞལ་བཞི་དང་ཕྱག་བཞི་པའི་གསང་པོའི་དཀྱིལ་འཁོར་སྔགས་དང་ཕྱག་རྒྱ་འདི་དང་ལྡན་པར་དགུག་པར་བྱའོ།། ཨོཾ་བཛྲ་མཎྜ་ལ་ཧཱུཾ་ཛཿརྡོ་རྗེ་ཁུ་ཚུར་གཉིས་ཀྱི ་མཛུབ་མོ་དང་མཐེ་བོ་རྡོ་རྗེར་བྱ་བ་ནི་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི་ཕྱག་རྒྱ་སྟེ་དཀྱིལ་འཁོར་ཐམས་ཅད་འགུགས་པར་བྱེད་པའོ།། ཨོཾ་མ་ཧཱ་བཛྲ་ཙཽཀྲ་ཨཱ་དྷི་ཏིཥྛ་སིདྡྷི་ཧཱུཾ་ཞེས་བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་དཀྱིལ་འཁོར་བྱིན་གྱིས་བརླབ ་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མགལ་མེའི་འཁོར་ལོ་བསྐོར་བའི་ཚུལ་དུ་འཁོར་ལོ་བསྐོར་བ་ནི་འདིའི་ཕྱག་རྒྱའོ།། དེ་ནས་སེང་ལྡེང་ལས་བྱས་པའི་རྡོ་རྗེ་ཕུར་བུ་ཡི་གེ་ཧཱུཾ་ལས་སྤྱོད་ཁྲོ་བོའི་གཟུགས་ལ་སྨང་རྡོ་རྗེ་རྩ་གཅིག ་བ་ལྟ་བུ་མཐའ་ཡས་དང་། རྣམ་པར་རྒྱལ་བུ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་བ་ཞེས་བྱ་བྱ་དང་རིམ་པ་བཞིན་དུ་བསྐྱེད་ལ་ཙནྡནྡ་དམྦཱར་པོས་བྱུགས་ཤིང་མེ་ཏོག་གི་ཕྲེང ་བཱ་དམར་པོས་བརྒྱན་ལ་སྲུང་བུ་དམར་པོས་བཅིང་བུ་དྷ་སྱཱ་ལཱ་ཧཱུ~ཾ་ཀྲོ་དྷ་ཡ་མཧཱ་ཏྲི་ཏི་མུ་ཏ་ཞེས་བྱ་བའི་སྔགས་ལནྡ་བརྒྱ་རྩ་བརྒྱད་བཟླས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་ལ་ཕྱིའི་དཀྱིལ་འཁོར་མཚམས་དཞིར་དབང་ལྡན ་གྱི་ཕྱོགས་ནས་བརྩམས་ཏེ། གྲཡས་ནས་བསྐོར་ནི་ངོ་རྡོ་རྗེའི་ཐོ་བས་བརྡུང་བར་བྱའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བསྲུང་བར་བྱས་ཏེ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅིང་ལ། རྡོ་རྗེ་སྲུང་བས་བསྲུང་བ་ཐམས་ཅད་ཡང ་དག་པར་བསྲུངས་ལ། རྡོ་རྗེ་གནོད་སྦྱིན་བཟླས་པའི་མ་བྱས་བསང་གཏོར་གྱི་དོན་དུ་དཀྱིལ་འཁོར་གྱི་ཁང་པའི་སྒོར་བཞག་ལ་རྡོ་རྗེ་སྲུང་བ་ཡང་ཡོངསུ་བཟླས་པའི་སྤོས་ཆབ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཟློས་བཞིན་དུ་དབང་ལྡན ་གྱི་ཕྱོགས་ནས་བརྩམས་ཏེ། ཡལོའོ་ནས་བསྐོར་བའི་རིམ་གྱི་དཀྱིལ་འཁོར་གྱི་ས་གཞི་བྱུག་པ་འམ་བྱུག་ཏུ་གཞུག་པར་བྱའོ།། དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་དྲིའི་དཀྱིལ་འཁོར་བྱས་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས ་པའི་སྙིང་པོར་ལག་པ་རེག་པ་དེ་རེ་རེ་ཞིང་ལན་བདུན་བདུན་བཟླས་ལ་དཀྱིལ་འཁོར་དེ་རྣམས་སུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་དུ་བཀོད་ལ་མཆོད་པ་རྣམ་པ་ལྔས་ཡང་དག་པར་མཆོད ་ལ་ཕྱི་རོལ་དུ་གཏོར་མ་སྦྱིན་པར་བྱའོ།། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་དང་རྡོ་རྗེ་སེམས་དཔའ་ཇི་ལྟ་བ་བཞིན་བཟླས་ལ་དཔལ་རྡོ་རྗེ་སེམས་དཔའི་སྤྱན་སྔར་མཚན་ཉིད་ཇི་ལྟ་བ་བཞིན་དུ་བཞག ་བསྙེན་པ་བྱའོ།། དཀྱིལ་འཁོར་གྱི་ཞག་ཡང་བཟླས་བརྗོད་ཐུན་གསུམ་བྱའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་རྡོ་རྗེ་སེམས་དཔའ་དང་། སངས་རྒྱས་སྤྱན་ལ་སོགས་པས་རེ་རེ་ཞིང་མར་ལ་སོགས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ཏེ། འདི་ནི་ལྷག ་བར་གནས་པའི་སྦྱིན་སྲེག་གི་ཆོ་གའོ།། དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕྱག་བྱས་ལ་མཆོད ་ཡོན་ཕུལ་ཏེ་སྔར་བཤད་པའི་ཆོ་གས་སྐྱོབ་མ་ལྷག་པར་གནས་པར་བྱའོ།། དེ་ནས་ལྷ་ལྷག་པར་གནས་པའི་ཆོ་ག་ཡང་དེ་བཞིན་དུ་བྱས་ལ་བཅོམ་ལྡན་འདས་ལ་ཕྱག་བྱས་ཏེ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ལ། མ་ཚོང་ཡོན་ཕུལ་ནས ་ཡང་དག་པར་མཆོད་དེ་ཕྱག་བྱས་ནས་སློབ་མ་རྣམས་ལ་ཟབ་ཅིང་རྒྱ་ཆེན་པོའི་ཆོས་བཤད་ལ་ཡང་དག་པར་སྤྲོ་བར་བྱས་ལ་སློབ་དཔོན་སློབ་མའི་ཚོགས་དང་བཅོས་བྱ་དཀྱིལ་འཁོར་གྱི་སའི་མཐར་ཇི་སྐད་དུ་བཤད་པའི་མལ་དུ་ཉལ ་བར་བྱའོ།། དེ་ནས་མལ་ནས་ལངས་ལ་རྣལ་འབྱོར་ཆེན་པོ་ཇི་ལྟ་བ་བཞིན་དུ་བྱས་ནས་ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་ན་མཁའི་སྟེང་དུ་དེ་བཞིན་དུ་བཞག་སྟེ། ཨོཾ་བཛྲ་ས་མ་ཡ་སུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་ཟློས་ཤིང་སྔ་མ་བཞིན་དུ ་ཐིག་གདང་བར་བྱའོ།། དེ་ནས་ཚོན་དམར་པོ་ལ་སོགས་པ་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲིས་ལ། དཀྱིལ་འཁོར་དབུས་མའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་ལུགས་མ་ལ་སོགས་པའི་གཟུགས་འཛུམ་པ ་དང་བཅས་པ་ཟླ་བའི་མདོག་ཅན་འོད་ཟེར་དམྱུར་པོ་འབར་བ་འཁྲུལ་པ། སངས་རྒྱས་ཀྱི་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་ཡན་ལག་སྤྲས་པ། སེམས་དཔའི་སྐྱིལ་ཀྲུང་གི་བཞུགས་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེ་དྲིལ་བུ་བསྣམས་པའི་བཅོ ་ལྡན་འདས་རྡོ་རྗེ་སེམས་དཔའ་ས་མ་ཡ་སྟྭཾ། ཨོཾ་མ་ཧཱ་སུ་ཁ་བཛྲ་ཛིཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་ཞེས་ཟློས་ཤིང་བཀོད་ལ་ན། མཁའི་ཕྱོགས་ནས་ཕབ་སྟེ་གཟུགས་བརྙན་པ་ལྷན་ཅིག་གཅིག་ཏུ་གྱུར་པར་བསམས་པར་བྱའོ།། བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའི་མདུན་དུ་མི་བསྐྱོད་པའི་གནས་སུ་རྡོ་རྗེ་ཡིད་ལས་བྱུང་བ་སྐུ་མདོག་དམར་པོ་གཡོན་པའི་ཁུ་ཚུརོ་གྱིས་མེ་ཏོག་གི་གཞུ་བསྣམས་པ། ཕྲག་གཡས་པ་མངའ་གསོར་བ་ལ་བརྩོན་པའོ།། བཅོམ་ལྡན ་འདས་ཀྱི་གཡས་ལོགས་སུ་རིན་ཆེན་འབྱུང་ལྡན་གྱི་གནས་སུ་བཛྲ་ཀཱི་ལི་ཀཱི་ལི་སྐུ་མདོག་ཤིན་ཏུ་དཀར་བ་ཕྱག་གཉིས་རྡོ་རྡོ་འུ་དུར་གཉིས་བ་རང་གི་ཐུགས་ཀ་དང་པོ་རྡོ་རྗེ་ཡོངས་སུ་འཁྱུད་དེ་བཞུགས་པའོ།། བཅོམ་ལྡན་འདས་ཀྱི་རྒྱབ ་ཏུ་འོད་དཔག་ཏུ་མེད་པའི་གནས་སུ་རྡོ་རྗེ་དྲན་པ་སྐྱེ་མདོག་སེར་པོ་ཕྱག་གཡས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་བསྡོམས་ཤིང་ཕྱག་གཡོན་གྱིས་གདན་ལ་བརྟེན་ཏེ་བཞུགས་པའོ།། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་དོན་ཡོང་གྲུབ ་བའི་གནས་སུ་རྡོ་རྗེ་བསྙེམས་མ་སྐུ་མདོག་སྔོན་པོ་ཕྱག་གཉིས་རྡོ་རྗེ་གཉིས་བསྣམས་ནས་དགུ་གཉིས་སུ་འགྱིང་བག་གིས་བཞུགས་སོ།། ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་མེའི་མཚམས་སུ་རྡོ་རྗེ་དཔྱིང་གསེར་གྱི་མདོག་ཅན ་བདེན་བྲལ་རྡོ་རྗེ་སྤྲིན་ཤིན་ཏུ་སྐུ་མདོག་དཀར་བ། རླུང་གི་མཚམས་སུ་རྡོ་རྗེ་སྐྱོན་སེར་བ། དབང་ལྡན་གྱི་མཚམས་སུ་རྡོ་རྗེ་དགུན་སྐུ་མདོག་སྔོན་པོའོ།། ཡང་འདི་དག་གོ་རཱིམ་བཞིན་དུ་མེ་ཏོག་དང་སྤོས་དོད། མར་མེ་དང་། དྲི་བསྣམ ་བ་དང་། སྤྱི་བོའི་གནས་སུ་ཐལ་མོ་སྦྱར་ཏེ་འཇོག་པའོ།། ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་ལ་མེའི་མཚམས་སུ་སྒེག་མོ་སྐུ་མདོག་དམརརཱ་བ། ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་གཉིས་བསྣམས་ནས་རྡོ་རྗེ་བསྙེམས་པའི་ཚུལ་གྱིས ་འཛིན་ཅིང་བསམ་པ་གཡོས་པས་རབ་ཏུ་འདུད་པའོ།། བདེན་བྲལ་གྱི་ཕྱོགས་སུ་བཞང་མ་སྐུ་མདོག་ཤིན་ཏུ་ངཀ། ར་བ་སིའི་ཕྲེང་བ་གཉིས་དང་བཅས་པའི་རྡོ་རྗེ་རྩེ་ལྔ་པ་གཉིས་དང་བཅས་པ་བསྣམས་ནས། རྡོ་རྗེ་སེམས། ་དཔའ་ལ་སོགས་པ་འཛུམ་པ་རྨད་དུ་བྱུང་བས་རབ་ཏུ་འཇོག་པར་མཛད་པ། ཕྱག་གཡོན་པ་གདན་ལ་བརྟེན་ཏེ་བཞུགས་པའོ།། རླུང་གི་མཚམས་སུ་གླུ་མ་ཆེན་མོ་སྐུ་མདོག་སེར་བ། རྡོ་རྗེ་པི་ཝང་ལེན་པ་ལ་བརྩོན་པར་བྱའོ།། དབང་ལྡན ་ཀྱི་ཕྱོགས་སུ་གར་མ་སྐུ་མདོག་སྔོན་པོ་ཕྱ་ག་གཉིས་ཀྱི་རྡོ་རྗེ་རྩེ་གསུམ་པ་བསྣམས་ནས་གར་བྱེད་པའི་ཚུལ་གྱིས་བཞུགས་པའོ།། ཕྱི་དང་ནང་དུ་བཅས་པའི་ཤ་རཾ་སྒོ་གཉིས་སུ་རྡོ་རྗེ་ལྕགས་ཀྱུ་སྐུ་མདོག་དམར་པོ་རྡོ་རྗེ་ལྕགས ་ཀྱུས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེག་པ་འགུགས་པའི་ཚུལ་གྱིས་བཞུགས་པའོ།། ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ཞགས་པ་སྐུ་མདོག་ཤིན་ཏུ་དཀར་བ། རྡོ་རྗེ་ཞགས་པ་རྡོ་རྗེ་སེམས་དཔའ ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འཇུག་པར་མཛད་ཅིང་བཞུགས་པའོ།། ནུབ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ལྕགས་སྒྲོག་སྐུ་མདོག་སེར་པོ་རྡོ་རྗེ་ལྕགས་སྒྲོག་གི་རྡོ་རྗེ་སེམས་དཔའ་ལ་སོགས ་བའི་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་མཛད་པའོ།། བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་འབེབས་པ་སྐུ་མདོགེ་སེར་པོ་ཕྱག་གཡས་པ་རྡོ་རྗེ་དྲིལ་བུ་དཀྲོལ་བའི་ཚུལ་གྱིས་རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས་པ་རྣམས ་མཉེས་པར་མཛད་ཅིང་ཕྱག་གཡོན་པ་གདན་ལ་བརྟེན་ཏེ་བཞུགས་པ་བྲི་བར་བྱའོ།། དེ་ལ་འདི་དག་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་དགོངས་པ་སྙིང་པོ་རྣམས་ཡིན་ནོ།། ཧོ་དྷ་ཤི་ས་ཡ་ཀ་མ་ཏ། ་ཧཱུཾ། བཛྲ་ཀཱི་ལི་ཀཱི་ལི་ཧཱུཾ་ཧཱུཾ་སྨཱ་ར་བཛྲ་བནྡྷ་ཧཱུཾ། བཛྲ་རོ་ཥ་ཧཱུཾ། ཧཱུཾ་མ་དྷུ་བཛྲི་ཧཱུཾ། བཛྲ་མོ་གྷེ་ཧཱུཾ། ཤ་རཏ་བཛྲ་ཧཾ་བཛྲ། ཧཱུཾ་བཛྲ་ཤེ་ཤེ་ཥུ། ཧཱ་བཛྲ་ལཱ་སྱ་ཧཱ། ཧཱ་ཧ་ས་བཛྲི་ཎི། ཨོཾ་བཛྲ་གཱི་ཏེ། ཨོཾ་བཛྲ་ཎི་ཏེ་བཛྲི་ཛཿབཛྲ་ཨཾ་ཀུ་ཤ། ཧཱུཾ་བཛྲ་པཱ་ཤ། ་བི་བཛྲ་སྥོ་ཊ་ཨ་བཛྲ་གྷཎྚེ། རྡོ་རྗེ་ཡིད་ལ་ས་བྱུང་བ་ནས་འབེབས་པའི་མཐར་ཐུག་པ་འོད་ཐམས་ཅད་ཀྱང་སངས་རྒྱས་ལྔའི་ཅོད་པན་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དཔལ་རྡོ་རྗེ་སེམས་དཔའ་ལ་མངོན་དུ་ཕྱོགས་པ ་སྣ་ཚོལས་པདྨའི་གདུན་ལ་བཞུགས་པ་ཡིན་ནོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་དཀྱིལ་འཁོར་གྱི་སྒོ་ཕྱེ་ལ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱའོ།། དེ་ནས ་བཅོམ་ལྡན་འདིས་ཀྱི་ཕྱག་རྒྱ་ཆེན་པོར་བསམས་ལ་གཡས་པའི་མཛུབ་མོ་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་སྲུང་བས་དེ་བཞིན་དུ་ལས ་རྣམས་བྱས་ལ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པའི་སྙིང་པོས། བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དེ་བཞིན་དུ་བསྒྲུབ ་བར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱོག་རྒྱ་ཆེན་པོས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ནས་ཡང་མཆོད་ཡོན་ལ་སྩོགས་པ་ཕུལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ ་དབུལ་བ་ལ་སོགས་བས་མཆོད་པར་བྱའོ།། དྲིལ་བུ་རྩེར་བཏགས་རྒྱལ་མཚན་ནི།། གྲཝ་རྣམས་སུ་ནི་བཞག་པར་བྱ།། ཕྱི་ཡི་མཚམས་ཀྱི་གནས་སུ་ནི།། བུམ་པ་ཡལ་གས་བརྒྱན་པ་བཞག། བུམ་པ་སྤོས་ཆུས་གང་བ་དང་།། ནོར་དང ་རྡོ་རྗེ་དང་བཅས་པ།། རྡོ་རྗེ་སེམས་དཔའི་སྤྱན་སྔར་བཞག། མེ་ཏོག་ཡལ་ག་ལ་ཡོངས་བཟླ།། འདི་སྐད་སྟོན་ཏེ་བུམ་པ་རྩ་བ་ནག་པོ་མ་ཡིན་པ། གསུས་པ་ཆེ་བ། སྐེ་རིང་བ། མཆུ་འཕྱང་བ། གསེར་དང་བྷུ་རུ་དང་དུང་དང་མུ་ཏིག ་དང་པདྨ་རཱ་ག་སྟེ། རིན་པོ་ཆེ་ཐམས་ཅད་དང་བྲྀ་ཧསྟི་དང་། ཀརྞྞ་ཀཱ་རི་དང་། ཧཱ་སྱ་དེ་བ་དང་། དཏྟོཏྤ་ལ་དྭཱདྱ་ཀི་རི་ཀ་ནི་དཀུར་བློ་སྟེ་སྨན་ཐམས་ཅད་དང་། འབྲས་སཱ་ལུ་དང་ནས་དང་གྲོ་དང་ཏིལ་དང་། མ་ཤ་སྟེ། ་འབྲུ་ཐམས་ཅད་དང་། ཙཱན་དན་དཀར་པོ་ལ་སོགས་པའི་ཆུ་དང་མེ་ཏོག་དཀཪྵ་བོ་དང་དྲི་ཞིམ་པོས་ཡོངས་སུ་གང་པ་དང་། ཕྱི་རོལ་ཀུན་ཏུ་དྲི་ཞིམ་པོས་བྱུགས་བླ་མ་འོག་གི་ཕྲེང་བ་བཏགས་པ་རང་གི་ལྷའི་ཕྱག་རྒྱས་མཚན་པ ་མགུལ་བ་རས་གཙང་ཞིང་བཟང་བས་བཅིངས་པ། མེ་ཏོག་དང་ལོ་མྲ་ཅན་གྱི་ཡལ་ག་ཡོད་པའི་ལྕུག་མ་རྡོ་རྗེ་དང་བཅས་པོའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ་རང་གི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། བུམ་པ་དེ་རྣམས་ཀྱིས་ལྷ་རྣམས ་ཀྱི་ཕྱི་རོལ་ཏུ་ཀུན་ནས་རེ་རེ་དབུལ་བར་བྱའོ།། དང་པོར་ནི་དཔལ་རྡོ་རྗེ་སེམས་དཔའི་བུམ་པ་ཤྭར་ཕྱོགས་ཀྱི་སྒོ་ལ་བལྟས་པར་དབུལ་ལོ།། གཉིས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྱན་སྔར་སྔགས་འདི་ལན་ཉི་ཤུ་རྩ ་གཙོག་བཟླས་ལ་བཞག་པར་བྱའོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཨ་བྷི་ཥེ་ཀ་ཛཿཧཱུཾ་བཾ་ཧོཿདེ་ལྟོ་བུས་བུམ་པ་འབུམ་ཕུལ་ནས། བུམ་པ་གང་བ་ལ་ཡང་རང་གི་སྔགས་ཡོངསུ་བཟླས་ལ་ལྷོ་རྣམས་ལ་རེ་རེ་དབུལ་བར་བྱའོ།། ་དེ་ནས་རས་ཟུང་འབུམ་མམ་ཁྲི་འམ་སྟོང་ངམ་རེ་རེ་ཞིང་ཟུར་རེ་ལ་ཨོཾ་དང་བཛྲ་རཏྣ་མ་ཧཱ་སུ་ཁ་ཞེས་བྱ་བ་བཟླས་པ་དང་། བླ་རེ་དང་གདུགས་དང་། རྒྱལ་མཚན་དང་རྣམ་པ་སྣ་ཚིགས་བདག་ཀྱང་བཛྲ་སྥ་ར་ཁཾ་ཞེས་ཟློས་ཤིང་། ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལྔ་དབུལ་བར་བྱའོ།། མེ་ཏོག་གི་རིགས་ལ་བཟླས་བྱའོ།། མེ་ཏོག་གི་ཤིང་བརྒྱ་འམ་བཞི་འམ་མེ་ཏོག་ཐམས་ཅད་དབུལ་བར་བྱའོ།། ག་བུར་དང་ཙནྡན་ལ་སོགས་པའི་དྲི་རྣམས་ནི་དྲིའི་རིག ་བས་སོ།། ཨ་ཀ་རུ་ནག་པོ་ལ་སོགས་པའི་བདུག་སྤོས་རྣམས་ཀྱིས་བདུག་པའི་རིག་པསོ།། ཁ་ཟས་རོ་བརྒྱ་པ་ལ་སོགས་པ་ནི་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱཾདྱ་ནུཏྤནྣ་ཏྭཱད་ཅེས་བྱེ་བ་བཟླས་ལ་མངོན་པར་དབུལ་ལོ།། ་མར་ལ་སོགས་པའི་མཱར་མེ་ནི་མར་མེའི་རིག་པུ་ཟློས་ལྔ་སྡོང་བུ་ལེགས་པར་བཙུགས་པའི་སྣོད་སྟོང་རྩ་ནས་ཐ་ན་བཞི་ཡན་ཆད་དེ་བཞིན་དུ་དབུལ་བར་བྱའོ།། རོལ་མོ་སྟེང་ང་མི་རོལ་མོ་བཅུ་པོའི་ཡི་གེ་ཧཱུཾ་ཟློས་ཤིང་རོལ་མོའི ་ཕྱག་རྒྱ་དང་ལྡན་པས་དེ་བཞིན་དུ་དབུལ་བར་བྱའོ།། དེ་བཞིན་དུ་གཞན་དག་ཀྱང་སྔ་མའི་རྗེས་སུ་འབྲངས་ནས་ཤེས་པར་བྱའོ།། དེ་ནས་ཕྱི་རོལ་ཏུ་གཏོར་མ་དང་སྦྱིན་སྲེག་བྱའོ།། དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས ་སྡོམ་པ་བླངས་ལ། སརྦ་ཡོ་ག་ཙིཏྟ་ཨུཏྤཱ་དཱ་ཡ་མི་ཞེས་བྱ་བས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ལ་རང་གི་སྙིང་གུར་བཞག་སྟེ་རང་གི་སྙིང་གར་ཧཱུཾ་ལས་རྡོ་རྗེ་ལས་རྡོ་རྗེ་བསྐྱེད་དེ། ་སུ་ར་ཏེ་ས་མ་ཡསྟྭཾ་ཧོ་བཛྲ་སིདྡྷ་ཡཾ་ཐ་སུཾ་ཁོ་ཞེས་བརྗོད་དོ།། དེ་ནས་སྒོའི་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་བ་ལ་རྡོ་རྗེ་སློབ་དཔོན་རང་ཉིད་ཇི་སྙེད་པའི་དྲིས་བྱུགས་ཤིང་ཡན་ལག་བྱུག་པ་དང་། རྒྱན་གྱིས ་བརྒྱན་ཅིང་མེ་ཏོག་གི་ཕྲེང་བས་སྤུད་པ་དང་། གོས་དམར་པོའི་ཟུང་གིས་བགོ་བ་དང་ཁ་དྲི་ཞིམ་པོར་བྱ་ཞིང་གོས་དམར་པོས་གདོང་གཡོགས་ལ། རྡོ་རྗེ་བསྙེམས་པའི་སྦྱོར་བ་དང་ལྡན་པས་སྔོན་དུ་སྤྱོད་པ་བྱས་པས ་ལག་པ་གཡོན་པས་རྡོ་རྗེ་ཐོགས་པས་བུ་མོའི་ལག་པ་གཡས་པ་ནས་ངེ་འཛིན་པའི་ཚུལ་གྱིས་གཟུང་ལ་ཕྱག་རྒྱ་ཆེན་པོས་འཇུག་པར་བྱའོ།། རཱ་ག་དྷི་སརྦ་སུ་ཤ་ན་མ་སེན་ཏཾ་སཾ་གྲ་ཧོ་དྷོ་བྷ་བ་མེ་སུ་ཁ་དྷརྨཱ་བཛྲེ་སཏྭེ་དྲྀཥྚི་བྷ་བ་མེ ་ལ་གུད་དུ་ཤྱཱ་སིདྡྷ་ཙ་སུ་ཁ་གུ་ཧྱ་ནཱ་མ་ཞེས་གསང་བའི་ཚུལ་དྲུག་ལྡན་ལ་སོགས་པའི་གླུའི་ཚུལ་གྱིས་གླུར་བླངས་ཤིང་དང་པོ་ཤར་ཕྱོགས་ནས་ཞུགས་ལ་ཛཿབཛྲ་ཨཾ་ཀུ་ཤ་ཞེས་བྱ་བས་རྡོ་རྗེ་ལྕགས་ཀྱུས་བདག་ཉིད་དགུག ་པར་བྱའོ།། ཡང་ལྷོ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་ཧཱུཾ་བཛྲ་པཱ་ཤ་ཞེས་བྱ་བས་རྡོ་རྗེ་ཞག་བྷ་བདག་ཉིད་གཞུག་པར་བྱའོ།། དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་བཾ་བཛྲ་སྥོ་ཊ་ཞེས་བྱ་བས་རྡོ་རྗེ་ལྕགས་སྒྲོག་གི་བདག་ཉིད་བཅིང་བར ་བྱའོ།། ཡང་བྱང་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ་ཨ་བཛྲ་གཎྜཱི་ཞེས་བྱ་བས་རྡོ་རྗེ་འབེབས་པས་བདག་ཉིད་དབབ་པར་བྱས་ལྀ་ཡང་ཤར་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། རྡོ། ་རྗེ་སེམས་དཔའི་དགའ་བ་ཆེ།། ཁྱོད་ནི་ཀུན་ཏུ་བཟང་པོ་སྟེ།། རྡོ་རྗེ་བསྙེམས་པའི་བདག་པོ་གཙོ།། སེམས་དང་སེམས་དཔའ་ཏིང་ངེ་འཛིན།། རྡོ་རྗེ་དེ་བཞིན་ཏིང་ངེ་འཛིན།། ཀུན་མཆོག་དམ་ཚིག་རྣམས་གྲུབ་པ།། རྡོ་རྗེ་སེམས་དཔའ་བདག ་གྲུབ་མཛོད་ཅེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་གར་ལས་བྱུང་བའི་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཕྱག་བྱའོ།། དེ་ཡང་གཡོན་པའི་མིག་གིས་རྡོ་རྗེ་ཡིས།། ཞུས་ནས་མགོན་ལ་ཕྱག་བྱས་ཏེ།། གཡོན་པ་བསྙེམས ་བས་གནས་པའི་མཆོག། རོལ་བའི་མིག་ནི་འཛུམ་པར་བྱ་ཞེས་གསུངས་པ་ཡིན་ནོ།། ཨོཾ་བ་ར་མ་སུ་ཁ་ཙིཏྟ་ལ་ལི་ཏོ་བི་ལཱྀ་སྱ་ན་མི་ཏེ་ན་མཱ་མི་བྷ་ག་བཾ་བནྡྷ་ནཾ་ཛཿཧཱུཾ་བཾ་ཧོཿཧི་ཧཻ་ཧཱི་ཧི་ཧཱི་བྱཱ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནི་ནཱ་ཐ་ཞེས་བྱ་བས ་ཕྱག་བྱས་ཏེ། དཀྱིལ་འཁོར་དེ་ལན་གསུམ་བསྐོར་བར་བྱའོ།། དེ་ནས་མདུན་དུ་འདུག་ལ་དེ་ཁོ་ན་ཉིད་འདི་ལན་གཅིག་བརྗོད་པར་བྱའོ།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེ་ཞིང་ནོར་ཆེ་བ།། ཡེ་ཤེས་ཆེན་པོ་ལས་ཆེ་བ།། རྡོ་རྗེ་སེམ ་བདག་དང་གྲུབ་མཛོད།། ཡང་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷ་མཱཾ་ཞེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་ཨ་ཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ།། ཡང་གཡོན་པའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་དྲལ་ལ་འདིས་བདག་ཉིད ་ལྔ་དབབ་པར་བྱའོ།། ཨོཾ་མཱཧཱ་སུ་ཁ་བཛྲཱི་སཏྭ་ཛཿཧཱུ~ཾ་བ~ཾ་ཧཱུ~ཾཿསུ་ར་ཏསྟྭཾ་ཨ་ཉེས་བྱ་བ་ལན་བརྒྱའི་བར་དུ་བཟླས་སོ།། དེ་ནས་སྙིང་པོ་འདིས་མེ་ཏོག་དོར་བར་བྱའོ།། ཧཱུཾ་མ་ཧཱ་སུ་ཁ་བཛྲ་སཏྭ་པྲ་ཏཱིཙྪ་ས་མ་ཡ་སྟྭཾ། དེ་ནས་དེ་བླངས་ལ་སྙིང་པོ ་འདིས་རང་གི་མོགོ་ལ་བཅིང་བར་བྱའོ།། དེང་ཁྱོད་རྡོ་རྗེ་ཅན་གྱིས་ནི།། དངོས་གྲུབ་ཐམས་ཅད་གྲུབ་པའི་ཕྱིར།། འདོད་པ་ཀུན་གྱི་དབང་ཕྱུག་དང་།། སེམས་ཅན་ཀུན་ལ་བདེ་རབ་སྩོལ།། ཐམས་ཅད་གྲུབ་པའི་དབང་བསྐུར་རོ།། ཨོཾ་བཛྲ ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥིཉྩ་སུ་ར་ཏསྟྭཾ། དེ་ནས་སྙིང་པོ་འདིས་གདོང་གཡོགས་དགྲོལ་བར་བྱའོ།། ཨོཾ་བཛྲ་ཙཀྵུ་ས་མ་ཡ་སརྦ་སུ་ར་ཏསྟྭཾ། དེ་ནས་ཧཱུཾ་ལསྭ་མིག་གཉིས་སུ་རྡོ་རྗེ་བསམས་ལ་ཧེ་བཛྲ་པ ་ཤྱ་ཞེས་བརྗོད་པར་བྱའོ།། དེ་ནས་ཤར་ཕྱོགས་ཀྱི་སྒོ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའི་མཐར་ཐུག་གི་བྱར་དུ་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ།། དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས ་རང་གི་སྙིང་གར་ད་གྲོལ་བར་བྱའོ།། དེ་ནས་ཤིས་པ་བརྗོད་པའི་ཚུལ་གྱིས་རྡོ་རྗེ་ཐལ་མོ་སྒེག་བྱས་བསྐོར་ལ་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལྔ་མཚན་བརྒྱ་རྩ་བརྒྱ་པས་བསྟོད་པར་བྱའོ།། དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས ་བུའི་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ལ་ཡང་དག་བླར་མཆོད་ལ་གླུ་དང་རོལ་མོ་ལ་སོགས་པའི་མཚོ་རྗོད་པས་ཀྱང་མཆོད་ནས་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་འཇུག་པའི་སྒོ་ལ་མངོན་པར་ཕྱོགས་པར་སྣ ་ཚོགས་པདྨ་བྲིས་ལ། ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་བུམ་པའི་སྔགས་ལན་ཉི་ཤུ་རྩ་གཅིག་དེ་བཞིན་དུ་བཟླས་ཏེ། དཔལ་རྡོ་རྗེ་སེམས་དཔོའི་ཕྱག་རྒྱ་ཆེན་པོས་པདྨ་དེ་ལ་ཇི་ལྟ་བ་བཞིན་དུ་འདུག་སྟེ། མེ་ཏོག་ལ་སོགས ་བས་བདག་ཉིད་ལེགས་པར་མཆོད་ཅིང་མཆོད་ཡོན་བླངས་ནས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་མགོ་བོར་བཞག་སྟེ། རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལ་ཆུ་བླུགས་ལ། ཨོཾ་མ་ཧཱ་སུ་ཁེ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧཿ ་སུ་ར་ཏསྟྭཾ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་ཟློས་ཤིང་དེས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ་ལ་བཏུང་བ་ཡང་བྱའོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཱཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ། ཞེས་བྱ་བ་དང་ཡང་བདག་པོའི་རྡོ་རྗེ་རང་གི་སྤྱི་བོར ་བཅིངས་ལ་ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་བསྡམས་ལ་སངས་རྒྱས་དུང་རིན་པོ་ཆེ་དང་པདྨ་དང་། སྣ་ཚོགས་རྡོ་རྗེ་ཕྲེང་བ་དང་ལྡན་པའི་རིན་པོ་ཆེའི་ཅོད་པན་དང་། དབང་བསྐུར་བའི་ཕྱག ་རྒྱུ་རྣམས་ཀྱི་བདག་ཉིད་ལ་དབང་བསྐུར་ལྀ་ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བྱིན་གྱིས་བརླབ་ཅིང་མ་ལས་བསྐྱེད་པའི་རྡོ་རྗེ་དྲིལ་བུ་དང་བཅས་པའི་དང་པོའི་རྡོ་རྗེ་སྙིང་པོ་འདིས་བླང་བར་བྱའོ།། ཧཱུཾ་སརྦ་མ་མ་ཧཱ་བཛྲ་དྷ་ར་སུ་ཁོ་བྷ་བ ་ཨོཾ་ཥ་སྟྭཾ་ཨ་བྷི་ཥིཉྩ་གྲྀཧྞ་ཧྲི་དཱ་ཏི་བཛྲ་ཏཱ~ཾ། ཀྱེ་ཆེ་གེ་མོ་གྲིབ་པ་ཨ་དེ་ལྟར་རྡོ་རྗེ་དབང་བསྐུར་བྱ་བླངས་ནས་སྙིང་པོ་འདིས་བདག་པོའི་དབང་བསྐུར་བྱུང་བར་བྱའོ།། ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁ~ཾ་བཛྲ་སཏྭ་ཨ་བྷི་ཥེ་ཀཻ་ནཱ་སྟྭཾ་ཨ་བྷི་ཥིཉྩཱ་མཱི ་བཛྲ་ཨ་དྷི་བ་ཏི་ཏཱཾ་མཱཾ་བྷ་བཾ། སིདྡྷ་ནཱ་མ་ཏེ་བྷ་ག་བཱན་མཧཱ་བཛྲཱ་ཧ་རཱ་སཱུ་ར་ཏསྟཻ་མཧཱ་བཛྲ་སཱཏྭཾ་ཨོཾ་བྷུར་བྷཱ་བ་སྱ། དཱི་ནས་རྡོ་རྗེ་དེ་སྤྱི་བོར་བྱཞག་ལ་སྙིང་པོ་འདིས་མཽང་གཱི་དབདྨ་བསྐུར་བཱ་བླང་བཱར་བྱཱའོ།། སརྦ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ ་མི་མཧཱ་བཛྲེ་ནཱ་མ་སིདྡྷ་ས་མ་ཡ་སྟྭ~ཾ་བྷུར་བྷཱ་བ་སྭཿ། དེ་ནས་སྙིང་པོ་འངས་ད་ངོས་གྲུབ་ཀྱི་བརྟུལ་ཞུགས་ཀྱི་རྡོ་རྗེ་བླང་བར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷི་པ་ཏི་སྟྭཾ་ཨོཾ་བྷི་ཥིཉྩ་མི། འོད་ནི་སངས་རྒྱས་ཐམས་ཅད་ཉིད ་ཅན་གྱི་རྡོ་རྗེ་ཉིད།། རྡོ་རྗེ་ཅན་གྱི་བརྟུལ་ཞུགས་ནི།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་དམ་པ་ཡིན་ཏེ་འདི་ཡོངསུ་མ་སྤངས་པས ་རྟག་ཏུ་བཅིང་བ་ཡིན་ནོ།། ཞེས་བྱ་བ་ནི་འདིའི་གསང་བ་ཡིན་ཏེ་ཧི་བཛྲ་གརྦྷ་པ་པ་དེ་ཧི་བཛྲ་ནཱ་མ་སིདྡྷ་ས་མ་ཡསྟྭཾ་བྷུར་བྷུ་བ་སྭ་ཞེས་ཀྱང་བརྗོད་དོ།། དེ་ནས་དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ།། ། ་དམ་ཚིག་གིས་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ཀྱིས་སྙིང་པོ་བཟླ།། ཡང་དྲིལ་བུ་དཀྲོལ། དམ་ཚིག་གསུམ་གྱི་གླུས་བསྟོད་ལ། མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཆ་ལ་སོགས་པའི་རྣམ་པ་བཅུ་གཉིས་ཀྱིས ་ཀྱང་བདག་ཉིད་ལ་མཆོད་ནས། རྡོ་རྗེ་ཐལ་མོ་བསྐོར་བས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་མཆོད་པ་རྣམ་པ་ལྔ་དང་། དབང་བསྐུར་བ་བླང་བར་བྱའོ།། ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་སྔགས་གཟུད་པ་དང་། ་ཕྱག་རྒྱ་བཞིའི་ཡེ་ཤེས་དང་། གཟེངས་བསྟོད་པ་དང་ལུང་བསྟན་པ་བཅོམ་ལྡན་འདས་ལྔ་མནོས་ལ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྔ་མ་བཞིན་དུ་བྱས་ཏེ། མདུན་དུ་སྐྱིལ་མོ་ཀྲུང་གིས་འདུག་སྟེ་བུ་མོ ་དང་ལྷན་ཅིག་ལ་འཇུག་པའི་ཕྱག་རྒྱ་བཅིངས་ལ་ཇི་སྲིད་ཡིད་ལ་མངོན་པར་འདོད་པའི་དངོས་གྲུབ་ཐོབ་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ།། དེ་ནས་མཆོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་ཡང་དག ་པར་མཆོད་ནས་ཕྱག་བྱས་ནས་སླར་འབྱུང་བར་བྱའོ།། དེ་ནས་སློབ་མ་གཞུག་པར་བྱ་བའི་ཕྱིར་དཀྱིལ་འཁོར་བརྟག་པར་བྱ་སྟེ། དེ་ནས་བུ་མོ་མེད་པར་རབ་ཏུ་དགའ་བའི་རྡོ་རྗེ་སློབ་དཔོན་བདག་ཉིད་འཇུག་པའི་ཆོ་ག ་རྗེས་སུ་སྤྱད་ལ་ཆོ་ག་རྣམས་བྱས་ནས། སྲིད་པའི་བདེ་བ་རྣམ་དག་ཕྱིར།། ཁྱོད་སྔོན་ཁྱིམ་ལ་དགའ་བའི་ཕྱིར།། འདོད་པ་ཀུན་གྱིས་དངོས་གྲུབ་ཅེས།། སེམས་ཅན་ཀུན་དོན་གྲུབ་ཕྱིར་བགྱིད་ཞེས་བྱ་བས་གསོལ་བ ་བཏབ་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་སློབ་མ་གཞུག་པར་བྱའོ།། སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །། དེ་ནས་སློབ་མ ་བསླབ་པའི་གཞི་ལྔ་ཡོངསུ་འཛིན་པ་འམ་དགེ་སློང་གི་སྡོམ་པ་ཡོངས་སུ་བླངས་པས་སྔར་བཤད་པའི་ཆོ་གས་རིག་པའི་སྔོ་པ་བཟུང་ལ་དེ་ནས་ངེས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་ག་ཙིཏྟ་ཨུཏྤཱ་དཱ་ཡ་མི་ཞེས་བྱ ་བ་ལས་སློབ་དཔོན་གྱིས་བྱང་ཆུབ་ཀྱི་སེམས་བསྐྱེད་དུ་གཞུག་གོ།། དེ་ནས་དེའི་སྙིང་གར་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས ་འདི་སྐད་བརྗོད་པར་བྱའོ།། དེང་ཁྱོད་དེ་བཞིན་གཤེགས་པས་བྱིན་གྱིས་བརླབ་པར་འགྱུར་གྱིས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་སྨྲ་བར་མ་བྱེད་ཅིག། དང ་པ་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ།། དེ་ནས་ཐོག་མ་ལྔ་བྱོ་བསྡུ་བ་བཅིངས་ལྷ་འདི་སྐད་ཅེས་བརྗོད་དོ།། སངས་རྒྱས་ཐམས་ཅད་བསྒྲུབ་པ་ཡི།། ཁྱེད་ཀྱིས་གསང་བའི་དམ་ཚིག་འདི།། སངས་རྒྱས་ཐམས ་ཅད་རབ་གྲུབ་བྱེད།། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། ཁྱེད་ཀྱི་རིགས་ཀུན་བཅོམ་བེར་འགྱུར།། ཨོཾ་མ་ཧཱ་སུ་ཁ་ཧ་ན་ཧ་ན་ས་མ་ཡ་མཱ་ཏི་ཀྲ་མ་སུ་ར་ཏསྟྭཾ། དེ་ནས་ཡོན་གྱི་མཆོག་བླངས་ལ་ཤར་ཕྱོགས་ཀྱི་སྒོ་ལ་བལྟས་ནས། ་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ་རབ་ཏུ་དགའ་བའི་རྡོ་རྗེའི་དམ་ཚིག་གི་ཕྲེང་བ་འཛིན་དུ་བཅུག་ལ་སློབ་མ་ཐམས་ཅད་གཞུག་པའི་ཆོ་གས་གཞུག་པར་བྱའོ།། དེ་ནས་ཞུགས་ནས་རྣོ་བར་འདི་སྐད་ཅེས་བསྟན ་བོར་བྱའོ།། ཆགས་བྲལ་གྱིས་འདུལ་འཇིག་རྟེན་ལ།། ཆགས་བྲལ་གྱིས་ནི་སྦྱོང་བར་བྱེད།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་སེམས་དཔའ་སྦས་པ་ཡིན།། འདོད་ཆགས་བྲལ་བ་འདྲ་བའི་སྡིག། སྡུག་བསྔལ་དངོས་པོ་གཞན་མེད་དེ།། དེ ་བས་འདོད་ལ་ཆགས་བྲལ་བ། ཁྱོད་ཀྱི་ནམ་ཡང་མ་བྱེད་ཅིག། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ངས་ཁྱེད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས ་ཅད་གྲུབ་པའང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ་དེ་ལྟ་བུའི་ཡེ་ཤེས་བསྐྱེད་པོར་བྱའོ།། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག།། དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན ་རང་ཉིད་ཀྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁྱ་ཐུར་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ་རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམ་ཚིག་རྡོ་རྗེ་ཡིན་གྱིས། དམ་ཚིག་ཡིན་གྱི་སྐུ་གལ་ཏེ་འགས ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ།། དེ་ནས་མ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མཱནའི་སྙིང་པོ་ལན་གཅིག་བཟླས་ལ་སློབ་མ་དེ་འཐུང་ངུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། སྙིང་ལ ་ཡང་དག་གཞུག་པར་མཛད།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐོག་ཏུ་དྲལ་ནས་གཤེགས།། བཛྲོད་ཀེ་ཋ། དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་ནས་བརྩམས་ཏེ་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ནི་ང་ཡིན་གྱིས་ངས ་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཁྱོད་ཀྱིས་བྱ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ། དེ་ནས་དེ་བཞིན་གཤེགས་པ་ཐམས། ་ཅད་ཀྱིས་བྱིན་གྱིས་རློབ་ལ་རྡོ་རྗེ་སེམས་དཔའོ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨོས་ཤིག་ཅེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་རེངས་པར་སེམས་མའི་རྡོ་རྗེ་བཅིངས་ལ་དེའི་སྙིང་གར་བཞག་སྟེ། འདི་སྐད་ཅེས ་བརྗོད་པརརོ་བྱའོ།། འདི་ནི་རྡོ་རྗེའི་དེ་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ཡིན་པར་བཤད།། རྡོ་རྗེ་ཡེ་ཤེས་བླ་མེད་ནི།། དེ་རིང་ཉིད་དུ་འབབ་པར་ཤོག། དེ་ནས་ཨཱ་བེ་ཤ་ཨ་ཞེས་བྱ་བ་འདི་ལན་བརྒྱ་རྩ་འདོན་དུ་གཞུག་གོ།། ཡང་གཡོན ་བའི་ཁྲོ་བོའི་ཁྭ་ཚུར་གྱིས་རྡོ་རྗེ་སེམས་མས་དྲལ་ལ། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛཱཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་ཨ་ཨ་ཨ་ཨ་ཨ་ཞེས་བྱ་བ་ལན་བརྒྱ་རྩ་ཟློས་སུ་བཅུག་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཀུན ་ཏུ་གང་བར་བསམ་པར་བྱ་སྟེ་དེས་ནི་འབབ་པར་ཕྱིར་པ་འམ། འདི་ལ་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་རོ།། དེ་ནས་མེ་ཏོག་དོར་ལ་ཕྲེང་བས་དབང་བསྐུར་བ་དང་། གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བསྟན་པ་དང་། ཕྱག་རྒྱ ་དགྲོལ་བ་རྣམས་སློབ་དཔོན་གྱི་ཚོ་གས་བྱའོ།། དེ་ནས་དེ་ཁོ་ན་ཉིད་ཆེན་མོ་བརྗོད་པར་བྱ་སྟེ་དེ་ནི་འདི་ཡིན་ནོ།། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་།། སེམས་ཅན་ཀུན་ལ་བདེ་རབ་སྩོལ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། འདོད་པ་འདི ་ནི་དམ་ཚིག་མཆོག། འདི་ནི་ཐོག་མ་ཐ་མ་མེད།། ནམ་མཁའ་ལས་བྱུང་མཚན་ཉིད་ཡིན།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་གཙོ།། འདི་ཉིད་ཁོ་ན་འགྲོ་བའི་སེམས།། བརྟན་བུས་སེམས་དཔའ་ཞེས ་བརྗོད་དེ།། མཉམ་པར་བཞག་པས་ཏིང་འཛིན་ཏེ། ངེས་པའི་ཕྱིར་ན་རྡོ་རྗེར་འགྱུར།། སེམས་དཔའི་བྱིན་རླབས་སྦྱོར་བ་ཡིས།། སླར་ཡང་རྡོ་རྗེ་སེམས་དཔར་འགྱུར།། འདི་ཉིད་ཐོགས་མཱའི་སེམས་དཔའ་སྟེ།། འདོད་པ་འགྲོ་བ་ཀུན ་གྱི་བདག། འདི་ཉིད་ཁོ་ནས་སངས་རྒྱས་ཉིད།། འདི་ཉིད་དེ་བཞིན་གཤེགས་པ་ཡིན།། འདི་ནི་ཁམས་གསུམ་ཐམས་ཅད་དེ།། དང་པོའི་སེམས་དཔར་ཡང་དག་བྱུང་།། ཆགས་བྲལ་གྱིས་མཐར་མུ་སྟེགས་རྣམས།། དེ་འདུལ་བ་ཡི ་དབང་གིས་འདི།། བཅོམ་ལྡན་རབ་སྦས་གསང་ཉིད།། བདེ་བར་གཤེགས་པ་མཛད་པ་ཡིན།། དེ་ནས་བཅོམ་ལྡན་འདས་བསྟན་པར་བྱ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་འདི་ནི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཡིན་ཏེ། སེམས ་ཅན་ཐམས་ཅད་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་དམ་ཚིག་ནི་འདི་ཡིན་ནོ།། ཞེས་དང་པོའི་སེམས་དཔའ་ནས་བརྩམས་ཏེ་དེ་བཞིན་གཤེགས་པའི་བར་དུ་དེ་རྣམས་ཁྱེད་ཀྱིས་བརྙས་པར་མི་བྱ ་ཞིང་ནམ་ཡང་ཡོངས་སུ་སྤང་བར་མི་བྱའོ།། འདི་ལ་བརྙས་པར་གྱུར་ན་ཁྱེད་ལ་ཉེས་པ་ཐམས་ཅད་མི་འབྱུང་བ་མ་ཡིན་ནོ།། དེ་ནས་ཡོན་གྱི་མཆོག་བླངས་ཏེ་སྣ་ཚོགས་པདྨ་དེ་བཞིན་དུ་བྲིས་ལྔ་སློབ་མོ་རྡོ་རྗེ་སེམས་དཔར་བྱིན ་གྱིས་བརླབས་ཏེ། པདྨ་དེར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོར་སྦྱོར་བས་བཞག་ལ་མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་རྡོ་རྗེ་ཁུ་ཚུར་གྱི་རྣམ་པར་རྒྱལ་བའི་བུམ་པཱ་ལས་ཆུ་བླངས་ལོ།། སློབ ་དཔོན་གྱི་ཆོ་གས་དབང་བསྐུར་བར་བྱའི་ཞིང་ཆུ་དོ་བླུད་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུང་ན་དངོས་གྲུབ་འགྱུར།། རྡོ་རྗེ་བདུད་རྩི་ཆུ་འཐུང་ཞིག། ་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུས་པའི་ནོང་སྨྲས་ན།། དད་པ་མེད་པར་བརྒད་པར་འགྱུར།། དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང་། ཅོད་པན་དང་། དར་དབྱངས་དང་། རྡོ་རྗེ་དང་བདག་པོ་དང ་མིང་གི་དབང་བསྐུར་བ་བྱིན་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བྱིན་ནས་དེ་ཁོ་ན་ཉིད་དང་ཆོས་དྲང་དམ་ཚིག་ཀྱང་སྦྱིན་པར་བྱའོ།། དེ་ནས་མེ་ཏོག་ལ་སོགས་པ་དང་རྡོ་རྗེ་མཚོན་ཆུ་ལ་སོགས་པ་ཕྱག་རྒྱུའི ་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་དེ་ཡང་དག་པར་མཆོད་ལ། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་ཞེས་བྱ་བྱས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་འདོན་དུ་བཅུག་ནས། བཤད་པར་བྱའོ།། དམ་ཚིག་ཆེན་པོ་ནི་སེམས ་དཔའ་ལ་བྱའོ།། དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བ་ཞེས་བྱ་སྟེ། བཅོམ་ལྡན་འདས་རབ་ཏུ་དགའ་བ་ལ་བསྐུལ་བས་དངོས་གྲུབ་ཀྱི་མཆོག་འདོད་པ་ཐམས་ཅད་མྱུར་དུ་འཐོབ་པར་འགྱུར་རོ།། དེ་བྱས་ན་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་ཅེས་བཤད ་དོ།། བཅོམ་ལྡན་འདས་འདི་ནི་ཁམས་གསུམ་གྱི་དབང་ཕྱུག་དང་པོའི་སེམས་དཔའ་ཉིད་ཡིན་པས་འདོད་པ་ཀུན་གྱི་དབང་ཕྱུག་སྟེ་མ་དུལ་བ་རྣམས་ལ་རྡོ་རྗེ་བསྙེམས་མའི་བདག་པོ་མཆོག་ཡིན་ནོ།། དེ་བས་ན་རྡོ་རྗེ་བསྙེམས་མའི ་དོན་ཉིད་དུ་བརྗོད་པར་བྱའོ།། བཅོམ་ལྡན་འདས་ཐོག་མ་ཐ་མ་མེད་པ་ཀུན་ཏུ་བཟང་པོའི་སྐུ་འགྲོ་བ་ཐམས་ཅད་ཀྱི་བདག་པོ་ཕྱག་ན་རྡོ་རྗེ་བསྣམས་མའི་བདག་པོ་དེ་རབ་ཏུ་དགའ་བའི་སྦྱོར་བས་རྡོ་རྗེ་འདི་འཆང་བར་མཛད་ཅིང་།། དེ་བཞིན ་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་ཡིན་ལ། གང་གི་ཚེ་རབ་ཏུ་དགའ་བས་གཟེངས་བསྟོད་པ་དེའི་ཚེ་འདི་ནི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཡིན་ཏེ་ཉོན་མོངས་པ་མེད་ཅིང་བདེ་བ་ཉིད་ཀྱིས། སངས་རྒྱས་ཀྱི་བྱང ་ཆུབ་ལ་སོགས་པ་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པར་འགྱུར་བ་ཡིན་ནོ།། དེ་ནས་འདིས་ནི་རབ་ཏུ་དགའ་བས་བསྟོད་པའི་ཕྱག་རྒྱ་བཅོམ་ལྡན་འདས་གཡོན་བསྙེམས་པའི་ཚུལ་གྱིས་འདོད་ཆགས་ལ་སྤྱད་པའི་སེམས་ཅན་རྣམས ་དབང་དུ་མཛད་ནས་མགུ་བར་མཛད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དགའ་བའི་སྦྱོར་བས་འགྲོ་བ་རྣམས་མགུ་བར་མཛད་པ་འོ་བའ་ཞིག་ཏུ་མ་ཟད་དེ། ཞི་བ་ཉིད་ཀྱིས་ཚུལ་གྱིས་འདུལ་བར་མི་ནུས་པ་རྣམས་ལ་འདིར་བསྙེམས་མའི ་ཚུལ་ལ་ཡང་སྦྱོར་བར་མཛད་དོ།། བསྙེམས་མ་འབའ་ཞིག་གི་འདུལ་བར་མི་ནུས་པ་ལ་འདིའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་བསྙེམས་མའི་བདག་པོར་གྱུར་ནས་འཇིག་རྟེན་གྱི་ཁྱམས་ཐམས་ཅད་དུ་ཡང་འདུལ་བར་སྤྱོད་པའོ།། ་དེའི་ཕྱག་རྒྱ་བཙོངས་ལ་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ་ཞེས་བརྗོད་པར་བྱའོ།། དེ་ནས་དེ་རྣམས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ།། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་འདི་རྣམས་ནི ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེའི་ཡན་ལག་ཡིན་ལ་འདི་ནི་བཅོམ་ལྡན་འདས་ཀྱི་འདོད་ཆགས་ཀྱི་ཡན་ལག་གི་ཐུགས་འབྲིབས་པར་བྱེད་པས་ན་མཆོད་ཆའི་སྙིང་པོའོ།། གླུཡས་ན་རབ་ཏུ་དགའ་བའི་སྦྱོར་བྱས། བདེ་བ་ཆེན ་ལོའི་རྒྱབ་ནས་ཆགས་པའི་འཆིང་བས་ཆུ་སྲིན་ལྟ་བུ་ཡིན་པས་ན་ཆུ་སྲིན་གྱི་རྒྱལ་མཚན་ནོ།། གཡོན་ན་ནི་བསྙེམས་པས་དབང་དུ་བྱེད་པས་ན་དབང་དུ་བྱེད་པ་སྟེ། འདི་རྣམས་ནི་རབ་ཏུ་དགའ་བའི་མཆོད་བའོ།། མེ་ཏོག་མ་ལ ་སོགས་པ་དང་སྒེག་མོ་ལ་སོགས་པ་འདི་དག་ནི་རྡོ་རྗེ་རྣམ་པར་རྩེ་མ་སྟེ། འདི་དག་ནི་མིག་གི་ཆགས་པའོ།། རྩེ་བའི་ལྕགས་ཀྱུ་ལ་སོགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་འདིར ་དེ་ཞུགས་ན་འདི་ནི་སངས་རྒྱས་ཉིད་ཀྱང་འཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་མཆོག་ཡིན་པའི་ཕྱིར་རོ།། དེ་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ ་ཆེན་པོ་ལ་སོགས་པ་བཅིང་བའི་སྦྱོར་བ་བཞི་ཇི་ལྟ་བ་བཞིན་དུ་བརླབ་པར་བྱའོ།། ལྷའི་རྣལ་འབྱོར་དུ་བྱས་ལ་སྭ་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མ་ཞེས་བྱ་བ་དང་། རང་གི་དམ་ཚིག་གི་ཕྱག་རྒྱས་བདག་ཉིད་ཇི་ལྟ་བ་བཞིན་དུ་བྱིན་གྱིས ་བརླབས་པར་བྱ་ལ་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་འདི་སྐད་ཅེས་བརྗོད་པར་བྱའོ།། ཊཀྐི་ཧཱུཾ་ཛཿཞེས་བྱ་བས་རྡོ་རྗེ་ཚིག་གི་བཟླའོ།། འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་གནང་བ་རབ་ཏུ་བསྟན་པར ་བྱའོ།། དེ་ནས་རྡོ་རྗེ་དེ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ཊཀྐི་ཛོཿཧོ། དེ་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་རོ།། དེ་ནས་རྡོ་རྗེ་ཡིད་ལས་བྱུང ་བོ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཇི་ལྟར་བྲིས་པ་དང་རྗེས་སུ་མཐུན་པ་བཞིན་དུ་བསླབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་ལ་ཡང་བསླབ་པར་བྱའོ།། གང་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་ལ་དད ་པ་དེ་རྣམས་ལ་ཡང་འདིར་དེ་བཞིན་གཤེགས་པ་ལ་སོགས་པའི་རང་གི་དམ་ཚིག་ལ་སོགས་པས་འགྲུབ་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་དེ ་བཞིན་གཤེགས་པ་ཐམས་ཅད་ལ་ཅི་ནུས་པར་མཆོད་ཅིག་ཅེས་བསྒོ་ལ། སློབ་མ་ཐམས་ཅད་ཅི་ནུས་པར་མཆོད་པ་བྱེད་དུ་གཞུག་གོ།། དེ་ནས་ཁ་ཟས་དང་སྤྱོད་ལམ་ཐམས་ཅད་ཀྱིས་སློབ་མ་ནས་ཚིམ་པར་བྱས་ལ་ཕྱག་རྒྱ་དང ་ཕྱག་རྒྱའི་ལན་ཐམས་ཅད་ཀྱིས་གར་གྱི་མཆོད་པ་བྱའོ།། དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་དམ་དུ་བཅིངས་ལ་བཛྲ་མུཿཞེས་བྱ་བས་རང་གི་གནས་སུ་ཕྱག་རྒྱ་དགྲོལ་བའི་བསམ་པས་དགྲོལ་བར་བྱའོ།། དེ་ལྟར་ཕྱག་རྒྱ་དཀྲོལ ་ནུས་བཅོམ་ལྡན་འདས་གཤེགས་པར་བྱ་བའི་ཕྱིར་བསྐུལ་བར་བྱའོ།། ཐོག་མཐའ་རབ་དགར་རག་ལས་པ།། འགྲོ་བུ་ཐམས་ཅིད་འདི་ཡིས་མཐུས།། སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར།། སླར་ཡང་བྱོན་པར་མཛད་དུ་གསོལ ་ཞེས་བྱ་བ་བརྗོད་དེ། དེ་ནས་ཨོཾ་མ་ཧཱ་སུ་ཁ~ཾ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསྥུ་ར་ཏཱསྟྭཾ་མུཿཞེས་བྱ་བ་བརྗོད་ལ་སྙིམ་པའི་མེ་ཏོག་གྱེན་དུ་གཏོར་བར་བྱའོ།། དེ་ལྟར་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སུ་གསོལ་བར ་འགྱུར་རོ།། དེ་ནས་སྤྲུལ་པ་རྣམས་ཇི་ལྟ་བ་བཞིན་དུ་བསྡུ་བ་བྱས་ལ་འདོད་ཅཀྲེཆེན་པོ་ནི་ཞེས་བྱ་བ་ལ་སོགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་གདོན་པར་བྱའོ།། དེ་ནས་རྡོ་རྗེ་སྲུང་བ་ལ་སོགས་པས་བསྲུང་བ་བྱས་ལ། ཨོཾ ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་རང་ཉིད་ཀྱིས་དབྱི་བར་བྱའོ།། གང་དུ་ཁྱད་པར་གྱི་ཆོ་ག་མེད་པར་དེར་དཀྱིལ་འཁོར་ཆོ་ག་གཞན་དག་ལ་ཡང་ཆོ་ག་འདི་བཞིན་དུ་ཤེས་པར་བྱའོ།། སློབ་མ ་གཞུག་པའི་ཆོ་ག་རྒྱས་པ་རྫོགས་སོ།། །། དེ་ལྟར་སློབ་དཔོན་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན ་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསྟན་པར་བྱའོ།། ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར་དེ་ལྟར་བཅོམ་ལྡན་འདས་དོན་ཡོད་པ་ཐོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་འདས་མ ་ཐག་པ་སྟོན་པའི་ཚིག་གོ། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་སྟེ་དེས་འོད་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ།། དོན་ཡོད་པ་ཞེས་བྱ་བ་ལ་སོགས་པཱ་ལ་དེ་ལ་དོན་ཡོད་པ་ནི་འདོད་པའི་འབྲས་བུ་ངེས་པར ་གསོལ་བའོ།། འདོད་པའི་འབྲས་བུ་སྩོལ་བར་མཛད་པའི་དོན་ལ་བཟློག་པར་མི་ནུས་པས་ན་ཐོགས་པ་མེད་པའོ།། མྱུར་དུ་གྲུབ་པ་ནི་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་པ་ཉིད་དུ་གྲུབ་པའོ།། དེའི་ཆོ་ག་ནོ་རྫོགས་པར ་བྱེད་པའི་རྒྱུ་ཏེ་གལ་ཏེ་བསྒྲུབ་པར་འདོད་ན་ཞེས་བྱ་བ་ལ་སོགས་པ་གང་བཤད་པའོ།། ཆོ་ག་དེའི་རྒྱས་པར་ནི་ཡུལ་རྣམ་པ་སྣ་ཚོགས་དང་ལྡན་པར་གྱུར་པའི་གསང་བའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ་རང་རང་གི ་ཕྱག་རྒྱས་རབ་ཏུ་བསྒྲུབས་ནས་དྲུག་ལྡན་ལ་སོགས་པ་སྙན་པའི་གླུ་དང་བཟླས་པའི་དོན་གྱིས་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒྲུབ་པར་བྱའོ།། ཞེས་འོག་ནས་རྗེས་ཐོག་ཉིད་སྟོན་པར་འགྱུར་བའོ།། དེའི་དམ་ཚིག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི ་ངོ་བོ་ནི་རྡོ་རྗེ་དང་འདྲ་བ་སྟེ་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་ཆོ་ག་རྣམ་པར་གནོན་པ་དེ་གང་ཡིན་པ་དེ་མཛད་པ་སྟེ། དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་གྱིས་སེམས་ཅན་གྱི་དོན་རྫོགས་པར་མཛད་པ་ཐུགས་རྩེ ་གཅིག་པ་ནི་ཏིང་ངེ་འཛིན་ཏོ།། དེའི་ཆོ་ག་ནི་རྡོ་རྗེ་སེམས་དཔའ་ལ་སོགས་ཐུགས་རྗེ་འགྲོ་བའི་དོན་མཛད་པ་སྟེ་དེ་ནི་རྣམ་པར་གནོན་པའོ།། འདི་སྐད་སྟོན་ཏེ་རྡོ་རྗེ་སེམས་དཔའི་སྐུ་བསྐྱེད་ནས་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་རྡོ་རྗེ་སེམས ་དཔའ་ལ་སོགས་པའི་ཏིང་ངེ་འཛིན་ལ་ངེས་པར་སྦྱར་བར་མཛད་དོ།། འདི་གསུངས་སོ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་རྗེས་ཐིགས་ལ་སྟོན་པའོ།། སུ་ཞིག་གིསྟེ་ཇི་སྐད་གསུངས་ཞེ་ན་རྡོ་རྗེ་འཆང་ཆེན་པོས་སོ་ཞེས་གསུངས ་པཱ་ཡིན་ནོ།། བདེ་བ་ཆེན་པོ་རབ་གྲུབ་ཕྱིར་ཞེས་བྱ་བ་ནི་སྤྱོད་པ་རྒྱ་ཆེན་པོ་དང་ལྡན་པའི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་རྣམ་པར་ཐར་པ་མངོན་སུམ་དུ་བྱ་བའི་ཕྱིར་རོ།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར་ཞེས་བྱ་བ་ནི་སྦྱིན ་གྱི་འཕེན་ཤུགས་ཀྱིས་གཟུགས་ཐམས་ཅད་སྟོན་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་མཛད་པ་ནི་འདོད་ཆགས་ཆེན་པོ་རྣམ་པར་དག་པ་སྟེ་དེའི་དོན་ཏོ།། རྡོ་རྗེ་སེམས་དཔའི་སྒྲུབ་པ་ནི་ཞེས་བྱ་བ་ནི་བཤད་མ་ཐག་པའི་དེ་བཤད་པར ་བྱའོ།། མྱུ་ར་དུ་ནི་རིངས་པར་རོ།། རྟག་ཏུ་བརྟན་པ་སྟེ་འཁོར་བ་ཇི་སྲིད་ཀྱི་བར་དུ་གནས་པའོ།། ཇི་སྲིད་གནས་ཞེས་བྱ་བ་ལ་འདིར་འཁོར་བན་འཁོར་པ་སྟེ་སྣོད་ཀྱི་འཇིག་རྟེན་ནོ།། དེ་གནས་པ་ནི་ཕྱི་མའི་མཐ ་ཐུགས་པ་མེད་པར་བཞུགས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་འཁོར་བར་བཞུགས་པའོ།། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ།། ཇི་སྲིད་ཅེས་བྱ་བ་ནི་བརྗོད་པར་འདོད་པའི་དོན་མ་ལུས་པ་སྟོན་པར་བྱེད་པའི ་ཚིག་སྟེ། དེ་སྲིད་སེམས་ཅན་དོན་མཛད་པ་ནི་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་དེ་སྙེད་ཅིག་ཁོ་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་བརྐྱང་བས་སངས་རྒྱས་ཉིད་སྩོལ་བས་འདོན་པར་མཛད་དོ།། འདི་སྐད་སྟོན་ཏེ་ཇི་སྲིད་ཁོ ་ན་མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་འཁོར་བར་བཞུགས་པར་མཛད་པ་དེ་སྲིད་ཁོ་ནས་བྱང་ཆུབ་སེམས་དཔའ་རྣམས་སྔོན་གྱི་འཕེན་ཤུགས་ཀྱིས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་བརྐྱང་བར་མཛད་པ ་ལ་སེམས་ཅན་གྱི་ཁམས་དཔག་ཏུ་མེད་པའི་འཁོར་བའི་རྒྱ་མཚོ་ཆེན་པོ་ལས་གདོན་པར་མཛད་པའོ།། མྱ་ངན་ལས་འདས་ཞེས་བྱ་བ་ལ་སོགས་པ་ནི་ཉན་ཐོས་དང་རང་སངས་རྒྱས་ལྟར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས ་འདས་པས་ཡོངས་སུ་མྱ་ངན་ལས་འདས་ན་འཁོར་བ་ཕྱི་མའི་མཐར་ཐུག་པ་མེད་པར་སེམས་ཅན་གྱི་དོན་ཤིན་ཏུ་བྱེད་པར་མི་ནུས་སོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་སྒྲིབ་ཅེས་བྱ་བ་གསུངས་ཏེ། ཉན་ཐོས་དང་། རང་སངས ་རྒྱས་ཀྱི་བྱང་ཆུབ་ལ་སྒྲིབ་ཅིང་བགེགས་པ་འདི་ལ་མངའ་བས་ན་བྱང་ཆུབ་སྒྲིབ་སྟེ་འདིས་བསྒྲིབས་པས་ན་སྒྲིབ་པའོ།། ཤིན་ཏུ་མི་སྣང་བར་གྱུར་པས་ན་དེའི་ཕྱིར་མྱ་ངན་ལས་འདས་པར་གྱུར་པས་འགྲོ་བའི་དོན་བྱེད་མི་ནུས་པའོ།། ་དེ་བས་བྱང་ཆུབ་སེམས་དཔའ་མི་གནས་པའི་མྱ་ངན་ལས་འདས་པར་བསྒྲུབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་ལམ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པས་བསྒོམ་པར་བྱའོ་ཞེས་སྟོན་པ་ཡིན་ནོ།། དེ་ཉིད་ཀྱིས་ན་ཞེས ་བྱ་བ་ལ་སོགས་པ་ལན་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་ཤིན་ཏུ་མི་སྣང་བར་གྱུར་ན་སེམས་ཅན་གྱི་དོན་བྱེད་མི་ནུས་སོ།། རྒྱུ་དེས་ན་བྱང་ཆུབ་སེམས། ་དཔའ་དམ་པ་རྣམས་ཀྱི་ཕྱི་མའི་མཐར་ཐུག་པ་མེད་པའོ།། འཁོར་ཇི་སྲིད་པའི་བར་དུ་འཁོར་བར་གནས་ཤིང་འདོད་པོ་དང་གཟུགས་མེད་པའི་སྲིད་པ་ཡོངསུ་མྱི་འདོར་བར་འཁོར་བའི་ཚུལ་གྱིས་མྱི་གནས་པའི་ཚུལ་གྱིས་མི ་གནས་པར་མྱ་ངན་ལས་འདས་པའི་ངོ་བོས་སེམས་ཅན་གྱི་དོན་ཉིད་ཅེས་པ་སེམས་ཅན་གྱི་དོན་གྱི་ཕྱིར། འཁོར་བྱ་ཡོངས་སུ་མི་འདོར་བར་བཞེད་ཅིང་ཡོང་སུ་འདོད་པ་ཡིན་ནོ།། དངོས་པོ་ལ་མངོན་པར་ཞེན་པ་ནི་མ་ཡིན་ནོ།། ་འོ་ན་ཇི་ལྟར་ཞེ་ན་ཐམས་ཅད་དག་པའི་མཆོག་ཆོས་ཅན་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཅེས་བྱ་བའི་སྒྲས་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་ལ་བྱ་བར་བཤད་དོ།། དེ ་རྣམས་ཀྱི་དག་པ་ནི་ཐམས་ཅད་ནི་དགྲ་པ་སྟེ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ།། དེ་ཉིད་ནི་མཆོག་ཆོས་ཏེ་དེ་གང་ལ་ཡོད་པ་ནི་ཐམས་ཅད་དག་པའི་མཆོག་ཆོས་ཅན་ཞེས་བྱ་སྟེ། རྣམ་པར་རྟོག ་བ་ཐམས་ཅད་དང་བྲལ་བ། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་ནོ་ཞེས་སྟོན་པ་ཡིན་ནོ།། གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་འཁོར་བར་ཇི་སྲིད་པར་གནས་ཏེ་ཕྱི་མའི་མཐར་ཐུག་པ་མེད་པའི་སེམས་ཅན ་གྱི་དོན་མཛད་པར་གྱུར་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པས་ཀྱང་དེ་ལྟ་བུའི་སེམས་ཅན་གྱི་དོན་བྱེད་པར་གྱུར་པས། གསང་སྔགས་ཀྱི་སྤྱོད་པ་ཅི་ཞིག་བྱ་ཞེས་དེ་ལྟར་རྟོག་པར་འགྱུར་བ་དག་ཡོད་པས་དེའི་ཕྱིར། དེ ་ལྟར་ཡིནྡ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཕྱག་རྒྱ་ཆེན་པོ་ཉིད་དམ་རྡོ་རྗེ་འཆང་བ་ཉིད་ལ་སོགས་པའི་འཐོབ་པའི་མཚན་ཉིད་ཅན་གྱི་སེམས་ཙན་གྱི་དོན་དུ་འགྱུར་ཏེ། དེ་ལྟ་བུར་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་སྦྱིན་པོའི་ཕ ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདིས་ཚེ་འདི་ཉིད་ལ་ཐོབ་པར་མི་འགྱུར་བའོ།། རང་གི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་བྱང་ཆུབ་སྟེ། དེའི་དྲོན་གྱི་སྤྱོད་པ་ནི་བྱང་ཆུབ་ཀྱི་སྤྱད་པའོ།། དེ་ཡང་འཁོར་གསུམ་ཡོངས་སུ་དག་པའི་ཕ་རོལ་ཏུ ་ཕྱིན་པ་བཅུའི་སྤྱོད་པའོ།། དེ་རྣམས་ཀྱི་མཆོག་ནི་ཕུལ་དུ་བྱུང་བར་གནས་པ་སྟེ། དེ་ལ་ཡོད་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནི་བྱང་ཆུབ་སྤྱོད་མཆོག་བྱང་ཆུབ་སྤྱོད་མཆོག་ཀྱང་ཡིན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡང ་ཡིན་པས་ན་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ།། ཇི་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་སྒྲུབ་པས་དེ་བཞིན་གཤེགས་པ་ཉིད་དམ། རྡོ་རྗེ་འཆང་ཉིད་ལ ་སོགས་པ་ཐོབ་པའི་མཚན་ཉིད་ཅན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་འགྲུབ་པར་འགྱུར་བ་དུ་ལྷོར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་དེ་རྣམས་ཀྱིས་འགྲུབ་པར་མི་འགྱུར་རོ།། ཇི་ལྟར་གསང ་སྔགས་ཀྱི་ཚུལ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཉིད་དོམ། རྡོ་རྗེ་འཆང་ཉིད་ལ་སོགས་པ་ཐོབ་པའི་མཚན་ཉིད་ཅན་གྱི་སེམས་ཅན་གྱི་དོན་དུ་འགྱུར་བ་དེ་ལྟར་སྦྱིན་པའི ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་རྣམས་ཀྱིས་ཀྱང་ཅིའི་ཕྱིར་མི་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དེ་བཞིན་གཤེགས་པ་རྣམས་ཀྱིས་འདུལ་བར་མི་འགྱུར་བ་དེ ་ནི་དེ་བཞིན་གཤེགས་པས་མི་འོདུལ་བ་སྟེ། དེ་བཞིན་གཤེགས་པ་མཐོང་བའི་སྐལ་བ་མེད་པའི་སེམས་ཅན་རྣམས་སོ།། མི་འདུལ་པོ་དེ་རྣམས་ལ་སེམས་ཅན་གྱི་དོན་སངས་རྒྱས་ཉིད་དུ་བྱ་བ་ལ་སོགས་པའི་དེ་བཞིན་གཤེགས ་བ་མི་མཛད་དོ།། ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ནི་མི་འདུལ་བ་རྣམས་ལ་སེམས་ཅན་གྱི་དོན་མཛད་དོ།། དེ་བས་ན་ཅི་ཞིག་ཏུ་ངེས་ཞེ་ན་ཇི་ལྟར་སྔགས་ཀྱི་ཚུལ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི ་དངོས་གྲུབ་བསྒྲུབས་པས། ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ལྔ་སོགས་པ་བསྐྱེད་པར་བྱེད་དོ།། དེ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་སྤྱོད་པའི་མཆོག་གིས་ནི་དེ་ལྟར་མི་འགྱུར ་རོ།། གསང་སྔགས་ཀྱི་ཚུལ་ལ་ཡང་དེ་དང་འདྲ་མོད། ཅིའི་ཕྱིར་དེ་ལྟར་མི་འགྱུར་ཞེ་ན་འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་གི་ཕྱིར་འདི་ནི་གོསང་སྔགས་ཀྱི་ཚུལ་ལ་སྐལ་པོ་དང་མི་ལྡན་པ་རྣམས་ཀྱིས་ཀྱང་དཀྱིལ ་འཁོར་ལ་སོགས་པ་མ་མཐོང་བའི་ཕྱིར་མི་ལྡོག་པའི་བག་ཚོགས་བསྐྱེད་པས་ཕུལ་དུ་བྱུང་བས་ཚེ་འདི་ཉིད་ལ་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་དེ་རྣམས་གྲུབ་པའི་ཕྱིར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རབ་ཏུ ་གྲུབ་ཅིང་རྫོགས་པ་ཡིན་ནོ།། དེ་བས་ནོ་འདི་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ད་ལྟར་བྱུང་བར་ངོ་བོ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་དུ་གྲུབ་པ་ཡིན་ནོ།། དུས་ཐམས་ཅད་ཁོ་ནར་ཇི་ལྟར་མངོན ་པར་འདོད་པའི་དངོས་གྲུབ་རབ་ཏུ་སྟེར་ཞིང་ཐམས་ཅད་བྱེད་པ་ཡིན་ནོ།། དེ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་གང་གི་ཕྱིར་གསང་སྔོགས་ཀྱི་ཚུལ་འདི་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མཐོང་བ་ལ་སོགས་པའི་སྟོབས་ཀྱིས ་དུས་ཐམས་ཅད་དུ་གདུལ་བྱ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་རབ་ཏུ་གསོལ་བར་མཛད་།། དེ་བས་ན་སྔགས་ཀྱི་ཚུལ་ལས་གསུངས་པའི་སྒྲུབ་པ་འདི་ནི་སྒྲུབ་པའི་དངོས་གྲུབ་མྱུར་དུ་གྲུབ་པར་བྱེད་པར་བཤད་དོ།། ་འདི་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན་དངོས་གྲུབ་ཤིན་ཏུ་རྟག་པ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཉིད་དང་། རྡོ་རྗེ་འཆང་བ་ཉིད་ལ་སོགས་པའི་རང་བཞིན་ཅན་གྱིས་མངོན་པར་འདོད་པའི་དངོས་གྲུབ་ཚེ་འདི་ཉིད་ལྔ ་ཤིན་ཏུ་རྟག་པའི་དངོས་གྲུབ་ཀྱི་རྒྱུར་གྱུར་པའི་ཕྱིར་དངོས་གྲུབ་ཤིན་ཏུ་རྟག་པ་ཡིན་ཞེས་སྨྲའོ།། ཡང་ཅིའི་ཕྱིར་དངོས་གྲུབ་ཀྱི་རྒྱུར་གྱུར་པ་ལ་སྒྲུབ་པའི་སྒྲར་བརྗོད། གྲུབ་པ་ཉིད་ནི་མ་ཡིན་ཞེ་ན། གང་གིས་སྲིད་པ་འདི་ཉིད་དུ་ཤིན་ཏུ་རྟག་པའི ་དངོས་གྲུབ་ཐོབ་པའི་རྗེས་ཐོགས་ཉིད་ལ་བཤད་པའི་ཕྱིར་ཏེ། གང་གིས་ཞེས་བྱ་བ་ནི་གྲུབ་པ་གང་གིསོ།། སྲིད་པ་འདི་ཉིད་དུ་ཞེས་བྱ་བ་ནི་སྐྱེ་བ་གང་ལ་བསྒོམ་པ་ལ་མངོན་པར་བརྩོན་པ་བྱས་པ་དེ་ཉིད་ལ་གྲུབ་པ་སྟེ། སངས་རྒྱས་ཉིད་དམ ་རྡོ་རྗེ་འཆང་ཉིད་གྲུབ་པར་འགྱུར་བའོ།། ཁྱད་པར་ཇི་ལྟ་བུ་ཞེ་ན་ཤིན་ཏུ་རྟག་པ་ཞེས་བྱ་བ་སྟེ་ཕྱི་མའི་མཐའ་མེད་པར་གནས་པའོ།། དཀྱིལ་འཁོར་དག་ཏུ་མ་ཞུགས་ཀྱང་ཞེས་བྱ་བ་འདི་ནི་འོག་ནས་སྟོན་པའི་སྒྲུབ་པའི་བདག་ཉིད་ཆེ་བ་སྟོན ་པ་སྟེ་ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱས་དཀྱིལ་འཁོར་དུ་མ་ཞུགས་པ་ནི་དཀྱིལ་འཁོར་དུ་མ་ཞུགས་པའོ།། ཀྱང་ཞེས་བྱ་བའི་སྒྲས་ནི་དཀྱིལ་འཁོར་དུ་ཞུགས་པ་རྣམས་ནི་ཤིན་ཏུ་ཡང་འགྲུབ་པར་འགྱུར་རོ།། ་ཞེས་སྟོན་ཏོ།། དམ་ཚིག་རྣམ་པར་སྤངས་པའམ་ཞེས་བྱ་བོ་ནི་དམ་ཚིག་མི་ཤེས་པའི་མདུན་དུ་སྔགས་དང་ཕྱག་རྒྱ་སྟོན་པ་ནི་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པས་སྤངས་པས་ན་དམ་ཚིག་གི་སྤངས་པའོ།། དེ་ཡང་གལ ་ཏེ་འོག་ནས་ཇི་སྐད་དུ་བཤད་པ་བཞིན་དུ་གྲུབ་པར་བྱེད་ན། བསྒོམས་པའི་སྟོབས་ཀྱིས་དངོས་གྲུབ་ངེས་པར་ཐོབ་པར་འགྱུར་ན། བསམ་གཏན་དང་ལྡན་ཞིང་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱས་ཞུགས ་བ་ལྟ་སྨོས་ཀྱང་ཅི་དགོས། སྲིད་པ་འདི་ལས་མྱུར་དུ་འགྲུབ་ཅེས་བྱ་བ་ནི། དེས་སྐྱོ་བ་གང་ལ་སྒྲུབ་པར་བརྩམས་པ་སྐྱེ་བ་དེ་ཉིད་ལས་འགྲུབ་པ་དེས་མྱུར་བ་ཉིད་དུ་འགྲུབ་པར་འགྱུར། བསོད་ནམས་མེད་ཀྱང་ཐམས་ཅད་དུ་ཞེས་བྱ་བ་ལ ་དག་པར་བྱེད་པས་ན་བསོད་ནམས་ཏེ་མ་ཆགས་པ་དང་ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་སྤྱོད་པས་སྦྱོང་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། དེ་འདི་ལ་ཡོད་པ་མ་ཡིན་པས་མེད་པའོ།། ཀྱང་ཞེས་བྱ་བའི་སྒྲས་ནི་གང་གི་ཕྱིར། ་བསོད་ནམོས་དང་མི་ལྡན་པ་ཡང་རིགས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཇི་སྐད་བཤད་པ་ཐམས་ཅད་ཆེ་འདི་ཉིད་ལ་མྱུར་དུ་འགྲུབ་པར་འགྱུར་བས། བསོད་ནམས་དང་ལྡན་པ་རྣམས་ནི་ཤིན་ཏུ་ཡང་མྱུར་དུ་འགྲུབ་པར་འགྱུར་རོ་ཞེས ་སྟོན་ཏོ།། གལ་ཏེ་དངོས་གྲུབ་བསྒྲུབ་འདོད་ན་ཞེས་བྱ་བ་ནི། ཇི་སྲིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་འདོད་པར་གྱུར་ནའོ།། རྟག་ཏུ་ཡུལ་དང་ལྡན་གྱུར་ན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དབའ་ལ་སོགས་པའི་སྒྲུབ་པ་པོས། ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོར་བསྐྱེད་དོ་ཞེས་བྱ་བའི་དོན་ཏོ།། ཅི་ཞིག་བྱས་ནས་སྤྱད་པར་བྱ་ཞེ་ན་ཡང་དག་མཆོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ནས་ཡེ་ཤེས་སེམས་དཔའ ་རང་གི་ལུས་ལ་བཅུག་ལ་རང་གི་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ཏེ་བྱིན་གྱིས་བརླབས་ཏེ་དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ནས་རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་བཞིས་མཆོད་ལ ་ཀ་ཀ་ལྱ་དང་། དྲུག་ལྡན་ལ་སོགས་པ་གླུའི་ཁུགས་ཐམས་ཅད་ཀྱིས་ཇི་སྐད་བཤང་བཞིན་དུ་ཇི་ལྟར་མངོན་བྱར་འདོད་པས། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་སྒྲ་ཟློས་ཤིང་དོན་ལ་དམིགས་པའི་སྒོ་ནས ་ནུས་པར་བྱའོ།། ཅི་ནུས་པར་ཞེས་བྱ་བ་ནི་བདག་ཉིད་ཀྱི་ནུས་པ་དང་རྗེས་སུ་མཚམས་པས་སྔགས་ཟློས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བདག་ཉིད་བསྐྱེད་ལ་བསྒྲུབ་པར་བྱའོ།། འདི་ཡིས་ཞེས་བྱ་བ་ནི་ཟློས་པའི་ཆོ་གས་སོ།། ་འདོད་པ་ཀུན་གྱི་དབང་ཕྱུག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ལྷ་ཐམས་ནཱད་ཀྱི་ཏིང་ངེ་འཛིན་འདོད་པ་ཙམ་གྱིས་མངོན་སུམ་དུ་བྱེད་པོར་ནུས་པའོ།། དེ་ལ་ཇི་ལྟར་མངོན་པར་འདོད་པའི ་ཕྱོགས་ཀྱི་བདག་པོ་ཞེས་བྱ་བ་ནི་ཕྱོགས་དེ་ནས་འདིར་སྟེང་དུ་ཡང་འགྲོ་བ་སྟེ་དེ་ལྟ་བུའི་བསམ་པ་ཙམ་གྱིསོ།། གླང་གི་ཕྱིར་དེ་ལྟར་ཡིན་པས་ངེས་ན་བཤད་མ་ཐག་པའི་དངོས་གྲུབ་ཐམས་ཅད་ཀྱི་བདག་པོ་གཙོ་བོ་གྲུབ་པའོ།། རྡོ་རྗེ ་སེམས་དཔའ་ལ་སོགས་པོའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས་ཀྱིས་རྒ་ཤི་ན་མེད་པར་འགྱུར་བའོ།། མཆོད་སྦྱིན་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། བདེ་བ་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་འགྲུབ་པའི་རྣལ་འབྱོར ་པ་ནི། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་གྲུབ་པའོ།། ངེས་མཛེས་པས་ན་ཕྱག་རྒྱ་ཆེན་པོ་སྟེ་བདེ་བ་ཆེན་པོའོ།། རྡོ་རྗེ་གྲུབ་པ་ཡང་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ན་བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོའོ།། དེ་བཞིན ་གཤེགས་པ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའོ།། དེ་བཞིན་གཤེགས་པ་ལ་སོགས་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས ་གྲུབ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དེ། དེ་གདུལ་བྱ་རྣམས་ལ་སྩོལ་བར་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་སྩོལ་བའོ།། རྡོ་རྗེ་འཆང་ཆེན་པོ་བྱང ་ཆུབ་སེམས་དཔར་གྲུབ་པར་གྱུར་པ་ནི་སེམས་ཅན་གྱི་དོན་རྫོགས་པར་མཛད་པའོ།། འདི་སྐད་སྟོན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དབའི་རྣལ་འབྱོར་བྱས་ལ་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་བཅུག་སྟེ། བདག་ལ་བྱིན ་གྱིས་བརླབ་པ་དང་། དབང་བསྐུར་བ་དང་དངོས་གྲུབ་ཀྱི་རྡོ་རྗེའི་བརྟུལ་ཞུགས་ཀྱི་བར་དུ་ཇི་ལྟ་བ་བཞིན་དུ་རྗེས་སུ་སྤྱད་ལ། རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་མཆོད་ལ་དེ་ཁོ་ན་ཉིད་དང་། ་ཆོས་དང་དམ་ཚིག་གིས་བཟུང་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས ་པ་བཟླས་པར་བྱ་བའི་སྙིང་པོ་རང་གི་སྙིང་གརཪྵ་གནས་པའི་རྡོ་རྗེའི་དབུས་སུ་ཡིད་ཀྱི་བྲིས་ལ། ཀ་ཀ་ལྱ་དང་དྲུག་ལྡན་ལ་སོགས་པའི་བཟླས་པའི་དོན་ཅི་ནུས་པས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ།། བདག་ལ་བྱིན་གྱིས་བརླབས་པ་ལ ་སོགས་པ་དང་པོར་ལན་གཅིག་བྱས་ནས་ཇི་སྲིད་ཉིན་རེ་ལ་བདག་ཉིད་རྡོ་རྗེ་སེམས་དཔར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཆུ་ལུགས་འཛིན་པའི་རྣལ་འབྱོར་པ་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའི་རིག་པའི་བརྟུལ་ཞུགས་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལ་གསུངས་པ་སྤྱོད་པར་བྱའོ།། དེ་ནས་དཀྱིལ་འཁོར་བྱིས་ལ་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བསྒོམ་པར་བྱས་ན་རྡོ་རྗེ་འཛིན་པོ་ཆེན་པོ ་ངང་འདྲ་བའི་བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་སྒྲུབ་པ་པོ་དེ་བཞིན་གཤེགས་པའི་དངོས་གྲུབ་ཀྱི་མཆོག་གྲུབ་པར་འདོད་ན། སྒྲུབ་པོ་པོ་དེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་ཕྱག་གཉིས་ཀྱི་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བ་རཱས་རིས་ཀྱི་དབུས་སུ་འདིར་གཞུག་གོ།། ངོས་ཐམས་ཅད་དུ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ ་ལོས་གསུངས་པའི་སངས་རྒྱས་ཀྱི་སྐུ་གཟུགས་བརྒྱད་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བསྐོར་བར་བྲི་བར་བྱའོ།། དེའི་མདུན་དུ་ཞེས་བྱ་བ་ལ་སོགས་པ་ལ་རས་རིས་དེའི་མདུན་དུ་རྣལ་འབྱོར་པ་ནུབ་ཏུ་བལྟས་ཏེ་བྱང ་ཆུབ་མཆོག་གི་ཕྱག་རྒྱུ་བཅིངས་ལ། ཨོཾ་མཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དམ་ཚིག་གི་བཟླས་བརྗོད་འབུམ་བྱའོ།། དེ་ནས་འབུམ་རྫོགས་པ་ན་དེ་ལ་བགེགས་བྱེད་པའི་ཕྱིར་མཚན་ཕྱེད་ཀྱི་དུས་ན་བདུད་ཀྱི་ཆོགས། ་འོང་བར་འགྱུར་རོ།། དེ་ནས་དེ་ལ་བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པས་བཅོམ་པར་བྱའོ།། ཞེས་བྱ་བ་ནི་བདག་ཉིད་མི་བསྐྱོད་པར་བསམས་ལ་རང་གི་སྙིང་གར་སེམས་མ་རྡོ་རྗེ་མ་བསྒོམས་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར ་བཅིངས་ལ་གཡོན་པའི་ཁུ་ཚུར་རང་གི་སྙིང་གར་བཞག་ལ་གཡས་པའི་ཁུ་ཚུར་གྱིས་སོར་མོ་ཐམས་ཅད་བརྐྱང་བས་རིག་པར་བྱས་ལ། ཨོཾ་མཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏསྟྭཾ་ཞེས་བཟླ་བར་བྱའོ།། དེ་ནས་སྒྲུབ་པ ་བོའི་ལུས་འབྱུང་བ་རྡོ་རྗེ་འཛིན་པ་གཏུམ་པོ་ལ་སོགས་པ་རྣམས་ཀྱིས་བདུད་ཀྱི་སྟོབས་ཐམས་ཅད་བཅོམ་པར་བྱས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བདུད་བཅོམ་པར་བྱས་པའི་རྗེས་ཐོགས་ཉིད་ལ་བྱང ་ཆུབ་ཀྱི་མཆོག་གི་ཕྱག་རྒྱ་བཅིངས་ཏེ། ཇི་སྲིད་ནམ་ལྡངས་ཀྱི་བར་དུ་ཡང་བདེ་བ་ཆེན་པོ་བཟླ་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་འམ་བྱང་ཆུབ་སེམས་དཔར་འགྱུར་རོ།། འདིས་ནི་དོན་འདི་སྐད་སྟོན་ཏེ་རྡོ་རྗེ་སེམས་དཔའི ་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྗེསུ་སྦྱང་ནསོ།། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་མཆོད་ལ་དེ་ཁོ་ན་ཉིད་དང་ཆོས་དང་ལས་དང་། ངས ་ཚིག་གཟུང་ནས་ཕྱག་རྒྱ་བཞི་བྱས་ལ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བྱས་ཏེ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བཟླས་བརྗོད ་འབུམ་བྱས་ན་སྔོན་དུ་བསྙེན་པར་འགྱུར་རོ།། དེ་ནས་རས་རིས་འབྲིར་བཅུག་སྟེ། རས་རིས་བཅོམ་ལྡན་འདས་རྣམ་པོར་སྣང་མཛད་སྤྱན་དྲངས་ལ་རྡོ་རྗེ་སེམས་དཔའི་དམ་ཚིག་ཕྱག་རྒྱ་བསྒྲུབ་པར་བྱའོ།། དེ་ནས་ཆོས་ཀྱི་ཕྱག་རྒྱས ་རྒྱས་བཏབ་བོ།། དེ་ནས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཟློས་ཤིང་དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ་མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་ལ ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཡང་དག་པར་མཆོད་ནས་ཕྱག་བཞི་བྱས་ལ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་ཀྱང་ཕྱག་བྱས་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ་བཟླས་བརྗོད་འབུམ་བྱས་ན་དེ་ནས ་ནང་པར་དེ་བཞིན་དུ་འགྲུབ་པར་འགྱུར་རོ།། དེ་ནས་རྡོ་རྗེ་འཆང་ཆེན་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་ལ་གལ་ཏེ་རྣལ་འབྱོར་པ་རྡོ་རྗེ་འཆང་ཆེན་པོ་བསྐྱོབ་པར་འདོད་ན་རྣལ་འབྱོར་པ་ངེས་བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔའི་སྐུ་ལུགས་མ་འམ་བརྐོས་པ་བྱེད་དུ་གཞུག་གོ།། ཇི་ལྟ་བུ་ཞིག་ཅེ་ན་དཀྱིལ་འཁོར་བཞིན་ཞེས་གསུངས་ཏེ། ཇི་ལྟར་དཀྱིལ་འཁོར་གྱི་སྐབས་སུ་དེའི་མཚན་ཉིད་བཤད་པ་བཞིན་དུ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟ་བུར ་བྱས་ནས་དེའི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། དེར་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ཏེ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་བཅོམ་ལྡན་འདས་ཀྱི་ཐུག་པ།། ་ཀར་གནས་པའི་རྡོ་རྗེ་ལ་བཟླས་པ་བྱ་བའི་སྙིང་པོ་ཡིད་ཀྱིས་བྲིས་ལ་ཕྱག་རྒྱ་ཆེན་པོ་བཙོངས་ཏེ། ཉིན་རེ་ཞིང་ཇི་སྐད་དུ་བཤད་པའི་ཚིག་གིས་སྔགས་ཟློས་ཤིང་བསྒོམ་པར་བྱའོ།། མཐར་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བསྒོམ་པར། ་བྱའོ།། དེ་ལྟ་བུས་ནི་ཟླ་བ་དྲུག་གིསྒོ་རྡོ་རྗེ་འཆང་ཆེན་པོ་དང་འདྲ་བར་འགྱུར་རོ།། དེ་ལྟར་དང་པོར་སྒྲུབ་པ་ལ་སྐུ་གཟུགས་ཀྱིས་ཁྱད་པར་བྱས་པ་ཡིན་ནོ།། ཇི་ལྟར་རྡོ་རྗེ་འཆང་བ་སྐྱོབ་པ་ལ་སྐུ་གཟུགས་ཀྱི་ཁྱད་པར་འདིར་བཤད་པ་ལྟར ་སྔར་བཤང་བའི་རྡོ་རྗེ་སེམས་དཔའི་སྒྲུབ་པ་ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ།། རྡོ་རྗེ་སེམས་དཔའ་ཐོབ་པ་ཇི་ལྟར་སྒྲུབ་པ་གསུངས་པ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་སྔར་བཤད་པའི་སྒྲུབ་པ་ལ་རྡོ་རྗེ་སེམས་དཔའི་ཆ་ལུགས ་སུ་བྱས་ནས་སྒྲུབ་པར་གསུངས་པ་ཇི་ལྟར་ཐོབ་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ།། ཟླ་བ་དྲུག་གིས་ནི་རྡོ་རྗེ་འི་ཆང་ཆེན་པོའི་དངོས་གྲུབ་འགྲུབ་བོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་སྐུ་གཟུགས་ཀྱི་སྒྲུབ་པས་ཟླ་བ་དྲུག་གི ་རྡོ་རྗེ་འཛིན་པ་ཆེན་པོའི་དངོས་གྲུབ་ཆེན་པོ་རྣལ་འབྱོར་པས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནས་རྡོ་རྗེ་འཆང་ཆེན་པོ་བཀུག་པ་ཞེས་བྱ་བ་ལ་སོགས་པ་གལ་ཏེ་སྒྲུབ་པ་པོ་རྡོ་རྗེ་འཆང་ཆེན་པོ་འགུགས་པར ་བྱེད་པར་འདོད་ན། དེས་ཇི་སྲིད་མཚན་མ་ཐོབ་པར་འགྱུར་བ་དེ་སྲིད་ཀྱི་བར་དུ་སྔོན་དུ་བསྙེན་པ་བྱའོ།། དེ་ནས་རས་རིས་འདྲིར་གཞུག་གོ།། དེ་ནས་དེའི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། རས་རིས་ལ་བཅོམ་ལྡན ་འོངས་སྔར་བཤད་པའི་བཅོམ་ལྡན་འདས་སྤྱན་འདྲེན་པའི་སྔགས་དང་། གསང་བའི་ལྕགས་ཀྱུ་མས་ཕྱག་རྒྱས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་དང་པོའི་རྡོ་རྗེའི་ཕྱག་རྒྱས་བསྒྲུབས་ལ། ཆོས་དང ་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བཞི་བྱ་ཞིང་རྣམ་པར་སྒེག་པའི་དགོའ་བའི་རྡོ་རྗེས་ཡང་ཕྱག་བྱའོ།། ་དེ་ལྟར་ཆོ་གཽ་ཐམས་ཅད་རྗེས་སུ་སྤྱད་ནས་སྒྲུབ་པ་པོས་ཡང་གསད་པའི་ལྕོགས་ཀྱུ་མ་བཅིངས་ལ། ཇི་སྲིད་ཟླ་བ་ཕྱེད་ཙམ་ལོན་པ་དེ་སྲིད་ཀྱི་བར་དུ་ཇི་སྲིད་མངོན་པར་འདོད་པ་ཉིན་རེ་ཞིང་བསྒྲུབ་པར་བྱའོ།། དེ་ནས་བཅོམ་ལྡན ་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཐམས་ཅད་སྩོལ་བར་འགྱུར་རོ།། དེ་ནས་རང་གྲི་ཕྱག་རྒྱ་སྒྲུབ་བྱ་ནི་ཞེས་བྱ་བ་ནི་གལ་ཏེ་རྣལ་འབྱོར་པ་བདག་ཉིད་ཀྱི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་ཚུལ་བསྒྲུབ་པར་འདོད་ནོ།། དེས་ཆོ་ག་ཐམས་ཅད ་རྗེསུ་སྦྱང་ལ་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བཟླས་པ་ཉིད་ཀྱིས་རང་གི་ལྷའི་སྔགས་ཟློས་ཤིང་སྒོམ་པས་དེའི་ང་རྒྱལ་མངོན་དུ་བྱ་བའི་ཚུལ་གྱིས་བདག་ནི་རྡོ་རྗེ་སེམས་དཔའོ་ཞེས་བྱ་བ་ལ་སོགས་པ་བསྒོམ་པར ་བྱའོ།། བསྒོམས་ནས་བསྒྲུབ་པར་བྱའོ།། ཇི་ལྟར་འདོང་པ་བཟླས་པ་ཞེས་བྱ་བ་འདིས་ནི་འདིར་བསྒོམ་པ་གཙོ་བོ་ཡིན་གྱི། གྲངས་ཀྱི་ངེས་པས་ནི་མ་ཡིན་ནོ།། ཞེས་སྟོན་ཏོ་བདག་ཉིད་བསྒྲུབ་པར་བྱའོ།། ཞེས་བྱ་བ་འདིས ་ནི་ཚུལ་དེ་ལྟ་བུའི་ཇི་ལྟར་འདོང་པའི་བཟླས་བརྗོད་ཀྱིས་བདག་ཉིད་རྡོ་རྗེ་སེམས་དཔའི་བཟླས་པའི་དོན་ཉིད་དུ་བསྐྱེད་པར་བྱ་བའི་ཕྱིར་རས་རིས་ལ་སོགས་པའི་ཚུལ་གྱིས་ནི་མ་ཡིན་ནོ།། ཡང་བསྒོམ་ཞིང་བསྒོམ་ཞིང་བཟླས་པ་ཞེས་བྱ་བ ་བཟླས་པའི་ཚུལ་དོན་ཡང་དང་ཡང་དུ་མངོན་དུ་བྱས་ལ་བདག་ཉིད་རྡོ་རྗེ་སྡེམས་དཔའ་ཟློས་ཤིང་བསྒོམ་ཞིང་བསྒོམ་ཞིང་བཟླ་བར་བྱའོ།། ཇི་སྲིད་ཟླ་བ་ཕྱེད་ཀྱི་རྡོ་རྗེ་འཆང་བ་ཉིད་ཐོབ་པ་ཞེས་བྱ་བ་ནི་ཉིན་རེ་ཞིང་བདག་ཉིད་ལ་བྱིན་གྱིས ་བ་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་ཆེན་པོ་བཅིངས་ལ་རང་གི་ལྷའི་སྐུར་བདག་ཉིད་ཉིན་རེ་ཞིང་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་དཔག་ཏུ་མེད་པོ་བྱའོ།། དེ་ནས་ཟླ་བ་ཕྱེང་བཤད་མ་ཐག ་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒོམ་པོར་བྱས་ནས། དེའི་རྗེས་ལ་འགྲུབ་པར་འགྱུར་རོ།། དེ་ནས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་བསྒྲུབ་པར་འདོད་ན་ཞེས་བྱ་བ་ནི། འདོད་པ་ལ་སྤྱོད་པའི་གཟུགས་དང་། སྒྲ་དང་། དཱི་དང་། རོ་དང་། ་རེག་བྱ་ནི་འདོད་པ་ཐམས་ཅད་དེ། དེ་རྣམས་ལ་དབང་ཕྱུག་ཡིན་པས་ན་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་དེའི་དངོས་པོ་ནི་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་ཉིད་དེ། དེའི་སྒྲུབ་པ་ནི། ་རང་གི་ལུས་དང་ངག་དང་ཡིད་དེའི་རང་བཞིན་དུ་སྐྱེས་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་སྐུ་གཟུགས་རང་གི་ལྷ་མོ་དང་བཅས་པ་མདུན་དུ་བཞག་སྟེ། བདག་ལ་བྱིན ་གྱིས་བརླབ་པ་ལ་སོགས་པ་བྱས་ནས་ཇི་སྲིད་ཉིན་རེ་ཞིང་བསྒོམ་པའི་དུས་སུ། བདག་ཉིད་ལྷ་མོ་དང་བཅས་པའི་འདོད་པའི་དབང་ཕྱུག་ཉིད་དང་འདྲ་བར་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་མངོན་སུམ་དུ་བསྙེན་པ་བྱའོ།། ང ་ནས་ཟླ་བ་ཉ་བ་ལ་བཅོམ་ལྡན་འོངས་ལྷ་མོ་དང་བཅས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒྲུབ་པ་ལ་ཞུགས་ཏེ་ཇི་སྲིད་བདག་ཉིད་འདོད་པའི་ཁམས་ཀྱི་དབང་ཕྱུག་ལྷ་མོ་དང་བཅས་པ་ཉིད་དུ་འགྱུར་ཞིང་། མའི་རང་བཞིན་ལས་མི་སྣང ་བར་འགྱུར་ཏེ་ལྷའི་འདོད་པའི་དབང་ཕྱུག་གི་དགའ་བའི་ངོ་བོ་ཉིད་དུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་སྒྲུབ་པ་པོ་ཁམས་གསུམ་མ་ལུས་པའི་བདག་པོར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཇི ་སྐད་དུ་བཤད་པའི་དོན་མཛད་ནས། ཏིང་ངེ་འཛིན་གྱི་ཕྱག་རྒྱའི་ལས་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ།། དེ་ནས་ཞེས་བྱ་བའི་སྒྲས་ནི་འདས་མ་ཐག་པ་སྟོན་པའི་ཐ་ཚིག་གོ།། འདོད་པའི་ཁམས་ཐམས་ཅད་ནི་ཕྱོགས་བཅུ་ན་གནས ་པའི་ཁམས་གསུམ་པ་ཐམས་ཅད་ཀྱི་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་དོ།། ཁམས་གསུམ་མ་ལུས་པ་དེར་དོན་ཡོད་པ་ནི་འབྲས་བུ་ཡོད་པ་སྟེ། གདུལ་བྱ་རྣམས་ཀྱི་དོན་སྐལ་བ་ཇི་ལྟ་བ་བཞིན་དུ ་མཛད་པའོ།། ལུས་རྣམས་ཀྱི་ཚོགས་ཀྱི་ཚོགས་ནི་རྒྱུན་གང་ཡིན་པ་སྟེ། གང་གིས་ཕྲིན་ལས་ཁམས་གསུམ་པ་ན་ངོན་ཡོད་པའི་ལས་ཀྱི་རྒྱུན་ནི་རྡོ་རྗེ་འཆང་ཆེན་པོའོ།། ཅི་ཞིག་མཛད་ནས་གསུངས་ཤེ་ན་ཐམས་ཅད ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་ངོ་བོ་ཉིད་ཀྱིས་གྲུབ་ཅིང་རྫོགས་པར་གྱུར་པས་ན། རང་བཞིན་གྱིས་གྲུབ་པའི་ཆོས་ཉིད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་དག་པའི་ངོ་བོ་ཉིད ་ཀྱིས་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ།། སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རང་བཞིན་གྱིས་གྲུབ་པའི་ཆོས་ཉིད་ནི། ཐམས་ཅད་རང་བཞིན་གྱིས་གྲུབ་པའི་ཆོས ་ཉིད་དེ་ཡེ་ཤེས་དེར་ངེས་པའོ།། དེའི་རྣམ་པར་རོལ་པ་ནི་དེའི་དབང་དུ་བྱས་ནོས་གདུལ་བྱ་རྣམས་ཀྱི་སྲུང་བ་ལ་སོགས་པ་ལས་རྫོགས་པར་མཛད་པའོ།། དེ་མཛད་ནས་ཐུགས་ལ་བཞག་པ་འདི་གསུངས་སོ།། འདི་ཅི་ཞིག་ཅེ་ན་མ ་བསྒྲུབ་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་བསྒྲུབ་པ་ནི་མི་བསྐྱེད་པ་སྟེ་སྒྲུབ་པ་པོས་རང་དབང་དུ་མ་བྱས་པའོ།། བདེ་བ་ཆེན་པོ་གསང་བའི་གཙུག་ཏོར་ལ་སོགས་པའི་ཕྱག་རྒྱ་ནི་མ་བསྒྲུབས་པའི་ཕྱག་རྒྱའོ།། དེ་རྣམས ་ཀྱེ་ལས་ནི་བདག་བསྲུང་བ་ལ་སོགས་པའོ།། དེའི་རྒྱུན་རྡོ་རྗེ་ནི་རྒྱུན་རྣམ་པ་སྣ་ཚོགས་པ་རྡོ་རྗེ་ལྟར་མི་ཕྱེད་པའོ།། དེའི་ཆོ་ག་རྒྱས་པ་ནི་གང་གི་ལས་ཀྱི་རྒྱུན་དེ་མི་ཕྱེད་པར་རྫོགས་པར་འགྱུར་བའོ།། དེ་བ་ཀའ་སྩལ་པ་ནི་གསུངས་པའོ།། ་དེ་ནས་མ་བསྒྲུབ་པའོ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེའི་རྗེས་ཐོགས་ལའོ།། གང་གི་ཚེ་ཇི་སྐད་དུ་བཤད་པའི་དངོས་གྲུབ་མ་བསྒྲུབས་པ་དེའི་ཚེ་མ་བསྒྲུབས་པའི་སྙིང་པོ་ཞེས་བྱའོ།། མ་བསྒྲུབས་པ་དེའི་ལས་འོག ་ནས་བཤད་པ་རྣམས་བརྩམོས་པ་ཡིན་ནོ།། དེ་ཡང་གང་ཞིག་ཅེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདི་ལྟར་ཞེས་བྱ་བ་ནི་ཉེ་བར་བསྟན་པའི་དོན་ཏོ།། བདག་ཉིད་བསྲུང་བ་ནི་བདག་བསྲུང་བ་སྟེ་གདོན་ལ་སོགས་པའི་འཇིགས་པ ་རྣམས་བཟློག་པའོ།། དེ་གང་གི་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཙུག་ཏོར་གྱི་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ།། དེའི་གཙུག་ཏོར་ནི་སྐྱེས་བུ་ཆེན་པོའི་མཚན་ནོ།། དེ་བསྐྱེད་པར ་བྱེད་པའི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཙུག་ཏོརཱ་ཞེས་བྱའོ།། དེའི་མཚན་ཉིད་ནི་འདི་ཡིན་ཏེ་དང་པོའི་རྡོ་རྗེ་བཅིངས་ལ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པས་ཟློས་ཤིང་གཙུག་ཏོར་གྱི་གནས་སུ་བཞག་ན་བདག་བསྲུང་བར་འགྱུར་རོ།། ་ཐམས་ཅད་བསྲུང་བ་ཞེས་བྱ་བ་ནི་སྲིན་པོ་ལ་སོགས་པའི་འཇིགས་པས་སྐྲག་པ་ལ་སྲིན་པོ་ལ་སོགས་པའི་བཟློག་པ་ནི་ཐམས་ཅད་བསྲུང་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཛོད་སྤུས་ཞེས་བྱ་བ་གསུངས་ཏེ། ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྨིན་མཚམས་ཀྱི་དཔྲལ་བའི་ཐིག་ལེའི་གནས་ན་སྐྱེས་བུའི་མཚན་མཛད་སྤུ་དཀར་པོ་གཡས་སུ་འཁྱིལ་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཛོད་སྤུ་སྟེ་དེ་སྟོན་པའི་ཕྱག་རྒྱ་ཆེན་པོ་ལ་ཡང ་དེ་སྐད་ཅེས་བྱ་སྟེ། ངེས་ཐམས་ཅད་བསྲུང་བར་འགྱུར་རོ།། འདི་སྐད་སྟོན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ཟློས་ཤིང་སྤྱི་གཙུག་གི་གནས་སུ ་བཞག་ནས་སྤྱི་གཙུག་གི་གནས་ལས་བྱུང་བའི་རིག་པའི་རྒྱལ་པོའི་རྡོ་རྗེ་མཛོད་སྤུ་རྣམས་ཀྱིས་བསྲུང་བར་བྱ་བའི་སེམས་ཅན་རྣམས་རོང་རང་གི་ངོ་བོར་མཛད་ནས་དེ་རྣམས་ཀྱི་སྲིན་པོ་ལ་སོགས་པ་ཀུན་ཏུ་སྒྲོག་པར་བྱ་བར་བསམས། ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་རྣམས་བསྲུང་བར་འགྱུར་རོ།། ཕྱོགས་ཐམས་ཅད་དང་མཚམས་དང་དཀྱིལ་འཁོར་བཅིང་བ་ནི་ཞེས་བྱ་བ་ལ། ཕྱོགས་ཐམས་ཅད་ནི་ཕྱོགས་བཅུ་སྟེ། དེ་རྣམས་ཀྱི་བཅིང་བ་ནི་རྡོ་རྗེ་བར་མཚམས་མེད་པར། ་ཁྱབ་པའོ།། མཚམས་བཅིང་བ་ནི་མངོན་པར་འདོད་པའི་སའི་ཕྱོགས་བཞི་ནུས་རྡོ་རྗེ་ཕན་ཚུན་ཀུན་འབྱར་བས་མཚམས་སུ་བཅང་བ་བོདག་གིས་བྱས་པའོ།། དཀྱིལ་འཁོར་བཅིང་བ་ནི་བདག་གིས་བྱས་པའི་སའི་ཆར་ར་བའི་རྩ་བའི ་གོནས་རྡོ་རྗེའི་རང་བཞིན་དུ་བྱས་པའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་འབར་བའི་ཕྲེང་བས་སོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གསང་བ ་སྟེ། དེའི་འབར་བའི་ཚོགས་ནི་འབར་བའི་ཕྲེང་བའོ།། དེ་སྐྱེད་པར་བྱུང་བའི་ཕྱག་རྒྱ་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེས་ཕྱོགས་ཐམས་ཅད་བཅིང་བ་ལ་སོགས་པར་འགྱུར་རོ།། དེ་ཡང་དེ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གར ་བཞག་ནས་བདེ་བ་ཆེན་པོ་བཟླས་པས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལས་འབར་བའི་འོད་ཟེར་སྤྲོས་ལ་དེས་ཕྱོགས་བཅིང་བ་ལ་སོགས་པ་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། བདུད་ཐམས་ཅད་ནི་ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག ་དང་། ལྷའི་བུའི་རང་བཞིན་ཅན་ནོ།། དེ་རྣམས་ཀྱི་སྟོབས་ནི་སྡེ་སྟེ། དགྲ་བོར་གྱུར་པ་ནི་དཔུང་ངོ་།། དེ་གཞིམ་པ་ནི་མི་སྣང་བར་མཛད་པའོ།། དེ་གང་གིས་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མི་བསྐྱོད་པས་སོ་ཞེས་བྱ་བ་གསུངས་ཏེ། ཇི ་སྐད་དུ་བཤད་པའི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྡོ་རྗེ་སེམས་དཔའ་མི་བསྐྱེད་པ་སྟེ། དེ་བཞིན་གཤེགས་པ་མི་བསྐྱོད་བའི་སྐུ་ཕྱག་རྒྱ་དང་དེ་སྟོན་པར་བྱེད་པའི་ཕྱག་སྟེ་དེས་དེར་འགྱུར་རོ།། དེ་ཡང་དེ་བཞིན་དུ་ཐམས་ཙོང་བྱས་ནས་དང་པོའི ་རྡོ་རྗེ་བཅིངས་ལ་དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས་བདེ་བ་ཆེན་པོའི་སྔགས་བཟློས་ཤིང་རང་གི་སྙིང་གྲོར་རྡོ་རྗེ་རྩེ་ལྔ་པ་འཛིན་ཅིང་རྡོ་རྗེ་དེ་བསམས་ནས་རང་གི་ལུས་ལས་བྱུང་བའི་རྡོ་རྗེ་འཛིན་པ་གཏུམ་པོ་ལ་སོགས ་བ་བདུད་རྣམས་ཀུན་ཏུ་བཅོམ་པར་བསམ་པར་བྱའོ།། དེ་ལྟ་བུས་ནི་བདུད་ཀྱི་སྟོབས་ཐམས་ཅད་འཇོམ་པར་འགྱུར་རོ།། ཚེ་འཕེལ་བར་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་རྩིས་སྲོ་ཞེས་བྱ་བ་ལ། ཚེ་ནི་སྲོག་སྟེ་དེའི་མངོན་པར ་འཕེལ་པོ་ནི་ཚེའི་རྒྱུན་གོང་ནས་གོང་དུ་འཕེལ་ཞིང་རྒྱུན་མི་འཚང་བའོ།། དེ་གང་གིས་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བདུད་རྩིའི་ཕྱག་རྒྱ་སྟེ་འགྲུབ་པར་འགྱུར་རོ།། དེ་ནི་འདི་ཡིན་ཏེ་ངོ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར ་བ་བྱས་ལ་དང་པོའི་རྡོ་རྗེ་ལས་གུང་མོ་སྦྱར་ཏེ་ཁ་དགབ་པར་བྱའོ།། ཇི་ལྟར་ཞེ་ན། ཨོཾ་མ་ཧཱ་ཞེས་བྱ་བ་ཟློས་ཤིང་སྟེང་དུ་བལྟས་ལ་ཕྱག་རྒྱ་བཅིངས་པ་ལས། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་བདུད་རྩིའི ་རྒྱུན་འབེབས་པ་རྣམས་བྱུང་བས་རང་གི་ཁ་ནས་ཡན་ལག་ཐམས་ཅད་ཀུན་ཏུ་འགེངས་བུར་བསམ་པར་བྱའོ།། དེ་ལྟ་བུ་ནི་རྒ་བ་དང་འཆི་བ་མེད་པར་འགྱུར་ཞིང་རྡོ་རྗེ་ཚེ་ཐོབ་པར་འགྱུར་རོ།། གཟུགས་ཆེན་པོ་ཕུན་སུམ་ཚོགས་པ་ཞེས ་བྱ་བ་ལ་གཟུགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་གཟུགས་ཆེན་པོ་སྟེ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའོ།། དེའི་ཕུན་སུམ་ཚོགས་པ་ནི་སྒྲུབ་པ་པོའི་རྒྱུད་ལ་མ་ཚང་བ་མེད་པར་གྱུར་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ ་བོ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་གྱིས་སོ་ཞེས་བྱ་བ་ནི་བདྲེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟུགས་ཅན་ཞེས་བྱ་བའི་ཕྱག་རྒྱ་དེ་ཐོབ་པར་འགྱུར་རོ།། དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་ཐམས་ཅད་བྱས་ལ་དཔལ་རྡོ་རྗེ་སེམས་དཔའི ་སྦྱོར་བས་དང་པོའི་རྡོ་རྗེ་བཅིངས་ལ་སྔགས་ཟློས་ཤིང་དེས་རང་གིས་གདོང་ཡོངས་སུ་བྱུགས་ལ་རང་གི་སྙིང་གར་བཀྲོལ་ལ་ཕྱག་རྒྱ་བཅིངས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་སྙིང་ག་ནས་ཡན་ཡག་ཐམས་ཅད ་ཁྱབ་པར་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ།། དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ།། གཟི་བརྗིད་དང་ན་ཚོད་ཤིན་ཏུ་བཟང་པོ་རབ་ཏུ་འཕེལ་བ་ལ་ནི་ཞེས ་བྱ་བ་ལ་གཟི་མདངས་ཤིན་ཏུ་མཛེས་པ་ནི་གཟི་བརྗིད་ཤིན་ཏུ་ཆེ་བ་བཟང་བ་སྟེ། རྡོ་རྗེ་སེམས་དཔའི་གཟི་མདང་སོ།། ན་ཚོད་བཟང་པོ་ནི་ན་ཚོང་ཤིན་ཏུ་གཞོན་པ་སྟེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ལོ་བཅུ་དྲུག་ལོན་པ་ལྟ་བུའི་གྲན ་སྐབས་སོ།། དེ་གཉིས་མངོན་པར་འཕེལ་བ་ནི་རང་གི་རྒྱུད་ལ་དེ་དག་གི་རྒྱུན་གོང་ནས་གོང་དུ་རྒྱུན་མི་འཆང་པར་བསྐྱེད་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་གྱིས་སོ།། ཞེས་པ་གསུངས་ཏེ། ་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིསཱ་ལེན་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་གཟི་མདངས་དང་ན་ཚོད་འཕེལ་པོར་བྱེད་པའི་ཕྱག་རྒྱ་ངེས་སོ།། དེ་ཡང་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ ་ཛཿཧཱུཾ་བཾ་ཧོཿསུ་རེ་ཏཱསྟྭཾ་ཞེས་དང་པོའི་རྡོ་རྗེ་བཅིངས་ལ་དེའི་རྩེ་མོ་དབུས་ལ་བལྡག་ཅིང་རྡོ་རྗེ་སེམས་དཔའི་བཅུད་ཀྱིས་ལེན་གྱི་ཕྲ་རབ་རྡོ་རྗེ་དབུ་མ་ལས་ཆུའི་རྒྱུན་བཞིན་དུ་འབྱུང་བས་བལྡག་པར་གྱུར་ཅིང་། དེས་ཀྱང་ཡན་ལག ་ཐམས་ཅད་ཀུན་ཏུ་ཚིམ་ཞིང་རྡོ་རྗེ་སེམས་དཔར་གྱུར་པར་བསམ་མོ།། དེ་ལྟ་བུས་ནི་གཟི་བརྗིད་དང་ན་ཚོད་བཟང་པོ་ཤིན་ཏུ་འཕེལ་བར་འགྱུར་རོ།། འདི་ནི་བེདྲི་བ་ཆེན་པོ་རྡོ་རྗེ་གསང་བའི་བཅུད་ཀྱིས་ལེན་ཡིན་ནོ།། དེ་བཞིན་དུ་འོག ་ནས་བཤད་པའི་ལས་སྒྲུབ་པ་ཐམས་ཅད་ལ་ཡང་ཨོཾ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་བཟླས་པར་ཤེས་པར་བྱའོ།། སྟོབས་དང་མདོག་འ་ཕེལ་བ་ལ་ནི་ཞེས་བྱ་བ་ལ་ནི་ལུས་དང་ངག་གི་སྟོབས་དཔལ་རྡོ་རྗེ་སེམས་དཔ ་དང་འདྲ་བ་ནི་སྟོབས་སོ།། དེ་ཉིད་ཀྱི་སྐུ་མདོག་ཟླ་བའི་མདོག་ཅན་འདྲ་བ་ནི་ཁ་དོག་གོ།། དེ་ཉིད་འཕེལ་བ་ནི་སྔ་མ་བཞིན་དུའོ།། སྟོབས་དང་མདོག་འཕེལ་བ་ལ་ནི་ལུས་དང་ངག་གི་སྟོབས་རྒྱུད་ལ་བསྐྱེད་པའོ།། དེ་ཇི ་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཐུ་ཡིས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྟོབས་ཐོགས་པ་མེད་པ་འདི་ནི་སྟོབས་སོ།། ཐོགས་པ་མེད་ནི་མཐུའོ།། དེ་སྐྱེད་པར་བྱེད་པའི ་ཕྱག་རྒྱ་ལ་མིང་དེ་སྐད་ཅེས་བྱ་སྟེ། དེས་དེ་ལྟར་འགྱུར་རོ།། འདི་སྐད་སྟོན་པ་ཡིན་ནོ།། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་པ་རང་གི་དཔུང་མགོ་གཉིས་དང་། སྙིང་གར་བཞག་ནས་ཕྱག་རྒྱ་ཚན ་བཽ་བཅིངས་པ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡན་ལག་ཀུན་ཏུ་གང་ཞིང་དེའི་སྟོབས་དང་ཁོ་དོག་དང་ལྡན་པར་བསམ་པར་བྱའོ།། དེ་ལྟ་བུས་ནི་སྟོབས་དང་མདོག་འཕེལ་བར་འགྱུར་རོ།། དབང་བསྐུར་བ ་ཐམས་ཅད་ཐོབ་པ་ནི་ཞེས་བྱ་བ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བ་རྣམས་ཐོབ་པ་ནི་དབང་བསྐུར་བ་ཐམས་ཅད་ཐོབ་པོའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཅོད་པན་གྱིས་སོ་ཞེས་བྱ་བ ་གསུངས་ཏེ། རྡོ་རྗེ་གསང་བ་ནི་རྡོ་རྗེ་སེམས་དཔའོ།། དེ་ཅོང་པན་སྐྱེང་བར་བྱེད་པའི་ཕྱག་རྒྱ་ནི་རྡོ་རྗེ་གསང་བའི་ཅོད་པན་ཏེ་ངེས་དེར་འགྱུར་རོ།། དེ་ཡང་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྔ་པོ་བསྡུས་པ་བཅིངས་ལ་མཛུབ ་མོ་གཉིས་ལྕགས་ཀྱུར་བྱས་བས་ཅོད་པན་དང་དར་དབྱངས་བཅིངས་པས་དབང་བསྐུར་བའི་ཚུལ་གྱིསྣ་རིག་པ་འཛིན་པའི་འཁོར་ལོ་སྒྱུར་བ་ལ་སོགས་པའི་དབང་བསྐུར་བ་ཐོབ་པ་བསྒོམ་པར་བྱའོ།། དེ་ལྟ་བུས་ནི་དབྱུང་བསྐུར ་བ་ཐམས་ཅད་ཐོབ་པར་འགྱུར་རོ།། ནོར་ཐམས་ཅད་ཐོབ་པར་བྱེད་པ་ལ་ནཱི། ནོར་ཐམས་ཅད་ནི་ནོར་བུའི་རིགས་དང་འཇིག་རྟེན་པའི་གཏེར་ལ་སོགས་པ་ནི་ཐམས་ཅད་དོ།། དེའི་ཐོབ་པ་ནི་རྙེད་པའི་དེ་ཇི་ལྟར་འགྱུར་ཞེ་ན་རྡོ་རྗེ་གསང ་བའི་དབྱིག་གིསོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྔ་པོ་བསྡུས་པ་བཅིངས་པ། མཛུབ་མོ་གཉིས་ལྕགས་ཀྱུར་གཉིས་སུ་བྱས་ལ་བདག་ཉིད་ནོར་བུའི་རིགས་ཀྱིས་བདག་ཉིད་དུ་བསྒོམས་ལ། ་ལྗགས་ཀྱུར་འདི་གཉིས་ཀྱིས་རང་གི་གསང་བའི་གནས་ནས་གསེར་གྱི་དོང་ཚེ་འབྱིན་པའི་ཚུལ་དུ་བྱ་བ་འམ། གཏེར་གྱི་གནས་ནས་ནོར་དེ་བླངས་ཤིང་དེ་དོང་བདག་ཉིད་ལྡན་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནརྀ་ནོར་ཐམས་ཅད ་འཐོབ་པར་འགྱུར་རོ།། རྒྱལ་སྲིད་ཐོབ་པ་ལ་ནི་ཞེས་བྱ་བ་ལ་མཁ་གྱི་རྒྱལ་པོ་ལ་སོགས་པའི་རྒྱུལ་སྲིད་རྙེད་པ་ནི་རྒྱལ་སྲིད་ཐོབ་པའོ།། དེ་ནི་རྡོ་རྗེ་གསུང་བའི་རྒྱལ་པོའི་ཕྱག་རྒྱུ་འཐོབ་པར་འགྱུར་རོ།། དེ་ནི་འདི་ཡིན་ཏེ་དེ་བཞིན་དུ ་བཤང་མ་ཐག་པའི་ཚུལ་གྱིས་ལྕགས་ཀྱུ་གཉིས་བཅིངས་ལ། སྤྱི་གཙུག་གི་སྟེང་དུ་བཞག་སྟེ་བདག་ཉིད་ཀྱིས་མངོན་པར་འདོང་པའི་རྒྱལ་སྲིད་ཐོབ་པར་བསྒོམ་པར་བྱའོ།། ས་མ་ལུས་པ་ཐོབ་པ་ཞེས་བྱ་བ་ལ་ནི་ཛིམྦུའི ་གླིང་མ་ལུས་པའི་བདག་པོ་ཉིད་ཐོབ་པའོ།། རྡོ་རྗེ་གསང་བའི་རྩལ་གྱིས་སོ་ཞེས་བྱ་བ་ནི། རྡོ་རྗེ་གསང་བའི་རྡུལ་གྱི་ཕྱག་རྒྱས་འགྱུར་རོ།། དེ་ནི་འདི་ཡིན་ཏེ་ལྔ་པོ་བསྡུས་པ་དེ་ཉིད་བཅིངས་ལ་དེ་ལས་མཛུབ་མོ་ལྕགས ་ཀྱུར་བྱས་ཏེ། དེས་ས་རྣམས་དགུག་ཅིང་བསྡུ་བའི་ཚུལ་དུ་བྱ་ཞིང་ཕྱིར་རྒོལ་བ་ཐམས་ཅད་ཀྱང་རང་གི་ལུས་ལ་བྱུང་བའི་དཔུང་གི་ཚོགས་ཡན་ལག་བཞི་པས་ཟིལ་གྱིས་མནན་ནས་རང་དབང་དུ་བྱས་ཏེ་རབ་ཏུ་འདུད་པ་ཉིད་དུ་བསམ ་པར་བྱའོ།། ཐམས་ཅད་དབབ་པ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་དབབ་པ་ནི་ཐམས་ཅད་ལ་དབབ་པའོ།། དེ་རྣམས་ཉིད་རང་གི་གནས་ནས་གཡོ་བར་བྱས་བཱ་ནི་བསྐྱོད་པའོ།། དེ་བཞིན་དུ་དེ་རྣམ ་ཉིད་གོར་བྱེད་དུ་གཞུག་པ་དང་དེ་རྣམས་ཉིད་དུས་གསུམ་བདེན་པ་ཉིད་དུ་སྨྲར་ག་ཞུག་པའི་དུས་གསུམ་གྱི་དངོས་པོ་བདེན་པ་ཉིད་དུ་སྟོན་དུ་གཞུག་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་སྔོན་དུ ་གཞུག་པས་སོ།། ཞེས་བྱ་བ་གསུངས་ཏེ། དེ་ལ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྕགས་ཀྱུ་གཉིས་དེ་བཞིན་དུ་བཅིངས་ཏེ། ངེས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའི་དབབ་པའི་བསམ་པས་རང་གི ་མཆི་ན་མ་ལས་བཀུག་ནས་དེ་ལྟ་བུས་དེ་འབབ་པར་འགྱུར་རོ།། དེ་ཉིད་ཀྱིས་སེམས་དཔའ་བཅུག་ལ་དེས་དངོས་པོ་ཐམས་ཅད་རང་གི་གནས་ནས་གཡོ་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྐྱོད་པར་འགྱུར་རོ།། དེ་ཉིད ་ཀྱིས་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་བཅུག་ལ་གར་བྱེད་པར་བསམས་ན་གར་བྱེད་དུ་བཅུག་པར་འགྱུར་རོ།། དེ་ཉིད་ཀྱི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་བཅུག་ལ་དུས་གསུམ་བདེན་པར་སྨྲ་བའི་བསམ ་པ་བསྐྱེད་ན། དེ་ལྟ་བུ་ནི་དུས་གསུམ་བདེན་པ་ཉིད་དུ་སྨྲར་གཞུག་པར་འགྱུར་རོ།། པྲ་སེ་ནཱ་ཐམས་ཅད་གྲུབ་པ་ནཱི་ཞེས་བྱ་བ་ནི་ན་མཁའ་དང་མེ་ལོང་དང་རལ་གྲི་དང་མཐེ་བྲོ་དང་། ས་གྲཞི་སྟར་བ་འཚེར་བྱས་པ་ད ་དང་། སྣོད་ལ་སོགས་པའི་མངོན་པར་འདོད་པའི་དངོས་པོ་ཐམས་ཅད་ཀྱིས་ཡང་དག་པ་ཉིད་ངེས་པར་ཤེས་པའི་ཡི་གེ་ལ་སོགས་པ་པྲ་སེ་ན་ཐམས་ཅད་གྲུབ་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་ས་ན་ས་པ ་སོ།། ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྕགས་ཀྱུ་གཉིས་བཅིངས་ལ་རང་དང་ག་གྱི་མིགུ་དང་རྣ་བ་གཉིས་སུ་ཡི་པོ་ཧཱུཾ་ལསསེམས་ལ་རྡོ་རྗེ་སེམས་དཔའ་སྟེར་བས་ལེན་པ ་གང་གིས་ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ་དང་། བདེན་པ་གང་གིས་ཆེས་ཐམས་ཅད་བྲག་ཅ་དང་འདྲ་བ་རི་བདེན་པ་དེས། ངག་གིས་མངོན་ནཱ་ཙྪག་རྗེ་པའི་བྱིན ་བརླབས་བྱས་ལ། ཆོས་ཐམས་ཅད་གཟུགས་བརྙན་ལྟ་བུར་བསྒོམ་པ་དང་། སྒྲ་ཐམས་ཅད་བྲག་ཅ་ལྔ་བུར་བསྒོམས་པས་ཐམས་ཅད་མཚོ་རྫ་སེམས་དཔའི་བྱིན་གྱིས ་གྱིས་བརླབ་པ་གཞན་དག་གིས་ཀྱང་མཐོང་བ་དང་ཐོས་པ་བྱ་བར་འགྱུར་རོ།། ལྕགས་ཀྱུ་གཉིས་པོ་དེ་རང་གི་མཚན་མྱུ་ཁུར་དྲངས་ནཱ་གདོན་ཐམས་ཅད་ལས་ཐར་ཏོ་ཞེས་བྱ་བ་ལ་འཕགས་པ་རིག་པ་མཆོག ་ལས་གསུངས་པའི་གདོན་བཅཝོ་བརྒྱད་ནི་གདོན་ཐམས་ཅད་དེ། དེ་རྣམས་ལས་ཐོར་བར་བྱ་བ་ནི་གདོན་ཐམས་ཅད་ལས་ཐར་བར་བྱ་བའོ།། དེ་ལྟར་ཅི་ཞིག་གིས་འགྱུར་ཞེ་ན། རྡོ་རྗེ་གསང་བའི་གདོན་ལས་ཐར་པས་སོ་ཞེས་བྱ ་བ་གསུངས་ཏེ་རྡོ་རྗེ་གསང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གསང་བ་སྟེ་དེའི་གདོན་ལས་བྱར་པའི་ཕྱག་རྒྱས་སོ།། དེ་ནི་འདི་ཡིན་ཏེ་སྔ་མོ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྔ་པོ་བསྡུས་པ་བཅིངས་ལ་དེའི་མཛུབ་མོ ་གཉིས་ཀྱིས་ལྕགས་ཀྱུ་གཉིས་སུ་བྱས་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་སྐུ་མདོག་ནག་པོ་ཤིན་ཏུ་དྲག་པར་བསྒོམས་ཞིང་ལྕགས་ཀྱུ་གཉིས་པོ་ངེས་རང་གི་མཚན་མ་ལ་གཏུགས་ཏེ། ལྕགས་ཀྱུ་དེ་ཉིད་དུ་དགྲོལ་ཞིང ་རྡོ་རྗེ་སེམས་དཔའ་དྲག་པོ་ཆེན་པོས་གདོན་གྱིས་ཟིན་པའི་སྤྱི་བོ་ནས་བརྩམས་ཏེ། རྐང་མཐིལ་གྱི་བར་གྱི་ལུས་ཀུན་ཏུ་གང་བར་གྱུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་གདོན་ཐམས་ཅད་ལྔས་ཐར་པར་འགྱུར་རོ།། གདུག ་པ་ཐམས་ཅད་གཞིག་པ་ལ་ནི་ཞེས་བྱ་བ་ལ་གདུག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་གདུག་པ་ཐམས་ཅད་དེ།། འཕགས་པ་དཔུང་བཟང་ལས་གསུངས་པའི་བགེགས་ཐམས་ཅད་དོ།། དེ་རྣམས་གཞིག་པ་ནི་གཞོམ ་བཱ་སྟེ་མི་སྣང་བར་འགྱུར་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་བགེགས་གཞོམ་པས་སོ་ཞེས་བྱ་བ་གསུང་སོ།། རྡོ་རྗེ་གསང་བ་རྡོ་རྗེ་སེམས་དཔའི་བགེགས་གཞོམ་པའི་ཕྱག་རྒྱས་སོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནི ་འདི་ཡིན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བདག་རྡོ་རྗེ་སེམས་དཔའ་འབར་བའི་ཕྲེང་བ་འོད་ཀུན་ཏུ་འཁྲུག་པ་དྲག་པོ་ཆེན་པོར་བསམས་ལྔ་སྔར་བཤད་པའི་ལྕགས་ཀྱུ་གཉིས་བཅིངས་ནས་དེས་རང ་གི་མཚན་མ་ལ་གཏུགས་ནས་ལོག་འདྲེན་གཞོམོ་པའི་བསམ་པས་ལག་པ་གཡོན་པའི་མཐིལ་དུ་གཡས་པའི་མཐེ་བོ་མཚན་མས་བསྣུན་ཅིང་ལོག་འདྲེན་གྱི་སྟེང་དུ་རྡོ་རྗེ་སེམས་དཔའ་འོད་ཟེར་འབར་བའི་ཕྲེང་བ་འཁྲུག ་པ་འབབ་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་བཅོམ་པར་འགྱུར་རོ།། ཐམས་ཅད་རེངས་པར་བྱ་བ་ནི་ཞེས་བྱ་བ་ལ་གཞན་གྱི་དཔུང་དང་སེ་གེ་དང་སྟག་དང་རྐུན་པོ་དང་སྤྲིན་དང་སྦྲུལ་དང་སྲིན་པོ་ལ་སོགས་པ་མི་འགུལ་བར ་བྱས་པ་ནི་རེངས་པར་བྱས་པོའོ།། དེར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་རེངས་པས་སོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་སེམས་དཔའི་རེངས་པ་ནི་རྡོ་རྗེ་གསང་བའི་རེངས་པ་སྟེ་དེའི་ཕྱི་ག་རྒྱས་ཐམས་ཅད་རེངས་པར་འགྱུར་རོ།། ་འོདི་སྐད་སྟོན་ཏེ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཇི་ལྟ་བ་དེ་བཞིན་དུ་བྱས་ལ་ཕ་རོལ་གྱི་དམག་ཚོགས་ལ་སོགས་པའི་སྟེང་དུ་རྡོ་རྗེ་སེམས་དཔའ་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞུགས་པ་ན་མཁའ་དང་མཉམ་པ་དེ་མནན ་ནས་བཞུགས་པར་བསམ་ཞིང་སྔར་བཤད་པའི་ལྕགས་ཀྱུའི་ཕྱག་རྒྱས་རང་གི་མཚན་མ་བཙིར་བ་དེ་ལྟ་བུས་ནི་ཐམས་ཅད་རེངས་པར་འགྱུར་རོ།། ཐམས་ཅད་གཉིད་ལོག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་གཉིད ་ཀྱིས་སོ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་གཉིད་ལྡོག་པར་བྱ་བ་ནི་ཐམས་ཅད་གཉིད་ལོག་པར་བྱ་བ་སྟེ། དེ་ནི་བཅོམ་ལྡན་འདས་རྡོ་རྗེ་གསང་བ་སྟེ་རྡོ་རྗེ་སེམས་དཔའི་གཉིད་ཀྱི་ཕྱག་རྒྱས་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེའི ་མཚན་ཉིད་ནི་དེ་ཡིན་པར་ཤེས་པར་བྱ་སྟེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བཤད་མ་ཐུག་པའི་ལྕགས་ཀྱུ་གཉིས་བཅིངས་ལ། རང་གི་མཚན་མཱ་ལ་རིག་པར་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་གཅིག་ཏུ ་གྱུར་པར་བྱས་ནས་བསྒྲུབ་པར་བྱ་བ་གཉིད་ལོག་ཏུ་གཞུག་པའི་བསམ་པས་རང་གི་མིག་བཙུམ་པར་བྱའོ།། ཐམས་ཅད་རྒྱས་བཏབ་པ་ནི་གདུག་ཅིང་གཏུམ་པའི་སེམས་ཅན་ཐམས་ཅད་རྒྱས་བཏབ་པོ།། དེར་ཇི་ལྟར་འགྱུར་ཞེ་ན། ་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་མཁྱེའ་འགྲོ་མུས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའི་དམ་ཚིག་གི་མཁའ་འགྲོ་མ་ནི་དཔལ་ཧེ་རུ་ཀ་འཁོར་དང་བཅས་པའི་སྐུས་ན་མཁའ་ཁྱབ་པའོ།། དེ་སྐྱེད་པར་བྱེད་པའི ་ཕྱག་རྒྱ་ནི་དམ་ཚིག་གི་མཁའ་འགྲོ་མ་ཞེས་བྱའོ།། དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུའི་ཕྱག་རྒྱས་རང་གི་མཚན་མ་ལ་རེག་པར་བྱས་ཤིང་དཔལ་ཧེ་རུ་ཀའི་སྒོ་ཅན ་གྱི་རྡོ་རྗེ་སེམས་དཔའ་མཁའ་འགྲོ་མའི་ཚོགས་དང་བཅས་པར་བདག་ཉིད་བསམས་ལ། གཡོན་ལོགས་སུ་ཕྱག་རྒྱ་བསྐོར་བར་བྱས་ལ་བསྒྲུབ་པར་བྱ་བ་ལ་ཁྲོ་བོའི་ལྟ་བྱས་བལྟ་ཞིང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ན་མཁའ ་ཐམས་ཅད་དང་མཉམ་པའི་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་བཅུག་ནས་ངེས་དེ་རྒྱས་བཏབ་པར་བསམ་པར་བྱའོ།། དེ་ལྟར་ན་ཐམས་ཅི་ང་རྒྱས་བཏབ་པར་འགྱུར་རོ།། ཐམས་ཅད་དུ་བསད་པ་ལ་ནི་ཞེས་བྱ་བ་ལ་དཀོན་མཆོག ་གསུམ་ལ་གནོད་པར་བྱེད་པ་དང་། སེམས་ཅན་མང་པོ་འཁུ་བར་བྱེད་པ་ནི་ཐམས་ཅད་།། དེ་རྣམས་བསད་པར་བྱ་བ་ནི་རྒྱལ་བར་བྱ་བ་འམ། རྣམ་པར་སྦྱང་བར་བྱ་བའི་ཕྱིར་གཏན་འཕོ་བར་བྱ་བའོ།། དེས་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ ་གསང་བའི་མཐར་བྱེད་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་སྟེ་རྡོ་རྗེ་སེམས་དཔའ་མཐར་བྱེད་པ་ནི་གདུག་པའི་ཕྱག་རྒྱའོ།། འདིས་ནི་དོན་འདི་སྐད་སྟོན་པ་ཡོན་ཏེ། རྣོལ་འབྱོར་པ་བསམ་པ་རྣམ་པར་དག་པ་སྙིང་རྗེས་གཞན ་དབང་དུ་གྱུར་པས་གོལ་ཏེ་སེམས་ཅན་འགའ་ཞིག་མཚམས་མེད་པའི་ལས་ལ་སོགས་པ་ལ་འཇུག་པ་མཐོང་ན། གང་གོས་དེ་ཐབས་གང་གིས་སྡིག་པ་དེ་ལསྐུ་བཟློག་པར་ནུསྟོ་པཱ་དེའི་ཚེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར ་བྱས་ལོ། བཤད་མ་ཐག་པའི་ཕྱག་རྒྱས་རང་གི་མཚན་མ་ལ་རེག་པར་བྱ་སྟེ། བཟློག་ལ་ཁ་འགྲམ་གཉིས་སུ་མཆེ་བ་སྟོན་པའི་ཚུལ་གྱིས་འཇིག་ཅིང་བདག་ཉིད་རྡོ་རྗེ་གནོད་སྦྱིན་གྱི་མཆེ་བ་གཙིགས་པ་འཁོར་དང་བཅས་པ་པོསམས ་ལ། བསྒྲུབ་པར་བྱ་བ་རང་གི་ཁར་བཅུག་ནས་དེ་བཟའ་བར་བསམ་པར་བྱ་སྟེ། དེ་ལྟར་ན་ཐམས་ཅད་གསོད་པར་འགྱུར་རོ།། ཐམས་ཅད་བསྒྱེལ་བ་ལ་ནི་རྡོ་རྗེ་གསང་བའི་ཧཱུཾ་མཛད་ཀྱིས་སོ།། ཞེས་བྱ་བ་ལ ་དབང་ཕྱུག་ཆེན་པོ་ལ་སོགས་པ་བསྒྱེལ་བྲི་ནི་ཐམས་ཅད་བསྒྱེལ་བའོ།། བཅོམ་ལྡན་འདས་རྡོ་རྗེ་གསང་བའི་ཧཱུ~ཾ་མཛད་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྟེ་ཐམས་ཅད་བསྒྱེལ་བར་འགྱུར་རོ།། འདི་སྐད་སྟོན་ཏེ་དེ་བཞིན་དུ་ཧཱུཾ་མཛོད་ཀྱི་སྦྱོར ་བ་བྱས་ལ་སྔར་བཤད་པའི་ལྕགས་ཀྱུའི་མཚན་མས་རང་གིས་མཚན་མ་ལ་རེགེ་ཅིང་། གཡས་པའི་མཛུབ་མོ་བསྒྲེང་ལ་ངེས་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱ་ཞིང་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསམས་ལ་བསྒྲུབ་པར་བྱ། ་བུའི་སྟེང་དུ་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཧཱུཾ་མཛད་སྤྲོས་ལ་བསྒྲུབ་པར་བྱ་བའི་སྟེང་དུ་འབབ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བསྒྱེལ་ཞིང་ལྷུང་བར་བྱས་པར་འགྱུར་རོ།། ཐམས་ཅད་བསླང་བཱ་ལ་ནི་ཞེས་བྱ་བ་ལྔ་ནི་དབ་ང་ཕྱུག ་ཆེན་པོ་ལ་སོགས་པ་བསྒྱེལ་བ་ཐམས་ཅད་བསླང་བའོ།། དེ་ལྟར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་དམ་ཚིག་བསླང་བའི་ཕྱག་རྒྱ་སྟེ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བའི་དམ་ཚིག་བསླང་བ་ནི་རྡོ་རྗེ་གསང་བའི་དམ ་ཚིག་བསླང་བའི་ཕྱག་རྒྱ་སྟེ། དེས་བསྒྱེལ་བ་ཐམས་ཅད་སློང་བར་འགྱུར་རོ།། དེ་ནི་འདི་ཡིན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔོའི་རྣལ་འབྱོར་བྱོས་ལ་དེས་བཤད་མ་ཐག་པའི་ཕྱག་རྒྱ་བཅིངས་ནས་དེས་རང་གི་མཚན ་མ་ལ་རེག་པར་བྱ་ཞིང་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ལ། དེས་སྡིགས་མཛུབ་བྱས་པའི་ཚུལ་ཉིད་དུ་བྱས་པས་བསྒྲུབ་པར་བྱ་བ་ས་ལས་བསླང་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུ་ལྷུང་བ་ཐམས་ཅད་སློང་བར་འགྱུར་རོ།། ་ཐམས་ཅད་བཅིང་བ་ནི་ཁམས་གསུམ་པའི་སྲིན་པོ་ལ་སོགས་པ་ཐམས་ཅད་བཅིང་པོའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསོང་བའི་བཅིངས་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཆེན་པོའི་གསང་བ་སྟེ་རྡོ་རྗེ་སེམས་དཔའི ་བཅིང་བ་ནི་རྡོ་རྗེ་གསང་བ་བཅིང་བའི་ཕྱག་རྒྱ་གང་ཡིན་པ་སྟེ་ངེས་ཐམས་ཅད་བཅིང་བར་འགྱུར་རོ།། དེ་ནི་འོད་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལྔ་སྔར་བཤད་པའི་ལྕགས་ཀྱུ་གཉིས་བཅིངས་ཏེ་ཕྱག་རྒྱ ་བཅིངས་པ་དེས་རང་གི་མཚན་མ་ལ་རིག་པར་བྱས་ནས། བདག་ཉིད་རྡོ་རྗེ་ལྕགས་སྒྲོག་ཏུ་བསམས་ལྔ་མཐེ་བོང་དྲང་མཐེའུ་ཆུང་བསྒྲེང་ལ་བསྒྲུབ་པར་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བར་བསམ་པར་བྱའོ།། ཐམ ་ཅད་ཐར་བར་བྱ་བ་ནི་དབང་ཕྱུག་ཆེན་པོ་ལ་སོགསོ་པའི་འཇིག་རྟེན་གསུམ་གདུང་བ་ལ་སོགས་པའི་བཅིང་བ་ལས་ནི་ཐར་པར་བྱེ་བ་ནཱི་ཐམས་ཅད་ཐར་པར་བྱའོ།། དེ་ལྟར་ཅིར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཡི་གོ་མུས་སོ ་ཞེས་བྱ་བ་གསུངས་ཏེ། དེའི་མཚན་ཉིད་ནི་འདི་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། སྔར་བཤད་པའི་ལྕགས་ཀྱུ་གཉིས་བཅིངས་ཏེ། རང་གི་མཚན་མ་ལ་བཞག་ནས། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ ་ཧོཿསུ་ར་ཏ་སྟྭཾ་མྱཱཿཞེས་བྱ་བ་ལ་སོགས་པའི་བཅིང་བ་དགྲོལ་བར་བྱ་སྟེ། དེ་ལྟ་བུས་ནི་བཅིང་བ་ཐམས་ཅད་ལྔས་ཐར་བར་འགྱུར་རོ།། ཕྲ་མེན་མ་ཐམས་ཅད་ལྔས་ཐར་པར་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའི་ཕྲ་མེན་མ་འམ་མཁའ་འགྲོ་མས་ཟིན་པ་ལ་ཐར་པར་བྱ་བ་ནི་ཕྲ་མེན་མ་ཐམས་ཅད་ཀྱིས་གཡོ་བ་མེད་པར་བྱས་ཤིང་ཤི་བའོ།། དེའི་སྔོན་གྱི་གནས་སྐབས་རྗེསུ་སྦྱིན་པ་ནི། སེམས་དང་བཅས་པར་སྦྱིན་པར་བྱ་བ་དང་ཤི ་བ་གཡོ་བའོ།། འདི་གཉིས་ཇི་ལྟར་འགྱུར་ཞེ་ན། གསང་བ་ཆེན་པོ་ཧེ་རུ་ཀའི་རྡོ་རྗེས་སོ་ཞེས་བྱ་བ་གསུངས་ཏེ། གསང་བ་ཚོན་པོ་སྟེ་རྡོ་རྗེ་གསང་བའི་ཧེ་རུ་ཀ་བསྐྱེད་པའི་ཕྱག་རྒྱ་ནི་གསང་བ་ཆེན་པོ་ཧེ་རུ་ཀའི་རྡོ་རྗེ་ཞེས་བྱ་བ་སྟེ། དེས་དེ། ་གཉིས་འགྲུབ་པར་འགྱུར་རོ།། འདི་སྐད་སྟོན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ནས། དང་པོའི་རྡོ་རྗེ་བཅིངས་ལ་དཔལ་ཧེ་རུ་ཀར་བདག་ཉིད་བསམས་ལ་ཕྲ་མེན་མ་ཐམས་ཅད་ཀྱིས་ཟིན་པ་ལ་དང་པོའི་རྡོ་རྗེ ་མཐེའུ་ཆུང་གཉིས་ཀྱིས་རྡོ་རྗེ་བསྣུན་པར་བྱེད་ཅིང་དཔལ་ཧེ་རུ་ཀའི་རྡོ་རྗེ་མཁའ་འགྲོ་མ་དང་བཅས་པ་ནང་པའི་ལུས་ལ་ཞུགས་པས་ཕྲ་མོན་མའི་ཕྱག་རྒྱས་ཐམས་ཅད་ཐལ་བར་བྱས་ལ་འོད་ཟེར་གྱི་ཚོགས་ཀྱིས་ནད་པ ་སྙིང་ཕྲ་མིན་མའི་ལུས་ལས་བཀུ་གནས་ནད་པའི་ལུས་ལ་བཅུག་སྟེ། ནད་པ་ནད་མེད་པར་བྱས་ནས་ཐ་མལ་པར་གནས་པར་བསམ་པར་བྱའོ།། མ་མོའི་གདོན་ཐམས་ཅད་ལ་སོ་ཐར་བར་བྱ་བ་ལ་ནི་རྡོ་རྗེ་གསང་བ་བརྟག ་པས་སོ་ཞེས་བྱ་བ་ནི། མ་མོའི་གདོན་ཐམས་ཅད་ལས་ཐར་བར་བྱ་བ་ནི་མ་མོའི་གདོན་ཐམས་ཅད་ལྔས་ཐར་བར་བྱའོ།། རྡོ་རྗེ་གསང་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་བདག་པོ་ནི་རྡོ་རྗེ་གསུང་བའི་དྲུག་པོའི་ཕྱག་རྒྱ་གང་གིས། མ་མོའི ་གདོན་ཐམས་ཅད་ངེས་པར་བསྲེག་ཅིང་ཐར་བར་བྱེད་པའོ།། འདི་སྐད་སྟོན་ཏེ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ནས་བདག་ཉིད་རྡོ་རྗེ་འཛིན་པ་ཆེན་པོ་དྲག་པོ་ཆེན་པོའི་ཞལ་རྣམ་པར་འགྱུར་བ་འཁོར ་དང་བཅས་པ་བསམས་ལ་མ་མོའི་གདོན་གྱིས་ཟིན་པའི་སྟེང་དུ་ཕྱག་རྒྱ་དེ་གདོང་རྣམ་པར་འགྱུར་ཞིང་མི་སྡུ་པོ་པས་འཕངས་ལ། བཅོམ་ལྡན་འདས་དྲག་པོ་ཆེན་པོའི་གཟུགས་ཅན་འཁོར་དང་བཅས་པ་བསྒྲུབ་པར་བྱ་བའི་ལུས་ལ ་ཞུགས་པས་ཀྱང་དེའི་ལུས་ལ་གནས་པའི་མ་མོའི་གདོན་བསྲེག་པར་འགྱུར་ཞིང་སོས་བྱར་འགྱུར་རོ།། དེ་ལྟ་བུས་ནི་མ་མོའི་གདོན་ཐམས་ཅད་ལས་ཐར་བར་འགྱུར་རོ།། ཕྲ་མྱེན་མ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ལས་ཐར་བར ་བྱ་བ་ནི་ཞེས་བྱ་བ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྲ་མེན་མ་མཁའ་འགྲོ་མ་རྣམས་ཀྱིས་རྒྱས་བཱཏབཱ་པ་དེ་ལས་ཐར་བར་བྱ་བ་ནི་དེ་ལས་དགྲོ་ལྔ་པའོ།། སྙིང་ཟོས་པ་ལས་སྙིང་གཞན་འབྱུང་བ་ཞེས་བྱ་བ་ལ་སོགས ་བཽ་དེ་རྣམས་ཀྱིས་དེ་ལྟར་རྒྱས་བཏབ་པའི་ཚེ་སྙིང་གི་པདྨ་དྲལ་ནས་ཟོས་པར་གྱུར་པ་གང་ཡིན་པ་དེའི་སྙིང་འབྱུང་བ་ནི་སྙིང་གི་པདྨ་གཞན་བསྐྱོད་པའོ།། དེ་རྣམས་ཀྱི་ལུས་ལ་ཕྲ་མེན་མ་ཐམས་ཅད་འཇུག་པོ་ནི་བབས་པོ་སྟེ། ཕྲ་མེད ་མའི་ཕྱག་རྒྱ་གཡོ་བ་མེད་པར་བྱས་པ་དེ་རྣམས་ཀྱི་སེམས་ཡོད་པར་བྱས་ཤིང་ནད་མེད་པར་བྱས་པ་ནི་ཤི་བ་གསོས་པའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དམ་ཚིག་ཆེན་པོ་གསང་བའི་ཧེ་རུ ་ཀའི་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དམ་ཚིག་ཆེན་པོའི་གསང་བའི་དཔལ་ཧེ་རུ་ཀ་སྐྱེད་པར་བྱེད་པ་ནི་དཔལ་རྡོ་རྗེ་ཧེ་རུ་ཀ་གསལ་བར་བྱེད་ཅིང་དེ་སྐྱེད་བུར་བྱེད ་པའི་ཕྱག་རྒྱ་གླང་ཡིན་པ་དེ་ནི་རྡོ་རྗེ་ཧེ་རུ་ཀའི་དབང་བསྐུར་བའི་ཕྱག་རྒྱ་སྟེ། ངེས་འདི་དག་ཐམས་ཅད་བྱེད་པར་འགྱུར་རོ།། འདིའི་དོན་ནི་འདི་སྐད་སྟོན་པར་འགྱུར་ཏི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ནས་དང་པོའི་རྡོ་རྗེ ་བཅིངས་པ་བཟློག་ནས་དཔྲལ་བའི་ཕྱོགས་སུ་བཞག་ནས་གྱེན་དུ་བལྟས་ལ། དཔལ་ཧེ་རུ་ཀར་བདག་ཉིད་བསྒོམ་པར་བྱ་སྟེ། ཞལ་བཞི་པ་དེ་ལ་ཞལ་དང་པོ་དྲག་པ་ཞལ་གཡས་པ་རབ་ཏུ་རྨོངས་པ་རྨོངས་པར་མཛད་པའོ།། ་རྒྱབ་ཀྱི་ཞལ་གདུག་པའི་པགས་པ་ཟ་བར་མཛད་པ་ལ་བརྩོན་པ། ཞལ་གཡོན་པ་སྒེག་པ་ཕྱག་གཉིས་ཀྱིས་རླུང་གི་གྲོས་འཛིན་པའི་ཚུལ་གྱིས་མིའི་པགས་པ་རློན་པ་བསྣམས་པ་གཉིས་ཀྱིས་དཔྲལ་བའི་ཕྱོགས་ཧེ་རུ་ཀའི ་རྗེའི་ཕྱག་རྒྱ་འཆང་བ། གཡས་པའི་ཕྱག་གསུམ་པ་ས་རྡོ་རྗེ་རྩེ་ལྔ་པ་འབར་བ་གསོར་བ་ལ་བརྩོན་པ། བཞི་པ་ཁྲག་ཆེན་པོས་བཀང་བའི་ཐོད་པ་བསྣམས་པ། གཡོན་གྱིས་ཕྱག་གསུམ་པས་དྲིལ་བུ་དང་བཅས་པའི་རྡོ་རྗེ་ཁ ་ཊྭཱཾ་ག་བསྣམས་པ། བཞི་པ་ཤ་ཆེན་པོས་ཡོངས་སུ་གང་བའི་ཐོད་པ་བསྣམས་པའོ།། ཡང་ན་ཞལ་གཅིག་པ་ཕྱག་གཉིས་པ་དཔུང་པ་གཡོན་པར་དྲིལ་བུ་དང་བཅས་པའི་རྡོ་རྗེ་ཁ་ཊྭཱཾ་ག་མཆོད་ཕྱིར་ཐོགས་ཀྱི་ཚུལ་དུ་བསྣམས ་པའི་ཕྱག་གཡས་ཀྱི་བ་ངན་གསུམ་པའི་ཚུལ་གྱི་རྡོ་རྗེ་རྩེ་ལྔ་པ་འབར་བ། ཕྱག་གཡོན་པས་ཤ་ཆེན་པོས་ཡོངས་སུ་གང་བའི་ཐོད་པ་བསྣམས་པའོ།། འདི་དག་གཉི་ག་ཡང་ཐོད་པའི་ཅོད་པན་གྱི་ཕྲེང་བ་ཅན་སྤྱི་གཙུག་ནས་སངས ་རྒྱས་ཀྱི་གཙུག་གི་ནོར་བུ་ཅན་སྣ་ཚོགས་པདྨ་ལ་བཞུགས་པ། ཞབས་གཡོན་པ་ས་ལ་བཞག་ནས་ཞབས་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་བཞག་ནས་དེའི་ཞབས་མཐིལ་གཡོན་གྱི་དང་སྦྱར་བའི་ཚུལ་དུ་བྱས ་ནས་བཞུགས་པ། སྐུའི་གཟི་མངངས་སྔོན་པོ་འཚེར་བ་འོད་ཀྱི་དཀྱིལ་འཁོར་འཇིག་པ་ཆེན་པོའི་དུས་ཀྱི་བར་དུར་ཁྲོད་ཀྱི་མེ་ལྟར་འབ་རོ་ཞིང་དམར་བ། དབུ་སྐུ་དམར་སེར་འབར་བ་སྣ་ཚོགས་པ་རྣམས་འབར་བར་འགྱུར་ཞིང་དྲག ་པོ་ལ་སོགས་པའི་ཉམས་དང་ལྡན་པ་ཁྲོ་གཉེར་རྣམ་པར་འགྱུར་ཞིང་བསྡུས་པ། བལྟ་བ་རྣམ་པར་འབར་བར་སྣང་ཞིང་གཡོ་བའོ།། དེ་ལྟར་བདག་ཉིད་དཔལ་ཧེ་རུ་ཀར་བསམས་ནས་ཇི་སྐད་དུ་བཤད་པའི་ནད་པའི་ལུས་ལ། བཅོམ ་ལྡན་འདས་རྡོ་རྗེ་མཁའ་འགྲོ་མོའི་ཚོགས་དང་བཅས་པ་ཡིད་ཀྱིས་གཞུག་པར་བྱའོ།། དེ་ནས་ནང་པའི་ལུས་ལ་གནས་པའི་ཕྲ་མེན་མའི་ཕྱག་རྒྱ་ཐམས་ཅད་བཅོམ་ཞིང་ཟློས་པར་བསམས་པར་བྱའོ།། དེ་ནས་རྡོ་རྗེ་རྣལ་འབྱོར་མ ་འོད་ཟེར་འབར་བའི་གཟུགས་ཅན་རྣམས་སྦྲུལ་ལཱ་དེར་གནས་པ་ཉིད་ཀྱིས་དེ་མཁའ་འགྲོ་མ་དེ་བཀུག་ལ་ནད་པའི་ལུས་ལ་བཅུག་སྟེ་དེ་རྣམས་ལས་སྙིང་བླངས་ལ་ནད་པའི་ལུས་དེས་བརྟས་པར་བྱའོ།། ་དེ་ནས་དེ་རྣམས་ཡང་དག་པར་བཙིར་བའི་ངེས་པར་གཟུང་ལ་ནད་པ་སོས་ཤིང་རྣལ་མར་བྱས་ཤིང་བསླང་བར་བྱ་འོ།། གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་ལ་ནི་ཞེས་བྱ་བ་ལ་ལོག་འདྲེན་ཐམས་ཅད་ཀྱི་ཕྱག་རྒྱ་ནི་གདུག་པ ་ཐམས་ཅད་ཀྱི་ཕྱག་རྒྱའོ།། དེ་རྣམས་གཞིག་པ་ནི་བསྒྲུབ་པར་བྱ་བའི་རྒྱུད་ལ་ལོག་འདྲེན་གྱིས་བཅིངས་པ་རྣམས་རྣམ་པརཱ་གཞིག་པའོ།། ཡང་སྲིན་པོ་ལྀ་སོགས་པའི་གདུག་པ་ཐམས་ཅད་ཉེ་བར་གནོད་པ་བྱེད་པའི་ཕྱིར་འོངས་ནས་ཕྱག ་རྒྱུ་བཅིང་བའི་ཕྱག་རྒྱ་དེ་རྣམ་པར་བརླག་པུ་ནི་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པའོ།། དེར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་སྟེ། རྡོ་རྗེ་སེམས་དཔའི་རྡོ་རྗེ་ནི་རྡོ་རྗེ་གསང་བའི ་རྡོ་རྗེའི་ཕྱག་རྒྱ་གང་གིས་དེ་ལྟར་གྱུར་པ་དེ་རྡོ་རྗེ་གསང་བའི་རྡོ་རྗེ་དེས་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པར་བྱའོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ ་བཅིངས་ཏེ། བདག་ཉིད་རྡོ་རྗེ་སེམས་དཔའ་ཤིན་ཏུ་དྲག་པོ་བསམས་ལ་དང་པོའི་རྡོ་རྗེ་གདུག་པའི་ཕྱག་རྒྱའི་སྟེང་དུ་རྡོ་རྗེ་འབར་བ་དབབ་པའི་བསམ་པས་ན་མཁའི་ཕྱོགས་སུ་མནན་པར་བྱ་སྟེ། དེ་ལྟ་བུས་ནི་གདུག་པ་ཐམས་ཅད ་ཀྱི་ཕྱག་རྒྱ་བཅོམ་པར་འགྱུར་རོ།། རིམས་ཐམས་ཅད་ནི་ཉིན་གསུམ་པ་དང་། ཉིན་བཞི་པ་དང་། སྣང་དང་ཡང་ཟློ་བ་དང་། རྟག་པ་དང་ཁྱབ་འཇུག་གི་རིམསོ།། དེ་རྣམས་ཞི་བ་ནི་དེ་དག་ཀྱང་བྲལ་བའོ།། དེ་གང་གི་འགྱུར་ཞེ་ན། རྡོ་རྗེ ་གསོང་བའི་འབར་བའི་ལྟ་བས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་སྟེ་རྡོ་རྗེ་སེམས་དཔའི་འབར་བའི་ལྟ་བ་ནི་བསྐྱོད་ཅིང་འཛུམ་པའི་ལྟ་བའོ།། དེ་དང་བཅས་པའི་ཕྱག་རྒྱས་བཅིངས་པས་སྦྱར་བར་བྱ་སྟེ། དེས་རིམས ་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། འོདདི་སྐད་སྟོན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དཱིཔྟ་དྲྀ་ཤྱ་ཨ~ཾ་ཀུ་ཤི་ཛཿཞེས་བྱ་བ་མིག་གཉིས་སུ་བཀོད་ལོ་རབ་ཏུ་འབར་བས་གཡོ་བོའི་མིག། མིག་གི་རྫི་མ་འདྲེན ་བ་ནི་ཞེས་བྱ་བའི་འབར་བའི་ལྟ་བའི་ཕྱག་རྒྱས་རིམས་ཀྱིས་ཟིན་པ་རྣམས་ལ་བལྟས་ལ། དང་པོའི་རྡོ་རྗེས་བྱ་བ་པར་བྱ་ཞིང་ལྟ་བ་ལས་བྱུང་བའི་རྡོ་རྗེ་འབར་བའི་ལྕགས་ཀྱུས་རིམས་མགོ་བོ་གསུམ་པ། ལག་པ་གསུམ་པ ་རྐང་པ་གསུམ་པ་དྲངས་ལ། རྒྱ་མཚོ་ཆེན་པོར་དོར་ཏེ། བསྒྲུབ་པར་བྱེ་བྱའི་སྤྱི་བོ་ནས་བརྩམཱསྭཱ་ཏེ། རྐང་མཐིལ་གྱི་བོར་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཁྱབ་ཅིང་རྡོ་རྗེ་སེམས་དབྱར་གྱུར་པར་བྱསམྱ་བར་བྱའོ།། དེ ་ལྟ་བུས་ནི་རིམས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། གྲང་པོའི་རིམས་ཞི་བར་བྱ་བའི་ཕྱིར་ནི་བཅོམ་ལྡན་འདས་སྐུ་མདོག་དམར་པོ་བསམས་ལ། ཚ་བའི་རིམས་ཞི་བར་བྱ་བའི་ཕྱིར་ནི་ཟླ་བའི་མདོག་ཅན་དུ་བསམ ་བར་བྱའོ།། དུག་ཐམས་ཅད་ནི་རྒྱུ་བ་དང་། མི་རྒྱུ་བ་རྣམས་སོ་དེ་རྣམས་ཞིག་པ་ནི་རྣམ་པར་གསལ་བ་སྟེ། དེ་རྣམས་ཉིད་རང་དབང་དུ་བྱས་ནས་བཟླ་བར་བྱ་བའོ།། དེ་རྣམས་ཉིད་གཡོ་བ་ནི་འབབ་བའོ།། འགུལ་མི ་ནུས་པའི་སེམས་ཅན་བདེ་བར་བྱ་བ་ནི་འཆི་བ་སླར་གསོ་བའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། གསང་བ་ཆེན་པོའི་རྡོ་རྗེའི་ནོར་བུའི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ་དང་པོའི་རྡོ་རྗེ་མཐེའུ་ཆུང་གཉིས་ཀྱིས་རྒྱབ ་བཀུག་ལ་ནོར་བུར་བྱ་བ་འདི་ནི་གསང་བ་ཆེན་པོའི་ནོར་བུའི་ཕྱག་རྒྱའོ།། འདི་བཅིངས་ལ་རྡོ་རྗེ་སེམས་དཔའ་སྦྱོར་བས་མཐེའུ་ཆུང་གཉིས་ཀྱི་ནོར་བུར་དུག་ལ་བརྡེག་པར་བྱས་ལ་དུག་དངོས་པོ་མེད་པའི་ངོ་བོ་ན་མཁར་གྱུར་པར ་བསམ་པར་བྱའོ།། དེ་ལྟ་བུས་ནི་དུག་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་དུག་ལ་རེག་ཅིང་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཕྲ་རབ་ཏུ་ཡོངསུ་གྱུར་པར་བསམ་ལ་དེ་ལྟར་བདུད་རྩི་བྱས་ནས་དུག་ཐམས་ཅད་བཟའ ་བཱར་བྱའོ།། དེ་བཞིན་དུ་རེག་པར་བྱས་ཤིང་དུག་གིས་ཟིན་པ་འམ་དུག་གམ་དུག་གིས་ཟིན་པའི་ཤུགས་སྲམ་དུག་གི་རིཤུགས་ཀྱི་འོག་ཏུ་ཡི་གེ་ཧ་ལ་འམ་ཡཾ་ལས་རླུང་གི་དཀྱིལ་འཁོར་དོའི་སྟེང་དུ་ཡི་གེ་རཾ་ལས་མེའི ་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཨོཾ་དུས་མཐའ་རླུང་གིས་བསྐྱོད་པའི་བསྐལ་པའི་མེའི་ཕུང་པོ་ལྟེ་བུ་དེའི་སྟེང་དུ་དུག་གིས་ཟིན་པ་འམ་དུག་གནས་པ་མེ་དེས་བུད་ཤིང་སྐམ་པོ་ལྟར་འབར་བར་གྱུར་པ་བསམ་པར་བྱ ་སྟེ་དེ་ལྟ་བུས་ནི་འབབ་པར་འགྱུར་རོ།། དེ་བཞིན་དུ་དུག་གི་ཤུགས་ཕོག་ཅིང་ཤི་བ་ལ་རེག་པར་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཟླ་བའི་མདོག་ཅན་གྱིས་དེའི་སྤྱི་བློ་ནས་བརྩམས་ཏེ། རྐང་མཐིལ་གྱི་བར་དུ ་དེའི་ཡན་ལག་ཀུན་ཏུ་གང་ཞིང་རྡོ་རྗེ་སེམས་དཔར་གྱུར་པར་བསམ་པར་བྱའོ།། དེ་ལྟ་བུས་ནི་ཤྲི་བོ་སླར་སོས་པར་འགྱུར་རོ།། དུག་ཐམས་ཅད་དང་སྦྱར་བའི་དུག་བདུད་རྩིར་བྱ་བ་ནི་ཞེས་བྱ་བ་ལ་དུག་ཐམས་ཅད་ནི་སྔར་བཤད ་པ་རྣམས་སོ།། སྦྱར་བའི་དུག་ནི་ཡི་དྭགས་ཀྱི་འགྲོ་བ་བསྡུས་པའི་སེམས་ཅན་ལ་གནོད་པར་བྱེད་པའི་སེམས་ཅན་གྱི་སྐྲ་དང་སེན་མོ་དང་། དྲི་མ་ལོ་སོགས་པའི་སྦྱོར་བ་བྱོས་ནས་སེམས་ཅན་སྡུག་པ་རྣམས་ཀྱིས་བཏང ་བའོ།། དེ་རྣམས་བདུད་རྩིར་བྱ་བ་ནི་སེམས་ཅནྡ་ལ་གླདུགས་པར་བྱ་བྱའི་ཕྱིར་གཟུགས་བསྒྱུར་བར་བྱའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་དུག་མེད་པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་མཛུབ་མོ ་གཉིས་སྦྱར་ཏེ་རྩེ་མོར་བྱས་པའི་མཛུབ་མོ་གཉིས་ཀྱི་རྩེ་མོ་དཔལ་རྡོ་རྗེ་སེམས་དཔའ་ཞབ་ས་ཀྱི་སོར་མོའི་གཟུགས་སུ་ཡིད་ཀྱིས་བསྐྱེད་ལ་དུག་ཐམས་ཅད་དང་སྦྱར་བའི་དུག་གི་སྟེང་དུ་བཞག་སྟེ། དེས་དུག་ཐམས ་ཅད་སྦྱར་བའི་དུག་རྡོ་རྗེ་སེམས་དཔའི་ཞབས་ཀྱིས་སོར་མོ་དང་རེག་པས་རྡོ་རྗེ་སེམས་དཔའི་བདུད་རྩིའི་ཕྲ་རབ་རྣམས་ཀྱི་བདུད་རྩིར་གྱུར་པར་བྱའོ།། དེ་ལྟ་བུས་ནི་དུག་ཐམས་ཅད་དང་སྦྱར་བའི་དུག་བདུད་རྩིར་བྱེད་པར ་འགྱུར་རོ།། གཤེད་བྱེད་ཐམས་ཅད་ནི་སྔགས་ཀྱི་སྟོབས་ཀྱིས་དགུ་བོའི་སྲོག་འཕྲོག་པར་བྱ་བའི་ཕྱིར་ཁྲོ་བོའི་ལྷ་བསྐྱེད་པ་གང་གིས་ཕུར་བུའི་ཕྱག་རྒྱ་འམ། སེང་ལྡེང་ལ་སོགས་པའི་ཕུར་བུས་བཏབ་ལ། རོ་ལ ་སྔགས་ཀྱི་སྟོབས་སམ་སྨན་གྱི་སྟོབས་ཀྱིས་དགྲ་བྱོ་བསད་པར་བྱ་བའི་ཕྱིར་ཤི་བའི་རོ་ལ་མཁས་པོ་ས་སྲིན་པོ་ལ་སོགས་པ་བཅུག་སྟེ་བྱས་པ་འམ་ཡང་ནི་གཞན་ལ་གནོད་པར་བྱ་བའི་ཕྱིར་རང་ཉིད་ཤི་བའི་ལུས་ལ་སྲིན ་པོ་ལ་སོགས་པཞུགས་པ་གང་ཡིན་པའི་རོ་ལ་ས་དེའོ།། བྱུར་ནི་གོ་བོར་ཟད་དོ།། གཤེད་བྱེད་ལ་སོགས་འདི་དག་བཤིག་པ་ནི་རྡོ་རྗེ་གསང་བའི་སྦྱིན་སྲེག་གིས་འགྱུར་བ་ནི། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་མདུན ་དུ་རྡོ་རྗེ་སེམས་དཔའ་སྤྱན་དྲངས་མཆོད་པ་ཐམས་ཅད་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། འབར་བའི་ཕྲེང་བ་ཀུན་ཏུ་འཁྲིགས་པའི་ཡེ་ཤེས་ཀྱི་མེ་ཐབས་ཀྱི་དབུས་ན་བཞུགས་པའི་དྲག་པོ་ཆེན་པོས་གཤོད་བྱེད་ལ་སོགས ་བ་ཟ་བར་སྤྱོད་པ་དེར་བསམས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་མཛུབ་མོ་གཉིས་སྦྱོར་བས་གཤེད་བྱེད་ལ་སོགས་པ་བླངས་ཏེ། དགང་བླུགས་ལ་སོགས་པ་དེ་ལྟར་དེའི་ཞལ་དུ་འབབ་པར་བསམ་མོ།། དེ་ལྟར་ན་གཤེད་བྱེད་ལ ་སོགས་པོ་རྣམ་པར་འཇིག་པར་འགྱུར་རོ།། རྩོད་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་ཆེན་པོའི་ཆེན་པོ་ཀུན་ཏུ་སྤྱོད་པ་ནི་རྩོད་པ་ཐམས་ཅད་དོ།། ཞེ་སྡང་གི་ཟིལ་གྱིས་གནོན་པ་རྣམས་ཕན ་ཚུན་གཅིག་ལ་གཅིག་མི་སྙན་པར་བརྗོད་པ་ནི་འཐབ་པའོ།། ཐབ་མོ་འདི་ནི་གྲགས་པ་ཉིད་དོ།། རྩོད་པའི་དབང་དུ་བྱེད་པ་ལ་བརྩོན་པ་རྣམས་ཀྱིས་ཁྱེད་ཀྱི་ནི་མི་རིགས་སོ།། ངའི་རིགས་ཏེ་ངའི་འདི་ནི་ཆོས་གསལ་བར་བྱེད་པའི་ཚིག་ཡིན ་ནོ་ཞེས་འགལ་བར་སྨྲ་བ་ནི་རྩོད་པའོ།། འདི་དག་ཞིག་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཞལ་རབ་ཏུ་གདངས་པས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བ་སྟེ་རྡོ་རྗེ་སེམས་དྲཔའི་ཞལ་གདངས་པ་ནི། རྡོ་རྗེ་གསོང་བའི་ཞལ ་གདངས་པའི་ཕྱག་རྒྱ་སྟེ། དེས་དེ་རྣམས་འཇིག་པར་འགྱུར་བའོ།། དེ་ཡང་ལྔ་པོ་བསྡུས་པ་བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱི་གཉིས་བྱས་ལ་དེ་ནས་དེ་ཉིད་ཁར་དགྲོལ་བ་འདི་ནི་རྡོ་རྗེ་གསང་བའི་ཞལ་གདངས་པའོ།། འདི་སྐད ་སྟོན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་གསང་བའི་ཞལ་གདངས་པ་བཅིངས་ཏེ་བསྒྲུབ་པར་བྱ་བ་དང་། ཡིད་ཀྱི་གཅིག་ཏུ་གྱུར་པར་བྱས་ལ་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔའ་རྩོད་པ་དང་འཐབ་མོ་ལ་སོགས་པ་འཇིག་པར་མཛད་པའི་བསམ་པས་བསྒྲུབ་པར་བྱ་བའི་ཁུར་བཅུག་ནས་བཅོམ་ལྡན་འདས་དེ་ཞུགས་པས་བསྒྲུབ་པོར་བྱ་བ་ཀུན་ཏུ་བཟང་པོར་གྱུར་ནས་རྩོད་པ་དང་འཐབ་མོ་ལ་སོགས ་པ་དང་བྲལ་བར་བསམ་པར་བྱའོ།། ཡམས་དང་འཚེ་བ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་སེམས་ཅན་རྣམས་ཀྱི་ལུང་པ་དང་དབུགས་མི་བདེ་བ་དང་། རིམས་ལ་སོགས་པའི་སྡུག་བསྔལ་སྐྱེད་པར་བྱེད་པའི་བདུད་ཀྱི་ཕྱོགས ་ཀྱི་བབུང་དུ་གྱུར་པའི་སྒྲ་རྣམས་ནི་སེམས་ཐམས་སྣང་ངོ་།། སྲིན་པོ་ལ་སོགས་པ་ནས་སྩལ་ཉེ་བར་གཙེས་པ་ནི་འཆེ་བ་ཐམས་ཅད་དོ།། ཁྱུབ་འཇུག་དང་འཆོལ་བའི་རྒྱུད་ཀྱི་དོན་ཉམ་སུ་ལེན་པ་ནི་སྡིག་པའོ།། ལ ་དྲན་པ་ནི་རྒྱུད་དེ་དུང་དེ་ལས་ཤེས་པར་བྱའོ།། འདི་རྣམས་གཞིག་པར་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་ཞ་བས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གསང་བཱ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་ཞི་བོ་ནི་རྡོ་རྗེ་གསང་བའི་ཞི་བའི་ཕྱག་རྒྱའོ།། འདིས ་ནི་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱས་ལ། མདུན་དུ་བཅོམ་ལྡན་འདས་སྤྱན་དྲངས་ལ་མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས་ཕྱག་བྱས་ནས། ཡེ་ཤེས་ཀྱི་མེ ་འབར་བའི་ཕྲེང་བ་འཁྲུག་པར་ཞུགས་པ་ཞལ་གྱི་མཆེ་བོ་གཙིགས་པ། ཡམས་ལ་སོགས་པ་ཐམས་ཅད་བཟློག་པར་མཛད་པ་ལ་བརྩམས་པ་བདག་ཉིད་ཀྱང་དྲག་པོ་ཆེན་པོ་བསམས་ཏེ། ལྔ་པོ་བསྡུས་པ་བཅིངས་ཏེ་མཛུབ་མོ་གཉིས ་ཀྱི་ལྕགས་ཀྱུས་སེམས་ལ་སོགས་པ་བཀུག་སྟེ། བཅོམ་ལྡན་འདས་ཀྱི་ཞལ་དུ་དགང་བླུགས་དབུལ་བའི་ཚུལ་དུ་བསྟབ་པར་བྱའོ།། དེ་ལྟར་ན་ཡམས་ལ་སོགས་པ་རྣམ་པར་འཇིག་པར་འགྱུར་རོ།། གཞན་གྱི་དཔུང་ཐམས་ཅད་རེངས་པར ་བྱེ་བ་དེང་གཅིང་ལོག་པར་བྱ་བ་དང་། རྨོངས་པར་བྱ་བ་དང་། རྨུགས་པོར་བྱེད་པ་དང་། རྒྱས་བཏབ་པ་དང་བསང་པི་ལ་ནི་ཞེས་བྱ་བ་ནི་བཤང་ཟིན་ཏོ།། དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེམ་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་གས ་བའི་གཤེད་བྱེད་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་གསང་བ་ནི་རྡོ་རྗེ་སེམས་དཔའ་སྟེ། དེའི་གཤེད་བྱེད་སྐྱེད་པར་བྱེད་པའི་ཕྱག་རྒྱ་སྟེ། དེས་དེ་ཐམས་ཅད་རེངས་པར་འགྱུར་རོ།། འདིས་ནི་དོན་འདི་སྐད ་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་སྔ་མ་བཞིན་དུ་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་བཅིངས་ལ་བདོག་ཉིད་རྡོ་རྗེ་སེམས་དཔའ་དྲག་པོ་ཆེན་པོར་བསམས་ལ། མཐེའུ་ཆུང་གཉིས་རང་གི ་སྐྱེ་གནས་སུ་བཅུག་ལ་ལྕགས་ཀྱུའི་ཕྱག་རྒྱས་དྲལ་ནས། རང་གི་ལུས་ལས་ཀྱང་གཤེད་བྱེད་དྲག་པོ་ཆེན་པོ་གཟུགས་ཅན་རྣམས་བྱུང་ལ་དེས་གཞན་གྱི་དཔུང་མནན་པར་བསམ་པར་བྱའོ།། དེ་ལྟ་བུས་ནི་གཞན་གྱི་དམག་ཚོགས ་རེངས་པར་འགྱུར་རོ།། དེ་ཉིད་དབྱེ་བ་མཐོའ་ཡས་པའི་གཟུགས་ཅན་སྤྲོས་ལ། གཞན་གྱི་དམག་ཚོགས་ཀྱི་སེམས་ཅན་རེ་རེའི་ལུས་སུ་བཅུག་སྟེ་མིག་བཙུམས་ན་དེ་ལྟ་བུས་ནི་གཞན་གྱི་དཔུང་གཉིད་ལོག་པར་བྱས་པར་འགྱུར་རོ།། ། ་དེ་ཉིད་སྤྲོས་ལ་གཞན་གྱི་དཔུ་གིས་སེམས་ཅན་རྣམས་ཀྱིས་ལུས་རྣམས་ལ་བཅུག་ན་བདག་ཉིད་ཀྱི་ལུས་ཀྱི་ཡན་ལག་ཐམས་ཅད་ལ་ལྷོད་པར་གྱུར་པར་བྱ་སྟེ། དེ་ལྟ་བུས་དེ་ནི་རྨོངས་པར་བྱས་པར་འགྱུར་རོ།། དེ་བཞིན་དུ་དེ་བཅུག་ལ ་གཞན་གྱི་དཔུང་གི་ཚོགས་ཕྲོགས་པར་གྱུར་པར་བསམས་ན་ལྐུགས་པར་བྱས་པར་འགྱུར་རོ།། དེ་བཞིན་དུ་དེ་བཅུག་ལ་དེས་གཞན་གྱི་དཔུང་རྒྱས་བཏབ་པར་བསམས་ན་དེ་ལྟ་བུས་ནི་རྒྱོས་བཏབ་པར་འགྱུར་རོ།། དེ་བཞིན་དུ་དེ་སྨྲས ་ལ་གཞན་གྱི་དཔུང་ཟ་བར་མཛད་པར་བསམས་ན་དེ་ལྟ་བུས་ནི་གསོད་པར་འགྱུར་རོ།། འཐབ་པ་ཐམས་ཅད་ལས་རྒྱལ་བ་ཐོབ་པ་ལྔ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་རྩེ་མོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ ་སེམས་དཔའི་སྦྱོར་བ་བྱས་ལ་སྲིན་པོ་ལ་སོགས་པ་དང་འཐབ་པའི་ནང་དུ་ཞུགས་པ་ན་ལྔ་པོ་བསྡུས་པ་བཅིངས་ལ་མཛུབ་གཉིས་ལྕགས་ཀྱུར་བྱས་ཏེ། སྲིན་ལག་གཉིས་གཞིབས་ཏེ་རྩེ་མོ་སྦྱར་ནས་མཐེའུ་ཆུང་གཉིས་གཤིབས ་བ་ཕྱེ་སྟེ་སྟེང་དུ་ངོ་ཞག་ལོ་བཟུང་བར་བྱ་ཞིང་རང་གི་ལུས་ལུས་ཀྱང་དཔུང་གི་ཚིགས་ཡན་ལག་བཞི་ཕྱུང་ལ་དེས་གཞན་གྱི་དཔུང་བཅོམ་པ་དང་བརླག་པ་དང་བྱེད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འཐབ་པ་ཐམས་ཅད་ལས་རྒྱལ ་བ་ཐོབ་པར་འགྱུར་རོ།། གདུག་པ་ཐམས་ཅད་འཇུག་པ་ནི་རྡོ་རྗེ་གསང་བའི་རྡོ་རྗེ་ལེགས་པའི་གསང་བས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་པོ་བྱས་ལ་མི་ལ་སོགས་པའི་གཙེ་བྱ་དང་ཕྲད་ན་རྡོ་རྗེ་བསྡམས་པ་བཅིངས ་ལ། མཛུབ་མོ་དང་མཐེ་བོས་ལེགསོ་ལེགས་སོ་ཞེས་བྱ་བ་སྦྱིན་པའི་ཚུལ་དུ་ཡང་དང་ཡང་དུ་བྱས་ལ། རང་གི་ལུས་ལས་བྱུང་བ་དང་། རྡོ་རྗེ་ལེགས་པའི་སྐུ་ལཱྀ་ལེགས་སོ་ཞེས་བྱ་བའི་སྒྲ་བརྗོད་པ་ལ་བརྩོན་པས་མེ་ལ་སོགས ་པའི་གདུག་པ་བཅོམ་པར་གྱུར་པར་བསམ་པར་བྱའོ།། དེ་ལྟ་བུས་ནི་གདུག་པ་ཐམས་ཅད་འཇིག་པར་འགྱུར་རོ།། བགེགས་ཐམས་ཅད་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བདུད་རྩི་ཐབ་སྦྱོར་གྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བདག་ཉིད་བདུད་རྩི་ཐབ་སྦྱོར་གྱི་གཟུགས་སུ་བསམས་ལ། དེའི་ཕྱག་རྒྱ་བཅིངས་ཏེ་བདུད་རྩི་ཐབ་སྦྱོར་སྐུ་མདོག་ནག་པོ་ཞལ་གྱི་མཆེ་བ་གཙིགས་པ། ཕྱག་གཡས་ན་རྡོ་རྗེ་དང་རལ་གྲི་དང ་དགྲ་སྟ་བསྣམས་པ། ཕྱག་གཡོན་ན་གཅིག་གིས་སྡིགས་མཛུབ་བྱེད་པ་ལྔ་བརྩོན་པ། གཉིས་པས་གཏུན་ཤིང་བསྣམས་པ། གསུམ་པས་ཞགས་པ་བསྣམས་པ་གཡོན་བརྐྱང་བཱ་ལས་བཞུགས་པ། ནག་པོ་ཆེན་པོ་རྒྱན ་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ།། དེ་ནས་རང་གི་ལུས་ལས་བདུད་རྩི་ཐབ་སྦྱོར་གྱི་གཟུགས་དཔག་ཏུ་མེད་པ་སྤྲོས་ལ་ངེས་བགེགས་ཐམས་ཅད་གཞོམ་པར་བྱའོ།། དེ་ལྔ་འདིའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ ་མཛུབ་མོ་གཉིས་དང་མཐེ་བོ་གཞིབས་ལ་མཐེ་བོ་གཉིས་ཅུང་ཟད་ཕྱེ་སྟེ་ཅུང་ཟད་བཀུག་ལ། མཛུབ་མོ་གཉིས་མཆེ་བ་ལྟར་ཁར་བཞག་པར་བྱའོ།། འདི་ན་འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་ཕྱག་རྒྱའོ།། དགྲ་བོ་ཐམས་ཅད ་རྣམ་པར་གཞིག་པ་ལ་ནི་རྡོ་གསང་བའི་རྣམ་པར་མཐོང་བས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། བདག་ཉིད་རྡོ་རྗེ་སེམས་དཔའ་ནག་པོ་ཆེན་པོར་རྣམ་པོར་བསམས་ལ། ལྷ་དང་མི་ལ་སོགས ་བའི་དགྲ་བོ་ཐམས་ཅད་རྣམ་པར་བཅོམ་པའི་དོན་དུ་བདུགས་པར་དམིགས་ལ་རྡོ་རྗེ་རྣམ་པར་འཐོར་བའི་ཕྱག་རྒྱ་བཙོངས་ལ། རང་གི་ལུས་ལ་རྡོ་རྗེ་གནོད་སྦྱིན་དང་སྲིན་པོ་དང་རོ་ལངས་རྣམས་ཕྱུང་སྟེ། དེས་དེ་རྣམས་རྣམ ་བར་གཞིག་པར་བྱའོ།། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ་དགྲ་བོ་རྣམ་པར་གཞིག་པའི་བསམ་པས་རྡོ་རྗེ་བསྡམས་པ་བཅིངས་ལ་བསྐོར་ཏེ་དྲལ་བར་བྱའོ།། བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི ་རབ་ཏུ་འདུལ་བས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། བདག་ཉིད་དེ་བཞིན་གཤེགས་པ་མི་བསྐྱོད་པར་བསམས་ལ། རང་གི་སྙིང་གོརརོ་སེམས་མ་རྡོ་རྗེ་མ་དེ་ལས་རྡོ་རྗེ་བསྡམས་པ་བཅིངས་ལ་རྡོ་རྗེ ་བསྡམས་པ་བརྐྱང་བའི་ལག་མཐིལ་ས་ལ་རིག་པར་བྱས་ལ། རང་གི་ལུས་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས་ཁྲོས་པ་རྣམས་སྤྲོས་ལ་དེས་བདུད་ཀྱི་སྡེ་ཐམས་ཅད་གཞོམ་པར་བྱའོ།། སྤྲིན་བསྐྱེད་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན ་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་མདུན་དུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་བཾ་ལས་ཆུའི་དཀྱིལ་འཁོར་བསམས་ལ། དང་པོའི་རྡོ་རྗེ་བཅིངས་ལ་རང་གི་ལུས་ལས་རྡོ་རྗེ་ཀླུ་སྤྲོས་ཏེ ་དང་པོའི་རྡོ་རྗེ་སྤྲིན་བསྐྱེད་པའི་ཚུལ་དུ་བྱས་ལ། དེས་ཀྱང་རྡོ་རྗེ་ཀྵ་ཡིས་རླུང་དང་ཆུའི་དཀྱིལ་འཁོར་བསམས་པ་ཙམ་གྱིས་བཏེག་པར་འགྱུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྤྲིན་བསྐྱེད་པར་འགྱུར་རོ།། ཆུར་དབབ་པ་ལ་ནི་རྡོ ་རྗེ་གསང་བའི་སྤྲིན་གྱིས་སོ་ཞེས་བྱ་བ་ལ་ནི་དེ་བཞིན་དུ་རྡོ་རྗེ་སེམས་ད་པེའི་སྦྱོར་བ་བྱས་ལ་སྔར་བཤང་བའི་ཚུལ་གྱིས་སྤྲིན་བསྐྱེད་ནས་དང་པོའི་རྡོ་རྗེ་བཅིངས་པ་ལ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་རྩེ་མོ་ངེས ་ཆར་གྱི་རྒྱུན་འབབ་པའི་ཚུལ་དུ་བྱས་ལྔ། དེས་ཀྱང་རྡོ་རྗེ་ཀླུ་ན་མཁའི་ངོས་ཐམས་ཅད་བཀང་ལ་ཆར་གྱི་རྒྱུན་འབེབས་པར་བྱེད་པར་བསམ་པར་བྱའོ།། དེ་ལྟ་བུས་ནི་ཆུར་འབབ་པར་འགྱུར་རོ།། ཐོག་འབབ་པ་དང་། གློག་དང་རླུང་དང ་ཆར་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་སྲིད་སྲུང་གིས་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་མཛུབ་མོ་གཉིས་གཤིབས་ལ་རྩེ་མོ་སྦྱར་ཏེ་རྩེ་མོ་དེ་ལ་རཾ་ལས་མེའི་དཀྱིལ ་འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་བསམས་ལ། རྩེ་མོ་དེས་ཐོགས་དབབ་པ་དང་། གློག་དང་རླུང་ཆར་སྡིགས་མཛུབ་བྱ་ཞིང་ཡི་གེ་ཧཱུཾ་དེ་ལས་རྡོ་རྡོ་འབར་བ་རྣམས་སྤྲོས་ལ་དེས་ཐོག་འབེབས་པ་ལ་སོགས་པ་ཐལ་བར་བྱ་བར་བསམ ་པར་བྱའོ།། དེ་ལྟ་བུས་ནི་ཐོག་དབབ་པ་ལ་སོགས་པ་ཞི་བར་འགྱུར་རོ།། སྤྲིན་དང་མུན་པ་དང་ཁུག་རྣ་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསུང་བའི་བདེ་བ་ཆེན་པོའི་སྤྱན་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ་དང་པོའི་རྡོ་རྗེ་སྤྲིན་ལ་སོགས་པ་གྷ་ལ་བའི་ཚུལ་གྱི་རྡོ་རྗེ་ལྟ་བས་བལྟ་བར་བྱའོ།། དེ་ལྟ་བུས་ནི་སྦྱིན་དང་མུན་པ་དང་ཁུག་རྣ་ཞི་བར་འགྱུར་རོ།། ཀླུ་ཐམས་ཅུད་དགུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱས་སོ་ཞེསྔོ་བྱ་བ་ནི་དེ ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལོ་ལྔ་པོ་བསྡུས་པ་བཅིངས་ཏེ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ནས་ཀླུ་ཐམས་ཅད་དགུག་པར་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་ལྕགས་ཀྱུས་ཀྱང་ཀླུ་དཔྲལ་བའི་ཕྱོགས་སུ ་ལྕགས་ཀྱུས་ཕུག་ལ་བཀུག་པར་གྱུར་པར་བསམ་པར་བྱའོ།། དེ་ལྟ་བུས་ནི་ཀླུ་ཐམས་ཅད་འགུགས་པར་འགྱུར་རོ།། ཀླུ་ཐམས་ཅད་དབང་དུ་བྱ་བ་ལ་ནི་གསང་བ་ཐམས་ཅད་ཀྱི་ནོར་བུའི་ཕྱག་རྒྱས་སོ་ཞེས ་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བཤད་མ་ཐོ་ག་པའི་ལྕགས་ཀྱུས་བཅིངས་ལ། དེས་ཀླུ་བཀུག་སྟེ་མདུན་དུ་བཞག་ལ་མཛུབ་མོ་གཡས་པའི་རྒྱབ་བཀུག་པའི་ཚུལ་གྱིས་ནོར་བུ་བྱས་ལ་བདག ་ཉིད་རྡོ་རྗེ་ཀཱ་བསམས་ལ་བཀུག་པའི་ཀླུ་ལ་ཕྱག་རྒྱོ་བསྟོན་པར་བྱའོ།། དེ་ལྟར་ན་ཀླུ་ཐམས་ཅད་དབང་དུ་བྱ་བར་འགྱུར་རོ།། ཀླུ་ཐམས་ཅད་རྗེས་སུ་འབྲང་བར་བྱ་བ་ལ་ནི་རྡོ་རྗེ་གསོང་བའི་ཀླུ་འདུལ་བས་སོ་ཞེས་བྱ་བས་དེ་བཞིན ་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ལྔ་པོ་བསྡུས་པ་བཅིངས་ལ་དེ་བཞིན་དུ་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ཏེ་མཐེའུ་ཆུང་གཉིས་གཞིབས་ལ་རྩེ་མོར་བྱས་ལ་རྩེ་མོ་དགུས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧེ་བཀོད ་ལ་ཀླུ་ལ་སྔགས་མཛུབ་བྱའོ།། དེ་ལྟ་བུསེ་ནི་དེ་རྗེ་སུཾ་འབྲང་བར་འགྱུ་རོ།། ཀླུ་ཐམས་ཅད་འབྱིན་པ་ལ་ནཱི་རྡོ་རྗེ་གསང་བའི་ཀླུ་གདོན་པས་སོ།། ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དྲཔའི་སྦྱོར་བ་བྱས་ལ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ ་གཉིས་བྱས་ཏེ། ལྕགས་ཀྱུ་གཉིས་པོ་ངས་ཀླུ་གནས་དང་བཅས་པར་ས་འོག་ནས་དགུག་པར་བྱའོ།། དེ་ལྟ་བུས་ནི་ཀླུ་ཐམས་ཅད་འབྱིན་པར་འགྱུར་རོ།། ས་མ་ལུས་པར་གཡོ་ཞིང་འགུལ་བ་ལོ་ནི་རྡོ་རྗེ་གསང་བའི་ཐར་པས་སོ་ཞེས་བྱ ་བྷ་ལས་ས་མ་ལུས་པ་རྣམས་ཀྱིས་གཡོས་བཱ་ནི་ས་མ་ལུས་པ་གཡོས་པ་སྟེ། ས་ཐམས་ཅད་བསྐྱོད་པའོ།། དེ་ཉིད་འགུལ་བ་ཡིན་ནོ།། དེ་ནི་རྡོ་རྗེ་གསང་བའི་ཐར་པའི་ཕྱག་རྒྱར་འགྱུར་རོ།། འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེས་གཟུང་ནས་བསྐུལ་ཞིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཞབས་གཉིས་ཀྱིས་བཙིར་བ་ན་པདྨའི་འདབ་མ་བཞིན་དུ་གཡོ་བར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ས ་ཐམས་ཅད་གཡོ་བར་གྱུར་པར་བསམ་པར་བྱའོ།། དེ་ལྟ་བུས་ནི་ས་ཐམས་ཅད་གཡོ་ཞིང་འགུལ་བར་འགྱུར་རོ།། ཆུའི་མེད་པར་ཆུའི་ཕུང་པོ་ཤས་ཆེར་བསིལ་ཞིང་དྲི་མ་མེད་པ་བསྐྱེད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཀླུའི་ཕྱག་རྒྱས ་སོ་ཞེས་བྱ་བ་ལ། རྡོ་རྗེ་ཆགས་པའི་གཟུགས་འཛིན་པའི་སེམས་དཔའ་ནི་བདེ་བ་ཆེན་པོ་ཀླུའི་རྒྱལྔ་པོའོ།། དེའི་ཕྱག་རྒྱ་ནི་དྲི་སྟོན་པར་བྱེད་པའི་ཕྱག་རྒྱ་སྟེ། དེས་ཆུའི་ཕུང་པོ་འབྱུང་བར་འགྱུར་རོ།། འདི་སྐད་སྟོན་པར་འགྱུར་ཏེ། བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དྲང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ཀྱིས་ཀླུའི་གདངོས་ཀོ་གཉིས་ཀྱིས་ཚུལ་དུ་བསྟན་ལ་རྡོ་རྗེ་ཀླུའི་རྒྱལ་པོའི་གཟུགས་སུ་བདག་ཉིད་བསམས་ནས་ཆུ་མེད་པའི་ས་ཕྱོགས ་འོག་གི་ཆའི་ཀླུའི་གནས་ནས་རི་ལ་སོགས་པ་ཕུག་སྟེ། ཡིད་ཀྱིས་བཏེག་ལ་ཕུག་པ་དེ་ལ་ཆུ་བོ་དཔག་ཏུ་མེད་པའི་རྒྱུན་རྒྱ་མཚོ་ཆེན་པོར་འབབ་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུའི་ཆུའི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ།། ་མུན་པར་སྣང་བ་ཆེན་པོ་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དང་པོའི་རྡོ་རྗེ་ཕྱག་རྒྱ་བཅིངས་ལ་ཆུ་དང་མཐེ་བོ་གཉིས་ཀྱིས་རྩེ་མྱོ་གཉིས་ཉི་མའི་འོད་ཟེར་གཏོང་བའི་ཚུལ་དུ ་བསྟན་ལ་བདག་ཉིད་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཉི་མར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མུན་པར་ཉི་མའི་སྣང་བ་ཆེན་པོ་འབྱུང་བར་འགྱུར་རོ།། རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་རླུང་ཐམས་ཅད་ཀྱིས་སོ་ཞེས་བྱ་བ་ལ་ནི ་སྭ་མ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། མཛུབ་མོ་གཉིས་གཞི་བས་ལ་དེའི་རྩེ་མོས་རླུང་དབང་དུ་བྱ་ཞིང་རླུང་བསྐྱེད་པའི་ཚུལ་གྱིས་བདག་ཉིད་རྡོ་རྗེ་རླུང་དུ་བསམས ་ལེ་རླུང་ཐམས་ཅད་རང་དབང་དུ་བྱའོ།། ནམ་མཁའ་ལ་གཟུགསོ་ཐམས་ཅད་ཀུན་ཏུ་སྟོན་པཱ་ལྔ་ནི་རྡོ་རྗེ་གསུང་བའི་འཛིན་པས་སོ་ཞེས་བྱ་བ་ལ། རྡོ་རྗེ་གསང་བའི་འཛིན་པ་ནི་མེ་ལོང་གི་ཕྱག་རྒྱས་ཆོས་ཐམས་ཅད་གཟུགས ་བརྙན་དང་འདྲ་བ་བསྒོམས་པ་དངོས་པོ་ཐམས་ཅད་བསྐྱེད་པའོ།། དེའི་མཚན་ཉིད་ནི་འདི་ཡིན་ཏེ། ལྔ་པོ་བསྡུས་པ་བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱར་བྱས་ཏེ་མཛུབ་མོ་གཉིས་ཀྱི་ངོས་མེ་ལོང་གི་དཀྱིལ་འཁོར་བསྟན ་དེའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་གསང་པོའི་འཛིན་པའོ།། འདིས་བཅིངས་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅོན་དུ་བསམས་ལ། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བ ་བསྒོམས་ནས། ནམ་པའ་ལ་གཟུགས་བརྙན་ཐམས་ཅད་བསྟན་པར་བྱའོ།། ན་མཁའ་ལས་དངོས་པོ་ཐམས་ཅད་འབྱུང་བར་བྱ་བ་ནི་རྡོ་རྗེ་གསང་བ་ལས་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ལྔ་པོ་བསྡུ་བ ་བཅིངས་ཏེ་མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་སུ་བྱས་ལ་ལྕགས་ཀྱོ་དེ་ན་མཁའ་ལ་དངོས་པོ་ཐམས་ཅད་བསྐྱེད་པའི་ཚུལ་དུ་བྱའོ།། དེ་ཉིད་ནི་དེའི་འོག་ནས་སྟོན་པས་འཆད་དེ། རོལ་པ་ལ་ནི་རབ་ཏུ་དགོའ་བའི་རྡོ་རྗེས་སོ་ཞེས་སྟོན་པས ་འཆད་དེ་རབ་ཏུ་དགའ་བའི་རྡོ་རྗེས་ནམ་མཁའ་ལུས་དངོས་པོ་ཐམས་ཅད་བསྐྱེད་པའི་ཚུལ་གྱིས་དངོས་པོ་ཐམས་ཅད་བསྐྱེད་ཅིང་བསྒྲུབ་པར་བྱའོ།། ཞེས་སྟོན་པ་ཡིན་ནོ།། ནམ་མཁའ་ལས་རང་གི་མཚན་ཉིད་བསྟན་པར་བྱ་བ་ལ་ནི། རྡོ་རྗེ ་གསང་བའི་རྫུ་འཕྲུལ་གྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བུ་བྱས་ལ་བཤད་མ་ཐག་པོའི་ལྕགས་ཀྱུ་གཉིས་བཅིངས་ནས་ན་མཁའི་ཕྱོགས་སུ་ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས ་དབང་ཆེན་གྱི་དཀྱིལ་འཁོར། དེའི་སྟེང་དྨ་རྡོ་རྗེ་ལྟེ་བས་བཻགྷྣཱཾ་ཞིང་བདག་ཉིད་དཔལ་རྡོ་རྗེ་སེམས་དཔའི་ངོ་བོར་སྟོན་པའི་ཕྱིར་བདག་ཉིད་ཀྱི་ངོ་བོ་དེ་ལྟར་བསམས་ན་དྲོ་ལྟ་བུས་ནི་ན་མཁའ་ལྷ་རང་གི་དེ་བེ་སྟོན་པར་འགྱུར་རོ།། ནམ ་མཁའ་ལ་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་ལ་རྡོ་རྗེ་གསང་བའི་རྣམ་འཕྲུལ་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས ་དཔའི་རྣལ་འབྱོར་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་བཅིངས་ཏེ། སྟེང་དུ་ནམ་མཁའ་ལ་བསྐོར་བར་བྱ་ཞིང་། དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས ་ཅད་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་གཟུགས་བརྙན་གྱི་ཚུལ་དུ་བསྒོམས་པས་ན་མཁའ་ལ་བསམས་ན་དེ་ལྟ་བུས་ནི་དེ་ཐམས་ཅད་སྟོན་པར་འགྱུར་རོ།། ན་མཁར་ཤིང་ཐམས་ཅད་ལ་ལོ་མོ་དང་མེ་ཏོག་དུད་འབྲས ་བུ་ཐམས་ཅད་འབྱུང་བ་ལ་ནི་རྡོ་རྗེ་གསང་བའི་དུས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བས་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་རྡོ་རྗེའི་ཕྱག་རྒྱས་བཅིངས་ལ་བདག་ཉིད་རྡོ་རྗེ་ཡིད ་ལས་བྱུང་བར་བསམས་ལ། ལོ་མ་དང་ན་མཁའ་ལ་མེ་ཏོག་དང་འབྲས་བུ་བསྐྱེད་པའི་བསམ་པས་ཕྱག་རྒྱ་དེ་ཤིང་ཐམས་ཅད་དང་ལྗོན་ཤིང་ཐམས་ཅད་དང་། ནགས་དང་འབྲུ་ཐམས་ཅད་ལ་བཞག་པར་བྱའོ།། དེ་ལྟ་བུས་ནི ་དེ་རྣམས་བསྐྱེད་པར་འགྱུར་རོ།། སའི་ཆ་ཐམས་ཅད་ལས་འབྲུ་ཐམས་ཅད་སྨིན་པར་བྱུང་བ་ནི་རྡོ་རྗེ་གསང་བ་སྟེ། རྡོ་རྗེ་གསང་བའི་གཤོལ་གྱི་ཕྱག་རྒྱས་འགྱུར་རོ།། དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དྲཔའི་སྦྱོར་བ་བྱས ་ལ་བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་ཡིད་ལས་བྱུང་བར་བདག་ཉིད་བསམས་ལ་ཕྱག་རྒྱ་ངོས་ལྕགས་སྒེག་རྣོན་པོ་དང་བཅས་པའི་གཤོལ་གྱིས་བྱིན་གྱིས་བརློབས་ལ ་དེས་ས་ཁང་ཞིང་ལས་བྱས་ཏེ། དེ་ལྟ་བུས་ནི་སྱའི་ཆ་ཐམས་ཅད་ལས་འབྲུ་ཐམས་ཅད་སྨིན་པར་འབྱུང་བར་འགྱུར་རོ།། ཐམས་ཅད་ལས་ལྷའི་ཁ་ཟས་དང་བཏུང་བ་དང་། གོས་དང་རྒྱན་དང་གནས་པ་སར་པ་དང་། བུ་མོ་གཞོན ་ནུ་འབྱུང་བ་དང་སྐྱེས་པ་དོང་བུད་མེད་དྲང་བྲན་ཕོ་དང་བྲན་མོ་ཐམས་ཅད་འབྱུང་བར་བྱ་བ་ལ་ནི་ཞེས་བྱ་བ་ལ། ཐམས་ཅད་ལས་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་ལས་སོ།། ལྷའི་ཁྭ་ཟས་དང་བཏུང་བ་དང་གོས་དང་གནས་པ ་གསར་པ་དང་། བུ་མོ་གཞོན་ནུ་བསྐྱེད་ཅིང་འབྱུང་བ་དང་སྐྱེས་པ་དང་། བུད་མེད་དང་། བྲན་ཕོ་དང་བྲན་མོ་དང་ཐམས་ཅད་བསྐྱེད་པ་དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བསོད་ནམས་ཀྱི་ཆུའི་སོ་ཞེས་བྱ་བ་ནི ་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་ནི་རྡོ་རྗེ་སེམས་དཔའི་བསོད་ནམས་ཀྱི་ཆུ་བོའི་ཕྱག་རྒྱ་སྟེ་དེས་དེ་འབྱུང་བར་འགྱུར་རོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་ཡིད ་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རྡོ་རྗེ་ཡིད་ལས་བྱུང་བར་བདག་ཉིད་བསམས་ལྔ་ཕྱག་རྒྱ་དེས་དངོས་པོ་ཐམས་ཅད་ལས་བདག་ཉིད་ཀྱི་ལྷའི་ཁ་ཟླས་ལ་སོགས་པ་ཐམས་ཅད་དགུག་པར་བྱ་སྟེ། དེ་ལྟར་ན ་ཐམས་ཅད་ལས་ལྷའི་ཁ་ཟས་ལ་སོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ།། ཡུལ་དུ་དཔུང་གི་ཚོགས་ཡན་ལག་བཞི་པ་བསྟན་ཏེ་གཡུལ་འགྱེད་པ་དེ་ལ་ནི་ཞེས་བྱ་བ་དེ་ནི་གཞན་གྱི་དམག་ཚོགས་ཀྱི་མདུན་དུ་རང་གི ་དཔུང་གི་ཚོགས་ཡན་ལག་བཞི་པ་སྤྲུལ་པ་ཉེ་བར་བསྟན་ནས་དེས་གཞན་གྱི་དཔུང་གི་ཚོགས་ལས་རྒྱལ་བ་ནི་གཡུལ་འགྱེད་པའོ།། འདི་ཇི་ལྟར་འགྱུར་ཞེ་ནུ། རྡོ་རྗེ་བདེ་བ་ཆེན་པོའི་སྡོམ་བྱས་སོ་ཞེས ་བྱ་བ་གསུངས་ཏེ། རྡོ་རྗེ་བདེ་བ་ཆེན་པོ་ཡང་ཡིན་ལ་སྡོམ་པ་ཡང་ཡིན་པས་ན་རྡོ་རྗེ་བདེ་བ་ཆེན་པོ་སྡོམ་པའི་ཕྱག་རྒྱའོ།། དེས་དཔུང་གི་ཚོགས་ཡན་ལག་བཞི་པ་སྦྲུལ་ལ། གཡུལ་འགྱེད་པ་རྫོགས་བྱར་བྱ་བའོ།། དེ་ནི་འདི་ཡིན ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་རྡོ་རྗེ་ཡིད་ལས་བྱུང་བར་བདག་ཉིད་བ་སེམས་ཏེ་ཕྱག་རྒྱ་དེས་དཔུང་གི་ཚོགས་ཡན་ལག་བཞི་པ ་སྤྲུལ་ལ་གཡུལ་འགྱེད་པའི་བསམ་པས་གཞན་གྱི་དམག་ཚོགས་ཀྱི་མདུན་དུ་བསྐོར་བར་བྱས་ཏེ། དེ་ལྟ་བུས་ནི་དཔུང་གི་ཚོགས་ཡན་ལག་བཞི་པ་བསྟན་ནས་གཡུལ་འགྱེད་པར་འགྱུར་རོ།། སྒྱུ་མ་ཐམས་ཅད་བསྟ། ་པཱ་ལ་ནི་རྡོ་རྗེ་བདེ་མཆོག་གིས་སོ་ཞེས་བྱ་བ་ལ་རྡོ་རྗེ་སྟེ། རྡོ་རྗེ་སེམས་དཔའི་བདེ་བའི་མཆོག་ནི་རྡོ་རྗེ་བདེ་མཆོག་སྟེ། དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་པོ་ཐམས་ཅདུ་སྤྲུལ་པའི་རྗེས་ཐེགས་ལྔ་བདེ་བྱ་དང་། ་མེད་བདེ་བ་ཐོབ་པར་གྱུར་པ་གང་ཡིན་ཐོ་སྟེ། ཤི་ཞེས་བྱ་བ་བདེ་བར་བཤད། སངས་རྒྱས་ཀུན་གྱི་བདེ་བ་ཚེ།། སྒྱུ་མ་ཀུན་གྱིས་སྦྱོར་བ་ཡིས།། བདེ་མཆོག་དེས་ནི་བདེ་བའི་མི་ཆོག་ཅེས་གསུངས་པའི་ཕྱིར་རོ།། ་འདི་སྐད་སྟོན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེ་བསྐྱེད་པའི་བསམ་པས་ཕྱག་རྒྱ་དེས་གློག་འགྱུ་བ་འགྱུར་བའི་ཚུལ་དུ་བསྐོར་ལ་དེས་དེ་བཞིན་གཤེགས་པ་ལ ་སོགས་པ་དངོས་པོ་ཐམས་ཅད་བསྟན་པར་བྱའོ།། བདེ་མཆོག་གི་བྱ་བ་ཐམས་ཅད་ནི། རྡོ་རྗེ་སྒྱུ་མའི་བྱ་བ་སོ་སོ་ཞེས་བྱ་བ་ཐམས་ཅད་ནི། སངས་རྒྱས་ཐམས་ཅད་ནི་བདེ་བ་དང་འཇིག་རྟེན་པའི་བདེ་བ་སྐྱེད་པར་བྱེད ་བའི་བདེ་བ་ནི་བདེ་མཆོག་ཐམས་ཅད་དེ། དེའི་དོན་བྱ་བ་ནི་ལུས་སུ་བྱ་བ་སྟེ། དེ་ལ་བདེ་མཆོག་ཐམས་ཅད་ཀྱི་བྱ་བའོ།། རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་སྒྱུ་མ་ནི་རྡོ་རྗེའི་སྒྱུ་མ་སྟེ། དེ་བཞིན་གཤེགས་པ་ལ་སོ ་དངོས་པོ་ཐམས་ཅད་སྤྲུལ་པའོ།། དེའི་དོན་དུ་བྱས་པ་ནི་རྡོ་རྗེ་སྒྱུ་མ་བྱས་པ་སྟེ། ཕྱག་རྒྱ་གླང་གིས་དེ་སྐྱེད་པར་བྱེད་པའོ།། འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་རྡོ་རྗེ་ཁུ་ཚུར་བཅིངས ་ཏེ། དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་སྤྲུལ་བའི་བསམ་པས་གོཡས་ཕྱོགས་ནས་བསྐོར་ནས་དེ་ནས་དེ་ཐམས་ཅད་འབྱུང་བར་འགྱུར་རོ།། ཡང་བདེ་བ་དེ་ཉམས་སྤྱི་མྱོང་བར་བྱ་བའི་ཕྱིར་བསྐོར་ན ་བདེ་བ་དེ་ཉམས་སུ་མྱོང་བར་འགྱུར་རོ།། རྨད་དུ་བྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པ་ལ་ནི་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ལ་སོགས་པའི་དངོས་པོ་གང་ཡིན་པ་དེ་ནི་སྔོན་ཆད་མོ་བྱུང་བསོ་རྨད་དུ་བྱུང ་བཱམླྀ། རྫུ་འཕྲུལ་དང་། བྲན་བརྗོད་དང་བྱིན་ཞེས་བརླབ་པ་དང་རྗེསུ་བསྟན་པའི་མཚན་ཉིད་ཅན་པོ་ཚེ་འཕྲུལ་རྣམ་པ་བཞི་ནི་ཚེ་འཕྲུལ་ཐམས་ཅད་དོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རྨང་དུ་བྱུང་བ་རྫུ་འཕྲུལ ་གྱིས་རྣམ་པར་འཕྲུལ་པས་སྔོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སྟེ་རྡོ་རྗེ་སེམས་དཔའི་རྨང་དུ་བྱུང་བའི་རྫུ་འཕྲུལ་གྱིས་རྣམ་པར་འཕྲུལ་པཱ་སྟེ། དེས་རྨད་དུ་བྱུང་བ་དང་ཆོ་འཕྲུལ་ཐམས་ཅད་བསྟན་པར་འགྱུར་རོ།། འདི་ནི་འདི་སྐད་སྟོན ་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་དེ་རྨད་དུ་བྱུང་བ་དང་། ཆོ་འཕྲུལ་ཐམས་ཅད་བསྟེན་པའི་བསམ་པས་ན་མཁའི་གློག་འགྱེ་བའི་ཚུལ་དུ་བསྐོར་ནས་དེ་ལས་དེ་ཐམས་ཅད་འབྱུང ་བར་འགྱུར་རོ།། ལན་ཐམས་ཅད་གང་པོ་པར་བྱ་བ་ནི་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དངོས་པོ་བསྟན་པ་ནི་ལན་ཐམས་ཅད་གདབ་པ་སྟེ། དེ་ཉིད་བྱ་བ་ཡིན་པས་ན་ལན་ཐམས་ཅད་གདབ་པ་ཡིན་ནོ།། དེ ་ཇི་ལྟར་འགྱུར་དུ་ན། རྡོ་རྗེ་ལན་བསྟན་པསྱ་སོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེའི་ལན་བསྟན་པ་ནི་རྡོ་རྗེའི་ལན་བསྟན་ཏེ་ཕྱག་རྒྱ་གང་གིས་དེ་བསྐྱེད་པར་འགྱུར་བའོ།། དེ་ནི་འདི་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ་གཡོན་པའི་རྡོ་རྗེ་ཁུ་ཚུརེ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བསྣུན་པ་དང་། བཅོམ་ལྡན་འདས་རང་གི་ལྕེ་ལ་གནས་པར་གྱུར་པའི་ལྷོ་ངེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་གྱི་དངོས་པོའི་ལན་རྣམས་སྐྱོ་བར ་བསམ་པར་བྱ་སྟེ། དེ་ལྟ་བུས་ནཱི་ལྡན་ཐམས་ཅད་སྟོན་པར་བྱེད་པར་འགྱུར་རོ།། མྱེ་རེངས་པར་བྱ་བ་ལ་ནཱི་རྡོ་རྗེ་ཤིནྡ་ཏུ་བགྲང་བྱས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། མྱེའི་སྟེང་དུ་བ ་ལས་ཆུའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་དཔལ་རྡོ་རྗེ་སེམས་དཔའི་རླུང་གི་སྤྱི་བོའི་ཕྱོགས་བཞི་ནས་འོ་མའི་རྒྱ་མཚོ་ཆེན་པོ་བཞི་མེ་ལ་སོགས་པའི་མཚམས་བཞིར་གཱདྷཱ་དང་སིནྡྷུ་དང་། པཀྵི་དང་སཽ་ཏྱ་སྟེ་ཆུ་བོ་བཞི་སྤྱི་གཙུག་ནས ་མཚོ་ཆེན་པོ་བཞི་མེ་ལ་སོགས་པའི་མཚོམས་མ་དྲོས་བྱའི་ལྕང་ལོ་འཁྱིལ་ཞིང་སྒྲ་དང་བཅས་ལ་སྦུ་བ་དང་། ཆུ་རླབས་ཀུན་ཏུ་འཁྲུག་པ་འབྱུང་བར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མེའི་སྟེང་དུ་དྲག་ཏུ་འབབ་པ ་ཉིད་དུ་བསམས་ཏེ། དེ་ལྟ་བུས་ནི་མེ་རེངས་པར་འགྱུར་རོ།། ཆུ་འབབ་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་ཤེལ་གྱིས་ཞེས་བྱ་བ་ནི། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ནོར་བུ་ཆུ་ཤེལ་འཛིན་པར་བདག་ཉིད་བསམས་ལ་རྡོ་རྗེ་ཁུ་ཚུར ་གཉིས་བཅིངས་ཏེ་མཛུབ་མོ་གཉིས་བསྒྲེང་ལ་རྒྱབ་བཀུག་པའི་ཚུལ་གྱིས་རིན་པོ་ཆེ་ལྟ་བུར་བྱས་ནས་བཟུང་སྟེ། རང་གི་ལྕག་ན་གནས་པའི་ནོར་བུ་རིན་པོ་ཆེ་ཆུ་ཤེལ་ལས་ཆུའི་རྒྱུན་ཡིད་ཀྱི་འབབ་པར་བྱ་སྟེ། དེ་ལྟ་བུའི་ཆུའི ་རྒྱུན་འབབ་པར་འགྱུར་རོ།། དགོན་པར་གྲོང་དང་ནགས་ཚལ་དང་ཆུ་བོ་དང་རྫིང་བུ་དང་སྐྱེད་མོས་ཚལ་དང་། ཟས་དང་། སྐོམ་དང་། གཙུག་ལག་ཁང་སྤྲུལ་པ་ནི་རྡོ་རྗེ་གྲུབ་པ་མོ་ཞེས་བྱ་བ་ལ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས ་དཔའི་སྦྱོར་བ་བྱས་ལྔ། དགོན་པ་འབྲོག་སྟོང་པའི་དབུས་སུ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་གྲོང་ཁྱེར་ཆེན་པོ་ལྔ་སོགས་པར་སྤྲུལ་པར་བྱའོ།། ཆུའི ་སྟེང་དུ་འཆག་པ་དང་། བདག་ཉིད་མང་པོའི་གཟུགས་སྟོན་པ་དང་། མི་སྣང་བ་དང་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས ་ལྔ་གཡོན་པའི་མཐེ་བོ་བུ་གར་གཡས་པའི་མཛུབ་མོ་བྱང་ཆུབ་མཆོག་གི་ཕྱག་རྒྱའི་ཚུལ་དུ་བཅུག་ལ། ཆུའི་ཕྲ་རབ་ཐམས་ཅད་རྡོ་རྗེའི་གཟུགས་སུ་བསམས་ལ་སྟེང་དུ་བཞག་པར་བྱའོ།། ཕྱག་རྒྱ་འདི་ཉིད་བཅིངས་ལོ་རྡོ་རྗེ ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་རང་གི་ལུས་ལ་ཡིད་ཀྱི་བཅུག་སྟེ། གཟུགས་བརྙན་གྱིས་ཚུལ་དུ་བསྒོམས་པས་གཟུགས་ཐམས་ཅད་བསྟན་པ་ཡིན་ནོ།། འདི་ཉིད་བཅིངས་ལ་བདག་ཉིད་ན་མཁའ་དང ་མཉམ་པར་བསམས་ན་དེ་ལྟ་བུས་ནི་མི་སྣང་བར་འགྱུར་རོ།། འདི་ཉིད་བཅིངས་ལ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་ལ་སོགས་པའི་གནས་ཀྱི་བར་དུ་རྡོ་རྗེ་སྐས་ཀྱི་ཕྲེང་བར་བསམས་ན་ངེས་གཞན་འཕྲུལ་དབང་བྱེད་ཀྱི ་ལྷའི་རྒྱལ་པོའི་གནས་ལ་སོགས་པར་འགྲོ་བར་བྱས་ཏེ། དེ་ལྟ་བུས་ནི་ན་མཁའ་ལ་འགྲོ་བར་འགྱུར་རོ།། ལྷོ་ལ་སོགས་པ་ཐམས་ཅད་མངག་གཞུག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བཀའ་བསྒོས་སོ་ཞེས་བྱ་བ་ནི། དེ་བཞིན་དུ ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ལྔ་པོ་བསྡུས་པ་ལས་མཛུབ་མོ་གཉིས་སུ་བྱས་ཏེ། མངག་གཞུག་པའི་ཚོགས་སྤྲུལ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལུསཱ་ལ་ཡིད་ཀྱིས་བཙུགས་ཏེ་དེ་རྣམས་དང་ལྷན་ཅིག་གཅིག། ་ཏུ་གྱུར་ནས་བཀའ་ནོད་པ་ལ་སོགས་པ་བསམས་ནས། དབང་ཕྱུག་ཆེན་པོ་ལ་སོགས་པ་མངག་གཞུག་པར་བྱ་བའི་ཕྱིར་ཕྱག་རྒྱ་ངེས་སྟེང་གི་ནམ་མཁའ་ལས་བཀའ་བསྒོ་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་དབང་ཕྱུག་ཆེན་པོ་ལ་སོགས ་པ་དེ་རྣམས་མངག་གཞུག་པའི་ཚོགས་དེ་རྣམས་ཀྱི་རང་དབང་དུ་བྱས་ནས། སྒྲུབ་པ་པོའི་མངག་གཞུག་པོ་བྱེད་པོར་འགྱུར་རོ།། སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་གིསོ་ཞེས་བྱ་བ་ནི་དེ་བཞིན ་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་བཅིངས་ཏེ། དེས་རང་གི་མཚན་མ་གཡོ་བར་བྱས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་མདོག་དམར་པོ་འོད་ཟེརརོ་དམར་པོས ་བསྒྲུབ་པར་བྱ་བ་ཁ་དོག་དམརོ་པོས་བྱོས་ལ། དབང་པོ་གཉིས་སྙོམས་པར་འཇུག་པའི་ཚུལ་གྱིས་དབང་དུ་བྱས་པར་བསམ་པོར་བྱ་སྟེ། དེ་ལྟ་བུས་ནི་དབང་དུ་བྱ་བར་འགྱུར་རོ།། མི་རྒྱུ་བ་ཐམས་ཅད་དྲང་བ་དང་། དབབ་པ ་དང་བདེན་པོ་སྦྱར་གཞུག་པ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཤད་མ་ཐག་པའི་ལྕགས་ཀྱུ་གཉིས་དང་དགུང་མོ ་གཉིས་གཞོབས་ཏེ་རྩེ་མོ་བྱས་ལ། མོ་རྒྱུ་བའི་དངོས་པོ་ཐམས་ཅད་དགུག་ཅིང་དྲང་པའི་བསམ་པས་དེ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་དྲངས་ནས་འོང་བར་འགྱུར་རོ།། མི་རྒྱུ་བའི་དངོས་པོ་དེ་ཉིད་ལ་དཔལ ་རྡོ་རྗེ་སེམས་དཔའ་དབབ་པའི་སྦྱོར་བས་ཕབ་ན་མི་རྒྱུ་བ་ཐམས་ཅད་འབབ་པ་ཡིན་ནོ།། ཕབ་པ་དེ་ཉིད་ལ་བདེན་པ་སྨྲར་གཞུག་པའི་བསམ་པས་ནི་མི་རྒྱུ་བ་ཐམས་ཅད་བདེན་པར་སྨྲ་བར་འགྱུར་རོ།། གཟུགས་ཐམས་ཅད་དབབ་པ། ་དང་། དགུག་བྱ་དང་། རྒོད་པ་བྱེ་བ་དང་། གར་བྱེད་དུ་གཞུག་པ་དང་། རོལ་པར་བྱ་བ་དང་། བསྒོ་བ་ཐམས་ཅད་བྱེད་དུ་གཞུག་པ་དང་། ཐམས་ཅད་ཁྱེར་ཏེ་འོང་བ་དང་འཕྲོག་ཏུ་གཞུག་པ་དང་ལས་ཐམས་ཅད་བྱེད་དུ་གཞུག་པ་ནི ་བདེ་བ་ཆེན་པོ་རྡོ་རྗེའི་དམ་ཚིགས་བིང་ཏྲས་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམསོ་དཔའི་སྦྱོར་བ་བྱས་ལ་ལྟ་བ་བསྡུས་པ་བཅིངྱས་ལ་མཛུབ་མོ་གཉིས་བཅུག་པས་ལྕགས་བུ་གཉིས་བཅིངས་ལ། བསྐྱོད་པ་དང་། བནྡྷར་བཱིར་བྱུག ་རྒྱ་འདིས་གཟུགས་བརྙན་ཐམས་ཅད་ལ་དབབ་པའི་བསམ་པས་བྱས་ནས་དེ་ལ་དཔལ་རྡོ་རྗེ་སེམས་དཔའ་འཇུག་པར་འགྱུར་རོ།། དེ་ནས་གཟུགས་བརྙན་ཐམས་ཅད་ལ་གཞུག་པ་དང་། གཟུགས་བརྙན་དགུག་པའི་བསམ་པས ་བསྐྱེད་ལ་དགུག་པར་འགྱུར་རོ།། རྒོད་དུ་གཞུག་པའི་བསམ་པས་ནི་དགོད་པར་འགྱུར་རོ།། གར་བྱེད་པའི་བསམ་པས་ནི་གར་བྱེད་པར་འགྱུར་རོ།། ཀུན་ཏུ་རོལ་པར་བྱ་བའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་ཀུན་ཏུ་རོལ་པར་འགྱུར ་ཏེ་རྩེ་བར་བྱེད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། བསྒོ་བ་ཐམས་ཅད་བྱེད་དུ་གཞུག་པའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་བྱེད་དོ།། ཐམས་ཅང་ཁྱེར་ཏེ་འོངས་པའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་ཁྱེར་ཏེ་འོང་ངོ་།། ་ཐམས་ཅད་འཕྲོག་ཏུ་བཞུགས་པའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་ཀྱིས་ཐམས་ཅད་འཕྲོག་གོ།། ལུས་ཐམས་ཅད་བྱེད་དུ་གཞུག་པའི་བསམ་པས་ནི་གཟུགས་བརྙན་ཐམས་ཅད་ཀྱིས་ལས་ཐམས་ཅད་བྱེད་པར ་འགྱུར་ཏེ། གཟུགས་བརྙན་ཐམས་ཅད་ལ་དབབ་པ་སྔོན་དུ་འགྲོ་བ་འདི་དག་ནི་གཟུགས་ཐམས་ཅད་ཀྱི་ལས་ཡིན་པར་ཤེས་པར་བྱའོ།། ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཡིད་ལས་བྱུང་བས་སོ་ཞེས ་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཡིད་ལྔས་བྱུང་བའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རྡོ་རྗེ་ཡིད་ལས་བྱུང་བར་བདག་ཉིད་བསམས་ལ་མདུན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་ལྟ་བ་བཞིན་དུ ་སྐྱོན་དྲུངས་ཏེ། ཆོ་གེ་ཐམས་ཅད་རྗེསུ་སྤྱད་ནས་ཕྱག་རྒྱོ་འདྲིས་རྗེས་སུ་འགེབྱས་པར་བྱེད་དོ།། དེ་ལྟ་བུས་ནི་ཐམས་ཅད་དྷེ་སུ་དགྱེསྭཱ་པཱུར་འགྱུར་རོ།། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཌཱུརྱ་གཞུག་པ་ལྷ་ནི་རྡོ་རྗེ་ཀི་ལཱི་ཀི་ལའི་གསང ་བོས་སོ།། ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ཀི་ལི་ཀི་ལའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཀི་ལི་ཀི་ལར་བད་གཉིད་པ་སེམས་ནས་གནོད་སྦྱིན་མོ་ལ་སོགས་པའི་གཟུགས་བརྙན་ལ ་གནོད་སྦྱིན་ལ་སོགས་བྱ་བཀུག་སྟེ། དེའི་ཕྱག་རྒྱ་ཆེན་པོས་གནོད་སྦྱིན་ལ་སྩོགས་པ་དང་འཁྱུད་པས་ཟླ་བ་བྱཱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་དྲང་དགའ་མགུར་སྤྱོད་ཅིང་དགའ་བར་འགྱུར་རོ།། ཐམས་ཅད ་བསྟན་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱས་སོ་ཞེས་བྱ་བ་ལ་ནི་སྡོ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་དྲན་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་བདག་ཉིད་རྡོ་རྗེ་དྲན་པར་བསམས་ཏེ། དེ་ནས་ཡིད ་ཀྱིས་སྒྲུབ་པར་བྱ་བ་དང་ལྷན་ཅིག་གཅིག་ཏུ་བྱས་ལ་བཟླས་བརྗོད་བྱས་ཏེ་དེ་ལྟ་བུས་ནི་བརྟན་པར་འགྱུར་རོ།། ཐམས་ཅད་དང་བར་བྱ་བ་ལ་ནི་རྡོ་རྗེ་བསྙེམས་པས་སོ།། ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས ་ལ། བཅོམ་ལྡན་འདས་རྡོ་རྗེ་བསྙེམས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་རྡོ་རྗེ་བསྙེམས་པར་བདག་ཉིད་བསམས་ལ་ཁྲོས་པ་ཐམས་ཅད་ཀྱི་སེམས་དང་བར་བྱ་བའི་ཕྱིར་ཡོད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་གཅིག་ཏུ་བྱ་བ ་སྟེ། བསྒྲུབ་པར་བྱ་བ་དེ་ལྟ་བུས་ནི་སེམས་དང་བར་བྱ་བའོ།། རྨི་ལམ་གདབ་པ་གསོལ་བ་ལ་ནི་རྡོ་རྗེ་སློངས་མོ་བཱས་སོ།། ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་མདུན་དུ་སྤྱན་དྲངས་ཏེ ་མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ནས་ཕྱག་བྱས་ལ་ཧཱུཾ་གཉིས་ལས་མིག་གཉིས་དང་། རྣ་བོ་གཉིས་སུ་རྡོ་རྗེ་བསམས་ལ་དེ་ནས་འདི་སྐད་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདེན ་པ་གྲང་གིས་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་མཉམ་པའི་བདེན་པ་དེས་བདག་འདོད་པའི་རྨི་ལམ་ཆེ་གེ་མོ་མཐོང་བར་མཛོད་ཅིག། ཐོས་པར་མཛོད་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་བསྙོམས་པའི་ཕྱག་རྒྱ་ཆེན་པོ ་བཅིངས་ལ། མཛུབ་མོ་གཉིས་གཞིབས་ཏེ། རྩེ་མོར་བྱས་ནས་སྔགས་ཟློས་ཤིང་རྩེ་མོ་དེས་སློང་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་རྨི་ལམ་དུ་བཅོམ་ལྡན་འདས་ཐམས་ཅད་སྟོན་པར་མཛད་པ་དང་གསུང་བར་མཛད་དོ།། ་མཚན་ཕྱེད་དམ་ཐུན་ཐཱ་མཱ་ལ་ནི་རྨི་ལམ་དུ་གདབ་བར་བྱའོ།། ཡད་ན་གཞན་གྱི་མངོན་པར་འདོད་པའི་རྨི་ལམ་མཐོང་བར་བྱ་བཱ་ལཱ་ཞེས་བྱ་བ་ནི་སྒྲུབ་པོ་གཉེན་དགྲ་རང་དབང་དུ་བྱེང་པར་འདོད་པ་ལ་དེ་རྣམས་ཀྱིས་ཇི་ལྟར ་མངོན་པར་འདོད་པའི་རྨི་ལམ་བསྟན་པར་བྱའོ།། ཇི་ལྟར་ཞེ་ན་རྡོ་རྗེ་རྨི་ལམ་མཐོང་བས་སོ་ཞེས་བྱ་བ་གསུངསོ།། རྡོ་རྗེ་སྟེ་རྡོ་རྗེ་སེམས་དཔའི་རྨི་ལམ་མཐོང་བའི་ཕྱག་རྒྱ་གང་ཡིན་པ་དེས་བསྟན་པར་བྱའོ།། འདི་སྐད་སྟོན་ཏེ། ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱཱ་སཱ་ལཾ། ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ནས་བསྒྲུབ་པར་བྱ་བའི་མདུན་དུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྒྲུབ་པར་བྱ་བཱ་ཅི་འདོད་པའི་ཚུལ་གྱིས ་སྒྲ་སྟོན་པར་མཛད་པར་བསམས། བདེན་པོའི་བྱིན་གྱིས་བརླབས་བྱས་ནས་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཛུབ་མོ་གཉིས་ཀྱིས་རང་གི་མིགེ་གཉིས་བཀབ་ལ་མིག་མ་བཙུམས་པ་འདིས་གཞན་རྣམས་ཀྱིས་ཇི ་ལྟར་མངོན་པར་འདོད་པའི་རྨི་ལམ་སྟོན་པར་མཛོད་ཅིག་ཅེས་བཅོམ་ལྡན་འདས་བསྒོམ་པར་བྱའོ།། རྨི་ལམ་དྲན་པ་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་སྲེགྲ་བླུགས་ཀྱིས་སོ་ཞེས་བྱ་བ་ནི་སྒྲུབ་པ་པོ་གང་གི་ཚེ ་རྨི་ལམ་ངན་པ་མཐོང་བ་དེའི་ཚེ། བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་མདུན་དུ་སྤྱན་དྲངས་ནས་ཆོ་ག་ཐམས་ཅད་ཇི་ལྟ་བ་རྗེས་སུ་སྤྱད་ལ། བདག་ཉིད་རྡོ་རྗེ་སེམས་དཔའ་དྲག་པོ་ཆེན་པོའི་སྐུར་བསམས་ཏེ། ་ཐབ་ཀྱི་དབུས་སུ་ཡེ་ཤེས་ཀྱི་མྱེ་ལ་བཅོམ་ལྡན་འདས་དྲག་པོ་ཆེན་པོའི་ཚུ་ལེ་ཅན་རྣམ་པར་བསྒོམས་ནཱས། རྡོ་རྗེ་བསྡམས་པ་བཅིངས་ཏེ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ། རྨི་ལམ་ངན་པ་ཐམས་ཅད་སྟོན ་བར་བྱེད་པའི་སྡིག་པ་མཛུབ་མོ་རྩེ་མོར་བླངས་ལ། བཅོམ་ལྡན་འདས་ཀྱི་ཞལ་དུ་སྲེག་བླུགས་དབུལ་བའི་ཚུལ་གྱིས་བསྟབ་པར་བྱ་བ་སྟེ། དེ་ལྟ་བུས་ནི་རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ།། རྨི་ལམ་བཟང་པོ་ཐམས ་ཅད་སྒྲུབ་པ་དང་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་གྲུབ་པས་སོ་ཞེས་བྱ་བ་ལ་ནི་རྨི་ལམ་དུ་བདག་ཉིད་བྱང་ཆུབ་ཀྱི་སྙིང་བྱོར་འགྲོ་པོ་དང་། བདུད་བཏུལ་བ་དང་། ཐམས་ཅད་མཉམ་པ་བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ ་བ་འདི་། ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་མཐོང་བ་ནི་རྨི་ལམ་བཟང་པོ་ཐམས་ཅད་དོ།། དེ་སྒྲུབ་པར་བྱ་བ་ནི་རྫོགས་པར་བྱ་བའོ།། བརྟན་པར་བྱ་བ་ནི་མི་འགྱུར་བར་བྱ་བ་སྟེ། གཉིད་ལོག་པ་ནི་རྨི་ལམ་དུ་བྱང ་ཆུབ་ཀྱི་སྙིང་པོར་འགྲོ་བ་ལ་སོགས་པ་ཉིད་མཐོང་གི་མི་དགེ་བའི་ལས་ཀྱི་འབྲས་བུ་གཞན་དག་ནི་མ་ཡིན་པའི་རྡོ་རྗེ་རྨི་ལམ་གྱི་ཕྱག་རྒྱ་གང་ཡིན་པ་དེས་དེར་འགྱུར་ཏེ་རྡོ་རྗེ་རྨི་ལམ་གྲུབ་པ་དེས་རྨི་ལམ་བཟང་པོ་ཐམས་ཅད་གྲུབ ་པ་དང་བརྟན་པར་བྱེད་པར་འགྱུར་རོ།། འདི་སྐད་སྟོན་པ་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མདུན་དུ་སྤྱན་དྲངས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཧཱུཾ་ལས་མིག་གཉིས ་སུ་རྡོ་རྗེ་བསྐྱེད་ལ་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཛུབ་མོ་གཉིས་ཀྱིས་མིགོ་བཀག་སྟེ། བཟླས་བརྗོད་བྱོའོ།། དེ་ལྟ་བུས་ནི་རྨི་ལམ་བཟང་པོ་ཐམས་ཅད་བསྒྲུབ་པ་དང་། བརྟན་པར་བྱ་བའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར ་རོ།། ནད་དང་གདོན་ཐམས་ཅད་བསལ་བ་ལ་ནི་རྡོ་རྗེ་སྨན་གྱིས་སོ་ཞེས་བྱ་བ་ལ་ནི་སྐྱ་ཆུབ་ལ་སོགས་པའི་ནད་ཐམས་ཅད་།། གཅོང་ཆེན་པོ་ལ་སོགས་པ་ནི་གདོན་ཐམས་ཅད་དོ།། ནད་དང་གནོད་པ་དེ་ཐམས་ཅད་བསལ་བ་ལ ་ནི་བཅོམ་ལྡན་འདས་རྡོ་རྗེ་སྨན་གྱི་ཕྱག་རྒྱས་འགྱུར་རོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བདག་ཉིད་འཕགས་པ་གཙུག་འཕྱང་གིས་གཟུགས་སུ་བསམས་ལ་རྡོ་རྗེ ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་དེ་བརྟན་པས་གཟུང་བར་བྱའོ།། བཅོམ་ལྡན་འདས་གཙུགོ་འཕྱང་ཡང་ནད་པའི་ལུས་ལ་ཞུགས་པས་ནད་པའི་ལུས་ཐམས་ཅད་ཁྱབ་པ་དང་། ་དཔལ་རྡོ་རྗེ་སེམས་དཔའི་ཕྲ་རབ་ཀྱི་རང་བཞིན་ཅན་གྱི་སྨན་ནད་པས་ཟོས་པར་བསམ་པར་བྱའོ།། རིམས་ནད་ཐམས་ཅད་གཞིག་པ་ལ་ནི་རྡོ་རྗེ་བཅུད་ཀྱིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས ་དཔའི་སྦྱོར་བ་བྱས་ལ། འཕགས་པ་བདུད་རྩི་ཐབ་སྦྱོར་དུ་བསམས་ཏེ་མཛུབ་མོ་གཉིས་གཤིབས་ལ་རྩེ་མོར་བྱས་ལ་བཏུང་བར་བྱའོ།། བཅོམ་ལྡན་འདས་འཕགས་པ་བདུད་རྩི་ཐབ་སྦྱོར་གྱིས་ནང་པའི་སྤྱི་བོ་ནས་བརྩམས ་ཏེ་རྐང་པོའི་མཐོར་ཐུག་པའི་བར་དུ་ཁྱབ་པ་དང་། རྡོ་རྗེ་སེམས་དཔའི་ཕྲ་རབ་ཀྱི་ཚོགས་འཁྲུངས་པར་བས་མོ་བར་བྱའོ།། དེ་ནས་ནོད་པ་འཕགས་པ་བདུད་རྩི་ཐབ་སྦྱོར་དུ་གྱུར་པར་བྱའོ།། དུས་མ་ཡིན་པོར་འཆི་བ་གཞིག ་པ་ལ་ནི་རྡོ་རྗེ་ངུར་བས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དྲི་བའི་སྦྱོར་བ་བྱས་ལ་མདུན་དུ་དཔལ་རྡོ་རྗེ་སེམས་དཔའ་སྤྱན་དྲངས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་དྲག་པོ་ཆེན ་བོར་བསམས་ཏེ་མདུན་ན་བཞུགས་པའི་རྡོ་རྗེ་སེམས་དཔའ་ཡེ་ཤེས་ཀྱི་མེ་ཐབ་ཀྱི་དབུསྔོ་ན་བཞུགས་པར་བསྣམས་ཏེ། རྡོ་རྗེ་བསྡམས་པ་བཅིངས་ཏེ་མཛུབ་མོ་གཉིས་རྩེ་མོར་སྦྱར་ཏེ། མཛུབ་མེའི་རྩེ་མོར་དུས་མ་ཡིན་པར ་གཡོ་བའི་གཟུགས་ཅན་བླངས་ལ། བཅོམ་ལྡན་འདས་ཀྱི་ཞལ་དུ་སྲེག་བླུགས་འབུལ་གྱིས་བསྟན་པར་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བཞེད་པར་གྱུར་པར་བསམ་པར་བྱའོ།། དམྱལ་བ་ལ་སོགས་པའི་ངན་འགྲོ་ཐམས་ཅད ་གཞིག་པ་ལ་ནི་རྡོ་རྗེ་སྡིག་པ་དྲལ་བས་སོ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བདག་ཉིད་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ལ་སྔ་མ་བཞིན་དུ་རྡོ་རྗེ་བསྡམས་བྱའི་མཛུབ་མོ་གཉིས་རྩེ་མོ་སྦྱར་ལ་མཐེ་བོང་གཉིས ་འོག་ཏུ་མཉམ་པོར་བརྐྱང་ལྷ་ངན་སོང་གསུམ་ངེས་བརྡེག་ཅིང་བསྒྲུབས་ལ་རྡོ་རྗེ་འབར་བ་ན་མཁའ་དང་མཉམ་པར་ངན་སོང་གསུམ་ཐུལ་བར་བྱ་བར་བསམ་པར་བྱའོ།། དེ་ནས་ངན་འགྲོ་དེ་རྣམས་དེ་བཞིན་གཤེགས་པ ་མི་བསྐྱོད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་ཤིང་ས་བརྒྱད་ཐོབ་བྱར་པོ་སྐམ་པར་བྱ་སྟེ། དེ་ལྟ་བུས་ནི་སྡིག་པ་ཐམས་ཅད་དྲལ་བར་འགྱུར་རོ།། སྐུ་ཐམས་ཅད་སྒྲུབ་བྱ་ནི་རྡོ་རྗེའི་སྐུའི་མཆོག་གིས་སོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ ་སེམས་དཔའ་ལ་སོགས་པའི་སྐུ་ནི་སྐུ་ཐམས་ཅད་དོ།། དེའི་དངོས་གྲུབ་ནི་བསྐྱེད་པོ་སྟེ་རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་གཞི་བསྭ་ཏེ་རྩེ་མོ་སྦྱར་ལ་བྷྲཱུཾ་བོང་གཉིས་སྐྱིལ་མོ་ཀྲུང་དུ་བྱ་བྲ་ནི་རྡོ་རྗེ་སྐུའི་མཆོག་སྟེ། འདི ་བཅིངས་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་བུའི་སྦྱོར་བས། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་གང་དང་གང་བསྒྲུབ་པར་འདོད་པའི་དེ་དང་དེར་བདག་ཉིད་བསམ་པ་བྱ་སྟེ། དེ་ལྟ་བུས་ནི་སྐུ་ཐམས་ཅད་འགྲུབ་པར ་འགྱུར་རོ།། གསུང་ཐམས་ཅད་གྲུབ་པ་ལ་ནི་རང་གི་ལྕེ་ལ་རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གིསོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རང་གི་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ་དེར་བཟློག ་བར་བྱ་བའི་ཕྱིར་སྔགས་ཡིད་ཀྱིས་བྲིས་ཏེ། རྡོ་རྗེ་སྐུའི་མཆོག་བཅིངས་ལ་གུང་མོ་གཉིས་ཀྱིས་པདྨ་ལྟར་བྱས་ནས་གང་བྱིན་པའི་ཚུལ་དུ་བྱས་ཏེ་དེ་ལྟ་བུས་ནི་གསུང་གི་དངོས་གྲུབ་ཏུ་གྱུར་ལ་འདས་པ ་དང་། མ་འོངས་པ་དང་དྲི་ལྟར་གྱི་དངོས་པོ་ཐམས་ཅད་བདེན་པར་སྟོན་པའི་མཚན་ཉིད་ཅན། རྡོ་རྗེ་གསང་བའི་ལྕགས་སྒྲོག་གི་མཆོག་གི་འགྱུར་རོ།། ཐུགས་ཐམས་ཅད་གྲུབ་པ་ནི་རྡོ་རྗེ་ཐུགས་བསྐྱེད་པས་སོ་ཞེས་བྱ་བ ་ལ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསམས་ཏེ། རང་གི་སྙིང་གའི་ཕྱོགས་སུ་རྡོ་རྗེ་སྐུའི་མཆོག་བཅིངས་ལྔ། ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་དཱ་ཡཱ་མི་ཞེས་རྡོ་རྗེའི་སྙིང་པོ་དམོ ་པ་ཟློས་ཤིང་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམོ་པར་བྱ་སྟེ། དེ་ལྟ་བུས་ནི་ཐུགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། རྡོ་རྗེ་ཐུམས་ཅད་ཀྱི་དྲངོས་གྲུབ་ནི་རབ་ཏུ་དགའ་བའི་རྡོ་རྗེས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སེམས་དཔའི ་སྦྱོར་བ་བྱས་ལ་རང་གི་སྙིང་གར་ཡི་གེ་ས་ལས་སྣ་ཚོག་སྡེ་རྡོ་རྗེ་བསམས་ལ་རྡོ་རྗེ་སྐུའི་མཆོག་བཅིངས་ཏེ་གཡས་པའི་མཐེ་བོང་གླ་ཡོན་པའི་མཐེ་བོང་གི་བུ་གར་བཅུག་ལ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་ཐམས་ཅད་འགྲུབ ་པར་འགྱུར་རོ།། དཀྱིལ་འཁོར་ཐམས་ཅད་དུ་འཇུག་པ་ལ་ནི་རྡོ་རྗེ་འཁོར་ལོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་བདག་ཉིད་བྱང་ཆུབ་སེམས་དཔའ་སེམས་སྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ ་བསྐོར་བར་བསམས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིང་ལ་གློག་འགྱུ་བ་འདེགས་པའི་ཚུལ་གྱིས་གཡས་ཕྱོགས་ནས་བསྐོར་བ་འདི་ནི་རྡོ་རྗེ་འཁོར་ལོ་སྟེ། འདིས་དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ།། ཕྱག་རྒྱ་ཐམས་ཅད་བཅིངས ་པའི་ས་གྲུབ་ནི་ཞེས་བྱ་བ་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ནི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིངས་པའི་དངོས་གྲུབ་བོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག ་རྒྱ་ཆེན་པོས་སཾ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ནི་དེ་ཁོ་ན་ཉིད་དོ།། དེའི་གསང་བ་ནི་དམ་ཚིག་ནི་དང་པོའི་རྡོ་རྗེའོ།། དེའི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་སེམས་དཔའི་ལུས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་བསྙེམས་པའོ།། འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའི་སྦྱོར ་བ་ཇི་ལྟ་བ་བཞིན་དུ་བྱས་ལྔ། རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་དང་། རྡོ་རྗེ་དང་བཅས་པ་བཅིངས་ལ་རང་གི་སྩོགས་བརྗོད་པར་བྱ་སྟེ། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་བཅིང་བ་བསྒྲུབ་པར་འགྱུར་རོ།། དམ་ཚིག་ཐམས་ཅད ་གྲུབ་པ་ནི་རྡོ་རྗེ་དམྱི་ཚིག་གི་ཕྱག་རྒྱས་སོ་ཞེས་བྱ་བ་ལ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཁྲོ་བོའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ་དང་། ཡི་གེ་ཧཱུཾ་གིས་བདག་ཉིད་རྡོ་རྗེ་ཁུ་ཚུར་བསམས་ལ ་བསྒྲུབ་པར་བྱ་བ་རྡོ་རྗེ་རིགས་ཀྱི་ལྷ་མདུན་དུ་སྤྱན་དྲངས་ལ་སྡིགས་མཛུབ་བྱས་ཏེ་དེ་ལྟ་བུས་ནི་དེ་དགྱེས་ནས་རང་གི་དངོས་གྲུབ་སྩོལ་བར་མཛད་དོ།། དེ་ལྟར་ན་རྡོ་རྗེ་རིགས་ཀྱི་ངོ་བོ་དམ་ཚིག་ཐམས་ཅད་འགྲུབ་པར་འགྱུར་རོ།། ལས ་ཐམས་ཅད་གྲུབ་པ་ལྔ་ནི་རྡོ་རྗེ་གསང་བའི་མཆོད་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ལྔ་པོ་བསྡུས་པ་བཅིངས་ཏེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས ་ལ་དེ་གར་བྱ་བའི་ཚུལ་གྱིས་བཏེག་ནས་སྤྱི་བོ་རེ་ཐལ་མོ་སྦྱར་བ་བྱས་ནས་ལུས་ཐམས་ཅད་ལས་བྱུང་བ། རྡོ་རྗེ་མཚེ་ན་ཆ་མ་ལ་སོགས་པས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སྩོགས་པའི་བསྒྲུབ་པའི་མཆོད་པས་བདག་ཉིད ་མཆོད་པར་གྱུར་པར་བསམ་པར་བྱའོ།། དེ་དེ་ལྟ་བུས་ནི་ལས་ཀྱི་དཀྱིལ་འཁོར་ལ་སོགས་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དངོས་གྲུབ་ཐམས་ཅད་ནི་བདེ་བ་ཆེན་པོའི་གསང་བའི་བདེ་བ་གུས་པས་སོ་ཞེས ་བྱ་བ་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནི་དངོས་གྲུབ་ཐམས་ཅད་དེ། དེ་ནི་རྡོ་རྗེ་བདེ་བ་ཆེན་པོ་སྟེ་རྡོ་རྗེ་སེམས་དཔའི་གསང་བའི་བདེ་བ་གྲུབ་པ་བསྐྱེད་པས་ཐོབ་པར་འགྱུར་རོ།། འདི་སྐད་སྟོན ་བོར་འགྱུར་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལྔ། བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་པོའི་དབང་དུ་འགྱུར་རོ།། ཕུན་སུམ་ཚོགས་པ་ཐམས་ཅད ་ལ་ནི་རྡོ་རྗེ་ལྟུང་བ་ལས་གདོན་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོ་རོ་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་དོ།། རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ།། ལྟུང་བ་ནི་རྒུང་བ་དང་ལྡན་པའི ་སེམས་ཅན་དེ་རྒྱལ་སྐྱིད་ལས་ཉམས་པ་རྣམས་གདོན་ཅིང་སླར་ཡང་རྒྱལ་སྲིད་ལ་བཞག་པར་བྱ་བའི་ཕྱིར་དོན་གྱི་ཕྱག་རྒྱས་རྡོ་རྗེ་ལྟུང་བ་ལས་གདོན་པའི་ཕྱག་རྒྱ་སྟེ། གང་གིས་ལྟུང་བ་ལས་སློང་བར་བྱེད་པའོ།། དེ་ནི་འདི ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ནས་ཡིད་ཀྱིས་སྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེའུ་ཆུང་གཉིས་ཕན་ཚུན་རྒྱབ་ཏུ་མདུད་པ་བྱས་ལ། མཛུབ་མོ་གཉིས་བཀྲན་ཏེ། ་གཞིབས་ལ་རྩེ་མོ་བྱས་ནས་འོག་ནས་བཏིག་ལོ་དབང་བསྐུར་བའི་གནས་སུ་བདེ་བ་ར་བཞག་པར་བྱ་ཞིང་ཇི་ལྟར་མངོན་པར་འདོད་པའི་དབང་གིས་བདག་ཉིད་དབང་བསྐུར་བར་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་རྒྱལ་སྲིད་ལས ་ཉམས་པ་རྣམས་སློར་ཡང་རྒྱལ་སྲིད་ཀྱི་འབྱོར་པ་ཐམས་ཅད་ཐོབ་པར་འགྱུར་རོ།། ཐམས་ཅད་མཁྱེན་པ་ཐོབ་པ་ར་ལཱ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱསོ་ཞེས་བྱ་བ་ལ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བྱང་ཆུབ ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། རྣམ་པར་སྣང་མཛད་དུ་བདག་ཉིད་བྱསམས་ནས། དེ་ལྟ་བུས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་རོ།། མཆོད་པ་ཐམས་ཅད་ནི་ཞེས་བྱ་བ་ནི་མཆོད་པོ་ཐམས་ཅད་དང་ཐམས ་ཅད་ཀྱི་མཆོད་པ་ནི་མཆོད་པ་ཐམས་ཅད་དོ།། དེའི་ངོ་བོ་ཉིད་ནི་མཆོད་པ་ཐམས་ཅད་ཉིད་དོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་གར་གྱི་ཕྱག་རྒྱས་སོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་རྡོ་རྗེ་སེམ ་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་བསྒྱིངས་པ་དང་བཅིངས་པས་གློག་འགྱུ་བ་འདེགས་པའི་ཕྱག་རྒྱས་གསུས་ནས་བསྐོར་བ་འན་རྡོ་རྗེ་གར་ཏེ་འདིས་ནི་ཇི་སྲིད་རྡོ་རྗེ་སེམས ་དཔའ་ལྷ་སོགས་པས་མཐར་མངོན་སུམ་དུ་གར་གྱི་སྦྱོར་བས་མཆོད་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླ་བར་བྱའོ།། རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེས་སོ་ཞེས་བྱ་བ་ལ་སོགས་པ་ནི་དང ་པོའི་རྡོ་རྗེ་ལ་སོགས་པའི་རྡོ་རྗེ་ཐམས་ཅད་དེ། དེས་དམ་པོ་གྲུབ་པ་ནི་རྡོ་རྗེ་ཐམས་ཅད་ཀྱི་དམ་པ་གྲུབ་པའི་བདེ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་རྡོ་རྗེ་ཡང་ཡིན་པ་དེས་དེ་གྲུབ་པར་འགྱུར་རོ།། དེ་ནི་འདི་ཡིན་ཏེ་དེ་བཞིན་དུ་རྡོ་རྗེ ་སེམས་དཔའི་སྦྱོར་བ་བྱས་ལ། རང་གི་སྙིང་གའི་ཟླ་བ་ལ་དང་པོའི་རྡོ་རྗེ་རྩེ་ལྔ་པ་འམ་ཡང་ན་དེ་བཞིན་གཤེགས་པ་ལ་སོགས་པའི་རྡོ་རྗེ་གཞན་བསམས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་གཉིས་ཁ་ཕྱིར་བལྟས ་བར་བསྒྲེང་སྟེ་གཤིབས་ལ་རྩེ་མོར་བྱས་ནས་སྙིང་གའི་ཕྱོགས་སུ་བཞག་ལ་ཞེས་བྱ་བས་དྲང་པོའི་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱ་སྟེ་དེ་ལྟ་བུས་ནི་རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་དྲས་པར་འགྱུར་རོ།། སེམས ་དཔའ་ཐམས་ཅད་ཀྱི་དངོས་གྲུབ་དམ་པོ་ནི་རྡོ་རྗེ་སེམས་དཔོའི་བདེ་བ་ཆེན་པོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་བཤད་མ་ཐག་པའི་ཕྱག་རྒྱ་བཅིངས་ལ་སེམས་དཔའི་རྡོ་རྗེ་སྙིང་པོས་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པ ་བྱང་ཆུབ་སེམས་དཔའ་ཆེན་པོ་བདག་གོ་ཞེས་བྱ་བ་བསྒོམ་པར་བྱ་སྟེ། དེ་ལྟར་ན་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་དམ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་གསཔ ་བའི་བདེ་བ་ཆེན་པོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་སྙེམས་དཔའི་སྦྱོར་བ་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། བདག་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བ་བསྒོམས་ན་དེ་ལྟ་བུས་ནི་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། རྡོ་རྗེ་འཛིན་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་དེ། རྡོ་རྗེ་སེམས ་དཔའ་དང་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་རྡོ་རྗེ་རིགས་ཀྱི་ལྷ་ཐམས་ཅད་དོ།། དེ་རྣམས་ཀྱི་དངོས་གྲུབ་དམ་པ་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ།། དེ་ལ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་གསུང་བའི་དམ་ཚིག་གི ་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་སྟེ་ངེས་དེ་འགྲུབ་པར་འགྱུར་རོ།། འདི་སྐད་སྟོན་ཏེ་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི ་རྣལ་འབྱོར་བྱས་ལ། ཆོ་ག་ཐམས་ཅད་རྗེས་སུ་སྦྱང་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྐུ་གསོང་བ་འམ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་བསྒོམ་པར་བྱའོ།། དེ་ལྟ་བུས་རྣལ་འབྱོར་པས ་རྡོ་རྗེ་འཛིན་པ་ཆེནྡྲ་པོ་ཐམས་ཅད་ཀྱི་དངོས་གྲུབ་དྲུམ་པ་འགྲུབ་པར་འགྱུར་རོ།། ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་བརྒྱ་པོ་འདི་དག་ནི་དཔལ་རྡོ་རྗེ་སེམས་དཔ་སྒྱུས་པ་ཡིན་པར་བཤད་དོ།། དཔལ་རྡོ་རྗེ་སེམས ་དཔའི་སྒྲུབ་པ་པོ་ལ་ཇི་ལྟར་བཤད་པ་དེ་བཞིན་དུ་སྤྱིར་གསུངས་པ་ཡིན་པའི་ཕྱིར་རྡོ་རྗེ་ཡིད་ལས་བྱུང་བ་ནུས་རྡོ་རྗེ་འབེབསུ་བའི་བར་གྱི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་རང་གི་རྣལ་འབྱོར་སྔོན་དུ་འགྲོ་བའི་རང་གནས་ཀྱི་སྒྲུབ ་པར་ཤེས་པར་བྱའོ།། བདེ་བ་ཆེན་པོ་རྡོ་རྗེ་ནཱི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པར་བཤད་ཟིན་ཏོ།། དེའི་གསང་བ་ནི་དེའི་རྒྱུ་མཐུན་པར་གྱུར་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལོ་སོགས་པ་དེ་ཁོ་ན་ཉིད་དོ།། དེའི་རྣམ ་བར་རྟོག་པ་ནི་རྟོག་པའོ།། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་ཡང་ཉེ་བར་བརྟགས་པས་རྟོགས་པ་ཞེས་བཤད་དོ།། དེ་ཡང་ནོག་པ་གཞན་རྣམས་ལས་ཤིན་ཏུ་ལྷག་པའི་ཚུལ་གྱིས་མཛེས་ཤིང་འབར་བས་ན་རྟོག་པ་ཆེན ་པོའི་རྒྱལ་བྱའོ།། རྩ་བའི་རྒྱུད་ཀྱི་རང་བཞིན་དེ་ལས་རབ་ཏུ་དགའ་བའི་རྡོ་རྗེ་གསང་བ་ཆེན་པོ་ཞེས་བྱ་བའི་རྡོ་རྗེ་སེམས་དཔའི་ཆོ་ག་རྒྱས་པར་བྱ་བ་དང་བསྒྲུབ་པའི་རྒྱུན་ནོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དཔལ་མཆོག་དང་པོའི་རྒྱུད་ཆེན་པོའི་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། དེ་རྡོ་རྗེ་སེམས་དཔའི་རྟོག་པ་བཤད་པ་རྫོགས་སོ།། ་དེ་ལྟར་འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར། དཔལ་རྡོ་རྗེ་སེམས་དཔའི་རྟོག་པ་གསུངས་ནས། ད་ནི་སེམས་ཅན་རང་བཞིན་བཟང་བ་དེ་བཞིན་གཤེགས་པས་འདུལ་བ་ལས་བརྩམས་ཏེ། དེ་ནས ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གདུལ་བྱ་དྲན་པ་དང་། ཤེས་རབ་དང་ཡང་དག་པར་ལྡན་པ་རྣམས་ཀྱིས་དེ་བཞིན་གཤེགས་པའི་གཟུངས་དང་ཡེ་ཤེས་ཐོབ་པར་བྱ་བའི་དེ་བཞིན་གཤེགས་པའི་རྟོག ་པ་གསུངས་པ་ཡིན་ནོ།། དོ་ནས་ཞེས་བྱ་བའི་སྒྲ་ནི་དེ་མི་ཐེག་པ་སྟོན་པར་བྱེད་པའི་ཚིག་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ལའོ།། དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཉིད ་ཡིན་ནོ།། བཅོམ་ལྡན་འདས་ནི་རྣམ་པར་སྣང་མཛད་དོ།། བཅོམ་ལྡན་འདསྡེ་འདིའི་ཁྱད་པར་ཇི་ལྟ་བུ་ཞེ་ནཱཾ། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། བདེ་བ་ཆེན་པོའི་རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས ་ཀྱི་གཉིས་སུ་མེད་པའི་དྲན་པ་དང་ཤེས་རབཱ་དང་ཡང་དག་པར་ལྡན་པའི་ཐུགས་སོ།། དེའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ།། བདྲེ་བའི་སེམས་དཔའ་ནི་རྒྱུའི་རང་བཞིན་དུ་དེ་བཞིན་གཤེགས ་བའི་ཐུགས་ལ་གནས་པ་སེམས་དཔའི་རྡོ་རྗེའི་ཚུལ་རྡོ་རྗེ་འཆང་ཆེན་པོའོ།། དེའི་བྱིན་གྱིས་བརླབས་ནི་སྔོན་གྱི་འཕེན་ཐུགས་སོ།། དེའི་གསང་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་བོར་གྱུར་པ་གང་ཡིན་པ་དེ་ལ་དེ ་སྐད་ཅེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ནི་ཕྱག་རྒྱ་གཉིས་ཀྱི་བྱང ་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་པའོ།། དེ་ལ་རྡོ་རྗེ་སེམས་དཔས་གསོལ་བ་བཏབ་པོ་ཞེས་སྦྱར་རོ།། ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་འཁོར་ལོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྟེ། རྗེས་ཐོགས་ཉིད་ལ་སྟོན་པར་མཛད་པར་གྱུར་པའི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་ཅིང་ཐུགས་ལ་བཞག་པར་མཛད ་བའི་ཏིང་ངེ་འཛིན་གང་གིས་རྡོ་རྗེ་ལྟར་མི་ཕྱེད་པར་གྱུར་པསྔ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་རང་གི་རྡོ་རྗེ་སེམས་དཔའ་སྟེ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་གསོལ ་བ་འདེབས་ཤིང་གསོལ་བ་ལ་བཞུགས་པོར་གྱུར་པའོ།། དེ་ཇི་ལྟ་བུ་ཞེ་ན་བྲང་པོ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོའོ།། དེ་རབ་ཏུ་གྲུབ་པ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས ་པའི་ཚུལ་གྱིས་རྫོགས་པའོ་དེའི་དོན་དུ། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར་ཞེས་བྱ་བ་སྟེ། འདོད་ཆགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདོད་ཆགས་ཆེན་པོ་སྟེ། གཟུགས་ཐམས་ཅད་ཀུན་ཏུ་སྟོན་པས་སེམས ་ཅན་གྱི་དོན་མཛད་པའོ།། དེའི་རྣམ་པར་དག་པ་ནི་སྔོན་གྱི་འཕེན་ཤུགས་ཀྱི་སྟོབས་ཀྱི་ལྷུན་གྱིས་གྲུབ་པར་འཇུག་པའོ།། དེ་བཞིན་གཤེགས་པའི་མཐའ་ཡས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཐའ་ཡས་ཤིང ་ཚད་མེད་པའོ།། ནམ་མཁའ་དང་མཉམ་པ་ནི་ནཱ་མཁའི་ཁམས་ཐམས་ཅད་ཁྱབ་པར་བྱེད་པའོ།། བསྐྱེད་དུ་གསོལ་ཞེས་བྱ་བ་ནི་ཀུན་ནས་བསླང་བའོ།། རིགས་དམ་པ་ནི་རིགས་བཟང་ཞིང་མཛེས་པ་སྟེ་རིགས་ཀྱི་མཆོག་བསྐྱེད་པར ་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་པའི་ཕྱིར། རང་གི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ནི། ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསོལ་བ་བཏབ་པ་ཡིན་ནོ།། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངསོ་ཞེས་བྱ་བར་སྦྱར་རོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་རྣམ་པར ་སྣང་མཛད་ཀྱིས་རང་གི་རིགས་སྤྲུལ་པར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསོལ་བ་བཏབ་ནས་དེ་བཞིན་གཽ་ཤེགསོ་བའི་དཀྱིལ་འཁོརོ་སྤྲུལ་པའི་ཕྱིར་གཟུངས་གསུངས་པ་ཡིན་ནོ།། ཅི་ཞིག་མཛད ་ནས་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་རོ།། དེ་ཉིད་ནི་བདེ་བ་ཆེན་པོའི་རྒྱུ་མཐུན་པ ་ཡིན་པའི་ཕྱིར་བདེ་བ་ཆེན་པོ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་པ་ཉིད་ཡིན་པའི་ཕྱིར་བདེ་བ་ཆེན་པོའོ།། དེ་མི་ཕྱེད་པའི་རྣམ་པར་གནོན་པ་ནི་སྐྱེས་བུ་བྱེད་པའི་རྩལ་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར ་གྱིས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལ་དེ་བཞིན་གཤེགས་པའི་གཟུངས་རྟོགས་པ་བསྐྱེད་ངོ་ཞེས་བྱ་བའི་ཐ་ཚིག་གོ།། རྣམ་པར་གནོན་པ་དེ་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཅི་ཞིག་མཛད། བཅོ ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པ་སྣང་མཛད་ཆེན་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཕྱག་གཉིས་ཀྱིས་བཙོངས་ནས། སྐུའི་རྡོ་རྗེ་ཐམས་ཅད་ལ་ནི་ཕྱག་རྒྱ ་ཆེན་པོའི་ཕྲ་རབ་ཐམས་ཅད་གསུང་གི་རྡོ་རྗེ་ཐམས་ཅད་ལྕེ་ནི་ལྗགས་ཀྱི་ཕྲ་རབ་ཐམས་ཅད་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་ལོ་ནི་རང་གི་ཐུགས་ཀཱརོ་གནས་པའི་སེམས་དཔའི་རྡོ་རྗེ་ཕྲ་རབ་ཐམས་ཅད་ཞུགས་པར་གྱུར་ཏོ།། དེ ་ནས་ཞུགས་ཏེ་ཅི་ཞིག་མཛད་ཅེ་ནཱ། ཐམས་ཅད་ཀྱི་བདག་ཉིད་ད་མཉམ་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རྡུལ་ཕྲ་རབ་ཐམས་ཅད་ཕྲ་རབ་དེ་རྣམས་ཕྲ་རབ་གཅིག་ཀྱང་མང་པོར ་རྨུགས་ཏེ། དེར་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཇོ་བོ་ཐམས་ཅད་ཀྱི་བདག་ཉིད་རྣམ་པར་སྣང་མཛད་རྣམ་པ་སྐྱེས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཕྲ་རབ་མ་ལུས་པ་དེར་ཁྱབ་ནས། དེ་དང་ཆུང ་མ་བཞིན་དུ་གཅིག་ཏུ་གྱུར་པའོ།། བདེ་བ་ཆེན་པོ་རྡོ་རྗེ་གཉིས་སུ་མེད་པའི་དྲན་པ་དང་ཤེས་རབ་དང་རབ་ཏུ་ལྡན་པའི་དེ་བཞིན་གཤེགས་པའི་ཐུག་སོ།། དེའི་ཕྱག་རྒྱ་ནི་དེའི་རྒྱུ་མཐུན་པ་ལས་གྱུར་པའོ།། དེ་བཞིན་གཤེགས་པའི ་དཀྱིལ་འཁོར་རོ།། དེ་སྦྱང་བར་བྱེད་པའི་གཟུངས་གང་ཡིན་པ་དེ་གསུངས་པ་ནི་བཀའ་སྩལ་བ་སྟེ། ཨོཾ་དྷི་ཞེས་པའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔའ་རྣམ་པོར་སྣང་མཛད་དང་གཅིག་ཏུ་གྱུར་ནས་ཨོཾ་དྷི་ཞེས་བྱ་བ་འདི་གསུངས་པ་ཙམ་གྱིས་རྗེས་ཐོགས་ཉིད་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས ་པཱ་སྲས་དང་བཅས་པ་ཐམས་ཅད་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ།། དེ་ནས་དེ་རྣམས་རྣམ་པ་དྲུག་ཏུ་གཡོས་པས་བསྐུལ་བར་འགྱུར་བྱས་འདུས་པར་མཛད་དོ།། བརྟན་པ་ནི་མི་ཕྱེད་པའོ།། དེ་ལ་རྣམ་པ་དྲུག་ཏུ་གཡོས་པ་ནི། ་འདི་ཡིན་ཏེ། སྐུའི་སྤྱོད་མཐོན་ནི་སྐུའི་སྤྱད་དམྦཱ2། སྐུ་སྨྱུང་མཐོ་ན་སྐུ་སྟོང་དམའ།། གཡས་ལོགས་མཐོ་ན་གསྨོན་ལོགས་དམའ། གཡོན་ལོགས་མཐོ་ནྱ་གཱ་ཡཱས་ལོགས་དམའ། སྐུའི་དབུས་མཐོ་ནཱ་མཐའ་དམའ། མཐའ ་མཐོ་ན་དབུས་དེ་མའོ།། ཐམས་ཅད་གྲུབ་པའི་ཕྱིར་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞུགས་སོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིངས་ཀྱིས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་དེ་བཞིན ་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་ཞུགསསོ།། ཅི་ཞིག་མཛད་ནས་ཞུགས་ཤེ་ན། ་བཤད་པ་ཆེན་པོའི་ཁྱད་པར་གྱི།། རྨད་བྱུང་ཆེན་པོ་རབ་ཏུ་བཞད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཤད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་བྲིས་ན་བཞད་པ་ཆེན་པོ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་མཉམ་པའི ་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་དུ་འགྲོ་བའི་འཛུམ་པ་རབ་ཏུ་མཛད་དོ།། ངོ་མཚར་ཆེན་པོར་གྱུ་ར་པའི་ཚུལ་ནི་རྨད་བྱུང་ཆེན་པོའོ།། འདིས་ཀྱང་དོན་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར ་སྤྲུལ་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་གཟུངས་ཐོབ་པར་གཟིགས་པས་ཐུགས་དགྱེས་པར་གྱུར་ནས་བཤད་པ་ཆེན་པོ་ཐམས་ཅད་དུ་སོང་བའི་འཛུམ་པ་མཛད་པར་གྱུར་ཏོ།། ད་ལྟར ་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བཞུད་པ་ཆེན་པོའི་ཁྱད་པར་གྱིས།། རྨད་བྱུང་ཆེན་པོ་རབ་ཏུ་བཞད་ཅེས་བྱ་བའི་བར་གྱིས་ནི་ཏིང་ངེ་འཛིན་གཉིས་བཤད་པ་ཡིན་ནོ།། དེ་ནས་སྒོ་དབྱེ་བ་བྱས་ལ་བསྡུ་བར་བྱའོ།། དེ་ནས་དེ ་བཞིན་དུ་རང་གི་དབང་བསྐུར་བ་བླང་བའི་ཕྱིར། རྡོ་རྗེ་ལྕགསོ་ཀུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་ལ་དམ་ཚིག ་གི་ཕྱག་རྒྱ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རབ་ཏུ་བསྒྲུབས་ནས་ཆོས་དང་ལྔས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ནས་དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ལ། ལས་ལ་སྦྱོར་བར་བྱ་སྟེ། འདི་ནི་ལས་ཀྱི་རྒྱལ་པོ ་མཆོག་ཅེས་བྱས་ཏེ་ཏིང་ངེ་འཛིན་གསུམ་པའོ།། དེ་ལཾ་ལས་ནི་འདི་རྣམས་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་འདི་སྐད་ཅེས་བརྗོད་དོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔམས་ཅན ་གྱི་ཁམས་ཐམས་ཅད་ཉིད་ཀྱི་གཟུངས་དང་། ཡེ་ཤེས་རྟོགས་པར་མཛོད་ཅིག། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ནས། རྡོ་རྗེ་འབེབས་བྱའི་བར་གྱིས་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཡིད་ལས ་བྱུང་བ་ལ་སོགས་པའི་ལས་ལ་སྦྱར་བྱ་ཉིད་ཡིན་པར་ཤེས་པར་བྱའོ།། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་བཟླས་བརྗོད་དང་བསྒོམ་པར་བྱའོ།། ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་སློབ་མ་འཇོག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། དེ་ནུས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་དེ་ལྟར་ལས་ཀྱི་རྒྱལ་པོ་མཆོག་གསུངས་པའི་རྗེས ་ཐོགས་ཉིད་ལའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྐུའི་ཚུལ་འཛིན་པར་མཛད་པའི་རྣམ་པར་སྣང་མཛད་ལ་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ ་ཞེས་བྱའོ།། དེ་བཞིན་དུ་རྡོ་རྗེ་བསྙེམས་མས་ཞུགས་ཏེ་ཞེས་བྱ་བ་ནི། ཇི་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོས་བཞུགས་པ་དེ་བཞིན་དུ་འདིར ་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་བསྙེམས་པས་རྡོ་རྗེ་སེམས་དཔོའི་ཕྱག་རྒྱ་ཆེན་པོས་ཞུགས་ནས་དཀྱིལ་འཁོར་འདི་གསུང་སོ།། ཞེས་བྱ་བར་སྦྱར་རོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། བདེ་བ་ཆེན ་པོའི་དམ་ཚིག་ཅེས་བྱ་བ་ལ་བདེ་བ་ཆེན་པོ་ཐར་པ་ཆེན་པོའོ།། དེའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་གཟུངསོ།། དེ་ཉིད་ནི་རྡོ་རྗེ་གསང་བ་སྟེ། སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་ཀྱི་མི་ཕྱེད་པའི་གསང་བའོ།། མིང་དེ་སྐད་ཅེས་བྱ་བའི་གཟུངས་ཀྱི་ཕྱག་རྒྱ་རྣམས་ཀྱིས་དཀྱིལ་འཁོར་གསུངས་པ་ནི་བཀའ་སྩལ་པའོ།། ཇི་ལྟར་ཆོས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར ་གྱིས་སྒྲུབ་པ་པོས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་སྔོན་དུ་བསྙེན་པའི་ཆོ་གས་བསྙེན་པར་བྱས་ལ། དེ་ནས་ས་སྦྱང་བ་དང་། ཁང་པ་བརྩེགས་པ་དང་བསྲུང་བའི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་ལྷག ་པར་གནས་པར་བྱས་ནས་ཇི་ལྟར་བཤད་པའི་ཆོ་གས་ཐིག་གདབ་པར་བྱའོ།། དེ་ནས་ཚོན་རྩི་དགྱེ་བ་བྱས་ནས་ས་མོ་ཡསྟྭཾ་ཨོཾ་དྷི་ཞེས་ཟློས་ཤིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལས་བབས་ཏེ་སྣ་ཚོགས་པདྨའི ་གདན་ལ་ལུགས་མ་དང་བརྐོས་པ་ལ་སོགས་པའི་གཟུགས་བརྙན་གྱི་སྐུ་རྡོ་རྗེ་སེམས་དཔའ་ལྟར་རྡོ་རྗེ་བསྙེམས་པ་འཆང་བ་དང་གཅིག་ཏུ་བྱའོ།། དེ་ལྟར་དེ་བཀོད་ནས་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ལྷ་རྣམས ་ཇི་ལྟ་བུ་ཞེ་ན། དམ་ཚིག་རྣམས་ཀྱི་མཆོག་གི་མཆོག་ནི་དམ་བྱའོ།། དེ་བཞིན་གཤེགས་པ་ནི་མི་བསྐྱོད་པ་ལ་སོགས་པ་དེའོ།། སྲས་དང་བཅས་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་རྡོ་རྗེ ་མཚོན་ཆ་མ་ལ་སོགས་པ་དང་བཅས་པ་གཟུང་སྟེ་དེ་དག་ཡོངས་སུ་དགོད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ།། མྱེ་ཏོག་ལ་སོགས་སྤྱིར་ཐལ་སྦྱར་ཞེས་བྱ་བ་ལྔ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡེ་ཤེས ་ཀྱི་སེམས་དཔའ་འདི་དག་ཉིད་དང་། མེ་ཏོག་དང་། བདུག་པ་དང་། མར་མེ་ཆེན་པོ་དང་། དྲི་ལ་སོགས་པ་ཐལ་མོ་སྦྱར་བ་སྤྱི་བོར་འཇོག་པར་རྡོ་རྗེ་སྦྲང་རྩི་མོ་ལ་སོགས་པའི་གཟུགས་སུ་གནས་པར་བྲི་བར་བྱའོ།། དེ་བཞིན ་དུ་སྒེག་མོ་ལ་སོགས་པའི་གཟུགས་འཛིན་པའི་ལྷ་མོ་ལ་སོགས་པ་བྲི་བར་བྱའོ།། དེ་ལ་འདི་ནི་འཇུག་པའི་ཆོ་ག་རྒྱས་པའོ་ཁྱད་པར་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བའི་སྒྲ་ནི་ཚིག་ཉེ་བར་དགེད་པའི་དོན་ཏོ།། འདི་ཞེས ་བྱ་བ་ལ་ཐུགས་ལ་གནས་པར་གཟུང་སྟེ། འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་སྐད་ཅེས་བྱའོ།། སོགས་པོའི་སྒྲས་ནི་ཐོག་མཐའ་མེད་པའི་སེམས་དཔའ་ནི་ཞེས་བྱ་བ་ནས་བརྩམས་ཏེ་མཆོད་ཅིང་ཕྱག ་བྱས་ནས་སླར་བྱུང་ཞེས་བྱ་བའི་བར་གྱི་དཔལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་ག་རྣམས་གསུང་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བའི་ཕྱག་རྒྱས་འཇུག ་པར་བྱའོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ་དེས་མེ་ཏོག་གི་ཕྲེང་བ་བླངས་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ་དཀྱིལ་འཁོར་དུ་འཇུག་པར་བྱའོ།། འདྲིའི་དེ་བཞིན་གཤེགས་པ་ཐམས ་ཅད་ལ་ཕྱག་བྱ་བའི་ཕྱག་རྒྱས་ཏེ། དེས་དཀྱིལ་འཁོར་འོངས་འཇུག་པར་བྱའོ།། ཇི་ལྟར་ཞེ་ན། གླུ་འདི་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཡིས་ཞེས་བྱ་བ་ནི་འོག་ནས་བཤད་པའི་རྗེས་ཐོགས་ཉིད་ལ་བཤད་པའི ་རྡོ་རྗེ་གླུས་སོ།། རྡོ་རྗེ་བསྡུས་པས་ན་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་བྱང་ཆུབ་སེམས་ཆེན་པོ་བསྐྱོད་པ་ནི་རྡོ་རྗེ་སེམས་དཔའ་བསྡུས་ཤིང་ཉེ་བ.རརོ་བླངས་པ་ཡིན་ཏེ། ཐབས་དང་ཤེས་རབ་ཀྱི་རང་བཞིན་དེ་བཞིན ་གཤེགས་པའི་རིགས་ཐུགས་སུ་ཆུད་པོ་ཞེས་བྱ་བའི་ཐ་ཚི་གྲ་གོ། དེ་ལྟར་རྡོ་རྗེ་སེམས་དབུའི་བསྡུས་པཱའི་རྒྱུ་ངེས་ན། རྡོ་རྗེ་རིན་ཆེན་བླ་ན་མེད་པར་འགྱུར་རོ་ཞེས་བྱ་བར་ཤུགས་ཀྱི་སྦྱར་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རང ་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་དང་། རིན་པོ་ཆེའི་རིགས་ནི་རྡོ་རྗེ་རིན་ཆེན་དེ་ཉིད་ནི་འདིའི་གོང་ན་གཞན་མེད་པས་བླ་ན་མེད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱི་སེམས་དང་སེམས་ལས་བྱུང ་བྱ་རྣམས་དང་། པུདྨའི་རིགས་ནི་རྡོ་རྗེ་ཆོས་ཏེ་དེ་རྣམས་ཀྱི་གླུ་བླངས་པས་ནི་སོ་སྦྱར་རང་རིག་པའི་རྣམ་པས་མངོན་དུ་བྱེད་པས་ནི་རྡོ་རྗེ་ཆོས་ཀྱི་གླུ་བླངས་པ་ཡིན་ཏེ། རྡོ་རྗེ་ཆོས་ཀྱི་གླུ་བླངས་ངེས་སོ་སོར་རྟོགས་པ་མ ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྒྱུར་གྱུར་པས་རྡོ་རྗེ་ལས་ནི་བྱེད་པར་འགྱུར་ཞེས་སྒྲུབ་པ་པོས་བོད་པ་ཡིན་ཏེ། ལུས་ཀྱིས་དངོས་གྲུབ་གསོལ་བ་འདེབས་ཤིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་དང་། ལས་ཀྱི་རིགས་ནི་རྡོ་རྗེ་ཞེས་པ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོན་ཡོད་པར་གྲུབ་པའི་རང་བཞིན་ཅན་གྱི་སེམས་ལས་དེ་དག་བྱེད་ཅིང་རྫོགས ་པོར་གྱུར་པས་མཛོད་ཅིག་ཅེས་སློབ་དཔོན་གྱིས་བོད་པའི་ཚིག་ཏུ་སྨྲས་པ་དང་། བཅོམ་ལྡན་འདས་ལ་གསོལ་བ་འདེབས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་དེ་ལྟར་ཛུགས་ནས་ཐོག་མཐའ་མེད་པ་ཞེས་བྱ་བ་ནས་བརྩམས ་ཏེ་མཆོད་ཅིང་ཕྱག་བྱས་ལ་སླར་བྱུང་ཞེས་བྱ་བའི་བར་གྱི་ཆོ་ག་རྣམས་སྤྱད་པའི་རྗེས་ཐོགས་ཉིད་ལ་སྒོ་དབྱེ་བ་དང་བསྡུ་བ་བྱས་ནས། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ། དེ་ནས་ལུག་པར་བྱ་བ་མ ་ཡིན་ནོ།། གང་གིས་དེ་དགུག་པར་བྱེད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱ་བ་སྨོས་པ་སྟེ། དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་དྲན་པ་དང་ཤེས་རབ་དང་ཡང་དག་པར་ལྡན་པའི་གཉིས་ས་མེད་པའི་ཡེ་ཤེས ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས་སྟེ་དེས་སྟོན་པར་བྱེད་པའི་རིགས་ལས་ཉེ་བར་གདུགས་པས་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་གཟུངས ་ཀྱི་སྟེ། ངེས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་དགུག་པར་བྱའོ།། ཕྱག་རྒྱ་གང་ཞིག་ཅེ་ན། བདེ་བ་ཆེན་པོའི་རྡོ་རྗེའི་ལྕགས་ཀྱུས་སོ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལྔ་མཛུབ་མོ་གཡས་པ་ལྕགས་ཀྱུར་བྱས་ལ་འདི་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུ་མ་ཡིན་ནོ།། དེ་ནས་ཞེས་བྱ་བྱ་ལ་སོགས་པ་ནི་གོ་སླའོ།། དེ་ནས་ཆོ་ག་རྒྱས་པ་ནི་དེ་བཞིན ་ནོ།། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བགེགས་བསོལ་བ་ལ་སོགས་པའི་ཆོ་ག་གསུངས་པ་དེ་བཞིན་དུ་འདི་བྱས་ཏེ། འདིས་ནི་སློབ་དཔོན་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི ་ཆོ་ག་གསུངས་པ་ཡིན་ནོ།། ཡང་འདྲིའི་ཆོ་གའི་དོན་གསལ་བར་བྱ་བའི་ཕྱིར་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་རིམ་པས་སྔོན་དུ་བསྙེན་པའི་ཆོ་གས་རྗེ་སུ་སྦྱང་ལ། ས་སྦྱང་བ ་དང་། ཡོངསུ་གཟུང་བ་བྱས་ལ་དཀྱིལ་འཁོར་བྲི་བར་བྱའོ།། དེ་ལོ་རེ་ཞིག་དང་པོ་བགེགས་གཞོམ་པ་ལ་སོགས་པ་བྱས་ལ། དེ་ནས་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སོགསོ་བ་སྔོན་དུ་འགྲོ་བས ་སྡོམ་པ་གཟུང་བར་བྱའོ།། དེ་ནས་རིམ་པ་འདིས་རྣལ་འབྱོར་ཆེན་པོ་བྱ་བ་དེ་ལ་དང་པོར་རེ་ཞིག་བཛྲ་ཨཉྫ་ལི་ཞེས་བྱ་བ་རྡོ་རྗེ་ཐལ་མོ་བཅིངས་ལ་བཛྲ་བནྡྷ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་བྱས་ནས་བཛྲ་བནྡྷ་ཏྲཊ་ཅེས་བྱ་བས་རྡོ་རྗེ ་ཐལ་མོ་སྙིང་གར་དགྲོལ་བར་བྱའོ།། བཛྲ་ཨཱ་བེ་ཤ་ཞེས་བྱ་བས་རྡོ་རྗེ་ཐལ་མོ་སྙིང་གར་དགྲོལ་བར་བྱའོ།། བཛྲ་ཨཱ་བེ་ཤ་ཨེ་ཞེས་བྱ་བྱས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨ་ཞེས་བྱ་བས་བདག་ཉིད་ལ ་དབབ་པར་བྱའོ།། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་ཕྱག་རྒྱ་བཀྲོལ་བཛྲ་མུ་ཥྚི་ཞེས་བྱ་བས་ཟློས་ཤིང་ངམ་ཚིག་རྡོ་རྗེ་ཁུ་ཚུར་བཅིངས་ལ། བཛྲ་སནྟི་པཱཾ་ཞེས་བྱ་བས་ལན་གསུམ་བཟླ་བར་བྱའོ།། དེ་ནས་ཡི་གེ ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་ངག་གི་དམ་ཚིག་གི་ཕྱག་ཕྱག་རྒྱས་སྭ་མ་ཡསྟྭཾ་ཞེས་བརྗོད་ལ་བཅིངས་ནས། དྲི་རྣམས་ཀྱིས་རང་རང་གྲི་སྙིང་པོ་ལན་གསུཾ ་བརྗོད་ནས། ཨོཾ་བཛྲ་མུཿཞེས་བརྗོད་དེ་རང་གི་སྙིང་གར་ཕྱག་རྒྱ་བཀྲོལ་བའི་རྣམ་པར་སྨང་མཛད་ནས་རྡོ་རྗེ་འབེབས་པའི་བར་དུ་རང་གི་སྙིང་གར་གནས་བྱའི་སེམས་མ་རྡོ་རྗེ་ཡིད་ཀྱིས་གཞུག་པར་བྱའོ།། དེ་ནས་དེ་བཞིན་དུ ་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་བར་བྱའོ།། དེ་ནོས་མངོན་པར་བྱང་ཆུབ་པ་ལྔའི་རིམ་པས་དེ་བཞིན་དུ་རྣམ་པར་སྣང་མཛད་དུ་བསམས་ལ། རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱོག་རྒྱ་བཅིངས་ལ་འདི ་སྐད་ཅེས་བརྗོད་པར་བྱའོ།། ས་མ་ཡསྟྭཾ་ཧཾ། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་དེ་ཉིད་ཀྱིས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་ཅིང་སྭ་མ་ཡསྟྭཾ། སྱཱདྡྷ་ཨ་དྷི་ཏིཥྛ་སྭམྦྷ། དྭེ་ནས ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལྔ་གཡོན་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་བསྙེམས་པ་བྱས་ཏེ་བཞག་ལ། གཡོས་པས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ལ་གསོར་ཞིང་རང ་གི་སྙིང་གྲར་བསྟོད་པའི་ཚུལ་གྱིས་བཞག་ལ། ཨོཾ་དྷི་ཞེས་བྱ་བའི་གཟུངས་བརྗོད་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམ་པར་སྣང་མཛད་དུ་རིང་ཉིད་འགྱུར་རོ།། འདི་ནི་བདག་ལ་བྱིན་གྱིས་བརླབ་པར་ཡང་འགྱུར་བ་ཡིན་ནོ།། དེ་ནས ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟོང་དུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ན་མཁའ་དང་མཉམ་པའི་སྦྱོར་བས་ཞུགས་ལ་བསྐྱེད་པར་བྱའོ།། དེ་ནས་བདག་ཉིད་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས ་ཞུགས་ལ་རང་གི་མེ་ཏོག་གི་ཕྲེང་བ་གཏོར་ཏེ། བླངས་ནས་ཇི་ལྟ་བ་བཞིན་དུ་བཅིངས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་དུ་རྗེསུ་སྦྱང་ལ་དཀྱིལ་འཁོར་དེ་རང་གི་སྙིང་གའི་ཟླ་བར་གནས་པ་དང་གཅིག་ཏུ་གྱུར་པར་བསམས ་ལ་རྗེས་སུ་སྦྱོར་བ་བྱས་ལ། རྡོ་རྗེ་དབྱིངས་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་བྱའོ།། དང་པོའི་རྡོ་རྗེ་བཅིངས་ལ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་རང་གི་སྙིང་གའི་ཟླ་བའི་རྡོ་རྗེ་རྩེ་ལྔ་པ་བསམ་པར་བྱའོ།། བཛྲ་རཏྣ་ཨ ་དྷི་ཏིཥྛ་སྱ་མཱཾ་ཞེས་བྱ་བས་དཔྲལ་བའི་གནས་སུ་རཱིན་བློ་ཆེའོ།། བཛྲ་དྷརྨ་ཨ་དྷི་ཏཱིཥྛ་སྭ་མཱཾ་ཞེས་བྱ་བས་ལྐོག་མའི་ཕྱོགས་སུ་རྡོ་རྗེ་པདྨ། བཛྲ་ཀརྨ་ཨུ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བར་སྤྱི་བོར་རྡོ་རྗེ་སྣ་ཚོགས་བསམ་པར་བྱའོ།། དེ་ནས་རྡོ་རྗེ་རཱིན ་པོ་ཆེའི་བོང་ཅན་གྱིས་དབང་བསྒྱུར་ལ་ཡཱི་གེ་གཉིས་ཀྱིས་ཆོ་གས་བདག་ཉིད་གོ་བིགོས་ལ་མཐོར་མཉམ་པའི་ཐལ་མོས་མཉེས་པར་བྱའོ།། དེ་ནས་ཡི་གེ་བརྒྱ་པས་བརྟན་པོར་བྱས་ནས་དེ་བཞིན་གཤེགས་པའི་རྡོ་རྗེ་དང་བདག་པོ་དང་མིང ་གི་དབང་བསྐུར་བླངས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ།། དེ་ནས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོ་ང་ལ། རྣམ་པར་སྒེག་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད ་ལ་ཕྱག་བྱས་ནས་དེ་ཁོ་ན་ཉིད་ཀྱིས། དེ་བཞིན་གཤེགས་པའི་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཨོཾ་དྷི་ཞེས་བྱ་བ་ལན་གསུམ་བརྗོད་པར་བྱའོ།། དེ་ལྟར་རྣལ་འབྱོར་ཆེན ་པོ་བསྐྱེད་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་ས་ལ་བཞག་སྟེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བརྗོད་ཅིང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་ན་མཁའི་གཏོགས་ཐམས་ཅད་དང་མཉམ་པར་བསྐྱེད་པར་བྱའོ།། དེ་ནས་ལྷ ་རྔམས་ཅད་ཀྱི་གནས་སུ་ཧྲི་ལས་སྣ་ཚོགས་པདྨའི་གདན་རྣམས་བསམས་ལ་དེ་ནས་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གི་འདུག་སྟེ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ།། དེང་དུ་བདག་ཚེས་འབྲས་བུ་ཡོད་།། བདག་གི་གསོན་པ་འབྲས ་བུ་བཅས།། ལྷ་དང་དམ་ཚིག་གིས་མཉམ་པར།། གྱུར་པར་བདག་ནི་ཐེ་ཚོམ་མེད།། བྱང་ཆུབ་སེམས་དང་སེམས་གཅིག་ལྔ།། མི་ལྡོག་པར་ནི་བདག་གྱུར་པ།། དེ་བཞིན་གཤེགས་པའི་རིགས་སུ་ནི།། དེང་བདག་སྐྱེ་བར ་ཐེ་ཚོམ་མེད།། དེང་བདག་ཉི་མ་དམ་པ་སྟེ།། བདག་གི་མཆོད་སྦྱིན་བླ་ན་མེད།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས།། དེང་འདུས་པ་ཡི་མཆོག་ཡིན་ནོ།། ཞེས་བརྗོད་ལ་དེ་ནས་ལུས་ཐམས་ཅད་ཀྱི་ཕྱག་བྱས་ལ། དང་པོའི་སྦྱོར་བ་དང་། དཀྱིལ ་འཁོར་གྱི་རྒྱལ་པོའི་མཆོག་དང་། ལས་ཀྱི་རྒྱལ་པོའི་མཆོག་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འངས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཨོཾ་ཧྲི་ཞེས་བཟླ་བར་བྱའོ།། དེ་ནས་བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་གསོལ་བ་བཏབ་པར་གྱུར་པར་བསམས་ལ། བཅོམ་ལྡན་ཁྱོད་ལ་གསོལ་པ་ནི།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། སྙིང་པོ་ཡི་ནི་བརྟག་པ་ཉིད།། བདེ་ཆེན་མྱུར་དུ་གྲུབ་པར་མཛོད།། དེ་ནས་ལངས་ཏེ་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱིས་ནམ་མཁའ་གྲང་བར་བསྡམས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་བ་འདི་སྐད་བརྗོད་དོ།། བདག་ཉིད་རང་ཉིད་རྡོ་རྗེ་ཅན།། རྡོ་རྗེ་སེམས་དཔའ་བདག་རང་ཉིད།། བདག་ནི་སངས་རྒྱས་རྒྱལ་པོ་ཆེ།། སྟོབས ་ཆེན་རྡོ་རྗེ་ཅན་བདག་ཉིད་།། བདག་ཉིད་རྣལ་འབྱོར་དབང་ཕྱུག་རྒྱལ།། ཕྱག་ན་རྡོ་རྗེ་བཏོན་བདག་ཡིན།། བདག་པོ་རྡོ་རྗེ་ཆེན་པོ་བདག་བྱིན་གྱིས་བརླབ་པ་མོ་འདོར་རོ།། ཨོཾ་ཧྲི་ཞེས་པ་བ་བརྗོད་པར་བྱའོ།། དངོས་གྲུབ་ཆོ་ག་ཐམས་ཅད་ལ། ་རྡོ་རྗེ་དྲིལ་བུ་རབ་བསྐུལ་བས།། ཆོ་གུ་ལྷག་མྱ་མ་ཚང་བ།། འགྲུབ་འགྱུར་དམད་པར་མི་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། དེ་ནས་བཅོམ་ལྡན་འདས་རྣམ་བཱཪྵ་སྣང་མཛད་ཀྱིས་དམ་ཚིག་གི་ཕྱག་རྒྱ་དང་ཨོཾ ་ཧྲི་བཛྲེ་ཏིཥྛ་མུཎྜ་ལཱ་ཨུད་ཐ་པ་ཡ་ཞེས་བརྗོད་ལ་དཀྱིལ་འཁོར་བཏེག་ལ་ན་མཁར་བཞོག་སྟེ། དེ་ཉིད་ཀྱིས་བདག་ལ་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་དྲྀཥྚི་མཊ་ཅེས་བྱ་བ་མིག་གཉིས་སུ་བཀོད་ལ། ཕྱག ་རྒྱ་ལ་གནས་དེ་བཞིན་ལངས།། ཀུན་ཏུ་རྣམ་པར་བལྟས་ནས་ནི།། སྙིང་པོ་ཡང་དག་ཟློས་བྱེད་ཅིང་།། བསྒྱིངས་པའི་ཚུལ་གྱིས་ཡོངསུ་བསྐོར།། ཨོཾ་དྷི་ལས་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་བསམས་ལ་རྐང་མཐིལ་ནས་བརྩམ ་ཏེ་ནམ་ཁྱུའི་ཁམས་མ་ལུས་པའི་གཏོས་དང་མཉམ་པའི་སྐུའི་ཆ་རྡོ་རྗེར་གྱུར་པར་བསམ་པར་བྱའོ།། རྡོ་རྗེ་ལྟ་བས་ཀྱང་གཡོན་ནས་སྐོར་བ་དང་། གཡས་ནས་འོག་བཅིང་བ་དང་ན་མཁའ་བཅིང་བ་དང་། ཕྱོགས་དང་མཚམས་དང ་དཀྱིལ་འཁོར་བཅིང་པ་བྱས་ན་སྭ་ར་བ་དང་དྲ་བ་བྱའོ།། དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒྲོ་ཕྱེ་ལ་གསང་དེའི་དཀྱིལ་འཁོར་རྡོ་རྗེ་རྒྱུའི་ངོ་བོ་ཞལ་བཞི་པ་ཕྱག་བཞི་པ་ཕྱག་རྒྱ་འདི་དང་ལྡན་པས་དགུག་པར་བྱའོ།། ཨོཾ་བཛྲ་མཎྜ་ལ་ཧཱུཾ་ཛ ་ཞེས་བྱ་བ་དང་། རྡོ་རྗེ་ཁྲོ་ཚུར་གྱི་མཛུབ་མོ་དངོ་མཐེ་བོང་རྡོ་རྗེར་བྱོས་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ཞེས་བྱ་སྟེ་དཀྱིལ་འཁོར་ཐམས་ཅད་འགུགསོ་པར་བྱེད་པོའོ།། ཨོཾ་བཛྲ་ཙཀྲེ་ཨ་དྷི་ཏིཥྛ་སིདྡྷི་ཧཱུ~ཾ་ཞེས་བྱ་བའི་རིག་པ་ཕྱག་རྒྱ ་དང་ལྡན་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ།། འདིའི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གཉིས་མགལ་མེའི་འཁོར་ལྷོ་བསྐོར་བའི་ཚུལ་དུ་བྱའོ།། དེ་ནས་སེང་ལྡེང་ལ་སོགས་པའི་ཕུར་བུ་ཞེས་བྱ ་བ་ནས་བསང་ཆུའི་བུམ་པ་བཞག་པའི་བར་སྔ་མ་བཞིན་དུ་ཐིག་གདབ་པར་བྱའོ་ཞེས་བྱ་བའི་བར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་རྣམས་སུ་སྤྱད་ལ། ཚོན་དམར་པོ་དང་ལྗང་གུ་དང་སྔོན་པོ་དང་སེར་བ ་དྲང་། དཀར་པོས་ཇི་སྐད་བཤད་པའི་ཚུལ་གྱིས་ཕྱི་རོལ་གྱི་ར་བ་ནས་བརྩམས་ཏེ་ར་བ་ཛི་ལྟ་བ་བཞིན་དུ་ཡང་དག་པར་བྲིས་ལྔ་སྣ་ཚོགས་པདྨའི་གདན་ལ་སོགས་པ་ཡང་དག་པར་བྲི་བར་བྱའོ།། དཀྱིལ་འཁོར་འདི་ཐམས་ཅད་རྡོ་རྗེ ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བས། དཀྱིལ་འཁོར་དབུས་མའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཟླ་བའི་མདོག་ཅན་ཕྱག་གཡོན་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་འགྱིང་བག་གིས ་བསྣམས་པ། ཕྱག་གཡས་པ་ལ་དེ་བཞིན་གཤེགས་པའི་རྡོ་རྗེ་རང་གི་ཐུགས་ཀླར་བསྟོད་པའི་ཚུལ་གྱིས་བསྣམས་པ་འཛུམ་པ་དང་བཅས་པ། འོད་ཟེར་དམར་པོ་ཀུན་ཏུ་འཁྲུག་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན ་པོ་ཆེའི་ཅོད་པོན་དང་། དར་དབྱངས་ཀྱི་དབང་བསྐུར་བ་སྣ་ཚོགས་པདྨ་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་སྐུ་དྲང་པོར་བཞག་སྟེ། བཞུགས་པ་ཨོཾ་ས་མ་ཡསྟྭཾ་ཞེས་བརྗོད་ཅིང་བྲི་བར་བྱའོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད ་ཀྱི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་མཚོན་ཚྭ་མ། ཕྱག་གཡོན་ན་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་མེ་ཏོག་གི་གཞུ་བསྣམས་པ། ཕྱག་གཡས་པས་རྡོ་རྗེ་མངའ་གསོར་བ་ལ་བརྩོན་པའོ།། བཅོམ་ལྡན་འདས་ཀྱི་གལ ་ལོགས་སུ་རྡོ་རྗེ་ཀཱི་ལཱི་ཀཱི་ལ་གནས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལི་ཁཾ་སྐེ་ལོ་ཕྱག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་བཅིངས་པས་དེ་བཞིན་གཤེགས་པའི་རྡོ་རྗེ་རང་གི་ཐུགས་ཀའི་གནས་སུ་འཁྱུད་པའི་ཚུལ་གྱིས་བཞུགས་པའོ།། ་བཅོམ་ལྡན་འདས་ཀྱི་རྒྱུབ་ལོགས་སུ་རྡོ་རྗེ་དྲན་པའི་གནས་སུ་རྡོ་རྗེ་དྲན་མ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་ཆུ་སྲིནྡ་གྱི་རྒྱལ་མཚན་བསྣམས་ཤིང་གཡོན་པས་གདན་ལ་བསྙེམས་པ་དང་བཅས་པས་བཞུགས་པའོ།། བཅོམ ་ལྡན་འདས་ཀྱི་གཡོན་ལོགས་སུ་རྡོ་རྗེ་སྙིང་པོའི་གནས་སུ་རྡོ་རྗེ་སྙིང་པོ་མ། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་བསྣམས་ཤིང་བསྙེམས་ཚུལ་གཉིས་ཀྱིས་བཞུགས་པ་ལ་བརྩོན་པའོ།། ནང་གི ་དཀྱིལ་འཁོར་དེ་ཉིད་ཀྱི་མེའི་མཚམས་སུ་རྡོ་རྗེ་མུ་ཕྱེད་མ། བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་སྤྲིན་མ། རླུང་གི་མཚམས་སུ་རྡོ་རྗེ་སྟོན་མ། དབང་ལྡན་གྱི་མཚམསུ་རྡོ་རྗེ་དགུན་མཱ་སྟེ། གོ་རིམ་བཞིན་དུ་མེ་ཏོག་དང་། བདུག་སྤོས ་དང་། མར་མེ་དང་། དྲི་སྤྱི་བོར་ཐལ་མོ་སྦྱར་བའི་ཚུལ་གྱིས་བསྣམས་པར་རོ།། ཕྱིའི་དཀྱིལ་འཁོར་གྱི་ལྷོའི་སྣམ་བུར་མེའི་མཚམས་སུ་སྒེག་མོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་དེ་བཞིན་གཤེགས་པའི་ཧཱུ~ཾ། ་རྗེ་བསྣམས་ནས་རྡོ་རྗེ་བསྙེམས་མའི་ཚུལ་གྱིས་བསམ་པ་གཡོས་པ་དང་རབ་ཏུ་འདུད་པའོ།། བདེན་བྲལ་གྱི་མཚམས་སུ་བཞད་མ་སོའི་ཕྲེང་བ་གཉིས་དང་ལྡན་པ། དེ་བཞིན་གཤེགས་པའི་རྡོ་རྗེ་བསྣམས ་ནས་རྣམ་པར་སྣང་མཛད་ལ་སོགས་པ་རང་གི་འཛུམ་པས་རྨད་དུ་བྱུང་བ་ལ་འཇོག་པ། ཕྱག་གཡོན་པ་གདན་ལ་གཉིས་པའི་ཚུལ་གྱིས་བཞུགས་པར་རོ།། རླུང་གི་མཚམས་སུ་གླུ་ཆེན་པོ་རྡོ་རྗེ་པི་ཝང་ལེན་པར་བརྩོན ་བར་རོ།། དབང་ལྡན་གྱི་མཚམས་སུ་གར་མ་རྡོ་རྗེ་རྩེ་གསུམ་པས་མཚན་མ་ཕྱག་གཉིས་ན་བསྣམས་ནས་གར་མཛད་པར་བཞུགས་པའོ།། ཕྱི་དང་ནང་དུ་བཱཅས་པའི་ཤར་སྒོ་གཉིས་སུ་རྡོ་རྗེ་ལྕགས་ཀྱུ་མ་རྡོ་རྗེ་ལྕགས ་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་འགུགས་པར་མཛད་པའོ།། ལྷོ་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་ཞགས་པ་མ་རྡོ་རྗེ་ཞགས་པས་དེ་བཞིན་གཤོག་པ་ཐ~ཾད་དཀྱིལ་འཁོར་དུ་འཇུག་པར་མཛད་པའོ།། ནུབ་ཕྱོགས་ཀྱི་སྒོ་གཉིས ་སུ་རྡོ་རྗེ་ལྕགས་སྒྲོག་མ་རྡོ་རྗེ་ལྕགས་སྒྲོག་གིས་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་མཛད་པའོ།། བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་འབབས་མ་རྡོ་རྗེ་དྲིལ་བུས་དེ་བཞིན་གཤེགས་པ་ཐམས་ཅད་དབང ་དུ་མཛད་ཅིང་ཡང་དག་པར་ཞུགས་པར་བྲི་བར་བྱའོ།། དེ་ནས་འདི་རྣམས་ཀྱི་སྙིང་པོ་གོ་རིམ་ཇི་ལྟ་བ་བཞིན་དུ་བཤད་པར་བྱའོ།། ཨོཾ་བཛྲ་དྷིཥྛ་སཱ་མ་ཀེ་མཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཧཱུཾ། ཧཱུཾ་བཛྲ་སྨ་ར་བཛྲི་ཎི་བནྡྷ། ཧཱུཾ་ཏུ་ཥྱ་ཏ ་བཛྲི་ཎི་ནཱི་ཧཱུཾ། ཧཱུཾ་མ་དྷུ་བཛྲི་ཎི་ཧཱུཾ། ཧཱུཾ་བཛྲ་མེ་གྷེ་ཧཱུཾ་ཤ་རང་བཛྲི། ཧཱུཾ་བཛྲ་ཤི་ཤི་ནི། ཧཾ་བཛྲ་ལཱ་སྱེ་ཧཱ་སྱེ་བཛྲ་ཎི། ཨོཾ་བཛྲ་གཱི་ཏེ། ཨོཾ་བཛྲ་ནིར་ཏྱ་བཛྲ། ཛ་བཛྲ། བཛྲ་ཨཾ་ཀུ་ཤེ་ཧཱུཾ་བཛྲ་པཱ་ཤེ། བ་བཛྲ་སྥོ་ཊ། ཨ་བཛྲ་གྷཎྚེ། འདི་དག་ཐམས་ཅད ་ལ་སྣ་ཚོགས་པདྨའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སངས་རྒྱས་ལྔའི་ཅོད་པན་ཅན་སྐུ་མདོག་དཀར་པོ་རྣམ་པར་སྣང་མཛད་ལ་མངོན་པར་ཕྱོགས་པའོ།། དེ་ནས་དཀྱིལ་འཁོར་གྱི་སྒོ་ཇི་ལྟ་བ་བཞིན་དུ་ཕྱེ་ལ། མཆོད ་ཡོན་ཕུལ་ཏེ་བུམ་པ་ལ་སོགས་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་པ་འཁོར་དང་བཅས་པ་ལ་མཆོད་པར་བྱའོ།། དྲིལ་བུ་རྩེར་བཏགོས་རྒྱལ་མཚན་རྣམས།། མཚམས་ཀྱི་མདུན་དུ་གཟུགས་པར་བྱའོ།། ཕྱི ་ཡི་མཚམས་ཀྱི་གནས་རྣམས་སུ།། བུམ་པ་བཅུག་ནས་རྣམ་རྒྱན་དྲང་།། རྣམ་པར་སྣང་མཛད་སྤྱན་སྔར་ནི།། དྲི་ཡི་ཆུས་བཀང་བུམ་པོ་བཞག། ཁེངས་ཤིང་ནོར་བབས་རྡོ་རྗེར་བཅས།། ལྕུག་མ་ལས་ཀྱང་བཟླས་བརྗོད་བྱ།། འདི་སྐད ་སྟོན་པར་འགྱུར་ཏེ་བུམ་པ་ལས་ནག་པཽ་རཱ་རི་མྱེད་པ་ལྟོ་ཕྱེ་བ་དང་། སྐེ་རིང་བ་མཆུ་འཕྱང་བ། རིན་པོ་ཆེ་ལྔ་སྩོགས་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པ་རྫས་ཐམས་ཅད་དང་ལྡན་པའི་བུམ་པ། དེ་བཞིན་གཤེགས་པའི ་ཁུ་ཚུར་གྱིས་ཡོངས་སུ་བཟུང་སྟེ། རྡོ་རྗེ་མེ་ཏོག་གི་ལྕུག་མ་ལས་རྣམ་པར་སྣང་མཛོད་ལ་སོགས་པའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ནས་ཕྱི་རོལ་ཏུ་ལྷ་རྣམས་ལ་རེ་རེ་དབུལ་བར་བྱའོ།། དང་པོར་ནི་བཅོམ་ལྡན་འདས་རྣམ་པར ་སྣང་མཛད་ཀྱི་བུམ་པ་ཤར་སྒོར་བལྟས་པར་ཕྱི་རོལ་ཏུ་བཞག་པར་བྱའོ།། གཉིས་པ་ནི་ནང་གི་དཀྱིལ་འཁོར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་ཡང་སྔགས་འདི་ཉི་ཤུ་རྩ་གཅིག་བཟླས་ལ ་བཞག་པར་བྱའོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་ས་མ་ཡ་ཤེ་ཀ་ཛཿཧཱུཾ་བཾ་ཧོ། དེ་ལྟར་བུམ་པ་ཕུལ་ནས་བུམ་པ་གང་བ་ལ་ཡང་རྣམ་པར་སྣང་མཛད་ལ་སོགས་པའི་སྙིང་པོ་བཟླས་ལ་ལྷ་རྣམས་ལ་རེ་རེ་དབུལ་བར་བྱ། དེ་ནས་ན་བཟའ་ལ ་སོགས་པ་སྡོ་མ་བཞིན་དུ་ཕུལ་ལ། མཆོད་པ་རྣམ་པ་ལྔ་ཀར་ཡང་སྔ་མའི་རྗེས་སུ་འབྲངས་ནས་དབུལ་བར་བྱ་བ་དང་། རོལ་མོ་བཅུ་པོ་སྟོང་ངམ། རོལ་མོ་བཅུ་ཇི་ལྟ་བ་བཞིན་དུ་དབུལ་བར་བྱ་སྟེ། གཞན་དག་ཀྱང་དེ་བཞིན་དུ་ཤེས ་པར་བྱའོ།། དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ནས་རས་ཤིན་ཏུ་དམར་པོ་ལ་སྔ་མ་བཞིན་དུ་བཟླས་ཏེ། སྨད་གཡོགས་དང་སྟོང་གཡོགས་དང་གདོང་གཡོགས་བྱས་ལ་སྡོམ་པ་ཇི་ལྟ་བ་བཞིན་དུ་བླངས་ཏེ། ཨོཾ་སརྦ་ཡོ་ག་ཙི་ཏཱཾ། ་ཨུཏྤཱ་དཱ་ཡ་མི་ཞེས་བྱ་བ་བྱང་ཆུབ་ཆེན་པོར་སེམས་བསྐྱེད་ལ། གཡས་པའི་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་རང་གི་རྡོ་རྗེ་བླངས་ཏེ། རང་གི་སྙིང་གར་བཞག་ནས། ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་བསྐྱེད་ལ། འང ་སྐད་ཅེས་བརྗོད་པརརོ་བྱའོ།། སུ་ར་ཏ་ས་མ་ཡསྟྭཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། དེ་ནས་ཕྱི་རོལ་གྱི་སྒོར་མངོན་དུ་བལྟས་ནས་བཞག་པའི་བུམ་པའི་བདག་ཉིད་དབང་བསྐུར་ལ་ཇི་སྐད་དུ་བཤང་བའི་ཕྱག་འཚལ་བའི་ཕྱག་རྒྱས ་བཛྲ་བཛྲ་རྡོ་རྗེ་སེམས་དཔའ་བསྡུས་པ་ན། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་ཆོས་ཀྱི་གླུ་བླངས་པ།། རྡོ་རྗེ་ལས་ནི་བྱེད་པར་འགྱུར་ཞེས་བྱ་བ་དང་། རྡོ་རྗེ་གླུ་ལེན་ཅིང་དང་པོར་ཤར་སྒྲོ་ནས། དཀྱིལ་འཁོར་དུ་ཞུགས་ལ་བྷྲཱུཾ་བཛྲ་ཨ~ཾ་ཀུ ་ལན་གསུམ་བརྗོད་ལ། རྡོ་རྗེ་ལྕགས་ཀྱུ་མས་བདག་ཉིད་བཀུག་པར་གྱུར་པར་བསམ་པར་བྱའོ།། ཡང་ལྷོ་ཕྱོགས་ཀྱི་སྒོ་ནས་དེ་བཞིན་དུ་ཞུགས་ལ། ཧཱུཾ་བཛྲ་བཱ་ཤེ་ཞེས་བརྗོད་ཅིང་རྡོ་རྗེ་ཞགས་པ་མས་བདག་ཉིད་བཅུག་པར་བསམ ་པར་བྱའོ།། དེ་ནས་ནུབ་ཕྱོགས་ནས་དེ་བཞིན་དུ་ཞུགས་ལ་བཾ་སྥོ་ཊེ་ཞེས་ཟློས་ཤིང་རྡོ་རྗེ་ལྕགས་སྒྲོག་མས་བདག་ཉིད་བཅིངས་བཞིན་པར་བསམ་པར་བྱའོ།། དེ་ནས་དེ་བཞིན་དུ་བྱང་སྒོ་ནས་ཞུགསལ་ཨ་བཛྲ་གྷཎྜེ་ཞེས་བརྗོད་ཅིང ་རྡོ་རྗེ་འབེབས་པས་བདོག་ཉིད་དབྱུང་དུ་བྱས་པར་བསམ་པར་བྱའོ།། དེ་ནས་དེ་བཞིན་དུ་ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་བྱེང་། ཏེ།། ཁྱོད་ནི་ཀུན་ཏུ་བཟང་པོ་སྟེ། ་རྡོ་རྗེ་བསྙེམས་མའི་བདག་པོ་གཙོ།། རྡོ་རྗེ་སེམས་དཔའི་ཏིང་འཛིན་གྱིས།། རྡོ་རྗེ་དེ་བཞིན་རྡོ་རྗེ་འཛིནོ།། རྡོ་རྗེ་ཀུན་མཆོག་རྣམ་བསྒྲུབས་པ།། རྡོ་རྗེ་སེམས་དཔའ་བདག་གྲུབ་མཛད།། དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན ་པོ་ལས་བཤད་པའི་ཆོ་ག་སྔ་མ་བཞིན་དུ་རྗེས་སུ་སྦྱང་ལ། མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་གསང་བའི་མཆོད་པ་བཞི་དང་། གླུ་དང་རོལ་མོའི་མཆོད་པས་བཅོམ་ལྡན་འདས་ལ ་ཡང་དག་པར་མཆོད་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་ཤར་སྒོར་བལྟས་པར་བྲིས་ལ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་པདྨ་དང་དྭེར་ཇི་ལྟ་བ་བཞིན་དུ་འདུབ་སྟེ། དྷི་དང་མེ་ཏོག་ལ ་སོགས་པས་བདག་ཉིད་ཡང་དག་པར་མཆོད་ལ། མཆོད་ཡོན་བླངས་ནས་རྣམ་པར་རྒྱལ་བའི་བུམ་པ་ལས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་བླངས་ལ། ཨོཾ་དྷི་ཨོཾ་བཛྲེ་ཨ་བྷི་ཥིཉྩ་ཞེས་བརྗོད་ལ། དེས་བདག་ཉིད་དབང་བསྐུར ་བྱ་ཞིང་ཆུ་དེ་བཏུང་བར་བྱའོ།། དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བདག་ཉིད་དབང་བསྐུར་བའི་རྡོ་རྗེ་རིན་ཆེན་གྱིས་བྱིན་གྱིས་བརླབས་པའི་རིན་པོ་ཆེའི་ཅོད་པན་གྱིས་ཀྱང་དབང་བསྐུར་བར་བྱའོ།། དེ་ནས་འདིས་དེ་བཞིན་གཤེགས ་པོའི་རྡོ་རྗེ་དྲང་རྡོ་རྗེ་དྲིལ་བུ་བླང་བར་བྱའོ།། ཧཱུཾ་སརྦ་དྷརྨཱ་མཧཱ་བཛྲ་དྷ་ར་ཨེ་ཥ་ཏཱཾ་ཨ་བྷི་ཥིཉྩ་མི་གྲྀཧྞ། ཀྱེ་མ་ཆེ་གེ་མོ་གསཽད་ཨཱ། དེ་ལྟར་རྡོ་རྗེ་དབང་བསྐུར་བ་བླངས་ནས། བདག་པོའི་དབང་པོསྐུར་བ་སྔ་མ་བཞིན་དུ་བླང་བྱར་བྱའོ།། དེ ་ནས་མིང་གི་དབང་བསྐུར་བ་བླངས་ནོས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ།། དེ་ནས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ། ཨོཾ་ཧྲི་ཞེས ་བྱ་བ་བཟླ་བར་བྱའོ།། དེ་ནས་མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་པོ་དང་། གཟེངས་བསྟོད་པ་དང་། ལུང ་བསྟན་པ་དང་། སྔགས་དང་ཕྱག་རྒྱ་བཞིའི་མན་ངགྲ་བཅོམ་ལྡན་འདས་ལ་ཕྱག་བྱ་བ་དང་། བཅོམ་ལྡན་འདས་ལ་མནོས་ཏེ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། རང་གི་མིང་ནས་བརྗོད་དེ། བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཚོན་པོ་བཅིངས་ལྷ། ཨོཾ་ཧྲི་ཞེས་ཟློས་ཤིང་བཅོམ་ལྡན་འདས་རྣམ་པར་སྟེང་མཛད་དཀྱིལ་འཁོར་དབུས་མོའི་རང་གི་གནས་སུ་དེ་བཞིན་གཤེགས་པའི་རྡོ་རྗེ་བསམ་པར་བྱའོ།། དེ་ནས་ཨེ་དྷི་བཛྲོ་ཧཱ ་ཞེས་ཟློས་ཤིང་། དེ་བཞིན་གཤེགས་པའི་རྡོ་རྗེར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་ཨོཾ་ཧཱི་བཻ་རོ་ཙ་ནེ་ཧཱུཾ། ཞེས་བྱ་བས་རྡོ་རྗེ་རྣམ་པར་སྣང་མཛད་དུ་བསྒོམ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་པོ་བཅིང ་ལ། ཨ་བཛྲ་གྷཎྜེ་ཨ་ཞེས་བརྗོད་ལ། རྡོ་རྗེ་འབེབས་པའི་གནས་སུ་རྡོ་རྗེ་འབེབས་པའི་རང་བཞིན་རྡོ་རྗེ་དྲིལ་བུའི་ངོ་བོར་བསམ་པར་བྱའོ།། དེ་ནས་དྲིལ་བུ་ཨ་གྷཎྜ་ཞེས་བྱ་བ་དང་། བཛྲ་གྷཎྜོ་ཧཾ་ཞེས་བྱ་བས་རྡོ་རྗེ་དྲིལ་བུའི་ང་རྒྱལ ་བསྒོམ་པར་བྱའོ།། ཨོཾ་བཛྲ་གྷཎྚེ་བཛྲ་གྷཱཎྜོ་ཞེས་ཟློས་ཤིང་དྲིལ་བུ་དེ་རྡོ་རྗེ་དྲིལ་བུའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ།། དེ་ལྟར་དཀྱིལ་འཁོར་རབ་ཏུ་བསྒྲུབས་ནསྲྀ་བསྡུ་བ་བྱས་ནས་མཿན་བརྒྱ་རྩ་བརྒྱད་པས་བསྟོད་ལ། ་འདི་སྐད་དུ་བཤད་པའི་བདེ་བ་ཆེན་པོའི་རྡོ་རྗེ་ལྕགས་ཀྱུ་མ་ཐམས་ཅད་མཉམ་པ་ཉིད་ཀྱི་ཡེ་ཤེས་འཛིན་མ་ཟློས་ཤིང་། བཅོམ་ལྡན་འདས་རྣམ་པར་སྣང་མ་ཛད་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་ཞུགས་ནས། རྡོ་རྗེ ་གནོད་སྦྱིན་གྱིས་བགེགས་བསྐྲད་པ་བྱས་ལ། མཚམས་དང་དཀྱིལ་འཁོར་དང་།། ནམཁའ་བཅིང་བ་དང་། ཕྱོགས་བཅིང་བ་དང་། རབ་དང་དྲུ་བ་པུང་བྱས་ལ་རྡོ་རྗེ་ལུ་ཚུར་གྱིས་དཀྱིལ་འཁོར་གྱི་སྒོ་རྣམས ་བཅང་ངོ་།། རྡོ་རྗེ་སྲུང་བྱས་དཀྱིལ་འཁོར་ཐམས་ཅད་ཀྱི་བསྤོང་བ་ཡང་དག་པར་བསྲུངས་ལ་ཨོཾ་དྷི་ཞེས་ཟློས་ཤིང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས། བཅོམ་ལྡན་འདས་འཁོར་དང་བཅས་བྱ་ངས ་ཚིག་གི་ཕྱག་རྒྱས་མངོན་པར་བསྒྲུབ་པའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ཏེ། ཡང་མཆོད་ཡོན་ཕུལ་ཏེ་མཆོད་པ་ལྔས་མཆོད་ཅིང་རྡོ་རྗེ་མཚོན ་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བཞི་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམྦྷ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ལྷ་ཐམས ་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདོག་ཉིད་ཅན་བསྒོམ་ཞིང་། ཨོཾ་བཛྲ་ཨཏྨ་ཀོ་ཧཾ་ཞེས་བཟླའོ།། དེ་ནས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་བསྒོམས། ཨོཾ་སྭ་བྷཱ་བི་ཤུདྡྷོ་ཧེ་ཞེས་བཟླས་ཤིང་དེ་ནས་ས་མོ་ཧ~ཾ་ཞེས ་བཟླས་ཤིང་ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་ཀྱིས་ལྷ་ཐམས་ཅད་དང་བདག་ཉིད་མཉམ་པར་བསྒོམ་མོ།། དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་འཁོར་དང་བཅས་པ ་ཡང་དག་པར་མཆོད་ལ། ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་དོ།། ཁྱེད་སྔོན་ཁྱིམ་ལ་དགའ་བ་ཡི།། སྲིད་པའི་བདེ་བ་དག་བྱའི་ཕྱིར།། འདོད་པ་ཀུན ་གྱི་དངོས་གྲུབ་ཅེས།། འགྲོ་བ་ཀུན་ཀྱང་གྲུབ་པར་མཛད།། དེ་ལྟར་བཀའ་ནོས་ནས་སློབ་མ་གཞུག་པར་བྱའོ།། སློབ་དཔོན་ལས་ཀྱི་ཆོ་ག་རྫོགས་སོ།། ། དེ་ནས་བསླབ་པའི་གཞི་ལྔ་ཡོངས་སུ་གཟུང ་བ་འམ། དགེ་སྦྱོང་ངམ། དགེ་སློང་གི་བསླབ་པ་ཡོངས་སུ་གཟུང་བས་སྔར་བཤད་པའི་ཆོ་གས་རིག་པའི་སྡོམ་པ་སློབ་མས་གཟུང་བར་བྱའོ།། ང་ནས་སློབ་དཔོན་གྱིས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་དཱ་ཡཱ་མི་ཞེས་བྱ་བས་བྱང ་ཆུབ་ཀྱི་སེམས་བསྐྱེད་དུ་གཞུག་གོ།། དེ་ནས་དེའི་སྙིང་གར་སྔ་མ་བཞིན་དུ་རྡོ་རྗེ་བསྐྱེད་ལ། དེ་ནས་རྣམ་པར་སྣང་མཛད་དུ་བྱིན་གྱིས་བརླབས་ལོ།། སྤོས་དང་མེ་ཏོག་ལ་སོགས་པས་མངོན་པར་མཆོད་དེ། ཡིན་གྱི་མཆོག་བླངས་ནས ་ཕྱི་རོལ་ནས་ཤར་ཕྱོགས་ཀྱིས་སྒོར་བལྟས་ཏེ་གནས་པའི་ཆུས་དབང་བསྐུར་ལ། བདག་ཉིད་འཇུག་པའི་ཚུལ་གྱིས་བཅུག་ལྔ། དེའི་རྣ་བར་འདི་སྐད་ཅེས་བརྗོད་དོ།། ཆགས་བྲལ་གྱིས་འདུལ་འཇིག་རྟེན་རྣམས།། ཆགས་བྲལ ་གྱིས་ནི་འདུལ་བར་འགྱུར།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་སེམས་དཔའི་བཟླས་པ་ཡིན།། འདོད་ཆགས་བྲལ་འདྲའི་སྡུག་བསྔལ་ནི།། གཞན་དག་ངོ་བོ་ཉིད་ཀྱིས་མེད།། དེ་བས་ཀུན་ལ་ཆགས་བྲལ་བར།། ཁྱོད་ནི་ནམ ་ཡང་མ་བྱེད་ཅིག། དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། ངས་ཁྱེད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད ་དུ་འགྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྤྲོ་བར་མ་བྱེད་ཅིག། ཁྱེད་དམ་ཚིག་ཉམས་པར་གྱུར་ཏཱ་རེ། དེ ་ནས་སློབ་དཔོན་རང་ཉིད་ཀྱིས། སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེ་ནོ་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམ་ཚིག་ཡིན་གྱིས། ་ག་ལཱ་ཏཾ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནུའི་སྙིང་པོ་འདི་ལན་གཅིག་བཟླས་ནས། སློབ་མ་དེ་འཐུང་དུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་ལ་དམ ་ཚིག་གི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི།། སྙིང་ལ་ཡང་དགྲ་ཞུགས་པར་མཛད།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐུག་ཏུ་དྲལ་ནས་གཤེགས།། བཛྲོ་ད་ཀ་ཋཿཞེས་བྱའོ།། དེ་ནས་སློབ་མ་དེ་ལ་འདི ་སྐད་ཅེས་བརྗོད་པར་བྱའོ།། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིགོ། མི་བདེ་བ་མ་སྤངས་པས ་ཁྱོད་དུས་བྱས་ནས་དམྱལ་བར་འགྱུར་ཏ་རེ། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨོས་ཤིག། ་དེ་ནས་རྡོ་རྗེ་སློབ་དཔོན་གྱོས་མྱུར་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞག་སྟེ། འདི་སྐད་ཅེས་བརྗོད་དུ་གཞུག་གོ།། འདི་ནི་རྡོ་རྗེ་དམ་ཚིག་སྟེ།། རྡོ་རྗེ་སེམས་དཔའ་ཡིན་པར་གྲགས།། རྡོ་རྗེ་ཡེ་ཤེས་བླ་མེད་ནི།། དི་རྙིང ་ཉིད་དུ་འབབ་པར་ཤོག། བཛྲ་ཨཱ་བེ་ཤ་ཨ་ཞེས་ལན་བརྒྱའི་བར་དུ་བཟླས་པར་བྱའོ།། ཡང་གཡོན་པའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་མའི་དྲལ་བར་བྱ་ཞིང་། ཨོཾ་ཧྲཱིཿ་ཨ་ཨ་ཨ་ཞེས་ཡི་གེ་ཨ་བཞི་དང་བཅས་པའི ་གཟུངས་ལན་བརྒྱར་བཟླ་བར་བྱ་ཞིང་། བཅོམ་ལྡན་འདས་རྣམ་པར་སྣང་མཛོད་སྐུ་མདོག་དམར་པོས་ཡོངས་སུ་གང་བར་བྱའོ།། དེ་ནས་བབས་ནས་ལྷའི་ཡེ་ཤེས་ཀྱང་སྐྱེ་བར་འགྱུར་རོ།། དེ་ནས་མེ་ཏོག་དོར་ལ་ཕྲེང་བའི ་དབང་བསྐུར་བ་དང་།། གདང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བསྟན་པ་དང་། འཇུག་པའི་ཕྱག་རྒྱ་དགྲོལ་བ་དག་སློབ་དཔོན་གྱི་ཆོ་གས་བྱེད་དུ་གཞུག་གོ།། དེ་ནས་སློབ་དཔོན་གྱི་དབང་བསྐུར་བའི་ཆོ་གས་དབང ་བསྐུར་བ་བྱིན་ལ་དེར་བླུང་དེ་འདི་སྐད་ཅེས་བརྗོད་དོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་འགྱུར།། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག། ་གལ་ཏེ་དཀྱིལ་འཁོར་མ་མཐོང་སྦྲས།། ངང་པ་མེད་པས་བགང་བ་འམ།། སྐྱེ་བློ་འདུས་ནང་གནས་སྨྲ་བ།། དེ་ནས་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་བ་དང་། རྡོ་རྗེ་རིན་པོ་ཆེའི་ཅོད་པན་དང་། དར་དབྱངས ་ཀྱི་དཔུང་བསྐུར་བ་བྱིན་ལ། རྡོ་རྗེ་དྲང་བདག་པོ་དང་མིང་གིས་དབང་བསྐུར་བ་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་སྦྱིན་པར་བྱའོ།། དེ་ནས་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བྱི་ནི་ལ། ཆོས་ཀྱི་རྡོ་རྗེ་དྲིལྟ་བུ་དཀྲོལ་དུ་གཞུག་ཅིང་།། ་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་པར་བྱ་བའི་ཕྱིར་མན་དྲག་བརླབ་པར་བྱའོ།། དེ་ནས་མེ་ཏོག་ལ་སོགས་པ་དང་། རྡོ་རྗེ་མཚོན་ཆ་མཱ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་དེ་ལེགས་པར་མཆོད ་ལ། ཨོཾ་དྷི་ཞེས་བྱ་བའི་སྔགས་བྱིན་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཞི་བཅིང་བ་བསླབ་པར་བྱའོ།། ཆོ་ག་ལྷག་མ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པ་ལས་ཤེས་པར་བྱའོ།། སློབ་མ་གཞུག ་པ་ལ་སོགས་པའི་ཆོ་ག་རྫོགས་སོ།། ། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྣུན་པར་བྱ་བའི་ཕྱིར་སྒྲུབ་པར་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། འདི་བསྒྲུབས་པས་ན་སྒྲུབ་པ་སྟེ་སྒྲུབ་པའི་ཐབས་སོ།། འདིར་དེ་ཇི་ལྟ་བུ་ཞེ་ན་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངསོ་ཏེ། ཇི་ལྟར་དཔལ་རྡོ་རྗེ་སེམས་ངོཔའི་སྐྱོབ་པ་གསུངས་པས་དེ་བཞིན ་དུ་དཔལ་རྣམ་པར་སྣང་མཛད་ཀྱི་སྒྲུབ་པ་ལ་ཡང་དེ་ལྟར་བྱ་བར་ཤེས་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། ཡིད་ལས་འདོད་པའི་དངོས་གྲུབ་རྣམས་ཞེས་པར་ནི། ཇི་ལྟར་རྡོ་རྗེ་སེམས་དཔའ་བསྒྲུབས་བྱས་ཡིད་ལ་མངོན་པར་བསྒྲུབ ་བའི་འབྲས་བུའི་ཚུལ་གྲུབ་པར་འདོད་པ་དེ་བཞིན་དུ་རྣམ་པར་སྣང་མཛད་བསྒྲུབས་པར་འགྱུར་རོ་ཞེས་སྟོན་ཏོ།། དོན་ཡོད་པ་དང་ཐོགས་པ་མེད་པར་མྱུར་དུ་དམ་པ་གྲུབ་པ་ཡང་ཡིན་ཏེ། ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་སེམས་དཔའ ་བསྒྲུབས་པས་དོན་ཡོད་ཅིང་འབྲས་བུ་དང་བཅས་པ་གཞོམ་པར་མི་ནུས་པས། ཐོགས་པ་མེད་པ་ཡིན་པ་དང་། མྱུར་བ་སྟེ་ཚེ་འདི་ཉིད་ལས་སངས་རྒྱས་ཉིད་དམ་རྡོ་རྗེ་འཛིན་པ་ཉིད་ཀྱི་མཚོན་ཉིད་ཀྱི་དངོས་གྲུབ་དུ་འགྱུར་བ ་ཡིན་པ་དེ་བཞིན་དུ་རྣམ་པར་སྣང་མཛད་བསྒྲུབས་པས་ཀྱང་འབྱུང་བར་འགྱུར་རོ་ཞེས་སྟོན་ཏོ།། འདི་སྐད་སྟོན་ཏེ་བཛྲ་ཨཉྫ་ལི་ཞེས་བྱ་བས་རྡོ་རྗེ་ཐལ་མོ་བཅིངས་པར་བྱའོ།། དེ་ནས་བཛྲ་བནྡྷ་ཞེས་བྱ་བས་རྡོ་རྗེ་བསྡམས་པ་བཅིངས ་ལ། བཛྲ་བནྡྷ་ཏྲཊ་ཅེས་བྱ་བས་རྡོ་རྗེ་བསྡམས་པས་སྙིང་གར་ལན་གསུམ་དྲལ་བར་བྱའོ།། དེ་ནས་བཛྲ་ཨཱ་བཱ་ཤ་ཞེས་བྱ་བས་རྡོ་རྗེ་འབྱོབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཨ་ཞེས་པས་བདག་ཉིད་ལྟ་དབབ་པར་བྱའོ།། ཏིཥྛ ་བཛྲ་ཞེས་བྱ་བས་དབབོ་པའི་ཕྱག་རྒྱས་རང་གི་སྙིང་གར་དཀྲོལ་ལ། བཛྲ་མུཥྚི་ཞེས་ཟློས་ཤིང་ངམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཨོཾ་བཛྲ་སནྣི་བཾ་ཞེས་བརྗོད་པར་བྱའོ།། དེ་ནས་ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ་ཧཱུཾ་ཉིད་ཟློས ་ཤིང་བཅིང་བ་ཐམས་ཅད་རང་དབང་དུ་བྱའོ།། དེ་ནས་སྔ་མ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། དེ་ནས་སྔར་བཤུད་པའི་ཚུལ་གྱིས་གསང་བའི་ལྕགས་ཀྱུ་མ་བཅིངས་ལ། ་ཡེ་ཤེས་སེམས་དཔའི་རང་བཞིན་ཅན་རྣམ་པར་སྣང་མཛད་ལུས་ལ་བཅུག་ལ། བཅོམ་ལྡན་འདས་ཀྱིས་ངམ་ཚིགོ་གི་ཕྱག་རྒྱ་བཅིངས་ལ་སོ་མ་ཡསྟྭཾ་ཞེས་བརྗོད་དེ། འོད་ཀྱི་དཀྱིལ་འཁོར་འོད་ཟེར་འབར་བ་ཀུན་ཏུ་འཁྲུག ་པ་བསྐྱེད་ནས་ས་མ་ཡ་སྟྭཾ་ཨ་ཏཾ་ཨོཾ་ཧྲི་ཞེས་ལན་གསུམ་བཟླས་ཏེ། རང་གི་ལུས་ཀྱི་ནང་དུ་ཆུད་པའི་བཅོམ་ལྡན་འདས་དང་བདག་ཉིད་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པར་བསམ་པར་བྱའོ།། དེ་ནས་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་བཀོད ་ཅིང་། ལས་ཀྱི་ཕྱག་རྒྱ་ཆེན་པོ་ཡང་བཅིངས་ལ། དེ་བཞིན་དུ་ཡིད་ཀྱི་ལེགས་ཞེས་བྱ་བའི་སྦྱོར་བས་སངས་རྒྱས་ཐམས་ཅད་ལུས་ལ་བཅུག་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ།། དེ་ནས་དེ་རྣམས་ཚེས་དང་ལྔས ་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། སྔ་མ་བཞིན་དུ་བཛྲ་སཏྭ་བཛྲི་རཏྣ། བཛྲ་དྷརྨ། བཛྲ་ཀརྨ་བཛྲ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། རྡོ་རྗེ་རིན་ཆེན་གྱིས་ཕྱག་རྒྱས་དབང་བསྐུར་ཏེ། ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱིས་ཆོ་ག་རྣམས་རྗེས་སུ་སྦྱང་ལ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དོག་པར་མཏོད་ནས། རྣམ་པར་སྒེག་པའི་དགོའ་བྱེད་རྡོ་རྗེའི་བཅོམ་ལྡན ་འདྲ་ས་ལ་ཕྱག་བྱས་ཕྱག་བཞི་ཡང་བྱ་སྟེ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གིས་ནི་ཕྱག་རྒྱ་ཆེ།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླ་ཞེས་བྱ་བ་རང་གི་སྙིང་གར་གནས་པའི་དེ་བཞིན་གབྱེ ་པའི་རྡོ་རྗེ་ལ། ཨོཾ་དྷི་ཞེས་བྱ་བ་ཡིད་ཀྱི་བྲིས་ལ། རྡོ་རྗེ་དམ་ཚིག་གིས་ཟློས་ཤིང་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒོམ་པར་བྱའོ།། དེ་ལྟར་བྱིན་གྱིས་བརླབ་པ་ལ་སོགས་པ་ལན་གཅིག་བྱོས་ན་ཇི་སྲིད་ཟླ་བ་གཅིག་ལ་ཟླ་བ་དྲུག་ག་མ ་ལོ་གཅིག་གིས་བདག་ཉིད་རྣམ་པར་སྣང་མཛད་དུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་ཟླ་བ་ཉེ་བ་ལ་མཚན་ཐོག་ཐག་བསྒོམ་པར་བྱའོ།། དེ་ནས་ཉི་མ་འཆར་བའི་དུས་སུ་དེ་བཞིན་གཤེ་གས ་བར་འགྱུར་རོ།། གལ་ཏེ་རས་ལ་བསྒྲུབ་པར་འདོད་ན་སྔར་བཤད་པའི་ཚུལ་གྱིས་མཚན་མ་ཐོབ་པར་གྱུར་པ་དང་། རསྭ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འབྲིར་གཞུག་པར་བྱ་སྟེ། དེར་ཕྱོགས་དང་མཚམས་རྣམས་སུ་དེ ་བཞིན་གཤེགས་པའི་དཀྱིལ་འཁོར་ལས་བཤད་པའི་དེ་བཞིན་གཤེགས་པ་བརྒྱད་བྲིས་ལ། དེའི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་རས་རིས་ལྔ་བཅོམ་ལྡན་འདས་སྤྱན་དྲངས་ལ་མཆོད་པ་ཐམས ་ཅད་ཀྱི་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་མདུན་དུ་འདུག་ལ་སྙིང་གར་གནས་པའི་དེ་བཞིན་གཤེགས་པའི་དབུས་སུ་ཨོཾ་དྷི་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ། བཅོམ་ལྡན་འོངས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས ་ལ་བཟླས་བརྗོད་འབུམ་ཇི་ལྟ་བ་བཞིན་དུ་བྱའོ།། དེ་ནས་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱའོ།། མཚན་ཕྱེད་ན་བདུད་ཀྱི་དཔུང་མཐོང་བར་འགྱུར་ལ། དེ་བཞིན་དུ་བདུད་ཐམས་ཅད་བཅོམ ་ལྡན་འདས་པས་གཞོམ་པར་བྱའོ།། དེ་ནས་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒོམ་པར་བྱས་ལ་ནང་པར་དེ་བཞིན་གཤེགས་པ་ཉིད་དམ། བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་ཐོབ་པར་འགྱུར། གལ་ཏེ་རྡོ་རྗེ་འཛིན་པ ་ཆེན་པོ་ཉིད་ཐོབ་པར་འདོད་ན་དེ་བཞིན་དུ་མཚན་མ་ཐོབ་པས་རྡོ་རྗེ་སེམས་དཔའི་སྐུ་གཟུགས་སྔོར་བཤད་པའི་མཚན་ཉིད་ཅན་བྱེང་དུ་གཞུག་གོ།། དེ་ནས་དེའི་མདུན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ་སྐུ་གཟུགས ་ལ་རྡོ་རྗེ་སེམས་དཔའ་གསང་བའི་ལྕགས་ཀྱུ་མས་སྤྱན་དྲངས་ལ། དེ་བཞིན་གཤེགས་པའི་དམ་ཚིག་གིས་ཕྱག་རྒྱས་བསྒྲུབ་པར་བྱའོ།། དེ་ནས་ཨོཾ་དྷཱི་ཞེས་བརྗོད་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་ཕྱག་རྒྱ་རྡོ་རྗེ་སེམས ་དཔའི་ལྗགས་ལྔ་བསམས་ནས། རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་ཡང་ཉེ་བར་བསྟན་པར་བྱའོ།། དེ་ནས་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་ལ་མཆོད་པ་རྣམ་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་ལ ་སོགས་པ་དེ་བཞིན་གཤེགས་པའི་མཆོད་པའི་ཕྱག་རྒྱ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས། རྣམ་པར་སྒྲོག་པའི་དགའ་བའི་རྡོ་རྗེ་དང་ཕྱག་བཞིས་ཕྱག་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས ་ལྔ། ཨོཾ་དྷཱི་ཞེས་བྱ་བ་ཟློས་ཤིང་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམས་ན་ཟླ་བ་དྲུག་ན་རྡོ་རྗེ་འཛིན་པར་འགྱུར་རོ།། གལ་ཏེ་དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་དེ་བཞིན་གཤེགས་པ་འགུགས་ན་དེ་བཞིན་དུ་མཚན་མ་ཐོབ་པས། ་དེའི་མདུན་དུ་འདུག་ལ་གསང་བའི་ལྕགས་ཀྱུ་མ་བཅིངས་ཏེ། ཨོཾ་དྷི་ཞེས་བྱ་བས་ཉིན་རེ་ཞིང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་གྲུབ་པར་བྱའོ།། དེ་ནས་ཟླ་བ་ཕྱེད་ཀྱིས་ཐམས་ཅད་སྩོལ་བར་འགྱུར་རོ།། དེ་ནས་དེ ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོས་བདག་ཉིད་དེ་བཞིན་གཤེགས་པ་བསྒྲུབ་པར་འདོད་ན་དེ་བཞིན་དུ་མཚན་མ་ཐོབ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཟླ་བ་ཕྱེད་ཙམོ་བསྒོམས་ན་མཐར་མཚན་ཐོག་ཐག་བསྒོམས་ན་དེའི ་འོག་ཏུ་དེ་བཞིན་གཤེགས་པར་འགྱུར་རོ།། དེ་ནས་མ་བསྒྲུབས་པའི་ཞེས་བྱ་བ་ལ་སོགས་པ་ལ་བཤད་མ་ཐག་པའི་བསྒྲུབ་པས་མ་བསྒྲུབས་པའི་སྙིང་པོ་ནི་མཱ་བསྒྲུབས་པ་སྟེ། མུ་བསྒྲུབས་པའི་སྙིང་པོ་ལན་ཅིག ་བཟླས་པས་ཐམས་ཅད་བསྲུང་བ་ལ་སོགས་པའི་ལས་རྣམས་བྱེད་པར་འགྱུར་རོ།། ཐམས་ཅད་བསྲུང་བ་ལ་སོགས་པ་རྡོ་རྗེ་གཙུག་ཏོར་གྱིས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ་རྡོ་རྗེ་བསྡམས་པ་ལག་མཐིལ་ཕྱེ་བ་བཅིངས་ལ། མཐེ་བོ་གཉིས་དཔའ་བོའི་སྐྱིལ་མོ་ཀྲུང་དུ་བྱ་ས་མཛུབ་མོ་གཉིས་གཤེབས་ཏེ་རྩེ་མོ་བྱས་ནས། ཨོཾ་དྷྲྀ་ཞེས་བྱ་བ་ཟློས་ཤིང་སྤྱི་གཙུག་ཏུ་བཞག་ལ་བསྒྲུབ་བོར་བྱ་བ་དང་། ་ལྷན་ཅིག་ཏུ་གྱུར་པར་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དབུའི་གཙུག་ཏོར་དང་ལྡན་པའི་དེ་བཞིན་གཤེགས་པའི་བསྐུར་བསམ་པར་བྱའོ།། དེ ་ལྟ་བུས་ནི་ཐམས་ཅད་བསྲུང་བར་འགྱུར་རོ།། སེམས་ཅན་ཐམས་ཅད་དབང་དུ་བྱ་བྷོ་ལི་ནི་རྡོ་རྗེ་མཛོད་སྤུས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྦྱོར་བ་བྱས་ལ། བཤུང་མ་ཐགས་པའི་ཕྱག་རྒྱས་བཟློག་ནས ་མཛོད་སྥུ་རུ་མཛུབ་མོའི་རྩེ་མོ་གཉིས་བཞག་ལ། མཛོད་སྤུའི་ཕྱོགས་ནས་རིག་པའི་རྒྱལ་པོ་རྡོ་རྗེ་མཛོད་སྤུ་སྤྲོས་ལ་ངོས་བསྒྲུབ་པར་བྱ་བ་ཞལ་གྱིས་བཞེས་ཏེ་ཟིལ་གྱིས་མཽནན་ཏེ་རང་གི་རྐང་མཐིལ་དུ་བབས་ཅིང་རང་དབང་དུ ་བྱ་བཪྵ་བསམ་པར་བྱས་ཏེ། དེ་ལྟ་བུས་དབང་དུ་བྱས་པ་འགྱུར་རོ།། ཆོས་ཉིད་ཐམས་ཅད་ཐོབ་པ་ལཱ་ནི་རྡོ་རྗེ་ཆོས་ཀྱིས་སོ།། ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། ཐམས་ཅང་བསྲུང་བའི་ཕྱག་རྒྱ ་དེ་ཉིད་སྙིང་གར་བཞུག་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམ་ཞིང་རྡོ་རྗེ་ཆོས་ཀྱི་སྐུར་ཡང་དག་ཉིད་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཆོས་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ནི་རྡོ་རྗེ་མཆོད་པས་སོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ་བཤད་མ་ཐག་པའི་ཕྱག་རྒྱ་གར་གྱི་ཁུ་ཚུར་གྱིས་བསྐོར་ལ་འཁུ་བ་སྤྱི་གཙུག་ཏུ་གཟུགས། ་པར་བྱ་ཞིང་། རྡོ་རྗེ་མཚོན་ཆ་མྲ་ལ་སོགས་པ་མཆོད་པ་རྣམས་ཀྱི་བདག་ཉིད་མཆོད་པར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་མཆོད་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། གདུག་པ་ཐམས་ཅད་འདུལ་བ་ལ་ནཱི་རྡོ་རྗེ་ཁྲོ་བོས ་སྱོ་ཞེས་བྱ་བ་ནི། དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་སྟེ། རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསམས་ལ་མཛུབ་མོ་གཉིས་ཀྱིས་སྡིགས་མཛུབ་བྱ་ཞིང་རང་གི་སྙིང་གར ་རྡོ་རྗེའི་རིགས་རྣམས་སྤྲོས་ལ་དེས་གདུག་པ་ཐམས་ཅད་གདུལ་བར་བྱའོ།། བྱང་ཆུབ་ཀྱི་སྤྱོད་པ་མ་ལུས་པར་རྫོགས་པར་བྱ་བ་ནི་རྡོ་རྗེ་སྤྱོད་པའི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣལ་འབྱོར ་བྱས་ལ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱི་སྦྱིན་པ་གཏོང་བ་ལྟར་བྱ་ཞིང་། ཐམས་ཅད་སྒྲོལ་ལ་སོགས་པའི་ཚུལ་གྱིས་དབྱི་བོ་མཐའ་ཡས་པ་དང་། ནུ་མཁའི་མཛོད་ཀྱི་ཏིང་ངེ་འཛིན་གྱིས་ན་མཁའི་ཁམས་ཐང ་གང་བའི་སྦྱིན་པ་གཏོང་བར་བྱེད་པར་བདག་ཉིད་བས་མོ་པར་བྱའོ།། བདུད་ཐམས་ཅད་གཞོམ་པཱ་ལ་ནི་བདུད་ཐམས་ཅད་འཇོམས་པོར་བྱེད་པས་སོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་བྱས་ལ། གཡོན་པའི ་དེ་བཞིན་གཤེགས་པའི་ཁུ་ཚུར་སྙིང་གར་བཞག་ལ་གཡས་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་སོར་མོ་ཐམས་ཅད་བརྐྱང་བས་ས་ལ་རེག་པར་བྱ་ཞིང་། དེ་བཞིན་གཤེགས་པའི་མི་བསྐྱོད་པའི་སྐུར་བདག ་ཉིད་བསམས་ལ་རང་གི་ལུས་ལ་བྱུང་བའི་རྡོ་རྗེ་འཛིན་པ་ལ་སོགས་པས་བདུད་བཅོམ་པར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བདུད་ཐམས་ཅད་བཅོམ་པར་འགྱུར་རོ།། འདི་རང་གི་སྙིང་པོས་ཀྱང་རྡོ ་རྗེ་སེམས་དཔའ་ལྷག་པར་མོས་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་བྱ་བ་ལྔ་ནི་རྡོ་རྗེ་ཡེ་ཤེས་ཀྱིས་ཁུ་ཚུར་གྱིས་སོ་ཞེས་བྱ་བ་ནི། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྣམ་པར ་སྣང་ཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཇི་སྲིད་བདག་ཉིད་དེའི་གཟུགས་སུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཏེ། དེ་ལས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཉིད་ཀྱི་ཆོ་ག་རྒྱས་པ་སྟེ། དེ་སྟོན་པར་བྱེད་པའི་རྟོག་པའི་རྒྱུན་ནོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ ་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་རྟོག་པ་བཤཱང་པོ་རྫོགས་སོ།། དེ་ལྟར་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དེ་བཞིན་གཤེགས ་པའི་རིག་པ་བསྟན་ནས། ང་ནི་ཁྲིབས་ཁྲོ་བ་སྤང་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིགས་ཀྱི་རྟོག་པ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་པོཞིན་ཏོ།། དང་པོ་སྦྱོར་བའི་རྗེས ་ཐོགས་ཉིད་ལའོ།། འདིར་དང་པོ་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་དོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ།། ཐོགས་པ་མེད་པ་ནི་མི་ཐོགས་པའོ།། དོན་ཡོད་པ་ནི་འབྲས་བུ ་ཡོད་པའོ།། བཀའ་ནི་ལུང་བསྒོ་པོའོ།། དེ་ཉིད་ཀྱི་བསྟན་པ་འདི་ལ་མངའ་བས་ན། དེ་བཞིན་གཤེགས་པ་ཐོགས་པ་མེད་ཅིང་དོན་ཡོད་པའི་བཀའ་བསྟུན་པ་ལ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད ་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོ་ནི་གཉིས་སུ་མེད་པའི་ཐུགས་རྗེ་ཆེན་པོའོ།། དེས་བསྐྱེད་པའི་རྡོ་རྗེའི་རིགས་ནི་ཐབས ་སོ།། དེ་ཉིད་ནི་བདེ་བ་ཆེན་པོར་ཁྲོ་བོའི་ཐོབ་པའི་ཐབས་ཡིན་པའི་ཕྱིར་བདེ་བ་ཆེན་པོའི་ཁྲོ་བོ་སྟེ། དེ་ལས་སྐྱེ་ཞིང་དེའི་རང་བཞིན་ཡིན་པའི་ཕྱིར་བདེ་བ་ཆེན་པོའོ།། དེ་ལ་དམིགས་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ནི་མིང་དེ་སྐད་ཅེས ་བྱ་སྟེ། དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ།། རང་གི་རྡོ་རྗེ་སེམས་དཔའ་ནི་རང་ཉིད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། རང་གི་བྱང་ཆུབ་ཀྱི་ཐུགས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་གསོལ་བ་བཏབ་བོ་ཞེས་བྱ་བ་ནི་གསོལ་བ ་བཏབ་པར་འགྱུར་རོ།། བདེ་བ་ཆེན་པོ་རབ་གྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། གདུག་པ་ཐམས་ཅད་གཞོམ་པའི་ཕྱིར། རོང་གིས་སྤྲུལ་མཛད་རྡོ་རྗེ་འཛིན་ཅེས་བྱ་བ་ནི་གདུག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན ་པས་ན་གདུག་པ་ཐམས་ཅད་དེ་དྲག་པོ་ལ་སོགས་པའོ།། དེ་རྣམས་གཞོམ་པ་ནི་སྡིག་པ་ལས་བཟློག་པའི་ཕྱིར་བཙིར་ཞིང་བར་གཅོད་པའོ།། རང་གི་རིགས་ནི་རྡོ་རྗེའི་རིགས་སོ།། སྤྲུལ་པར་མཛོད་ཅིག་པ་ནི་བསྐྱེད་པར ་མཛོད་ཅིག་པའོ།། རྡོ་རྗེ་འཛིན་ཅེས་བྱ་བ་ནི་བོད་པའོ།། དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཁྲོ་བོ་གསུང་སོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་ནི་གདུག་པ་གདུལ་བར་བྱ་བའི་ཕྱིར་ལུང་བསྒོ་བའོ།། ཨོཾ་རཀྵ་ཛྭ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔག་སོ།། དེའི་མེ་ཕྱེད་པ་ནི་ཏིང་ངེ་འཛིན ་ནི་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་རོ།། སྤྲུལ་པ་ངས་སེམས་ཅན་གྱི་དོན་མཛད་པས་མིང་དེ་སྐད་ཅེས་བྱ་བའི་རྣམ་པར་གནོན་པ་ངོ་མཛད་པའོ།། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་གསུངསོ་ཞེས་བྱ་བ་ལ་རབ་ཏུ་དགའ་བ་ནི་རྡོ་རྗེ་སེམས ་དཔའ་སྟེ། དེ་ལས་བྱུང་བའི་རྡོ་རྗེ་ཁྲོ་བོ་ནི་རབ་ཏུ་དགའ་དྭའི་རྡོ་རྗེ་ཁྲོ་བོ་སྟེ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་གདུག་པ་གདུལ་བར་བྱ་བའི་ཕྱིར་རྡོ་རྗེའི་རིགས་གང་ཞིག་སྟོན་པར་མཛོད་པ་དེ་སྟོན་པར་བྱེད་པའི་སྔགས་ལ ་ཡང་ཉེ་བར་གདགས་པས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་སྟེ། དེ་གསུངས་པ་ནི་བཀའ་སྩལ་བའོ།། འདི་ནི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྡོ་རྗེ་ལས ་བྱུང་སྟེ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ་ཞེས་བྱ་བར་སྦྱར་རོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྔགས་གསུངས་པ་ཙམ་གྱི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཕྱ ་ན་གནས་པའི་རྡོ་རྗེ་ལས་སོ།། ཀུན་ནས་དམར་པོ་འབར་བའི་སྙིང་པོ་ཞེས་བྱ་བ་ནི་ཀུན་ནས་དམར་པོ་འབར་བ་སྟེ་དེའི་སྙིང་པོ་ནི་དེའི་དབུས་ན་བཞུགས་པས་ཞེས་བྱ་བའི་ཐ་ཚིག་གོ།། སྦྱིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུ་བ་གང་ཡིན་པ་དེ་ལ ་དེ་སྐད་ཅེས་བྱ་ལ། དེ་བཞིན་དུ་སྨ་ར་གསེར་གྱི་མདོག་ཏུ་གནས་པ་དང་། སྐྱོན་དམར་བ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱའོ།། རྡོ་རྗེ་མཆེ་བ་གཉིས་གཙིགས་པ་ནི་ཤིན་ཏུ་ཁྲོ་བར་སྟོན་པར་བྱེད་པའོ།། སྒྲོས་རྣམ་པར་གནོན་པ་ནི་མ་མ ་མནན་པའོ།། དེ་ལྟར་མ་མཆུ་རྣམ་པར་གནོན་པ་ཉིད་ཀྱི་མི་བཟད་ཅིང་འཇིགས་སུ་རུང་བའི་ཞལ་གང་ལ་མུདཱ་ར་བཱ་དེ་ལ་དེ་སྐད་ཅེས་བྱའོ།། སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུས་པ་ཡང་ཡིན་ལ་སྨ་ར་སེར་ཞིང་སྤྱན་འབར་བ་ཡང་ཡིན་ཞིང ་རྗེའི་མཆེ་བ་གཙིགས་པས་མ་མཆུའི་སྒྲོས་མནན་པའི་ཞལ་མི་བཟང་པ་ཡང་མངའ་བ་གང་ཡིན་པ་དེ་ནི་སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུས་པ། སྨ་ར་སེར་ཞིང་སྤྱན་འབར་བ་ལྔ་རྡོ་རྗེ་མཚོ་བ་གཙིགས་པོས་མ་མཆུའི་སྒྲོས་མནན ་པའི་ཞལ་མངའ་བ་ཞེས་བྱ་བའོ།། ང་ལྟ་བུ་འབའ་ཞིག་དུ་མ་ཟད་ཀྱི་དབུ་སྐྲ་གྱེན་དུ་འབར་ཞིང་རབ་ཏུ་འབར་བ་གང་ལ་མངའ་བ་དེ་ནི་དབུ་སྐྲ་གྱེན་དུ་འབར་བའོ།། ངོ་ལ་མཚོན་ཆ་ཇི་ལྟ་བུ་ཞེ་ན། རྡོ་རྗེ་གཞུ་ལ་སོགས་པ་ཡོངས་སུ་འཛི ་པ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་གཞུ་ནི་རྡོ་རྗེ་སྙིད་ལས་བྱུང་བའི་ཁྲོ་བོའི་གཞུ་དང་བཅས་པ་ཡིན་པར་ཤེས་པར་བྱའོ།། དེ་ཉིད་ཐོག་མར་བྱས་ལ་གང་ཡིན་པ་དེ་ནི་རྡོ་རྗེ་གཟུལ་སོགས་པ་སྟེ། དེ་ཡོངས་སུ་འཛིན་པ ་གང་ཡིན་པ་དེ་ནི་རྡོ་རྗེ་གཞུ་ལ་སོགས་སུ་འཛིན་པའོ།། དྲི་ཡང་རྡོ་རྗེ་ཡིད་ལས་བྱུང་བའི་ཁྲོ་བོ་ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་ཁྲོ་བོའི་བར་དུའོ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ་ཞེས། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར ་གྱི་དབྱིངས་སུ་བཞུགས་པའོ།། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། རབ་ཏུ་དགའ་བ་ནི་རྡོ་རྗེ་ཁྲོ་བོ་སྟེ་ཧཱུཾ་མཛད་དུ་འབྲེལ་པའོ།། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་གནས་པའི་རྡོ ་རྗེ་ཡིད་ལས་བྱུང་བའི་ཁྲོ་བོ་རྣམས་ལ། དེའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བྱིན་གྱིས་བརླབས་སོ་ཞེས་བྱ་བར་སྦྱར་རོ་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཁམས་གསུམ་པ་ཐམས་ཅད་འདུལ ་བར་མཛད་ནས། ཀུན་ནས་ཉོན་མོངས་པ་དང་ལྡན་པའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དབང་ཕྱུག་ཆེན་པོ་ལ་སོགས་པའི་འཇིག་རྟེན་གསུམ་པོ་ཕྱིར་མི་ལྡོག་པའི་ས་ལ་བཞག་བྱས་འདུལ་བར་མཛད་དོ།། དེ་ནས་དེ་མཛད་ནས ་རྡོ་རྗེ་ངམ་ཚིག་ཆེན་པོའི་དཀྱིལ་འཁོར་ཆེན་པོ་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ལ། རྡོ་རྗེ་དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་དམ་ཚིག་ཆེན་པོ་སྟེ། རྡོ་རྗེ་རིགས་ཆེན་པོ་སྟེ། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ལ་སོགས ་བ་ནས་རྡོ་རྗེ་འབེབས་པའི་ཁྲོ་བོའི་མཐར་ཐུག་པའོ།། དེའི་དཀྱིལ་འཁོར་ནི་དེའི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་རོ།། དེ་བྱིན་གྱིས་བརླབས་པ་ནི་བརྟན་པར་མཛད་པ་སྟེ་སློབ་དཔོན་གཅིག་ནས་གཅིག་ཏུ་བརྒྱུད་པས་ཕྱི་མའི་མཐར་ཐུག ་བ་མེད་པ་ལས་འཁོར་བ་ལས་སེམས་ཅན་གདོན་པར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པའོ།། དེ་ལྟར་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་བྱིན་གྱིས་བརླབསོ་ཞེས་བྱ། ་བའི་བར་དུ་བསྟན་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། དེ་ནས་བསྡུ་བ་བྱ་སྟེ། བདག་ཉིད་དབང་བསྐུར་བ་ཇི་ལྟ་བ་བཞིན་དུ་བླངས་ནས། རྡོ་རྗེ་ལྕགས་ཀྱུས་ཁྲོ་བོ་འཁོར་དང་བཅས་པ་དགུག་པར་བྱ་ཞིང་རྡོ་རྗེ་ཞགས ་བས་ཁྲོ་བོ་བཙུག་ལ། རྡོ་རྗེ་ལྕགས་སྒྲོག་གིས་ཁྲོ་བོ་བཅིངས་ནས། རྡོ་རྗེ་འབེབས་པས་ཁྲོ་བོ་དབང་དུ་བྱའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས ་དང་ཕྱུག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྒྱུར་ནས་ཕྱག་རྒྱ་ཆེན་པོ་ལས་སྦྱར་བར་བྱའོ།། དེ་ལ་ལས་ནི་འདི་དག་ཡིན་ཏེ། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ ་བོ་ཐུགས་རྗེ་ཆེན་པོའི་ཁྲོ་བོས་སེམས་ཅན་གྱི་ཁམས་གདུག་ཅིང་གཏུམ་པ་རྣམས་བྱང་ཆུབ་ཀྱི་སེམས་ཆེན་པོ་ལ་རབ་ཏུ་འཇོག་པར་མཛོད་ཅིག་ཅེས་བརྗོད་པོར་བྱའོ།། རྡོ་རྗེ་ཡིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ་བཅོམ་ལྡན་འདས་རྡོ་རྗེ་ཡིང་ལས་བྱུང་བའི་ཁྲོ་བོ་འདོད་ཆགས་ཀྱི་མངའ་རྣང་དག་པའི་ཁྲོ་བ་དེ་ཁྲོ་བོ་འདོད་ཆགས་ཀྱི་མངའ་རྣམ་པར་དག་པའི་གནས་ལ་རབ་ཏུ་དགོད་པར་མཛོད་ཅིག་སྐྱེས་པ་དང་། ཀཱི་ལཱི་ཀཱི་ལཱའི་ཝ ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་ཀཱི་ལི་ཀཱི་ལཱའི་ཁྲོ་བོ་རེག་པ་རྣམ་པར་དགུ་པའི་ཁྲོ་བོ་རེག་པ་རྣམ་པར་དག་པའི་གནས་ལ་རབ་ཏུ་འཇོག་པར་མཛོད་ཅིག་ཅེས་བྱ་བ་དང་། རྡོ་རྗེ་དྲན་པའི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ནས། ་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོའི་དྲན་པའི་ཁྲོ་བོ་བསྡུས་པ་བཅིངས་པ་རྣམ་པར་དག་པའི་ཁྲོ་བོ་དེ་གདུག་པའི་བཅིང་བ་རྣམ་པར་དག་པའི་གནས་ལ་འཇོག་པར་མཛོད་ཅིག་ཅེས་བརྗོད་དོ།། རྡོ་རྗེ་བསྙེམས་པའི་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས ་ལ། བཅོམ་ལྡན་འདས་རྡོ་རྗེ་བསྙེམས་པའི་ཁྲོ་བོ་ཐམས་ཅད་ལ་དབང་ཕྱུག་དང་དབང་རྣམ་པར་དག་པའི་ཁྲོ་བོས་དེ་ཐམས་ཅད་ཀྱི་དབང་ཕྱུག་དང་དབང་རྣམ་པར་དག་པར་མཛོད་ཅིག་ཅེས་བརྗོད་ནས། རྡོ་རྗེ་འབེབས་པོའི་ཁོ་བོའི་ཕྱུག ་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་རྡོ་རྗེ་འབེབས་པའི་ཁྲོ་བོས་སེམས་ཅན་གྱི་ཁམས་སུ་གདུག་ཅིང་གཏུམ་པ་རྣམས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་བབས་པས་དབང་དུ་མཛོད་ཅིག་ཅེས་བརྗོད་དོ།། འདི་ནི་འདིར ་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ།། དེ་ལྟར་ཏིང་ངེ་འཛིན་གསུམ་གསུངས་ནས། ང་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་པ་དང་། བསྒོམ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི ་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པས་གསུངས་པ་ཡིན་ནོ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི་ཞེས་བྱ་བའི ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིངས་སོ།། དཀྱིལ་འཁོར་ཐམས་ཅད་ཐིག་གདབ་པར་བྱ་སྟེ། དཀྱིལ་འཁོར་གྱི་ཕྱི་དང་ནང་དུ་བཅས་པའི་ཐིག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བྱའོ།། ཞེས་བྱ་བའི ་དོན་ཏོ།། དེ་ལ་དང་པོ་ཁྲོས་པ་བཞག་ཅེས་བྱ་བ་ནི་དྲོར་ཞེས་བྱ་བའི་དཀྱིལ་འཁོར་དེའི་དབུས་སུ་དང་པོའི་རྡོ་རྗེ་སེམས་དཔའི་ཁྲོས་པས་བཞག་པར་བྱའོ།། ཅི་ཞིག་ཟློས་ཤིང་བཞག་པར་བྱ་ཞེ་ན། སུ་ར་ཏོ་བྷ་བ་ཧཱུཾ་ཞེས་བྱ་བ་གསུངསོ།། ་སྐུ་མདོག་ཅི་འདྲ་ཞེ་ན། ཨུཏྤ་ལ་སྔོན་པོའི་འདབ་མའི་མདངས་ཞེས་བྱ་བ་སྨོས་ཏེ། ཨུཏྤ་ལ་སྔོན་པོའི་འདབ་མའི་མདོག་འདྲ་བྱའོ།། འབར་ཞེས་བྱ་བའི་ནི་སྤྲིན་དང་བྲལ་བའི་ཉི་མ་ཕྱེད་ཀྱི་དུས་ལྟར་འོད་གསལ་བའོ།། རྡོ་རྗེ་བོསྙེམས་པ ་འཛིན་པ་མཆོག་ཅེས་བྱ་བ་རྡོ་རྗེ་དྲིལ་བུ་དང་བཅས་པའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་བསྙེམས་པ་སྟེ། དེ་འཛིན་པས་ན་རྡོ་རྗེ་བསྒོམས་པ་འཛིན་པའོ།། མཆོག་ནི་དམ་པ་སྟེ། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག་ཏུ ་དེ་བཞག་པར་བྱའོ།། མཚོ་བ་ཅུང་ཟད་གཙིགས་པའི་ཞལ་གྱིས་ཞེས་བྱ་བ་ནི། མཆེ་བོ་ཡང་ཡིན་ལ་ཅུང་ཟད་ཀྱང་ཡིན་པས་ན་མཆེ་བ་ཅུང་ཟད་དེ་མཆེ་བ་ཞལ་ནས་ཅུང་ཟད་བྱུང་བ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཉིད་གཙིགས་པ་ནི་བསྡམ ་ཤིང་འབུར་བའི་ཞལ་གང་ལ་མངའ་བ་དེ་ལ་དེ་སྐད་ཅེས་བྱའོ།། ཁྲོ་དང་བཅས་པ་བཞད་པའི་ཞལ་ཞེས་བྱ་བ་ནི། ཁྲོ་ཞིང་གཏུམ་པ་དང་བཅས་པས་གནས་པས་ན་ཁྲོ་བཅ་སོ།། ཁྲོ་བ་དང་བཅས་པ་ཡང་ཡིན་ལ། ་བཞད་པའི་ཞལ་ཡང་ཡིན་པས་ན་ཁྲོ་བ་དང་བཅས་པས་བཞད་པའི་ཞལ་ལོ།། ཁྲོ་བ་དང་བཅས་པས་ཞལ་མངའ་བ་དེ། རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པ་ཡང་ཡིན་ཏེ། གཡས་པའི་པད་བར་རྐང་པ་གཡོན་པའི་རྐང་པ་འཇོག ་པ་འདི་ནི་རྡོ་རྗེ་སྐྱིལ་མོ་ཀྲུང་ངོ་།། དེ་ཡང་དག་པར་ཞུགས་པས་ན། རྡོ་རྗེ་སྐྱིལ་མོ་ཀྲུང་ལེགས་བཞུགས་ཉིད་དོ།། ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། རྡོ་རྗེ་སྐྱིལ་མོ་ཀྲུང་ཉིད་ཀྱིས་ལེགས་པར་བཞུགས་པ་ཡིན་ནོ།། འོད་ཟེར ་འབར་བ་འཁྲུག་པའི་འོད་ཅེས་བྱ་བ་ནི་འོད་ཟེར་འབར་པ་ཀུན་ཏུ་འཁྲུག་པའི་འོད་གང་ལ་མངའ་བ་དེ་ནི་འོད་ཟེར་འབར་བ་འཁྲུག་པའི་འོད་དེ་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འབར་བ་ཀུན་ཏུ་འཁྲུག་པའི་འོད ་མངའ་བ་དེ་བཞག་པར་བྱའོ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། ཐམས་ཅད་དུ་ནི་ཁྲོ་བོ་བྲི་ཞེས་བྱ་བ་ནཱི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དེ་ཕྱོགས་དང་མཚེམས་རྣམས་སུ་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་ཁྲོ་བོའི་རྡོ་རྗེ ་སེམས་དཔའ་དཀྱིལ་འཁོར་ཆེན་པོའི་དབྱིབས་སུ་བྱིན་པ་ཡིན་པས་ན་བཤད་པའི་མཚན་ཉིད་ཅན་བྲིའོ།། འཇུག་པ་ནི་རབ་དགའ་རྡོ་རྗེ་ཁྲོ་བོའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་སྟེ། ་དེའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་འདྲ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་སྟེ། འདིར་ངེས་དང་པོ་སློབ་དཔོན་གྱིས་འཇུག་པ་བྱའོ།། ཞེས་བྱ་བ་ནི་དང་པོ་ཁོ་ན་སློབ་དཔོན་གྱིས་དེ་བཞིན་གཤེགས་པའི། ་དཀྱིལ་འཁོར་དུ་འཇུག་པ་ལྟར། འདིར་འཇུག་པ་བྱས་ལ་ཕྱིས་ནི་གཞན་དག་བྱའོ་ཞེས་བྱ་བའི་ཐ་ཚིགོ། སློབ་མ་རྣམས་དང་དེ་བཞིན་ནོ།། ཞེས་བྱ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོས་སྐྱོབ་དཔོན་ཇི་ལྟར་འཇུག་པ་དེ་བཞིན་དུ ་སློབ་མ་རྣམས་ཀྱང་འཇུག་པར་བྱའོ།། སློབ་དཔོན་ཞུགས་ནོས་ཁྲོས་པས་ལྕགས་ཀྱུ་ངོ་ཉིད་ཀྱིས་དགུག་པར་བྱའོ་ཞེས་བྱ་བ་ནི་རབ་ཏུ་དགའ་བིའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོས། སློབ་དཔོན་ཞུགས་ནས་རང་གི་ཆོ་ག་ཐམས་ཅད ་རྗེས་སུ་སྦྱང་ལ་དཀྱིལ་འཁོར་རྡོ་རྗེས་རབ་ཏུ་བསྒྲུབས་ནས། སྒོ་དབྱེ་བ་བྱས་ལ་འཇུག་པའི་ཕྱག་རྒྱས་མཛུབ་མོ་གཡས་པ་ལྕགས་ཀྱུར་བྱས་ལ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་དྲང་བའི་སྔགས་ཀྱི་ལྷ་ཐམས་ཅད་སྤྱན ་དྲང་བར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ནས་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་ཆོ་ག་ཇི་ལྟར་གསུངས་པ་དེ་བཞིན་དུ་འདིར་ཡང་ཤེས་པར་བྱའོ།། ་དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའོ། ་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར་བསྒྲུབས་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ།། དེ་ལ་འདི་བསྒྲུབ་པས་ན་བསྒྲུབས་པ་སྟེ། སྒྲུབ་པའི་ཐབས་ལྔ་སྒྲུབ་པ་ཞེས་བྱའོ།། ཕྱག་རྒྱ་ཆེན་པོ་ལྔ་སོགས་པའི་དངོས། ་གྲུབ་རྣམས་ནི་དངོས་གྲུབ་ཐམས་ཅད་དེ། བསྒྲུབ་པར་བཤད་བེ་ན་དེའི་འབྲས་བུ་གྲུབ་པ་རྣམས་བཤང་བར་བྱའོ།། དེ་ཡང་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའ་བོ་སྒྲུབ་པའི་ཚུལ་གྱིས་དང་པོའི་རྡོ་རྗེ་ཕྱག་རྒྱ་བཅིང་བའི་བར་གྱིས། ཕྱག ་རྒྱ་བཅིང་བ་རྗེས་སུ་སྦྱང་ལ། རང་གི་སྙིང་གར་གནས་པའི་རྡོ་རྗེ་འབར་བ་རྩེ་མོ་བཞིའི་དབུས་སུ་བཅོམ་ལྡན་འདས་ཀྱི་སྔགས་ཀྱི་ཡི་གེ་ཡིད་ཀྱིས་བྲིས་ལ། དེ་ཉིད་ལ་ཟློས་ཤིང་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་དེའི་དབྱངས ་ཀྱི་ཡི་གེ་བཅུ་དྲུག་དངོ་བཅས་པ་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཚད་མཐའ་ཡས་པར་བསམ་པར་བྱའོ།། དེའི་སྟེང་དུ་ཡང་དེ་ཉིད་དང་ཀ་ལ་སོགས་པ་གསའ་བྱེད་ཀྱི་ཡི་གེ་ཟླ་བ་ལྟ་བུ་དང་བཅུས་པ་ལས། ཟླ་བོའི ་དཀྱིལ་འཁོར་གཉིས་པ་བསམ་པར་བྱའོ།། དེ་ནས་ཟླ་བའི་དཀྱིལ་འཁོར་གཉིས་པ་དེའི་སྟེང་དུ་སྔགས་ཀྱི་ཡི་གེ་རྣམས་བསྡམས་ལ། དེ་ཟླ་བའི་དཀྱིལ་འཁོར་གཉིས་པ་དེ་དང་བཅས་པ་ལས་རྡོ་རྗེ་འབར་བྱའི་རྩེ་མོ་བཞི་པ་བསམ ་པར་བྱའོ།། དེ་ནས་རྡོ་རྗེ་འབར་བའི་དབུས་སུ་སྔགས་ཀྱི་ཡི་གེ་རྣམས་བསམས་ལ། སེམས་དཔའ་ཇི་ལྟ་བུར་ཕྱག་རྒྱ་དེ་བཞིན་ཕྱག་རྒྱ་ཇི་ལྟར་བདག་ཀྱང་ཤེས་ང་རྒྱལ་བསྒོམས་ལ། རྡོ་རྗེ་འབར་བ་ལས་རྡོ་རྗེའི་རིགས་རྣམས ་སྤྲོས་ཏེ། དེས་ཕྱོགས་བཅུར་གདུག་པ་ཐམས་ཅད་གདུལ་བར་བྱས་ནས། དེ་རྣམས་རྡོ་རྗེ་དོར་ཡིད་ཀྱིས་བཅུག་ནས་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ་རབ་ཏུ་དགའ ་བའི་རྡོ་རྗེ་ཁྲོ་བོ་ཟློས་ཤིང་བདག་ཉིད་ཀྱི་རྡོ་རྗེ་སེམས་དཔའི་གཟུགས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོར་བསམས་པར་བྱའོ།། དེ་ནསྭ་མ་ཧཱ་སཽ་མ་ཡསྟྭཾ་ཧཾ་ཞེས་བྱ་བ་ལོན་གསུམ་བཟླས་ལ། དམ་ཚིག་ཆེན་པོའི་སེམས་དཔའི་ང་རྒྱལ ་བསྐྱེད་ནས། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་བཅིངས་ལ། ས་མོ་ཡཽ་ཧཱུཾ་ཞེས་ཟློས་ཤིང་དམ་ཚིག་སེམས་དཔོའི་བདག་ཉིད་བསྒོམས་ལཾ། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སཱ་མཱཾ་ཞེས་བྱ་བ་དང་། དེ་ཉིད་ཀྱིས་སྙིང་ག་དང་དཔྲལ ་བ་དོང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པ་གཡོན་བྱའི་རྡོ་རྗེ་ཁུ་ཚུར་གྱིས་འབར་བའི་རྡོ་རྗེ་དྲིལ་བུ་བླངས་ལ། གཡས་པས་རྡོ་རྗེ་འབ་བ་རྩེ་བཞི་པ་གཟུང་སྟེ། དེ་བསྙེམས་པ ་དང་བཅས་པ་ལ་རྡོ་རྗེ་གསོར་ནསོ།། རང་གི་སྔགས་ཟློས་ཤིང་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཛིན་པའི་སྐུ་དང་གསུང་དང་། ཐུགས་རྡོ་རྗེས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོར་བདག་ཉིད་བསམ་པ་འདི་ནི། བཅོམ་ལྡན་འདས ་ཀྱི་ཕྱག་རྒྱ་ཆེན་པོའོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ཀྱི་སྔགས་ཟློས་ཤིང་། ཨ་ཞེས་བྱ་བ་བརྗོད་དེ། མདུན་དུ་སྣ་ཚོགས་པདྨའི་སྟེང་དུ། རྡོ་རྗེ་འབར་བ་རྩེ་བཞི་པ་བསམ་པར་བྱའོ།། དེའི་དབུས་སུ ་བཅོམ་ལྡན་འདས་ཀྱི་སྔགས་བསམས་ལ་དེ་ཉིད་ཟློས་ཤིང་རྡོ་རྗེ་འབར་བ་ནི། བདག་གོ་ཞེས་བསྒོམ་པར་བྱའོ།། དེ་ནས་དེ་ཉིད་ཟློས་ཤིང་རྡོ་རྗེ་འབར་བ་དེ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོར་བདག་ཉིད་བསམས་ལ། ་སུ་ར་ཏསྟྭཾ་བཛྲ་ཀྲོ་དྷི་ཧཾ་ཞེས་བཟླ་བར་བྱའོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོ་ལ་སོགས་པའི་ལུས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དགུག་པ་དང་། གཞུགས་པ་དང་། བཅིང་བ་དང་། དབང་དུ ་བྱས་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དམ་ཚིག་བཅིངས་ལ། ཧཱུཾ་རཀྵ་ཛ་ལ་མ་ལ་པྲ་ལ་ཡ་ཨགྣི་པྲ་ཏི་བཱ་ཏེ་ཛོ་མ་ཧཱ་སུ་ཁ་སུ་ར་ཏ་བཛྲ་ཀྲོ་དྷ་ཛཿཧཱུཾ་བཾ་ཧོཿཕཊ་དྲྀ་ཤྱ་བྱ་བས་བལྟ་བར་བྱའོ།། ཡེ་ཤེས་སེམས་དཔའ་དེ་མཐོང་ནས་རང་གི ་ལུས་ལ་རབ་ཏུ་དགུག་ཅིང་བཅུག་ལ་བཅིང་བ་དང་དབང་དུ་བྱས་ཏེ་བསྒྲུབ་པར་བྱའོ།། ཕྱག་རྒྱ་ཆེན་པོ་བཅིངས་ཏེ་གཡས་པའི་མཛུབ་མོ་ལྕགས་ཀྱུས་ཧཾ་སུ་ར་ཏ་བཛྲ་ཀྲྀ་དྷ་ཨ་ཡཱ་ཧི་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿསརྦ་བཛྲ་ཀུ་ལ་ནི་ཀ་པྲ་བེ་ཤུ ་ཡ་ཧཱུཾ་སརྦྦ་མུ་དྲ་བནྡྷ་ནཱ་བཾ། སརྦ་ས་མ་ཡཾ་བ་ཤི་ཀུ་རུ་ཧོ་སརྦ་ཀརྨ་ཎི་སཏྭེ་ཨཱཿསརྦ་སིདྡྷི་སིདྡྷ་བ་ཨ་ཞེས་བརྗོད་པར་བྱའོ།། དེ་ནས་རང་གི་སྙིང་གཱར་ཧཱུ~ཾ་ལས་རྡོ་རྗེ་འབར་བ་བསམས་ལ་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ ་ས་མ་ཡསྟྭཾ་ཞེས་བརྗོད་དེ། རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་བསམས་ཏེ་དེ་ནས་རང་གི་ལུས་ལ་གནས་པའི་བཅོམ་ལྡན་འདས་དང་བདག་ཉིད་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པར་བསམས་ལ་ས་མ་ཡསྟྭཾ་ཧཱུཾ། རཀྟོ་ཛ་ལ་མཱ་ལཱ་པྲ་ལ ་ཡ་ཨགྣི་པྲ་ཏཱི་པ་ཏ་ཏེ་ཙི་མནྟསུ་ཁ་སུ་ར་ཏྣ་བཛྲ་ཀྲྀ་དྷ་ཛཱཿཙུ་བོ་ཧོཿཕཊ་ཅེས་ལན་གསུམ་བཟླས་ལ་སྣ་ཚོགས་རྡོ་རྗེ་མ་ལ་བཞུགས་པ། ཨུཏྤལ་སྔོན་པོའི་མངངས་འབར་ཞིང་།། རྡོ་རྗེ་བསྙེམས་པ་འབར་བའི་མཆོག། མཆེ་བ་ཅུང་ཟད་གཙིགས། ་བའི་ཞལ།། ཁྲོ་དང་བཅས་པར་བསྐྲད་པའི་ཞལ།། རྡོ་རྗེ་སྐྱིལ་ཀྲུང་ལེགས་བཞུགས་ཉིད།། འོད་ཟེར་འབར་བ་འཁྲུག་པའི་འོད་ཅེས་བྱ་བ་བསམ་མོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ནས་དེ་བཞིན་དུ་ཡིད་ཀྱིས་ལེགསོ། ་ཞེས་བྱ་བའི་སྦྱོར་བས་ལུས་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་དེ་བཞིན་གཤེགས་པ་རྣམས་ལ་རྒྱས་བཏབ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། ་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་དང་། ཆོས་དང་ལས་ཀྱི་སྙིང་པོས་དེ་བཞིན་ཉིད་དུ་བྱིན་གྱིས་བརླབས་ལ་སངས་རྒྱས་ལྔ་དང་རྡོ་རྗེ་ཕྲེང་བའི་དབོང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ།། དེ་ནས་རྡོ་རྗེ་དང་བདག་པོ་དང་མིང་གི་དབང ་བསྐུར་བ་བླངས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་གཟུང་བར་བྱའོ།། དེ་ནས་ཁྲོ་བོའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་ཕྱོ་གསང་བའི་ཕྱུག་རྒྱུའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལྔ་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག ་རྒྱབཞིས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ། ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་བར་བྱའོ།། དེ་ནས་ཆོས་ཀྱི་དྲིལ་བུ་དཀྲོལ་ལོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་རང་གི་སྙིང ་གར་གནས་པའི་རྡོ་རྗེ་འབར་བའི་དབུས་སུ་རྡོ་རྗེ་བཟླས་པའི་དོན་དུ་སྔགས་ཡིད་ཀྱིས་བྲིས་ལ། ཉིན་རེ་ཞིང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ལན་གཅིག་བྱས་ནས་ཇི་སྲིད་ཟླ་བ་གཅིག་གམ། ཟླ་བ་དྲུག ་གམ། ལོ་གཅིག་གིས་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་ཁྲོ་བོའི་ཚིག་གིས་བཟླས་བརྗོད་བྱའོ།། དེ་ནས་ཟླ་བ་ཉ་བ་ལ་བཟླས་བརྗོད་མཚན་ཐོག་ཐགས་བཟླས་ནས། ནང་པར་རྡོ་རྗེ་ཧཱུཾ་མཛུད་དུ་གྱུར་པ་ནི་དངོས་གྲུབ་དང་པོའོ།། ་གལ་ཏེ་དེ་བཞིན་གཤེགས་པ་བསྒྲུབ་པར་འདོད་ན་ངེས་རྡོ་རྗེ་སེམས་དཔའི་རྟོག་པ་ལས་བཤད་པའི་ཆོ་གས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། དེ་བཞིན་གཤེགས་པ་བརྒྱད་ཀྱིས་བསྐོར་བ། ཕྱག་གཉིས་ཀྱིས་བྱང ་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ། རས་ལ་འདྲིར་གཞུགས་པར་བྱའོ།། དེའི་མདུན་དུ་སྔ་མ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྦྱོར་བུ་བྱིས་ལ་རས་རིས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ ་བིའི་ལྕགས་ཀྱུ་ཆེན་པོས་སྤྱན་དྲངས་ལ། རབ་ཏུ་དགའ་བོའི་རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པོ།། དེ་ནས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཆོས་ཀྱི་ཕྱག་རྒྱ་ལྕེ་ལ་རྒྱས་བཏབ་ནས་དེ་ནས་ནི་དེ་བཞིན་གཤེགས་པའི ་ལས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྔགས་ཟློས་ཤིང་རྒྱས་བཏབ་པར་བྱའོ།། དེ་ནས་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་ལ་བཅོམ་ལྡན་འདས་མཆོད་པ་ཐམས་ཅད་ཀྱིས་ཡང ་དག་པར་མཆོད་དེ། ཕྱག་བྱས་ལ་འདུག་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་བཞིན་གཤེགས་པར་བདག་ཉིད་བསམས་ལ། ཇི་སྲིད་འབུམ་ཕྱག་བརྒྱ་ཚང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་དགའ་བའི་རྡོ་རྗེ་ཁྲོ ་བོའི་སྔགས་བཟླ་བར་བྱའོ།། དེ་ནས་འབུམ་ཚང་བ་དང་མཚན་ཕྱེད་ན་བདུད་ཀྱི་དཔང་ཐམས་ཅད་འོང་བར་འགྱུར་རོ།། དེ་ནས་རྣལ་འབྱོར་པས་བདུད་ཐམས་ཅད་འཇོམས་པར་བྱེད་པས་བདུད་ཀྱི་སྟོབས་གནོམ་པར་བྱའོ།། དེ་ནས ་ནང་པར་གྱི་དུས་སུ་བྱེ་བཞིན་གཤེགས་པ་ཉིད་དམ་བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསུང་སོ།། གལ་ཏེ་དེ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཉིད་བསྒྲུབ་པར་འདོང་ན་ངེས ་རབ་ཏུ་དགའ་བྱའི་རྡོ་རྗེ་ཁྲོ་བོའི་སྒྲ་གཟུགས་བྱེད་དུ་བཅུག་ལ། དེའི་མདུན་དུ་དེ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྣལ་འབྱོར་བྱས་ལ་སྐུ་གཟུགས་ལ། བཅོམ་ལྡན་འདས་སྔར་བཤེད་པའི་སྤྱན་དྲི་ང་བའི་ཆོ་གས་སྤྱན ་དྭངས་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཆིད་ནས་ཕྱག་བྱིས་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཉིན་རེ་བཞིན་དུ་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་ལྷན་གཅིག་བྱས་ལ་སྒྲུབ་པར་བྱས ་ཤིང་བཟླས་བརྗོད་དཔག་ཏུ་མེད་པ་བྱས་ནས། ཟླ་བ་དྲུག་གིས་རྡོ་རྗེ་ཧཱུཾ་མཛད་ཉིད་ངེས་ཐོབ་པར་འགྱུར་རོ།། ཡང་ན་རབ་ཏུ་དགའ་བའི་རྡོ་རྗེ་ཆེན་པོས་བདག་ཉིད་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོས་བསྒྲུབ་པར་འོང་ང་མ། ངོ་བཞིན ་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྦྱོར་བ་བྱས་ལ། ཉིན་རེའི་སྦྱོར་བས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཇི་སྲིད་ཉིན་རེ་ཞིང་། བདག་ཉིད་དེའི་སྐུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས ་ཟླ་བ་ཕྱེད་ཙམ་བསྒོམས་ལ། སྒྲུབ་ན་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོར་འགྱུར་རོ།། དེ་བཞིན་དུ་དངོས་གྲུབ་གཞན་དག་ཀྱང་སྔ་མའི་རྗེས་སུ་འབྲངས་ནས་བསྒྲུབ་པ་ཡིན་པར་ཤེས་པར་བྱའོ།། དེ་ནས་མ་གྲུབ་པ་ནི་ཞེས་བྱ་བ་ལ ་སོགས་པ་ལ་དེ་ལྟར་བཤད་མ་ཐག་པའི་སྒྲུབ་པ་གང་གི་ཚེ། ཇི་སྐད་སྟོན་དུ་བཤད་པའི་དངོས་གྲུབ་གྲུབ་པར་མ་གྱུར་པའི་སྔགས་ནི་མ་གྲུབ་པ་ཞེས་བྱ་བ་ལ། མུ་གྲུབ་པ་དེ་མ་གྲུབ་དུ་ཟིན་ཀྱང་། ལན་གཅིག་བཟླས་པ་ཙམ་གྱིས ་ཇི་སྐད་དུ་བཤད་པའི་ལས་རྣམས་བྱེད་པར་འགྱུར་རོ།། ཁམས་གསུམ་མ་ལུས་པ་ལས་རྒྱལ་བར་བྱ་བ་ལ་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་མི་མཇེད་ལ་སོགས་པ། སངས་རྒྱས་ཀྱི་ཞིང་མ ་དག་པ་ནི་ཁམས་གསུམ་བྱ་མ་ལུསྟ~ཾ་པའོ།། དེ་ལས་རྒྱུ་ལྟ་བཱ་ནི་དེར་གནས་པའི་དབང་ཕྱུག་ཚན་པོ་ལ་སོགས་པ་འདུལ་བྱའོ།། དེ་སྟོང་རྡོ་རྗེ་ཧཱུ~ཾ་མཛད་དོ་མཉམཱ་བཱཪྵ་བཞག་ལྔ། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ། མཐེའུ་ཆུང ་གཉིས་ཕན་ཚུན་ལྕགས་སྒྲོག་ཏུ་སྦྲེལ་ལ། མཛུབ་མོ་གཉིས་བསྒྲེང་སྟེ། སྡིགས་མཛུབ་བྱེད་པ་ལ་སོགས་པས་སྙིང་གའི་ཕྱོགས་སུ་བཞག་པ་འདི་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྟེ་འདི་ཁམས་གསུམ་མ་ལུས་པ་ལས ་རྒྱལ་བར་འགྱུར་རོ།། ཐམས་ཅད་དུ་ཡང་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྔགས་བཟླས་པས་ལས་རྣམས་གྲུབ་པར་གྱུར་པར་ཤེས་པར་འགྱུར་རོ།། འདིས་ནི་འདི་སྐད་སྟོན་ཏེ་དེ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྦྱོར་བ་བྱས་ལ ་དབང་ཕྱུག་ཆེན་པོ་ལ་སོགས་པ་འདུལ་བའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་བཟླས་བརྗོད་བྱས་ནས་རང་གི་ལུས་ལས་བྱུང་བའི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་རྗེས་སུ་བཏུལ་བར ་བསམ་པར་བྱའོ།། དེ་ལྟ་བུས་ནི་ཁམས་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ།། སེམས་ཅན་གྱི་ཁམས་ཐམས་ཅད་འདུལ་བ་ནི་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་ལུང་དང ་རྟོགས་པའི་བོདག་ཉིད་ཅན་ལ་རབ་ཏུ་བཞག་པ་ནི་བཏུལ་བའོ།། དེ་ཇི་ལྟར་འགྱུར་ཞེ་ན་རྡོ་རྗེ་ཁྲོ་བོའི་གསང་བས་སོ་ཞེས་བྱ་བ་གསུངས་ཏེ་རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་ཁྲོ་བོ་རྡོ་རྗེ་ཁྲོ་བོ་སྟེ། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་གསང་བ་ནི་རྡོ་རྗེ་ཁྲོ་བོའི ་གསང་བའི་ཕྱག་རྒྱ་སྟེ་ངེས་རབ་ཏུ་འཇིག་པར་འགྱུར་རོ།། འདི་སྐད་སྟོན་པ་ཡིན་ཏེ་དེ་བཞིན་དུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་དེ་བཞིན་དུ་བཅིངས་ལ་གཡོན་པའི་མཛུབ་མོས་བསྒྲུབ་པར་བྱ་བ་ལ ་སྡིགས་མཛུབ་བྱའོ།། དེ་ནས་ཕྱག་རྒྱ་འདི་ལས་བྱུང་བའི་བཅོམ་ལྡན་འདས་ཧཱུཾ་མཛད་ཀྱིས་རྗེས་སུ་བསྟན་ཅིང་དུལ་བ་ལ་རབ་ཏུ་འཇོག་པར་འགྱུར་རོ།། འཇིག་རྟེན་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བ་ནི་ཞེས་བྱ་བ་ལྀ།། དབང ་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་ལས་རྒྱལ་བའི་འཇིག་རྟེན་གསུམ་མ་ལུས་པ་ལས་རྒྱལ་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། འཇིག་རྟེན་གསུམ་རྣམ་པར་རྒྱལ་བ་ནི་རྡོ་རྗེ་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་གཡོན་བརྐྱང་བའི་གནས་པའི་བཞུགས་པས་སྡིགས་མཛུབ་བྱས་ཤིང་རང་གི་ལུས་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞབས་གཡོན་པས་བསྒྲུབ་པར་བྱ་བ་མནན ་པར་བྱས་ཏེ། དེ་ལྟ་བུས་ནི་འཇིག་རྟེན་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ།། ཐམས་ཅད་དགུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་དབང་ཕྱུག་ཆེན་པོ་ལ་སོགས་པ་དགུག་པ་ནི་ཐམས་ཅད་དགུ་ག་པའོ།། དེ་རྣམས ་ཉིད་དཀྱིལ་འཁོར་རམ་སྣོད་ལྔ་འཇུག་པ་དང་། སྣོད་ལ་བཞུགས་པ་དེ་རྣམས་ཉིད་དབབ་པ་ནི་གཡོ་བ་ལ་སོགས་པས་དཔའོ་པའོ།། གདོན་དེ་རྣམས་ལྕགས་སྒྲོག་གིས་བསྡམས་ཏེ་རང་དབང་མེད་པར་བྱས་ནས་བཅིང་བའོ།། དེ ་རྣམས་ཉིད་རང་དབང་དུ་བྱི་བ་ནི་དབདྨ་དུ་བྱུ་བའོ།། དེ་གཡུལ་འགྱེད་པར་ཞུགས་པའི་དྲེགས་པ་བསམ་པར་བྱ་བྱ་འམ་སུ་ཥོག་གི་འཁྲུལ་འཁོར་ལ་སོགས་པ་གཞོམ་པ་ནི་གྲ་ཞིག་བླའོ།། དེ་རྣམས་ཉིད་མི་འགྱུར་བ་རུ་བྱས ་པནྟི་རེངས་པར་བྱས་པའོ།། དེ་རྣམས་གཉྩི་ལོག་པར་བྱ་བ་དང་། རྒྱུས་གདབ་པཱ་དང་། བསྒྱེལ་བ་དང་། བསད་པར་བྱ་བ་ནི་དགོ་བར་ཟད་དོ།། འདི་དག་ཐཾད་ཇི་ལྟར་བྱཱ་ཞེ་ན་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་ཁྲོ་བྲོ་སོ་ཞེས་བྱ་བ་གསུངས་ཏེ། དེ ་བཞིན་དུ་བཅོམ་ལྡན་འདས་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། མཛུབ་མོ་གཉིས་གཤིབོས་ལ་རྩེ་སྦྱར་ནས་བསྒྲུབ་པར་བྱ་བ་ལཾ་སྡིགས་མཛུབ་བྱས་ཏེ། འདི་ནི་བདེ་བ་ཆེན་པོ་གསང་བའི་དམ་ཚིག་གི་ཁྲོ་བོའི་ཕྱག་རྒྱ ་ཡིན་ཏེ། དེས་བསྒྲུབ་པར་བྱ་བ་དགུག་བྱའི་བསམ་པསྡུ་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱ་ཞིང་། སྡིགས་མཛུབ་ཀྱི་རྡོ་རྗེ་ལས་བྱུང་བའི་བཅོམ་ལྡན་འདས་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོས་བསྒྲུབ་པར་བྱ་བ་འགུགས་པར་བསྡམ་པར་བྱ་སྟེ། དེ་ལྟ་བུས ་ནི་ཐམས་ཅད་དགུག་པོར་འགྱུར་རོ།། གཞུག་པའི་བསམ་པས་དེ་བཞིན་དུ་སྡིགས་མཛུབ་བྱས་ལ། སྡིགས་མཛུབ་ཀྱི་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཞགས་པས་བཏབ་ལ་བཞུགས་པར་བསམས་ན་དེ་ལྟ་བུདུས་ནི་བཅིང་པར་འགྱུར་རོ།། དེ་བཞིན་དུ ་དབབ་པའི་བསམ་པས་སྡིགས་མཛུབ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་འབེབས་པའི་ཕྱོག་རྒྱ་ཁྲོ་བོ་སྐུ་མདོག་དམར་པོ་རླུང་དང་མེའི་དཀྱིལ་འཁོར་གྱི་དབུས་ན་བཞུགས་པས་བསྒྲུབ་པར་བྱ་བའི་རྐང་པ་ནས་བརྩམས་ཏེ། སྤྱི་བོའི ་བུར་དུ་ཤིང་སྐམ་པོ་བཞིན་དུ་རབ་ཏུ་འབར་བར་བསམས་ན་དེ་ལྟ་བུས་ནི་འབབ་པར་འགྱུར་རོ།། དེ་བཞིན་དུ་བཅིང་བའི་བསམ་པས་སྲིན་པོ་ལ་སོགས་པ་སྡིགས་མཛུབ་བྱས་ལ་བཅོ་མ་ལྡན་འདས་རྡོ་རྗེ་ལྕགས་སྒྲོག་གི་ཁྲོ་བོས་ལྕགས ་སྒྲོག་གི་བསྡམས་པར་བསམས་ན་དེ་ལྟ་བུས་ནི་བཅིངས་པར་འགྱུར་རོ།། དེ་བཞིན་དུ་དབང་དུ་བྱ་བའི་བསམ་པས་སྡིགས་མཛུབ་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཡིད་ལྔས་བྱུང་བའི་ཁྲོ་བོ་མེ་ཏོག་གི་མདངས་དང་། བསྒྲུབ་པར་བྱ་བའི ་སྙིང་གར་ཕོག་ཅིང་དམར་པོར་གྱུར་པས་དབང་དུ་གྱུར་ནས་རང་ཉིད་ངམ་ནོར་གྱིས་ཀྱང་རྐང་པ་ལ་འདུད་པར་བས་མི་བར་བྱ་སྟེ་དེ་ལྟ་བུས་ནི་དབང་དུ་འགྱུར་རོ།། དེ་བཞིན་དུ་གཞོམ་པར་བྱ་བའི་བསམ་པས་སྡིགས་མཛུབ་བྱོ་ཞིང ་ཕྱག་རྒྱ་བཅིངས་པ་ལས་རྡོ་རྗེ་འབར་བ་རྩེ་མོ་བཞི་པ་སྤྲོས་ལ། འཁྲུལ་འཁོར་ལ་སོགས་པཱ་ལ་དབབ་པར་བྱ་སྟེ་དེ་ལྟ་བུས་ནི་རྣམ་པར་གཞིག་པར་འགྱུར་རོ།། དེ་བཞིན་དུ་དབབ་པ་ལ་སོགས་པ་ལ་རེངས་པར ་བྱ་བའི་བསམ་པས་སྡིགས་མཛུབ་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་སྐུ་མདོག་སེར་པོ་སྣ་ཚོགས་རྡོ་རྗེ་གསེར་གྱི་མདོག་ཅན་ན་མཁའ་དང་མཉམ་པའི་སྟེང་ན་གཡོན་བརྐྱང་བས་བཞུགས་པས་བསྒྲུབ་པར་བྱ་བ་མནན་པར ་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་རེངས་པར་འགྱུར་རོ།། དེ་བཞིན་དུ་གཉིད་ལོག་ཏུ་གཞུག་པའི་བསམ་པས་བསྒྲུབ་པར་བྱ་བ་སྡིགས་མཛུབ་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་གྱུར་ནས། ་མིག་བཙུ་མོས་ཏེ་གཉིད་ལོག་པར་བསམས་ན་དེ་ལྟ་བུས་ནི་གཉིད་ལོག་པར་འགྱུར་རོ།། དེ་བཞིན་དུ་རྒྱས་བཏབ་པའི་བསོམ་པས་སྡིགས་མཛུབ་བྱ་ཞིང་བསྒྲུབ་པར་བྱ་བའི་སྙིང་གར་ཡང་ཧཱུཾ་ལས་རྡོ་རྗེ་འབར་བ་བྱུང་བར་བསམ ་པར་བྱ་སྟེ་དེ་ལྟ་བུས་ནི་རྒྱས་བཏབ་པར་འགྱུར་རོ།། དེ་བཞིན་དུ་བསྒྱེལ་བའི་བསམ་པས་སྡིགས་མཛུབ་བྱས་ལ་སྡིགས་མཛུབ་ཀྱི་རྡོ་རྗེ་ལས་རྡོ་རྗེ་འོབར་བ་སྤོས་ལ་བསྒྲུབ་པར་བྱ་བའི་སྟེང་དུ་འབབ་པར་ཡང་དང་ཡང་དུ་བསམས ་ནས་འགྱེལ་བར་འགྱུར་རོ།། དེ་བཞིན་དུ་བསད་པའི་བསམ་པས་སྡིགས་མཛུབ་བྱས་ལ་རང་གི་ལུས་ལས་རྡོ་རྗེ་གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་དང་། བྱ་རྒོད་དང་སྟག་དང་། སེང་གེ་དང་། བྱ་རོག་དང་ཝ་དང་སྦྱང་ཀི་ལ ་སོགས་པ་བྱུང་ལ་བསྒྲུབ་པར་བྱ་བ་ཟོས་པར་བསམས་ན་དེ་ལྟ་བུས་ནི་གསོད་པར་འགྱུར་རོ།། ཐམས་ཅད་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་ཕྲ་མོ་ཁྲོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས ་སྣའི་དབུགས་ཀྱི་རླུང་གིས་སྣའི་རྩེ་མོ་ལས་རྡོ་རྗེ་ཕྲ་མོ་ཕྱུང་ལ། དེ་བསྒྲུབ་པར་བྱ་བའི་སྟེང་དུ་དབབ་པར་བྱ་སྟེ་དེ་ལྟ་བུས་ནི་ཐམས་ཅད་ལྟུང་བར་འགྱུར་རོ།། ཐམས་ཅད་དུ་དབབ་པ་ལ་ནི་རྡོ་རྗེ་འབེབས་པའི་ཁྲོ་བོས་ཞེས་བྱ་བ་ནི་དེ་བཞིན་དུ ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ཡི་གེ་ཨོཾའི་མཐའ་ཅན་གྱི་སྔགས་བཟླས་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཀུན་ཏུ་གང་བར་གྱུར་པར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་ཐམས་ཅད་འབབ་པར་འགྱུར་རོ།། ཐམས ་ཅད་ངེས་པར་གནོན་པ་ལ་ནི་རྡོ་རྗེ་གང་བརྒྱངས་ཀྱི་སོ་ཞེས་བྱ་བ་ལ་ནི་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ཡི་གེ་ཧའི་མཐའ་ཅན་གྱི་སྔགས་བཟློས་ཤིང་ཧ་ཧཾ་ཞེས་བྱ་བའི་གང་མཏོབ་གང་བྱས་ཤིང་བཅོམ་ལྡན་འདས ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞབས་ཀྱི་བསྒྲུབ་པར་བྱ་བ་ལ་བསྣུན་པས་ཁ་ཐུར་དུ་སྒྲུབ་ཅིང་འགྱེལ་བར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་ངེས་པར་གནོན་པར་འགྱུར་རོ།། ལས་ཐམས་ཅད་ལ་ཉེ་བར་དགོད་པ་ཞེས་བྱ་བ་ལ་ནི་ལས་ཀྱང་ཡིན་ལ་ཐམས ་ཅད་ཀྱང་ཡིན་པས་ལས་ཐམས་ཅད་དོ།། རབ་ཏུ་དགེའ་བའི་རྡོ་རྗེ་ཁྲོ་བོ་ལ་སོགས་པ་ནས་རྡོ་རྗེ་འབེབས་པོའི་རྡོ་རྗེ་ཁྲོ་བོའི་བར་གྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ལས་རྣམས་སོ།། དེ་རྣམས་ལ་ཉེ་བོར་དགོད་པ་ནི་ཕྱག་རྒྱ་ཆེན་པོ་ལ ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་འབྲས་བུ་ཐོབ་པའོ།། དེ་ཇི་ལྟར་འགྱུར་ཞེ་ན་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་ཁྲོ་བོས་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྦྱོར་བ་བྱས་ལ ་རྡོ་རྗེ་འབར་བ་རྩེ་མོ་བཞི་པ་བསྒོམ་ཞིང་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ལས་གུང་ལ་གང་དགོས་པ་དེ་ལ་དགོས་པ་དེ་ཐོབ་ཅིང་རྙེད་པའི་བསམ་པས་སྔགས་བཟླ་བར་བྱའོ།། དེ་ལྟ་བུས་ནི་ཕྱག་རྒྱ་ཆེན་པོ་ལ ་སོགས་པས་ལས་ཐམས་ཅད་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ལས་ཀྱི་ཞེས་བྱ་བ་ལ་བདེ་བ་ཆེན་པོ་རྡོ་རྗེ་ནི་བཤད་ཟིན་ཏོ།། དེའི་གསང་བ་ནི་རྡོ་རྗེ་རིགས་ཀྱི་རྟོགས་པའོ།། དེ་ལས་རབ་ཏུ་དགའ་བུ་ལུས ་བྱུང་བ་རྡོ་རྗེ་གསང་བའི་དམ་ཚིག་གི་རྡོ་རྗེ་སེམས་དཔའ་ལས་བྱུང་བའི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་སྟེ། དེའི་ཚོ་གཱ་རྒྱས་པ་ནི་དེའི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་རྟོག་པའི་རྐྱེན་ཡིན་ནོ།། ཡང་འདིའི་དོན ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་བརྗོད་པར་བྱ་སྟེ། དམ་ཚིག་སེམས་དཔར་བྱིན་གྱིས་བརླབས་པ་སྔ་མ་བཞིན་དུ་བྱས་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཙོངས་ནས་ན་མཁའ་དང་མཉམ་པའི་སྦྱོར་བས ་རང་གི་སྙིང་གར་ཡིད་ཀྱིསོ་ཞུགསོ་ལ། དེར་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་ན་མཁའ་དང་མཉམ་པར་སྤྲུལ་ལ་འོག་ནས་བཤང་བའི་འཇུག་པའི་ཆོ་གས་མེ་ཏོག་ཕྲེང་བ་བླངས་ཏེ་འཇུག ་པར་བྱའོ།། དེ་ནས་རང་གི་མགོར་མེ་ཏོག་གི་ཕྲེང་བ་གཏོར་ལ་ཇི་ལྟ་བ་བཞིན་དུ་བཅིངས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ་དཀྱིལ་འཁོར་དེའི་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི ་ནང་དུ་འདུས་ཤིང་གཅིག་ཏུ་གྱུར་པར་བྱསམས་པར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་ལྟར་རང་གི་རྣལ་འབྱོར་ཆེན་པོ་བྱས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྦྱང་དེ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ཞིང་ཆོས་ཀྱི་དྲིལ་བུ ་དཀྲོལ་ལ་དམ་ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། རང་གི་སྔགས་ལན་གསུམ་བཟླ་བར་བྱའོ།། དེ་ནས་རྡོ་རྗེ་འཁོར་ལོས་ནོ་མཁའི་ཕྱོགས་སུ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་སྦྲུལ་ལ་ལྷ་ཐམས་ཅད་ཀྱི་གནས ་སུ་ཨ་ཧྲཱི་ཞེས་བྱ་བས་སྣ་ཚོགས་པདྨ་བསྐྱེད་པར་བྱའོ།། དེ་ནས་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ་སྔོན་དུ་བསྙེན་པ་བྱ་བ་དང་། དེ་བཞིན་དུ་བདགྲ་ཉིད་སྤྲོ་བ་བསྐྱེད་པར་བྱའོ།། དེ་ནས་སྔ་མ་བཞིན་དུ་སངས་རྒྱས ་སྤྱན་དྲང་བར་བྱོས་ནས་དེའི་འོག་ཏུ་ཏིང་ངེ་འཛིན་རྣམ་གསུམ་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སྔགས་དེ་བཟློ་བར་བྱའོ།། དེ་ནས་དེ་བཞིན་གཤེགས ་པོ་ཐམས་ཅད་ཀྱིས་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ།། བཅོམ་ལྡན་ཁྱོད་ལ་གསོལ་བ་ནི།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། སྙིང་པོ་འདི་ཡིས་བརྟེན་པ་ཉིད།། བདེ་ཆེན་མྱུར་དུ་སྒྲུབ་པར་མཛོད།། ཅེས ་གསོལ་བ་བཏབ་པར་བྱསམ་མོ།། དེ་ནས་ལངས་ལྟ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱུག་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ན་མཁའི་ཁམས་གང་བར་བསམས་ལ། བདག་ནི་རང་ཉིད ་རྡོ་རྗེ་ཅན་ཞེས་བྱ་བ་ལ་སོགས་པ་བརྗོད་དེའི་འོག་ཏུ་རང་གི་སྔགས་བཟླའོ།། དེ་ནས་བཅོམ་ལྡ་འངས་རབ་ཏུ་དགའ་བོའི་རྡོ་རྗེ་ཁྲོ་བོའི་དམ་ཚིག་གཱི་ཕྱག་རྒྱ་དང་། ཧཱུཾ་རཱཀྵ་ཛྭཱ་ལ་མཱ་ལཱ་པྲ་ལ་ཡ་ཨཱགྣི་པྲང་བིཏྟ་ཏེ་ས་མ་ཧཱ་སརྦ་མ་ཧཱ ་སུ་ཁ་སུ་ར་ཏོ་མ་ཧཱ་ཀྲོ་དྷ་ཛཿཧཱུཾ་བཾ་ཧོཿཕཊ། བཛྲོདྷཥྛ་མཎྜ་ལ་ཨུད་ཐཱ་པ་ཡ་ཞེས་བརྗོད་དེ་དཀྱིལ་འཁོར་བཏེག་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་དེ་ཉིད་ཀྱི་བདག་ཉིད་ལྔ་ལྡན་གཅིག་བྱིན་གྱིས་བརླབས་ལ་ཡང་ཕྱག ་རྒྱ་ཆེན་པོར་བསམས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལྡོངས།། ཀུན་ཏུ་རྣམ་པར་བལྟས་ནས་ནི།། རླུང་གི་སྔགས་ནི་རབ་བཟླས་ཤིང་།། བསྙེམས་པས་ཡོངསུ་བསྐོར་བར་བྱ།། དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད ་པའི་ཆོ་ག་རྣམས་རྗེས་སུ་སྦྱང་ལ། དཀྱིལ་འཁོར་འདི་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ།། དེ་ནས་དཀྱིལ་འཁོར་དབུས་མའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་སྙིང་པོ་འདིས་སྔར་བཤད ་པའི་མཚན་ཉིད་ཅན་བྲི་བོར་བྱའོ།། སུ་ར་ཏོང་བྷ་བ་ཧཱུཾ། བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཐམས་ཅད་དུ་རྡོ་རྗེ་ཡིད་ལས་བྱུང་བ་ནས་རྡོ་རྗེ་འབེབས་པའི་བར་དུ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་སྦྱོར་བས ་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་པ། སྐུ་མདོག་སྔོ་བ་དང་རྡོ་རྗེ་གཞུ་དང་མངའ་ལ་སོགས་པ་བསྣམས་པ་འོད་ཟེར་དམར་པོ་ཀུནྡ་ནས་འབར་བ་ཁྱབ་པ། ཁྲོ་གཉེར་འགྱུ་ཞིང་བསྡུས་པ་སྨ་ར་དམར་སེར་ཅན། སྤྱན་འབར་བ་རྡོ་རྗེའི་བ་མཆེ ་བ་གཙིགས་པས་མ་མཆུའི་སྒྲོས་མནན་བ། ཞལ་རྣམ་པར་འགྱུར་བ། དབུ་སྐྲ་གྱེན་དུ་བརྫེས་ཤིང་འབར་བ་བྲི་བར་བྱའོ།། དེ་ནས་འདི་རྣམས་ཀྱི་སྙིང་པོ་བཤད་པར་བྱའོ།། ཧེ་དྲིཥྚ་སཱ་ཡ་ཀ་མཊ་ཧཱུཾ་བཛྲ་ཀཱི་ལོ་ཀཱི་ལ་ཧཱུཾ་ཧཾ་སྨ་ར་བཛྲ ་བནྡྷཿཧཱུཾ་བཛྲ་ཏོ་ཥ་ཧཱུཾ། ཨོཾ་མ་དྷུ་བཛྲི། ཨོཾ་མེ་གྷཱ་བཛྲི། ཧཱུཾ་ཤ་རཱཏ་བཛྲི། ཧཱུཾ་ཤེ་ཤྭེ་རི་ཧཾ་བཛྲ་ལཱ་སྱེ། ཧཱ་སྱ་བཛྲ་ནི། ཨོཾ་བཛྲ་གཽ་ཏེ། ཨོཾ་ནརྀ་ཏེ་བཛྲི། ཛ་བཛྲ་ཨཾ་ཀུ་ཤ། ཧཱུཾ་བཛྲ་པཱ་རཽཤྭ། བཾ་བཛྲ་སྥོ་ཊ། ཨ་བཛྲ་གྷཎྜ། རིང་ངག་ཐམས་ཅང་སངས ་རྒྱས་ལྔའི་ཙང་པན་དང་། རྡོ་རྗེ་ཕྲེང་བས་དབང་བསྐུར་བའི་ཅོད་བྱིན་ཅན་ཡིན་ནོ།། དེ་ནས་ཇི་ལྟ་བ་བཞིན་དུ་སྒོ་ཕྱེ་ལ། ཁྲོ་བོའི་ཁུ་ཚུར་གྱིས་ཡོངས་སུ་གཟུང་བའི་རྡོ་རྗེ་འབར་བ་དང་། མེ་ཏོག་གི་ལྕུག་མྲ་ལས་ཡོངསུ་བཟླས་པའི ་བུམ་པ་དང་། བུམ་པ་གང་བ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་སྔ་མ་བཞིན་དུ་མཆོད་ལ། མཆོད་པ་ཐམས་ཅད་ཀྱིས་ཀྱང་ཡང་དག་པར་མཆོད་པར་བྱའོ།། དེ་ནས་སྔ་མ་བཞིན་དུ་ཡོངསུ་བཟླས་པའི ་གོས་སྔོན་པོས་སྨད་གཡོགས་དང་། སྟོང་གཡོགས་དང་། གདོང་གཡོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ་སྡོམ་པ་ཡང་ཇི་ལྟ་བ་བཞིན་དུ་བླངས་ནས། བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཁྲོ་བོའི་ཁུ་ཚུར་གྱིས་རང་གི་རྡོ་རྗེ་བླངས ་ལ་རང་གི་སྙིང་གར་བཞག་ནས། ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་བསྐྱེད་ལ་འདྲི་སྐད་ཅེས་བརྗོད་དོ།། སུ་ར་ཏྲ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷ་ཡ་ཐཱ་སུ་ཁཾ། དེ་ནས་ཕྱི་རོལ་གྱི་སྒོར་བལྟས་པའི་བུམ་པའི་ཆུས་བདག ་ཉིད་དབང་བསྐུར་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཚོན་པོ་ལས་བཤད་པའི་འཇུག་པའི་གླུ་ལེན་ཅིང་འཇུག་པར་བྱའོ།། དེ་ནས་དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་བྱས་ནས་རྣམ་པར་རྒྱལ་བའི་བུམ་པ་ལས་ཁྲོ་བོའི ་ཁུ་ཚུར་གྱིས་ཆུ་བླངས་ནས་བདག་ཉིད་དབང་བསྐུར་བར་བྱའོ།། དེ་ནས་སངས་རྒྱས་ལྔའི་ཙདྲ་བན་དང་དབང་བསྐུར་བའི་ཕྱག་རྒྱ་ས་བདག་ཉིད་ལ་དབང་བསྐུརོ་ནས། ཕྱི་རོལ་གྱི་སངས་རྒྱས་ལྔའི་ཅོད་པན་འབར་བའི་རྡོ་རྗེ་ཕྲེང་བ་དང ་བཅས་པས་ཀྱང་དབང་བསྐུར་བར་བྱའོ།། དེ་ནས་འབར་བའི་རྡོ་རྗེ་དང་། བདག་པོ་དང་། མིང་གིས་དབང་བསྐུར་བས་དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངོ་བར་བྱའོ།། དེ་ལ་འབར་བའི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་ནི་འདི་ཡིན ་ཏེ། རྡོ་རྗེ་ཐལ་མོ་བཅིངས་ལ་མཛུབ་མེ་གཉིས་ཕན་ཚུན་དུ་ལྕགས་སྒྲོག་ཏུ་སྦྲེལ་ཏེ། མཐེ་བོང་གཉིས་གཞིབས་སྲིན་ལག་གཽཉིས་གཞིབས་ཏེ་རྗེ་མོར་བྱས་ལ་བཟློགས་སྟེ། རིངོས་སྤྱི་བོ་ནས་བརྩམས་ཏེ་ཕྱོགས་བཞིར་གཏུགས་ནས ་དཔྲལ་བར་བཞག་པར་བྱ་སྟེ། དེ་ལྟ་བུས་ནི་འབར་བའི་རྡོ་རྗེའི་ཕྲེང་བས་དབང་བསྐུར་བར་འགྱུར་རོ།། འདིའི་སྙིང་པོ་ནི་ཨ་བྷི་ཥེ་ཀ་ཞེས་བྱའོ།། དེ་ནས་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག ་གི་ཕྱག་རྒྱ་ཆེན་པོས་བྱིན་གྱིས་བརླབས་ནས་རང་གི་སྔགས་བཟླ་བར་བྱའོ།། དེ་ནས་མཆོད་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ལ། ཚིགས་སུ་བཅད་པ་ལྔས ་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་སྟན་པ་དང་། སྔགས་གཟུང་བ་དང་། ཕྱག་རྒྱ་བཞི་བརླབ་པ་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་བཅོམ་ལྡན་འདས་ལ་མནོས་ལ་སྔ་མ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ ་སོགས་པ་བྱས་ནས། རང་གི་མིང་ནས་བརྗོད་དེ། དེ་ནས་རྡོ་རྗེ་བསྒྲུབ་པར་བྱའོ།། རྡོ་རྗེ་སློབ་དཔོན་སེམས་དཔའ་ཡིས།། རྡོ་རྗེ་ལྕགས་ཀྱུ་བོ་ཅིངས་ནས་ནི།། སྐྱེ་གྲོལ་མང་པོ་བརྡབ་བགྱིས་ལ།། སངས་རྒྱས་ཐམས་ཅད་བསྡུ་བར་བྱ། ་དེ་ནས་མཚོན་བརྒྱ་རྩ་བརྒྱད་པས་བསྟོད་པ་ཇི་ལྟ་བ་བཞིན་དུ་བྱས་ལ། སྔོར་བཤད་པའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པ། དཀྱིལ་འཁོར་ཆེན་པོར་བཅུག་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསྐྱེད་དེ། ་བ་དང་དྲ་བ་ཡང་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། བཅོམ་ལྡན་འདས་འཁོར་དང་བཅས་པ་ལྔ་རང་གི་སྔགས་ཀྱིས་མཆོད་ཡོན་ཕུལ་ལ་བཅོམ ་ལྡན་འདས་འཁོར་དང་བཅས་པ་རང་གི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱ་གཉིས་ཀྱིས་དབང་བསྐུར་ལ། ཡང་མཆོད་ཡོན་ཕུལ་ལ ་མཆོད་པ་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནས་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་བྱས་ལ་ཕྱི་རོལ་དུ་གཏོར་མ་བྱིན་ཏེ་སྦྱིན་སྲེག་བྱའོ།། ་དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཡང་དག་པར་མཆོད་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་བསྒོམོ་པར་བྱའོ།། དེ་ནས་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད ་བར་བྱའོ།། སྲིད་པའི་བདེ་བ་དག་བྱའི་ཕྱིར།། ཁྱེད་སྔོན་སྲིད་པ་ལ་དགར་གྱུར།། འདོད་པ་ཀུན་གྱི་དངོས་གྲུབ་ཆེ།། འགྲོ་བ་ཀུན་ལའང་གྲུབ་པ་ཡིན།། དེ་ལྟར་གནང་བ་ཐོབ་ནས་སློབ་མུ་གཞུག་པར་བྱའོ།། སློབ་དཔོན་གྱི་ལས་ཀྱི་ཆོ་ག ་རྒྱས་པ་རྫོགས་སོ།། དེ་ནས་བསླབ་པའི་གཞི་ལ་སོགས་པ་ཡོངས་སུ་སློབ་པའི་སྡོམ་པ་དོན་དུ་གཉེར་བ་ལ་སྡོམ་པ་འཛིན་དུ་གཞུག་གོ།། དེ་ནས་དེའི་སྙིང་གར་རྡོ་རྗེ་དེ་བཞིན་དུ་བསམ་པར་བྱའོ།། དེ་ནས་དེ་རབ་ཏུ ་དགའ་བའི་རྡོ་རྗེ་ཁྲོ་བོ་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་དེ་ཡིན་གྱི་མཆོག་བླངས་ལ་ཕྱི་རོལཱ་ན་གནས་པའི་བུམ་པའི་ཆུས་དབྱུང་བསྐུར་ལྔ་རང་གི་འཇུག་པའི་ཚུལ་གྱིས་བཅུག་ལ་རྣ་བར་འདི་སྐད ་ཅེས་བརྗོད་པར་བྱའོ།། འདོད་ཆགས་བྲལ་བ་ཞེས་བྱ་བ་ནས་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་དེ་བཞིན་གཤེགས་པོའི་དཀྱིལ་འཁོར་ལས་བཤད་པའི་ཆོ་ག་ལྟར་དེའི་ཆོ་ག་ཐམས་ཅད་བྱའོ།། སློབ་མ་འཇུག་པ་ལ་སོགས་པའི ་ཆོ་ག་རྒྱས་པ་རྫོགས་སོ།། ། ཆོ་ག་གཞན་དག་ནི་གསལ་བས་མ་བཤད་།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི ་ཆུང་ལྔས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྟོག་པ་བཤད་པ་རྫོགས་སོ།། ། དེ་ལྟར་ཁྲོ་བས་ཁྲོ་བ་སྤང་བའི་ཕྱིར་རྡོ་རྗེ་ཁྲོ་བོའི་རྟོག་པ་གསུངས་ནོས་ང་ནི་ལོག་པར་ལྟ་བའི་གཉེན་པོར་གྱུར་པ་ཡང་དག་པར ་ལྟ་བའི་རང་བཞིན་ཅན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདག་ཉིད་པདྨའི་རིགས་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གོ་སུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་བར་མ་ཆད་པ་སྟེ་དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལའོ།། ། ་འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་ནོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ།། དེ་བཞིན་གཤེགས་པོ་ཡང་ཡིན་ལ་ཐམས་ཅད་ཀྱང ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་རང་བཞིན་གྱིས་དྲག་ཅིང་གཉིསུ་མེད་པའི་སེམས་དང་སེམས་ལས་བྱུང་བ་དེ་ཉིད་ནི་དོན་ཡོད་ཅིང་ཐོགས་པ་མེད་པ་ཡིན་ནོ།། ཐམས་ཅད་དག་པ་ནི་བསྒྲིབས་པ་མེད་པའོ།། པདྨའི ་རིགས་ཀྱི་ཚུལ་གྱིས་ཆོས་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་དེ་ལྟར་གྱུར་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་བྱིན་གྱིས་བརླབ་པའོ།། ཅི་ཞིག་མཛད་ནས་ཤེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ་དེ་བཞིན་གཤེགས་བྱ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་གྱི་དག་པའོ།། དེའི་ཕྱག་རྒྱ་ནི་པདྨའི་རིགས་ཏེ་གཟུགས་བརྙན་གྱི་ཚུལ་དུ་སེམས ་ཅན་གྱི་ཁམས་རྒྱས་བཏབ་ནས་ཕྱག་རྒྱའོ།། དངོས་པོར་འཛིན་པའི་མངོན་པར་ཞེན་པ་ནི་སྒྲིབ་པའོ།། དེ་འདི་ལ་མི་མངའ་བས་སྒྲིབ་པ་མེད་པའོ།། དེ་ལྟ་བུ་གང་ཡིན་པ་དེ་ལ་དམིགས་པས་མིང་དེ་སྐད་བྱ་བའི ་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲིབ་པ་མྱེད་པའི་རྡོ་རྗེ་ཡེ་ཤེས་ཀྱི་ཚུལ་གྱི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། སྙོམས་པར་ཞུགས་ནས་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་ལ་གསོལ་བ་བཏབ་པར་གྱུར་པའོ།། འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྣམ་པརརོ་སྣང་མཛད་པཱདྨའི་རིགས་ཀྱི་རྣམ་པར་ཐུག་སྣ་རྩེ་གཅིག་ཏུ་མཛད་དེ་པདྨའི་རིགས་སྤྲུལ་ནས་སེམས་ཅནྡ་གྱི་དོན ་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པ་ཡིན་ནོ།། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། པདྨ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པསྔ་ན་པདྨའི་རིགས་ཆེན་ནོ།། དེ་ཉིད ་གཟུང་བ་དང་འཛིན་པའི་དྲི་མ་དང་བྲལ་བ་ནི་དག་པའོ།། སྐྱེང་བར་མཛད་ཅེས་བྱ་བ་ནི་འབྱུང་བར་མཛོད་ཅིག་པའོ།། མཆོག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མཆོག་ཡིན་ཏེ། རང་བཞིན་གྱིས་ཡང་དག་པའི ་ཡེ་ཤེས་ཀྱི་ཚུལ་གྱིས་ཐམས་ཅད་དུ་སོང་བས་ཆེན་པོའོ།། ཚུལ་དེ་ཉིད་ཀྱི་དམ་པར་གྱུར་པས་ན་མཆོག་གོ།། དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་པ་སྟེ་གསོལ་བ་བཏབ་པའི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ། བཅོམ་ལྡན ་འདས་རྡོ་རྗེ་འཆང་ཆེན་པོས་སྔགས་གསུང་སོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད་ནས་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་དེ་པདྨའི་རིགས་ཀྱི་ཚུལ་ལོ། ་དེ་རྣམས་ལ་གཟིགས་པ་ནཱི་ཏིང་ངེ་འཛིན་གྱིས་སོ་སོར་རྟོག་པར་མཛད་པའོ།། དེ་ནས་རྡོ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། རྣམ་པར་གནོན་པ་ནི་མཐུ་རྩ་ལོ།། པདྨའི་རིགས་སྤྲུལ་པས་འགྲོ་བའི་དོན་མཛད་ནས ་སྔགས་གསུངས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱི་ཞུལ་ནས་ཞེས་བྱ་བ་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུལ་གྲི་ཞལ་ནསོ།། པདྨའི་མདོག་གི་མདངས་ཅནྡ་ཞེས་བྱ་བ་ནི་དཀར་དམྱུར་རོ།། ཟླ་བའི་དཀྱིལ་འཁོར་གྱི་འོད་ཅན་ནོ།། ཞེས་བྱ ་བ་ནི་གོ་སླའོ།། དེ་རྣམས་ཕྱག་ན་ཅི་ཞིག་བསྣམས་ཤེ་ན་པདྨའི་མདའ་ལ་སོགས་པ་ཡོངས་སུ་འཛིནཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་དེ་དག་ཉིད་པདྨས་མཚན་པའི་རྡོ་རྗེ་མངའ་ལ ་སོགས་པ་བསྣམས་པ་པདྨའི་རིགས་ཀྱི་ཚུལ་གྱིས་ཕྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་གཤེགས་པའི་དབང་བསྐུར་བའི་འཆང་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་འཛིན་པའོ།། རལ་པ་དང་། ་ཅོད་པན་དང་། ན་བཟའ་དམར་པོ་འཆང་བ་ཞེས་བྱ་བ་ནི་གོ་བཱར་ཟད་དོ།། པདྨ་ཆེན་པོའི་སེམས་དཔའ་རྣམས་ཕྱུང་ནས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགསོ་ཞེས་བྱ་བ་ནི་པདྨ་ཆེན་པོའི་རིགས ་ཀྱིས་སེམས་དཔའི་ངོ་བོར་སེམས་དཔའ་དེ་རྣམས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཞལ་ནས་བྱུང་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིངས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ཡོངས་སུ་བསྐོར ་ནས་ཕྱོགས་དང་མཚམས་རྣམས་སུ་ཞུགས་པའོ།། བཅོམ་ལྡན་འདས་ནི་འཇིག་རྟེན་དབང་ཕྱུག་གོ།། དེ་ལྟར་ན་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགསོ་ཞེས་བྱ་བའི་བར་གྱི་ཏིང ་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། དེ་ནས་བསྡུ་བ་སྔོན་དུ་འགྲོ་བས་རང་གི་ཆོ་ག་རྣམས་རྗེསུ་སྦྱད་ནས། རྡོ་རྗེ་པདྨའི་ལྕགས་ཀྱུ་ལ་སོགས་པའི་ལྷས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས ་བ་དགུག་པ་དང་གཞུག་པ་དང་། དབང་དུ་བྱ་བ་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལིས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱསྲྀ་བཏབ་ལ་མངོན་པར་འདོད་པའི་དབང་བསྐུར་བའམ་པདྨའི ་ཕྲེང་བས་དབང་བསྐུར་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལས་རྣམས་ལ་སྦྱར་བར་བྱའོ།། དེ་ལ་ལས་ནི་འདི་དག་ཡིན་ཏོ། བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི ་སྔགས་བཟླས་ནས་འདི་སྐད་དུ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་དག་པར་མཛོད་ཅིག་ཅེས་བརྗོད་དོ།། དེ་ནས་པདྨའི་རྡོ་རྗེ ་ཡིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འངས་པདྨའི་རྡོ་རྗེ་ཡིད་ལས་བྱུང་བ་པདྨའི་འདོད་ཆགས་ཀྱི་མངའ་རྣམ་པར་དག་པའི་གནས་ལ་སེམས་ཅན་གྱི་ཁམས་རབ་ཏུ་འཇོག་པར་མཛོད་ཅིག་ཅེས་བརྗོད ་པར་བྱའོ།། པདྨ་ཀཱི་ལོ་ཀཱི་ལཱའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་པདྨ་ཀཱི་ལི་ཀཱི་ལཱི་ལ་སེམས་ཅན་གྱི་ཁམས་མ་ལུས་པ་པདྨའི་རིགས་པའི་གནས་རྣམ་པར་དག་པའི་གནས་ལྔ་འཇོག་པར་མཛོད་ཅེས་བརྗོད་དོ།། དེ ་བཞིན་དུ་པདྨའི་འབེབས་པའི་བར་གྱི་ཕྱག་རྒྱ་ཆེན་བློ་བཅིངས་ལ། དེཅོམ་ལྡན་འོངས་པདྨའི་འབེབས་པས་སེམས་ཅན་གྱི་ཁྲིམས་མཱ་ལྕེས་བླ་རང་བཞིན་གྱིས་འོད་གསལ་བྷའི་པདྨ་འབེབས་པའི་ཡེ་ཤེས་ཉིད་ཀྱི་དབང་དུ ་མཛོད་ཙོག་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ།། འདི་ནི་ལས་ཀྱི་རྒྱལ་པོ་མཆེ་ག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་བྱ་ཡིན་ནོ།། དེ་ལྟར་ཏིང་ངེ་འཛིན་གསུམ་བཤད་ནས་ད་ནི་དམ་ཚིག་དབ་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས ་བཟླས་བརྗོད་དང་བསྒོམ་པར་བྱའོ།། ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་ང་། སློབ་མ་འཇུག་པ་ལ་སོགས་པ་གསུངས་པ་ཡིན་ནོ།། ་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བོ་ཞེས་བྱ་བ་ནི་དབུལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ལྟར་འདིའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། དེའི་ནང ་དུ་སྔ་མ་བཞིན་དུ་ཀ་བ་བརྒྱད་ཀྱི་ཚུལ་གྱིས་པདྨ་འདབ་མ་བརྒྱད་པ་ལ་པདྨའི་ཕྲེང་བས་ཡོངས་སུ་བསྐོར་པོ་བྲི་བ་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་པདྨ་རྡོ་རྗེ་ཡིད་ལསོ་བྱུང་བ་དང་། པདྨ་ཀཱི་ལི་ཀཱི་ལ་དང་། པདྨ་དྲན་པ་དངོ་། པདྨ ་བསྙེམས་པའི་སྔགས་ཐིག་སྐུད་ལ་ལན་བརྒྱ་རྩ་བརྒྱད་བཟླས་ཤིང་། ཨོཾ་བཛྲ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་རྡོ་རྗེ་བསྡམས་པ་བཟུང་ལ་ཐིག་སྐུང་ལྔ་བརྒྱ་རྩ་བརྒྱད་བཟླ་བར་བྱའོ།། དེ་ནས་དེ་དཀྱིལ་འཁོར་ཐིག་གདབ་བོ།། དེ ་བཞིན་དུ་ཐམས་ཅད་དུ་ཡང་བདག་པོ་ལྔའི་སྔགས་བཟླས་པ་དེའི་རྗེས་ལ་ཐིག་གདབ་པའི་སྔགས་ཐིག་སྐུད་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་ཡིན་པར་ཤེས་པར་བྱའོ།། རྡོ་རྗེ་འཇིག་རྟེན་དབང་ཕྱུག་བཞག། པདྨས་མཚན་པའི ་ཚོགས་རྣམས་བྲི་ཞེས་བྱ་བ་ནི་དེ་ལྟར་དཀྱིལ་འཁོར་ཐིག་བཏབ་ནས། དེ་བཞིན་དུ་ཡང་བདག་པོ་ལྔའི་སྔགས་བཟླས་ལཱྀ། ཚོན་རྩེ་དགྱེ་བ་བྱས་ལ་བཅོ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དཀྱིལ་འཁོར་དབུས་སུ་ཇི་ལྟ ་བ་བཞིན་དུ་བཞག་ཅིང་བཞུགས་སུ་གསོལ་བ་པདྨའི་རྡོ་རྗེ་ཡིད་ལས་བྱུང་བ་ནས་པདྨ་འབེབས་པའི་བར་དུ་རང་རང་གི་གནས་སུ་ཇི་ལྟ་བོ་བཞིན་དུ་བྲེ་བར་བྱའོ།། ཨོཾ་ཧྲིཿབཾ་ཧོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པན ་གཞན་དག་གི་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་སྙིང་པོ་རྣམས་ཡིན་པར་ཤེས་པར་བྱའོ།། དེ་ནས་དཀྱིལ་འཁོར་བྲིས་ནས་སློབ་དཔོན་རྡོ་རྗེ་པདྨའི་ཕྱག་རྒྱ་དང་། བཛྲ་བཛྲ་ཞེས་བྱ་བ་རྡོ་རྗེ་ཤུགས་ཟློས་ཤིང ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་གླུ་ཡང་ལེན་ཅིང་འཇུག་པར་བྱའོ།། རྡོ་རྗེ་བསྣམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་བཅིངས་ལ་མཛུབ་མོ་གཉིས་བསྒྲེང་ལ་བཀུག་སྟེ། པདྨའི་འདབ་མོ་གཉིས་ཀྱི་ཚུལ་གྱིས་བཀན ་ཏེ་བཞག་ལ་སྙིང་གའི་ཕྱོགས་སུ་བཞག་པ་ནི་རྡོ་རྗེ་པདྨ་སྟེ་དཀྱིལ་འཁོར་དུ་འཇུག་པོའི་ཕྱག་རྒྱའོ།། འདྲིས་ཞུགས་པ་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དོ།། དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ།། དེ་ནས་བསྡུ་བ་བྱས ་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་ཡང་དག་པར་བསྟོད་ནུས། བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་སྤྱན་དྲང་བར་བྱའོ།། མཛུབ་མོའི་ལྕགས་ཀྱུ་གཉིས་ཀྱིས་ཞེས་བྱ་བ་ལ་འཇུག་པའི་ཕྱག་རྒྱའི་མཛུབ་མོ་གཉིས ་ཀྱིས་ལྕགས་ཀྱུ་གཉིས་བྱས་ལ་སྤྱན་དྲང་བའི་སྔགས་ཟློས་ཤིང་དེས་དགུག་པར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པཾ་ནཱི་གཽ་བར་ཟིང་ངོ་།། ཆོ་ག་རྒྱས་ཕྲ་ཐམས་ཅད་དེ་བཞིན་ནོ་ཞེས་བྱ་བྱ་ནི་རྡོ་རྗེ་སེམས་དཔའི་དཀྱིལྔ་འཁོར ་དུ་ཆོ་ག་ཐམས་ཅད་ཇི་ལྟོར་གསུངས་པ་འདིར་ཡང་དེ་བཞིན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་གཞུང་འདིས་སློབ་དཔོན་གྱིས་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། ་ཡང་འདིའི་དོན་བརྗོད་པར་བྱ་སྟེ་བདག་བསྲུང་བ་དང་གནས་བསྲུང་བ་བྱས་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་གསུང་གི་དཀྱིལ་འཁོར་སྤྲུལ་ཏེ། ཕྱག་འཚལ ་བ་ལ་སོགས་པ་བྱས་ནས་སྡོམ་པ་གཟུང་བར་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིངས་ལ་རྡོ་རྗེ་བསྡོམས་པ་སྙིང་གར་དུལ་བར་བྱའོ།། དེ་ནས་རྡོ་རྗེ་འབེབས་པས་བདག་ཉིད་ལ་དབབ་པར་བྱས་ལ་རོང་གི་སྙིང ་གར་ཕྱག་རྒྱ་དགྲོལ་བར་བྱས་ནས་རྡོ་རྗེ་ཁུ་ཚུར་གྱིས་ངམ་ཚིག་གི་ཕྱག་རྒྱ་བཅིང་སྲ་ལ་སྔ་མྱ་བཞིན་དུ་དང་པོའི་རྡོ་རྗེ་བཅིང་བར་བྱའོ།། དེ་ནས་རང་གི་སྙིང་གར་ཕྱག་རྒྱ་ཐམས་ཅད་དགྲོལ་བར་བྱས་ལ་སྡིག་པ་རྣམས་དྲལ་བར་བྱའོ།། ་དེ་ནས་རང་གི་སྙིང་གར་གོནས་པའི་རྡོ་རྗེ་པདྨའི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྙིང་པོ་ཨོཾ་དྷི་བཾ་ཧོ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ་དེ་ཉིད་ཡིད་ལ་ཟློས་ཤིང་སྐྱེ་བྷུ་བ་ཤུདྷ་སརྦ་དྷརྨྨ་ཞེས་བྱ་བོས་ཆོས་ཐམས་ཅད་བདག་མེད་པར ་བསྒོམ་པར་བྱའོ།། དེ་ནས་རང་གི་སེམས་དབྱིངས་ཀྱི་ཡི་གེ་བཅུ་དྲུག་སྙིང་པོ་དང་བཅས་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་བསམ་པར་བྱའོ།། དེའི་སྟེང་དུ་ཡི་གེ་ཀ་ལ་སོགས་པ་གསལ་བའི་སྙིང་པོ་དང་བཅས ་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོམ་པར་བྱའོ།། ཡང་དེ་ཉིད་དུ་སྙིང་པོ་དང་བཅས་པ་ལས་དང་པོའི་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེ་པདྨར་བསམས་ལ་དེའི་དབུས་སུ་སྙིང་པོ་བསམས་ཏེ། རྡོ་རྗེ་པདྨ་བདག་གོ་ཞེས་བསྒོམ་ཞིང་། ་པདྨ་ལས་པདྨའི་རིགས་སྦྲུལ་ལ་ངེས་འགྲོ་བ་ཐམས་ཅད་འདུལ་བར་བྱས་ནས། དེ་ཡང་པདྨ་དེར་ཡིད་ཀྱིས་བཅུག་ལ་པདྨ་དེ་རྡོ་རྗེ་སེམས་དཔའི་བྱིན་གྱིས་བརླབ་པའི་སྦྱོར་བས་དཔལ་རྡོ་རྗེ་སེམས་དཔའི་ཆོ་ག་རྣམ་པར་བསམས ་ལ་སྙིང་པོ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་བདག་ཉིད་རྡོ་རྗེ་སེམས་དཔར་བསམས་ནས་འདི་སྐད་ཅེས་བརྗོད་དོ།། མ་ཧཱ་ས་མ་ཡ་སཏྭ་ཧཾ། དེ་ནས་འཕགས་པོ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འདི་སྐད་བརྗོད ་དོ།། ས་མ་ཡོ་ཧཾ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱི་སྙིང་ག་དང་དཔྲལ་བ་དང་ལྐོག་མ་སྤྱི་བོར་བྱིན་གྱིས་བརླབས་ལ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བརྗོད་དོ།། དེ་ནས་སྙིང་པོ་ཟློས་ཤིང་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན ་པོ་བཅིང་བར་བྱའོ།། དེ་ནས་ན་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གའི་ཟློ་བར་ཡོད་ཀྱི་ཞུགས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དེ་བཞིན་དུ་བསྐྱེད་ལ། འཇུག་པའི་ཕྱག་རྒྱ་སྣ་མེ་ཏོག་གི་ཕྲེང ་བས་བླངས་ལ་འཇུག་པའི་ཆོ་གས་འཇུག་པར་བྱའོ།། དེ་ནས་རླུང་གི་མགོར་མེ་ཏོག་གི་ཕྲེང་བ་དོར་ལ་ལངས་ཏེ་ཇི་ལྕི་བ་བཅིངསཽ་ནས། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྣམས་རྗེས་སུ་སྦྱང་ལ། དཀྱིལ་འཁོར་དེ ་རང་གི་སྙིང་གའི་ཟླ་བར་བཅུག་སྟེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བསྒྲུབ་པའི་ཚུལ་གྱིས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱའོ།། དེ་ནས་དང་པོའི ་དེརྗེས་རྡོ་རྗེ་སྨྱེསསྟུ་ད་ལ་སོགས་བྱ་སྦྱིན་གྱིས་བརླབས་ནསདུས་ཀུནྡྷ་པ་རྡོ་རྗེ་བརྒྱལ་ཞུགས་ཀྱི་བདྨམྦྷ་ནྱ་ག་རྒྱས་ས་སྤྱད་བར་བྱ།། དེནས་ཁོན་ཉི་རྡོ་རྗེ་བདྨ་ག་དྷཱང་ང་ཚོ་རྒྱུ་དུ། ་དཀྲོལ་ལ་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ་སྙིང་པོ་ལན་གསུམ་བཟླ་བར་བྱའོ།། དེ་ནས་པདྨའི་མཚོནྡ་ཆ་མུ་ལ་སོགས་པ་ཕྱག་རྒྱའི་མཆོད་པོ་བཅུ་གཉིས་ཀྱིས་བདག་ཉིད་ལ་ཡང་དག་པར་མཆོད་ནས ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ་ཡིད་ཀྱིས་ན་མཁོའི་ཕྱོགས་སུ་གནས་ནས་རང་གི་སྙིང་པོ་བརྗོད་པར་བྱའོ།། དེ་ནས་དེ་ཉིད་དུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ན་མཁའ་ལྟར་མཐའ་ཡས་པའི་རང་གི་དཀྱིལ་འཁོར་བསྐྱེད་ལ་ལྷ་ཐམས་ཅད ་ཀྱི་གནས་སུ་ཧྲི་ལས་སྣ་ཚོགས་པདྨའི་གདན་བསྐྱོད་དེ། ཏིང་ངེ་འཛིན་གསུམ་ནས་བརྩམས་ཏེ་ཇི་སྲིད་དཀྱིལ་འཁོར་མངོན་དུ་མཐོང་བ.རོ་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ།། དེ་ནས་སྔར་བཤད་པ་བཞིན ་དུ་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ་ཆོ་ག་རྣམས་དེ་བཞིན་དུ་རྗེས་སུ་སྤྱད་ཅིང་རྡོ་རྗེ་འཁོར་ལོས་རང་གི་དཀྱིལ་འཁོར་ན་མཁའ་དང་མཉམ་པ་དེ་བཞིན་དུ་བསྐྱེད་ནས་སྣ་ཚོགས་པདྨའི་གདན་ན་མཁའ་ལྟར་མཐའ་ཡས ་པར་འདུག་སྟེ་སྔ་མ་བཞིན་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ།། དེ་ནས་ངོ་བཞིན་དུ་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱས་ནས་ཏིང་ངེ་འཛིན་གསུམ་པོ་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག ་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྙིང་པོ་བརྗོད་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་དུ་བདག་ཉིད་ལ་གསོལ་བ་བཏབ་བྱར་བསམ་པར་བྱའོ།། དེ་ནས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ ་སྤྱད་ལ་རང་གི་དམ་ཚིག་གིས་ཕྱག་རྒྱས་བཅིངས་ཏེ། ཨོཾ་དྷི་བཾ་ཧོ་བཛྲོད་ཏིཥྛ་མཎྜ་ལ་ཨུད་ཟ་བ་ཡང་ཞེས་ཟློས་ཤིང་། དཀྱིལ་འཁོར་བཏེག་ལ་ན་མཁའི་ཕྱོགས་སུ་བཞག་སྟེ་བདག་ཉིད་དེ་ཉིད་ཀྱི་རང་གི་དམ་ཚིག་གི་ཕྱག་རྒྱས ་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས།། ཀུནྡ་ཏུ་རྣམ་པར་བལྟས་ནུས་ནི།། སྙིང་པོ་སྣང་དག་ཟློས་བྱེད་ཅིང་།། བསྒྱིངས་པའི་ཚུལ་གྱིས་ཡོངསུ་བསྐོར།། དེ་ནས་རྡོ་རྗེ་སེམས ་དཔའི་དཀྱིལ་འཁོར་ཆེན་པོར་སྔར་བཤང་བའི་སྔར་གྱི་ཚི་ག་རྣམས་རྗེས་སུ་སྦྱད་ལ་དཀྱིལ་འཁོར་ཐིག་གདབ་སྟེ་བྲིས་ནས། འཇིག་རྟེན་དབང་ཕྱུག་འཁོར་དང་བཅས་པ་སྔར་བཤད་པའི་སྙིང་པོས་གནས་ཇི་ལྟ་བ ་བཞིན་དུ་དགོད་པར་བྱའོ།། དེ་ནས་སྒོ་ཕྱེ་ལ་པདྨའི་ཁུ་ཚུར་གྱིས་པདྨའི་ལྕུག་མ་ལུས་བུམ་པ་དང་བུམ་པ་གང་བ་ལ་དེ་བཞིན་དུ་བཟླས་ཏེ་ལྷ་རྣམས་ད་ཡ་དབུལ་བར་བྱའོ།། དེ་ནས་མཆོད་པ་རྣམ་པ་ལྔ་དང་མཆོད་པ་ཐད ་ཀྱིས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཡང་དག་པར་མཚོ་ང་ལ། རྡོ་རྗེ་གནོད་སྦྱིན་ལ་སོགས་པ་བཟླས་པའི་གོས་དམར་པོས་སྨད་གཡོགས་དང་སྟོང་གཡོགས་བྱས་ལ། ཕྱག་བྱ་བ་ལ་སོགས་པའི་ཚེ ་ག་རྗེས་སུ་སྦྱང་ན་སྡོམ་པ་བླངས་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་གཡས་པའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་གཟུང་ལ་རང་གི་སྙིང་གའི་ཕྱོགས་སུ་འཛིན་ཅིང་རང་གི་སྙིང་གའི་ཟླ་བ་རྡོ་རྗེ་པདྨའི་སྙིང ་གའི་ཟླ་བར་རྡོ་རྗེ་པདྨའི་སྙིང་པོ་འདིས་བསྒོམ་པར་བྱའོ།། སུ་ར་ཏོ་ས་མ་ཡསྟྭཾ་ཧ་བཛྲ་སིདྡྷ་ཡཱ་ཐཱ་སུ་ཁཾ། དྭེ་ནས་ཤར་ཕྱོགས་ཀྱི་སྒོ་ནས་བལྟས་ཏེ་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ་འཇུག་པའི་ཕྱག ་རྒྱས་བཅིངས་ཏེ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ་བཛྲ་བཛྲ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་འཇུག་པའི་གླུ་ཟློས་ཤིང་རང་གི་ཆོ་གས་སྔ་མ་བཞིན་དུ་འཇུག་པར་བྱའོ།། དེ་ནས་རང ་གི་ཆོ་ག་རྗེས་སུ་སྦྱང་ལ་པདྨའི་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ་དེ་ནས་ངེས་བདག་ཉིད་ཇི་ལྟ་བ་བཞིན་དུ་དབང་བསྐུར་ལ། འོད་དཔག་ཏུ་མེད་པའི་དབང་བསྐུར་བ་དང་། པདྨའི་དབང་བསྐུར་པ་ཡང ་བླངས་ལ་འོད་དཔག་ཏུ་མེད་པ་དང་། པདྨའི་ཕྲེང་བ་དག་དང་ལྡན་པའི་ཅོད་བྲནྡ་གྱིས་དབྱུང་བསྐུར་ནསྐུ་རྡོ་རྗེ་པདྨ་དང་། བདག་པོ་དང་མིང་གིས་དབང་བསྐུར་བས་དབང་བསྐུར་ཏེ། དེ་བཞིན་དུ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས ་བླང་བར་བྱའོ།། དེ་ནས་དེ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་པདྨ་གཟུང་ལ་ཆོས་ཀྱི་དྲིལ་བུ་དགྲོལ་ལོ་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་སྙིང་པོ་བཟླ་བར་བྱའོ།། དེ་ནས་མཆོད་པ་རྣམ་པ་ལྔ་དེང་། པདྨའི་མཛིན ་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱི་གང་བདག་ཉིད་ལ་མཆོད་ནས་བཅོམ་ལྡན་འདས་ལས་ཚིགས་སུ་གཅད་པ་ལྔས་རྗེས་སུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུ་སྟན་པ་དང་། རང་གི་སྔགས་གཟུང་བ ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་ཉེ་བར་བསྟན་པ་དག་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་བླངས་ནས་ཡང་དེ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཏེ་རང་གི་མིང་ནས་བརྫ་ལ་རྡོ་རྗེ་བསྒྲུབ་པར་བྱའོ།། དེ་ནས ་པདྨའི་སློབ་དཔོན་གྱིས།། སེམས་དཔའི་རྡོ་རྗེ་ལྕགས་ཀྱུ་བཅིང་།། སེ་གོལ་མངོ་བོ་གདབ་བྱས་ནས།། སངས་རྒྱས་ཐམས་ཅད་བསྡུ་བོར་བྱ།། དེ་ནས་མཚན་བརྒྱ་རྩ་བརྒྱང་བས་བསྟོད་པར་བྱས་ལ་སྔར་བཤད་པའི་ལྕགས་ཀྱུས་བཅོམ ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། རྡོ་རྗེ་གནོད་སྦྱིན་དང་། ཁུ་ཚུར་དང་བསྲུང་བས་ལས་རྣམས་དེ་བཞིན་དུ་བྱས་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རང་གི་སྔགས་ཀྱིས་མཆོད་ཡོན་ཕུལ ་ལ། ངམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅོས་པ་ལ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དབང་བསྐུར་ནས་ཡང་མཆོད་ཡོན་ཕུལ་ལ་མཆོད་པ་རྣམ་པ་ལྔ ་ངང་པདྨའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲོསྲེག་བྱའོ།། དེ་ནས་ཡང་བཅོམ་ལྡན་འདས་ལ་མཆོད་ནས་རྣམ་པར་སྒེག་པའི་དགའ་བའི ་རྡོ་རྗེ་ཕྱུག་བཞིས་ཀྱང་ཕྱུག་བྱས། ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་བྱུག་བྱས་ལ་འད་སྐད་དུ། སྲིད་པའི་སྦྱོར་བ་རྣམ་དག་ཕྱིར་ཞེས་བྱ་བ་ལ ་སོགས་པ་བརྗོད་དོ།། དེ་ལྟར་བཀའ་ནོས་ནས་སློབ་མ་གཞུག་པར་བྱའོ།། སློབ་དཔོན་གྱི་ལུས་ཀྱི་ཆོ་ག་རྫོགས་སོ།། ། དེ་ནས་བསླབ་པའི་གཞི་ལྔ་ཡོངསུ་གཟུང་བ་འམ་དགེ་སློང་མ་འམ། དགེ་སློང་གི་བསླབ་པ ་ཡོངས་སུ་མ་གཟུང་བ་སྡོམ་པ་དོན་དུ་གཉེར་བ་དག་སྡོམ་པ་འཛིན་དུ་གཞུག་གོ།། དེ་ནས་དེའི་སྙིང་གར་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བཞག་ལྔ་དེ་བཞིན་དུ་རྡོ་རྗེ་པདྨ་བསྐྱེད་པར་བྱའོ།། དེ་ནས་སློབ་མ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དུ་བྱིན་གྱིས ་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས་དེ་ཡོན་གྱིས་མཆོག་བླངས་ནས། ཤར་གྱི་ཕྱོགས་ཀྱི་སྒོར་ཁ་བལྟས་ཏེ་ཕྱི་རོལ་ནུ་གནས་པའི་བུམ་པའི་ཆུས་དབང་བསྐོར་ལ་རང་གི་འཇུག་པའི་ཆོ་གས་གཞུག་པར་བྱའོ།། དེ་ནས་ངོའི་རྣམ ་བར་འདོད་ཆགས་དང་བྲལ་བ་ཞེས་བྱ་བ་ནས་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ།། དེ་ནས་ཆོ་ག་ལྷག་མ་རྣམས་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བཤད་པ་ལས་ཤེས་པར་བྱའོ།། སློབ་མ་འཇུག་པ་ལ་སོགས ་བའི་ཆོ་ག་རྫོགས་སོ།། ། དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དངོ་།། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་བཤད་པས་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས ་ཐོབ་པར་བྱའོ།། ཞེས་བྱ་བའི་དོན་བསྟན་པའི་ཕྱིར་སྒྲུབ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དེ་སྒྲུབ་པ་ནི་སྒྲུབ་པའི་ཐབས་སོ།། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་ལ་བཤད་པའི་དངོས་གྲུབ་ཇི་སྐད ་བཤད་པ་དེ་ཐམས་ཅད་བསྟན་པའོ།། འདི་སྐད་སྟོན་ཏེ་བདག་བསྲུང་བ་དང་གནས་བསྲུང་བ་བྱས་ལ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ལུགས་མ་འམ་བརྐོས་མཱ་ལ་སོགས་པ་མདུན་དུ་བཞག་སྟེ། གསུམ་ལྔ་སྐྱབས་སུ་འགྲོ་བ་དང་། ་བྱང་ཆུབ་ཀྱི་སེམས་བླངས་ལ་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡམས་པ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་དཀྲོལ་ལོ།། དེ་ནས་རྡོ་རྗེ་དབབ་པ་བསྐྱེད་ལ་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དེ་བཞིན་དུ་དཀྲོལ་ཏེ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི ་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་བཟླས་པར་བྱ་བའི་སྔགས་བསྣམས་ཏེ། ཆོས་ཐམས་ཅད་བདག་མེད་པ་ལ་སོགས་པ་བསྒོམས་ལ་དམ་ཚིག་སེམས་དཔར་བྱིན་གྱིས ་བརླབ་པའི་བར་གྱི་ཆོ་ག་རྫོགས་པར་བྱས་ནས། ཕྱག་རྒྱ་ཆེན་པོ་བཅིངས་ནས་ཡེ་ཤེས་སེམས་དཔའ་རང་གི་ལུས་ལོ་བཅུག་ལྔ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་སྟེ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པ་ནས་དེ་བཞིན་གཤེགས་པ ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ།། དེ་ནས་དེ་རྣམས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ནས་དང་པོའི་རྡོ་རྗེས་དེ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས ་བའི་སྐུའི་མཆོག་བཅིངས་ཏེ་འོད་དཔག་ཏུ་མེད་པས་དབང་བསྐུར་ལ། པདྨའི་ཕྲེང་བའི་རིགས་པས་པདྨ་འི་ཕྲེང་བའི་དབང་བསྐུར་བ་ཡང་བླངས་ལ་རྡོ་རྗེ་པདྨའི་བདག་པོ་དང་། མིང་གི་དབང་བསྐུར་བ་ཡང་བླངས ་ཏེ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་གཟུད་ནས་པདྨའི་མཚོན་ཚྭ་མ་ལ་སོགས་བིའི་གསང་བའི་མཆོད་པ་བཞིས་བདག་ཉིད་མཆོད་ལ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་བཞིས་ཕྱག་བྱས་ནས་རྡོ་རྗེ་པདྨ་དེ་ཁོ་ན་ཉིད་ཀྱི ་གཟུང་ལ། ཆོས་ཀྱི་པདྨའི་དྲིལ་བུ་དཀྲོལ་ཏེ་དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས། རང་གི་སྙིང་པོ་ལན་གསུམ་བཟླས་ནས་རང་གི་སྙིང་གའི་གནས་པའི་རྡོ་རྗེ་པདྨ་ལ་བཟླས་པོར་བྱ་བའི་སྔགས་ཡིད་ཀྱིས་བྲིས ་ཏེ། རྡོ་རྗེ་ཏིང་ངེ་འཛིན་གྱི་ཚིག་གིས་ཟློས་ཤིང་བཟླས་པའི་དོན་གྱིས་བདག་ཉིད་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དུ་བསྒོམ་པར་བྱཱ་སྟེ་ཟླ་བ་གཅིག་གམ། ཟླ་བ་དྲུག་གཱམ། ལོ་གཅིག་གམ་དུས་ཇི་སྲིད་ཀྱི་བདོག་ཉིད་རང་གི་ལྷའི་སྐུར་མངོན ་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བསྒོམ་པར་བྱའོ།། དེ་ནས་ཟླ་བ་ཕྱེད་ཙམྲ་བསྒོམས་ནས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དུ་འགྱུར་རོ།། དེ་བཞིན་དུ་དངོས་གྲུབ་གཞན་དག་བསྒྲུབ་པ་ལ་ཡང་སྔ་མའི་རྗེས་སུ་འབྲངས ་ནས་ཤེས་པར་བྱའོ།། དེ་ནས་མ་བསྒྲུབས་པ་ནི་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ།། སྒྲིབ་པ་ཐམས་ཅད་རྣམ་པར་སྦྱང་བ་ལ་ནི་པདྨ་ཆེན་པོས་སོ།། ཞེས་བྱ་བ་ལ་ནི། དེ་བཞིན་དུ་རྡོ་རྗེའིཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས ་ལ་ཐུལ་མོ་ཁོང་སྟོང་བཅིངས་ཏེ་མཐེ་བོ་གཉིས་དང་མཐེ་ཆུང་གཉིས་ཕྱེ་ལ་པདྨ་འདབ་མ་བཞི་པའི་ཚུལ་དུ་སྙིང་གར་བཞག་པ་འདིས་ནི་པདྨ་ཆེན་པོའོ།། འདྲི་བཅིངས་ནས་སྭ་བྷཱ་བུ་ཤུདྡྷོ་མ་ཧཱ་ཞེས་བྱ་བའི་སྙིང་པོ་འདི་ཟློས་ཤིང ་བསྒོམས་ན་དེ་ལྟ་བུས་ནི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བར་འགྱུར་རོ།། ཐམས་ཅད་བསྲུང་བ་ལ་ནི་པདྨའི་གཙུག་ཏོར་གྱིསོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་པདྨ་ཆེན་པོའི་ཕྱག་རྒྱས་བཅིངས ་ཏེ་སྤྱི་བོར་བཞག་ལ་ཡིད་ཀྱིས་གྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ། བསྒྲུབ་པར་བྱ་བ་སྐྱེས་བུ་ཆེན་པོའི་མཚན་སྤྱི་གཙུག་ལྟར་མི་མངོན་པ་དང་ལྡན་པའི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དུ་བསྒོམ་པར་བྱ་སྟེ་དེ་ལྟ་བུས་ནི་ཐམས་ཅད ་བསྲུང་བར་འགྱུར་རོ།། ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་པདྨ་ལྔ་བལྟས་པོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་རང་གི་སྙིང་གེའི་ཕྱོགས་སུ་པདྨ་ཆེན་པོ་བཅིངས་ཏེ། དེ་ཉིད་ལ་རྡོ ་རྗེའི་ལྟ་བས་བལྟ་ཞིང་པདྨའི་འདབ་མ་ཁ་ཕྱེ་བ་ལ་སོགས་པས་རང་ཉིད་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར་པོ་དང་། པདྨ་དམར་པོའི་འོད་ཟེར་གྱི་ཚོགས་ཀྱིས་བསྒྲུབ་པར་བྱ་བ་ཀུན་ཏུ་བཀང་ཞིང་ཁ་དོག་དམར་པོར་བྱས་ལ ་རྗེསུ་ཆགས་པར་བསམས་ཏེ། དེ་ལྟ་བུས་ནི་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ།། ཐཾད་དག་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་པདྨ་ཁ་འབྱེད་པསོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱོས་ལ ་པདྨ་ཆེན་པོ་བཅིངས་ཏེ། དེའི་སོར་མོ་ཐམས་ཅད་ཀྱིས་པདྨ་ཁ་ཕྱེ་བ་བྱས་ལ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམ་ཞིང་། བདག་ཉིད་པདྨ་ཁ་འབྱེད་པའི་ཚུལ་གྱིས་གནས་ཤིང་འཇིག ་རྟེན་དབང་ཕྱུག་ཏུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་དག་པའི་ཏིང་ངེ་འཛིན་ཐོབ་པོར་འགྱུར་རོ།། བུད་མེད་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨ་ཆེན་པོའི་འདོད་ཆགས་ཀྱིས་སོ་ཞེས་བྱ་བོ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང ་ཕྱུག་གི་སྦྱོར་བ་བྱས་ལ། རང་གོ་སྙིང་གའི་ཕྱོགས་སུ་པདྨ་ཆེན་པོ་བཅིངས་ཏེ་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་རྒྱབ་ཏུ་སྦྱར་ལ་གུང་མོ་དང་མཐེ་བོང་གཉིས་གཞིབས་ལ་མིག་འབྲས་ཀྱི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་སྤྱན་པདྨ་རི་འདོད ་ཆགས་ཞེས་བྱ་བ་ཡིན་ཏེ་འདི་བཅིངས་ལ་པདྨ་རྡོ་རྗེ་ཡིད་ལས་བྱུང་བ་ཁ་དོག་དམར་པོ་བདག་ཉིད་བསྒོམ་ཞིང་པདྨ་དམར་པོའི་འོད་ཀྱི་ཚོགས་ཀྱིས་བསྒྲུབ་པར་བྱ་བའི་གནོད་སྦྱིན་མ་ལ་སོགས་པའི་གཟུགས་ཀུན་ཏུ་གང་བ་བྱ ་ཞིང་ཁ་དོག་དམར་པོར་བྱས་ནས་འོད་ཀྱི་ཚོགས་དེ་ཡང་དྲངས་ལ་རང་གི་ཚོགས་དེ་ཡང་དྲངས་ལ་རང་གི་རྐང་པའི་དྲུང་དུ་བཞག་ནས། ལུང་ནོད་པ་ལ་འབད་པས་རབ་ཏུ་གླདུག་ཅིང་བདག་ཉིད་དང་ནོར་གྱི་ཕྱོགས་པར་བྱེད་ཅིང ་དབང་དུ་གྱུར་པར་བསམ་པར་བྱ་སྟེ་དེ་ལྟ་བུས་ནི་བུད་མེད་ཐམས་ཅད་དབང་དུ་འགྱུར་རོ།། སྐྱེས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨའི་དབང་གིས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལོ་པདྨ་ཆེན ་པོ་བཅིངས་ཏེ་མཛུབ་མོ་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱའོ།། བདག་ཉིད་ཀྱང་པདྨ་ལེགས་པའི་སྐུ་ཁ་དོག་དམར་པོ་བསམས་ལ་བསྒྲུབ་པར་བྱ་བ་པདྨ་དམར་པོའི་འོད་ཀྱིས་བཀང་སྟེ་བཀུག་ནས་རང་གི་རྐང་མཐིལ་འདུད་པར་བྱས་ཏེ། དེ་ལྟ་བུས ་ནི་སྐྱེས་པ་ཐམས་ཅད་དབང་དུ་འགྱུར་རོ།། རྨི་ལམ་གདབ་པ་ལ་ནི་པདྨ་ཆེན་པོ་དམར་པོས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་སྤྱན་དྲངས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པ་ཇི ་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ་མཚན་ཕྱེད་ཀྱི་དུས་སུ་པདྨ་ཆེན་པོ་བཅིངས་ལ། དཔྲལ་བའི་ཕྱོགས་སུ་བཞག་ལ་འདི་སྐད་དུ། བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་བདེན་པ་གང་གིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཡིན ་པའི་བདེན་པ་དེས་མངོན་པར་འདོད་པའི་དོན་དེ་རྨི་ལམ་དུ་མཐོང་ཞིང་སྟོན་པར་མཛོད་ཅིག་ཅེས་བརྗོད་ལ། དེ་ནས་ཇི་སྲིད་ཡིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་སྙིང་པོ་བཟླ་བར་བྱའོ།། དེ་ནས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་དེ་ཉིད་ལ་གསོལ ་བྱ་འདེབས་ཤིང་གཡས་ལོགས་ཕབ་སྟེ་ཉལ་ན་ཐམས་ཅད་སྟོན་པར་མཛད་དོ།། བཅོམ་ལྡན་འདས་ལས་མཆོག་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་པདྨ་རྨོངས་པ་མེད་པས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི ་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་མདུན་དུ་སྤྱན་དྲངས་ཏེ། ཆོ་ག་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྗེས་སུ་སྤྱང་ལ་པདྨ་ཆེན་པོ་བཙོངས་ཏེ། གཡོན་པའི་མཐེ་བོང་དང་མཛུབ་མོ་སྐྱེ་གནས་སུ་བྱས་པར་གཡས་པའི་མཐེ་བོའི་མཚན་བཅུག་ལ ་མཆོག་གསོལ་བ་འདེབས་པའི་བསམ་པས་སྙིང་པོ་བཟླ་བར་བྱ་སྟེ། དེ་ལྟ་བུས་མཆོག་ཐམས་ཅད་ཐོབ་པར་འགྱུར་རོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ། ་གཉིས་པ་རྩུ་བའི་རྒྱུད་ལས། བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་རྟོག་པའི་རྒྱལ་པོ་རྫོགས་སོ།། ། དེ་ལྟར་ལོག་པར་ལྟ་བ་སྤང་བའི་ཕྱིར་པདྨའི་རིགས་བསྟན་ནས། དྲ་ནི་སེར་སྣ་སྤང་བའི་ཕྱིར ་རིན་པོ་ཆེའི་རིགས་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ།། འདིར་དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི ་དཀྱིལ་འཁོར་ཆེན་པོར་བཤད་པ་ཡིན་ནོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ།། འཇིག་རྟེན་གསུམ་པོ་མ་ལུས་པའི་བ་དག་པོ་ཞེས་པ་པ་ནི་ཕྱོགས་བཅུ་ན་གནས་པའི་ཁམས་གསུམ་པ་ཐམས་ཅད་ཁམས་གསུམ་པ ་མ་ལུས་པའོ།། དེའི་བདག་པོར་གྱུར་པ་ནི་ཁམས་གསུམ་པ་ཐམསོ་ཅང་ན་སྦྱོད་བའི་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པས་ཆོས་ཀྱི་རྒྱལོ་སྲིང་ཐོབ་པའི་ཕྱིར་རོ།། ཁམས་གསུམ་པ་དེར་རང་དབང་ཐོབ་པས་ན་དབང་ཕྱུག་གོ།། དེ ་བཞིན་གཤེགས་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། བསམ་པ་ཐམས་ཅད་རྫོགས་པའི་རིན་ཆེན་ཞེས་བྱ་བ་ལ་སོགས་པ་རིན་པོ་ཆེའི་རིགས་རྣམས་ཐོབ་པར་སྲིང་པོ་ནི་བསམ་པ་ཐམས་ཅད་།། དེས་འདུལ་བའི་སེམས་ཅན་གྱི་ཁམས ་ལྔ་རིན་པོ་ཆེའི་རིགས་གྲུབ་པ་དེ་ལ་ཀུན་ནས་ཡོངས་སུ་བསྐྱེད་ཅིང་རྫོགས་པར་མཛད་པ་ནི་ཡོངསུ་རྫོགས་པའོ།། དེའི་དོན་གྱི་རྡོ་རྗེ་རིན་པོ་ཆེའི་རྩེ་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པ་ཡིང་བཞིན་གྱིས་ནོར་བུ་རིན་པོ་ཆེའོ།། དེ་ལས་བྱུང་བ་ནཱི་རཱིན་པོ་ཆེའི ་རིགས་ཀྱི་ཚུལ་གྱིས་དབང་བསྐུར་བའི་ཕྱག་རྒྱ་ནི། རྡོ་རྗེ་རིན་ཚུན་གྱི་དབང་བསྐུར་བའི་ཕྱག་རྒྱའོ།། གང་ཡང་མིང་དེ་སྐད་ཅེས་བཏགས་ཤིང་དེ་ལ་དམིགས་པའི་ཏིང་ངེ་འཛིན་དེ་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ།། རྡོ་རྗེ་རིན ་པོ་ཆེ་དབང་བསྐུར་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ་སྙོམས་པར་ཞུགས་ཤིང་མངོན་དུ་མཛད་དེ། ནོར་བུའི་རིགས་ཀྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ།། རང་གི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནི་བཤད ་ཟིན་ཏོ།། འགྲོ་བ་ཞེས་བྱ་བ་ལ་སོགས་པ་ལ་འགྲོ་བ་ནི་སེམས་ཅན་གྱི་ཁམས་རྣམས་སོ།། ངོའི་འབྱོར་པ་ནི་རྣམ་པར་འབྱོར་ཅིང་ཕུན་སུམ་ཚོགས་པ་སྟེ་ནོར་བུའི་རིགས་གྲུབ་ཅེས་བྱ་བའི་ཐ་ཚིགོ།། དེ་ལྟ་བུའི་དོན་དུ་ནོར་བུའི་རིན་པོ་ཆེའི ་རིགས་ཀྱི་མཆོག་བསྐྱེད་པར་མཛོད་ཅིག་པ་ནི་ཉིད་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་བྱུང་བར་གསོལ་ཞེས་པའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསོལ་བའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས ་རྡོ་རྗེ་འཆང་ཆེན་པོས་རིག་པ་གསུང་སོ།། ཞེས་བྱ་བར་སྦྱོར་རོ།། ཅི་ཞིག་མཛད་ནས་ཤེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པོ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་ནི་ནོར་བུའི ་རིགས་ཏེ་དེ་ཉིད་དམ་ཚིག་གོ།། རབ་ཏུ་བཞག་པ་ནི་ཁམས་གསུམ་པའི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱ་བའི་ཕྱིར་ཕྱི་མའི་མཐར་ཐུག་པ་མེད་པར་བཞག་པའོ།། དེའི་དོན་དུ ་རྗེ་ལྟར་མི་ཕྱེད་པ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་བའི་རྣམ་པར་གནོན་པས་ནོར་བུའི་རིགས་ཡང་དག་པར་སྟོན་པས་དོན་ཐམས་ཅད་དེ། དེ་ནི་དེ་བཞིན་གཤེགས་པ་ཐམོས་ཅོད་ཀྱི་དབང་བསྐུར་བ་ལ་རབ་ཏུ་བཞག་པ་རྡོ་རྗེ་ཞེས་བྱ་བའི ་རྣམ་པར་གནོན་པ་མཛད་ནས་རྡོ་རྗེ་རིན་པོ་ཆེའི་ནོར་བུའི་རིགས་ཀྱིས་རྒྱལ་མཚན་ཏེ། མཚན་མ་གང་ཡིན་པའི་རིག་པ་དེ་ལ་མིང་དེ་སྐད་ཅེས་བྱ་སྟེ་རྡོ་རྗེ་རིན་པོ་ཆུའི་རྒྱལ་མཚན་ཞེས་བྱ་བའི་རིགས་པ་དེ་གསུངས་པ་ནི་བཀའ་གསོལ་བ ་སྟེ། ཨོཾ་ལི་ཊི་བ་བེ་ཌ་ཊེ་ཏྲཾ་ཞེས་བྱ་བའོ།། བཅོམ་ལྡན་འདས་ཀྱིས་དབང་བསྐུར་བའི་བདེ་བ་ཆེན་པོ་རྡོ་རྗེ་ལས་བྱུང་བ་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་མཛོད་སྤུའི་ཕྱོགསོ་ནས་ཇི་སྐད་དུ་བཤད་པའི་མཚན་ཉིད་དང་ལྡན་པའི ་ནོར་བུ་རིན་པོ་རྗེ་སྟེ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བྱུང་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཕྱག་གཡོན་པར་རབ་ཏུ་གནས་སོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་ཀྱི་ཕྱག་གཡོན་པར་གནས་པའི ་རྡོ་རྗེ་རིན་པོ་ཆེ་དེ་ལས་སོ།། ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་བས་ན་དག་པའོ།། ཁ་དོག་ཇི་ལྟ་བུ་ཞེ་ན་མཚང་རྙོག་པ་མེད་པའི་མདོག་ཅན་ནོ་ཞེས་བྱ་བ་གསུངས་ཏེ། རྙོག་པ་ནི་དྲི་མ་དང་བཅས་པའོ།། རྙོག་པ་དང ་བྲལ་བ་ནི་རྙོག་པ་མེད་བྱའོ།། མརྒད་ནི་རིན་པོ་ཆེའོ།། དེ་དང་མདོག་འདྲ་བ་གང་ཡིན་པ་དེ་ནི་མརྒད་རྙོག་པ་མེད་པའི་མདོག་ཅནྡ་ཏེ། པྲཱི་ཡང་ཀུ་ལྟར་མདོག་ལྗང་སེར་ཞེས་བྱ་བའི་ཐ་ཚིག་གོ།། རྡོ་རྗེ་རིན་པོ་ཆེའི་རང་གི་འོད་ཟེར་གྱིས་དབང ་བསྐུར་བ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་རང་གི་འོད་གང་ཡིན་པ་དྲིས་དབང་བསྐུར་བའི་ཅོད་པན་གང་ལ་མངའ་བ་དེ་ནི་རྡོ་རྗེ་རིན་པོ་ཆེའི་རང་གི་འོད་ཟེར་གྱིས་དབང་བསྐུར་བྱ་སྟེ་རྡོ་རྗེ་རིན་པོ་ཆེའི་འོད་ཟེར་ལས་གྲུབ་པའི་རྡོ་རྗེ་རིན་པོ་ཆེའི ་ཅོད་པན་གྱི་དབང་བསྐུར་བ་ཡིན་ནོ་ཞེས་སྟོན་ནོ།། དེ་མཚོན་ཆ་ཅི་ཞིག་བསྣམས་ཞེ་ན། ནོར་བུ་རིན་པོ་ཆེའི་མངའ་ལྔ་སོགས་པའི་མཚན་མ་ཡོངསུ་བསྣམས་པ་ཞེས་བྱ་བ་སྨོས་ཏེ་རྡོ་རྗེ་ཡིད་ལས་བྱུང་བ་དེ་དག་ཉིད་རང་གི་མཚན་མ་ནོར ་བུས་མཚན་མུ་ཐོགས་ཏེ་བྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། བྱུང་ནས་གླང་དུ་བཞུགས་ཤེ་ན། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུག་སོ།། ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ ་འཁོར་ཆེན་པོའི་དབྱིངས་ཀྱི་བཅོམ་ལྡན་འདས་འཕགས་པ་ན་མཁའི་སྙིང་པོས་ཡོངསུ་བསྐོར་ཏེ་བཞུགསོ།། དེ་ལྟར་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ་དཀྱིལ་འཁོར་ཆེན་པོས་བཞུགསོ་ཞེས་བྱ་བའི་བར་གྱིས་བཤད་པས་ཏིང ་ངེ་འཛིན་གཉིས་པོ་བཤད་པ་ཡིན་ནོ།། དེ་ནས་བསྡུ་བ་བྱའོ།། དེ་ནས་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྦྱང་ལ། རིན་པོ་ཆེ་ལྕོགས་ཀྱུ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅོས་པ་དགུག་པ་དང་། གཞུག་པ ་དང་བཅིང་བ་དང་། དབང་དུ་བྱས་ལ་དམ་ཚིག་ཕྱག་རྒྱས་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལུས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ནས་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ནས་ལས་ལ ་སྦྱར་བ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་ནོ།། དེ་ནས་ལས་རྣམས་བཤད་པར་བྱ་སྟེ་བཅོམ་ལྡན་འདས་འཕགས་པ་ན་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཅོམ་ལྡན་འདས་ན་མཁའི་སྙིང ་པོ་སེམས་ཅན་གྱི་ཁམས་ཐམས་ཅད་རང་གི་དབང་བསྐུར་བས་དབང་བསྐུར་བར་མཛོད་ཅིག་ཅེས་བརྗོད་པར་བྱའོ།། དེ་བཞིན་དུ་ནོར་བུ་རིན་པོ་ཆེ་འབེབས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཅོམ་ལྡན་འདས་ནིར་བུ་རིན་པོ་ཆེ་འབེབས ་པ་སེམས་ཅན་གྱི་ཁམས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའི་ནོར་བུ་རིན་པོ་ཆེ་འབེབས་པའི་ཡེ་ཤེས་ཀྱི་དབང་དུ་མཛོད་ཅིག་ཅེས་བྱ་བའི་བར་དུ་བརྗོད་པར་བྱའོ།། དེ་ལྟར་ཏིང་ངེ་འཛིན་གསུམ་བཤད་ནས། ད་ནི་དམ་ཚིག ་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱི་བཟླས་པ་དང་བསྒོམ་པར་བྱའོ།། ཞེས་བྱ་བ་འདི་ནི་བྱ་བ་བསྟན་པའི་ཕྱིར། དེ་ནས་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པའི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས ་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ།། དཀྱིལ་འཁོར་ཞེས་བྱ་བ་ནི་འབྱུང་སྟེ་ཞེས་བྱ་བར་དོན་གྱི་སྦྱར་རོ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ ་འཁོར་ཆེན་པོའི་དབྱིངས་ཀྱིས་སོ།། དཀྱིལ་འཁོར་ཐམས་ཅད་ཐིག་གླང་བ་བོ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་ཐིག་གདབ་བོ་ཞེས་བྱ་བའི་ཐ་ཚིག་གོ།། ནང་གི་དཀྱིལ་འཁོར་ནི་དུམ་བུ་དང་པོ་ལྔས་བཤུང་བའི་ནོར་བུ་རིགས་ཀྱི་དཀྱིལ་འཁོར་ལྟར་ཤེས ་བར་བྱ་སྟེ། གང་གི་ཕྱིར་འོག་ནས་རིགས་ཐམས་ཅད་འཁོར་ལོའི་ཁྱད་པར་དེ་ལྟར་བཤད་པའི་ཕྱིར་རོ།། རྡོ་རྗེ་འཁོར་ལོར་གོང་བསྟན་པ་དེ་ནི་འཁོར་ལོ་དམ་པའོ།། དེ་བཞིན་དུ་འབར་བའི་འཁོར་ལོ་ནི་པདྨ་འདབ་མ་བརྒྱད་པའི་ནོར་བུ་ཆེན་པོར་བྱའོ།། ་རྡོ་རྗེ་རིན་ཆེན་བདག་པོ་བཞག། ནོར་བུའི་རིགས་ནི་ཆེན་པོ་ཡི་ཞེས་བྱ་བ་ནི་དཀྱིལ་འཁོར་དབུས་སུ་བཅོམ་ལྡན་འདས་འཕགས་པ་ན་མཁའི་སྙིང་པོ་བྲིས་ལ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རིན་པོ་ཆེ་ཡིད་ལས་བྱུང་བ་ལ་སོགས་པོ ་བྲིའོ།། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བཞུགས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོ་བརྐྱང་ལ་མཛུབ་མོ་དང་མཐེ་བོའི་རྩེ་མོར་སྦྱར་ཏེ། དཔྲལ་བའི་མཛོད་སྤུའི་གནས་སུ་བཞག་པ་འདི་ན་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱ་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག ་རྒྱའོ།། འདིས་མེ་ཏོག་གི་ཕྲེང་བ་བླངས་ལ། བཛྲ་བཛྲ་ཞེས་བྱ་བ་དང་། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་འཇུག་པའི་གླུ་ཟློས་ཤིང་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ།། མཛུབ་མོ་གཉིས་པོ་དེ་ཉིད་ལྕགས། ་ཀྱུགྱུར་བྱས་ལ་དགུག་པ་བྱ་ཞིང་ཞུགས་ནས་ཆོ་ག་ཐམས་ཅོད་རྫོགས་པར་བྱས་ལ་འཇུག་པའི་ཕྱག་རྒྱས་མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་སུ་བྱས་ཏེ་དེ་དང་སྤྱན་འདྲེན་པའི་སྔགས་ཀྱི་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བཀུག་ནས ་དཀྱིལ་འཁོར་དུ་གཞུག་པར་བྱའོ།། དེ་ནས་ཞེས་བྱ་བ་ནི་གོ་སླའོ།། ཆོ་ག་རྒྱས་པ་ཐམས་ཅད་དེ་བཞིན་ནོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པའི་བསྒྲུབ་པར་བྱ་བ་དང་སྒྲུབ་པའི ་རྒྱུན་རྣམས་གཟུང་ངོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་སྐད་སྟོན་ཏེ་བདག་བསྲུང་བ་དང་། གྲནས་བསྲུང་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཆོ་ག་བཤད་པའི་ཚུལ་གྱིས་སྡིག་པ་དྲལ་བའི་མཐར་ཐུག་པའི་ཆོ ་ག་རྣམས་རྗེས་སུ་སྤྱད་ནས་རང་གི་སྙིང་གུར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་ཨོཾ་ལི་ཊི་བ་བེ་ཊ་ཏྲེ་ཏཱཾ་ཞེས་བྱ་བ་ཡིད་ཀྱི་བྲིས་ལ་རིག་པྲ་འདི་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་ན་མཁའི་དང་མཉམ་པར་བསྒོམ་པར་བྱའོ།། ། ་དེ་ནས་རིག་པ་དེ་ཉིད་དང་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམས་ལ། དེའི་སྟེང་དུ་རིག་པ་དེ་ཉིད་དང་། ཀ་ལ་སོགས་པ་ནས་ཀྵའི་མཐར་ཐུག་པ་སྐར་མ་ལྟ་བུའི་གཟུག ་ཅན་འདྲ་བ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པའོ།། ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་རིག་པ་དེ་དང་བཅས་པ་ལས་དང་པོའི་རྡོ་རྗེ་བསམ་པར་བྱའོ།། དེ་ནས་རིག་པ་ཟློས་ཤིང་རྡོ་རྗེ་དེ་རྡོ་རྗེ་རིན་བྲོ་ཆེར ་བསམས་ལ། རིན་པོ་ཆེའི་དབུས་སུ་རིག་པ་ཡི་གེ་རྣམ་པར་བསམས་ནས་དེ་ཉིད་ཡིད་ལ་ཟློས་ཤིང་སངས་རྒྱས་ཐམས་ཅད་ཀྱི་དབ་ང་བསྐུར་བ་དང་། བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་མཆོད་པའི་དམ་ཚིག་གི་དངོས ་གྲུབ་གྲུབ་པར་བསྒོམ་ཞིང་དེ་ཐམས་ཅད་ལས་ནོར་བུའི་རིགས་ཡིད་ཀྱིས་སྤྲོས་ཏེ། དེས་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་དེ་རྣམས་དེར་བཅུག་ལ། རིན་པོ་ཆེའི་ང་རྒྱལ ་བསྒོམ་པར་བྱའོ།། དེ་ནས་རིན་པོ་ཆེ་དེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས་བདག་ཉིད་རྡོ་རྗེ་སེམས་དཔར་བསྐྱེད་ལ། ཡང་རིང་པ་ཟློས་ཤིང་རྡོ་རྗེ་སེམས་དཔའ་དེ་འཕགས་པ་ན་མཁའི་སྙིང་པོར་བདག་ཉིད་བསམ་པར་བྱའོ།། ་དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་ང་རྒྱལ་བསྐྱེད་ལ། རང་གི་དམ་ཚིག་གི་ཕྱག་རྒྱས་བཅིངས་ཏེ། ས་མ་ཡ་ཧོ་ཧཾ་ཞེས་བྱ་བས་དམ་ཚིག་ནི་བདག་ཡིན་ནོ་ཞེས་བསྒོམ་པར་བྱའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་རང་གི ་སྙིང་ག་དད་དཔྲལ་བ་དང་ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱ་ཞིང་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བས་དམ་ཚིག་སེམས་དཔར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ་གཡོན ་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་གཟུང་ལ་བསྙེམས་ཚུལ་དུ་བྱས་ཏེ་ལབྷཱ་པཱ་གཡས་ལ་ནོར་བུས་མཚོན་པའི་དང་པོའི་རྡོ་རྗེ་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཇོག་ཅིང་རིག་པ་པོ་ཟླ་བར་བྱ་སྟེ་འདི་ནི་བཅོམ ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའོ།། དེ་ནས་ན་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གའི་ཟླ་བར་ཡིད་ཀྱིས་ཞུགས་ལ་རྡོ་རྗེ་འཁོར་ལོས་འཕགས་པ་ན་མཁའི་སྙིང་པོའི་དཀྱིལ་འཁོར་བསྐྱེད་ལ་འཇུག་པའི་ཕྱག་རྒྱ ་བཅིངས་ཏེ། དེས་མེ་ཏོག་གི་ཕྲེང་བ་བླངས་ལ་དཀྱིལ་འཁོར་དུ་འཇུག་པར་བྱའོ།། ཞུགས་ནས་མེ་ཏོག་ཕྲེང་བ་རང་གི་མགོ་ལ་དོར་བཱར་བྱའོ།། དེ་ནས་དེ་རང་གི་མགོ་ལ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་བར་གྱི་ཆོ་ག་རྫོགས་པར་བྱས་ནས། དཀྱིལ་འཁོར་དེ་རང་གི་སྙིང་གའི་ཟླ་བར་ཞུགས་པར་བསམས་ལ་སྔར་བཤང་བའི་ཚུལ་གྱིས་རྣལ་འབྱོར་ཆེན་པོ་བྱས་ནས་ཆོ་ག་ཐམས་ཅད ་རྗེས་སུ་སྤྱད་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཡིད་ཀྱིས་ནུ་མཁའི་ཕྱོགས་སུ་འདུག་སྟེ་ཡང་རྡོ་རྗེ་འཁོར་ལོས་ན་མཁའི་ཕྱོགས་སུ་རང་གི་ལྷའི་དཀྱིལ་འཁོར་བསྐྱེད་ལ། ལྷ་ཐམས་ཅོད་ཀྱི་གནས་སུ་ཧཱི་ལས་སྣ་ཚོགས་པདྨའི ་གང་ན་བསྐྱེད་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་དྲི་བཞིན་དུ་འདུག་ལ་བདག་ཉིད་ལ་སྤྲོ་བ་བསྐྱེད་པར་བྱའོ།། དེ་ནས་དེ་བཞིན་དུ་སངས་རྒྱས་ཐམས་ཅད་སྤྱན་དྲང་བ་བྱས་ནས་ཏིང་ངེ་འཛིན་གསུམ་བསྒོ ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ན་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་རང་གི་རིག་པ་བརྗོད་པར་བྱའོ།། དེ་ནས་དེ་བཞིན་དུ་དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་བདག་ཉིད་ལ་གསོལ་བ་བཏབ ་པར་བསམ་པར་བྱའོ།། དེ་ནས་ཆོ་ག་སྔ་མ་བཞིན་དུ་རྗེས་སུ་སྤྱང་ལ་བཅོམ་ལྡན་འདས་ཀྱིས་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་རང་གི་རིག་པ་ཟློས་ཤིང་བཛྲོད་ཏིཥྛ་མཎྜ་ལཾ་ཨུ་ཐ་པ་ཡཱ་ཞེས་བྱ་བས ་དཀྱིལ་འཁོར་དེ་ན་མཁར་བཞག་སྟེ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་བདག་ཉིད་ལ་ལན་གཅིག་བྱིན་གྱིས་བརླབས་ལ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས།། ཀུན་ཏུ་རྣམ་པར་བལྟས་ནས་ནི།། རང ་གི་རིག་པ་ཡོངས་བཟློས་ཤིང་།། བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར།། དེ་ནུས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་ཚོགས་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དཀྱིལ་འཁོར་ཐིག ་གདབ་བོ།། ཡང་དག་པར་བྲིས་ལ་སྔར་བཤད་པའི་མཚན་ཉིད་དང་ལྡན་པའི་བཅོམ་ལྡན་འདས་ན་མཁའི་སྙིང་པོ་འཁོར་དང་བཅས་པ་གནས་ཇི་ལྟ་བ་བཞིན་དུ་དགོད་པར་བྱའོ།། བཅོམ་ལྡན་འདས་ཀྱིས་དགོད་པའི་རིག ་པཱ་ནི་རང་གི་རིག་པ་ཉིད་ཡིན་ནོ།། རིན་པོ་ཆེ་ཡིང་ལས་བྱུང་བ་ལ་སོགས་པ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་སྙིང་པོ་རྣམས་ཡིན་ནོ།། དེ་ལྟར་དཀྱིལ་འཁོར་ཡང་དག་པར་བྲིས་ལ་སྒོ་ཕྱེ་ལ་གཡས། ་བའི་རིན་པོ་ཆེའི་ཁུ་ཚུར་གྱིས་གཟུང་བའི་རིན་པོ་ཆེའི་མེ་ཏོག་གི་ལྕུག་མ་ལས་བུམ་པ་དང་། བུམ་པ་གང་བ་ལ་ཡོངསུ་བཟླས་ལ་ལྷ་ཐམས་ཅད་ལ་དབུལ་བར་བྱའོ།། དེ་ནས་མཆོད་པ་རྣམ་པ་ལྔ་དང་མཆོད་པ་ཐམས་ཅད ་ཀྱིས་ཀྱང་བཅོམ་ལྡན་འདས་འཁོར་དང་བཅས་པ་ལས་ཡང་དག་པར་མཆོད་ལ་རྡོ་རྗེ་གནོད་སྦྱིན་ལ་སོ། གས་པ་ཡོངསུ་བཟླས་པའི་རས་སེར་པོས་སྟོད་གཡོགས་དང་སྨང་གཡོགས་དང་གདོང་གཡོགས་བྱས་ལ། ཕྱག ་བྱ་བ་ལ་སོགས་པའི་ཆོ་ག་རྗེས་སུ་སྤྱད་དེ་སྡོམ་པ་གཟུང་ནས་བྱང་ཆུབ་སེམས་བསྐྱེད་དེ་གཡས་པའི་རིན་པོ་ཆེ་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་གཟུང་ལ་རང་གི་སྙིང་གར་འཇོག་ཅིང་སྙིང་པོ་འདིས་སྙིང་གར་རྡོ་རྗེ་རིན་པ་ཆ ་བསམ་པར་བྱའོ།། སུ་རུ་ཏེ་ས་མ་ཡཱསྟྭཾ་ཧོ་བཛྲ་སིདྡྷི་ཡ་ཏཱ་སུ་ཁཾ། དེ་ནས་ཤར་སྦྱོར་བལྟས་ནས་ཕྱི་རོལ་ན་གནོས་པའི་བུམ་པའི་ཆུས་གཡས་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་བླངས་ལ་བདག་ཉིད་ལ་དབང་བསྐུར་བར་བྱའོ།། དེ་ནས་འཇུག་པའི་ཕྱག་རྒྱ ་བཅིངས་པ་དེ་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་བླངས་ལཾ་བཛྲ་བིཛྲ་ཞེས་བཟློས་ཤིང་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་འཇུག་པའི་གླུ་ཡང་འདོན་ཅིང་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ།། དེ་ནས་རང་གི་ཆོ་ག་རྗེས་སུ ་སྦྱང་དེ་གཡས་པའི་རིན་པོ་ཆེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ནས་དེ་བཞིན་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཞིང་། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་དང་རིན་པོ་ཆེའི་ཅོད་པན་གྱིས་ཀྱང་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་རིན་པོ ་ཚེ་དང་བདག་པོ་དང་མིང་གིས་དབང་བསྐུར་བས་ཀྱང་དབང་བསྐུར་ལ་དངོས་གྲུབ་ཀྱི་བརྟུལ་ཞུགས་བླངས་ཏེ་དུམ་བུ་དང་པོ་ལས་བཤད་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་རིན་པོ་ཆེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དེ་བཞིན་དུ ་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ལ་སྙིང་པོ་བཟླ་བར་བྱའོ།། དེ་ནས་མཆོད་པ་རྣམ་པ་ལྔ་དང་རིན་པོ་ཆེའི་མཚོན་ཆ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ་བཅོམ་ལྡན་འདས ་ལས་ཚིགས་སུ་བཅད་པ་ལྔས་རྗེསུ་གནང་བ་དྲང་གཟེངས་བསྟོད་པ་དང་། ལུང་བསྟན་པ་དང་། རིག་པ་དང་། ཕྱག་རྒྱ་བཞི་ཉེ་བར་བསྟན་པ་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་མནོས་ལ། ཡང་བདག་ལ་བྱིན་གྱིས་བརླབ་པ་བྱས་ལ། རང་གི ་མིང་ནས་ཀྱང་བརྗོད་ནས། དཀྱིལ་འཁོར་དེ་བཞིན་དུ་རྡོ་རྗེ་བསྒྲུབ་པར་བྱའོ།། དེ་ནས་རིན་ཆེན་སློབ་དཔོན་གྱིསོ།། སེམས་དཔའི་ལྕགས་ཀྱུ་བཅིངསེ་ནས་ནི།། སེ་གོལ་མང་པོ་བརྡབ་གྱིས་ལ།། སངས་རྒྱས་ཐམས་ཅད་བསྡུ་བར་བྱ།། དེ ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ནས། སྔར་བཤད་པའི་ལྕགས་ཀྱུས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་སྟེ། རྡོ་རྗེ་གནོད་སྦྱིན་དང་ཁུ་ཚུར་དང་བསྲུང་བས་ལས་རྣམས་བྱིས་ལོ། བཙོ ་ལྡན་འདས་འཁོར་དང་བཅས་པ་ལ་རང་གི་རིག་པས་མཆོད་ཡོན་ཕུལ་ལ། དམ་ཚིག་གི་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པའི་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྒྱས་བཏབ་ལྔ་དབང་བསྐུར ་བྲེའི་ཕྱག་རྒྱས་དབང་བསྐུར་བ་དང་ཡང་མཆོད་ཡོན་ཕུལ་ལ་མཆོད་པ་རྣམ་པ་ལྔ་དང་། རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པོ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ནོས། ཕྱི་རོལ་ཏུ་གཏོར་མ་བྱིན་ལྔ་སྦྱིན ་སྲེག་པོའོ།། དེ་ནས་ཡང་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་དེ་རྣམ་པར་མཆོད་དེ་རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་རྒྱ་བཞིས་ཀྱང་ཕྱག་བྱས་ལ་ཆེན་པོ་བཅིངས་ཏེ་ཇི་སྲིད་མཚན་མ་ཐོབ་པ་དེ་སྲིད་ཀྱི་བར་དུ ་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་ཕྱུག་བྱས་ནས། སྲིད་པའི་བདེ་བ་རྣམ་དག་ཕྱིར་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ།། དེ་ལྟར་བཀར་མནོས་ནས་སློབ་མ་གཞུག་པར་བྱའོ།། སློབ་དཔོན་གྱི་ལས་ཀྱི ་ཆོ་ག་རྫོགས་སོ།། ། དེ་ནས་བསླབ་པོའི་གཞི་ལྔ་ཡོངས་སུ་འཛིན་པ་འམ་དགེ་སྦྱོང་དང་དགེ་སློང་གི་བསླབ་པ་གཟུང་བའི་སློབ་མ་ལོ་རིག་པའི་སྡོམ་པ་ཇི་ལྟ་བ་བཞིན་དུ་འཛིན་དུ་གཞུག་གོ།། དེ་ནས་དེ་བྱང་ཆུབ་ཀྱི་སེམས ་བསྐྱེད་པ་བྱེད་དུ་གཞུག་གོ།། དེ་ནས་དེའི་སྙིང་གར་རིན་པོ་ཆེའི་ཁུ་ཚུར་གྱི་རྡོ་རྗེ་རིན་པོ་ཆེ་བླངས་ལ་བཞག་སྟེ་སྔ་མ་བཞིན་དུ་བསྐྱེད་དོ།། དེ་ནས་སློབ་མ་འཕགས་པ་ན་མཁའི་སྙིང་པོར་བྱིན་གྱིས་བརླབས་ལ་དྲི་དང་མེ་ཏོག་ལ་སོགས་པས ་མཆོད་ནས་ཡོན་གྱི་མཆོག་བླངས་ཏེ། ཤར་སྒོར་བལྟས་ཏེ་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། རང་གི་འཇུག་པའི་ཚུལ་གྱི་དཀྱིལ་འཁོར་དུ་ཞུགས་པར་བྱའོ།། དེ་ནས་དེའི་རྣ་བར་ཆགས་བྲལ་ལྟ་བུ་ཞེས་བྱ་བ་ལ ་སོགས་པ་བརྗོད་པར་བྱའོ།། ཆོ་ག་ལྷག་མ་རྣམས་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་བཤད་པ་ལས་ཤེས་པར་བྱའོ།། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། ། དེ་ལྟར་སློབ་དཔོན ་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་ནས། ད་ནི་དམ་ཚིག་དང་དབང་བསྐུར་པོ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ།། ཞེས་བྱ་བ་འདིའི་དོན་བསྟན་པར ་བྱ་བའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་མ་བསྒྲུབས་པའི་ལས་རྣམས་ལན་གཅིག་བཟླས་པར་འགྱུར་རོ།། ཞེས་བྱ་བ་ནི་ཇི་སྐད་བཤད་པའི་བསྒྲུབ་པ་བྱས་པ་ན་གང་གི་ཚེ་རྣལ་འབྱོར་པས་ཇི་སྐད་དུ་བཤད ་པོའི་དངོས་གྲུབ་མ་ཐོབ་ན་དེའི་ཚེ་རང་གི་རིག་པ་དེ་ལན་གཅིག་བཟླས་པའི་རྗེས་ཐོགས་ཉིད་ལ་འཆད་པར་འགྱུར་བའི་ལས་རྣམས་གྲུབ་པར་འགྱུར་བའོ།། འདི་སྐད་སྟོན་ཏེ་བདགོ་བསྲུང་བ་དང་གནས་བསྲུང་བ་བྱས་ནས་བཅོམ་ལྡན ་འདས་ན་མཁའི་སྙིང་པོའི་སྐུ་གཟུགས་ལུགས་མ་འམ་བརྐོས་པ་ལ་སོགས་པ་མདུན་དུ་བཞག་ལ་དེ་ལ་ཕྱག་བྱས་ནས་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དང་པོའི་རྡོ་རྗེ་བཅིང་བའི་བར་དུ ་བྱས་ལ་རྡོ་རྗེ་ཐལ་མོ་ལ་སོགས་པའི་ཕྱག་རྒྱ་བཅིང་བའི་ཆོ་ག་རྣམས་རྗེས་སུ་སྦྱང་དེ། རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་རིག་པ་ཡིད་ཀྱིས་བྲིས་ལྀ། ཆོས་ཐམས་ཅད་བདོག་མེད་པར་བསྒོམས་ནས་དམ་ཚིག་སེམས ་དབར་བྱིན་གྱིས་བརླབ་པའི་བར་གྱི་ཆོ་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱོད་པར་བྱའོ།། དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཇི་སྐད་དུ་བཤད་པའི་ཡེ་ཤེས་སེམས་དཔའ་རང་གི་ལུས་ལ་བཅུག་སྟེ། དམ་ཚིག་གི་ཕྱག་རྒྱས ་བསྒྲུབསོ་ནས། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དེ་བཞིན་དུ་དེ་བཞིན་གཤེགསོ་བ་ཐམས་ཅད་རང་གི་ལུས་ལ་བཅུག་སྟེ། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་དང་པོའི་རྡོ་རྗེ་བྱིན ་གྱིས་བརླབ་པ་སྔ་མ་བཞིན་དུ་བྱས་ལ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ཏེ་རྡོ་རྗེ་རིན་པོ་ཆེ་དང་། བདག་པོ་དང་མིང་གི་དབང་གིས་དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་གཟུང་ནས། ་རིན་པོ་ཆེ་མཚོན་ཆ་མ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོད་དེ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་རྒྱས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ ་བུ་དཀྲོལ་བར་བྱའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབ་བོ།། དེ་ནས་རང་གི་རིག་པ་ལན་གསུམ་བཟླས་ལ། རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་རིག་པ་ཡིད་ཀྱིས་བྲིས་ལ། རང་གི་ཚིག་གིས་ཟློས་ཤིང་བཟླས་པའི ་དོན་གྱིས་བདག་ཉིད་རྡོ་རྗེ་རིན་པོ་ཆེའི་རིགས་ཀྱི་བདག་པོ་ཞེས་བྱ་བ་འཕགས་པ་ན་མཁའི་སྙིང་པོ་ཟླ་བ་གཅིག་ལ་སོགས་པ་ཇི་སྲིད་མངོན་དུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནུས་ཟླ་བ་ཕྱེད་ཙམ་གྱི་བར་དུ་བསྒོམས་ནས་བསྒྲུབས། ་ན་འཕགས་པ་ན་མཁའི་སྙིང་པོར་འགྱུར་རོ།། དེ་བཞིན་དུ་དངོས་གྲུབ་གཞན་དག་ཀྱང་སྔར་བཤད་པའི་རྗེས་སུ་འབྲངས་ནས་བསྒྲུབ་པར་ཤེས་པར་བྱའོ།། དེ་ལྟར་བསྒྲུབ་པ་འདི་སོ་གང་གི་ཚེ་སྙིང་པོརརོ་གྲུབ་པར་མ་གྱུར་པ་དེའི་ཚེ་དེ་མ་གྲུབ ་པ་མ་ཡིན་ཏེ། མ་གྲུབ་པ་དེ་ཡང་ལས་འདི་བྱེད་པར་འགྱུར་རོ།། དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེ་མྱུ་གུས་སོ་ཞེས་བྱ་བ་ནི་དེ་བཞིན་དུ་འཕགས་པ་ན་མཁའི་སྙིང་པོའི་སྦྱོར་བ་བྱས་ལ། འཕགས་པ་ན་མཁའི་སྙིང ་པོའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཐལ་མོ་ལས་བྱུང་བ་བཅིངས་ལ་གུང་མོ་གཞིབས་ཏེ་རྩེ་མོར་བྱས་ནས་རིག་པ་ཟློས་ཤིང་དཔྲལ་བའི་ཕྱོགས་སུ་བཞག་ལ་འཕགས་པ་ན་མཁའི་སྙིང་པོས་བདག་ཉིད་དབང་བསྐུར་བར་བསམ་པར ་བྱཱ་སྟེ། དེ་ལྟ་བུས་དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ།། ནོར་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་རྒྱལ་མཚན་གྱི་རྩེ་མོསོ་སོ་ཞེས་བྱ་བ་ནི་དེ་བཞིན་དུ་འཕགས་པ་ན་མཁྭའི་སྙིང་པོའི་སྦྱོར་བ་བྱས་ལ་བཤད་མ་ཐག་པའི ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་རིན་ཆེན་དཀྲོལ་ཏེ། རྡོ་རྗེ་ཐལ་མོ་ཁོང་སྟོང་བྱས་ནས་སྦྱིན་ལག་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་མཐེའུ་ཆུང་གཉིས་ཕྱེ་སྟེ་བརྐྱང་བ་འདི་ནི་རྡོ་རྗེ་རིན་ཚོན་གྱི་རྒྱལ་མཚན་གྱི་རྩེ་མོ་སྟེ་འདི ་བཅིངས་ལ་རིག་པ་ཟློས་ཤིང་གཏོར་ལ་སོགས་པ་ཐོབ་པར་བསམ་པར་བྱ་སྟེ་དེ་ལྟོ་བུས་ནི་ནོར་ཐམས་ཅད་ཐོབ་པར་འགྱུར་རོ།། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་ནོར་བུ་ཆེན་པོའི་མཚན་མའི་ཕྱག ་རྒྱས་སོ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་བཅིངས་ལ། གུང་མོ་གཉིས་ནོར་བུར་བྱ་བོ་འདི་ནི་རྡོ་རྗེ་ནོར་བུ་ཆེན་པོའི་མཚན་མའི་ཕྱག་རྒྱ་སྟེ་འདི་བཅིངས་ལ་སྔ་མ་བཞིན་དུ་འཕགས་པ་ནཱ་མཁོའི་སྙིང་པོའི་རྣལ་འབྱོར་བྱས་ལ་རིག་པ་ཟློས ་ཤིང་མངོན་པར་འདོད་པ་ནི་ནོར་བུ་ཐོབ་པ་གྲུབ་པར་བསམས་ཏེ་དེ་ལྟ་བུས་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པོར་འགྱུར་རོ།། གཏེར་ཆེན་པོ་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱི་ས་འོག་གི་ཕྱག་རྒྱས་སོ་ཞེ་སོ་བྱ་བ་ནི་འཕགས་པ ་ན་མཁའི་སྙིང་པོའི་སྦྱོར་བ་བྱས་ལ། རྡོ་རྗེ་རིན་ཆེན་བཅིངས་ཏེ་མཐེའུ་ཆུང་གཉིས་གཞིབས་ནས་རྩེ་མོར་བྱས་ལ་རིག་པ་བཟླ་བར་བྱའོ།། འདི་ནི་རྡོ་རྗེ་རིན་ཆེན་གྱི་ས་འོག་གི་ཕྱག་རྒྱ་སྟེ་འདི་བཅིངས་ནས་ཡིད་ཀྱིས་གཏེར་བླངས ་ལ་གདེག་པར་བྱ་སྟེ། དེ་ལྟ་བུས་ནི་གཏེར་ཚོན་པོ་ཐོབ་པར་འགྱུར་རོ།། རྡོ་རྗེ་དབང་བསྐུར་བ་ཐོབ་པ་ལ་ནི་ཞེས་བྱ་བ་ནི་ནོར་བུའི་མཚན་མ་ལ་སོགས་པ་རྡོ་རྗེ་ཐོབ་པ་ནི་རྡོ་རྗེ་དབང་བསྐུར་བ་ཐོབ་པ་སྟེ། བཅོམ་ལྡན་འདས་འཕགས་པ་ན་མཁའི་སྙིང ་པོའི་རྡོ་རྗེ་ཐོབ་པ་ཞེས་བྱ་བའི་དོན་ཏོ།། དེ་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་ཆེན་པོའི་ས་འོག་གི་ཕྱག་རྒྱས་སོ་ཞེས་བྱ་བ་གསུངས་ཏེ་དེ་བཞིན་དུ་འཕགས་པ་ན་མཁའི་སྙིང་པོའི་སྦྱོར་བ་བྱས་ལ་རྡོ་རྗེ་རིན་ཆེན་བཅིངས་ལ། འདི་ཐུར་དུ ་བླུགས་པ་ལྷུར་བྱས་པ་འདི་ནི་རྡོ་རྗེ་རིན་པོ་ཆེའི་ས་འོག་གི་ཕྱག་རྒྱ་སྟེ་འདི་བཅིངས་ལ་སྟོང་པ་ཉིད་བསྒོམ་ཞིང་འཕགས་པ་ན་མཁའི་སྙིང་པོས་གཟུགས་བརྙན་ལྟ་བུ་ནོར་བུས་མཚན་པའི་དང་པོའི་རྡོ་རྗེ་སྩོལ་བ་ལ་སོགས་པ་མདུན་དུ་བསམ ་པར་བྱ་སྟེ་དེ་ལྟ་བུས་ནི་རྡོ་རྗེ་དབང་བསྐུར་བ་ཐོབ་པར་འགྱུར་རོ།། རྡོ་རྗེ་དབང་བསྐུར་བ་ཐོབ་པ་ལ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་དབང་བསྐུར་བ་ཐོབ་པ་སྟེ་དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོའི ་ཕྲེང་བས་སོ་ཞེས་བྱ་བ་གསུངས་ཏེ་དེ་ལྟ་བུས་ནི་རྡོ་རྗེ་དབང་བསྐུར་བ་ཐོབ་པར་འགྱུར་རོ།། རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ནོར་བུར་བྱས་ལ་འདི་ནི་རྡོ་རྗེ་ཕྲེང་བ་ཆེན་པོ་འདི་བཅིངས་ཏེ། འཕགས་པ་ན་མཁའི་སྙིང་པོའི ་སྦྱོར་བས་དབང་བསྐུར་བར་གསོལ་བའི་བསམ་པས་བཅོམ་ལྡན་འདས་མངདུནན་དབང་བསྐུར་སྩོལ་བ་ལ་བརྩོན་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་ཕྲེང་བ་ཆེན་པོའི་དཔུང་བསྐུར་བ་ཐོབ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན ་པོར་དབང་བསྐུར་བ་ཐོབ་པ་ལ་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་ནམ་མཁའི་སྙིང་པོའི་དབང་བསྐུར་བ་ཐོབ་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་དབང་བསྒྱུར་བ་ཐོབ་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་པོ་ཆེ་ཆེན་པོའི ་ཕྲེང་བས་སོ་ཞེས་བྱ་བས་སོ་ཞེས་བྱ་བོ་གསུངས་ཏེ་རྡོ་རྗེ་བསྡམས་པ་བཅིངས་ཏེ་མཐེ་བོང་དང་མཛུབ་མོ་དང་། གུང་མོའི་སོར་མོས་ནོར་བུ་རིན་པོ་ཆེ་གསུམ་བྱས་ཏེ་མདུན་དང་མགོ་བོ་དང་རྣ་བ་གཉིས་ཀྱི་སྟེང་དུ་བདག་ཉིད་དབང་བསྐུར་བ་བྱས་ཏེ། ་འདི་ནི་རྡོ་རྗེ་རིན་ཚོན་གྱི་ཕྲེང་བའོ།། འདི་བཅིངས་ལ་དེ་བཞིན་གཤེགས་པ་ན་མཁའི་སྙིང་པོའི་སྦྱོར་བས་མདུན་དུ་ཡང་བཅོམ་ལྡན་འདས་བསམས་ནས་དེ་ནས་དབང་བསྐུར་བ་བླང་བར་བྱའོ།། དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ ་པ་ལ་ནི་ཞེས་བྱ་བ་ལ་ནི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པ་ནི་དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བ་དམ་པའི་ཕྲེང་བས ་སོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ན་མཁའི་སྙིང་པོའི་སྦྱོར་བ་བྱས་ལ་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུར་བསམས་ཏེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཚོན་གྱི་ཕྱག་རྒྱས་བཅིངས ་ལ་མཛོད་སྤུའི་གནས་སུ་བཞག་ནས། མཛུབ་མོ་གཉིས་ཀྱི་རྒྱབ་ཏུ་མདུད་སྟེ་དུར་དབྱངས་ཀྱི་ཚུལ་དུ་བྱའོ།། འདི་བཅིངས་ལ་རིག་པ་བཟླས་ནས་དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པར་འགྱུར་རོ།། རྡོ་རྗེ་འཛིན་པ་ཆེན ་པོའི་དབང་བསྐུར་བ་ཐོབ་པ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་རྡོ་རྗེ་རིན་ཆེན་གྱི་ཅོད་པན་གྱི་ཕྲེང་བསོ་ཞེས་བྱ་བ་ནི་དེ་བཞིན་དུ་འཕགས་པ་ན་མཁའི་སྙིང་པོའི་སྦྱོར་བ་བྱས་ལ་རྡོ་རྗེ་སེམས་དཔར་བདག་ཉིད་བསམས།། ་ཏེ། རྡོ་རྗེ་བསྡམས་པ་བཅིངས་ལ་མཐེའོ་གཉིས་དཔའ་བོའི་སྐྱིལ་ཀྲུང་དུ་བྱས་ལ་མཛུབ་མོ་གཉིས་བཀུག་སྟེ་ཟླུམ་པར་བྱ་བ་ནི་སྐུའོ།། གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ནི་མཆོག་སྟེ་དེ་བཞིན་གཤེགས་པའི་སྐུའི་མཆོག་འདི་དང ་རིག་པ་ཟློས་ཤིང་ཤར་ནས་བརྩམས་ནས་མདུན་དང་། གཡས་དང་། རྒྱབ་དང་། གཡོན་དུ་ཅོང་པན་གྱི་ཚུལ་དུ་བྱས་ལ་མདུན་དུ་དེ་བཞིན་དུ་མདུད་ལ་ཕྲེང་བའི་ཚུལ་གྱིས་རྒྱབ་ཏུ་མདུང་ལ་སྒེག་པ་དང་བཅས་པས་མཐའ་ནས་དཀྲོལ་ངོས ་གཉིས་ཀ་ནས་ངར་དཔྱངས་འཕྱར་བའི་ཚུལ་དུ་བྱའོ།། འདྲ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའི་ཕྲེང་བ་ཡིན་ཏེ། དེ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བའི་རྡོ་རྗེ་འཛིན་པ་ཆེན་པོར ་འགྱུར་རོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་གསུངས་པའི་འཕགས་པ་ན་མཁའི་སྙིང་པོའི་རྟོག་པོ་བཤད་པ་རྫོག་སོ།། ་དེ་ལྟར་དུམ་བུ་གཉིས་པ་རྩུ་བའི་རྒྱུད་དུ་རིགས་ལྔའི་དཀྱིལ་འཁོར་བསྟན་ནས། ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་འཇུག་པའི་དང་། དབང་བསྐུར་བ་དང་། བསྒྲུབ་པ་དང་། དངོས་གྲུབ་རྣམས་དཀྱིལ་འཁོར་གཅིག ་ཉིད་དུ་བསྡུ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ཏེ་དང་པོའི་སྦྱོར་བ་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ།། འདི་དང་པོའི་སྦྱོར་བ་ནི་དཔལ་རྡོ ་རྗེ་སེམས་དཔེའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་པར་ཤེས་པར་བྱའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དེ་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པོ་ཞེས་བྱ་བར་སྦྱར་རོ།། བཅོམ་ལྡན་འདས་ཁང་པར་ཇི་ལྟ་བུ་ཞིག ་ཅེ་ན། རིགས་ཐམས་ཅད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ལོན་པས་ན་རིགས་ཐམས་ཅད་དོ།། དེ་རྣམས་ཀྱིས་བསྡུས་པ་ནི་ཉེ་བར་བསྡུས་པའོ།། རྡོ་རྗེ་ལྟར་མི་ཕྱེད་པར་བྱིན་གྱིས་བརླབས་ཤིང་ཕྱི ་མའི་མཐར་ཐུག་པ་མེད་པར་བསྟན་པ་བྱས་པ་གང་ཡིན་པ་དེ་བརྙེས་ཤིང་ཐུགས་སུ་ཆུད་ངོ་ཞེས་བྱ་བའི་ཐ་ཚིག་གོ།། བཅོམ་ལྡན་འདས་ཅི་ཞིག་མཛད་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བུ་བཏབ་ཙྪི་ན། སེམས་ཅན་སྙོམས ་ཅད་ཅེས་བྱ་བ་གསུངས་ཏེ། སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པས་འདུལ་བ་རྣམས་སོ།། དེ་རྣམས་གཞུག་པར་བྱ་བའི་ཕྱིར་འཁོར་ལོ་བསྡུས་པའི ་དཀྱིལ་འཁོར་ཏེ་དེ་ཉིད་རྡོ་རྗེ་ལྟར་མི་བྱེད་པའི་ཕྱག་རྒྱ་གང་ཡིན་པ་དེ་ལ་མིང་ངེ་སྐད་ཅེས་བཏགས་པ་དེ་ལ་མི་དམིགས་པས་ན་སེམས་ཅན་ཐམས་ཅད་འཇུག་པའི་འཁོར་ལོ་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་གང ་ཡིན་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པར་མཛད་པ་ནི་གསོལ་བ་བཏབ་པར ་གྱུར་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་བསྡུས་པའི་དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་སེམས་ཅན་ཐམས་ཅད་དེར་འཇུག་ཅིང་དེར་བསྐྱེད་པར་བྱ་བའི་ཕྱིར། ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་ཡིན་ནོ།། བདེ་བ་ཆེན་པོ་རབ་གྲུབ་ཕྱིར།། འདོད་ཆགས་ཆེན་པོ་སྟོངས་དག་པ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། བདེ་བ་ཆེན་པོའི་དོན་གྱི་ཕྱིར་ཞེས་བྱ་བ་ནི་བདེ་བ་ཡང་ཡིན་ལོ་ཆེན་པོ་ཡང ་ཡིན་པསེ་བྱུང་བ་ཆེན་པོ་སྟེ། རྣལ་འབྱོར་པ་སྔགས་པ་ཐམས་ཅད་ཀྱི་སྟོབས་ཀྱིས་འཇིག་རྟེན་པའི་བདེ་བ་གང་ཡིན་པ་དེ་ཡང་ཐར་པ་ཆེན་པོ་མངོན་དུ་བྱེད་པའི་རྒྱུར་གྱུར་པས་བདེ་བ་ཆེན་པོ་ཡིན་ཏེ། བཻ་དོན་བསྡུས་པའི ་དཀྱིལ་འཁོར་དུ་འགྲོ་བ་རྣམས་འཇུག་པར་གྱིས་ཤིག་པའོ།། ཅི་བདེ་བ་ཞེས་བྱ་བ་ནི་ཅི་འདོད་པར་རོ།། དེ་ནས་བཅོམ་ལྡན་འདས་སྙིང་པོ་ཐམས་ཅད་གསུང་སོ་ཞེས་བྱ་བར་སྦྱར་རོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་ངོ་མ་ཐག་པ ་སྟེ་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་དེ་ཁྱད་པར་དུ་བྱེད་དེ། འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྒྱལ་བ་ནི་ཐམས་ཅད་ལས་རྒྱལ་བ་སྟེ་རྡོ་རྗེ་ཧཱུཾ་མཛད་དོ།། དེ་ཡང་རབ་ཏུ་དགའ་བའི་རྡོ་རྗེ ་ཁྲོ་བོའི་སྐུ་དང་ལྡན་པ་འདིས་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ལས་རྣམ་པར་རྒྱལ་བས་ན་དེ་སྐད་ཅེས་བྱ་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པ་ངང་པའི་སེམས་ཅན་གྱི་ཁམས་ནི་འགྲོ་བ་སྟེ། དེས་དབང་ཕྱུག་ཆེན་པོ་ལ ་སོགས་པའི་ཚུལ་གྱིས་རང་བཞིན་གྱིས་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་རབ་ཏུ་འཇོག་ཅིང་འདུལ་བར་མཛད་པས་འགྲོ་བ་འདུལ་བ་སྟེ་འཇིག་རྟེན་དབང་ཕྱུག་གོ།། དམ་ཚིག་ཐམས་ཅད་ཅེས་བྱ་བ་ལ་ནི་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་རྣམས་རིགས་ཀྱི་དྲན་པ་དང་ཤེས་རབ་དང་རབ་ཏུ་ལྡན་པའི་ཤེས་རབ་དང་། སེམས་དང་སེམས་ལུས་བྱུང་བ་དང་། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅོད་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་ཐམས་ཅད་དོ།། དངོས་གྲུབ་ཐམས་ཅད་རབ་ཏུ་གསོལ་བ་ཞེས་བྱ་བ་ནི་ནོར་བུའི་རིགས་ཆེན་པོའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་འཇིག་རྟེན་དོང་འཇིག་རྟེན་ལས་འདས་པའི ་དངོས་གྲུབ་རྣམས་རབ་ཏུ་སྩོལ་བས་ན་དངོས་གྲུབ་ཐམས་ཅད་སྩོལ་བའོ།། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་ཐམས་ཅད་དུ་སོང་བའི་རྡོ་རྗེ་ཆེན་པོ་འཛིན་པར་མཛད་པ་འམ། དེ་ཁོ་ན་ཉིད་ཀྱི་རྗེ ་རྗེ་ཆེན་པོ་འཛིན་པར་མཛད་པས་སམ་གཞན་དག་ཏུ་བྱང་ཆུབ་ཆེན་པོར་མཚན་ཉིད་ཅན་གྱི་ཐུགས་ཀྱིས་རྡོ་རྗེ་འཆང་ཆེན་པོའི་ཞེས་བྱ་སྟེ། སེམས་དཔར་བྱིན་གྱིས་རློབ་པའི་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའོ།། དེ ་ཡང་དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ཉིད་གང་ཡིན་ཞེ་ན། སེམས་དཔར་བྱིན་བརླབས་སྦྱོར་བས་ནི།། བདག་ལ་བྱིན་བརླབས་མཆོག་གྲུབ་པ།། ཉིན་རེ་གྲུབ་པ་ང་ཡིས་ནི།། རྡོ་རྗེ་སེམས་དཔའ་ཉིད་ཐོབ་བོ།། ཞེས་འོག་ནས་བཤད ་པའི་ཕྱིར་རོ།། སྟོན་པ་པོ་ཞེས་བྱ་བ་ནི་བདེན་པ་རྟོག་པར་བྱ་བའི་ཕྱིར་ཡང་དག་པའི་ལམ་རྟོགས་པར་འཆད་པས་སེམས་ཅན་རྣམས་འདུལ་ཞིང་རང་གི་བཀའ་བསྒོ་བ་ལ་འཛེག་པར་མཛད་པས་ན་སྟོན་པའོ།། བསྲུང་མཛད་ཅེས་བྱ་བ་ནི ་ངན་འགྲོར་འགྲོ་བ་ལ་སོགས་པོའི་འཇིགས་པ་ཐམས་ཅད་ལས་འཕགས་པ་གཙུག་ཏོར་རྣམ་པར་རྒྱལ་བ་ལ་སོགས་པའི་གཟུངས་དང་། འདི་ལས་བཤད་པ་ཇི་སྐད་དུ་གསུངས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་སེམས་ཅན་རྣམས ་ཀུན་ཏུ་བསྲུང་བར་མཛད་ནས་བསྲུང་བའོ།། སྟོབས་དང་ཕ་རོལ་གནོན་པ་ཐོག་པ་མེད་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྟོབས་བཅུ་དང་སྐུའི་སྟོབས་དེ་རྣམས་དང་ཐོགས་པ་མེད་པ་དང་། ཆོ་འཕྲུལ་བཞིས་སེམས་ཅན་གྱི ་དོན་མཛད་པ་ནི་ཕ་རོལ་གནོན་པ་སྟེ་ཐོགས་པ་མེད་པསོ།། རྣམ་པར་གནོན་པ་དོན་ཡོད་པ་གྲུབ་པོ་ཞེས་བྱ་བ་ནི་ཐོགས་པ་མེད་པར་སེམས་ཅན་གྱི་དོན་གྱི་བྱ་བ་མཛད་པ་ནི་དོན་ཡོད་པར་གྲུབ་པའོ།། དེ་ཉིད་འདིའི་རྣམ་པར་གནོན་པ ་ཡིན་པས་ན་རྣམ་པར་གནོན་པ་དོན་ཡོད་པར་གྲུབ་པ་ཞེས་བྱའོ།། ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སྙིང་པོ་ཐམས་ཅད་གསུངསོ།། ཅི་ཞིག་མཛད་ནས་ཤེ་ན། ཐམས་ཅད་ལས་རྗེས་སུ་སྟོན་པ ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པས་འདུལ་བ་ནི་ཐམས་ཅད་དེ། དེ་རྣམས་རྗེསུ་འདུལ་བར་མཛད་པས་ན་ཐམས་ཅད་ལ་རྗེསུ་བསྟན་པའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒྲུབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ ་གྲུབ་ཅིང་དེའི་དོན་དུའོ།། དམ་ཚིག་གིས་བསྡུས་པའི་དཀྱིལ་འཁོར་ནི་དཀྱིལ་འཁོར་རོ་ཞེས་བཤད་དེ། དེ་ཉིད་དམ་ཚིག་ཅེས་གྲགསོ་ཞེས་བཤད་པའོ།། དེ་རྡོ་རྗེ་ལྟར་མི་ཕྱེད་པའི་ཕ་རོལ་ཏུ་གནོན་པ་དེ་ཡིས་བསྡུས་པས་སེམས་ཅན་གྱི་དོན ་མཛད་པས་རྩལ་དེ་ལས་དེ་སྐད་ཅེས་བྱ་སྟེ། དེ་མཛད་པ་ནི་བསྡུས་པའི་དཀྱིལ་འཁོར་སྤྲུལ་པ་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་འདུལ་བས་ནཱ་ཞེས་བྱ་བའི་ཐ་ཚིགོ།། བདེ་བའི་དངོས་གྲུབ་ཐམས་ཅད་ཀྱིས་དམ་ཚིག་ཅེས་བྱ་བ ་ནི་དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་འཇིག་རྟེན་ལས་འདས་པ་བདེ་བའི་དངོས་གྲུབ་ཐམས་ཅད་དོ།། དེ་རྣམས་ཀྱི་དམ་ཚིག་ནི་སྐྱེ་བའི་རྒྱུའོ།། མིང་དེ་སྐད་ཅེས ་བྱ་ཞིང་དོན་ཡོད་པར་འབྲས་བུ་དང་བཅས་པ་ཡིན་ལ། མཚུངས་པ་མེད་པ་ནི་འདྲ་བ་མེད་པའོ།། རིགས་ཐམས་ཅད་ཀྱི་ངོ་བོ་ཉིད་བསྡུས་པའི་དཀྱིལ་འཁོར་བསྐྱེད་པའི་རྒྱུའོ།། སྙིང་པོ་ཐམས་ཅད་བསྲུངས་པ་ནི་བཀའ་སྩལ་པ་སྟེ། ཚེ་ཨ་ཧཱུཾ་ཧྲི ་ཏྲཾ་ཞེས་བྱ་བའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་བསྡུས་པའི་དཀྱིལ་འཁོར་བསྐྱེད་པར་བྱེད་པའི་སྙིང་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་པ་ཙམ་གྱིསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས ་པ་ལ་ཐམས་ཅད་ཀྱང་ཡིན་ལ། དེ་བཞིན་གཤེགས་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་རྣམ་པར་སྣང་མཛད་དང་། ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་པར་གྲུབ་པའི་སྐུ་སྤྲུལ་པའི་སྐུ་དང་བཅས་པའོ།། དེ་རྣམས་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ།། དེ་དང་པོ་གྱུར་པ ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་དཀྱིལ་འཁོར་རོ།། དེ་གང་ཡིན་ཞེ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཞེས་བྱ་བ་སྨོས་ཏེ། དེ་ལ་འཇིག་རྟེན་པའི་དཀྱིལ་འཁོར་ནི་མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ་ལྷ་མ་ཡིན་དང་། ཀླུའི་དཀྱིལ་འཁོར་རོ།། འཇིག་རྟེན་ལས་འདས་པའི་ནི། རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དང་། འཇིག་རྟེན་དབང་ཕྱུག་དང་། འཕགས་པ་ན་མཁའི་སྙིང་པོའི་དཀྱིལ་འཁོར་རོ།། དཀྱིལ ་འཁོར་ཆེན་པོ་དེར་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་དུའོ།། ཡང་དག་པར་གནས་པ་ཞེས་བྱ་བ་ནི་དེའི་ཁོངསུ་ཆུད་པའོ།། དཀྱིལ་འཁོར་གཅིག་ཏུ་གྱུར་ཏོ་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་དུ་གྱུར་པའོ།། དེ་ལྟར་ན་དེ་ནས་བཅོམ་ལྡན ་འདས་ཞེས་བྱ་བ་ནས་བརྩམས་ཏེ་དཀྱིལ་འཁོར་གཅིག་ཏུ་གྱུར་ཏོ་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། དེ་ནས་བསྡུ་བའི་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ།། དམ་ཚིག་དང་དབང་བསྐུར ་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི ་སྒྲ་ནི་སྔ་མ་བཞིན་ཏེ་ཏིང་འཛིན་གསུམ་གྱི་རྗེས་ཐོགས་ཉིད་ལ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་དཀྱིལ་འཁོར་ཐམས་ཅད་གསུང་སོ་ཞེས་བྱ་བར་སྦྱར་རོ།། མིང་དེ་སྐད་ཅེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ ་སྨོས་ཏེ་སེམས་ཅན་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་འདུལ་བ་རྣམ་སོ།། དེས་བསྡུས་པའི་དཀྱིལ་འཁོར་དུ་ཞུགས་པ་ནི་སེམས་ཅན་ཐམས་ཅད་རྗེས་སུ་ཞུགས་པའོ།། དེའི་དོན་དུ་བདེ་བ་ཆེན་པོ་ལས་བྱུང་བའི་དང་པོའི་རྡོ་རྗེ ་དམ་ཚིག་བདེ་བ་ཆེན་པོའི་རྡོ་རྗེ་དམ་ཚིག་སྟེ་བསྡུས་པའི་དཀྱིལ་འཁོར་རོ།། དེ་ཉིད་སྐྱེ་བོ་ཐམས་ཅད་དང་ཐུན་མོང་མ་ཡིན་པས་ན་གསང་བའོ།། མིང་དེ་སྐད་ཅེས་བྱ་བའི་དཀྱིལ་འཁོར་ཐམས་ཅད་གསུངས་པ་ནི་བཀའ་སྩལ་པའོ།། དཀྱིལ ་འཁོར་ཆེན་པོའི་ཚུལ་གྱིས་ནི།། དཀྱིལ་འཁོར་ཐམས་ཅད་ཀུན་ཏུ་བྲི་ཞེས་བྱ་བ་ནི་དུམ་བུ་གཉིས་པའི་རྩ་བའི་དཀྱིལ་འཁོར་གྱི་དབྱིབས་ལྟར་འདིའི་གཞིའི་དཀྱིལ་འཁོར་ཀུན་ཏུ་བྲི་བར་བྱའོ།། དཀྱིལ་འཁོར་ཆེན་པོ་དང་པོར་ནི།། དེ་ཡི་དབུས་སུ ་བརྟག་པར་བྱ་ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི་ཆེན་པོ་དང་དེ་གཞིའི་དཀྱིལ་འཁོར་དེའི་དབུས་སུ་སྟེ་རེའུ་ཆ་དབུས་མ་ལ་བརྟག་པར་བྱ་ཞིང་ཡང་དག་པར་བྲི་བར་བྱའོ།། དེའི་ཞེས་བྱ་བ་ལ ་དཀྱིལ་འཁོར་དབུས་མའི་རེའུ་ཆ་དབུས་མར་བྲི་བས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དེའི་ཕྱོགས་བཞིར་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ཡང་དག་པར་བྲི་བར་བྱའོ།། ཕྱིའི་དཀྱིལ་འཁོར་གྱི ་མཚམས་ཀྱི་མཐའ་ནི་ཕྱིའི་མཚམས་ཀྱི་མཐའ་སྟེ། དེ་རྣམས་ཀྱི་དབྱིབས་ཀྱི་གནས་ལ་ཕྱིའི་དཀྱིལ་འཁོར་གྱི་ཚོགས་བྲི་བར་བྱའོ།། སྒོ་རྣམས་ཀུན་ཏུ་འཇུག་པར་ནི།། རང་གི་ཕྱག་རྒྱ་རབ་ཏུ་གནས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི ་དཀྱིལ་འཁོར་དུ་འཇུག་པའི་ཇི་ལྟར་བཤད་པ་བཞིན་དུ། རྡོ་རྗེ་སེམོས་དཔའ་ལ་སོགས་པོའི་དཀྱིལ་འཁོར་ནས་ཀླུའི་དཀྱིལ་འཁོར་གྱི་བྱར་དུ་འཇུག་པར་བྱའོ།། དེ་བས་ན་འདིར་སྒོ་ཐམས་ཅད་དུ་འཇུག་པས་ན་རང་གི་ཕྱག་རྒྱ་དང་རྗེས་སུ ་འབྲེལ་པ་ཡིན་པས་རང་རང་གི་ཕྱག་རྒྱ་ལ་རབ་ཏུ་སྟེ་ཤིན་ཏུ་གནས་པར་འགྱུར་བ་ཡིན་པས་ན་རང་གི་ཕྱག་རྒྱ་དང་རྗེས་སུ་འབྲེལ་ཏོ་ཞེས་བྱ་བའི་ཐེ་ཚོག་གོ།། རྡོ་རྗེ་ཤུགས་ཀྱིས་འཇུག་བྱ་ཞིང་།། དཀྱིལ་འཁོར་དམ་པ་ལྔ་སྡུད་དོ་ཞེས་པ ་བ་ནི་རང་གི་དཀྱིལ་འཁོར་གྱི་བདགོ་བོའི་སྦྱོར་བས་རྣལ་འབྱོར་བྱས་ལ་བཛྲ་བཛྲ་ཞེས་ཟློས་ཤིང་འཇུག་པའི་གླུ་ཡང་ལེན་ཅིང་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། རྡོ་རྗེ་སེམས་དཔའ་དང་། རྣམ་པར་སྣང་མཛད་དང་། རབ་ཏུ་དགོའ ་བའི་རྡོ་རྗེ་ཁྲོ་བོ་དང་། རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང་འཕགས་པ་ན་མཁའི་སྙིང་པོའི་དཀྱིལ་འཁོར་ཏེ། དཀྱིལ་འཁོར་ལྔ་བདགྲ་ཉིད་ལ་རབ་ཏུ་སྲུང་བའི་འཇུག་པས་དཀྱིལ་འཁོར་དམ་པ་ལྔ་སྡང་ངོ་ཞེས་བྱ་བ་བསྡུས་པའི་དཀྱིལ་འཁོར ་རོ།། དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་དུ་གཏོགས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རྣམ་སོ།། རང་གི་ཕྱག་རྒྱས་འཇུག་པས་སོ་སོའི་ཁྱད་པར་གྱི་འཇུག་པ་གསུངས ་པ་དེ་བཞིན་དུ་དེ་དག་ལས་བཤད་པའི་སོ་སོའི་སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་ཁྱད་པར་ཡང་དེ་ལྟར་བྱ་བ་ཡིན་པར་ཤེས་པར་བྱའོ།། འདི་སྐད་སྟོན་ཏེ་རྡོ་རྗེ་སེམས་དཔའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ། རང་གི་སྙིང་གར ་ཇི་སྲིད་དཀྱིལ་འཁོར་འདི་མངོན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དང་པོའི་སྦྱོར་བ་བསྒོམས་ནས། བསྡུས་པའི་དཀྱིལ་འཁོར་སྤྲུལ ་པ་ཇི་ལྟ་བ་བཞིན་དུ་བྱས་ལ་ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱའོ།། དེ་ནས་དང་པོའི་རྡོ་རྗེས་དཀྱིལ་འཁོར་འདི་ན་མཁའ་ལ་བཱཞག་ལ། དེ་ཉིད་ལ་བདག་ཉིད་ཀྱིས་བྱིན་གྱིས་བརླབས་ལ་བསྡུས་པའི་དཀྱིལ་འཁོར་གྱི་སྟོང ་ཟོ་ཟློས་བཞིན་དུ་བསྐོར་བར་བྱའོ།། དེ་ནས་དུམ་བུ་གཉིས་པའི་རྩ་བོའི་རྒྱུད་ལས་གསུངས་པའི་དང་པོའི་དཀྱིལ་འཁོར་ལྟར་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། དཀྱིལ་འཁོར་དབུས་མའི་དབུས་ཀྱི་རེ་མིག་གི་ཆར་རྡོ་རྗེ ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར། ཀཱི་ལི་ཀཱི་ལའི་གནས་སུ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར། རྡོ་རྗེ་དྲན་པའི་གནས་སུ་རྡོ་རྗེ ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར། རྡོ་རྗེ་སྙིང་པོའི་གནས་སུ་ན་མཁའི་སྙིང་པོའི་དཀྱིལ་འཁོར། ཕྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་མེའི་མཚམས་ཀྱི་ཆར་མིང་པོ་གསུམ་གྱི་དཀྱིལ་འཁོར། བདེན་བྲལ་གྱི་མཚམསུ་སྲིང་མོ་བཞིའི་དཀྱིལ ་འཁོར། རླུང་གི་མཚམས་སུ་ལྷ་མ་ཡིན་གྱི་དཀྱིལ་འཁོར། དབང་ལྡན་གྱི་མཚམསུ་ཀླུའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། དེ་ནས་ཇི་ལྟ་བ་བཞིན་དུ་བྲིས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང ་བཅས་པ་བྲི་བར་བྱའོ།། དེ་བཞིན་དུ་ཀླུའི་དཀྱིལ་འཁོར་དང་། ཀླུའི་བདེག་པོ་འཁོར་དང་བཅས་པའི་བར་དུ་བྲི་བར་བྱའོ།། གཞིའི་དཀྱིལ་འཁོར་གྱི་ནང་དུ་དཀྱིལ་འཁོར་གྱི་མཚམས་བཞིར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད ་པའི་རྡོ་རྗེ་སྦྲང་རྩི་མ་ལ་སོགས་པ་བཞི་བྲི་བར་བྱའོ།། དེ་ཉིད་ཀྱི་ཕྱི་དྲང་ནང་གི་སྒོ་རྣམས་སུ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྒོ་བསྲུངས་བཞི་བྲི་བར་བྱའོ།། དེ་ནས་ཆོ་ག་ཐམས་ཅད་རྗེསུ་སྤྱད་ལ། རྡོ་རྗེ་སེམས ་དཔའི་སྦྱོར་བས་རྣལ་འབྱོར་ཆེན་པོ་བྱས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་བཤད་པའི་འཇུག་པའི་ཆོ་གས་གཞིའི་དཀྱིལ་འཁོར་དུ་འཇུག་པར་བྱའོ།། དེ་ནས་སློབ་དཔོན་གྱི་ལས་ཐམས་ཅད་བྱས་ལ་དཀྱིལ་འཁོར་དབུས་མའི ་དབུས་ཀྱི་རེའུ་ཆར་གནས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རང་གི་ཆོ་གས་འཇུག་པར་བྱའོ།། དེ་བཞིན་དུ་ཀླུའི་དཀྱིལ་འཁོར་གྱི་བར་ལ་རང་གི་ཆོ་གས་འཇུག་པར་བྱའོ།། དེ་ནས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་ཐམས་ཅད་བྱའོ།། སློབ་དཔོན ་གྱི་ཆོ་ག་རྒྱས་པ་རྫོགས་སོ།། ། དེ་ནས་རང་གི་འཇུག་པ་ལ་སོགས་པའི་ཆོ་ག་བཞིན་དུ་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བྱའོ།། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགསོ།། ་དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བཤད་ནས། དྲ་ནི་དམ་ཚིག་དང་དབང་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་བསྟན་པའི ་ཕྱིར། དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་གང་དང་གྲང་དུ་དངོས་གྲུབ་གང་དང་གང་ལས་གང་དང་གང་བཤད་པའི་དངོས་གྲུབ་དང་། ལོས་དེ་དག་ཐམས་ཅད ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིགཽ། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགསོ།། ་དེ་ལྟར་སེམས་ཚོན་འམསོ་ཅང་རྗེསུ་འཛིན་པར་བྱེད་པས་བསྡུས་པའི་དཀྱིལ་འཁོར་གསུངས་ནས། ངནི་མང་པོ་གསུམ་གྱི་འདུལ་བ་རྣམས་ཀྱི་དོན་དུ་མིང་བོ་གསུམ་གྱི་དཀྱིལ་འཁོར་གསུངས་པ་ནི། དེ་ནས་ཞེས་བྱ་བ་ལ ་སོགས་པས་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལ་འདིར་དང་ཟ་སྦྱོར་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པ་ཉིད་ཡིན་ནོ།། ལྷ་ལ་སོགས་པ་གང་ཞེས་བྱ་བ་ནི་ལྷ ་ལ་སོགས་པ་གང་ཡིན་པ་དེ་ནི་ལྷ་ལ་སོགས་པ་སྟེ། ལྷག་མ་ཁྲོ་བོའི་ཚོགས་དང་ཕོ་ཉ་དྲོང་བྲན་དང་ཆུང་མ་དང་བཅས་པའོ།། དམ་ཚིག་སེམས་དཔའ་ཐམས་ཅད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ལྷ་ལ་སོགས་པ་སྟེ། དམ་ཚིག་སེམས ་དཔའ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དམ་ཚིག་སེམས་དཔའ་ཐམས་ཅད་དེ། དེ་ལྟར་གྲགས་པའི་ལྷ་ལ་སོགས་པའི་གཟུགས་ནི་ཀུན་རྫོབ་ཀྱི་སེམས་དཔའ་ཡིན་གྱི། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་དོན་དམ་པའི་བདེ་བའི་རང ་བཞིན་ནི་མ་ཡིནོ།། ཞེས་བྱ་བའི་དོན་ཏོ།། འདིས་ནི་འཇིག་རྟེན་པའི་ཤེས་པའི་རྒྱུ་མཐུན་པ་ལས་བྱུང་བའི་དམ་ཚིག་གི་སེམས་དཔའ་བཤད་པ་ཡིན་ལ་འཇིག་རྟེན་ལས་འདས་པ་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་ནི་སྔམས་དཔའ་ཆེན་པོ ་ཞེས་བཤད་པ་ཡིན་ནོ།། བཅོམ་ལྡན་འདས་ལས་རང་རང་གཱི་རྗེ་སུ་གནང་བ་ནོས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལྔས་སྙིང་པོ་སྨྲ་བའི་བཀའ་ནོས་ནས་རང་རང་གི་སྙིང་པོ་ཕུལོ།། འདི་ཞེས་བྱ་བ་ནི་བློ་ལ་གནས་པའོ།། ་སེམས་ཅན་ཀུན་ལ་བདེ་སླད་དུ་ཞེས་བྱ་བ་ནི། འཇིག་རྟེན་པའི་ལྷ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ལ་འཇིག་རྟེན་པའི་ལྷའི་དཀྱིལ་འཁོར་བསྐྱེད་པས་སངས་རྒྱས་ཉིད་ཐོབ་པའི་ཕྱིར་ཞེས་པ། ཕྱིར་མི་ལྡོག་པའི་ས་བོན་པ་སྐྱེད ་བ་ནི་བདེ་བ་ཡིན་ཏེ། དེའི་དོན་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི་ཞབས་ལ་ཕྱག་བྱའོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་མཉེས་པར་བྱ་བའི་ཕྱིར་བདག་ཉིད་བཅོམ་ལྡན་འདས་ཀྱིས་ཅི་ཞིག་བགྱི་ཞེས་བྱ་བའི་ཕྱིར ་རང་གི་གསང་བའི་སྙིང་པོ་སྟེ། རང་གི་ཤེས་པའི་ངེས་པ་སྟོན་པར་བྱེད་པའི་སྒོའི་ཚུལ་ཕུལ་པོ་ནི་བསྟབས་པའོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབས་རང་གི་གསང་བའི་སྙིང་པོ་འདི་ཕུལ་བའི་གནས་སྐབས་སུ་ཞེས་བྱ་བའི ་ཐ་ཚིགོ། འཇིག་རྟེན་གསུམ་པོས་གསོལ་བ་ནི་སྨས་པ་སྟེ་ཨོཾ་ཧཱུཾ་ཧྲིཾ་ཞེས་བྱ་བསོ།། དེ་ལྟར་ན་ལྷ་ལ་སོགས་པ་ཞེས་བྱ་བས་ནས་བརྩམས་ཏེ་ཨོཾ་བྷུ་ཧྲི་ཞེས་བྱ་བའི་བར་གྱི་བཤད་པས་འཇིག་རྟེན་གསུམ་གྱི་ཏིང་ངེ་འཛིན་གཉིས་པ ་གསུངས་པ་ཡིན་ནོ།། དེ་ནས་བསྡུ་བའི་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ།། དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ ་འཁོར་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པ་ནི་ཆོ་ག་རྒྱས་པར་གསུངས་པ་ཡི་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐུག་པ་སྟེ། དམ་ཚིག་གསུམ་གྱི་རྗེས་ཐོགས་ཉིད་ལའོ།། ་དཀྱིལ་འཁོར་ཅེས་བྱ་བ་ནི་དཀྱིལ་འཁོར་ཞེས་བྱ་བར་ཤུགས་ཀྱི་སྦྱོར་རོ།། བུར་བཞི་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། གཞུའི་སེ་རལ་ཁ་ཞེས་བྱ་བ་ནི་གཞུའི་མཆོད་ཕྱིར་ཐོགས་པ་ཡོད་པའོ།། མངའ་དང་ཙ་ཤ་ཀ་ཞེས་བྱ་བ་ནི ་ལག་པུ་གཡས་ནཱ་མངའ་ཐོགས་གྲཝ། གཞོན་ནུ་ཁ་བོར་ཙཱ་ཤ་ཀ་ཞེས་བྱ་བྱ་རྫོགས་པའོ།། འཇུག་པཱ་ནི་མདུང་རྩེ་གསུམ་པའི་ཕྱག་རྒྱས་ཞེས་བྱ་བ་ནི། སྙིང་པོ་གསུམ་གྱི་དཀྱིལ་འཁོར་འདིར་སློབ་དཔོན་འཇུག་པ་ན་མདུང ་རྩེ་གསུམ་པས་མཚན་མའི་ཕྱག་རྒྱ་འོག་ནས་བཤད་པའི་མཚན་ཉིད་ཅན་གྱི་འཇུག་པར་བྱའོ།། དེའི་མཚན་ཉིད་ནི་འདི་ཡིན་ཏེ་མཛུབ་མོ་དང་གུང་མོ་དང་སྲིན་ལོག་གཞིབས་ཏེ་རྩེ་གསུམ་པ་བྱས་ལ་མཐེ་བོ་དང་མཐེའུ་ཆུང་གཉིས་གདུ ་བུར་བསྒྲེས་ལ་ཤེས་པར་བྱའོ།། པུས་མོའི་ལྷ་ང་ཞེས་པ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་པུས་མོའི་ལྷ་ང་སཱ་ལ་བཙུགས་ཏེ་འཇུག་པར་བྱའོ་ཞེས་བྱ་བའི་ཐ་ཚིགོ།། ཞུགས་ནས་དམ་ཚིག་བཅིངས་ནས་ནི།། ཡང་དག་འགུགས ་བ་ཉིད་དུ་བྱ་ཞེས་བྱ་བ་ནི། ཇི་སྐད་བཤད་པའི་འཇུག་པའི་ཕྱག་རྒྱས་ཞུགས་ལ། དུམ་བུ་དྲང་པོ་ལས་བཤད་པའི་རང་གི་ཚེ་གྲས་རང་གི་ཆོ་ག་ཐམས་ཅད་རྫོགས་པར་བྱས་ལ། བཤད་མ་ཐག་པའི་མདུང་རྩེ་གསུམ་པས་མཚན ་བའི་ཕྱག་རྒྱས་ལུས་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱས་པ་དང་། འགུགས་པའི་སྙིང་པོ་ཉི་ཤུ་རྩ་གཅིག་བཟླས་ལ་མིང་པོ་གསུམ་འཁོར་དང་བཅས་པ་དགུགོ་པར་བྱའོ།། དེ་ལ་འགུགས་པའི་སྙིང་པོ་འདི་ཡིན་ཏེ། ཨོཾ ་བྷུར་བྷྱོ་བ་སྭཿསློབ་དཔོན་གྱིས་འཇུག་པའི་སློབ་མ་ཐམས་ཅད་ལ་ཞུགས་པར་བྱའོ་ཞེས་བྱ་བ་ནི། དེ་ལྟར་མིང་པོ་གསུམ་དཀྱིལ་འཁོར་དང་བཅས་པ་དྲངས་ནས་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ།། དེ་ནས་ཆོས་ངང ་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ་མཆོད་པ་རྣམ་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་ལ་སོགས་པས་ལེགས་པར་མཆོད་ལ་སློབ་མ་གཞུག་པའི་ཕྱིར་གནང་བ་ནོས་ནས་རང་གི་འཇུག ་པའི་ཆོ་གསོ་སློབ་མ་ཐམས་ཅད་གཞུག་པར་བྱའོ།། དེ་ཁོ་ན་ཉིད་དང་གསང་བ་ཡང་བརྗོད་པར་བྱ་སྟེ། རྡུལ་དང་མུན་པོ་སྙིང་སྟོབས་ཉིད།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། མིང་པོ་གསུམ་པོ་འདི་དོག་ནི།། འདི་ཉིད་དེ་ཡི་གསང་བ་ར ་བརྗོད།། ཅི་ཞིག་བྱས་ནས་དེ་ཁོ་ན་ཉིད་བརྗོད་པོར་བྱ་ཞེ་ན། དམ་ཚིག་མཆོག་ནི་བྱིན་ནས་ནི་ཞེས་བྱ་བཱ་སྨོས་ཏེ། གལ་ཏེ་མ་བརྟགས་ལ་སྨྲས་ཞེས་བྱ་བ་ལ་སོགས་པའི་དམ་ཚིག་བྱིན་ལ་དེ་ཁོ་ན་ཉིད་དང་། གསང་བ་འདི་བརྗོད་པར་བྱའོ།། གལ ་ཏེ་མ་བརྟགས་ལ་སྨྲས་ན་ཞེས་བྱ་བ་ལ་སོགས་དཀྱིལ་འཁོར་དུ་མ་ཞུགས་པ་ནི་མུ་བརྟགས་པ་སྟེ་དཀྱིལ་འཁོར་དུ་མ་ཞུགས་ཤིང་མ་བརྟགས་པ་དེ་ལ། གལ་ཏེ་མིང་པོ་གསུམ་གྱི་དཀྱིལ་འཁོར་འདི་སྨྲས་པར་གྱུར་ན། དེའི་ཚེ་ཁྱེད་ཀྱི་སྙིང ་མདུང་རྩེ་གསུམ་གྱི་བཅོམ་ཞིང་གསོད་པར་འགྱུར་རོ།། འོན་ཏེ་ཛི་སྐད་བཤད་པའི་ཆོས།། འདྲིར་ནི་ཀུན་ཏུ་མ་སྦྱང་ན།། རྩེ་གསུམ་གྱིས་ནི་ཁྱོད་སྙིང་འཇོམས་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་དཀྱིལ་འཁོར་སྨྲ་བས་རྩེ་གསུམ་གྱིས ་ཁྱོད་ཀྱི་སྙིང་འཇོམས་པར་མ་ཟད་ཀྱི། ཇི་སྐད་དུ་བཤང་བའི་ཆོས་མ་སྦྱང་ན་ཡང་ཁྱེད་ཀྱི་སྙིང་མདུང་རྩི་གསུམ་གྱིས་སྙིང་འཇོམས་པར་འགྱུར་རོ།། ཞེས་བྱ་སྟེ་གལ་ཏེ་སྙིང་སྟོབས་དང་རྡུལ་དང་མུན་པ་ཁྱེད་སྒོམ་པར་བྱེད་ན་དེའི་ཚེ ་ཡང་ཁྱེད་ཀྱི་སྙིང་མདུང་རྩེ་གསུམ་གྱིས་གསོད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིགོ།། དེ་ནི་སྙིང་སྟོབས་ཞེས་བྱ་བ་ལྔ་སོགས་པས་ཆོས་དེ་རྣམ་པར་འགྲེལ་པ་ཡིན་ཏེ། དེ་ལ་སྙིང་སྟོབས་ནི་དབང་ཕྱུག་ཆེན་པོ་སྟེ། སེམས་ཀྱི་རང་བཞིན ་དྲི་མ་ཐམས་ཅད་དང་བྲལ་ཞིང་འོད་གསལ་བའོ།། རྡུལ་ནི་ཚངས་པ་སྟེ་འཇིག་རྟེན་གསུམ་བྱེད་པའོ།། མུན་པ་ནི་ཁྱབ་འཇུག་སྟེ། འཇིག་རྟེན་གསུམ་སྟོན་པར་བྱེད་པ་སྟེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྗེ་སུ་ཞུགས་པའི་འདོད་ཆགས་དང་ཞེ་སྡང ་ང་གཏི་མུག་ནི་དེ་དག་ཡིན་པས་སེམས་ཅན་ཐམས་ཅད་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོར་བོརྟ་གོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་དག་ཀྱང་དངོས་པོ་ལ་མངོན་པར་ཞེན་པས་ནི་ངན་སོང་གསུམ་གྱི་རྒྱུར་འགྱུར་ལ་རང་བཞིན་གྱིས ་ཡང་དག་པར་བསྒོམས་ཏེ་བསྟེན་པས་ནི་བདུད་རྩིའི་རྒྱུར་འགྱུར་བ་ཡིན་ནོ།། དེ་ཡང་། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། ཐམས་ཅད་ལ་ནི་རྣམ་པར་གནས།། མི་བཟང་པར་ནི་བརྟེན་གྱུར་ན།། དུག་ཉིད་དུ་ནི་འགྱུར་བ་ཡིན།། བདུད་རྩིའི་ཚུལ ་དུ་བརྟེན་གྱུར་ན།། བདུད་རྩི་ཉིད་དུ་འགྱུར་བ་ཡིན།། འདོད་ཆགས་ཚངས་པའི་བྱིན་པའི་མཆོག། ཞེ་སྡང་དྲག་པོའི་ཏིང་འཛིན་ཉིད།། གཏི་མུག་ཁྱབ་པར་བསྟན་བྱས་པ།། འཇིག་རྟེན་གསུམ་ལེགས་བྱིན་གྱིས་བརླབས་ཞེས་བཤད་པ་ཡིན་ནོ།། མིང ་པོ་གསུམ་པོ་འདི་དག་སྟེ་ཞེས་བྱ་བ་ནི་ཚངས་པ་དང་། ཁྱབ་འཇམ་དང་། དབང་ཕྱུབ་ཆེན་པོ་གང་ཡིན་པ་དེ་ཉིད་ནི་མིང་པོ་གསུམ་པོ་འདི་ཡིན་ཏེ། རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པའི་ངོ་བོ་ཡང ་གཞན་མ་ཡིན་ནོ།། དེ་ལ་རྒྱལ་བར་བྱེད་པ་ནི་སྟོབས་བཟང་གི་གཟུགས་འཛིན་པ་ནི་དབང་ཕྱུག་ཆེན་པོའོ།། སྦྲང་རྩིར་བྱེད་པ་ནི་འདོད་པའི་ལྷའི་གཟུགས་འཛིན་པའི་ཚངས་པའོ།། དོན་ཐམས་ཅད་གྲུབ་པ་ནི་དཔྱིད་ཀྱི་གཟུགས་འཛིན་པ་ནི་ཁྱབ ་འཇུག་གོ།། ནམ་ཡང་བརྙས་པར་མི་བྱའོ་ཞེས་བྱ་བ་ནི། འཇིག་རྟེན་གསུམ་དུ་ལྷག་པར་མོས་པས་དེའི་གཟུགས་སུ་བསྒོམས་ནས་སྐྱེས་བུ་དོན་བཞི་པོ་བསྒྲུབ་པར་འདོད་པས་མིང་པོ་གསུམ་པོ་དེ་དག་གཟུགས་བརྙན་ལྟ་བུར་བསྒོམ་པར ་བྱའོ།། འདིས་ཅི་ཞིག་བྱ་ཞེ་ན། ནམ་ཡོང་བརྙས་པར་མི་བྱ་ཞིང་འདི་ལ་དངོས་པོ་ལ་མངོན་པར་ཞེན་པ་ཡང་མི་བྱའོ།། གང་ཞིག་འདི་དག་ལ་ཞེས་བྱ་བ་ལ་སོགས་པ་ལས་འདི་ལ་དད་པ་གང་ལ་ལ་ཞིག་ཚུལ་འདི་གཉིས་བརྟན་པར་བྱེད་པ། ་ངག་དཀྱིལ་འཁོར་བྲིས་ནས། ཞུགས་ལ་ཡང་དང་ཡང་དུ་མཆོད་པར་བྱེད་པ་དེ་ཐམས་ཅད་ཀྱིས་ཆོས་དང་ནོར་བུ་འདོད་པ་དང་ཐར་པའི་རང་བཞིན་ལ་ཐམས་ཅད་གྲུབ་པ་ཐོབ་པར་འགྱུར་རོ།། ཕྱག་རྒྱ་དག་ཀྱང་བསྟན་པར་བྱ་ཞེས་བྱ་བ་ནི། ་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་ལྔས་ཀྱི་ཕྱག་རྒྱ་རྣམས་སློབ་མ་རྣམས་ལ་བསྟན་ཅིང་བསྒྲུབས་ནས་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡིས་གང་གྲིས་མཆོད་པར་བྱ་ཞེས་བྱ་བ་ནི་མིང་པོ་ག། སུམོ་འཁོར་དང་བཅས་པའི་ལས་ཀྱི་ཕྱག་རྒྱས ་གོར་གྱི་མཆོད་པ་བྱ་བའི་ཚུལ་གྱིས་གར་བྱ་བའི་མཆོད་པས་སློབ་དཔོན་གྱིས་དཀྱིལ་འཁོར་འང་མཆོད་པར་བྱའོ།། རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་རྒྱུན་དུའོ།། འདོད་པའི་ཡོན་ཏན་ལྔས་ཞེས་བྱ་བ་ནི། གཟུགས་དང་། སྒྲ་དོང་།། དྲི་དང་། ་རོ་དང་། རེག་བྱ་དང་། ཆོས་དང་། ནོར་དང་། ཐར་པ་དང་། རྗེས་སུ་མཐུན་པར་བྱ་བྱའི་དྲན་སོང་དུ་འགྲོ་བའི་རྒྱུར་གྱུར་པཱས་ནི་མ་ཡིན་ནོ།། འདིའི་ཆོ་གུ་རྒྱས་པར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར་བཤད་བྱིན ་བས་དེ་ཉིད་ལས་ཤེས་པར་བྱའོ།། འདྲིར་ཁྱད་པར་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། བཛྲ་བཛྲ.ོཾ་བྷུ་ཧཱི་ཞེས་བྱ་བའི་ཡི་གེ་གསུམ་གྱི་སྙིང་པོས་འཇུག་པར་བྱའོ།། དེ་ལ་བཛྲ་སྭ་བྱ་བའི་ཡི་གེ་གཅིག་པའི་སྙིང་པོ་དང་བཅས་པར་བྱའོ།། ་དུམ་བུ་གཉིས་པ་རྩ་བའི་རྒྱུ་དོ་ལས་མིང་པོའི་རྟོག་པ་བཤད་པ་རྫོགས་སོ།། །། དེ་ལྟར་མིང་པོ་གསུམ་གྱི་དཀྱིལ་འཁོར་བཤད་ནས། དཱ་ནི་སྲིང་མོ་བཞིས་འདུལ་པོ་ལས་བརྩམས་ཏེ། དེ་ནས་ཞེས་བྱ་བ་ནས་བརྩམས་ནས ་སྲིང་མོ་བཞིའི་རྟོག་པ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ་དང་པོའི་སྦྱོར་བའི་རྗེས་ཐོགསུ་ཉིད་ལའོ།། འདིར་དྲང་པོའི་སྦྱོར་བ་ནི་མིང་པོ་གསུམ་གྱི་སྐབས་སུ་བཤད་པ་ཉིད་ཡིན་ནོ།། གསང་བས་ལྷ་མོ་ཞེས་བྱ་བ ་ནི་འདི་དག་ནི་མིང་པོ་གསུམ་གྱིས་སྤྲུལ་པ་ཡིན་གྱི་འདྲི་དོག་རྒྱུད་གཞན་ལས་སྤྲུལ་པ་ནི་མ་ཡིན་ནོ།། དེ་བས་ན་འདིས་ནི་དེ་རྣམས་ཀྱི་རང་བཞིན་གྱིས་འོད་གསལ་བ་ལྔ་བརྩོན་པའི་རང་བཞིན་ཅན་གྱི་ལས་ཀྱི་གསལ་བའི་རང་བཞིན་གསལ ་བར་བྱེད་པ་དང་། དེ་ཐོབ་པར་བྱེད་པ་ཡིན་པས། དེའི་ཕྱིར་དེ་དག་ནི་གསང་བའང་ཡིན་ལ་ལྷ་མོ་ཡང་ཡིན་པས། གསང་བའི་ལྷ་མོ་སྟེ། དགའ་བ་མོ་ལ་སོགས་པ་བཞིའོ།། རང་གི་ཕྱག་རྒྱ་ཕུལ་ལོ་ཞེས་པ་ནི་རང་གི་དཀྱིལ་འཁོར་སྒྲུབ ་པར་བྱེད་པའི་རིག་པ་ནི་རང་གི་ཕྱག་རྒྱ་སྟེ་དེ་ཕུལ་ཞིང་བསྟབས་པའོ།། དེ་ནི་ཧྲི་ཧཱུཾ་ཤྲི་བྷྱོ་ཞེས་བྱ་བ་ཡིན་ནོ།། འདི་ཡན་ཆད་ཀྱི་སྲིང་མོ་བཞིའི་ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ།། དེ་ནས་དེ་བཞིན་དུ་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར ་ཤེས་པར་བྱའོ།། དེ་ལྟར་དམ་ཚིག་གསུམ་བཤད་ནས། དམ་ཚིག་དང་། དབང་བསྐུར་བ་ཐོབ་པ་རྣམས་ཀྱི་འདིར་བཟླས་བརྗོད་དང་བསྒོམ་པ་བྱའོ།། ཞེས་བྱ་བ་འདིའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ནི་གཽ་སླའོ།། དེ་ནས་དང་པོར་དཀྱིལ་འཁོར་དུ།། དེ་བཞིན་ཀུན་ནས་འཇུག་པར་བྱ་ཞེས་བྱ་བ་ནི་དེ་ལྟར་དཀྱི ་འཁོར་བྲིས་ནས་དེའི་རྗེས་ཐོགས་ཉིད་ལ་འཇུག་པར་བྱ་སྟེ། དང་པོ་ཁོ་ནར་སྤྱན་དྲུང་བ་བྱས་ནས་དཀྱིལ་འཁོར་གྱི་སྒོ་བཞི་ནས། དེ་ལྟར་ཤར་ནས་བྱ་བ་དེ་བཞིན་དུ་ལྷོ་དང་ནུབ་དང་བྱང་ནས་ཀུན་འཇུག་པར་བྱའོ།། ཞེས་བྱ་བ་ནི་དེ་བཞིན་ཞེས་བྱ་བ ་སྒྲས་སྟོན་ཏོ།། ཕྱག་རྒྱ་གང་གིས་འཇུག་པར་བྱ་ཞེ་ན་སྙིང་མོ་བཞིའི་ཕྱག་རྒྱུ་བཞིའི་ཞེས་བྱ་བ་སྨོས་ཏེ་སྲིང་མོ་བཞིའི་རང་གི་ཕྱག་རྒྱ་གང་ཡིན་པ་དེས་འཇུག་པར་བྱའོ།། དེ་ཡང་ཇི་ལྟར་ཞེ་ན་ཇི་ལྟ་བའི་གོ་རིམ་ཞེས་བྱ་བའི་སྒྲོས་ཏེ་ཤར་གྱི ་དཀྱིལ་འཁོར་ནོས་ནི་དགའ་བ་མོའི་སྦྱོར་བསོ་སོ།། ལྷོ་ནས་ནི་སྲིན་མོའི་སྦྱོར་བསོ།། ནུབ་མོས་ནི་ཕག་མོའི་སྦྱོར་བསོ།། བྱང་གི་དཀྱིལ་འཁོར་ནས་ནི་གྲུབ་པ་མོའི་སྦྱོར་བས་འཇུག་པར་བྱ་ཞིང་ཐམས་ཅད་དུ་བཛྲ་བཛྲ་ཏྲི་ཧཱུཾ་བྲྀ་བྷྱོ་ཞེས་ཟློས་ཤིང ་འཇུག་པར་བྱའོ།། འདི་ནི་གོ་རིམ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ།། ཞུགས་ནས་བདུག་པ་ལ་སོགས་ཀྱིས།། ཆོ་ག་དེ་བཞིན་མཆོད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལྟར་ཞུགས་ནས་རང་གི་ཆོ་ག་ཐམས་ཅད་སྔ་མའི ་རྗེསུ་འབྲངས་ནས་བྱས་ལ། མཆོད་པ་རྣམ་པ་ལྔས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ལེགས་པར་མཆོད་དེ་སྤྱན་དྲང་བ་དང་། དགུག་པ་དགེ་སློབ་དཔོན་དེས་བྱའོ་གང་གི་བྱ་ཞེ་ན། གསང་བའི་དེ་ཉིད་རབ་གྲུབ་པས།། ཨོཾ་ཞེས་བྱ་བ་ལ་སོགས ་བའི་སྙིང་པོ་ནི་དེ་ཁོ་ན་ཉིད་གསང་བས་གཙོ་བོ་སྟེ། དེ་ཁོ་ན་ཉིད་དང་། གསང་བ་ཉིད་དང་། གསང་བ་གྲུབ་པའི་དེ་སྤྱན་དྲང་བའི་ཕྱག་རྒྱ་དང་ལྡན་པས་ལྷ་མོ་རྣམས་ཡང་དག་པར་དགུག་པར་བྱའོ།། གུང་མོ་དང་སྲིན་ལག་རྡོ་རྗེ་བསྡམས ་པ་བྱས་ལ། མཐེ་བོ་དེ་གུང་མོ་དང་མཐེའུ་ཆུང་དང་སྲིན་ལག་གི་སོར་མོ་བརྒྱད་རྩེ་སྦྲང་བཱ་ནི་སྲིང་མོ་བཞིའི་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་ཉིད་ཀྱིས་སྤྱན་དྲང་བ་དང་འདི་ཉིད་ཀྱི་དཀྱིལ་འཁོར་དུ་གཞུག་པར་བྱའོ།། དེ་ནས་ཐམས་ཅད ་འབབ་པར་འགྱུར་རོ།། ཞེས་བྱ་བ་ནི་དེ་ལྟར་སྤྱན་དྲང་བ་བྱས་ལྷག་པར་གནས་པར་བྱ་བའི་སློབ་མ་ཐམས་ཅད་ལ་འབབ་པར་འགྱུར་བ་སྟེ། ལྷ་མོ་རྣམས་སྤྱན་དྲང་བའི་མཐུས་དེ་རྣམས་ལ་འབབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། ་བབས་ནས་གཞུག་པར་བྱའོ་ཞེས་བྱ་བ་ནི་ལྷ་མོའི་ཚོ་གས་རྣམས་སྤྱན་དྲངས་ནས་དོམ་ཚིག་གིས་ཕྱག་རྒྱས་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར ་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་སློབ་མ་གཞུག་པའི་ཕྱིར་རྗེས་སུ་གནང་བ་བླངས་ལ་སློབ་མ་བཅུག་ན་རང་གི་འཇུག་པའི་སྦྱོར་བས་སློབ་དཔོན་འཇུག་པར་བྱ་སྟེ། གང་གི་ཕྱིར་དེ་བཞིན་ཞེས་བཤད་པའི་ཕྱིར་རོ།། ་དེ་ནས་ཕྱག་རྒྱ་བཅིངས་པ་བསླབས་ལ་གསང་བ་བརྗོད་པར་བྱའོ་ཞེས་བྱ་བ་ནི་ལྷ་མོ་རྣམས་ཀྱི་སྙིང་པོ་བྱིན་ནས་ཕྱག་རྒྱ་ཆེན་པོ་བཅིང་བ་དང་། ཆོས་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བསླབ་པར་བྱའོ།། དེ་ལྟར་བསླབས་ནས་དེ ་རྣམས་ལོ་འདོད་ཆགས་ཞེ་སྡང་གཏི་མུག་ངག། ཟས་དང་སྐོམ་དང་རོ་དེ་བཞིན།། ཆོས་ཀྱིས་བརྟེན་ན་བདེ་བ་སྟེ།། ཆོས་མིན་པས་ནི་སྡུག་བསྔལ་བསྐྱེད་ཅེས་བྱ་བའི་སྔགས་དྲོ་བོ་བརྗོད་པར་བྱའོ།། ཇི་ལྟར་ཞེ་ན། མནས་བསྒྲགས་ནས་ནི་ཞེས ་བྱ་བ་སྨོས་ཏེ་མནའ་ནི་འདི་ཡིན་པ་སྟེ། སེམས་ཅན་དོན་ལ་གང་ཞུགས་པ་ཞེས་བྱ་བ་ནས་བརྩམས་ཏེ་གལ་ཏེ་གསང་བ་མི་སྙན་ན་ཞེས་བྱ་བའི་བརླ་ཡིན་ནོ།། ད་ནི་འདོད་ཆགས་ཞེས་བྱ་བ་ལ་སོགས་པའི་གསང་བ་བརྗོད་པར་བྱ་བ་ཡིན་ནོ།། འདོད ་ཆགས་ཞེ་སྡང་གཏི་མུག་དང་ཞེས་བྱ་བ་ནཱི་བཤང་ཟིན་ཏོ།། དེ་བཞིན་ཟས་དང་སྐོམ་དང་རོ་ཞེས་བྱ་བ་ལ་ཟས་ནི་ཁ་ཟས་ལ་སོགས་པའོ།། སྒྲོམ་ནི་བཏུང་བ་ལ་སོགས་པས་གཤེར་བའི་རྫ་སོ།། རོ་ནི་མངར་བ་དང་། སྒྱུར་བ་དང་། ལན་ཚྭ་དང་། ་བསྐ་བའི་དབྱི་བས་རྣམ་པ་དྲུག་གོ།། དེ་བཞིན་ཞེས་བྱ་བ་ནི་རྣམ་པ་དེ་དང་འདྲ་བས་ཇི་ལྟར་འདོད་ཚོགས་དང་། ཞེ་སྡང་དང་། གཏི་མུག་ཆོས་ཀྱི་བརྟེན་ན་ནི་བདེ་བར་འགྱུར་ལ་ཆོས་ཆ་མ་ཡིན་པ་བརྟེན་ན་ནི་སྡུག་བསྔལ་བསྐྱེད་པ་དེ་བཞིན་དུ ་ཟས་དང་སྐོམ་དང་རོ་ཡང་དེ་དང་འདྲའོ་ཞེས་སྟོན་པ་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། གང་ལ་ལ་ཞིག་རྒྱལ་བར་བྱེད་པ་ལ་སོགས་པའི་སྦྱོར་བས་སྲིང་མོ་བཞི་བསྒྲུབ་པར་བྱེད་པ། དེ་བདག་ཉིད་གཟུགས་བརྙན་དང་འདྲ ་བར་མིང་པོ་གསུམ་གྱི་གཟུགས་སུ་བསམས་ལ་ལྷ་མོ་དེ་རྣམས་ཀྱང་གཟུགས་བརྙན་དང་མཉམ་པས་མདུན་དུ་བཞག་ལ་དེ་དང་ཡང་དག་པར་སྦྱོར་བར་བསྒོམ་པར་བྱ་ཞིང་དེ་ཟས་དང་སྐོམ་དང་རོ་རྣམས་གཟུགས་བརྙན་དང་འདྲ་བར ་ལྷག་པར་མོས་པར་བསྟེན་པར་བྱ་སྟེ། དེ་ནི་འདི་རྣམས་ཀྱི་ཆོས་དང་རིག་པ་ཡིན་ནོ།། ཆོས་འདིས་བསྟེན་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ་བདྲེ་བ་བསྐྱེད་པར་འགྱུར་རོ།། དངོས་པོ་ལ་མངོན་པར་ཞེན་པས་ནི་དམྱལ་པ་ལ་སོགས ་བངན་འགྲོའི་རྒྱུར་འགྱུར་རོ།། དེ་ལྟར་ཡང་ཇི་ལྟར་ཤེས་ཤེ་ན་གང་གི་ཕྱིར་སྲིང་མོ་རྣམས་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དམ་པའི་རྒྱུད་ཉིད་ཡིན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ། འདི་སྐད་གཟུགས་བརྙན་དང ་འདྲ་བར་བསྒོམས་པས་ནི་ངེས་འདུལ་བ་རྣམས་ལ་མིང་པོ་གསུམ་གྱི་ཏིང་ངེ་འཛིན་རྫོགས་པར་བྱེད་པ་ཡིན་ནོ།། དེ་བས་ན་འདི་དག་ནི་དམ་པར་བྱེད་པའི་རྒྱུ་ཉིད་ཡིན་པས་ཐམས་ཅད་དང་ལྡན་པས་བསྟེན་དགོས་སོ།། ཕྱག་རྒྱ་ཞེས་བྱ་བ་ལ ་སོགས་པ་ལ་དེ་ལྟར་སློབ་མའི་ཚོགས་ལ་བསྟེན་ནས། སློབ་དཔོན་སློབ་མའི་ཚོགས་དང་བཅས་པས་སྲིང་མོ་བཞིའི་ལས་ཀྱི་ཆོ་ག་ཕྱག་རྒྱས་གར་གྱི་མཆོད་བ་བྱས་ཏེ། སྲིང་མོ་བཞི་པོ་ངག་རྟག་ཏུ་ཉིད་དུ་མཆོད་པར་བྱའོ།། ཇི་ལྟར་ཞེ་ན། ཅི ་འདོད་པ་ཞེས་བྱ་བ་སྨོས་ཏེ་ཇི་ལྟར་མངོན་པར་འདོད་པས་ཞེས་བྱ་བའི་ཐ་ཚིགོ།། དེས་ཇི་ལྟ་བུའི་ཚུལ་གྱིས་སྦྱིན་པར་བྱ་ཞེ་ན། ཅི་འདོད་པར་ནི་མཆོད་པར་བྱ་ཞེས་སྨོས་པ་ཡིན་ནོ།། ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡུལ་གཟུགས་དང་སྒྲ་དང་། ་དྲི་དང་། རོ་དང་། རེག་བྱ་ཇི་སྙེད་པ་ལྷ་རྣམས་གྲུབ་པའི་རྒྱུར་གྱུར་པ་ལྷ་མོ་རྣམས་ལ་དབུལ་བར་བྱ་སྟེ། བོ་པའི་ཕྱག་རྒྱ་གང་གིས་མཆོད་པས་ཡང་དག་པར་མཆོད་དོ་ཞེས་བྱ་བ་ཡི་ནོ།། དཀྱིལ་འཁོར་འདིའི་ཆོ་གའི་དབྱེ་བ་རྒྱས་པ་དང་སྒྲུབ་པ་དང་། ་བསྒྲུབ་པར་བྱ་བའི་ཁྱད་པར་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར་བཤད་པས་དེ་ཉིད་ལས་ཤེས་པར་བྱའོ།། དཔལ་མཆོག་དང་པོའི་དུམ་བུ་གཉིས་པ་རྩེ་བའི་རྒྱུད་ལས། སྲིང་མོ་བཞིའི་རྟོག་པ་བཤད་པ་རྫོགསོ།། ་སྲིང་མོ་བཞིའི་རྟོག་པ་བཤད་ནས། ད་ནི་དེ་ནས་དེ་བཞིན་གཤེགས་པ་ལ་སོགས་པས་ཁྱབ་འཇུག་དང་བཅས་པའི་ལྷོ་མ་ཡིན་ལ་སོགས་པའི་དཀྱིལ་འཁོར་གསུངས་པ་ཡིན།། དེ་ནས་ཞེས་བྱ་བའི་སྒྲས་ནི་སྔ་མ་བཞིན་དང་པོའི་སྦྱོར་བའི ་རྗེས་ཐོགས་ཉིད་ལའོ།། འདིར་དང་པོའི་སྦྱོར་བ་ནི་མིང་པོ་གསུམ་གྱི་སྐབསུ་བཤད་པ་ཡིན་ནོ།། ལྷ་མ་ཡིན་རྣམས་ཀྱིས་རང་གི་སྙིང་པོ་ཕུལོ།། དེ་རྣམས་ཀྱི་སྙིང་པོ་ཕུལ་བ་དང་། དེ་ནས་ལྷ་མ་ཡིན་གྱི་དཀྱིལ་འཁོར་བྱུང་བ་ནི་ཏིང་ངེ་འཛིན ་གཉིས་པ་ཡིན་ནོ།། དེ་ནས་བསྡུས་པ་ནས་བརྩམས་ཏེ་གསུམ་པ་ཡིན་པར་ཤེས་པར་བྱའོ།། དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བའི་ཆོ་གས་བསྟན་པར་བྱ་བའི་ཕྱིར། སློབ ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པ་ཆོ་ག་རྒྱས་པར་བསྟན་པ་ཡིན་ནོ།། དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ལ་འབྱུང་སྟེ་ཞེས་བྱ་བ་ཤུགས་ཀྱི་སྦྱ་རོ།། བརྐོས་ཏེ་ཞེས་བྱ་བ་ལ་སོགས་པ་ལ ་སོར་ཉི་ཤུ་རྩ་བཞི་ཙམ་བརྐོས་རིམ་པ་བཞི་ལྔས་བཅས་པར་རྒྱར་ཁྲུ་བརྒྱང་པར་ས་བརྐོས་ལ་དེར་དཀྱིལ་འཁོར་གྲུ་བཞི་པ་སྒོ་ཤར་དུ་བཏོང་ཅིང་ཁ་གྱེན་དུ་བལྟས་པར་བྲི་བར་བྱའོ།། དེ་ལྟར་བྲིས་ནས་དེའི་དབུས་སུ་ཁྱབ་འཇུག་གི ་འཁོར་ལོ་དེའི་ཤར་གྱི་དབུས་སུ་ལྷ་མ་ཡིན་གྱི་དབང་པོ་བདེ་མཆོག་བྲི་བར་བྱའོ།། ལྷོར་ཐགས་བཟང་རིས། ནུབ་ཏུ་ལག་བཟང་། བྱང་དུ་ལྷ་མ་ཡིན་གྱི་དབང་པོ་སྲིན་པོ་ཞེས་བྱ་བ་བྲི་བར་བྱ་སྟེ། འདི་དག་ཐམས་ཅད་ཀྱང་འཁོར་དང ་བཅས་པར་བྲི་བར་བྱའོ།། མཚམས་བཞིར་ལྷ་མ་ཡིན་གྱི་བུ་མོ་བྲི་བར་བྱའོ།། འཁོར་ལྟོས་ཞུགས་ལ་ཞེས་བྱ་བ་ནི། དེ་ལྟར་དཀྱིལ་འཁོར་བྲིས་ནས་འཁོར་ལོའི་ཕྱག་རྒྱ་བ་ངེས་ཏེ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ་སློབ་དཔོན ་འཇུག་པར་བྱའོ།། དེ་ནས་རང་གི་ཆོ་ག་བྱས་ལ་ཁྱབ་འཇུག་འཁོར་དང་བཙོས་པ་དགུག་ཅིང་སྤྱན་དྲང་བར་བྱའོ་ཞེས་བྱ་བའི་ཐ་ཚིགོ།། དེ་ནས་ཇི་ལྟ་བ་བཞིན་དུ་སྤྱན་དྲོངས་ལྔ། ཁྱབ་འཇུག་འཁོར་དང་བཅས་པ་ལྔ་མཆོད་པ་རྣམ་པ་ལྔས ་མཆོད་ནས་ལྷ་མ་ཡིན་གྱི་དབང་པོ་འཁོར་དང་བཅས་པ་རྣམས་ལ་ཉ་ལ་སོགས་པ་གཏོར་མ་སྦྱིན་པོར་བྱའོ།། སློབ་མ་ཡང་དེ་བཞིན་དུ་གཞུག་པར་བྱའོ་ཞེས་བྱ་བ་ནི་ཇི་ལྟར་སློབ་དཔོན་འཇུག་པ་དེ་བཞིན་དུ་འདིར་སློབ་མ ་གཞུག་པར་བྱའོ།། འདི་སྐད་སྟོན་ཏེ་བདག་བསྲུང་བ་དང་གནས་བསྲུང་བ་བྱས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་མདུན་དུ་ལྷ་མ་ཡིན་གྱི་དཀྱིལ་འཁོར་སྤྲུལ་ལ་མེ་ཏོག་ལ་སོགས་པས་ལེགས་པར་མཆོད་དེ་ཕྱུག་བཞི་བྱས་ལ། བྱང ་ཆུབ་ཆེན་པོར་སེམས་བསྐྱེད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ནས་རྡོ་རྗེ་ཐུལ་མོ་དང་རྡོ་རྗེ་བསྡོམས་བྱ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བུར་བྱའོ།། དེ་ནས་རྡོ་རྗེ་འབེབས་པའི་ཕྱག་རྒྱས་བདག་ཉིད་ལ ་དབབ་པར་བྱའོ།། དེ་ནས་དེ་བཞིན་དུ་ཕྱག་རྒྱ་དགྲོལ་པོ་བྱས་ལྔ། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་དང་པོའི་རྡོ་རྗེ་སྔ་མ་བཞིན་དུ་བསམ་མོ།། དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ། སརྦ~ཾ་ས་མ་ཡ་ཙཀྲ་པྲ་བ ་ཡ་དརརཱ་ཤ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ཡིད་ཀྱིས་བྲིས་ལ། འདི་ཉིད་ཡིད་ཀྱིས་བྲིས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་སྙིང་པོ་དེ་ཉིད་ཀྱིས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུ་བསྐྱེད་ལ་དེའི་སྟེང་དུ་སྙིང་པོ ་དེ་ཉིད་ཀྱིས་ཟླ་བའི་དཀྱིལ་འཁོར་གཉིས་པ་ཡང་དེ་སྙིང་པོ་དེ་དང་བཅས་པའི་དང་པོའི་རྡོ་རྗེ་དེ་ཉིད་ཁྱབ་འཇུག་གི་འཁོར་ལོ་དེའི་དབུས་སུ་སྙིང་པོ་བསམས་ལ། དེ་ཉིད་ཟློས་ཤིང་འཁོར་ལོ་ན་བདག་ཡིན་ནོ་ཞེས་བསྒོམ་པར་བྱའོ།། འཁོར ་ལོ་དེ་ཉིད་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས། རྡོ་རྗེ་སེམས་དཔར་བདག་ཉིད་བསྐྱེད་ལ་ཨོཾ་སརྦ་ས་མ་ཡ་ཙཀྲ་པྲ་བརྟ་ཡ་སརྦ་ཧཱུཾ་ཕཊ་ཅེས་བརྗོད་ལ། རྡོ་རྗེ་སེམས་དཔའ་འམ་ཁྱབ་འཇུག་དུ་བདག་ཉིད་བསྒོམ་པར་བྱའོ།། ་དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཨ་ཧཾ་ཞེས་བརྗོད་ལ་དམ་ཚིག་སེམས་དཔའ་ཆེན་པོའི་ང་རྒྱལ་བསྐྱེད་ལ་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལཱ་ས་མ་ཡོ་ཧཾ་ཞེས་ཟློས་ཤིང་དམ་ཚིག་སེམས་དཔའི ་ང་རྒྱལ་བསྐྱེད་ལ། ས་མ་ཡ་སཏྭ་ཨཱ་དྷི་ཏིཥྛ་སྭ་མཱཾ་ཞེས་ཟློས་ཤིང་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས། སྙིང་ག་དང་། དཔྲལ་བ་དང་། ལྐོག་མྱི་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཁྱབ་འཇུག་གི ་ཚུལ་གྱིས་འཁོར་ལོ་ཐོགས་ལ་སྙིང་པོ་ཟློས་ཤིང་འཇུག་པ་བྱ་སྟེ། འདི་ནི་ང་ལ་ཕྱག་རྒྱ་ཆེན་པོའོ།། དེ་ལྟ་བུའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཨའི་མཐར་ཐུག་པའི་སྙིང་པོ་ཟློས་ཤིང་མདུན་དུ་ཁྱབ་འཇུག་གི་འཁོར་ལོ་སྣ་ཚོགས་པདྨའི་སྟེང ་དུ་བསྒོམ་པར་བྱའོ།། དེའི་དབུས་སུ་སྙིང་པོ་བསམས་ལ་འཁོར་ལོའི་ང་རྒྱལ་བསྒོམ་པར་བྱའོ།། ཡང་སྙིང་པོ་དེ་ཉིད་ཟློས་ཤིང་བདག་ཉིད་ཁྱབ་འཇུག་ཏུ་བསྒོམ་པར་བྱའོ།། དེ་ཉིད་དུ་ཁྱབ་འཇུག་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་དགུག་པ་དང ་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ་ཨཱ~ཾ་སརྦ་ས་མཱ་ཡ་ཙཀྲ་པྲ་བརྟ་ཡ་དཱརཱ་ཤ་ཡ་སརྦ་ཧཱུཾ་ཕཊ་དྲྀ་ཤྱ་ཞེས་བརྗོད་ལ་བལྟ་བར་བྱའོ།། དེ་ནས་འཁོར་ལོ་ལྕགས་ཀྱུ ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་རང་གི་ལུས་ལ་ཁྱབ་འཇུག་གི་འཁོར་ལོའི་ཕྱག་རྒྱ་བཅིངས་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་དེ་འོད་ཀྱི་དཀྱིལ་འཁོར་བསྐྱེད་པར་བྱའོ།། དེ་ནས་རང་གི་ལུས་ཀྱི་ནང ་ཆུང་པའི་ཁྱབ་འཇུག་གི་ལུས་དང་ལྷན་ཅིག་ཏུ་གྱུར་པར་བདག་ཉིད་བསམས་ལ། ས་མ་ཡསྟྭཾ་ཧཾ། ཨོཾ་ས་མ་ཡ་ཙཀྲ་པྲ་བརྟ་ཡ་དར་ཤ་ཡ་སརྦ་ཧཱུཾ་ཕཊ་ཅེས་བྱ་བ་ལན་གསུམ་བརྗོད་པར་བྱའོ།། དེ་ནས་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་ནི ་བྲིདིང་ཡིན་ཏེ། ལག་པ་གཡོན་པ་བཀན་ཏེ་ཤིན་ཏུ་བརྐྱང་བའི་སྟེར་ལག་པ་གཡས་པ་ཁ་སྦུབ་ལ། ཤིན་ཏུ་བརྐྱང་སྟེ་བཞག་ལ། དེ་ནས་མཐེ་བོ་དང་མཐེའུ་ཆུང་གཉིས་རྡོ་རྗེ་ལྟར་བྱས་ལོ། སོར་མོ་ལྷག་མ་རྣམས་ཀྱིས་རྩིབས་དྲུག་པར་བྱས་ལ་བ་འདི ་ནི་ཁྱབ་འཇུག་གི་འཁོར་ལོ་ལྡི་དམ་ཚིག་གི་ཕྱག་རྒྱའོ།། ཕྱག་རྒྱ་འདི་ཉིད་ཀྱི་མཛུབ་མོ་གཉིས་ལ་ལྕགས་ཀྱུ་གཉིས་བྱས་ལ། དགུག་པའི་སྙིང་པོ་ཟློས་ཤིང་དགུག་པར་བྱའོ།། དེ་ནས་དང་པོའི་རྡོ་རྗེ་དཀར་པོ་བསམས་ལ་སྙིང་པོ་བཀོད་པ་འདི་ནི ་འདིར་ཆོས་ཀྱི་ཕྱག་རྒྱའོ།། ཡི་གེ་ཨ་ལས་རང་གི་སྙིང་ག་སྣ་ཚོགས་རྡོ་རྗེ་བསམས་ལ། ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་ཧཱུཾ་ལས་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོ་བསམ་པར་བྱའོ།། དེ་ནས ་དང་པོའི་རྡོ་རྗེ་བཅིངས་ལ་དེ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་ནས། འཁོར་ལོའི་དབང་བསྐུར་བ་དང་། བདག་པོ་དང་མིང་གི་དབང་བསྐུར་བའི་སྙིང་པོ་ཟློས་ཤིང་བླངས་ལ། མེ་ཏོག་ལ་སོགས ་བའི་མཆོད་པ་རྣམས་དང་། རང་གི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་ལ་མཆོད་ལོ།། ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བདེག་ནི་ཁྱབ་འཇུག་ཞེས་ང་རྒྱལ་བསྐྱེད་ནས། རང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་སྙིང་པོ་བསམས་ནས། ་ཉིན་རྗེའི་སྦྱོར་བས་བཟླས་བརྗོད་འབུམ་བྱས་ནས་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་ཁྱབ་འཇུག་གི་སྦྱོར་བ་བྱས་ལ་དཀྱིལ་འཁོར་གྱི་ས་རི་དབུས་སུ་འདུག་སྟེ། ཏིང་ངེ་འཛིན་གསུམ་པོ་ཇི་ལྟ་བ་བཞིན ་དུ་བསྒོམས་པ་དམ་ཚིག་གི་ཕྱག་རྒྱས་དཀྱིལ་འཁོར་ན་མཁོར་བཞག་པར་བྱའོ།། དེ་ནས་དེ་ཉིད་ཀྱིས་བདག་ལན་གཅིག་བྱིན་གྱིས་བརླབས་ལོ་ཡོངས་སུ་བསྐོར་བར་བྱའོ།། དེ་ནས་ཇི་སྐད་བཤད་པའི་ཚུལ་གྱིས་ལྷག་པར་གནས ་བའི་ཆོ་ག་བྱས་ལ། ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། དེ་ནས་ཚོན་གྱི་ཕྱེ་མ་ལྔས་དཀྱིལ་འཁོར་བྲིས་ལ། དཀྱིལ་འཁོར་གྱི་ལྟེ་བ་སྣ་ཚོགས་པདྨ་ལ་ཁྱབ་འཇུག་གི་འཁོར་ལོ་བྲི་བར་བྱ་ཞིང་ལྷ་མ་ཡིན་གྱི ་དབང་པོ་འཁོར་དང་བཅས་པ་བྲི་བར་བྱའོ།། དེ་ནས་སྒོ་དབྱེ་བའི་ཕྱག་རྒྱས་སྒོ་ཕྱེ་ལ་ཁྱབ་འཇུག་འཁོར་དང་བཅས་པ་ལ་བུམ་པ་ལ་སོགས་པས་ལེགས་པར་མཆོད་ནས། རྡོ་རྗེ་གནོད་སྦྱིན་ལ་སོགས་པས་ཡོངསུ་བཟླས་པའི་རས ་ཀྱིས་གདོང་གཡོགས་པ་ལ་སོགས་པོ་བྱས་ལ། ཕྱག་རྒྱ་བཞི་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱས་ལ་སྐྱབས་སུ་གཟུང་བར་བྱའོ།། དེ་ནུས་ཕྱི་རོལ་ན་གནས་པའི་ཆུས་བདག་ཉིད་དབང་བསྐུར་ལྔ་ཕྱི་རོལ་གྱི་རྡོ་རྗེ་ཁུ ་ཚུར་གྱིས་དང་པོའི་རྡོ་རྗེ་རང་གི་སྙིང་གརོ་བཞག་ལ། དེ་བསྐྱེད་ལ་མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་ལྀ། ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཛྲ་བཛྲ་ཞེས་ཟློས་ཤིང་རང་གི་སྙིང་པོས་དཀྱིལ ་འཁོར་དུ་འཇུག་པར་བྱའོ།། དེ་ནས་ཁྱབ་འཇུག་ལ་ཕྱུག་བྱས་ལ། དཀྱིལ་འཁོར་སྐོར་བ་ལན་གསུམ་བྱས་ནས་ཁྱབ་འཇུག་གྲི་མདུན་དུ་འདུག་སྷོ། འདི་སྐད་ཅེས་བརྗོད་པར་བྱའོ།། ཛཿཧཱུ~ཾ་བ~ཾ་ཧ~ཾཿསིདྡྷ་མོ། དཱ་ན་སྭཱ་རྡོ་རྗེ་ཆུ་འཐུངས་ལ་བདག་ཉིད ་དབབ་པར་བྱའོ།། ཨ་ཞེས་བྱ་བ་བརྒྱ་རྩ་བརྒྱད་བཟླ་བར་བྱའོ།། ཡང་ཁྲོ་བོའི་ཁུ་ཚུར་གྱིས་སེམས་དབོའི་རྡོ་རྗེ་དྲལ་ལ་བདག་ཉིད་ལ་དབབ་པར་བྱའོ།། ཨཱ་ཞེས་བྱ་བ་དེ་བཞིན་དུ་བཟླ་བར་བྱའོ།། དེ་ནས་རང་གི་སྙིང་པོས་མྱེ་ཏོག་དོར་བར་བྱའོ།། ་དེ་ནས་དེ་བླངས་ལ་དེ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ།། དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་བར་བྱའོ།། དེ་ནས་དེ་ཉིད་ཟློས་ཤིང་དཀྱིལ་འཁོར་གྱི་ཤར་ཕྱོགས་ནས་བརྩམས་ཏེ་དབུས་མའི་འཁོར་ལོའི་བར་དུ་བལྟ་བར ་བྱའོ།། དེ་ནས་ཁྱབ་འཇུག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་སྙིང་གར་དགྲོལ་བར་བྱའོ།། དེ་ནས་ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་རྡོ་རྗེ་ལྟ་བ་ཁྲོ་བ་དང་བཅས་པས་བལྟས་ལ། ཇི་སྲིད་མཐོང ་བར་འགྱུར་ཞིང་རང་གི་དངོས་གྲུབ་སྟེར་བ་དེ་སྲིད་ཀྱི་བར་དུ་སྙིང་པོ་བཟླ་བར་བྱའོ།། དེ་ནས་དེ་བཞིན་དུ་བལྟས་ལ་རྡོ་རྗེ་ཐལ་མོས་བསྐོར་བས་ཕྱག་བྱས་ནས་མེ་ཏོག་ལ་སོགས་པའི་དབང་བསྐུར་བས་བླང་བར་བྱའོ།། དེ་ལ་དང་པོར་རེ་ཞིག་ཕྱི་རོལ ་གྱི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བའི་འཁོར་ལོའི་ལྕུག་མ་ལ་ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་བོ་ཤང་པའི་བུམ་པ་ལ་སྔགས་ལན་ཉི་ཤུ་རྩ་གཅིག་ཡོངསུ་བཟླ་བར་བྱའོ།། དེ་ནས་བདག་ཉིད ་ཁྱབ་འཇུག་དུ་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་ནང་གི་ཤར་ངོས་སུ་སྣ་ཚོགས་པདྨ་བྲིས་ནས། དེའི་སྟེང་དུ་ཁྱབ་འཇུག་གི་ཕྱག་རྒྱ་ཆེན་པོར་བསམས་ཏེ། འདུག་ལཱ་མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་ལ། མཆོད ་ཡོན་བླངས་ཏེ། ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ནས། ཨོཾ་སརྦ་མ་མ་ཙིཀྲ་མ་པྲ་བརྟ་ཡ་དར་ཤ་ཡ་ས་བཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་དེ་ནས་བདག་ཉིད་དབང་བསྐུར་བར་བྱ་ཞིང་ཆུ་དེ ་བཏུང་བར་བྱའོ།། དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལྔ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བར་བྱའོ།། དེ་ནས་རང་གི་སྙིང་གར་འཁོར་ལོ་དྲིལ་བུ་དང་བཅས་པ་བཟུང་ལ་དེ་ཉིད་ཀྱིས་བདག་པོ་དང་། མིང་གི་དབང་བསྐུར ་བ་བླངས་ནས། མཆོད་པ་རྣམ་པ་ལྔ་དང་། ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཀྱང་བདག་ཉིད་ཡང་དག་པར་མཆོད་ལ་ཁྱབ་འཇུག་ལ་ཕྱག་བྱས་ཏེ་སྙིང་པོ་བཟུང་ལ་ཕྱག་རྒྱ་བཞིའི་ཡེ་ཤེས་བླངས་ནས། བདག་ལ་བྱིན་གྱིས་བརླབས་པ་ལ ་སོགས་པ་བྱས་ལ་རང་གི་མིང་ནས་བརྗོད་དེ། དཀྱིལ་འཁོར་རྡོ་རྗེ་བསྒྲུབ་པར་བྱའོ།། དེ་ནས་བསྡུ་བ་བྱས་ལ་ཁྱབ་འཇུག་གི་འཁོར་ལོའི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུའི་ཁྱབ་འཇུག་འཁོར་དང་བཅས་པ་དགུག་པ་དང་། ་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་དཀྱིལ་འཁོར་དུ་བ་སྒྲུབ་པར་བྱའོ།། དེ་ནས་ཁྱབ་འཇུག་གི་འཁོར་ལོའི་དམ་ཚིག་གཽ་ཕྱག་རྒྱ་བཅིངས་ལ། ཨོཾ་སརྦ་མ་ཡ་ཙཀྲ་མ་པྲ་བརྟ་ཡ་དར་ཤ་ཡཱ་ཡ་སརྦ་ཧཱུཾ་ཕཊ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོ། ་སྱ་མ་ཡ་སྟྭཾ། ས་མ་ཡསྟྭཾ་ཨ་ཧཱུཾ། ཨོཾ་སརྦ་ཡ་མ་ཙཀྲམ་པྲ་བརྟྟ་ཡ་དར་ཤ་ཡ་ཧཱུཾ་ཕཊ་ཅེས་ལན་གསུམ་བརྗོད་པར་བྱའོ།། དེ་ནས་དེ་བཞིན་དུ་ཁྱབ་འཇུག་གི་འཁོར་དང་བཅས་པའི་ལྕེ་ལ་སྙིང་པོ་བསམས་ལ་ལས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་དང ་བོ་བཅིངས་ཏེ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཁྱབ་འཇུག་འཁོར་དང་བཅས་པ་ལ་དབང་བསྐུར་ཏེ། མཆོད་ཡོན་བྱིན་ལ་མཆོད་ཡོན་ཐམས་ཅད་ཀྱིས་མཆོད་པར་བྱའོ།། དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ།། དེ་ནས་ཁྱབ་འཇུག་གི་ཕྱག ་རྒྱ་ཆེན་པོ་བཅིངས་ལ། ཇི་སྲིད་མཚོན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་བཀའ་ནོས་ལ་སློབ་མ་གཞུག་པར་བྱའོ།། སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། ། དེ་ནས ་རང་གི་འཇུག་པའི་ཆོ་གས་སློབ་མ་བཅུག་ལ་དམ་ཚིག་སྦྱིན་པར་བྱའོ།། འདི་ནི་ཁྱེད་ཀྱི་དམ་ཚིག་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཡིདང་མི་རྟོན་པ་དང་། རྟག་ཏུ་སྒྱུ་མའི་མཆོག་ཐམས་ཅད་སྟོན་ཅིང་བསླུ་བ་དང་། དེ་རྣམས་ལ་ཁྱེད་ཀྱིས་བསྒྲུབ ་ན་འགྲུབ་ཅིང་འགྲུབ་པར་འགྱུར་རོ།། དེ་ནས་ཆོ་ག་ཐམས་ཅོད་རྫོགས་པར་བྱས་ལ་སློབ་མ་རྣམས་ལ་རྨ་བྱའི་སྒོའི་བཅིངས་མ་སྦྱིན་པར་བྱ་ཞིང་སྒྲུབ་པ་བསླབ་པར་བྱའོ།། རས་ལ་འཁོར་ལོ་བྲིས་ལ་དེའི་ངོས་ཐམས་ཅད་དུ་བདེ་མཆོག་ལ་སོགས་པ ་ལྷ་མ་ཡིན་གྱི་དབང་པོ་འཁོར་དང་བཅས་པ་དང་། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བྲི་བར་བྱའོ།། དེ་ནས་ཚེས་བཅུ་བཞི་ལ་རོས་རིས་ཀྱི་མདུན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། རས་རིས་ལ་ཁྱབ་འཇུག་འཁོར ་དང་བཅས་པ་སྤྱན་དྲངས་ཏེ། མཆོད་པ་ཐམས་ཅད་ཀྱིས་ལེགས་པར་མཆོད་ལ་ཕྱག་བྱས་ལ། རྨ་བྱའི་སྒོའི་ཆིངས་མ་ལ་བཟླས་བརྗོད་འབུམ་བྱའོ།། དེ་ནས་ཆིངས་མ་བླངས་ཏེ། ལག་པ་བཟུང་ལ་ཉིན་ཆ་རེ་བྱ་བའི ་སྦྱོར་བས་བཟླས་བརྗོད་འབུམ་བྱའོ།། གང་གི་ཚེ་ཉལ་བ་དེའི་ཚེ་མགོ་བོར་བཞག་གོ།། དེ་ནས་བཟླས་བརྗོད་འབུམ་ཚོང་བ་དང་། ཚེས་བཅུ་བཞི་ལ་འཁོར་ལོ་ཕྱག་རྒྱས་བཟུང་སྟེ། མཚན་ཐོག་ཐག་བཟླས་བརྗོད་བྱས་ནས་ནང་པར་དེ་ལོས་ཐམས ་ཙོད་མཐོང་བར་འགྱུར་རོ།། དེ་ནས་བརྩམས་ཏེ་ངེས་སྒྱུ་མ་ཐམས་ཅད་སྟོན་པར་བྱེད་དོ།། དཔལ་མཆོག་དང་པོའི་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས། ལྷ་མོ་ཡིན་གྱི་རྟོག་པ་བཤད་པ་རྫོགས་སོ།། ། དེ་ལྟར་ལྷ་མ ་ཡིན་གྱི་རྟོག་པ་བཤད་ནས་དེ་ནས་ཞེས་བྱ་བ་ལ་སོགས་པས་ཀླུའི་འདུལ་བ་ལོས་བརྩམས་ཏེ། ཀླུའི་རྟོག་པ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་སྟོན་པར་བྱེད་པའི་ཐ་ཚིག་སྟེ། དང་པོའི་སྦྱོར་བའི་རྗེས་ཐོགས་ཉིད ་ལའོ།། འདིར་དང་པོའི་སྦྱོར་བ་ནི་མིང་པོ་གསུམ་གྱི་དཀྱིལ་འཁོར་ལས་བཤད་པ་ཡིན་ནོ།། ཀླུའི་རིགས་བཞི་ཞེས་བྱ་བ་ནི་བྲམ་ཟེ་ལ་སོགས་པའི་བྱེ་བས་ཀླུའི་རིགས་བརྒྱད་པོ་བཞིར་འགྱུར་རོ།། དེ་ལ་མཐའ་ཡས་དང་རིགས་ལྡན ་ནི་བྲམ་ཟེའོ།། ནོར་རྒྱས་དོང་དུང་སྐྱོང་ནི་རྒྱལ་རིག་སོ།། འཇོག་པོ་དང་པདྨ་ཆེན་པོ་ནི་རྗེའུ་རིགསོ།། ཀར་ཀོ་ཊ་དང་པདྨ་ནཽ་དམངས་རིགསོ།། རང་གི་སྙིང་པོ་ཕུལ་བ་ནི་ཞེས་བྱ་བ་གསུངས། འདི་བརྗོད་པ་ཙམ་གྱིས་ཀླུའི་དཀྱིལ་འཁོར ་འབྱུང་བར་འགྱུར་ཏེ། འདི་ཡན་ཆད་ཀྱིས་ནི་ཏིང་ངེ་འཛིན་གཉིས་པ་བཤད་པ་ཡིན་ནོ།། དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ།། ངམ་ཚིག་དབང་བསྐུར་བ་ཐོབ་པར་བཟླས་བརྗོད་དང་བསྒོམ་པར་བྱའོ ་ཞེས་དེའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ།། དེ་ནས་དཀྱིལ་འཁོར་ཞེས ་བྱ་བ་ལ་སོགས་པ་ལས་འབྱུང་སྟེ། ཞེས་བྱ་བར་ཤུགས་ཀྱིས་སྦྱར་པོར་བྱའོ།། སྒོ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ་རྣམ་པ་ཐམས་ཅད་དུ་ཤྭར་དང་། ལྷོ་དང་། ནུབ་དང་། བྱང་གི་རི་མོའི་རྩེ་མོ་བཞི་འདི་ལ་ཡོང་བས་ན། དཀྱིལ ་འཁོར་ཟུར་བཞི་པའོ།། སྒོ་བཞི་ཞེས་བྱ་བ་ནི་ངོས་བཞིའི་དབུས་ཀྱི་ཚོར་ཆ་བརྒྱད་པའི་ཚད་ཀྱིས་སྒོ་བཞི་འདི་ལ་ཡོད་པས་ན་སྒོ་བཞིའོ།། སྦྲུལ་གྱི་ཐིག་གིས་ཀུན་ཏུ་བྲི་ཞེས་བྱ་བ་ནི། སྦྲུལ་ལྟ་བུའི་ཚེན་གྱི་རི་མོ་ནི་སྤྲུལ་ཏེ། དྲི་སྲང་བུ ་འདི་ལ་ཡོད་པས་ན་སྦྲུལ་གྱི་ཐིག་གོ།། ཀླུའི་གདེངས་ཀྭའི་རྩེ་མོའི་སྒོ་ཁྱུད་ཅེས་བྱ་བ་ནི་ཀླུའི་གདེངས་ཀ་ནི་སྦྲུལ་གྱི་གདེངས་ཀ་སྟེ། དེའི་རྩེ་མོ་ཅན་གྱི་སྒོ་ཁྱུད་འདི་ལ་ཡོང་པོས་ན། ཀླུའི་གདྲངས་ཀའི་རྩེ་མོའི་སྒོ་ཁྱུད་ཅན་གྱི་དཀྱིལ ་འཁོར་རོ།། དེ་ཡང་སྒོ་རེ་རེ་ཞིང་སྦྲུལ་གཉིས་གཉིས་ཀྱི་གདེངས་ཀའི་རྣམ་པ་སྒོ་ཁྱུད་འོང་ལ་ཡོད་དོ་ཞེས་བྱ་བའི་ཐ་ཚིག་གོ།། མཚམས་ཀྱི་མཐར་ནི་མཇུག་རྩེ་མདུད་ཅེས་བྱ་བ་ནི་མཚམས་ཀྱི་མཐར་སྦྲུལ་གྱི་མཇུག་མ་འདི་ལ་ཡོད ་པས་ན་མཚམས་མཐར་ཏེ། སྦྲུལ་གྱི་མཇུག་མ་དེའི་རྩཝ་སྟེ་ཐ་མར་མདུད་པ་བྱས་པ་ཡོད་པས་ནཱ་མ་ཚམས་ཀྱི་མཐར་ནི་མཇུག་རྩེ་མདུད་ཅེས་བྱའོ།། དེ་ཡང་དཀྱིལ་འཁོར་གྱི་མཚམས་རེ་རེ་ཞིང་སྦྲུལ་གྱི་མཇུག་མ ་གཉིས་ཕན་ཚུན་མདུད་པར་བྱས་པས་མཚམས་སུ་མདུད་པ་བྱས་པས་ཞེས་བྱ་བའི་ཐ་ཚིག་གོ།། དེའི་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སྦྲུལ་བརྒྱད་ཀྱིས། ཟུར་པོཞི་པ་སྒོ་བཞི་པ་སྦྲུལ་གྱི་གདེངས་ཀའི་རྩེ་མོའི་སྒོ་ཁྱུད་ཅན་མཚམས ་ཀྱི་མཐར་མཇུག་མའི་རྩེ་མོ་མདུད་པའི་དཀྱིལ་འཁོར་བྲིས་ནས། དེའི་དབུས་སུ་ཆུའི་རི་མོ་ཆུ་སྲིན་ལ་སོགས་པས་ཡོངས་སུ་གང་བར་བྱའོ།། དཀྱིལ་འཁོར་དེའུ་ལྟེ་བའི་ཕྱོགས་སུ་ཀླུའི་རྒྱལ་པོ་ཤེ་ཥ་གདེངས་ཀ་བརྒྱད་དང་ལྡན་པ ་ལུས་ཀྱི་ཆེད་མེད་པ་བྲི་བར་བྱའོ།། དེ་ནས་ཕྱོགས་ཀྱི་ཆར་ཀླུའི་རྒྱལ་པོ་མཐའ་ཡས་གདེངས་ཀ་བདུན་དང་ལྡན་པ་མེའི་མཚམས་སུ་རིགས་ལྡན། ལྷོ་ཕྱོགས་སུ་ནོར་རྒྱས་བདེན་བྲལ་གྱི་མཚམས་སུ་དུང་སྐྱོང་། ནུབ་ཕྱོགསུ་འཇོག་པོ། ་རླུང་གི་ཕྱོགས་སུ་པདྨ་ཆེན་པོ། བྱང་ཕྱོགས་སུ་ཀར་ཀོ་ཊ། དབང་ལྡན་གྱི་མཚམས་སུ་པདྨ་བྲི་བར་བྱའོ།། དེ་ནས་འཇུག་པར་བྱའོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་ལྷ་རྣམས་བགྲོད་ནས་སྒོ་དབྱེ་བྱ་ལ་སོགས་པ་བྱས་ཏེ། བུམ་པ་ལ ་སོགས་པས་དཀྱིལ་འཁོར་ཡང་དག་བར་མཆོད་ལ་སྲོག་དང་བཅས་པའམ་བཟོར་བྱ་བའི་སྦྲུལ་བླངས་ལ། བཛྲ་བཛྲ་ཕུ་ཞེས་ཟློས་ཤིང་ཁྲོས་པའི་ཤུགས་ཀྱིས་རྒྱུག་ཅིང་། དཀྱིལ་འཁོར་དུ་ཞུགས་ལོ་གདོངས་ཀའི་ཕྱག ་རྒྱ་བཅིངས་ནས། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླང་བར་བྱའོ།། དེ་ནས་རང་གི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། གདེངས་ཀའི་ཕྱག་རྒྱ་དང་། ཨོཾ་ཧྲཱིཿ་ནཱི་ལ་ཛ་བ་ག་སོ།། དྷུ་ར་ཤེ་ས་ཤྲ་ས་ཨ་ཡ་ཧི་ཕུ། སརྦ་ན་ཀུ་ལ་ཨཱ་ན་ཡ་ཧཱུཾ ་ཕུ། ས་མ་ཡ་པྲ་བེ་ཤ་ཕུ། སརྦཾ་སཾ་ཧཾ་ཡ་ཕུ་ཕུ་ཕུ་ཞེས་བྱ་བའི་སྙིང་པོས་ཀླུའི་རྒྱལ་པོ་ཤེ་ཥཱ་འཁོར་དང་བཅས་པ་ཇི་ལྟ་བ་བཞོན་དུ་དགུག་པར་བྱའོ།། དེ་ནས་ཞེས་བྱ་བ་འི་སོགས་པས་དེ་ལྟར་དགུག་པའི་རྗེས་ཐོགས་ཉིད་ལ། ཀླུའི ་བུའི་སློབ་མ་རྣམས་ཞེས་བྱ་བ་ཟློས་ཤིང་དཀྱིལ་འཁོར་དུ་ཞུགས་ནས་བབས་པར་འགྱུར་ཞིང་ཕུན་ཚུན་འཐབ་བོ།། དེ་ནས་སློབ་དཔོན་གྱིས་ཕུ་ཞེས་བྱ་བ་ཟློས་ཤིང་རི་མོའི་ཕྱག་རྒྱ་བཅིངས་ལ་དྲི་རྣམས་དུག་མེད་པར་བྱའོ།། དེ་ནས་ཞེས་བྱ ་བ་ལ་སོགས་པ་ལ་དེ་ནས་སློབ་དཔོན་གྱི་གདེངས་ཀའི་ཕྱག་རྒྱ་དང་། རང་གི་འཇུག་པའི་ཆོ་གས་སློབ་མ་ཐམས་ཅད་གཞུག་པར་བྱའོ།། དེ་ནས་འདི་སྐད་ཅེས་བརྗོད་པར་བྱོ་སྟེ། ཁྱེད་རྣམས་ཀྱིས་ཀླུ་རྣམས་དབྱུང་བར་མི་བྱ། སྦྲུལ ་ཐམས་ཅད་བསད་པར་མི་བྱ། སྦྲུལ་ཟླ་བ་རྣམས་ལ་བསྲོང་བ་དང་། བྱབ་པ་དང་། གསོ་བ་མ་བྱེད་ཅིག། གསང་བའི་དམ་ཚིག་འདི་ཡང་བརྗོད་པར་བྱ་སྟེ། འཇའ་མིནརྀ་ཐབས་ནི་གཞོན་དག་གིས།། དུག་མ་རྟོག་པར་གནོད་མཽ་བྱ།། དུག ་བསླང་བ་འམ་དམ་ཚིག་འདས།། ཀླུ་ཡི་རིགས་ཀུན་རིགས་སྲེགས་འགྱུར།། དེ་ནས་དམ་ཚིགོ་སྦྱིན་པར་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་སྟེ།། འདི་དག་འཇིག་རྟེན་དུག་གསུམ་པོ།། གལ་ཏེ་དེ་ལས་འདས་འགྱུར་ན།། འཚོ་བའི ་འཇིག་རྟེན་འདིར་བརྟགས་ནས།། གལ་ཏེ་དངོས་གྲུབ་ཐོབ་འདོད་ན།། གློག་ལ་བརྙས་པར་མི་བྱ་ཞིང་།། སེར་བ་བཟློག་པར་མི་བྱ་ལ།། སྦྲུལ་ནི་གང་ཡང་གསོད་མི་བྱ།། དེ་ནས་སྙིང་པོ་བཞི་བྱིན་ལ་ཕྱག་རྒྱ་བཞི ་བླང་བར་བྱའོ།། གདེངས་པའི་ལག་པ་དང་། ན་མཁའ་ལྡིང་གི་དེ་ཁོ་ན་ཉིད་དང་། དུག་བསྐྱེད་པ་དང་། དུག་བསལ་བ་ནཱི་ཞེས་བྱ་བ་ནི་དེ་རྣམས་ཀྱི་བསྒྲུབ་པ་ཡིན་ནོ།། ཁྲོ་བོ་གོས་ཀྱིས་གཡོགས་ལ་ལུས་བྱའོ།། ཞེས་བྱ་བ་ནི ་དེ་ནས་བརྩོམས་ཏེ་དུགུ་ཐམས་ཅད་ཟོས་ཀྱང་བདུད་རྩི་ལྟར་འཇུ་བར་འགྱུར་རོ།། ནོར་རྒྱོས་དང་ཡང་ལྷན་ཅིག་གར་བྱེད་དོ།། དུག་ཐམས་ཅད་སྦྱར་བི་དང་གཞིག་པར་ནུས་པར་འགྱུར་རོ།། ཡང་འདིའི་དོན་བརྗོད་པོར་བྱ་སྟེ། ་དེ་བཞིན་དུ་དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིང་བའི་བར་གྱི་ཕྱག་རྒྱ་བཅིང་བར་བྱས་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེ་ཡི་གེ་ཕུ་བསམས་ལོ་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་ཕུ་ཞེས་བྱ་བ་དེ་ཉིད ་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམས་ལ་དོའི་སྟེང་དུ་ཡཱི་གེ་ཕུ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་ཕུ་ཉིད་དང་བཅས་པའི་དང་པོའི་རྡོ་རྗེ་ཉིད་ལས་ཀླུའི་ཞུགས་པ་དེའི་དབུས་སུ་ཡི་གེ་ཕུ་བསམས་ལ། ་ཀླུའི་ཞགས་པའི་ང་རྒྱལ་བསྒོམས་ནས་ཞགས་པ་དེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བས། རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ། ཕུ་དེ་ཉིད་ཟློས་ཤིང་ཀླུའི་རྒྱལ་པོ་ཤི་ཥའི་གདེངས་ཀ་བརྒྱད་དང་ལྡན་པར ་བདག་ཉིད་བསམས་ལ། མ་ཧཱ་ས་མ་ཡ་སཏཱཾ་ཧཾ་ཞེས་ཟློས་ཤིང་དམ་ཚིག་ཆེན་པོ་སེམས་དཔའི་ང་རྒྱལ་བསྐྱེད་ལ་དམ་ཚིག་ནི་བདག་གོ་ཞེས་བསྒོམ་ཞིང་ས་མ་ཡ་སཏྭཾ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་སྙིང་ག་དང་། དཔྲལ་བ་དང ་ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ལག་པ་གཡས་པས་རྡོ་རྗེ་རྩེ་གསུམ་བཟུང་ཞིང་། གཡོན་པས་ཀླུའི་ཞགས་པ་བཟུང་ལ་ཕུ་ཞེས་ཟློས་པ་འདི་ནི་ཕྱག་རྒྱ་ཆེན་པོའོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་བཅིངས ་ནས་ཕུ་ཨ་ཞེས་ཟློས་ཤིང་མདུན་དུ་སྣ་ཚོགས་པདྨའི་སྟེང་དུ་ཀླུའི་ཞགས་པ་བསྐྱེད་ལ་ཕུ་ཞེས་ཟློས་ཤིང་ཀླུའི་ཞགས་པའི་ང་རྒྱལ་བསྒོམས་ལ་དེ་ཉིད་ཀླུའི་རྒྱལ་པོ་ཤེ་ཥར་བསམས་ལ་ཤེ་ཥ་ནཱ་གོ་རཱ་ཛ་ཧོ་ཕུ་ཞེས་བརྗོད ་པར་བྱའོ།། དེ་ནས་དེ་ཉིད་དུ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་ཀླུའི་རྒྱལ་པོ་ཤྲེ་ཥའི་ཁྭའི་གདེངས་ཀྭའི་ཕྱག་རྒྱ་བཅིངས་དྲྀ་ཤྱ་ཞེས་བྱ་བས་བལྟ་བར་བྱའོ།། དེ་ནས་དགུག ་པའི་ཕྱག་རྒྱ་དང་། དགུག་པའི་སྙིང་པོས་རང་གི་ལུས་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་ཡང་གདེངས་ཀྭའི་ཕྱག་རྒྱ་བཅིངསོ་ལ། སྭ་མ་ཡསྟྭཾ་ཞེས་བརྗོད་ཅིང་། འོད་ཀྱི་དཀྱིལ་འཁོར་བསམས། ་ཏེ། དོར་ཞུགས་པས་ཀླུའི་རྒྱལ་པོ་ཤེ་ཥ་དང་ལྷན་ཅིག་ཏུ་གྱུར་པར་བསམས་ལ་ས་མ་ཡསྟྭཾ་ཧཾ་ཕུ་ཞེས་ལན་གསུམ་བཟླ་བར་བྱའོ།། དེ་ལ་གདེངསོ་ཀ་ཚན་པོའི་ཕྱག་རྒྱ་ཞེས་བྱ་བ་ནི་འདི་ཡིན་ཏེ་མཐེ་བོ་གཉིས་བཅིངས་ལ་ཁ ་ཕྱི་རོལ་བསྟན་ཏེ། སོར་མོ་བརྒྱད་གདེངས་ཀའི་ཚོགས་སུ་བྱས་པ་ནི་ཀླུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་དམ་ཚིག་གི། སོར་མོ་ཐམས་ཅད་ལེགས་པར་བཙིར་ལ་གདེངས་ཀའི ་སྟེང་དུ་བཞག་པ་ནི་གདངས་ཀའི་ལག་པའོ།། དྲི་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པས་བདག་ཉིད་རྒྱས་བཏབ་ལ་དང་པོའི་རྡོ་རྗེ་དེ་བཞིན་དུ་བྱིན་གྱིས་བརླབས་ནས། རྡོ་རྗེ་རིན་ཆེན་གྱིས་ཕྱག་རྒྱས་དབང་བསྐུར་ལ་ཕུ་ཞེས་བྱ་བས། ཀླུའི་ཞག་པ ་པ་དང་རྡོ་རྗེ་རྩེ་གསུམ་པ་ཐོགས་ལ་ཕུ་ཉིད་ཀྱིས་བདག་པོའི་དབང་བསྐུར་བ་དང་། མིང་གིས་དབང་བསྐུར་བ་བླངས་ལ་ལས་ཀྱི་ཕྱག་རྒྱས་ཡང་དག་པར་མཆོད་དེ། རྣམ་པར་སྒེག་པོའི་དགའ་བའི་རྡོ་ཎཱཾ་དང་། ཕྱག་བཞིས་ཕྱག་བྱས ་ལ་སྤྱན་དྲང་བ་སྔོན་དུ་འགྲོ་བ་དང་། ཀླུའི་རྒྱལ་པོ་ཤྭེ་ཥའི་སྙིང་པོ་འམ་རང་གི་སྙིང་པོ་འམ་རང་གི་སྙིང་པོའི་རྡོ་རྗེ་བསམས་ལ། དེའི་དབུས་སུ་ཉིན་རེའི་སྦྱོར་བས་ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་ཏེ་བསྒོམ་པར ་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ། ཀླུའི་རྒྱལ་པོ་ཤེ་ཥའི་རྣལ་འབྱོར་དེ་བཞིན་དུ་བྱས་ལ་ཏིང་ངེ་འཛིན་གསུམ་པོ་ཇི་ལྟ་བ་བཞིན་དུ་བསྒོམ་པོར་བྱའོ།། དེ་ནས་གདེངས་ཀའི་ཕྱག་རྒྱ་དང་། པུ་བཛྲེ་ཏ་ཏིཥྛ་མཎྜ་ལ་ཨུཏྤཱ་དཱ་ཡཿཞེས ་བརྗོད་ཅིང་། དཀྱིལ་འཁོར་ན་མཁར་བཞག་པར་བྱའོ།། དེ་ནས་གདེངས་ཀའི་ཕྱག་རྒྱ་དང་བུ་ཞེས་བྱ་བས་བདག་ཉིད་བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཡོངས་སུ་བསྐོར་བར་བྱའོ།། དེ་ནས་ཇི་སྐད་བཤད་པའི་ཚུལ་གྱིས ་བསྙེན་པར་བྱས་ལ། ཉི་མ་འཆར་ཀའི་ཚེ་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། དེ་ནས་ཀླུའི་དཀྱིལ་འཁོར་ཀླུའི་རིགས་བརྒྱད་དང་བཅས་པ་སྔ་མ་བཞིན་དུ་བྲི་བར་བྱའོ།། དེ་ནས་སྒོ་དབྱེ་བ་བྱས་ལ་ཀླུའི་རྒྱལ་པོ་འཁོར་དང་བཅས་པ་མཆོད་ནས། རྡོ་རྗེ ་གནོད་སྦྱིན་དང་། ཕུ་བཟླས་པའི་གོས་ཀྱིས་གདོང་གཡོགས་པ་ལ་སོགས་པ་བྱས་ལ། ཕྱག་བཞི་སྔོན་དུ་འགྲོ་བས་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པ་དང་། གསུམ་ལ་སྐྱབསུ་འགྲོ་བ་བླངས་ལ་ཕྱི་རོལ་གྱིས་རྡོ་རྗེ་ཁུ་ཚུར་གྱིས་དང་པོའི་རྡོ་རྗེ ་རང་གི་སྙིང་གར་འཛིན་ཅིང་རང་གི་སྙིང་ག་དེ་བཞིན་དུ་བསྐྱེད་ལ། ཕྱི་རོལ་ན་གོནས་པའི་བུམ་པའི་ཆུས་བདག་ཉིད་དབོང་བསྐུར་ལ། ལག་པ་གདེངོས་ཀའི་ཕྱག་རྒྱ་བཅིངས་ཏེ། དེ་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་བླངས་ཏེ། ལག་པ་གཡོན་པས་ཀླུའི ་ཞགས་པ་བཟུང་སྟེ། བཛྲ་བཛྲ་ཕུ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ།། དེ་ནས་ཀླུའི་རྒྱལ་པོ་ཤེ་ཥ་ཀླུའི་རིགས་བརྒྱད་དང་བཅས་པ་ལ་ཕྱག་བྱས་ལ་དཀྱིལ་འཁོར་ལན་གསུམ་བསྐོར་བ་བྱས་ནས། ཤེ་ཥཱའི་མདུན་དུ་འདུག་ལ་འདི ་སྐད་ཅེས་བརྗོད་པར་བྱའོ།། ཛཿཧཱུ~ཾ་བཾ་ཧོཿཔྲ་སིདྡྷ་མཱཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་ཨོཾ་ཞེས་བྱ་བ་ལན་བརྒྱ་རྩ་བརྒྱད་བཟློས་ཤིང་བདག་ཉིད་ལ་དབབ་པོར་བྱའོ།། ཡང་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མའི་རྡོ་རྗེ་ཕྱེ་ལ་ཨ་ཞེས་བྱ་བ་དེ་བཞིན་དུ་ཟློས ་ཤིང་བདག་ཉིད་ལ་དབབ་པར་བྱའོ།། དེ་ནས་ཕུ་ཉིད་ཀྱིས་མེ་ཏོག་དོར་བར་བྱའོ།། དེ་ནས་དེ་བླངས་ལ་དེ་ཉིད་ཀྱིས་བཅིང་བར་བྱའོ།། དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དཀྲོལ་ལོ།། དེ་ནས་དེ་ཉིད་ཟློས་ཤིང་དཀྱིལ་འཁོར་བལྟ་བར ་བྱའོ།། དེ་ནས་གདེངས་ཀྭའི་ལག་པ་བཅིངས་ལ་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་རང་གི་སྙིང་གར་དགྲོལ་བར་བྱའོ།། དེ་ནསྭ་ཤྲེ་ཥའི་ཕྱག་རྒྱ་བཅིངས་ལ་དེ་རྡོ་རྗེ་ལྟ་བ་ཁྲོ་བོ་དང་བཅས་པས་བལྟས་ལ་ཇི་སྲིད ་དངོས་གྲུབ་སྟེར་བར་བྱེད་པ་དེ་སྲིད་ཀྱི་བར་དུ་ཕུ་ཕུ་ཞེས་བྱ་བ་བརྗོད་པར་བྱའོ།། དེ་ནས་དྲི་བཞིན་དུ་བལྟས་ལ་རྡོ་རྗེ་ཐུལ་མོས་བསྐོར་བ་བྱས་ལོ་མེ་ཏོག་གི་ཕྲེང་བ་ལ་སོགས་དབང་བསྐུར་བ་ཡང་བླང་བར་བྱའོ།། དེ་ལ་དང་པོ་རེ་ཞིག་ཕྱི་རོལ ་གྱི་རྡོ་རྗེ་ཁུ་ཚུར་གྱིས་ཡོངས་སུ་བཟུང་བའི་རྡོ་རྗེའི་ལྕུག་མ་ལས། རྣམ་པར་རྒྱལ་བའི་བུམ་པ་ལ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤང་བའི་བུམ་པའི་སྔགས་ལ་ནི་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ།། དེ་ནས་བདག་ཉིད ་ཤྭེཥྚར་བྱིན་གྱིས་བརླབས་ལ་ཤར་ཕྱོགས་ཀྱི་སྒོར་བལྟས་པས་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་བྲིས་ལ། དེའི་སྟེང་དུ་ཤྭེ་ཥའི་ཕྱག་རྒྱ་ཆེན་པོས་འདུག་སྟེ། དྲི་ལ་སོགས་པས་བདག་ཉིད་མཆོད་དེ། མཆོད་ཡོན་བླངས་ནས ་ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པོར་རྒྱལ་བའི་བུམ་པ་ལས་ཆུ་བླངས་ལ། ཕུ་ཨོཾ་བཛྲ་ཨཱ་བྷི་ཥིཉྩ་ཞེས་ཟློས་ཤིང་། དེས་བདག་ཉིད་ལ་དབང་བསྐུར་བར་བསམ་ཞིང་ཆུ་དེ་བཏུང་བ་ཡང་བྱའོ།། དེ་ནས་རྡོ་རྗེ་རིན་ཆེན་གྱིས་ཕྱག་རྒྱས ་དབང་བསྐུར་ཞིང་རིན་པོ་ཆེའི་ཅོད་པན་གྱི་དབང་བསྐུར་བར་བྱའོ།། དེ་ནས་ཞེས་བྱ་བ་དང་། རྡོ་རྗེ་རྩེ་གསུམ་པ་བླངས་ལ་དེ་བཞིན་དུ་བདག་པོའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་བླང་བར་བྱའོ།། དེ་ནས་མཆོད་པ་རྣམ་པ་ལྔ ་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་བདག་ཉིད་ལ་མཆོད་ལ་ཤྭེ་ཥ་ལ་ཕྱག་བྱ་ཞིང་ཕུ་ཞེས་བྱ་བ་དང་། ཕྱག་བཞིའི་ཡེ་ཤེས་བླངས་ལ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་རང་གྲི་མིང་ནས་ཀྱང་བརྗོད་དེ། དཀྱིལ་འཁོར་རྡོ་རྗེས ་བསྒྲུབ་པར་བྱའོ།། དེ་ནས་བསྡུ་བ་བྱས་ལ་གདེངས་ཀའི་ལག་པོས་ཤོ་ཥ་འཁོར་དོང་བཅས་པ་དཀྱིལ་འཁོར་དུ་བཅུག་ལ། གདེངས་ཀའི་ཕྱག་རྒྱ་བཅིངས་ལ་ཕུ་དྲྀ་ཤྱ་ཞེས་བྱ་བས་ཤེ་ཥཱ་འཁོར་དང་བཅས་པ་ལ་བལྟ་བར་བྱས ་ལུ་ས་མཱ་ཡེ་སྟཾ། ས་མ་ཡསྟྭཾ་ཛཿཧཱུ~ཾ་བཾ་ཧོཿཕུ་ཞེས་ལན་གསུམ་བརྗོད་ལ། སྒྲུབ་པར་བྱའོ།། དེ་ནས་ཧཱུཾ་ལས་རང་གི་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ལ་ཤེ་ཥ་ལ་སོགས་པའི་ལྕེ་ལ་ཡང་ཕུ་ཞེས་བྱ་བ་བསམས་ལ། འདི་ནི་དྲི་རྣམས ་ཀྱི་ཆོས་ཀྱི་ཕྱག་རྒྱའོ།། ཨ་ལས་རང་གྲི་སྙིང་གྲར་སྣ་ཚོགས་རྡོ་རྗེ་བསམས་ལྀ་ཤེ་ཥ་ལྀ་སོགས་པའི་ལུས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་ཧཱུཾ་ལུས་རང་གི་སྙིང་གླར་རྡོ་རྗེ་རྩེ་ལྔ་པ་བསམས་ལ་ཤེ་ཥ་ལ་སོགས་པའི་ཕྱག་རྒྱ ་ཆེན་པོ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ཤྭེ་ཥ་ལ་སོགས་པ་ལ་དབང་བསྐུར་ལ་མཆོད་པ་ལྔས་མཆོད་པར་བྱའོ།། དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་སྦྱིན་སྲེག་བྱའོ།། དེ་ནས་ཡང་ཕྱག་རྒྱ་ཆེན་པོ་བཙོངས ་ལ་ཇི་སྲིད་མཚན་མོ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ལེགས་པར་མཆོད་ལ་ཕྱག་བྱས་ཏེ། སློབ་མ་གཞུག་པའི་ཕྱིར་བཀའ་ནོས་ལ། སློབ་མ་གཞུག་པར་བྱའོ།། སློབ་དཔོན་གྱིས་ལས་ཀྱི་ཆོ་ག་རྫོག ་སོ།། དེ་ནས་སློབ་མ་ཐམས་ཅད་དུག་མེད་པར་བྱས་ལ། རང་གི་འཇུག་པའི་ཆོ་གས་བཅུག་ལ་རང་གི་ཆོ་ག་དེ་རྣམས་ཀྱི་ཁྱད་པར་གྱི་ཆོ་ག་སྔ་མ་ལྟར་བྱའོ།། སློབ་མྱ་འཇུག་པ་ལ་སྔོགས་པའི་ཆོ་ག ་རྒྱས་པ་རྫོགས་སོ།། །། དཔལ་མཆོག་དང་པོའི་དུམ་བུ་གཉིས་པའི་རྩེ་བའི་རྒྱུད་ལས་ཀླུའི་དཀྱིལ་འཁོར་གྱི་རྟོག་པ་རྒྱས་པར་བཤད་པ་རྫོགས་སོ།། ། བོང་བ་ཆེན་པོ་རྡོ་རྗེ་གསང་བ་ནི་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དེ་རྟོག་པ་བཅུའོ།། དེ་ཉིད་ནི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་ཉིད་ལྔ་བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་རྡོ་རྗེ་གསང་བའི་ཆོ་ག་རྒྱས་པ་རྫོགས་པ་ནི། རྩ་བའི་རྒྱུད་ཀྱི་ཚུལ་གྱིས་སོ།། ་དེ་ལ་བདེ་བ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། དེ་ཉིད་ནི་འཇིག་རྟེན་དྲང་འཇིག་རྟེན་ལྔས་འདས་པའི་ཚུལ་གྱིས་ཐམས་ཅད་དུ་ཁྱབ་པས་ན་དམ་ཚིག་གོ།། དེ་ལས་བྱུང་བ་ནི་དང་པོའི་རྡོ་རྗེའོ།། དེའི་གསང་བ་ནི་ཇི ་སྐད་དུ་བཤད་པའི་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུའོ།། དེའི་ཆོ་ག་རྒྱས་པ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ཚིག་སོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་བ་འབྱུང་བ་ལས། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་བཅུའི་རྟོག་པ་བཤད་པ་རྫོགས་སོ།། །། དེ་ལྟར་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས། དཀྱིལ ་འཁོར་བཅུའི་རྟོགས་པ་གསུངས་ནས། ད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་གསུངས་པའི་རྟོག་པ་རྣམས་ཀྱང་གལ་ཏེ་གདུལ་བྱའི་ཉེས་པས་གྲུབ་པར་མ་གྱུར་ན། བསྒྲུབ་པའི་ཁྱད་པར་གྱི་མྱུར་དུ་བསྒྲུབ་པར་བྱ་བའི་ཕྱིར། དེ་ནས་ཤེས ་བྱ་བ་ལ་སོགས་པས་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་རྟོག་པོ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟོན་པའི་ཚིག་སྟེ། སྔར་བཤད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི ་རྣམ་གྲངས་བསྟན་ནས་དོན་དེ་བསྒོམ་པར་བྱ་བའི་ཕྱིར་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཀྱི་གཞལ་ཡས་ཁང་བསྐྱེད་ནས། དེར་ཇི་ལྟ་བ་བཞིན་དུ་ཞུགས་ཏེ་རྡོ་རྗེ་སེམས་དཔར་དབང་བསྐུར་ནས། བཅོམ་ལྡན་འདས ་རྣམ་པར་སྣང་མཛད་བཞུགས་པ་དེའི་རྗེས་ཐོགས་ཉིད་ལའོ།། རྡོ་རྗེ་རི་རབ་ཆེན་པོའི་རྩེ་མོ་ན་རྡོ་རྗེའི་གཞལ་ཡསྭ་ཁཱང་ཆེན་པོ་ན་བདེ་བ་ཆེན་པོའི་ཚུལ་གྱིས་བཞུགསོ་ཞེས་བྱ་བར་སྦྱར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས ་ལྡེས་བྱུང་བ་འདོད་པའི་ཁམས་ཐམས་ཅད་ཀྱི་གདུལ་བྱ་རྣམས་ལ་སོ་སོར་སྣང་བར་གྱུར་པ་རྡོ་རྗེ་རང་བཞིན་གྱི་རི་རཱབ་ཆེན་པོའི་རྩེ་མོ་དེའི་སྟེང་ན་ཕྱོགས་བནྡྷ་ཊཱམ་སྱོ་ཅད་དུ་གནས་བཱའི་རྡོ་རྗེ་ནོར་བུ་ཆེན་པོར་རོ།། དེར་ཁྱེད་པར ་ཇི་ལྟ་བུས་བཅོམ་ལྡན་འདས་བཞུགས་ཤེ་ན་རྡོ་རྗེ་རིན་ཆེན་ལ་སོགས་པ་སྨོས་ཏེ། རྡོ་རྗེ་རྩེ་ལྔ་པས་རྩེ་མོ་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདིར་ནོར་བུ་རིན་པོ་ཆེ་ཡིན་ཏེ། གང་གི་ཕྱིར་རྡོ་རྗེ་ཕྱེད་དང་ལྡན་པ་ནི་རྡོ་རྗེ་རིན ་ཆེན་ནོ་ཞེས་འོག་ནས་བཤད་པའི་ཕྱིར་རོ།། དེ་རྣམས་ཀྱི་འོད་འབར་བ་སྟེ། དེ་ཉིད་ཀྱིས་གསལ་བའི་སྣང་བ་འདི་ལ་ཡོད་པས་ན་རྡོ་རྗེ་རིན་ཆེན་འོད་གསལ་བའོ།། དེས་བརྒྱན་པ་ནི་བརྒྱན་པར་བྱས་པའོ།། དྲ ་བ་དང་དྲ་བ་ཕྱེད་ལ་སོགས་པས་འོད་དང་མདངས་དྲི་མ་མེད་པ་འདི་ལ་ཡོད་པས་ན་དྲི་མེད་མདངས་དང་ལྡན་པའོ།། དྲི་མ་མེད་པའི་འོད་ཀྱིས་བརྒྱན་པ་དེ་ནི་དེ་སྐད་ཅེས་བྱའོ།། ཟུར་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། ། ་བ་དན་དང་འཕན་རླུང་གྲིས་བསྐྱོད་པ་ནི་ཤིན་ཏུ་མཛེས་པ་དེ་ལ་དྲིལ་བུ་བཏགས་པ་དེས་སྒྲ་སྒྲོགས་པ་ནི་ཐེག་པ་གསུམ་གྱིས་ཆོས་སྟོན་པའི་སྒྲ་སྒྲོགས་པ་དེ་ནའོ།། དྲ་བ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལ་དྲ་བ་ནི་མུ་ཏིག་གི་ཆུན་འཕྱང ་དབུས་ན་ཡོད་པའོ།། མེ་ལོང་ནི་གོ་བར་ཟད་དོ།། མེ་ཏོག་ཆུན་པོ་ནི་དཔག་བསམ་གྱི་ཤྲིང་གི་མེ་ཏོག་གོ།། དྲ་བ་དང་མེ་ལོང་དང་མེ་ཏོག་ཆེན་པོ་དང་། མེ་ཏོག་གི་ཕྲེང་བ་དང་། རྒྱན་རྣམས་ཀྱིས་བསྐོར་བ་ནི་བརྒྱན་པའོ།། དེ་ལྟ་བུར ་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོ་སྟེ་དེར་དང་པོའི་རྡོ་རྗེའོ།། རྡོ་རྗེ་ཀུན་གྱིས་ནི་རྡོ་རྗེ་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེའོ།། བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོ་དང་། རྡོ་རྗེ་ཐམས་ཅད་ནི་བདེ་བ་ཆེན་པོ་རྡོ་རྗེ་ཐམས་ཅད་དོ།། དེ་རྣམས་ཀྱིས ་མངོན་པར་འདུས་བྱས་པ་ནི་བསྐྱེད་པའོ།། དེ་རྡོ་རྗེ་སེམས་དཔའི་སྣང་པོ་ཆེན་པོ་ཡོད་པ་ནི་རྡོ་རྗེ་ཆེན་པོའི་སྣང་བ་ཆེན་པོའོ།། དེར་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན ་གཤེགས་པ་རྣམས་ཀྱིས་ངེས་པར་བསྟེན་པ་སྟེ། དེར་བཞུགས་པས་དེ་བསྟེན་པར་མཛད་པའོ།། གནས་དེར་བྱང་ཆུབ་སེམས་དཔའི་རང་བཞིན་ཅན་གྱི་སེམས་དཔའི་རང་བཞིན་ཅན་གྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ། དེ ་རྣམས་ཀྱི་གནས་པ་ནི་སྤྱོད་ལམ་རྣམས་པ་བཞི་དང་། ཐུགས་རྗེ་ཆེན་པོ་ལ་སོགས་པ་ཡིད་ཀྱིས་བཞུགས་པའོ།། དེ་མཆོག་ཏུ་གྱུར་པས་ན་བྱང་ཆུབ་སེམས་དཔའི་གན་པ་མཆོག་ཅེས་བྱའོ།། དེར་རྡོ་རྗེ་འཆུང་བ་ཀུན་ནི་དེ་བཞིན་གཤེགས ་པ་རྣམས་དང་། རིགས་ལྔ་པོ་རྣམསོ།། དེ་རྣམས་ཀྱི་གནས་ནི་བཞུགས་གནས་ཏེ། དེར་བདེ་བ་ཆེན་པོ་རྡོ་རྗེ་ཆེ།། ནོར་བུ་རིན་ཆེན་ཅེས་བྱ་བ་ནི། བྲང་བ་ཆེན་པོའི་ནོར་བུ་ཆེན་པོ་རྡོ་རྗེ་རིན་ཆེན་ནི་ཇི་སྐད་དུ་བཤད་པའི་ནོར་བུ་ཆེན་པོའོ།། དེས་མཆོག ་ཏུ་གྱུར་པ་ནི་དམ་པར་གྱུར་པ་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱ་བས་ནོར་བུ་རིན་ཆེན་མཆོག་ཅེས་བྱ་བ། རྡོ་རྗེ་ཆེན་པོ་གཞལ་ཡས་ཁང་ཞེས་བྱའོ།། དྲེར་སྟོང་པ་ཉིད་བཅོ་བརྒྱད་ཀྱི་ཏིང་ངེ་འཛིན་ནི་རྡོ་རྗེ་ཆེན་པོ་སྟེ། དེའི་རྒྱུ་མཐུན་པ་ལས ་བྱུང་བའི་གཞལ་ཡས་ཁང་ཡིན་བྱས་ན་རྡོ་རྗེ་ཆེན་པོའི་ཁང་པོ་རྩེགས་ན་ཞེས་བྱའོ།། ན་ཞེས་བྱ་བའི་སྒྲ་ནི་དྲིས་པར་བཟུང་བའོ།། རྣམ་པར་བཞུགས་ཞེས་བྱ་བ་ནི་དེ་ལྟ་བུའི་ཁྱད་པར་ཅན་གྱི་གནས་ན་བདེ་བ་ཆེན་པོ་བཞུགས་པ་ནི་གནས ་པར་མཛད་པའོ།། འདིར་བདེ་བ་ཆེན་པོ་རྣམ་པར་བཞུགས་ཞེས་བྱ་བ་ནི་འདི་ལ་བདེ་བ་ཆེན་པོ་མངའ་བས་ན་བདེ་བ་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ། འདིའི་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱ་བའི་ཐ་ཚིག་གོ།། བདེ་བ་ཆེན་པོ ་འདིའི་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། ཐོག་མྱ་ཐ་མ་མེད་ཅེས་བྱ་བ་ལྔ་སོགས་པས་དེ་ཁྱད་པར་དུ་བྱས་པ་ཡིན་ཏེ། ཐོག་མ་ཐ་མ་མེད་ཅེས་བྱ་བ་ནི། དང་པོ་ནི་ཐོག་མར་སྐྱེ་བའོ།། ཐ་མ་ནི་དུས་ཚིགས་མེད་པར་འཇིགས ་པའོ།། ག་ལ་ཐོག་མ་དང་ཐ་མོ་མེད་པ་དེ་ནི་ཐོག་མཐའ་མེད་པའོ།། སེམས་དཔའ་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་འགྲོ་བའི་དོན་ལ་ཆགས་པས་ན་སེམས་དཔའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྟོང་པ་ཉིད ་བཅུ་དྲུག་གི་རང་བཞིན་ཡིན་པས་ན་རྡོ་རྗེ་སེམས་དཔའོ།། དེ་ཡང་ཐོག་མ་དང་ཐ་མ་མེད་པ་ཉིད་དང་། རྡོ་རྗེ་སེམས་དཔའ་ཉིད་ཀྱི་དབང་དུ་མཛད་ནས། དེ་ལ་ཇི་ལྟར་ན་ཐོག་མ་དང་ཐ་མ་མེད་པའི་ཡིན་ཞིང་རྡོ་རྗེ་སེམསོ་དཔའ་ཞེ་ན། ནམ ་མཁའ་ལས་བྱུང་མཚན་ལྡན་ཕྱིར།། ཐོག་མཱ་ཐ་མ་མེད་པའི་མཆོག། རྡོ་རྗེ་སེམས་དཔའི་དམ་ཚིག་སེམས།། རྡོ་རྗེ་སེམས་དཔའ་ཞེས་བཤད་དོ་ཞེས་འོག་ནུས་བཤད་པའི་ཕྱིར་རོ།། ཡང་དགའ་བ་ཆེན་པོ་ཅི་ཞིག་ལ་ཆགས་ཤེ་ན། ་སེམས་ཅན་རྣམས་ལ་ཆགས་པར་མཛད་དོ་ཞེས་གསུངས་པ་ཡིན་ནོ།། དགའ་བ་ཆེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ལ་དགྱེས་པ་དང་། སེམས་ཅན་གྱི་དོན་ལ་དགྱེས་པས་ན་དགའ་བ་ཆེའོ།། དེ་ཡང་ཇི་ལྟར་ན། བཅོམ་ལྡན་འདས ་དགའ་བ་ཆེན་པོ་ཉིད་ཡིན་ཞེ་ན། ཉེས་བྲལ་ཤིན་ཏུ་རྟོག་པ་དང་། ཆགས་པ་ཀུན་ལ་རྗེ་སུ་དགྱེས།། དེ་ཉིད་ཀྱིས་གསང་བཅོམ་ལྡན་འདས།། འདོད་ཆགས་ཆེན་པོ་དགའ་བ་ཆེ་ཞེས་གསུངས་པའི་ཕྱིར་རོ།། ཀུན་ཏུ་བཟང་པོ་ཆེ་ཞེས་བྱ་བ ་ནི་གདུལ་བྱ་རྣམས་ལ་འདི་ནས་ཀུན་ནུས་བཟང་ཞིང་དགེ་བས་ན་ཀུན་ཏུ་བཟང་པོ་སྟེ། ཀུན་ཏུ་བཟང་པོ་ཡིན་པ་འམ་ཉོན་མོངས་བག་ཆགས་དང་བཅས་པ་དང་བྲལ་བ་ཉིད་ཀྱི་ཕྱིར་ཀུན་ནས་ཡོངས་སུ་དགའ་བས་ན་ཀུན་ཏུ་བཟང་པོའོ།། ཀུན ་བདག་ཉིད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་བདག་སྟེ། རང་བཞིན་ཡིན་པས་ན་ཀུན་བདག་ཉིད་དེ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ཞེས་བྱ་བའི་ཐ་ཚིག་གོ།། དོན་གཉིས་པ་འདི་ཉིད་ཀྱི་དབང་དུ་བྱས་ནས་ཤིན་ཏུ་དག་པ་ཀུན་གྱི ་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔའ་སེམས་དཔའི་མཆོག། ཅེས་འོག་ནས་བཤད་པ་ཡིན་ནོ།། རྡོ་རྗེ་བསྙེམས་ཚུལ་བདག་ཅེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམ ་དཔའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དང་། དེ་ཉིད་ཀྱི་ལྷ་མོ་གང་ཡིན་པ་དེ་ནི་རྡོ་རྗེ་བསྙེམས་ཚུལ་ལོ།། དེའི་བདག་པོ་ནི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་ཐུག་སོ།། དེའི་དབང་དུ་བྱས་ནས་ཕྱག་རྒྱ་དེ་གང་གི་ཕྱིར་འཁོར་བ་ཇི་སྲིད་པའི་བར ་དུ་རྒྱུན་ཏུ་འགྲོ་བའི་དོན་མཛད་པའི་ཕྱིར་བཞུགས་པ་ཡིན་ལ། ཕྱག་རྒྱ་ཆེན་པོ་དེ་ལྔ་ཡང་རྟག་པ་ཉིད་དུ་དབང་ཉིད་ཀྱིས་གཙོ་བོར་གྱུར་པ་ཉིད་མངའ་བའོ་ཞེས་བདག་པོའི་སྒྲ་གཉིས་པས་སྟོན་པ་ཡིན་ནོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས ་ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོའི་ཕྱག་རྒྱ་ཡིས།། རྡོ་རྗེའི་དབང་ཕྱུག་ཆེར་སྟོད་པ།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། ཅེས་གསུངས་པ་ཡིན་ནོ།། ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་ལྡན་པའི་བདེ་བ་ཆེན་པོ ་ཉིད་དུ་ཇི་ལྟར་འགྱུར་ཞེས་རྟོག་པ་དག་ཡོད་པས་བདེ་བ་ཆེན་པོ་ཉིད་རྟོགས་པར་བྱ་བའི་ཕྱིར། སེམ་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་རང་གི་སེམས་ཡོངས་སུ་སྦྱང་བའི་ཡེ་ཤེས་གསུངས་པ་ཡིན་ཏེ། ་སེམས་ཅན་ཀུན་གྱི་སེམས་ཀུན་གཞི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཉིད་ཆོས་བདག་མེད་པའི་ཚུལ་གྱིས་རང་བཞིན་གྱིས་འོད་གསལ་བ་ཡིན་ཞིང་། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་བསྐྱོད་པར་མི་ནུས་པས་ན་བརྟན ་པ་ཡིན་ལ། ཉོན་མོངས་པ་དང་། ཕུང་པོ་དང་། འཆི་བདག་དང་། ལྷའི་བུའི་བདུད་ཀྱིས་རྡོ་རྗེ་ལྟར་མི་ཕྱེད་པ་ཡིན་ལ། དེ་ལྟར་མི་ཕྱེད་པ་ཉིད་ཀྱིས་བྱང་ཆུབ་ཆེན་པོ་ལས་བཟློག་པར་མི་ནུས་པའི་ཕྱིར་སེམས་དཔའ་ཞེས་བཤད་དེ། མི ་ཤིགས་པའི་ཚུལ་ཅན་ནོ།། མཉམ་པར་བཞག་པས་ཏིང་ངེ་འཛིན་ཅེས་བྱ་བ་ནི། མི་ཤིགས་པའི་ཚུལ་ཅན་གྱི་སེམས་དེ་ཉིད་སེམས་ཅན་ཐམས་ཅད་ཀྱི་རྣམ་པར་རྟོགས་པ་ཐམས་ཅད་དང་བྲལ་བ། དེ་བཞིན་ཉིད་དུ་རོ་གཅིག་པར་སེམས ་རྩེ་གཅིག་པ་ཉིད་ནི་མཉམ་པར་བཞག་པའི་རང་བཞིན་ཉིད་ཡིན་པོས་ཏིང་ངེ་འཛིན་ཅེས་བྱ་བར་བཤད་དོ།། ངེས་པའི་ཕྱིར་ནཱ་རྡོ་རྗེར་གྱུར་ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ཀྱི་སེམས་ཆོས་བདག་མེད་པའི་རང་བཞིན་ཅན ་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དང་། ཟླ་བའི་དཀྱིལ་འཁོར་ལོ་རྡོ་རྗེ་རྩེ་ལྔ་པ། རྡོ་རྗེའི་བདག་ཉིད་ཅན་དུ་བསྒོམས་པའི་ངེས་པའི་རྒྱུར་གྱུར་པ་ལས་རྡོ་རྗེ་ཉིད་དུ་གྱུར་པ་ཡིན་ཏེ། རྡོ་རྗེ་ངོ་བོ་ཉིད་དུ་རྡོ་རྗེ་ངོ་བོ་ཉིད་དེ་རྡོ་རྗེའི ་རང་བཞིན་ཐོབ་པའོ།། སེམས་དཔར་བྱིན་རླབས་སྦྱོར་བ་ཡིས།། རྡོ་རྗེ་སེམས་དཔའང་དེ་ཉིད་དུ་འགྱུར་ཞེས་བྱ་བ་ནི། རྡོ་རྗེར་གྱུར་པའི་སེམས་དེ་ཉིད་སེམས་དཔར་བྱིན་བརླབས་ཚུལ་གྱིས་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སྐུར་རྣམ ་པར་བསྒོམས་ན། རྡོ་རྗེ་སེམས་དཔའི་སྐུར་ཡང་འགྱུར་རོ།། དེ་ལྟར་རྡོ་རྗེ་སེམས་དཔའ་བསྐྱེད་པ་བསྟན་ནས། ད་ནི་དེ་ཉིད་ཅེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པར་སྐྱེད་པར་གསུངས་པོ་ཡིན་ནོ།། དེ་ཉིད་ཅེས་བྱ་བ་ནི་ཐོག ་མ་དུང་ཐ་མ་མེད་པ་ཆོས་ཀྱི་དབྱིངས་དེ་ཉིད་བདུད་བཞི་བཅོམ་པས་ན། བཅོམ་ལྡན་འདས་ཞེས་བྱའོ།། རྟག་པ་ནི་བརྟན་ཞིང་མི་འགྱུར་བའོ།། བྱང་ཆུབ་སྤྱོད་པའི་རྗེས་འགྲོ་ཡིན་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔ་ནི་བྱང་ཆུབ ་བོ། དེའི་དོན་དུ་སྤྱོད་པ་ནི་བྱང་ཆུབ་སྤྱོད་པ་སྟེ། རང་གི་སེམས་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་སངས་རྒྱས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་རྗེས་སུ་འགྲོ་བ་ཡིན་པའི་ཕྱིར།། བྱང་ཆུབ་སྤྱོད་པ་རྗེས་འགྲོ་ཡིན་ཞེས་བྱའོ།། ་ཇི་ལྟར་འདི་བྱང་ཆུབ་ཀྱི་སྤྱོད་པའི་རྗེ་སུ་འགྲོ་བ་ཡིན་ཞེ་ན། རང་གི་སེམས་སོ་སོར་རྟོགས་པ་ལ་སོགས་པ་ནི་སངས་རྒྱས་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་ནི། རང་ཉིད་ཀྱི་སེམས་ནི་རང་གི་སེམས་ཏེ། ཀུན་གཞི་རྣམ་པར ་ཤེས་པ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་། མིག་ལ་སོགས་པའི་སྒོ་ལྔའི་རྣམ་པར་ཤེས་པའོ།། དེའི་སོ་སོར་རྟོགས་པ་ནི་གཟུང་བ་དང་འཛིན་པའི་དངོས་པོའི་ངོ་བོ་ཉིད་མེད་པར་རྟོགས་པའོ། ་དེ་ཉིད་ལ་སོགས་པ་སངས་རྒྱས་ཀྱི་བྱང་ཆུབ་གང་ཡིན་པ་དེ་ནི་རང་གི་སེམས་སོ་སོར་རྟོགས་པ་ལ་སོགས་པ་ནི་སངས་རྒྱས་ཀུན་གྱི་བྱང་ཆུབ་ཡིན་ཏེ། འཕག་སྡུ་བ་དེ་ཁོ་ན་ཉིད་བསྡུས་པ་ལས་མངོན་པར་བྱུང ་ཆུབ་པ་རྣམ་པ་ལྔ་ཇི་ལྟར་གསུངས་པ་དེ་བཞིན་དུ། མངོན་པར་བྱང་ཆུབ་པ་ལྔ་བསྒོམས་པས་བཅོམ་ལྡན་འདས་དེ་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་རང་བཞིན་དུ་གྱུར་པས་ན་སེམས་དཔར་བྱིན་གྱིས་བརླབས་པ་ལས་བྱུང་བའི་རིགས་ཀྱི ་རང་བཞིན་དུ་འགྱུར་རོ་ཞེས་སྟོན་པ་ཡིན་ནོ།། བདུད་ཅེས་བྱ་བུ་ནི་དེ་ཉིད་ནི་སེམས་ཅན་ཐམས་ཅད་ཀྱི་བདུད་ལྟ་བུའི་སེམས་ཅན་ཡིནྱོ་པས་ན་འདུད་དོ།། སངས་རྒྱས་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེར་གྱུར་པ་དེ་ཉིད་སངས་རྒྱས་ཀྱི་སྐུར ་བསྒོམས་པས་སངས་རྒྱས་སུའོ།། རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནཱི་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། དང་པོའི་རྡོ་རྗེའོ།། གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་འཆུང་ཆེན་པོ་ཉིད་ཐོབ་པར་བྱ་བའི་ཕྱིར། གང ་ཞིག་མཛད་པ་དེ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱའོ།། རྡོ་རྗེ་ཆེན་པོ་འཛིན་པ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔར་གྱུར་པའི་བཅོམ་ལྡན་འདས་ང་ཉིད་སེམས་དཔར་བྱིན་གྱིས་བརླབས་པའི་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཕྱག་རྒྱ་ཆེན་པོའི ་ཚུལ་གྱིས་ཏིང་ངེ་འཛིན་གྱིས་བསྐྱེད་པའི་རྡོ་རྗེ་འཛིན་པ་ཆེན་པོའོ།། དེ་ཉིད་དེ་བཞིན་གཤེགས་པའི་རིགས་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོར་གྱུར་པའི་སེམས་དཔའ་དེ་ཉིད་རྡོ་རྗེ་ཡིད་ལས་བྱུང་བའི་སྐུར་བསྒོམས་ནི་དེ་བཞིན་གཤེགས ་བའི་རིགས་སུ་འགྱུར་རོ།། དེ་ཉིད་རྡོ་རྗེ་རིགས་ཆེན་པོ་ཞེས་བྱ་བ་ནི་སེམས་དཔའི་བྱིན་གྱིས་བརླབ་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་གྱུར་པ་དེ་ཉིད་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ལ་སོགས་པའི་སྐུར་བསྒོམས་ན། རབ་ཏུ་དགའ་བའི་རྡོ་རྗེ་སེམས ་དཔའ་ལ་སོགས་པའི་ཁྲོ་བོའི་ཚུལ་གྱིས་ན་མཁའ་ཆེན་པོ་དང་མཉམ་པའི་རྡོ་རྗེའི་རིགས་སུ་འགྱུར་རོ།། དེ་ཉིད་པདྨའི་རིགས་དག་པ་ཞེས་བྱ་བ་ནི། སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་གྱུར་པ་དེ་ཉིད་རྡོ ་རྗེ་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་སྐུར་བསྒོམས་པས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་ལ་སོགས་པའི་ཚུལ་གྱིས་རང་བཞིན་གྱིས་དག་པའི་པདྨའི་རིགསུ་འགྱུར་རོ།། དེ་ཉིད་རིགས་དམ་པ་ཞེས་བྱ་བ་ནི་སེམས་དཔར་བྱིན་གྱིས་བརླབས ་བའི་སྦྱོར་བ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དེ་ཉིད་འཕགས་པ་ན་མཁའི་སྙིང་པོའི་སྐུ་དང་། དེའི་རིགས་ཀྱི་ཚུལ་དུ་བསྒོམས་ན་ནོར་བུའི་རིགས་དམ་པར་འགྱུར་རོ།། དེ་ཉིད་འདོད་ཆགས་ཞེས་བྱ་བ་ནི་སེམས་ཅན་སྨིན་ཅིང་དགྲོལ་བ་ལ ་ཆགས་པ་ནི་འདོད་ཆགས་སོ།། ཆགས་བྲལ་ཉིད་ཅེས་བྱ་བ་ནི། འདོད་པ་ཐམས་ཅད་དང་བྲལ་བའི་རང་བཞིན་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཅེས་བྱ་བའི་ཐ་ཚིག་གོ།། འདོད་ན་ཞེས་བྱ་བ་ནི་འདོད་ཅིང་དོན་དུ་གཉེར་བ་ཞེས་བྱ ་བའི་ཐ་ཚིག་སྟེ། འདོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་འདོད་པ་ཞེས་གསུངས་པ་ཡིན་ནོ།། ཐར་པ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་ནི་ཐར་པ་ཡིན་པ་འམ། བདེ་བ་ཆེན་པོ་ལ་བྱ་སྟེ། ངོན ་ཐར་པའོ་ཞེས་འོག་ནས་བཤད་བའི་ཕྱིར་རོ།། དུས་གསུམ་ཞེས་བྱ་བ་ནི་དུས་གསུམ་དུ་སྣང་བའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ།། སྲིད་གསུམ་ཞེས་བྱ་བ་ནི་མིང་པོ་གསུམ་གྱི་ཚུལ་གྱིས་སེམས་ནྡན་གྱི་དོན ་བྱེད་པའི་ཕྱིར་རོ།། མཆོག་གསུམ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཁྱོད་པར་གཞན་ནོ།། འཇིག་རྟེན་གསུམ་ཞེས་བྱ་བ་ནི་སའི་འཇིག་རྟེན་ལ་སོགས་པོའི་རང་བཞིན་ཡིན་པའི་ཕྱིར་རོ།། ཁམས་གསུམ་པོ་ཞེས་བྱ་བ་ནི་སའི་འཇིག་རྟེན ་ལཱྀ་སོགསོ་བའི་སེམས་ཅན་གྱི་འདོད་པ་དྲང་གཟུགས་དང་གཟུགས་མེད་པའི་ཚུལ་གྱིས་གནས་པར་མཛད་པའི་ཕྱིར་རོ།། མི་གཡོ་བ་ཞེས་བྱ་བ་ནི་མི་འགྱུར་བ་སྟེ། རི་རབ་ལ་སོགས་པ་ཐམས་ཅད་ངོ་།། མཆོག་ནི་དྲམ་པའོ།། བརྟན ་ཞིང་སྲ་བ་ནི་རྡོ་རྗེ་དང་འདྲ་བའོ།། ནོར་ཆེ་བ་ནི་རིན་པོ་ཆུའི་འབྱུང་ཁུང་ཡང་དེ་ཉིད་ཡིན་ནོ།། རྒྱུ་བ་ཞེས་བྱ་བ་ནི་སེམས་ད་ལྡན་པའི་སྟོབས་ཀྱིས་འགྲོ་བས་ནུ་རྒྱུ་བའོ།། དེ་ཉིད་བསྟན་པ་ནི་སེམས་ཀྱི་འདུ་བྱེད་པ་ཞེས་བྱ་བ་ཡིན་ཏེ། སེམས ་ཀྱིས་འདུ་བྱས་པ་ནི་སེམས་ཀྱི་འདུ་བྱེད་དེ་སེམས་ཀྱི་འདུ་བྱེད་དེ་ལས་ཤིན་ཏུ་འགྲོ་བས་ན་རྒྱུ་བ་སྟེ། བཅོམ་ལྡན་འདས།། འདོད་ཆགས་ལ་སོགས་པའི་སེམས་ལས་བྱུང་བའི་ཚུལ་སྟོན་པའི་སྒོ་ནས་ཁམས་གསུམ་དུ་ཟོ་ཆུན་བརྒྱུད ་བའི་ཚུལ་གྱིས་ཡང་དང་ཡང་དུ་སྐྱེ་བར་ཀུན་ཏུ་སྟོན་པར་མཛད་དོ་ཞེས་བྱ་བའི་ཐེ་ཚིགོ། ཐམས་ཅད་བྱེད་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ནས་རྒྱུ་བ་ཞེས་བྱ་བའི་བར་དུ་མཛད་པས་ན་ཐམས་ཅད ་བྱེད་དོ།། ཐམས་ཅད་ཉིད་ཅེས་བྱ་བ་ནི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིནྡ་པའི་ཕྱིར་རོ།། དང་པོའི་སེམས་དཔའ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལ་སོགས་པའི་དང་པོར་ཐོག་མ་མེད་པའི་ངོ་བོས་བཞུགས་པའི་ཕྱིར། དང་པོའི་སེམ ་ངོབོའོ།། སེམས་དཔའ་ཆེ་ཞེས་བྱ་བ་ནི། ཆོས་བདག་མེད་པའི་ཡེ་ཤེས་ཀྱིས་ཚུལ་གྱིས་ཐམས་ཅད་དུ་ཁྱབ་པས་ནི་སེམས་ཅན་ཆེན་པོའོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་སེམས་དཔའ་ཡིན ་པས་ན་བྱང་ཆུབ་སེམས་དཔའི་ཆེན་པོའོ།། བདེ་རབ་གསོལ་ཅེས་བྱ་བ་ནི་སེམས་ཅན་གྱི་ཚོགས་ལ་བསྐལ་བ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བདེ་བ་སྩོལ་བས་བདེ་རབ་གསོལ་ཏོ།། སེམས་དཔའི་སྐྱིལ་ཀྲུང ་ཞེས་བྱ་བ་ལ་སོགས་པ་ནི་གློ་སླའོ།། བཙུན་མོའི་ཚོགས་བཅས་ཞེས་བྱ་བ་ནི་བཙུན་མོའི་འཁོར་གྱི་ཚོགས་དང་ལྷན་ཅིག་བཞུགས་པའོ།། སྣ་ཚོགས་པ་ནི་དངོས་པོ་ཐ་དད་པའི་བདག་ཉིད་ཅན་ཏེ། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ནས ་རྡོ་རྗེ་འབེབས་པའི་བར་གྱི་རྡོ་རྗེ་ལྷ་མོ་རྣམས་ཀྱི་མདུན་དུ་བལྟས་ནས། བློ་བཞིན་གཤེགས་པ་བཞུགས་པས་ན་རྡོ་རྗེ་ལྷ་མྱོས་ཡོངས་སུ་བསྐོར་བའོ།། དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་ལྷ་མོ་ཡོངས་བསྐོར་ཞེས་བྱ་བའི ་བར་གྱི་བཤད་པ་ནི་འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ།། དེ་ལྟར་དང་པོའི་སྦྱོར་བ་གསུངས་ནས་ད་ནི་བདེ་བ་ཆེན་པོར་རབ་གྲུབ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། བ་པ ་ཆེན་པོ་ནི་ཐར་པ་ཆེན་པོ་སྟེ། དེ་གྲུབ་པ་ནི་མངོན་སུམ་དུ་བྱེད་པའོ།། དེའི་དོན་དུ་འདོད་ཆགས་ཆེན་པོ་རྣམ་དག་ཕྱིར་ཞེས་བྱ་སྟེ། འདོད་ཆགས་ཆེན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ།། ་དེ་ཡང་དངོས་གྲུབ་ཀུན་ལས་རྗེས་ཆགས་པས།། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི།། འོད་ཟེར་དམར་པོ་སྣ་ཚོགས་འབར་ཞེས་གསུངས་པའི་ཕྱིར་རོ།། དེའི་རྣམ་པར་དགོ་པ་ནི་ཉོན་མོངས ་པ་བག་ཆགས་དང་བཅས་པ་བྲལ་བ་སྟེ། དེའི་དོན་དུའོ།། མ་ལུས་གདུལ་བྱའི་དོན་དུ་ནི་ཞེས་བྱ་བ་ནི། འཇིག་རྟེན་དྲང་འཇིག་རྟེན་ལས་འདས་པའི་ཐེག་པ་མ་ལུས་པ་ལ་ལྷག་པར་མོས་པའི་སེམས་ཅན་གྱི་ཁམས་མ་ལུས་པ ་ཐམས་ཅད་ལུང་དང་རྟོགས་པ་ལ་རབ་ཏུ་འཇོག་པ་ནི་འདུལ་བའོ།། དེའི་དོན་དུ་དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར་ཞེས་བྱ་བ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ནི་དངོས་གྲུབ་ཐམས་ཅད་ངོ་།། དེ་རབ་ཏུ་གྲུབ་པ ་ནཱི་དེ་བསྒོམ་པ་དང་ལྡན་པ་རྣམས་ཀྱིས་དེ་ཤིན་ཏུ་ཐོབ་པ་སྟེ། དེའི་ཕྱིར་བདག་སོགས་ཞེས་བྱ་བ་ལ་སྩོགས་པ་ལ། རྡོ་རྗེ་སེམས་དཔའི་རང་གི་ངོ་བོ་སྟེ། དེ་ལ་སོགས་པའི་མཛེས་པ་གང་ཡིན་པ་དེ་ནི་སེམས་དཔའ་ཆེན་པོ་ལ ་སོགས་པ་སྟེ། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་སེམས་དཔའ་ཆེན་པོ་དམ་པ་ནི། རྡོ་རྗེ་སེམས་དཔའི་ཚུལ་གྱི་རྡོ་རྗེ་འཆང་བ་ཆེན་པོའི་བདག་ཉིད་དོ།། སོགས་པའི་སྒྲས་ནི་རྡོ་རྗེ་ཡིད་ལས་བྱུང་བ་ནས་བརྩམས་ཏེ་ཀླུའི ་དཀྱིལ་འཁོར་གྱི་བར་གྱི་ཚུལ་ལྔ་བསླབ་པའོ།། དེ་རྣམས་ཀྱི་དངོས་གྲུབ་ཐམས་ཅད་ནི་ཇི་སྐད་བཤད་པའི་དངོས་གྲུབ་ཐམས་ཅད་དོ།། དེ་ལྟ་བུའི་དངོས་གྲུབ་ཐམས་ཅད་རབ་ཏུ་གྲུབ་པར་བྱ་བའི་ཕྱིར། དམ་ཚིག་ལས་མི་འདའ་བར ་བྱའོ།། དམ་ཚིག་མཆོག་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ།། རྒྱལ་བས་ཀྱང་ནི་བསྲུང་བར་བྱ་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་རང་བཞིན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བསྲུང་བར་བྱ། ་སྟེ། དཔལ་རྡོ་རྗེ་སེམས་དཔར་ལྷག་པར་མོས་པའི་སེམས་ཅན་གྱི་དོན་དུ་དཔལ་རྡོ་རྗེ་སེམས་དཔའི་གཟུགས་འཛིན་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་དུ་བྱས་ལ། དེ་ལྟར་ན་དེ་བསྲུང་བར་བྱ་བ་ཡིན་ནོ།། རྡོ་རྗེ་བསྙེམས་མ ་ཚུལ་འཆང་ཞེས་པ་ནི་བཤད་ཟིན་ཏོ།། ཕྱག་རྒྱ་ཐམས་ཅད་རྣམ་ངག་ཕྱིར་ཞེས་བྱ་བ་ནི་ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་དེ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཕྱག་རྒྱའོ།། ་དེ་རྣམས་ཀྱི་རྣམ་པར་དག་པ་ནི་གདུལ་བྱོ་གཞན་དུ་གྱུར་པའི་སེམས་ཀྱི་རྟོགས་པའོ།། རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་སེམས་དྲཔའི་དངོས་གྲུབ་ཀྱི་མཆོག་ནི། རྡོ་རྗེ་སེམས་དཔའི་གྲུབ་མཆོག་སྟེ།། གདུལ ་བྱ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་མངོན་སུམ་དུ་བྱས་པའོ།། བདེ་ཆེན་རྡོ་རྗེ་ཆེ་སྒྲུབ་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་རོ།། དེ་བསྒྲུབ་པ་ནི་བསྐྱེད་པའོ།། རྒྱུ་ཅི་ཞིག་གི་ཕྱིར་ཞེ་ན། ་དངོས་གྲུབ་ཀུནྡ་ལཱ་ཞེས་བྱ་བ་སྨོས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སོགས་པའི་ཐམས་ཅད་དོ།། དེ་ཐམས་ཅད་སྒྲུབ་པ་དེའི་དོན་དུ་སྙིང་པོ་གསུངས་པའོ།། ཅི་དེ་འབའ་ཞིག་གིས་གསུངས་སམ་ཞེ་ན། ཡེ་ཤེས་ཕྱག ་རྒྱར་ཡང་ངག་ལྡན་ཞེས་གསུངས་ཏེ། དེ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པས་བསྒྲུབ་པ་ལ་ངེས་པར་སྦྱོར་བའི་བསྒོམ་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར་གདགས་པས་དེ་སྐད་ཅེས་བྱ་སྟེ། ཨ་ནུ་རཱ་ག་ཡ་མི ་ཞེས་གང་བཤད་པའོ།། འདོད་ཆགས་དམ་ཚིག་ཅེས་གྲགས་ཏེ།། ཆོས་ཀྱི་འདོད་པ་ཡིད་དུ་འོང་།། དེ་ཡི་རྗེས་གྲུབ་རྣལ་འབྱོར་ནི།། རྗེ་སུ་ཚོགས་པ་ཞེས་བཤང་ཞེས་གསུངས་པ་ཡིན་ནོ།། ཡེ་ཤེས་ཀྱི་ཕྱག་རྒྱ་ཉིད་དམ་ཚིག་སྟེ། ཐོག་མ་དང་ཐ ་མ་མེད་པའི་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཡེ་ཤེས་ལ་ངེས་པར་སྦྱོར་བའི་ཚུལ་གྱིས་བཟུང་བ་དང་འཛིན་པའི་རྣམ་པར་རྟོགས་པ་མེད་པའི་ཕྱིར་དེ་དང་ཡང་དག་པར་ལྡན་པ་ནི་བཅིངས་པ་སྟེ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་ཡང་དག་པའི ་སྙིང་པོ་ནི་ཡི་གེ་ཧཱུཾ་དེ་སྟོན་པར་བྱེད་པ་འམ་དེ་སྐྱེད་པར་བྱེད་པའོ།། དེ་ཉིད་ཀྱིས་ན་དམ་པའོ།། གང་གིས་བསོད་ནམས་དང་མི་ལྡན་པ་དང་ཞེས་བྱ་བ་ནི་དམ་པའི་ཆོས་སྤོང་བ་འམ། མཚམས་མེད་པ་ལ་སོགས་པ་མི་དག་པ་ཐམས ་ཅད་བྱེད་པ་ནི་བསོད་ནམས་མི་ལྡན་པའོ།། དེ་རྣམས་ཀྱང་གང་གིས་དངོས་གྲུབ་ཐམས་ཅད་རྙེད་པར་དཀའ་བ་མ་ཡིན་པར་འགྱུར་རོ།། དེ་བཞིན་དཀྱིལ་འཁོར་མ་ཞུགས་པ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ཇི་ལྟ་བ་བཞིན་དུ་མ་ཞུགས ་ཏེ་དེ་དག་ཀྱང་ངོ་།། དོན་ཡོད་པ་ནི་འབྲས་བུ་ཡོད་པའོ།། ཐོགས་པ་མེད་པ་ནི་བཟློག་ཏུ་མེད་པའོ།། མྱུ་ར་བ་ནི་རིངས་པའོ།། མཆོག་ནི་དམ་པར་གྱུར་པའོ།། ཐམས་ཅད་ནི་མ་ལུས་པ་སྟེ་དངོས་གྲུབ་ཐམས་ཅད་རྙེད་པར་དཀའ་བ་མ་ཡིན་པ་སྟེ། ་སྙིང་པོ་གང་ཞིག་གསུངས་པ་དེས་དོན་ཡོད་པ་དང་། ཐོགས་པ་མེད་པ་དང་། མྱུར་བ་དང་། མཆོག་གི་དངོས་གྲུབ་ཐམས་ཅད་རྣལ་འབྱོར་པ་རྣམས་ཀྱིས་དངོས་གྲུབ་རྡོ་རྗེ་སེམས་དཔའ་ལ་སོགས་པར་བསྐྱེད་པར་གྱུར་པ་དེ་ལ་དེ་སྐད་ཅེས ་བྱའོ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་མཆོག་སྟེ་དམ་ཚིག་བརྟན་ཞེས་བྱ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དཀྱིལ་འཁོར་གྱི་དམོ་ཚིག་གི་མཆོག་སྟེ། སྐྱེད་པའི་རྒྱུའོ།། བརྟན་པ་ནི་མི་ཤིགས་པའོ།། དངོས་གྲུབ་ཐམས་ཅད་བསྒྲུབ་པ་ནི་ཞེས ་བྱབྱོབྱ་བའི་བུམ་པ་བཟང་པོ་ལ་སོགས་པ་དངོས་པོ་ཐམས་ཅད་བསྒྲུབ་པའོ།། རྟོག་པ་ཐམས་ཅད་མྱུར་འགྲུབ་ཅེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཚུལ་གྱིས་རྟོག་པ་གསུངས་པ་དང་། ་གཉིས་པར་གྲང་གསུངས་པ་དེ་རྣམས་བསྒྲུབ་པ་ནི་ཡི་གེ་ཧཱུཾ་སྙིང་པོའི་ཚུལ་གྱིས་བསྒྲུབ་པའོ།། ཐོག་མཐའ་མེད་ཅིང་ཞེས་བྱ་བ་ལ་སྩོགས་པ་ལ་ཐོག་མ་ནཱི་དང་པོར་བསྐྱེད་པའོ།། ཐ་མ་ནི་འཇིག་པའོ།། འདི་ལྔ་མི་མངའ་བས་ན་ཐོག ་མཐའ་མེད་ཅིང་ཅེས་བྱ་བ་སྟེ། ཐོག་མ་དང་ཐ་མའི་བྲལ་བ་དང་། ད་ལྟར་བྱུང་བའི་ངོ་བོ་ཉིད་ཀྱིས་རྟག་ཏུ་བཞུགསོ་ཞེས་སྟོན་པ་ཡིན་ནོ།། དང་པོར་བྱུང་ཞེས་བྱ་བ་ནི། བསྐལ་པ་བཟང་པོ་ལ་སོགས་པའི་དང་པོར་ཐོག་མ་མེད ་པའི་ཚུལ་ཉིད་ཀྱིས་བཞུགས་པ་ཡིན་པའི་ཕྱིར་དང་པོ་བྱུང་བའོ།། བསོད་ནམས་ཐམས་ཅད་ཆེར་མཐོ་བ་ཞེས་བྱ་བ་ནི་གཙང་བར་བྱེད་པས་བསོད་ནམས་ཏེ། སྡིག་པའི་དྲི་མ་ཐམས་ཅད་འཁྱུད་པས་དག ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། བསོད་ནམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བསོད་ནམས་ཐམས་ཅད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བསོད་ནམས་དེ་ཐམས་ཅད་ནི་ཆེན་པོ་ཡང་ཡིན་ལ་མཐོན་པོ་ཡང ་ཡིན་པས་ན། བསོད་ནམས་ཐམས་ཅད་ཆེར་མཐོ་བ་སྟེ། བསོད་ནམས་མ་ལུས་པར་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ།། གཟི་ཅན་རྣམས་ཀྱིས་བདེ་མཆོག་ཕྱིར་ཞེས་བྱ་བ་ནི། ཆོས་བདག་མེད་པའི་ཡེ་ཤེས་ཀྱི་སྣང་བས་བག་ཆགས་དང ་བཅས་པའི་ཉོན་མོངས་པའི་བུད་ཤིང་ངེས་པར་སྲེག་པས་ན་གཟི་ཅན་ཏེ། གཟི་མདངས་ཀྱི་འབྱོར་བའི་བྱང་ཆུབ་སེམས་དཔའ་རྣམ་སོ།། གཟི་ཅན་དེ་རྣམས་ཀྱི་རང་གི་ངང་གིས་རྣམ་པར་རྟོག་པ་མེད་པར་བྱུང་བ་སེམས་དང་སེམས ་ལས་བྱུང་བ་ནི་བདེ་བ་ཡིན་ཏེ། དེའི་དོན་དུ་གདུལ་བྱ་རྣམས་ཀྱི་ཐར་པ་ཆེན་པོ་བསྒྲུབ་པའི་ཕྱིར་ཞེས་བྱ་བོའི་ཐ་ཚིག་གོ།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར་ཞེས་བྱ་བ་དེ་རྣམས་ཀྱི་ནི་ཨ་ནུ་རཱ་གཱ་ཡ་མི་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། ་རྗེས་སུ་ཆགས་པ་བསྒོམ་པ་སྟེ། ཐབས་དང་ཤེས་རབ་ཀྱི་ངོ་བོ་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ཆེན་པོ་ཡང་དང་ཡང་མངོན་དུ་བྱའོ་ཞེས་བྱ་བ་འདི་ནི་རྗེསུ་ཆགས་པར་བྱའོ།། ཞེས་བྱ་བ ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པར་སྟོན་པའི་ཐ་ཚིག་སྟེ། དེ་ལྟ་བུའི་རྣམ་པར་ཞེས་བྱ་བའི་ཐ་ཚི་གྲོ། ཅི་བཞིན་ཞེས་བྱ་བ་ནི་ཅི་ནུས་པ་སྟེ། རང་གི་ནུས་པས་སམ་སྔོན་གྱི་འཕེན་ཤུགས་ཀྱིས་ཞེས་བྱ་བའི་ཐ་ཚི་གྲོ། ཡེ་ཤེས་རབ་འཇུག་ཅེས་བྱ ་བ་ནི་ལྷག་བློའི་རྣལ་འབྱོར་ནི་ངེས་པ་དེ་ནི་ཡེ་ཤེས་ཏེ། དེའི་རབ་ཏུ་འཇུག་པ་ནི་གཽསང་བའི་དཀྱིལ་འཁོར་བསྐྱེད་དེ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱེ་བའོ།། དེ་ནས་ཨ་ནུ་རཱ་ག་ཡ་མི་ཞེས། ཇི་བཞིན་ཡེ་ཤེས་རབ་འཇུག་པས ་ཞེས་བྱ་བ་ནི་འངས་འདུལ་བ་རྣམས་ལ་ཐུན་མོང་དུ་བྱ་བའི་ཕྱིར་རོ།། ཉེ་བའི་སྙིང་པོ་དང་བཅས་སྙིང་པོ་ཞེས་བྱ་བ་ནི། ཉེ་བའི་སྙིང་པོ་དང་བཅས་པའི་སྙིང་པོ་ནི་ཡི་གེ་ཧཱུཾ་ངོ་།། དེ་ཉིད་ནི་དང་པོ་སྟེ་ཐོག་མ་མེད་པའི་ཚུལ་གྱིས་བསྐལ་པ་བཟང ་བོ་ལོ་སོགས་པའི་ཐོག་མར་རྒྱུན་མི་འཆད་པར་བཞུགས་ཤིང་མཐའ་མེད་པས་ན་དང་པོའོ།། བསྐལ་ཐོག་སོ་ཞེས་བྱ་བ་ནི་བསྐལ་པ་ནི་བཟང་པོ་ལ་སོགས་པའི་ཐོག་མ་མེད་དེ། དང་པོར་བཅོམ་ལྡན་འདས་གསུངས་ཞེས་བྱ་བ་ལ་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་ཤིང་བཀའ་སྩལ་པ་སྟེ། ཨ་ནུ་རཱ་ག་ཡ་ཧཱུཾ་ཞེས་བྱ་བ་ཉེ་བའི་སྙིང་པོ་དང་བཙོས་པའི་སྙིང་པོ་གསུངསོ་ཞེས་བྱ་བའི་ཐ་ཚི་གོ།། འདུས་པར་འགྱུར་ཞེས་བྱ་བ་ནི་གཅིག་ཏུ་ཚོགས་པར་མཛད་པའོ།། ་ཕྱུང་ཞེས་བྱ་བ་ནི་བསྐྱེད་པར་གྱུར་པ་སྟེ། ཕྱོགས་བཅུ་ཐམས་ཅད་དུ་འགྲོ་བ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། འདི་སྐད་སྟོན་པ་ཡིན་ཏེ་སྔོན་གྱི་སངས་རྒྱས་ཀྱི་ཞིང་འདི་ཆགས་པའི ་གོང་ན་ན་མཁར་གྱུར་པ་ན་མཁའི་ཕྱོགས་དེར། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ན་མཁའ་ཐམས་ཅད་ལ་གནས་པའི་རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་ན་སྣ་ཚོགས་པདྨ་ལ་རྡོ་རྗེ་ལྷ་མོའི་ཚོགས་དང ་བཅས་པ་བཞུགས་ཏེ། ཨ་ནུ་རཱ་གྲ་ཡ་མི་ཧཱུཾ་ཞེས་གསུངས་པར་གྱུར་པ་ཡིན་ནོ།། དེ་ནས་འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་འདུས་པར་མཛད་ནས་གཤེགས་ཏེ། བྱོན་ནས་སངས་རྒྱས་ཀྱི ་ཞིང་འདིའི་སེམས་ཅན་གྱི་འཇིག་རྟེན་དང་བཅས་པར་བསྐྱེད་པར་མཛད་པ་ཡིན་ནོ།། ཕྱུང་ཞིང་འགྲོ་བ་ཐམས་ཅད་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་ཏེ། རྒྱུ་བ་དང་མི་རྒྱུ་བའི་རང་བཞིན་ཅན་བསྐྱེད་ཅིང་བྱུང་བར་གྱུར་ཏོ།། གཙོ་བོས་དངོས་གྲུབ ་དྲིས་འགྱུར་བ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དེ་བསྐྱེད་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཇི་ལྟར་གྲུབ་པར་འགྱུར་ཞེ་ན། བཅོམ་ལྡན་འདས་རྗེ་རྗེ་སེམས་དཔའ་ལ་དྲིས་པ་ཡིན་ནོ།། ཇི་ལྟར་སྐད་ཅིག་གིས་འགྲོ་གྲུབ།། སེམས ་དཔའ་ཆེན་པོ་མྱུར་དུ་སྨོས་ཞེས་བྱ་བ་ནི་ཇི་ལྟར་འགྲོ་བ་སེམས་ཅན་གྱི་ཁམས་འདི་རྣམས་སྐད་ཅིག་གིས་ཞེས་བྱ་བ་བསྐྱེད་པའི་རྗེས་ཐིགས་ཉིད་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཇི་ལྟར་འགྱུར་ཞེ་ན། མྱུར་དུ་གྲུབ་པ་དེ་ལྟ ་བུས་སེམས་ཅན་ཆེན་པོ་མྱུར་དུ་སྨོས་ཤིག། ཅེས་གཙོ་བོས་དཔལ་རྡོ་རྗེ་སེམས་དཔའ་ལ་དྲིས་པ་ཡིན་ནོ་ཞེས་བྱ་བའི་ཐེ་ཚིག་གོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། དེ་ནས་དྲིས་པའི་རྗེས་ཐོགས་ཉིད་ལ། བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་དང་པོའི་དཀྱིལ་འཁོར་དེ་གསང་བའི་དཀྱིལ་འཁོར་དང་པོར་སེམས་ཅན་ཐམས་ཅད་གཞུག་པས། བྱིན་གྱིས་བརླབས་ནས་རྒྱ་ཆེ་བའི་ཚུལ་ཅན་གྱིས། སེམས་ཅན་ཐམས་ཅད་ལ་སོ་སོར་སྣང་བ་བསྐྱེད་པའི་ཕྱིར། ་གསང་བའི་དཀྱིལ་འཁོར་དེ་བསྟན་པར་མཛད་པ་ཡིན་ནོ།། དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཀུནྡ་མཆོག་དམ་ཚིག་ནི་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཀུནྡ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་བསྡུས་པ་གཉིས་སུ་མེད་པའི་སེམྦ་ཛ། ་དང་སེམས་ལས་བྱུང་བའོ།། དེ་རྣམས་ཀྱི་དམ་ཚིག་གི་དཀྱིལ་འཁོར་དེའོ།། ། དེ་ནས་བསྒྲུབ་པ་ནི་རྡོ་རྗེ་འཛིན་པ་ཉིད་ལ་སོགས་པ་བསྐྱེད་པ་ནི་གྲུབ་པའོ།། ཆོ་ག་ཇི་ལྟ་བ་ནི། ཇི་ལྟར་སློབ་མ་འཇུག་པའི་ཆོ་གས་འདིར་སློབ་མ་བསྒྲུབ། ་བ་དེ་བཞིན་དུ་དེ་རྣམས་ཀྱང་རིང་པོར་མི་ཐོགས་པར་སྣོད་དུ་རུང་བར་བསྒྲུབ་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་རིང་པོར་མི་ཐོགས་པར་སྣོད་དུ་བྱས་པའི་སེམས་ཅན་རྣམས་ལྔ་རྡོ་རྗེ་སེམས་དཔའ་ཉིད་ལ ་སོགས་པ་དངོས་གྲུབ་ཀྱི་མཆོག་བསྒྲུབས་པར་འགྱུར་བ་ན། དེའི་རྗེས་ཐོགས་ཉིད་ལ་སྐྱེས་ཤིང་བྱུང་བའོ།། དེ་ཕན་ཆད་ཅེས་བྱ་བ་ནི་སེམས་ཅན་ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ།། ཇི་བཞིན་ལས་ཀྱི་རྗེས་སུ་ཞེས ་བྱ་བ་ནི་སེམས་ཅན་གང་དེ་དག་གི་ལ་ས་དཀར་པོ་འམ་ནག་པོ་འམ། འདྲེས་མ་ཇི་ལྟར་བྱས་པ་དེ་བཞིན་དུ་ལས་ངེས་བདེ་འགྲོ་ལ་སོགས་པར་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བས་ན། ཇི་བཞིན་ལས་ཀྱི་རྫསུ་འགྲོ་སྟེ། ་རང་གི་ལས་དང་ཉོན་མོངས་པའི་དབང་ལས་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་གོ།། རྟག་པར་སྡིག་ཀུན་ཀུན་ཏུ་སྤྱོད་ཅེས་བྱ་བ་ནི། རྟག་ཏུ་ཞེས་བྱ་བ་ནི་ཉིན་རེའོ།། སྡིག་པ་ཀུན་ནི་སྲོག་གཅོད་པ་ལ་སོགས་པའོ།། ཀུན་ཏུ་སྤྱོད ་པ་ནི་བྱེད་པ་དེ། དེས་ན་རྟག་པར་སྡིག་ཀུན་ཀུན་ཏུ་སྤྱོད་ཅེས་བྱ་བ་སྟེ། འདིས་ནི་སེམས་ཅན་སྡིག་པ་ཅན་མི་དགེ་བ་ཀུན་ཏུ་སྤྱོང་པོ་ཡིན་ནོ།། ངན་ཞེན་ནི་དངོསྡེ་པོ་ངན་པ་ལ་ཆགས་ཤིང་ཞེན་པ་སྟེ་དེ་ཉིད་དུ་མཐའ་གཏུགས་པ་ཞེས་བྱ་བོའི ་ཐ་ཚིག་གོ།། འདིས་ནི་སེམས་ཅན་གྱི་ཚོགས་གཉིས་པ་གསུངས་པ་ཡིན་ནོ།། ལེ་ལོ་བྱས་པ་ནི་དགེ་བའི་ལས་ལ་མི་འཇུག་པོ་དང་། མི་དགེ་བའི་ལས་ལ་མི་འཇུག་པ་དང་། ནོར་བསགས་པ་ལ་ཡང་མི་འཇུག་པ་གང་ཡིན་པ་དེ་ནི་ཅི་ཡང ་མི་བྱེད་པས་ན། དྲི་ནི་འདིར་ལེ་ལོ་ཅན་ཞེས་བྱ་བའོ།། འདིས་ནི་སེམས་ཅན་གྱི་ཚོགས་གསུམ་པ་གསུངས་པ་ཡིན་ནོ།། ད་ནི་ཞེས་པ་ནི་ད་ལྟར་ཏེ། བཤང་མ་ཐག་པའི་སེམས་ཅན་གྱི་ཚོགས་གསུམ་པ་ནི། སེམས་ཅན་གྱི་ཁམས་ལ ་གཟིགས་པའི་འཇིག་རྟེན་གྱི་མགོན་པོ་དེ་བོཞིན་གཤེགས་པས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་ལ་དྲིས་པར་གྱུར་པ་སྟེ། འདྲི་བ་མཛད་པའོ།། ཇི་ལྟར་ཞེ་ན། བཅོམ་ལྡན་འདས་འོ་ན་ཇི་ལྟར་ན་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ་བཅོམ་ལྡན་འདས་ནི་རྡོ་རྗེ་འཆང་ཆེན་པོ་ཇི་ལྟར་ཞེས་བྱ་བ་ནི་མི་བཟོད་པའོ།། ན་ཞེས་བྱ་བའི་སྒྲ་ནི་རྟོག་པའོ།། འབྱིན་པ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་བསྐྱེད་པའོ།། དགེ་བ་ཐམས་ཅད་ཀུན་ཏུ་བསྐྱེད་ཅེས་བྱ་བ་ནི། དགེ་བ ་ནི་བསོད་ནམ་སོ།། ཐམས་ཅད་ནི་མ་ལུས་པའོ།། ཀུན་ཏུ་བསྐྱེད་པ་ནི་བསྐྱེད་པར་གྱུར་པའོ།། འདི་སྐད་སྟོན་པ་ཡིན་ཏེ་གལ་ཏེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཐམས་ཅད་བསྐྱེད་པར་མཛད་ན། བསོད་ནམས་ཐམས་ཅད་བསྐྱེད་པར ་གྱུར་ན། དེའི་ཡོངས་སུ་དག་པ་ཉིད་ཀྱིས་སེམས་ཅན་དག་པར་གྱུར་ན། དེ་ལྟ་བུར་ནི་མི་སྣང་ངོ་།། དེ་བས་ན་ཅི་ཞིག་དུ་ངེས་ཤེ་ན་སེམས་ཅན་གྱི་ཕུང་པོ་ཉེ་བར་ངེས་པས་ན་བཅོམ་ལྗོན་འདས་ནི་བསྐྱེད་པ་མ་ཡིན་ནོ།། དེ་རྣམས་ཀྱི་ནི་ཚིག ་གསན་ནས་ཞེས་བྱ་བཱ་ནི་དྱ་རྣམས་ཀྱི་དྲིས་པའི་ཚིག་གསན་ནས་སོ།། ཚིག་ནི་འདི་སྐད་དུ་གསུངས་པ་ཡིནྡ་ཞེས་བྱ་བ་ནི་གསུངས་པར་འགྱུར་བའོ།། ཅི་ཞིག་གསུངས་ཞེ་ན། རྡོ་རྗེ་འཛིན་ཅེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་འཛིན་ནི་རྡོ་རྗེ་འཆང ་ངོ་ཌ་རྨྱ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་སྤྲུལ་པས་ན་ཀུན་བྱེད་དོ།། སྐྱེད་པར་བྱེད་པ་ཡིན་པས་ན་འབྱིན་པའོ།། ཡང་ཅི་ཞིག་གསུངས་ཤེ་ན། ལས་ཀྱི་འཆིང་བ་ལྷོད་གྱུར་པ་ཞེས་བྱ་བ་གསུངས་ཏེ། འདི་དག་མི་དགེ་བ་ལ་འཇུག་པ་ལས ་ཀྱང་དགེ་བ་ལ་འཇུག་པར་བྱེད་ལ། དགེ་བ་ལ་ཞུགས་པ་ལས་ཀྱང་མི་དགེ་བ་ལ་འཇུག་པར་འགྱུར་ལ། ལ་ལ་ནི་དགེ་བ་དང་མི་དགེ་བ་གཉིས་ཀ་ལ་འཇུག་པ་འམ། ཅི་ཡང་མི་བྱེད་པ་དག་ཀྱང་ཡོད་དོ།། དེ་བས་ན་འདི་དགྲ་ནི་འདྲེས ་མར་སྤྱོད་པ་ཡིན་གྱི། འདི་རྣམས་ཀྱི་ལས་ཀྱི་མཐའ་དགེ་བ་དང་། མི་དགེ་བའི་ཚུལ་གཅིག་ཏུ་ངེས་པར་བསྟན་པར་གྱུར་པ་ནི་མ་ཡིན་ནོ།། དེ་བས་ན་འདི་རྣམས་རྣམ་པ་གསུམ་དུ་གྱུར་པ་ལ། ད་ནི་ལུང་འབོགས་པ་ཙམ་གྱིས་ཚུལ་གྱིས ་འདི་རྣམས་ཀྱི་འབྱིན་བྱ་བོ་ཡིན་གྱི་རྣམ་པ་ཐམས་ཅང་ནས་ཐམས་ཅད་དུ་སྐྱེད་པར་བྱེད་པ་ནི་མ་ཡིན་ནོ།། གལ་ཏེ་ཐམས་ཅད་ནས་ཐམས་ཅད་དུ་སྐྱེད་པ་པ་སྦྱིན་པར་གྱུར་ན་ན། དེའི་ཚེ་ཐམས་ཅུང་བདེ་བ་ཉིད ་དུ་འགྱུར་བ་ཡིན་ནོ།། དེའི་ཚིག་དེ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། ཤིན་ཏུ་ཆགས་པ་རྣམ་དག་ཕྱིར་ཞེས་བྱ་བ་ནི། ལྷག་པར་ཆགས་པས་ན་ཤིན་ཏུ་ཆགས་པ་སྟེ། ཆོས་བདག་མེད་པའི་འདོད་ཆགས་དང་། དམིགས་པ་མེད ་པའི་ཐུགས་རྗེ་ཆེན་པོ་དང་། དེའི་རྒྱུ་མཐུན་པ་ལས་བྱུང་བའི་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་རྣམ་པར་དག་པའི་གསང་བའི་གཟུགས་བརྙན་དང་འདྲ་བར་རྟོགས་པའོ།། ཡང་ན་ཆོས་བདག་མེད་པ་དངོས་པོ ་མེད་པའི་ངོ་བོ་ཉིད་རྟོགས་པར་བྱེད་པའི་གདུལ་བྱ་རྣམས་ཏེ་དེའི་དོན་ཏོ།། ཀུན་མཆོག་ཆོ་ག་རྒྱས་པ་ནི་ཞེས་བྱ་བ་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གསང་བའི་དཀྱིལ་འཁོར་བསྒྲུབ་པའི་རྒྱུན་ཏེ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པའི ་ཆོ་ག་རྒྱས་པ་དེ་བཀའ་སྩོལ་ཅིག་ཅེས་གསོལ་པོ་བཏབ་བོ།། འདི་སྐད་སྟོན་པ་ཡིན་ཏེ། གལ་ཏ་ལས་ཀྱི་བཅིང་བ་ལྗོང་པས་འགྲོ་བའི་ཚོགས་རྣམ་པ་གསུམ་སྐྱེ་བར་འགྱུར་ལ། འཆིང་བ་དམ་པ་ནི་ཚུལ་གཅིག་པ་ཉིད་དུ་འགྱུར ་བ་དེ་བས་ན་ཤིན་ཏུ་འགྱུར་བ་དེ་བས་ན་ཤིན་ཏུ་ཆགས་པ་ཉིད་ཐོབ་པར་བྱ་བའི་ཕྱིར་གསང་བའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པར་བཤད་པ་གང་གིས་སེམས་ཅན་དེ་རྣམས་ཤིན་ཏུ་ཆགས་པ་རྣམ་པར་དག་པ་ཐོབ་པར་བྱེད ་པས་བསམ་པ་ཤིན་ཏུ་བརྟན་པའི་ལས་ཀྱི་ཕྱིར་མི་ལྡོག་པའི་གོ་འཕྱང་རྟོགས་པ་ཉིད་དུ་གྱུར་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་སྟོན་པར་བྱེད་པའི་ཚིག་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆུང་བ་ལྔ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏུབ་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་བཀའ་སྩོལ་པ་ཡིན་ནོ།། དངོས་གྲུབ་ཐམས་ཅད་གསོལ་བ་ནི་གསང་བའི་དཀྱིལ་འཁོར་གྱི ་དངོས་གྲུབ་ཐམས་ཅད་སྩོལ་བའོ།། བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དང་པོའི་རྟོག་པ་ཐམས་ཅད་ཅེས་བྱ་བ་ནི་བདེ་བ་ཆེན་པོའི་བདེ་བ་ཉིད་ནི་བདེ་བ་ཆེན་པོ་སྟེ། ངོའི་རྡོ་རྗེ་གསང་བ་ཡིན་པས་ན་བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཡིན་ནོ།། ་དེ་ཉིད་དང་པོ་སྟེ། བསྐུལ་པ་བཟང་པོ་ལ་སོགས་པའི་ཐོག་མ་ཉིད་དུ་གནས་པས་ནུ་བདེ་བ་ཆེན་པོའི་རྡོ་རྗེ་གསང་བྱ་དང་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་རོ།། གཉིས་སུ་མེད་པའི་ཡེ་ཤེས ་ལྔས་བྱུང་བས་ན་མཆོག་དམ་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་གསང་བས་གསུངསོ།། དངོས་གྲུབ་ཐམས་ཅད་གསོལ་བ་འབའ་ཞིག་ཏུ་མི་ཟད་ཀྱི། རྟོག་པ་ཀུན་གྱིས་བདེ་བ་ཆེ།། རྡོ་རྗེ་གསང་བས་བཀའ་སྩལ་ཏོ།། ཞེས་བྱ་བ་སྟེ། ་ཡི་གེ་ཧཱུ~ཾ་གི་རང་བཞིན་ཅན་གྱིས་རྟོག་པ་ཐམས་ཅད་གསུངསོ་ཞེས་བྱ་བར་སྦྱར་རོ།། རང་བཞིན་ཇི་ལྟ་བ་བཞིན་དུ་དཔའ་བོ་ཞེས་བྱ་བ་གསུངས་ཏེ། གདུལ་བྱ་སྐྱེ་བོ་རྣམས་ཀྱིས་དོན་བསྐྱེད་པར་བྱ་བའི་ཕྱིར། སྩོལ་བཞིན་པའི་ཚུལ ་ཀྱིས་འཇིག་པ་མེད་པར་རྟག་ཏུ་བཞུགས་པའི་ཕྱིར། ཡི་གེ་ཧཱུཾ་གི་སྙིང་པོ་ནི་དཔའ་བོའོ།། དེ་ལྟ་བུའི་སྙིང་པོ་དཔའ་བོ་དེའི་རྟོག་པ་འདི་ཡད་ཛཱི་ལྟ་བུ་གཞན་ཡིན་ཞེ་ན། དཀྱིལ་འཁོར་ལྟ་སོགས་པ་ཆོ་ག་ཞེས་བྱ་བ་གསུངས།། ་ཆོ་ག་ཆེན་པོ་དེ་ཉིད་རྣམ་པར་དབྱེ་བ་ནི་སྣ་ཚོགས་བྱ་བ་ལ་སོགས་པོ་སྨོས་པ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས་ན་སྣ་ཚོག་སོ།། འཇིག་རྟེན་ལས་འདས་པའི་སྦྱོར་བ་ནི་རྒྱུད་ཕྱི་མ་སྟེ། དེ་དང་ལྷན་ཅིག་གནས་པས ་ན་ཕྱི་མའི་རྒྱུད་དང་བཅས་པ་ཅེས་བྱ་བ་ཡིན་ནོ།། དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད་ཅེས་བྱ་བ་ནི། སེམས་ཅན་རྣམས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་བསྐྱེད་ཅིང་རྫོགས་པར་བྱེད་པས་ན་དངོས་གྲུབ ་བྱེད་ཅེསོ།། དེ་ཉིད་ཅིའི་ཕྱིར། རྡོ་རྗེ་འཆང་བའི་སྙིང་པོའི་རྟོག་པ་གསུང་བར་མཛད་ཅེ་ན། འཇིག་རྟེན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ཀྱང་ཡིན་ལ། འཇིག་རྟེན་ཡང་ཡིན་པས་ན་འཇིག་རྟེན་ཐམས་ཅད་དེ། སེམས ་ཅན་གྱི་འཇིག་རྟེན་ནོ།། དེའི་ཁམས་ཆེན་པོ་ནི་སྣོད་ཀྱི་འཇིག་རྟེན་ཏེ། ཕྱོགས་བཅུ་ན་སངས་རྒྱས་བཞུགས་པ་དང་། སངས་རྒྱས་མི་བཞུགས་པའི་ཞིང་ཁམ་སོ།། དེའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་དང་མཉམ་པའི་སེམས་ཅན་རྣམས་ཞེས ་བྱ་བ་ཡི་གེ་ཧཱུཾ་གི་རང་བཞིན་ན་མཁའ་དང་མཉམ་པས་ཆེ་བས། སངས་རྒྱས་ཉིད་དུ་གྲུབ་པ་ལ་སོགས་པས་བདེ་བ་དམ་པ་ཉིད་དུ་འགྱུར་རོ་ཞེས་ཏེ། བདེ་བ་ཡང་ཡིན་ལ་དམ་པ་ཡང་ཡིན་པས་ན་དམ་པ་ཉིད་བདེ་བ་དམ་པ་སྟེ། ་སངས་རྒྱས་པའི་བདེ་བ་ཆེན་པོ་ཐམས་ཅད་དོ།། དེའི་ངོ་བོར་གྱུར་པས་ནི་བདེ་བ་དམ་པ་ཉིད་དོ།། གྱུར་པ་ནི་ཐོབ་པའོ་ཞེས་ངེས་པར་བྱས་པའོ།། འདི་སྐད་སྟོན་པ་ཡིན་ཏེ་སྙིང་པོ་འདིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ ་པའི་སེམས་ཅན་རྣམས་སངས་རྒྱས་ཉིད་ལ་སོགས་བྱའི་དངོས་གྲུབ་ཀྱི་བསྐལ་པ་བཟང་པོ་ལ་སོགས་པའི་དྲང་པོར་གྲུབ་པ་ཡིན་ཏེ། དེ་བས་ན་སྙིང་པོ་འདི་ནི་དངོས་གྲུབ་ཀྱི་དམ་པ་བསྐྱེད་པ་ཡིན་ནོ་ཞེས་ངེས་པ་བསྐྱེད་ནས། བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པས་གསོལ་བ་བཏབ་པའི་ཚིག་གསན་ནས་རྟོག་པ་གསུངས་པ་ཡིན་ཏེ། འཇིག་རྟེན་ཐམས་ཅད་སངས་རྒྱས་ཉིད་གྲུབ་པར་བྱ་བའི་ཕྱིར་རོ།། དེ་ལྟར་བདེ་བ་ཆེན་པོ་རབ་གྲུབ་ཕྱིར་ཞེས་བྱ་བ་ནས ་བརྩམས་ཏེ། བདེ་བ་དམ་པ་ཉིད་དུ་འགྱུར་ཞེས་བྱ་བའི་བར་གྱི་བཤད་པས་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་ཡིན་པར་ཤེས་པར་བྱའོ།། ་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་། བསྒོམ་པ་བྱའོ་ཞེས་དོན་བསྟན་པར་བྱ་བའི་ཕྱིར་དེ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཞེས་བྱ་བ་ལ་སྩོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ ་འཇུག་པ་ལ་སོགས་པའི་ཆོ་ག་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ།། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པོ་དང་། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བསྐལ་པ་བཟ ་བཽ་ལྔ་སོགས་པའི་ཐོག་མར་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཉིད་དུ་གྲུབ་པར་སྩོལ་བའི་རྟོག་པ་གསུངས་པའི་རྗེས་ཐོགས་ཉིད་ལའོ།། བདེ་བར་གཤེགས་པ་དེ་རྣམས་ཞེས་བྱ་བ་ནི་གོ་སླའོ།། དང་བྱོའི་དཀྱིལ ་འཁོར་བར་གྲུབ་སྩོལ་ཞེས་བྱ་བ་ནི་དང་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་དཀྱིལ་འཁོར་གྱི་དངོས་གྲུབ་གསོལ་བས་ན་དངོས་གྲུབ་སྟེ། དཀྱིལ་འཁོར་གྱི་དངོས་གྲུབ་གསོལ་བ་ལ་དེ་བཞིན་གཤེགས་པས་གསོལ་བ ་བཏབ་པ་ཡིན་ནོ།། ཅི་ཆགས་པ་དང་བྲལ་བའི་གདུལ་བྱ་རྣམས་ཀྱི་ཕྱིར་ཆགས་པ་མེད་པར་བསྟེན་པར་བྱ་བ་འམ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་ཆགས་པ་དང་བྲལ་བའོ།། ཉན་ཐོས་དང་། རང ་སངས་རྒྱས་ཀྱི་བྱང་ཆུབ་འདིར་འདུལ་ཞིང་རབ་ཏུ་འཛེགྲོ་བས་ན་ངོའི་གདུལ་བྱའོ།། ཅི་ཆགས་པ་དང་བྲལ་བ་འདུལ་བ་གོང་ཡིན་པ་དེ་ལ་ཆགས་པ་དང་བྲལ་བས་འདུལ་ཞིང་དོན་དུ་གཉེར་བ་དེའི་ཆེད་དུ་ཆགས་པ་མེད་པར་སོ་སོ་ཐར ་པའི་སྡོམ་པ་བསྟན་པར་བྱ་བའི་ཕྱིར། སྤྲུལ་པའི་སྐུ་ངེས་འདུལ་བ་རྣམས་ཀྱི་ཕྱིར། བསླབ་པ་དང་བཅས་པར་བྱ་བ་འམ་ཞེས་པ་སྟེ། མདོ་སྡེའི་ཚུལ་བསྟན་པར་བྱ་བ་འམ་ཞེས་བྱ་བའི་ཐ་ཚིག་གོ།། འདོད་ཆགས་ཐམས་ཅད་ཅེས་བྱ་བ་ལ ་སོགས་པ་ལ། འདིད་ཆགས་ཀྱང་ཡོན་ལ་ཐམས་ཅད་ཀྱང་ཡིན་པས་ན་འདོད་ཆགས་ཐམས་ཅད་དེ་རིགས་ལྔའི་ལྷ་རྣམས་བསྒོམས་པས་འདུལ་བ་རྣམས་སོ།། ངོར་རྣམ་པར་དག་པོ་ནི་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བ་ཉིད ་ཀྱི་རིགས་ལྔར་རྟོགས་པའོ།། དེའི་དོན་དུ་རྡོ་རྗེ་འཆང་ཆེན་པོས་གསུངས་ཤིག་ཅེས། དེ་བཞིན་གཤེགས་པས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ཀྱི་ཐུགས་ཀྱི་བྱ་བ་གསོལ་བ་བཏབ་པ་ཡིན་ནོ།། དེ་ལ་ཉིད་ཀྱི་ཐུགས་ཀྱི་བྱ་བ་ནི། ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་གསང་བའི་དཀྱིལ་འཁོར་གྱི་དོན་གྱི་ཚུལ་གྱིས་དོན་མཛད་པའོ།། དེ་ནས་བཅོམ་ལྡན་འདས་དཀྱིལ་འཁོར་བརྟན་པར་མཛད་དོ་ཞེས་བྱ་བར་སྦྱར་རོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་གསོལ་པ་བཏབ་པའི་ཚིག་གི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྡོ་རྗེ་གླུ་གསུངསོ་ཞེས་བྱ་བ་སྟེ། རྡོ་རྗེ་གླུ་ལེན་ཅིང་དཀྱིལ་འཁོར་ཏེ། གསང་བའི་དཀྱིལ་འཁོར་བརྟག་པར ་མཛད་པ་ནཱི་ཡོངས་སུ་བརྟག་པར་མཛད་པ་སྟེ། དཀྱིལ་ལ་འཁོར་བྲི་བའི་ཆོ་ག་གསུངས་པའོ་ཞེས་བྱ་བའི་ཐ་ཚིག།། ད་ནི་རྡོ་རྗེ་གླུ་སྟེ། རྗེ་སུ་ཆགས་པྲ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རྗེ་སུ་ཆགས་པ་ཡང་ཡིན་ལ་ཐམས ་ཅད་ཀྱང་ཡིན་པ་སུ་ན་རྗེས་སུ་ཆགས་པ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྔགས་བསྒྲུབ་པའི་སྦྱོར་བའོ།། དེས་བསྐྱེད་པའི་བདེ་བ་ནི་རྗེ་སུ་ཆགས་པ་ཐམས་ཅད་ཀྱི་བསྐྱེད་པའི་བདེ་བའོ།། དེས་ཡིད་མཆོག་ཏུ ་བདེ་བར་གྱུར་པ་ནི་རྗེ་སུ་ཆགས་པ་ཐམས་ཅད་ཀྱི་བདེ་བ་དམ་པའི་ཡིད་དོ།། དེ་རྣམས་འབྱུང་བའི་རྒྱུ་ནི་ཁྱེད་གཉིས་ཡིན་པས་ན་བསྐྱེད་པའི་རྒྱུའོ།། ཇི་ལྟར་ཞེ་ན། རབ་དགའ་བ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ཁྱེད་ནི ་རབ་ཏུ་དགའ་བ་ཡིན་ཞིང་འགྲོ་བ་སྟེ། སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་བརྟན་ཞིང་མཐོ་བར་བྱེད་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོ་སྟེ། གཉིསུ་མེད་པའི་ཡེ་ཤེས་ཀྱི་བརྟན་པ་ནི་རྡོ་རྗེ་ལྟར་མི་བྱེད་པའོ།། དེ་མཛད ་བས་ན་བརྟན་ཞིང་མཐོ་བ་མཛད་པའོ།། བདག་ཀྱང་དེར་མཛོད་ཅེས་བྱ་བ་ནི་ཇི་ལྟར་ཁྱེད་ནི་རྣམས་ཀྱི་བརྟན་ཞིང་མཐོ་བར་མཛད་པ་དེ་བཞིན་དུ་བདག་ཀྱང་བརྟུརྟན་ཞིང་མཐོ་བྱར་མཛད་པ་དེ་བཞིན་དུ་མཛོད་ཅིག་པའོ།། རྡོ་རྗེ་སེམས་དཔའ ་གསང་བའི་དཀྱིལ་འཁོར་ལ་རིངས་ཤིང་མྱུར་བཱ་ར་གྲུབ་པའི་ཉིད་དུ་ཕྱོགས་ཤིང་མངོན་དུ་གྱུར་པར་མཛོད་ཅིག་ཅེས་པ་སྟེ། སློབ་དཔོན་དེ་ལྟ་བུ་གླུ་ལེན་ཅིང་རྟག་པས་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་བྲི་བར་བྱའོ་ཞེས ་བྱ་བའི་ཐ་ཚིག་གོ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནཱི།། དང་པོའི་དཀྱིལ་འཁོར་བསྟན་པར་བྱ་ཞེས་བྱ་བཱ་ནི། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ལྟར། དཀྱིལ་འཁོར་འདི་ཐམས་ཅད་བྲི་བར་བྱའོ།། ཕྱག་ན་རྡོ ་རྗེའི་ཐམས་ཅད་དུ། རྡོ་རྗེ་ལྷ་མོ་ལ་སོགས་ཞེས་བྱ་བ་ནི། འདིར་ཁྱད་པར་ནི་འདི་ཡིན་ཏེ། ཐམས་ཅད་དཀྱིལ་འཁོར་ཆེན་པོ་དང་འདྲ་བར་ལས་འདིར་རྡོ་རྗེ་ཡིད་ལས་བྱུང་བ་ནས། རྡོ་རྗེ་འབེབས་པའི་བར་དུ་ཐམས་ཅད་བུད་མེད་ཀྱི་ཆ ་ལུགས་འཛིན་པར་བྱའོ།། དེ་ལྟར་རྡོ་རྗེ་གྲུ་ལེན་ཅིང་དཀྱིལ་འཁོར་བྲིས་ནས་དཀྱིལ་འཁོར་བྲི་བར་བྱའོ།། ཇི་ལྟར་ཞེ་ན། ཆོ་ག་གཞན་དུ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྔར་བཤད་པའི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་བྱས་ལ། ་རང་གི་སྙིང་པོས་ལྷ་རྣམས་དགོད་པར་བྱའོ་དེ་ལ་སྙིང་པོ་ནི་འདི་དག་ཡིན་ཏེ། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱིའོ།། ཧཱུཾ་བཛྲ་དྲྀཥྚ་ས་མ་ཀཱི་མ་ཊ། ཧཱུཾ་བཛྲ་ཀཱི་ལི་ཀི་ལཱ་ཧཱུཾ། ཧཱུཾ་སྨཱ་ར་ཊ་བཛྲ་ཎི་བནྡྷ། ཧཱུཾ་དུ་ཤུ་བཛྲ་ཎི་ཧཱུཾ་ཞེས་བྱ། ་བ་ནཱི། རྡོ་རྗེ་ཡིང་ལས་བྱུང་བ་ལ་སོགས་པའིའོ།། རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་དང་། རྡོ་རྗེ་སྦྲང་རྩི་མ་ལ་སོགས་པའི་སྙིང་པོ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཡིན་ནོ།། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ནི་དེ་བཞིན་གཤེགས ་པའི་དཀྱིལ་འཁོར་ལས་གསུངས་པའི་སྙིང་པོ་རྣམས་ཡིན་པར་ཤེས་པར་བྱའོ།། དེ་ནས་སྒོ་དབྱེ་བ་བྱས་ལ་མཆོད་ཡོན་དབུལ་བར་བྱའོ།། དེ་ནས་བུམ་པ་ལ་སོགས་པས་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཆོད་ལ། དཀྱིལ ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་དུ་བདག་ཉིད་བརྒྱན་ལ། སྔོན་དུ་སྤྱོད་པ་བྱས་ཤིང་སེམས་རྩེ་གཅིག་ཐོབ་པའི་རྡོ་རྗེ་བསྙེམས་མའི་ལྷ་མོ་སྦྱོར་བ་དང་ལྡན་པའི་གཟུངས་མ་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་ཐོགས་པ་དང ་བཅས་པས་བསྙེམས་པ་བྱས་ཤིང་ལག་པ་གཡོན་པ་ན་དང་པོའི་རྡོ་རྗེ་ཐོགས་པ་བླངས་ལྔ་འཛིན་པའི་ཚུལ་གྱིས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་པ་མཆོག་གི་ཕྱག་རྒྱས་བདག་ཉིད་འཇུག་པར་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས ་དཔའི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་དྲིལ་བུ་དང་བཅས་པ་བཅིངས་ལ་ལག་པ་གཡས་པས་ཇི་སྐད་དུ་བཤད་པའི་གཟུངས་བླངས་ནས་གཟུང་བའི་ཚུལ་གྱི་བཛྲ་བཛྲ་ཞེས་བྱ་བ་དང་། སྔར་བཤད་པའི་ཚུལ་གྱིས་རྡོ་རྗེའི་གླུ་ཟློས་ཤིང་དེ ་བཞིན་དུ་སློབ་དཔོན་བདག་ཉིད་འཇུག་པར་བྱའོ།། ཞུགས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་སྐོར་བ་ལན་གསུམ་བྱས་ཏེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར་འདུག་ལ། ་ཧཱུཾ་ཞེས་བྱ་བ་ལ་སོགས་པས་དེ་ཁོ་ན་ཉིད་དང་། གསང་བ་བརྗོད་ལ་སྔར་བཤད་པའི་ཆོ་ག་ཐམས་ཅད་བྱའོ།། དེ་ལྟར་སྔར་བཤད་པའི་ཆོ་ག་རྒྱས་པར་རྫོགས་པར་བྱས་ནས། དབང་བསྐུར་བ་ཐམས་ཅད་ཀྱིས་བདག་ཉིད་ཇི་ལྟ་བ ་བཞིན་དུ། དབང་བསྐུར་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ནས་མཆོད་པ་ཐམས་ཅད་ཀྱིས་མ་ཚོང་དེ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས ་རྗེསུ་གནང་བ་དང་། ལུང་བསྟན་པ་དང་། སྙིང་པོ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་བཅོམ་ལྡན་འདས་ལ་བླངས་ནས། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ལ། རང་གི་རྡོ་རྗེ་མིང་ནས་བརྗོད་པ་ཡང་བྱས་ནས། དཀྱིལ ་འཁོར་རྡོ་རྗེས་བསྒྲུབ་པར་བྱའོ།། དེ་ནས་བསྡུ་བ་དང་། མཚན་བརྒྱ་རྩ་བརྒྱད་པས་བསྟོད་པར་བྱས་ལྔ། སྔ་མ་བཞིན་དུ་དཀྱིལ་འཁོར་ཆེན་པོ་ལས་བུ་ཤད་པའི་ཆོ་གསོ།། བཅོམ་ལྡན་འདས་འཁོར་དང་བཅས་པ་དྨ་ཀྱིལ་འཁོར་དུ ་གཞུག་པར་བྱའོ།། དེ་ནས་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་ཆོ་ག་ཐམས་ཅད་རྗེསུ་སྤྱད་ལ། རྡོ་རྗེ་སློབ་དཔོན་རབ་ཏུ་དགའ་བའི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱས་རྗེ་སུ་ཞུགས་ལ་དེ་བཞིན་དུ་དེ་ཁོ་ན་ཉིད་ཆེན་པོ་འབྱུང ་བྱས་རྗེསུ་བསྐུལ་ཏེ། རང་གི་ཆོ་ག་ཐམས་ཅད་རྗེས་སྦྱད་ལ། སྲིད་པའི་བདེ་བ་རྣམ་དག་ཕྱིར་ཞེས་བྱ་བ་ལ་སོགས་པ་སློབ་མ་གཞུག་པའི་ཕྱིར། བཀའ་མནོས་ལ་ཕྱིར་འབྱུང་བར་བྱའོ།། སློབ་དཔོན་ལས་ཀྱི་ཆོ་ག་རྫོགས ་སོ།། ། གཞུག་པར་བྱའོ་ཞེས་བྱ་བ་ནི། དཀྱིལ་འཁོར་ཆེན་པོ་ལོས་བཤད་པའི་ཆོ་ག་ཉིད་ཀྱི་རབ་ཏུ་དགའ་བའི་རྡོ་རྗེ་དམ་ཚིག་གིས་སློབ་མོ་གཞུག་པར་བྱའོ།། དེ་ནས་དེ་བཞིན་དུ་ཆོ་ག་ཐམས་ཅད་རྫོག ་པར་བྱའོ།། འདིར་རང་ཉིད་འཇུག་པས་དཀྱིལོ་འཁོར་དུ་འཇུག་པར་འགྱུར་རོ་ཞེས་བྱ་བ་ནི། ཇི་ལྟར་དཀྱིལ་འཁོར་དུ་རང་ཉིད་འཇུག་པས། དཀྱིལ་འཁོར་དུ་འཇུག་པར་འགྱུར་བ་དེ་བཞིན་དུ་འདིར་སྣང་འཇུག་པར་འགྱུར་རོ ་ཞེས་སྟོན་ཏོ།། རྡོ་རྗེ་སློབ་དཔོན་ཐམས་ཅད་ཅེས་བྱ་བ་ནི། དཀྱིལ་འཁོར་གྱི་སློབ་དཔོན། ཐམས་ཅད་དོ།། ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི། དཀྱིལ་འཁོར་གྱི་མཚན་མ་ཐམས་ཅད་ཀྱི་བདག་པོའོ།། དམ་ཚིག་ཐམས་ཅད ་ཤེས་པ་ཞེས་བྱ་བ་ནི། དམ་ཚིག་ཐམས་ཅད་ནི་དཀྱིལ་འཁོར་གྱི་དམ་ཚིག་ཐམས་ཅད་དེ། དེ་ཤེས་པས་ན་དམ་ཚིག་ཐམས་ཅད་ཤེས་པའོ།། དེ་ཡང་དམ་ཚིག་གི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་ཐ་ཚིའོ།། ཐམས་ཅད་ཚར ་གཅོད་པ་དང་། ཕན་འདོགས་པར་ནུས་པ་ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་དཀྱིལ་འཁོར་བའི་སློབ་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་ལ་ཚར་གཅོད་པ་དང་། ཕན་འདོགས་པར་ནུས་པའོ།། ཇི་ལྟར་ན ་དེ་ལྟར་འགྱུར་ཞེ་ན། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་ཀྱི་ལས་སྐད་ཅིག་གིས་བྱེད་པ་ཉིད་དུ། བཅོམ་ལྡན་འདས་ཀྱིས ་བྱིན་གྱིས་བརླབས་པ་མཛད་པ་དེར་དངོས་གྲུབ་ཐམས་ཅད་དེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པ་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡེ་ཤེས་དེ་ལས་གང་གིས། ་བྱེད་པ་སྟེ། སེམས་ཅན་གྱི་དོན་གྱི་བྱ་བ་དང་། སངས་རྒྱས་ཀྱི་མཆོད་པ་ལ་སོགས་པའི་ཚུལ་དེ་དག་ནི་དངོས་གྲུབ་ཐམས་ཅད་ནི་ཡེ་ཤེས་ཕུན་སུམ་ཚོགས་པའི་ལས་ཏཽ། དེ་བྱེད་པས་ན་དངོས་གྲུབ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པའི་ཡེ་ཤེ ་ཀྱི་ལས་བྱང་བའོ།། སྐད་ཅིག་ཉིད་ཀྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་དུས་གཞན་དུ་བྱིན་གྱིས་བརླབ་པར་མཛད་པ་མ་ཡིན་གྱི། རིགས་ལྔའི་དངོས་གྲུབ་ཀྱི་བྱ་བ་བྱེད་པར་མཛད་ངོ་ཞེས་བྱ་བའི་ཐ་ཚིག་གོ།། ཇི་ལྟར་ཞེ་ན། རང ་ཉིང་འཇུག་པ་ཉིད་ཀྱི་ཞེས་བྱ་བ་གསུངས་ཏེ། འཇུག་པྲ་ཙ་མུ་ཞེས་སྨོས་པས་ནི་དབང་བསྐུར་བ་དགའ་བ་ཡིན་ཏེ། དེས་ནི་ཤིན་ཏུ་ཡང་བྱིན་གྱིས་རློབ་པར་མཛད་དྲོ་ཞེས་སྟོན་ཏོ།། སློབ་དཔོན་མ་ཡིན་པ་ཡང་ཞེས་བྱ་བ་ནི། དཀྱིལ་འཁོར ་འདིར་མ་ཞུགས་པའོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་རྒྱུ་ཅིའི་ཕྱིར་སློབ་དཔོན་མ་ཡིན་ཞིང་དཀྱིལ་འཁོར་དུ་ན་གཞུག་པ་དག་ལ་ཡངོ་བཅོམ་ལྡན་འདས་དེ་ལྟར་བྱིན་གྱིས་རློབ་པར་མཛད་ཅེ་ན། འདི་ལྟར་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདི་ལྟརཞེས་བྱ་བ་རྣམས་འདིས་རང་ཉིད་དཀྱིལ་འཁོར་དུ་འཇུག་པར་བྱེད་པ་དང་། གང་གི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ངེས་པར་རང་གི་དམ་ཚིག་གིས་ཤེས་པ་དཀྱིལ་འཁོར་དུ་འཇུག་པའི་རང་གི་དམ ་ཚིག་གི་ཆོ་ག་འདིས་རྡོ་རྗེ་སློབ་དཔོན་དུ་གྱུར་ནས་སོ།། སློབ་དཔོན་འཇུག་པ་ནི་ཞེས་བྱ་བོ་ནི་ཞུགས་ནས་དབབོ་པ་ལ་སོགས་པའི་ཆོ་ག་ཐམས་ཅད་བྱེད་དུ་འཇུག་པའོ།། སྙིང་པོ་འདི་ཡང་བྱིན་གྱིས་བརླབས་ཀྱིས།། ཞེས་བྱ་བ་ནི་ཧཱུཾ་གི ་མཐུས་དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའོ།། རྡོ་རྗེ་སློབ་དཔོན་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་སློབ་དཔོན་དུ ་ཧཱུཾ་ཞེས་བྱ་བ་ལན་གཅིག་བཟླས་པས་ཀྱང་འགྲུབ་པའོ།། མི་གསོད་པ་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པས་ཀྱང་བཅོམ་པར་མི་ནུས་པའོ།། མི་ཚུགས་པ་ཞེས་བྱ་བ་ནི་ཟིལ་གྱིས་མནན་པར་མི་ནུས་པའོ།། ཐམས་ཅད་བྱེད་ཅེས་བྱ་བ་ནི ་སྔ་མ་བཞིན་ནོ།། ནམ་མཁའ་ལ་སྩོགས་པ་ལས་ཨ་ལ་སོགས་པའི་ཡི་གེ་ཐམས་ཅད་ནས་སྣ་ཚོགས་སྟོན་ཅིང་མངོན་པར་འདོད་པའི་དོན་གྲསལ་བར་བྱེད་པའི་ལུས་ཀྱིས་ཐམས་ཅད་མཐོང་ངོ་།། ཞེས་བྱ་བ་ནི་འདས་པ་དང་། མ ་འོངས་པ་དང་། ད་ལྟར་བྱུང་བའི་མངོན་པར་འདོད་པའི་དངོས་པོ་ཐམས་ཅད་ཡི་གེས་གསལ་བར་བྱས་ནས་མིག་གིས་མཐོང་བའོ།། ཐོས་ཞེས་བྱ་བ་ནི་རྣོ་བསོ།། རིག་ཅེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེསོ་པས་སོ།། ཤེས་ཞེས་བྱ ་བ་ནི་བསམ་པའི་རང་བཞིན་གྱིས་ཤེས་པས་ངེས་པར་འཛིན་པའོ།། དངོས་པོ་ཐམས་ཅད་ཅེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་ལ་སོགས་པའི་ཚུལ་ལོ།། དེ་བཞིན་གཤེགས་པ་ནི་རྣམ་པར་སྣང་མཛད་ལ་སོགས ་པའོ།། རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལྔ་སོགས་པའི་བྱང་ཆུབ་སེམས་དཔའ་དང་བཅས་པའམ་འདུས་པ་མཛད་ནས་གསོལ་བའོ།། ཡོངས་སུ་སྦྱང་བའི་དོན་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་དཀྱིལ་འཁོར་ཆེན ་པོ་བསྒྲུབ་པ་ནི་དབང་བསྐུར་བར་བྱེད་པ་ལྟར་ནི་མ་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཉིད་བསྒྲེབ་པར་གསོལ་བའོ།། དེ་བཞིན་གཤེགས་པོ་རྣམས་རྣམ་པར་དག་པ་དང་གདུལ་བར་བྱ་བའི་ཕྱིར་བགེགས་མཛད་བུ་དང ་སྡུག་བསྔལ་བསྐྱེད་པར་མཛད་པོ་དེ་བཞིན་དུ་གསང་བའི་དཀྱིལ་འཁོར་དུ་རང་ཉིད་ཞུགས་པ། དཀྱིལ་འཁོར་དུ་མ་ཞུགས་པའི་སློབ་དཔོན་ལ་ཡང་དེ་ལྟར་མཛད་པ་མ་ཡིན་ནོ།། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན ་གཤེགས་པ་རྣམས་དེ་ལ་བགེགས་མི་མཛད་པར་མ་ཟད་ཀྱི། བཅོམ་ལྡན་འདས་བྱེང་བ་ཆེན་པོ་རྡོ་རྗེ་འཆང་ཤིན་ཏུ་བརྟན་པའི་སེམས་རྩེ་གཅིག་པ་མངོན་དུ་འགྱུར་ཞིང་། ཤིན་ཏུ་དགྱེས་པ་ནི་སྒྲུབ་པ་པོའི་ཏིང་ངེ་འཛིན་གྱིས་ཡང་དག ་པའི་བྱང་ཆུབ་ཀྱི་ཚུལ་གྱིས་མངོན་དུ་བྱའོ།། རྗེ་སུ་ཆགས་པ་ནི་སྒྲུབ་པ་པོ་རང་གི་དངོས་གྲུབ་རྫོགས་པར་མཛད་པ་ལ་ཐུགས་གཅིག་པའོ།། ཤིན་ཏུ་རྒྱས་པ་ནི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྒྲུབ་པ་པོས་བདག་ཉིད་ཀྱི་ངོར་བྱའོ།། དངོས ་གྲུབ་ཐམས་ཅད་ནི་ཇི་སྐད་བཤད་པ་རྣམ་སོ།། ཕུན་སུམ་ཚོགས་པ་ཐམས་ཅད་དང་། ཡེ་ཤེས་ཐམས་ཅད་དང་ལས་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སྒྲུབ་པར་མཛད་པ་ཡིན་ནོ།། ཇི་ལྟར་སྒྲུབ་པར་མཛད་ཅེ་ན། གདོན་མི་ཟ་བར་གྲུབ་པ་ཞེས ་བྱ་བ་སོ།། དུས་རིང་པོས་སམ་ཞེ་ན། མ་ཡིན་ཏེ་མྱུར་དུ་ཞེས་བྱ་བསོ།། འོན་ཀྱང་ཞེས་བྱ་བཱ་ལ་སོགས་པ་ལས་རང་ཉིད་ཞུགས་པ་ཙམ?་གྱིས་དེ་ལྟ་བུ་ལྔ་སོགས་པའི་དངོས་གྲུབ་དེ་ལ་གསོལ་བར་མཛད་པ་དེ་འབའ་ཞིག་ཏུ་མ་ཟད་ཀྱི། གསང་བའི ་དཀྱིལ་འཁོར་སློབ་དཔོན་གང་གིས་དཀྱིལ་འི་ཁོར་བྲི་བ་འོམ། དེའི་གསང་བའི་དཀྱིལ་འཁོར་འབྲིར་བཅུག་གམ། གསང་བའི་དཀྱིལ་འཁོར་གྱི་རྟོག་པ་ལྡན་གཅིག་བརྗོད་པ་འམ། གཞུང་དང་དོན་གྱི་རང་བཞིན་འཛིན་པ་དེས་གྲུབ་ནའང་ཞེས ་བྱ་བ་ནི་བསྒྲུབས་པ་འབའ་ཞིག་ལ་གསོལ་བར་མ་ཟད་ཀྱི་འོན་ཀྱང་མ་བསྒྲུབ་པ་ལ་ཡང་ངོ་།། དཀྱིལ་འཁོར་མ་ཞུགས་ན་ཡང་ཞེས་བྱ་བ་ནི། ཀློག་དང་འཛིན་པའི་ནུས་པས་དངོས་གྲུབ་ཐམས་ཅད་བཅས་པའི་མཆོག་གི་དངོས་གྲུབ་འབྱུང ་བར་འགྱུར་རོ།། དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་དངོས་གྲུབ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དོ།། དེ་རྣམས་དང་བཅས་པའི་མཆོག་གི་དངོས་གྲུབ་ནི་རྡོ་རྗེ་འཆང་བ་ཆེན་པོ་ཉིད ་ལ་སོགས་པ་ཐོབ་པའོ།། སྐྱེ་བ་འདི་ཉིད་ལ་ཞེས་བྱ་བ་ནི་སྐྱེ་བ་གང་ལ་ངེས་གསང་བའི་རྟོག་པ་འདི་ལོན་གཅིག་བརྗོད་པ་འམ། འཛིན་པའི་སྐྱེ་བ་དེ་ཉིད་ལ་ཇི་ལྟར་འདོད་པའི་དངོས་གྲུབ་ཐམས་ཅད་དང་བཅས་པའི་མཆོག་གི་དངོས ་གྲུབ་ཐོབ་པ་ཡིན་ནོ།། གཞུང་འདིས་ནི་སྐྱེ་བུ་རྒྱུང་བས་གོམས་པའི་རྣལ་འབྱོར་གང་ལྷན་ཅིག་ཏུ་བརྗོད་པ་འམ། འཛིན་པ་དེ་ཉིད་སྐྱེ་བ་འདི་ལ་མཆོག་གི་དངོས་གྲུབ་བསྒྲུབ་པར་བྱེད་པ་ཡིན་ཏེ། གཞན་ནི་མ་ཡིན་ཞེས་བསྟན་ཏོ།། ། ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་ཏེ་དགེ་བའི་རྩ་བ་ཡོངསུ་སྨིན་པས་གང་ཞིག་ཉན་པ་དང་འཛིན་པ་དེ། ཚེ་འདི་ཉིད་དུ་མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ཏེ། གཞན་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། འདི་ལྟ་སྟེ་ཞེས་བྱ ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཡི་གེ་ཧཱུཾ་གི་རྟོག་པ་འདིས་གང་ཟག་ཁྱད་པར་ཅན་དེ་ལ་འདོད་པའི་དངོས་གྲུབ་རྫོགས་པར་བྱེད་པས། གདོན་མི་ཟ་བཽ་དང་། ཐོགས་པ་མེད་པའོ།། ཅིའི་ཕྱིར་གདོན་མི་ཟ་བོ་དང་། ཐོགས་པ་མེད ་པ་ཡིན་ཅེ་ན། བདག་ཅེས་བྱ་བ་ལ་གང་གི་ཕྱིར་རྡོ་རྗེ་འཆང་བདག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་འདི་ལ་བར་གཙོད་བྱེད་པར་ནུས་པ་མ་ཡིན་ནོ།། དེ་ཉིད་ཅིའི་ཕྱིར་ཞེ་ན། ཐམས་ཅད་རྗེ་སུ་ཆགས་པ་ཉིད་ཀྱི་ཕྱིར་ཞེས ་བྱ་བ་སྨོས་ཏེ། ཐམས་ཅད་ཀྱང་ཡིན་ལ་རྗེསུ་ཆགས་པ་ཡང་དེ་ཉིད་ཡིན་པས་ན་ཐམས་ཅད་རྗེ་སུ་ཆགས་པ་ཞེས་བྱ་སྟེ། སེམས་རྩེ་གཅིག་པའི་རང་བཞིན་གྱིས་ཤིན་ཏུ་རྣལ་འབྱོར་དང་ལྡན་པའི་ཕྱིར་ཞེས་བྱ་བའི་དོན་ཏོ།། སངས་རྒྱས ་ཀྱི་བྱང་ཆུབ་ཀྱང་རྗེས་སུ་ཆགས་པ་ལས་ཀྱང་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལ་སོགས་རང་བཞིན་གྱི་སེམས་རྩེ་གཅིག་པ་ཉིད་ཀྱི་མཚན་ཉིད་ཀྱི་རྗེས་སུ་ཚོགས་པ་དེས་མཉམ་པ་མེད་པའི་སངས་རྒྱས་ཀྱི་རྣལ ་འབྱོར་རྣམས་ལས་འབྱུང་བར་འགྱུར་ན། དངོས་གྲུབ་གཞན་ཡང་འབྱུང་བར་མི་འགྱུར་བ་མ་ཡིན་ཏེ། འོན་ཀྱང་འབྱུང་བ་ཡིན་ཞེས་བསྟན་པ་ཡིན་ནོ།། རྗེ་སུ་ཆགས་པ་འབྱུང་ཞེས་བྱ་བ་བསྟན་པའི་ཕྱིར་འདོད་པ་བསྟན་པ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། འདོད་པ་བསྟན་པ་ནི་སངས་རྒྱས་ཉིད་ལ་སོགས་པ་འདོད་པའི་བསམ་པ་བསྟན་པས་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་རྗེ་སུ་ཆགས་པ་དེ་འབྱུང་བ་ཡིན་གྱིས་གཞན་དུ་ནི་མ་ཡིན་ནོ།། འདོད་པ་བསྟན་པ་དེ་ལ་ཅི་དགོས ་ཞེས་རྣམ་པར་རྟོག་པ་དེ་གསལ་བའི་ཕྱིར་དེ་མི་འདོད་བྱས་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་རྣལ་འབྱོར་གྱི་རང་བཞིན་རྗེ་སུ་ཆགས་པ་དེ་མི་འདོད་ན་ཇི་ལྟར་འབྱུང་བར་འགྱུར་ཞེས་སྦྱར་རོ།། ཇི་ལྟར་ཞེས་བྱ་བ་ནི་ཡུན ་རིང་པོས་ཞེས་བྱ་བའི་དོན་ཏོ།། མཆོག་ནོ་ཕུལ་དུ་བྱུང་བའོ།། བདེ་བ་ཆེན་པོ་ལ་སོགས་པའི་གོ་འཕང་ཐམས་ཅད་ཅེས་བྱ་བ་ལ་བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་ཡིང་ལས་བྱུང་བ་ལ་སོགས་པ་གོང་ལ་དེ་ཉིད་ཐོག་མར་ཡོད་པ་དེ ་ཉིད་དུ་བདེ་བ་ཆེན་པོ་ལ་སོགས་པའི་གོ་འཕང་ངོ་།། ཐམས་ཅད་ཀྱང་ཡིན་ལ་གློ་འཕང་ཡང་དེ་ཉིད་ཡིན་པས་ཐམས་ཅོད་ཀྱི་གོ་འཕངོ་།། བདེ་བ་ཆེན་པོ་ལ་སོགས་པ་ཡང་ཡིན་ལ་ཐམས་ཅད་ཀྱི་གོ་འཕང་ཡང་ཡིན་པས་ན་བདེ་བ་ཆེན་པོ་ལ། ་སོགས་པ་ཐམས་ཅད་ཀྱི་གོ་འཕང་ངོ་།། གྲུབ་ན་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པ་ལ་སོགས་པའི་བསྒོམ་པས་གྲུབ་པའི་རྣལ་འབྱོར་ལའོ།། ནའི་སྒྲ་ནི་ངེས་པར་གཟུང་བས་ཏེ་གྲུབ ་པ་པོ་ཁོ་ན་ལྔའོ།། བདེ་བ་ཆེན་པོ་ནི་ཐ་པ་ཆེན་པོའོ།། གསང་བ་ཆེན་པོ་ནི་ཕྱག་རྒྱ་ཆེན་པོ་སྟེ། སྙིང་པོ་འདི་དག་སྐད་ཅིག་མ་གཅིག་གིས་སྟེར་བར་བྱེད་པས་ན། བདེ་བ་ཆེན་པོ་དང་། རྡོ་རྗེ་ཆགས་པ་སྐད་ཅིག་མ ་གཅིག་ལ་སྟེར་བའོ།། དེ་གང་ཡིན་ཞེ་ན། སྒྲུབ་པའི་དམ་ཚིག་འདི་ཡིན་ཏེ། ཞེས་བྱ་བས་ནི་བསྒྲུབ་པར་བྱ་བས་བསྒྲུབ་པ་སྟེ། བདེ་བ་ཆེན་པོ་དྲང་ཆགས་པ་ཆེན་པོ་སྟེ། རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། བསྒྲུབ་པའི་དྲིམ་ཚིག ་ནི་སྒྲུབ་པའི་དམ་ཚིག་སྟེ་རྒྱུའོ་དེ་ཡང་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་དོ།། འདི་ནི་ཀུན་གྱི་འདའ་བར་དཀའ་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་གྱིས་རང་བཞིན་སྒྲུབ་པའི་དམ་ཚིག་འོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ ་གང་གིས་ཀྱང་འདའ་བར་མི་སྤྱོད་པས་ན་འདའ་བར་དཀའ་བ་ཡིན་ནོ།། སྡིག་པ་ཆེན་པོ་བྱེད་པ་དང་། དེ་བཞིན་དཀྱིལ་འཁོར་མ་མཐོང་པོ་ཞེས་བྱ་བ་ནི་གང་ཞིག་དམ་པའི་ཆོས་སྤངས་པ་དང་། མཚམས་མེད་པ་ལ་སོགས་པའི ་སྡིག་པ་ཆེན་པོ་བྱེད་པ་དང་། གང་ཞིག་དཀྱིལ་འཁོར་ལ་མ་ཞུགས་པ་དེ་རྣམས་ཀྱང་ཤིན་ཏུ་རྣལ་འབྱོར་གྱི་མཚན་ཉིད་ཅན་གྱིས་བསྒྲུབ་པའི་དམོ་ཚིག་འདིས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ་པ་ཡིན་ནོ།། དངོས ་གྲུབ་གང་གིས་འགྲུབ་ཅེ་ན། མཆོག་གི་དངོས་གྲུབ་ཅེས་བྱ་བ་ནི་རང་གི་ཕྱི་མའི་མཐའ་ལ་སྟོན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཀྱིའོ།། ནིའི་སྒྲ་ནི་ངེས་པར་གཟུང་བའོ།། མཆོག་གི་དངོས་གྲུབ་ཀྱིས་ཇི་ལྟར་འགྲུས ་ཅེ་ན། ལན་གཅིག། བཟླས་པས་སྡིག་པ་སྦྱང་བས་ཞེས་བྱ་བ་ནི་ཤིན་ཏུ་རྣལ་འབྱོར་འདིས། རྡོ་རྗེ་འཆང་ཆེན་པོ་ལན་གཅིག་བཟླས་པས་རྣལ་འབྱོར་པ་ལ་དཾ་པའི་ཆོས་སྤང་བ་ལ་སོག་པའི་རང་བཞིན་གྱི་སྡིག་པ་སྤང་བར་མཛད་པ་ཡིན་ནོ།། ། ་སྡིག་པ་སྦྱང་བའི་རྒྱུ་ལན་གཅིག་གི་བཟླས་པས་ངེས་མཆོག་གི་སྒྲུབ་པ་ཡིན་ནོ།། རྟོག་པ་གསུངས་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་འམ། དེ་བཞིན་གཤེགས་པ་ལ་སོགས་པ་གཞན་གྱི་རངདྭ་རདྭ་གཽ་བརྟག་པ་རྣམ་པ་གསུམ ་ཞལ་བཞི་དང་། ཕྱག་བརྒྱད་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་ཁྱད་པར་དཔལ་རྡོ་རྗེ་སེམས་དཔའ་ལོ་སོགས་པ་རྣམས་ཀྱིས་གང་གསུངས་པའི་རྟོག་པ་རྣམས་ལས་གསུངས་པ་དེ་རང་གི་ཡིད་ཀྱིས་འདོད་པའི་གཟུགས་བརྙན ་རྗེས་སུ་དྲན་པའི་བསྒོམ་པ་ནི་ཕྱག་རྒྱ་ཆེན་པོའི་ཁྱད་པར་བསྒོམ་པ་རྣམས་ཀྱིས་སྙིང་པོ་ཡི་གེ་ཧུཾ་བརྗོད་པ་འམ། གླེགས་བུམྦ་ཞེས་བྱ་བ་ནི་དཔལ་མཆོག་དང་པོའི་གླེགས་བམ་མདུན་དུ་བཞག་ནས། དེར་བཅོམ་ལྡན་འདས་སྤྱན་དྲངས ་ཏཱི་བསྒོམས་ན་དེ་ཡང་འགྲུབ་པོར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཐམས་ཅད་ཉིད་ཀྱི་ཕྱིར། ཞེས་བྱ་བ་ལ་བཅོམ་ལྡན་འདས་དེ་ཉིད་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ལ་སོགས་པའི་རྟོག་པ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོའི་གཟུགས ་ཡི་གེ་ཧཱུཾ་དང་གླེགས་བམ་གྱི་ཚུལ་དུ་བཞུགས་པ་རྣམས་ཀྱི་དེའི་ཕྱིར། ཐམས་ཅད་ཉིད་ཀྱི་བདག་པོ་འགྲུབ་ཅེས་བྱ་བ་ནི། གང་ལ་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་པ་པོ་གང་ལ་གཟུགས་བརྙན་ནམ། གླེགས་བམ་མེད་པ་ན་དེའི་སྙིང་པོ ་ཡི་གེ་ཧཱུ~ཾ། རས་སམ་རླིག་པ་ལ་བྲིས་ནས་བསྒྲུབ་པ་ནི་སྔོན་དུ་བསྙེན་པ་བྱས་ཤིང་བཟླས་པ་དང་།། བསྒོམ་པ་དག་གིས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ།། གང་གིས་ཡི་གེ་དྲུཾ་བྲི་བྷེ་ན། བདག་གི་སྐྱེས་བྱ ་བ་ནི་བདག་གི་ཡི་གེ་ཧཱུཾ་བྲིས་ནས། བདག་ཉིད་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱ་བ་ཡིན་ནོ།། འདི་གང་གིས་གསུངས་ཤེ་ན། དོན་ཡོད་ཅིང་ཐོགས་པ་མེད་པའི་དངོས་གྲུབ་ཅན་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་གལ་ཏེ་སློབ་ད་པོན་གང་ཞིག་གསང་བའི་རྟོག་པ་འདི་དང་། དཀྱིལ་འཁོར་ཆེན་པོ་ལ་སོགས་པའི་རྟོག་པ་རྣམས་སྒྲུབ་པར་འདོད་ན། དེའི་གསང་བའི་དཀྱིལ་འཁོར ་འདི་ལ་ཐིག་གདབ་པར་བྱ་སྟེ། ཇི་ལྟ་བ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་མཚན་མའི་ཕྱག་རྒྱ་རྣམས་བྲིས་ནས། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་རྣམ་སུ་བྱི་བར་བྱའོ།། དེ་སྐྱོ་དབྱེ་བ་བྱས་ལ་བུམ ་པ་ལ་སོགས་པ་རྣམས་ཀྱི་དཀྱིལ་འཁོར་ཐམས་ཅད་ཡང་དག་པར་མཆོད་དེ། ཆོ་ག་ཇི་ལྟ་བ་བཞིན་དུ་དང་པོའི་རྡོ་རྗེ་བཅིངས་ནས་རང་ཉིད་འཇུག་པར་བྱའོ།། ཞུགས་ནས་ཆགས་པ་ཆེན་པོ་ཞེས་བྱ་བ་ལ་སྩོགས་པ་བརྗོད་པར ་བྱའོ།། ཆགས་པ་ཆེན་པོ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཆགས་པ་ཆེན་པོ་དེ་ལས་ཐོགས་པ་ཆེན་པོ་སྟེ་རྣལ་འབྱོར་ཐམས་ཅད་སྐྱེ་བར་འགྱུར་ཏེ། ཐམས་ཅད་བདག་ཉིད་ཡིན་ནོ་ཞེས་བྱ་བ་ནི། རྣལ་འབྱོར་སྒྲུབ་པ་པོ ་རྣམས་ལ་སྐྱེ་བར་འགྱུར་རོ།། དངོས་གྲུབ་ཐམས་ཅད་རྗེས་ཆགས་ཕྱིར།། ཆགས་པ་ཆེན་པོ་བཅོམ་ལྡན་འདས།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི།། སྣ་ཚོགས་དམར་བའི་འོད་འབར་བ་ཞེས་འོག་ནས་གསུངས་པའི་ཕྱིར་རོ།། ཐོགས་པ། ་ཚེ་ལས་བདེ་བ་ཆེ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རྣལ་འབྱོར་དེ་ལས་བོང་བ་ཆེན་པོ་སྟེ་བདེ་བ་ཆེན་པོ་མངོན་དུའོ།། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཅན་གཉིསུ་མེད་པའི་སེམས་དང་སེམས་ལས་བྱུང་བ་མངོན་དུ་བྱས་པར་འགྱུར། ་ཞེས་བྱ་བའི་དོན་ཏོ།། བདེ་བ་ཆེ་ལས་རྡོ་རྗེ་བརྟན་ཞེས་བྱ་བ་ནི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་དེ་ལས་སྟོང་པ་ཉིད་བཅུ་དྲུག་གི་ཏིང་ངེ་འཛིན་གྱི་ངོ་བོ་མི་ཕྱེད་པ ་དང་པོའི་རྡོ་རྗེ་རྩེ་ལྔ་པ་བྱུང་བ་ཡིན་ནོ།། རྡོ་རྗེ་ལས་ནི་ཕྱག་རྒྱ་འབྱུང་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དེ་ལས་མདའ་ལ་སོགས་པའི་ཕྱག་རྒྱ་རྣམས་འབྱུང་བར་འགྱུར་བ་ཡིན་ནོ།། དང་པོའི་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་རྣམསོ་ཅིའི ་ཕྱིར་ཕྱག་རྒྱ་ཞེས་བརྗོད་སྙམ་དུ་རྟོག་པ་བསལ་བའི་ཕྱིར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི་བཤད་ཟིན་ཏོ།། དེ་རྣམས་ཀྱི་གཟུགས་བརྙན་གྱི་སྦྱོར་བ་ནི་དེའི་རང ་བཞིན་ལ་ལྷག་པར་མོས་པའོ།། གཟུགས་བརྙན་གྱི་སྦྱོར་བ་དེས་ཕྱག་རྒྱ་ཐམས་ཅད་དེ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཤད་པ་ཡིན་ནོ།། སྒྲུབ་པ་པོ་ལ་སོགས་པའི་རྒྱུད་ལ་རྒྱས་འོདེབས་པས་ན་ཕྱག ་རྒྱུ་ཞེས་རབ་ཏུ་གྲགས་པ་ཡིན་ནོ།། དམ་ཚིག་འདའ་བར་དཀའ་བ་ཞེས་བྱ་བ་ནི་འབར་བར་དཀའ་བའི་དོན་ནི་དམ་ཚིག་ཅེས་བྱ་བར་བརྗོད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅ་དཀྱིས་ཀྱང་མངའ ་བར་དཀའ་བ་ཉིད་ཀྱི་ཕྱིར་རོ།། ཇི་སྐད་དུ་ཕྱག་རྒྱའི་དམ་ཚིག་རབ་གསུངས་ཏེ།། ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ་ཞེས་གསུངསོ།། ཅིའི་ཕྱིར་ཕྱག་རྒྱའི་དམ་ཚིག་འདའ་བར་དཀའ་བ་ཡིན་ཞེ་ན། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི་ཞེས ་བ་ལ་སོགས་པ་ལ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྟོན་ཅིང་མངོན་པར་འདྲེན་པའི་རང་བཞིན་གྱིས་ཕྱག་རྒྱ་རྣམས་བཅིངས་པ་ཙམ་གྱིས་སངས་རྒྱས་དང་། རྡོ་རྗེ་འཆང་ལ་སོགས་པ་ཡང་བསྡུས་པས་འགྲུབ་པར་འགྱུར་རོ།། ཉམས ་བསྡུ་འཇིགས་པ་ཞེས་བྱ་བ་ནི་དམ་ཚིག་ཉམས་པས་དེ་རྣམས་འགྲུབ་པར་འགྱུར་རོ།། ཕྱག་རྒྱའི་རང་བཞིན་གྱིས་དམ་ཚིག་དེ་རྣམས་ཀྱི་ཇི་ལྟར་འདའ་བར་མི་མཛད་ཅེ་ན། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཀའ་ལ་ཕྱག ་རྒྱའི་རྒྱས་བཏབ་པ་དེའི་ཡུལ་ན་གནས་པ་རྣམས་ཀྱིས། འདའ་བར་མི་ནུས་པ་དེ་བཞིན་དུ་ཕྱག་རྒྱ་རྣམས་སྐྱེ་བོ་ཐམས་ཅད་ཀྱིས་ཀྱང་འདའ་བར་ནུས་པ་མ་ཡིན་ནོ།། དྲི་བས་ན་དེ་བཞིན་གཤེགས་པ་རྣམས་ཉམས་པས ་འཇིགས་པས་གྲུབ་པ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པས་ཀྱང་གཞུང་ལུགས་ཉམས་པའི་འཇིགས་པས་གྲུབ་ན། དེའི་ཕྱིར་ཕྱག་རྒྱའི་དམ་ཚིག་འདིས་ཅི་ཞིག་བྱ་ཞེ་ན། སངས་རྒྱས་ཉིད་ཅེས་བྱ་བ་ལ་སོགས ་པ་ལ་ཇི་ལྟར་བཤད་པའི་རང་བཞིན་གྱིས་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་རྣམ་པས་བསྒྲལ་པ་བྱེ་བ་རྣམས་ཀྱིས་ཀྱང་དེ་ལྟར་ཐོབ་པ་མ་ཡིན་ན། ཇི་ལྟར་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ ་ལ་སོགས་པའི་ཕྱག་རྒྱའི་མཆོག་བསྡུས་པ་ཡོད་ན་ཐོབ་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཇི་ལྟར་ཞེས་བྱ་བོ་ལ་སོགས་པ་ལ་གང་གིས་འཇིག་རྟེན་འདུལ་བར་བྱ་བ་གང་གིས་འཇིག་རྟེན་འདུལ་བར་བྱ་བ་དེ་ནི་འདུལ་བ་སྟེ། རྡོ་རྗེ་སེམས ་དཔའ་ལ་སོགས་པའི་བསྒོམ་པའོ།། རྣམ་པ་གང་གིས་ཇི་ལྟར་འདུལ་བར་ཡོད་པ་ཛོདེ་ནི་ཇི་ལྟར་འདུལ་བ་ཙོམ་གྱི་འཇིག་རྟེན་ནོ།། དེ་བཞིན་དངོས་གྲུབ་གསུངས་པ་ཡིན་ཞེས་བྱ་བ་ནི། དེ་ལྟ་བུའི་དངོས་གྲུབ་འཇིག་རྟེན་དེ་ལ་གསུངས་པ་ཡིན།། ། ་དེ་བས་ན་དེ་ཐོབ་པར་བྱ་བའི་ཕྱིར་ཐབས་གསུངས་པ་ནི་དེའི་ཐབས་ནི་ཕྱག་རྒྱ་ཡིན་ཞེས་བྱ་བ་ལ་སོགས་པ་དངོས་གྲུབ་དེ་ལ་ཇི་ལྟར་འདུལ་བ་དང་ལྡན་པའི་འཇིག་རྟེན་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐོབ་པའི་ཕྱིར། རྡོ་རྗེ་སེམས ་དཔའ་ལ་སོགས་པའི་ཕྱག་རྒྱ་ཁོ་ན་ཐབས་ཡིན་ནོ།། ཐབས་དེའི་ལས་ཇི་ལྟ་བུ་ལྡན་པ་ཡིན་ཞེ་ན། དངོས་གྲུབ་ཐམས་ཅད་བྱེད་པ་མཆོག་ཅེས་བྱ་བ་ལ་མཆོག་ནི་ཕུལ་དུ་འབྱུང་བའོ།། དེ་ནས་ཆོ་ག་རྒྱས་པ་ནི་དེ་ཡིན་ནོ་ཞེས་བྱ་བ་ནི་དེ ་ལྟར་ཇི་ལྟ་བ་བཞིན་དུ་བཤད་པའི་རིམ་པས་ཕྱག་རྒྱའི་དཀྱིལ་འཁོར་འདིར་སློབ་དཔོན་གྱིས་འཇུག་པར་བྱའོ།། ཞུགས་ནས་ཆགས་ཆེ་བ་ལ་སོགས་པ་ཆེ་ཞེས་བྱ་བ་ནས་བརྩམས་ནས། དངོས་གྲུབ་ཐམས་ཅད་བྱེད་པ་མཆོག་ཅེས ་བྱ་བའི་བར་དུ་བརྗོད་ལ། རླུང་གི་ཆོ་ག་ཐམས་ཅད་རྗེས་སུ་བརྗོད་ནས། སློབ་མ་གཞུག་པར་བྱ་བའི་ཕྱིར། གནང་བ་ཐོབ་ནས་སློབ་མ་གཞུག་པར་བྱ་བ་སྟེ། འདི་ནི་དེ་ནས་བཞིན་དུ་རྒྱོ་ག་རྒྱས་པའོ་ཞེས་བྱ་བའི་ངོན ་ཡིན་ནོ།། དངོས་གྲུབ་ཐམས་ཅད་ཤིན་ཏུ་གདོན་མི་ཟའོ་ཞེས་བྱ་བ་ནི་ཇི་ལྟར་གསང་བའི་དཀྱིལ་འཁོར་དུ་སློབ་དཔོན་དང་། སློབ་མ་དག་ལ་དངོས་གྲུབ་ཐམས་ཅད་འབྱུང་བ་དེ་བཞིན་དུ་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་དུ་ཡོད་ཤིན ་ཏུ་གདོན་མི་ཟ་བར་འབྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སླར་ཡང་འདིའི་དོན་བཤང་བར་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་སྒྲུབ་པའི་ཚུལ་གྱིས་གསང་བའི་དཀྱིལ ་འཁོར་གྱི་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་རབ་ཏུ་བསྒྲུབས་ལ། རང་གི་སྙིང་གཽར་རྡོ་རྗེ་འཁོར་ལོས་གསང་བའི་དཀྱིལ་འཁོར་སྤྲུལ་ལ། དཔལ་རྡོ་རྗེ་སེམས་དཔོའ་ལ་སྩོགས་པ་ནས། རྡོ་རྗེ་འབེབས་པའི་བར་དུ་རང་རུང ་གི་སྙིང་པོ་རྣམས་ཀྱིས་རང་རང་གི་གནས་སོ་བཞག་སྟེ། ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བ་བརྗོད་ལ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་བྱའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ།། དེ་ནས ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་བྱ་བས་རང་བཞིན་གྱིས་དག་པར་བྱའོ།། དེ་ནས་བདག་མེད་པར་མཉམ་པ་ཉིད་ཀྱི་ཨོཾ་སརྦེ་ས་མུ་ཁི་ཞེས་བྱ་བས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་བོདག་ཉིད་བསྒོམོ།། ་དེ་ནས་དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་བདག་རང་ཡིན་ནོ།། ཞེས་བྱ་བའི་ང་རྒྱལ་བསྐྱེད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅི་ངས་ལ། ལྷ་ཐམས་ཅད་སྙིང་ག་ན་གནས། ་པའི་དང་པོའི་རྡོ་རྗེའི་ནང་དུ། ཨ་ནུ་རཱ་གཱ་ཡ་མི་ཞེས་བྱ་བ་བསམས་ཏེ། རབ་ཏུ་དགའ་བའི་ངག་གམ། རྡོ་རྗེའི་ངག་གམ། ཡིད་ཀྱིས་བརྗོད་ཅིང་བཟླས་པའི་དོན་དུ་བསྒོམ་པར་བྱའོ།། ཉིན་རེ་བཞིན་དུ་ལན་གཅིག་བྱིན་གྱིས་བརླབ ་པ་ལ་སོགས་པ་བྱས་ནས། ཇི་སྲིད་མངོན་སུམ་དུ་བྱོས་པ་བཞིན་དུ་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གིས་དཀྱིལ་འཁོར་མཐོང་བར་འགྱུར་རོ།། དེ་ནས་ཉིན་པའམ་ཟློ་པ་རེ་རེ་ལ་དཀྱིལ་འཁོར་བྲི་བར་བྱའོ།། དེ་ལ་རེ ་ཞིག་དྲང་པོ་ཇི་ལྟར་བཤད་པའི་དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་བདག་བསྲུང་བ་དྲང་། གནས་བསྲུང་བ་བྱས་ལ། རྣལ་འབྱོར་ཆེན་པོ་རྫོགས་པའི་བཱ་གྷི་ཆོ་ག་རྫོགས་པར་བྱའོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན ་པོ་བཅིངས་ལ་སྙིང་པོ་དྲང་བཅས་པའི་ཡི་གེ་ཧཱུཾ་བརྗོད་པ་ལ་བརྩོན་པས་ཡི་གེ་ཊ་ལས་མིག་གཡོན་ཟླ་བྲྀར་བྱ།། གཡས་པ་ཡི་ག་མ་ལས་ཉི་མར་དགོད།། ཧཱུཾ་གིས་མིག་འབྲས་བསྐལ་པའི་མེར་བྱས་ཏེ།། ཚུལ་འདི་ཉིད་ཀྱི་རྡོ་རྗེའི ་བལྟ་བ་བྱས་ནས། རླུང་གི་དཀྱིལ་འཁོར་ལས་བྱུང་བའི།། རྣོ་ཞིང་འབར་བས་ཁྱབ་པར་བྱེད།། དབུས་སུ་ཡི་གེ་བ་བཀོད་པའི།། རྡོ་རྗེ་བརྟུལ་ཞུགས་ཅན་གྱིས་བསམ།། རྡོ་རྗེ་མེ་ཡི་ཐལ་བར་བྱས་པའི་རྒྱ་མཚོ་དང་།། ས་འཛིན་དང ་བཅས་ས་ཉིད་ཀྱང་ནི་དེ་བཞིན་དུ། ནུ་མཁའི་ཁམ་སུ་ཡི་གེ་ཁཾ་ནི་རྣམ་པསྒོམ་ལ།། རྣམ་པར་སྣང་མཛད་རྨཱརྨཱན་འབེབས་པ་བསམ་པར་བྱ།། ན་རླབས་ཕྲེང་བ་ཀུན་ཏུ་འཁྲུག་པར་གྱུར་པ་སི།། དཔག ་ཏུ་མེད་པའི་ཆུ་ཡི་ཕུང་པོ་དེ་བཞིན་འབྱུང་།། དེ་ཚེ་ཡི་གེ་ར་ཡིས་ཆུ་ཡི་རྒྱ་མཚོ་མཆེད་།། པདྨ་གྱུར་པ་ཡོད་སུ་བརྟ་གྲ་བར་བྱ་བ་ཡིན།། གསེར་གྱི་རུས་སྦལ་སྣང་བ་ཞོས་རབ་གྲགས་པ་ནི།། ཆུ་སྐྱེས་ཀྱི་ནི་རྩ་བར་བསམ་པར་བྱ་བ ་ཡིན།། འཛམ་བུ་གཱ་སེར་དྲང་མཚུངས་པའི་ལྟེ་བ་རུ།། རྣམ་པ་ཉིད་ནི་དེ་ཉིད་དུ་ཡང་བསིམ་པར་བྱ།། དེ་ནས་ཁཾ་གི་ངོ་བོ་རྣམ་སྣང་མཛད་དང་བཅུས།། བྱོན་ནས་ལྟེ་བ་ལ་ནི་བཞུགས་པར་གྱུར་པཱ་ཡིན།། དེ་ནས་གཅིག་ཏུ་གྱུར ་བ་ཉིད་ལས་རི་རབ་ནཱི།། རཱིན་ཆེན་བཞྀ་ཡཱི་ཆ་ཤེས་ལྔས་ནི་གྱུར་པ་ཡིན། ཧཱུཾ་སུཾ་ཏྲཱྀ་ཞེས་བྱ་བའི་རཱི་རབ་བསྐྱེད་པར་བྱེད་པའི་སྲ་བོན་གྱི་ཡི་གེ་རྣམས་བརྗོད་ཅིང་བསྡམ་པར་བྱའོ།། དེ་ནས་རྡོ་རྗེ་བཅིངས་པས་ས་ལ་ཇི ་བཞིན་དུ་རེག་ཅིང་རྡོ་རྗེའི་རི་རབ་བྱིན་གྱིས་བརླབས་ནས། དེའི་སྟེང་དུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་ཇི་སྐད་པོ་ཤད་པའི་མཚན་ཉིད་ཅན་གྱི་དཔྲལ་རྡོ་རྗེ་སེམས་དཔའི་བཞུགསོ་གཱནས་རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང ་བསྐྱེད་ལ་ཡི་གེ་ཧྲཱི་ལས་ལྷ་ཐམས་ཅད་ཀྱི་གནས་རྣམས་སུ་སྣ་ཚོགས་པདྨ་རྣམས་བསྐྱེད་ནས། དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ། བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ།། དེ་ནས་དེ ་བཞིན་དུ་སངས་རྒྱས་ཐམས་ཅད་སྤྱན་དྲངས་ནས། དང་པོ་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱའོ།། དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་བཞིན་དུ་ཡི་གེ་བརྗོད་ཅིང་བསྒོམ་པར་བྱའོ།། ་དེ་ནས་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་སྔ་མ་བཞིན་དུ་དེ་བཞིན་སངས་རྒྱས་གཤེགས་པ་ཐམས་ཅད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ།། དེ་ནས་ལོངས་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱིས་ན་མཁའ་གྲང་བར་བསམས་ལ། ཐམ་ས་ཙཱ་ད་བདག་ཉིད་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ།། དེ་ནོས་དང་པོའི་རྡོ་རྗེ་ཨཱ་ནུ་རཱ་ག་ཡ་མི་ཧཱུཾ་བཛྲོཏྟ་ཏིཥྛ་གུ་ཧྱ་མཱཎྜ་ལོ་ཨུ་ཐཻ་པ་ཡ་ཞེས་བརྗོད ་ཅིང་ན་མཁའ་ལ་དཀྱིལ་འཁོར་བཏེག་ཅིང་དེ་ཉིད་དུ་བཞག་ལ། དང་པོའི་རྡོ་རྗེ་དེ་ཉིད་ཀྱིས་ལན་གྲཅིག་བདག་ཉིད་བྱིན་གྱིས་བརླབས་ནས་རླུང་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཛྲེ་དྲྀཥྚི་མ་ཊི་ཅེས་བྱ་མིག་གཉིས་ལ་རྣམ་པར་བཀང ་དོ།། ཕྱག་རྒྱ་ལ་གནས་དེ་བཞིན་ལངས།། ཀུན་ཏུ་རྣམ་པར་བལྟས་ནས་ནི།། ཡི་གེ་ཧཱུཾ་ནཱི་བརྗོད་པ་ཡིས།། བསྒྱིངས་པའི་ཚུལ་གྱིས་ཡོངསུ་བསྐོར།། དེ་ནསོ་སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེསུ་སྦྱང་ནས། མལ་ནས་ལངས་ཏེ་ཇི་ལྟ་བ ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ནས། ཉི་མ་འཆར་ཀའི་དུས་སུ་དཀྱིལ་འཁོར་དེ་བཞིན་དུ་ན་མཁའི་ཕྱོགསུ་བཞག་སྟེ། ཨོཾ་བཛྲི་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བྱ་བ་དང་། རྡོ་རྗེ་གླུ་ལོན་ཅིང་སྔ་མ་བཞིན་དུ་ཐིག་གདབ ་བར་བྱའོ།། དེ་ནས་ཇི་ལྟ་བ་བཞིན་དུ་ཡང་དག་པར་བྲིས་ཏེ། དབུས་ཀྱི་དཀྱིལ་འཁོར་གྱི་ལྟེ་བའི་དབུས་སུ་སྣ་ཚོགས་པདྨའི་སྟེང་དུ་ལུགས་མ་ལཱ་སོགས་པ་རང་བཞིན། འོད་ཟེར་དམར་པོ་འབྱར་བ་འཁྲུག། ཟླ་བ ་དང་མཚུངས་ཞལ་བཞད་བྱ།། སངས་རྒྱས་ཕྲེང་བ་སོགས་ཀྱིས་མཛེས།། ཁྭ་དོག་རྣམས་ཀྱིས་དབུས་ལ་བྱུགས།། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས།། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག། གཡོན་ན་རྡོ་རྗེ་ཁུ་ཚུར་གྱིས ་བསྙེམས་པས་དྲིལ་བུ་འཛིན་པ། གཡས་པ་བསྟོད་པའི་ཚུལ་གྱིས། རང་གི་ཐུགས་ཀར་དང་པོའི་རྡོ་རྗེ་འཛིན་པའི་དཔལ་རྡོ་རྗེ་སེམས་དཔའ། ས་མ་ཡསྟྭ~ཾ། ཨ་ནུ་རཱ་གེ་ཡ་མཱི་ཧཱུཾ། བརྗོད་ཅིང་དགོད་པར་བྱའོ།། བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་རྡོ་རྗེ་མཚོན་ཆུ་མ་རྡོ་རྗེ་ཡིད་ལས་བྱུང་བ་དང་འདྲ་བུས་ན། ཇི་སྲིད་རྡོ་རྗེ་དྲིལ་བུའི་གནས་སུ་རྡོ་རྗེ་དྲིལ་བུ་མ་རྡོ་རྗེ་དྲིལ་བུ་དང་བཅས་པ་འདྲ་བའི་བར་དུ་བྲི་བར་བྱའོ།། འདི ་རྣམས་ཀྱི་སྙིང་པོ་རྣམས་ནི་བཤད་ཟིན་ཏོ།། དེ་ནས་དེ་བཞིན་དུ་དཀྱིལ་འཁོར་གྱི་སྒོ་རྣམས་ཕྱེ་ལ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་བསྡུ་བ་བྱས་ལ། མཚན་བེརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས། ་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་གཡས་པའི་སྡིགས་མཛུབ་ཀྱི་ལྕགས་ཀྱུས་བཅོམ་ལྡན་འོངས་འཁོར་དང་བཅས་པ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྤྱན་དྲང་བའི་སྔོགས་ཀྱིས་དཀྱིལ་འཁོར། ་དུ་གཞུག་པར་བྱའོ།། དེ་ནས་དེ་བཞིན་དུ་རྒྱོ་གྲཝ་ཐམས་ཅད་རྗེ་སུ་སྤྱད་ནས་ཕྱག་བཞི་སྐྱོན་དུ་འགྲོ་བས་སྡོམ་པ་བླངས་ལ། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤཱ་དཱ་ཡ་མི་ཞེས་བྱ་བས། བྱང་ཆུབ་ཆེན་པོར་སེམས་བསྐྱེད་ནས། གཡས་པའི་རྡོ་རྗེ་ཁུ ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ཏེ། རང་གི་སྙིང་གར་བཞག་ལ་སུཾ་རུ་ཏེ་ས་མ་ཡསྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་བྱ་བ་བརྗོད་ཅིང་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསྐྱེད་པར་བྱའོ།། དེ་ནས་ཕྱིའི་སྒྲོ་ལ་མངོན་པུར་ཕྱོགས་ནས་གནས་པའི་བུམ་པའི་ཆུས ་བདག་ཉིད་ལ་དབང་བསྐུར་ཏེ། རྡོ་རྗེ་སློབ་དཔོན་རང་ཉིད་ཇི་སྙེད་པའི་དྲིས་ལུས་ལ་བྱུགས་ཏེ། རྒྱན་དང་བཅས་ཤིང་མེ་ཏོག་གི་ཕྲེང་བས་བརྒྱན་པ། གོས་དམར་པོ་ཟུང་ཅིག་བགོས་པ་ཁ་དྲི་ཞིམོ་པོས་བགོས་བཱ། གོས་དམར་པོས ་གདོང་གཡོགས་བཅིངས་ནས། རྡོ་རྗེ་སེམས་དཔའི་ཡིད་དུ་འོང་བའི་རྣལ་འབྱོར་དང་ལྡན་པའི་གཟུངས་མ་ལགས་པ་གཡོན་པས་རྡོ་རྗེ་འཛིན་པ། གཡས་པས་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་འཛིན་པ། རྐང་པ་ཡཱ་གཅིག་མདུན་དུ་འདོར་བ ་ཕྱག་གཡས་བསུ་མེ་སྐོར་གྱི་ཚུལ་གྱིས་བླངས་ལ་འཇུག་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ཏེ། འདོད་ཆགས་ལ་སོགས་བྱེདེ་ཀུན་ཡིད་ཁྱོད་ནི།། ཀུན་བསྡུས་བདག་ལ ་བོང་བ་གསོལ་མཛོད་ཅིག། རྡོ་རྗེ་སེམས་དགོངས་མྱུར་དུ་བདགོ་བསྟན་མཛོད།། བདག་དགྱེས་མཛད་དང་བདེ་མཆོག་གྲུབ་ལ་འདུད་ཅེས་བྱ་བའི་དྲུག་ལྡན་ལ་སོགས་པའི་ཀླུའི་རྒྱལ་པོ་ཐམས་ཅད་ཀྱིས་གསང་བའི་གླུ་བརྗོད་ལ། ་དྲང་པོར་ཤྭར་གྱི་སྒོ་ནས་འཇུག་པར་བྱའོ།། རྡོ་རྗེ་ལྕགས་ཀྱུ་མ་ཡང་བརྗོད་པར་བྱའོ།། སླར་ཡང་ལྷོའི་སྒོ་ནས་འཇུག་སྟེ་རྡོ་རྗེ་ཞགས་བླ་མའི་སྙིང་པོ་བརྗོད་པར་བྱའོ།། དེ་ནས་དེ་བཞིན་དུ་ནུབ་ཀྱི་སྒོ་ནས་ཞུགས་ཏེ། ་རྡོ་རྗེ་ལྕགས་སྒྲོག་མའི་སྙིང་པོ་བརྗོད་པར་བྱའོ།། དེ་ནས་དེ་བཞིན་དུ་བྱང་གི་སྒོ་ནས་ཞུགས་ཏེ། རྡོ་རྗེ་དྲིལ་བུ་མའི་སྙིང་པོ་བརྗོད་པར་བྱའོ།། སླར་ཡང་ཤར་གྱི་སྒོ་ནས་སྔ་མ་བཞིན་དུ་ཞུགསོ་ཏེ། སྒེག་མོའི་དགའ་བའི་རྡོ་རྗེ་མས་བཅོམ་ལྡན ་འདས་ལ་ཕྱག་བྱས་ཏེ། དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ལ། བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ།། ཧཱུཾ་མཧཱ་སུ་བཛྲ་སཏྭ་ཛཱཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ཨ་ནུ་རཱཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། དྲྀ་ཌྷོ་མྲི ་བྷ་བ་སུ་པཽ་ཥྱོ་མ~ཾ་བྷུ་བ། ཨ་དྷི་ཏིཥྛ་བྷ་གུ་བཱན། ཨ་ནཱ་དྷི་ནི་དྷྱ་ན་སཏྭཱ་མ་ཧཱ་སུ་ཁཱ་བཛྲ་གུ་ཧྱ་ས་མ་ཡ། སིདྡྷི་མཱ~ཾ་པྲ་ཡཱཙྪ་ཧ་ཧ་ཧ་ཧཱ་ཨཱཿདེ་ནས་རྡོ་རྗེ་ལྷ་མཽ་བཞི་པོ་འདྲི་རྣམས་ཀྱིས་བསྐུལ་བར་བྱའོ།། ཧཱུཾ་བཛྲ་དྲྀཥྚི་སྭཱ་ཡྲ་ཀེ་མ་ཊ། ཧཱུཾ་བཛྲ་ཀཱི་ལི་ཀཱི་ལི ་ཧཱུ~ཾཿཧཱུཾ་སྨ་ར་བཛྲི་ཎི་ཧཱུཾ། ཧཱུཾ་རུ་ཥ་བཛྲ་ཎི་ཧཱུཾ། སླར་ཡང་བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ། དེ་ཁོ་ན་ཉིད་འདི་ལན་གཅིག་བརྗོད་པར་བྱའོ།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ལས་ཆེ་བ།། རྡོ་རྗེ་སེམས་དཔའ་དེང་བདག་འགྲུབ། ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷི་མ་ཞེས་བྱ་བ་ཡང་བརྗོད་པར་བྱའོ།། དེ་ནས་རྡོ་རྗེའི་ཆུ་འཐུངས་ལ། ཡི་གེ་ཨ་ཡིས་བདག་ཉིད་ལ་དབབ་པར་བྱ་སྟེ། སླར་ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས། ཐམས་ཅད་ཀྱི་རྡོ་རྗེ་མ་དྲལ་ཞིང་བདག་ཉིད་ལ་འོང ་དབབ་པར་བྱ་སྟེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཨ་སུ། དེ་ནས་མ་ཧཱ་སུ་ཁ་བཛྲ་སཏྭ་པྲ་ཏི་གྲྀཧྞ་ས་མ་ཡསྟྭཾ་ཞེས་བྱ་བ་འདིས་མེ་ཏོག་རྣམས་དོར་བར་བྱའོ།། དེ་ནས་དེ་རྣམས་བླངས་ཏེ། དེ་རིང་ཁྱོད་ལ་རྡོར་འཛིན་གྱིས།། དངོས་གྲུབ་ཀུན་ཕྱིར་དབང ་བསྐུར་མཛོད།། འདོད་པ་ཀུན་གྱིས་དབང་ཕྱུག་ཉིད།། སེམས་ཅན་ཀུན་ལ་བདེ་བ་སྟེར་ཞེས་བྱ་བ་འདིས། རང་གི་སྤྱི་བོ་ལ་བཅིངས་པར་བྱའོ།། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥིཉྩཽ་སུ་ར་སྟྭཾ་ཞེས་བྱ་བ་ཡང་བརྗོད་དོ།། དེ་ནས་ཨོཾ་བཛྲ ་ཙཀྵུ་ཀ་མ་ས་ཡ་སརྦ་སུ་ར་སྟྭཾ་ཞེས་བྱ་བ་འདིས་གདོང་གཡོགས་དགྲོལ་བར་བྱའོ།། དེ་ནས་ཧེ་བཛྲ་པ་ཤྱ་ཞེས་བྱ་བ་བརྗོད་ཅིང་ཤར་གྱི་སྒོ་ནུས་དཀྱིལ་འཁོར་ལ་བལྟ་བར་བྱའོ།། དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ་ཏཱིཥྛ་བཛྲ་ཞེས ་བྱ་བ་ལ་སོགས་པ་རང་གི་སྙིང་གར་དགྲོལ་བར་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བས་ཤིས་པ་བརྗོད་སྦྱིན་པོའི་མངོན་པར་འདྲེན་པས་སྙིང་གའི་ཕྱོགསསུ་འཛིན་ཅིང་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་བྱའོ།། དེ་ནས་རྡོ་རྗེ་མཚན ་ཆོ་མ་ལ་སོགས་པ་གསང་བའི་མཆོད་པ་བཞི་པོས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ། གླུ་དང་རོལ་མོའི་མཆོད་པས་བཅོམ་ལྡན་འདས་ཀྱི་མདུན་དུ་གཟུངས་མ་དུང་བཅས་པས་སྡེམས་དཔའི་སྐྱིལ་མོ་ཀྲུང་གིས་ཉེ་བར ་འདུག་ལ་འཇུག་པའི་ཕྱག་རྒྱ་བཅིངས་ཏེ། སྒེག་མོ་དགའ་བའི་རྡོ་རྗེ་མས་སླར་ཡང་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཨོཾ་ཡཾ་སུ་རསྟེ་ར་ཧཾ་སུ་ར་ཏཾ་མེ། བྷ་ག་བཱ་ནོ། སརྦ་སུ་ཁ་བྷ་མ་ན ་ཐ་ཨུཏྟ་མ་སཾདྡྷཾ་མེ་པྲ་ཡདྦྷྱཱཾ། ཨ་ནིནྨ་སྭ་ཏྱཻ་ན་ཨོཾ་མཧཱ་སུ་ཁ་བཛྲཱ་སཏྭཱ་ཛཿཧཱུཾ་བཱཾ་ཧོཿསུ་རསྟཱཾ། བྷ་ག་བཱན། སིདྡྷ། འདི་ཡང་བརྗོད་པཱུར་བྱཱ་སྟེ། མྱུར་དུ་ཐམས་ཅད་རྗེས་ཆགས་པ།། ཀཱི་ལི་ཀཱི་ལས་ཐམས ་ཅད་ནུས།། ཐམས་ཅད་རྗེ་སུ་ཆགས་དྲན་པས།། རྟག་ཏུ་ཡང་ནི་ལེགས་དགྱེས་འགྱུར།། ཨོཾ་མ་ཧཱ་སུ་ཁ་སིདྡྷ་བཛྲ་སརྦྦ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿསིདྡྷ་ས་མ་ཡསྟྭཾ་སིདྡྷ་ཧཱུ~ཾ། དེ་ནས་ཇི་སྲིད་མཚན་མེ་ཐོབ་ཀྱི་བར་དུ་ཕྱག་རྒྱ་ཆེན་པོ་བསྒོམ ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱི་དབང་བསྐུར་བ་ཐམས་ཅད་ཀྱིས་དེ་ལ་དབང་བསྐུར་བ་མཛད་པར་འགྱུར་རོ།། དེ་ནས་སྐད་ཅིག་མ་དེ་ཉིད་ལ་རྡོ་རྗེ་སེམས་དཔའ་འ་བར་འགྱུར་རོ།། གཟུངས་མ་དེ་ཡང་རྡོ་རྗེ་བསྙེམས་མ ་དང་འདྲ་བར་འགྱུར་རོ།། གལ་ཏེ་བཅོམ་ལྡན་འདས་ཀྱིས་དེ་ལ་དབང་བསྐུར་བར་མཛད་ན་དེའི་ཚེ། རང་ཉིད་ཀྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེ་ན་པོ་ལས་བཤད་པའི་ཚོ་གས་དབང་བསྐུར་བ་ཐམས་ཅད་བླང་བར་བྱའོ།། དེ ་ནས་རྡོ་རྗེ་བརྟུལ་ཞུགས་ཀྱི་དངོས་གྲུབ་བླངས་ཏེ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ནས་རྗེས་ཆགས་བྱ།། ཧཱུཾ་ཞེས་བྱ་བ་ལན་གསུམ་བརྗོད་པར་བྱའོ།། ་སླར་ཡང་དྲིལ་བུ་དཀྲོལ་ལ། དམ་ཚིག་གསུམ་གྱི་རྡོ་རྗེ་གླུའི་མཆོད་པ་བྱས་ལ། མཆོད་པ་ལྔ་དང་། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ལྷ་མོ་བཅུ་གཉིས་ཀྱིས་བདག་ཉིད་མཆོད་པོར་བྱའོ།། དེ་ནས་ཚིགསུ་བཅད་པ་ལྔས་རྗེ་སུ ་གནང་བ་དང་། སྙིང་པོ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་དང་། ལུང་བསྟན་པ་འབྱུང་བ། བཅོམ་ལྡན་འདས་ཀྱི་དྲུང་ནས་བླངས་ཏེ་མཆོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཡང་དག་པར་མཆོད་ནས་བྱུང་བར་བྱའོ།། དེ་ནས་སློབ་མ ་གཞུག་པར་བྱ་བའི་ཕྱིར། དཀྱིལ་འཁོར་འབྲི་བ་ཡིན་ན། དེའི་ཚེ་རབ་ཏུ་དགའ་བའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱ་གཟུངས་མ་མེད་པར་སློབ་དཔོན་གྱིས་འཇུག་པར་བྱའི།། ཞུགས་ནས་ཆོ་ག་ཐམས་ཅད་རྫོགས་པར་བྱོས་ནས་རྗེ་སུ་གནང ་བ་ནོད་པར་བྱ་སྟེ། སྐྱིང་པའི་བདེ་བ་རྣམ་དག་ཕྱིར།། སྔར་གྱི་སྲིད་པ་ལ་ཁྱོད་དགལ། འདོད་པ་ཀུན་གྱི་དངོས་གྲུབ་ཆེ།། འགྲོ་བ་ཀུན་ལ་བསྒྲུབ་པར་གྱིས།། དེ་ལྟར་རྗེ་སུ་གནང་བ་མནོས་ལ་སློབ་མ་རྣམས་གཞུག་པར་བྱའོ།། སློབ་དཔོན་གྱི་ལས ་ཀྱི་ཆོ་ག་རྒྱས་པར་རྫོགས་སོ།། ། དེ་ལ་བསླབ་པ་ནི་གནས་ལྔ་ཡོངས་སུ་འཛིན་པ་འམ། དགེ་སྦྱོང་དང་། དགེ་སློང་གི་སྡོམ་པ་ཡོངསུ་འཛིན་པའི་སློབ་མས། སྔརྭ་བཤད་པའི་ཆོ་གས་རིག་པའི་སྡོམ་པ་གཟུང ་བར་བྱ་བ་ཡིན་ནོ།། དེ་ནས་སརྦ་ཡོ་ག་ཙིཏྟ་ཨུདྒྷ་དཱ་ཡཱ་མི་ཞེས་བྱ་བས་བྱང་ཆུབ་ཏུ་སེམས་བསྐྱེད་པ་སློབ་དཔོན་གྱིས་བྱེད་དུ་གཞུགོ།། དེ་ནས་དེའི་སྙིང་གེར་དེ་བཞིན་དུ་རྡོ་རྗེ་སེམས་དབར་བྱིན་གྱིས་བརླབས་ནས། མཆོད་པ་ལྔ་ཡིས་ཡང ་དག་པར་མཆོད་པར་བྱའོ།། དེ་ནས་དེ་ལ་འདི་ལྟར་བརྗོད་པར་བྱ་སྟེ། དེང་ཁྱོད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབ་པར་གྱུར་པ་ཡིན་གྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསང་བའི་དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཁྱོད་ཀྱིས ་སྨྲ་བར་མི་བྱ་བ་དང་། དང་པ་མེད་པ་རྣམས་ལ་བརྗོད་པར་མི་བྱའོ།། དེ་ནས་མངའ་ལྔ་བསྡུས་པ་བཅིངས་ནས་འདི་ལྟར་བརྗོད་པར་བྱ་སྟེ། སངས་རྒྱས་ཀུན་གྱི་རབ་བསྒྲུབས་པའི།། ཁྱོད་ཀྱིས་དམ་ཚིག་གསང་བ་འདི།། ། ་གལ་ཏེ་དཀྱིལ་འཁོར་མེད་ལ་སྨྲས།། ཁྱོད་ཀྱི་རིགས་ཀུན་བརླག་པར་འགྱུར།། ཨོཾ་མཱ་ཧཱ་སུ་ཁ~ཾ་ཧཱ་སྱཱ་མ་ཡ་ཨ་ཏི་ཀྲ་མེ་ནི་ཎཱཾ་སུ་ར་ཏསྟཾ། དེ་ནས་ཡོན་གྱི་མཆོག་བླངས་ལ། ཤར་གྱི་སྒོ་ལ་མངོན་པར་ཕྱོགས་པའི་ཕྱི་རོལ་ན་གནས་པའི་བུམ་པའི ་ཆུས་དབང་བསྐུར་ལ། རབ་ཏུ་དགའ་བོའི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་འཛིན་དུ་འཇུག་ལ། རང་ཉིད་འཇུག་པའི་སྦྱོར་བས་སློབ་མ་གཞུག་པར་བྱའོ།། དེ་ནས་རྣ་བར་འདི་ལྟར་བརྗོད་པར་བྱ་སྟེ། ཆགས་བྲལ་འདུལ་བའི ་འཇིག་རྟེན་ནི།། ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་སེམས་དཔའ་སྦས་པ་ཡིན།། འདོད་ཆ་གྲོས་བྲལ་བ་ལྟ་བུ་ཡི།། སྡུག་བསྔལ་གཞན་ནི་རང་བཞིན་མེད།། དེ་བསོ་སེམས་ཅན་ཆགས་བྲེལ་ལ།། ་སླར་ཡང་ཡིད་ནི་མུ་བྱེད་ཅིག། དེ་ནས་འདི་ལྟར་བརྗོད་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས། དེ་བྱས་ན་ངས་ཁྱོད་ལ་ཡེ་ཤེས་གླེང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར ་འགྱུར་བའི་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་འགྱུར་ན་དངོས་གྲུབ་གཞན་ལྟོ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་ལ་བརྗོད་པར་མི་བྱའོ།། དེ་ལྟར་མ་ཡིན་ན་ཁྱོད་ལ་དམ་ཚིག་གིས་གནོད་པར་འགྱུར་རོ།། དེ་ནས་རྡོ་རྗེ ་སློབ་དཔོན་རང་ཉིད་ཀྱིས་སེམས་མ་རྡོ་རྗེ་མའི་ཕྱག་རྒྱ་འོག་དང་སྟེང་དུ་ཁ་བལྟ་བ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདི་ནི་རྡོ་རྗེའི་དམ་ཚིག་སྟེ།། ཁྱོད་ཀྱིས་སུ་ལ་སྨྲས་ན་ནི།། ཁྱོད་ཀྱི་སྤྱི་བོ་འགེམས ་བར་བྱེད།། དེ་ནས་ཕྱག་རྒྱ་དེ་ཉིད་ཀྱིས་མནའ་བསྒོག་པར་བྱ་བའི་ཕྱིར། སྙིང་པོ་ཆུ་ལ་ལན་གཅིག་བཟླས་ལ། སློབ་མོ་དེ་འཐུང་དུ་གཞུག་པར་བྱའོ།། དེ་ལ་འདི་སྐད་བརྗོད་པར་བྱ་སྟེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས།། སྙིང་ལ་ཡང་དུ་གཞུགས ་པར་མཛོད།། གལ་ཏེ་ཚུལ་འང་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ཏཽ་གཤེགས།། བཛྲོད་ཀྲ་པྲ་ཞེས་བྱའོ།། དེ་ནས་སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་གང་བསྒོ་བ་དེ་གྱིས་ཤིག། ་ཁྱོད་ཀྱིས་ང་ལ་བསྙས་པ་མ་བྱེད་ཅིག། དེ་མ་ཡིན་ན་མི་བདེ་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པ་མཛད་པ་དང་། རྡོ་རྗེ་སེམས་དཔ ་བདག་ལ་དབབ་པར་མཛོད་ཅིག་ཅེས་སྨྲོས་ཤིག་ཅེས་བརྗོད་པར་བྱའོ།། དེ་ནས་མྱུར་དུ་རྡོ་རྗེ་སློབ་དཔོན་གྱིས་སེམས་དཔའ་རྡོ་རྗེ་མ་བཅིངས་ཏེ། དེའི་སྒྱིང་ཁར་བཞག་ནས། འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདྲ་དེ་རྡོ་རྗེའི་དམ་ཚིག་སྟེ།། རྡོ་རྗེ ་སེམས་དཔའ་ཞེས་བརྗོད་པས།། རྡོ་རྗེའི་ཡེ་ཤེས་བླ་མེད་པ།། ཁྱོད་ལ་དེ་རིང་དབབ་པར་མཛད།། དེ་ནས་བཛྲ་ཨཱ་བེ་ཤ་ཞེས་བྱ་བ་འདིས་ལན་བརྒྱ་བརྗོད་པར་བྱའོ།། སླར་ཡང་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་དྲལ་ཞིང་། ་ཨ་ནུ་རཱ་ག་མི་ཧཱུཾ། ཨ་ཨ་ཨ་ཨཿཞེས་བྱ་བ་ལན་བརྒྱ་བརྗོད་ན་ངེས་པར་འབབ་པ་ཡིནྡ་ནོ།། དེ་ནས་སྔགས་དེ་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་འདོར་དུ་གཞུག་པར་བྱའོ།། དེ་ནས་ཕྲེང་བའི་དབང་བསྐུར་བ་བྱིན་ནས། ་གདོང་གཡོགས་དགྲོལ་བར་བྱའོ།། དེ་ནས་དཀྱིལ་འཁོར་བསྟན་པར་བྱའོ།། དེ་ནས་འཇུག་པའི་ཕྱག་རྒྱ་སློབ་མའི་སྙིང་ཁར་དེ་བཞིན་དུ་དགྲོལ་དུ་བཅུག་ལ། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང་ཞེས་བྱ་བ་ལ་སོགས་པའི་དེ་ཁོ་ན་ཉིད ་ཆེན་པོ་སྔ་མ་བཞིན་དུ་བརྗོད་པར་བྱའོ།། དེ་ནས་དེ་བཞིན་དུ་དབང་བསྐུར་བ་ཐམས་ཅད་ཀྱིས་སློབ་མ་ལ་དབང་བསྐུར་ཏེ། རྡོ་རྗེ་བརྟུལ་ཞུགས་ཀྱི་དངོས་གྲུབ་བྱིན་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ་ཞེས་བྱ ་བ་དེ་ལ་སྦྱིན་པར་བྱའོ།། དེ་ནས་དམ་ཚིག་གིས་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླ་ཞེས་བྱ་བ་སློབ་ཏུ་གཞུགོ། དེ་ནས་མེ་ཏོག་ལ་སོགས་པ་དང་། རྡོ་རྗེ་ལ་སོགས་པ་ཕྱག་རྒྱ་བཅུ་གཉིས་ཀྱིས་དེ་ཡང་དགྲ་པཱར་མཆོད ་ལ། ཨོཾ་མ་ཧཱ་སུ་ཁཱ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏོསྟྭཾ་ཞོས་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བརྗོད་དུ་བཅུགོ་ལ་དེ་བཞིན་དུ་བཤད་པར་བྱའོ།། དེ་ནས་རྡོ་རྗེ་བསྙེམས་མའི་དོན་བརྗོད་པར་བྱ་ཞེས་བྱ་བ་ནས་བརྩམས་ཏེ། ཇི་སྲིད་དེ་ནས ་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ལ་ཡང་བསླབ་པར་བྱའོ་ཞེས་བྱ་བའི་བར་དུ་སློབ་ཏུ་གཞུག་གོ།། གང་ཞིག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་སྐབསུ་གསུངས་པ་དེ་དགོ་ཐམས་ཅད་འདིར་ཡང་རྗེས་སུ་སྤྱད་པ་ཐམས ་ཅད་ཀྱིས་ཅི་ནུས་པར་མཆོད་པར་བགྱི་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞུ་བ་བྱས་ལ། སློབ་མ་ཐམས་ཅད་མཆོད་པ་བྱེད་དུ་གཞུག་གོ་ཞེས་བྱ་བ་ལ་སོགས་པའི་སྔར་བཤད་པའི་ཆོ་ག་ཤེས་པར་བྱའོ།། སློབ་མ་གཞུག ་བའི་ཆོ་ག་རྒྱས་པ་རྫོགས་སོ།། ། དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བསྟན་ནས། ད་ནི་རྟོགས་པ་ཐམས ་ཅད་ལས་གསུངས་པའི་དངོས་གྲུབ་དང་། རང་གི་རྟོག་པ་ལས་གསུངས་པའི་རང་གི་ལྷ་མོ་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་བྱས་ནས་མདུན་དུ་ཡང་། རང་གི་ལྷ་ལ་སོགས་པའི་ལྷ་རྣམས་ལ་རང་གི་ཕྱག་རྒྱ་བཞིས་རྒྱས ་བཏབ་ནས། མངོན་པར་འདོད་པའི་ཕྱག་རྒྱ་བཅིངས་པས་བསྒྲུབ་པར་བྱའོ།། ཞེས་བྱ་བའི་དྲིན་འང་བསྟན་པར་བྱ་བའི་ཕྱིར། དེ་ནས་དང་པོའི་དཀྱིལ་འཁོར་གྱི་གསང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པོ་འད་ཡིན་ནོ་ཞེས ་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་སྐབསུ་བབ་པའོ།། དང་པོའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ།། དེ་ལ་གསང་བའི་དམ་ཚིག་གི་ཕྱག་རྒྱ་ནི་གསུང་བའི་དཀྱིལ་འཁོར་གྱི་རྡོ་རྗེ་སེམས་དཔའ་ལ ་སོགས་པ་རྣམས་ཀྱི་དམ་ཚིག་འཛིན་པའི་ཕྱག་རྒྱ་རྣམས་ཏེ། དེ་རྣམས་བཅིང་བ་ནི་འཆིང་བའི་མཚན་ཉིད་སྐབསུ་བབ་པ་ཡིན་ནོ།། དེ་ལ་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་བསྡོམས་པ་ནི་གོ་སླའོ།། རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས ་བ་ལ་རྡོ་རྗེ་བསྡུམས་བླ་བཅིངས་ལ་གཡོན་པའི་མཛུབ་མོ་དང་མཐེ་བོ་གཉིས་ཀྱི་ཚོགས་གསུམ་པ་ཕན་ཚུན་སྦྱར་ནས་སྐྱེ་གནས་སུ་བྱས་ལ། དེ་གཉིས་ཀྱི་བུ་གར་གཡས་པའི་མཐེ་བོ་འོག་ཏུ་ཁ་བལྟ་བ་བཅུག ་ནས་བཙིར་བར་བྱས་ཏེ། དེ་ནས་མཐེ་བོ་དེ་ཉིད་དེ་ཉིད་དུ་བསྐྱོད་ལ་ལྕགས་ཀྱུའི་རྣམ་པ་བྱས་པའི་མངའ་ལྔ་བསྡུས་པ་ཞེས་བྱ་བ་ལ་སོགས་པ་ལ། འདི་བཅིངས་ནས་སོར་མོ་དབུས་མ་གཉིས་ནང་དུ་བཅུག་ལ། རྩེ་མོའི་སྦྱོར་བས་གཟུང ་བར་བྱའོ།། མཐེ་བོ་བསྙམས་པའི་མཐའ་རྡོ་རྗེ་ཞེས་བྱ་བ་མཐེ་བོ་གཉིས་བསྙམས་ལ་སྦྱར་ནས་རྩེ་མོ་དང་མཐེ་ཆུང་གཉིས་ཀྱང་བསྣམས་ལ་སྦྱར་ལ་རྩེ་མོར་བྱས་ཏེ། མཐེ་བོ་དང་མཐའ་མ་བསྣམས་པའི་རྡོ་རྗེར་འགྱུར་རོ།། འདིའི་ཁྱད ་བ་རཱི་ཛཾ་ལྟ་བུ་ཡིན་ཅེ་ན། དེ་དང་པོར་ཞེས་བྱ་བ་ལ་སོགས་པ་ལ་གང་ཞིག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ལ་བྱིན་པ་དང་པོ་སྟེ། འདི་ནི་བདེ་བ་བསྟན་པ་ནི་མི་ཕྱེད་པ་རྡོ་རྗེ་ལྟ་བུ་སྟེ། བདུད་ཐམས ་ཅད་ཀྱིས་མི་ཕྱེད་པ་ཉིད་ཀྱི་ཕྱིར་རོ།། འདྲས་ནི་འདི་ལྟར་བཤད་པར་འགྱུར་ཏེ། མདའ་ལྔ་བསྡུས་པ་བཅིངས་ནས། སོར་མོ་དབུས་མུ་གཉིས་ནང་དུ་བཙུག་ལ། རྩེ་མོར་བྱས་ཏེ་མཐེ་བོ་གཉིས་དང་། མཐ་ཆུང་གཉིས་ཀྱི་ཟུར་ལ་རྩེ་མོ ་གཉིས་བྱས་ཏེ། འདི་ནི་དང་པོའི་རྡོ་རྗེ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་པ་ཡིན་ནོ།། མཐེབ་མཛུབ་རྩེ་སྦྱར་དབུས་མའི་རྩེ།། མིག་འབྲས་ལྟར་བྱས་འཛིན་པ་ཡི་ཞེས་བྱ་བ་ལ། དང་པོའི་རྡོ་རྗེའི་གཡོན ་པའི་སོར་མོ་དབུས་མའི་རྩེ་མོ་གཡས་པའི་མཛུབ་མོ་དང་མཐེ་བོ་ཞགས་པའི་རྣམ་པས་བཟུང་བ་སྟེ། འདི་ནི་རྡོ་རྗེ་མཚོན་ཆ་མའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། དབུས་མའི་རྡོ་རྗེའི་འོག་ཏུ་ནི།། མཐེ་བོང་གྲིས་མནན་བཙིར་བར་བྱ་ཞེས ་བྱ་བ་ནི།། དང་པོ་རཾ་རྡོ་རྗེ་ཁོ་ན་ལས།། དབུས་མའི་རྡོ་རྗེ་མཐེ་བོ་གཉིས་ཀྱི་དེ་ཉིད་དུ་སྦྱར་ལ། རབ་ཏུ་བཙིར་བ་འདི་ནི། ཀཱི་ལི་ཀཱི་ལའི་ཡིན་ནོ།། རྡོ་རྗེ་འདྲེན་མ་དང་འདྲ་བའི།། སྲིན་ལག་མཐེའི་ཆུང་ཁ་ཕྱེ་བའི་ཞེས་བྱ་བ་ནི། རྡོ་རྗེ་མཚོན་ཆ ་མིའི་ཕྱག་རྒྱ་ནི་རྡོ་རྗེ་འདྲེན་མ་སྟེ། སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་སྦྱར་པོའི་རྩེ་མོའི་ཁ་ཕྱེ་བ་ནི་རྡོ་རྗེ་དྲན་མའིའོ།། བསྐོར་ནས་པུས་མོར་བཞག་པ་ནི་ཞེས་བྱ་བ་ནི་དུང་པོའི་རྡོ་རྗེ་ཁོ་ན་གཡས་པའི་པུས་མོའི་ཕྱོགས་སུ ་བཞག་ནས་བསྐོར་ཏེ། པུས་མོ་གཡོན་པའི་ཕྱོགས་སུ་འཛིན་པ་ནི་རྡོ་རྗེ་མཚོན་ཆུ་མའིའོ།། གྱེན་དུ་འཕང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་ཁོ་ན་མེ་ཏོག་དབུལ་བའི་ཚུལ་གྱིས་གྱེན་དུ་གཏོར་བ་ནི་རྡོ་རྗེ་དཔྱིང་མའིའོ།། ཐུར་དུ་ཐུགས་པ ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་ཁོ་ན་སྤོས་དབུལ་བའི་ཚུལ་དུ་ཐུར་དུ་ཐུགས་པ་ནཱི་རྡོ་རྗེ་སྤྲིན་མའིའོ།། མཐེ་བོ་སྦྱར་བས་བསྐོར་བའིའོ།། ཞེས་བྱ་བ་ནཱི་དང་པོའི་རྡོ་རྗེ་དེ་ཁེ་ན་ལས་མཐེ་བོ་གཉིས་ཕན་ཚུན་གྱི་ཕྱོགས་སུ་ཡང་དག་པར ་སྦྱར་ནས། རྩེ་མོ་གྱེན་དུ་བྱས་ལ། མར་མེ་དབུལ་བའི་ཚུལ་གྱིས་བསྐོར་བ་ནི། རྡོ་རྗེ་སྟོན་ཀ་མའིའོ།། རབ་ཏུ་བརྐྱང་ཞིང་བྱུག་པ་དང་། བསྐོར་ཞིང་སྤྱི་བོར་གནས་པའོ།། ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་རབ་ཏུ་བརྐྱང་བ་དེ་ཉིད་དྲི་བྱུག ་བའི་ཚུལ་དུ་བྱས་ནས། སྐྱུར་ཡང་དང་པོའི་རྡོ་རྗེ་དེ་ཉིད་བསྐོར་ཞིང་སྤྱི་བོར་འཛིན་པ་སྟེ། འདི་ནི་རྡོ་རྗེ་དགུན་པའིའོ།། བསྐོར་ཞིང་སྙིང་གར་བཞག་པར་བྱ་བ་ནི་དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་སུ་གཡོན ་དུ་བསྐོར་ཞིང་འཛིན་པར་བྱེད་པ་སྟེ། འོད་ནི་སྒེག་མོའིའོ།། ཡོངས་སུ་བསྐོར་ཞིང་རྒོད་པའོ་ཞེས་བྱ་བ་ནི་དྲང་པོའི་རྡོ་རྗེ་རྒོད་པའི་ཚུལ་གྱིས་ཁ་ལྔ་ཡོངསུ་བསྐོར་ནུས། ཁའི་མཐའ་རུ་ཡོངསུ་འཛིན་པ་སྟེ། འདི་ནི་བཞད་མའི ་ཁཱ་ལས་གྱེན་དུ་དབྱུང་བ་ནི་ཞེས་བྱ་བ་ལ། དང་པོའི་རྡོ་རྗེས་ཚིག་འབྱིན་པའི་ཚུལ་དུ་བྱས་པ་འདི་ནི་གླུ་མའི་འོ།། དེ་བཞིན་གར་གྱིས་བསྐོར་བའོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ་གར་གྱིས་ཚུལ་དུ་བསྐོར་ནས། འདི་ནི ་རྡོ་རྗེ་གར་མའིའོ།། མཛུབ་མོའི་སོར་མོ་གཉིས་ཀྱིས་ནི་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་ཁོ་ན་ལས། མཛུབ་མོ་གཉིས་ལྕགས་ཀྱུ་མྲའིའོ།། གཡོན་པའི་མཛུབ་མོ་གཡས་ཀྱིས་གཟུང་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་མཛུབ་མོའི་མཛུབ་མོ ་ལྕགས་ཀྱུས་གཡོན་མཛུབ་མོ་བསྒྲེང་བ་བཟུང་བ་བྱས་པ་འདི་ནི་རྡོ་རྗེ་ཞགས་པ་མའིའོ།། མཛུབ་མོའི་མཐེ་བོར་བཅིངས་པ་ནི་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་ཁོ་ན་ལས། མཛུབ་མོ་དང་མཐེ་བོ་དག་གི་ཕན་ཚུན་ལུ་གུ་རྒྱུད་དུ ་བཅིང་བ་རྡོ་རྗེ་ལྕགས་སྒྲོགས་མའོའོ།། མཐེ་བོང་མཐའ་མའི་ནང་དུ་གཞུག་ཅེས་བྱ་བ་ནི། དང་པོའི་རྡོ་རྗེ་ལས་མཐེ་བོ་རང་གི་སྲིན་ལག་དང་མཐེ་ཆུང་གི་ནང་དུ་འཛིན་པ་འདི་ནི། རྡོ་རྗེ་དྲིལ་བུ་མའི་དམ་ཚིག་གི ་ཕྱག་རྒྱའོ།། ཁུ་ཚུར་གྱི་ཕྱག་རྒྱ་རྣམསོ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས་ཀྱི་རྡོ་རྗེ་རྣམས་ཆོས་བདག་མེད་པའི་སྦྱོར་བས་གཅིག་ཏུ་བྱེད་པ་ནི་ཁུ་ཚུར་སྟེ། དེ་དང་རྒྱུ་མཐུན་པའི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཡང ་སྟོན་པར་བྱེད་པའོ།། དཔྲལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ནི་ཁུ་ཚུར་གྱི་ཕྱག་རྒྱ་ཞེས་བརྗོད་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལྔ་དེ་ནས་ཞེས་བྱ་བའི་སྒྲ་ནི་སྐབསུ་བབ ་པའོ།། དོན་ཡོད་པ་དང་ཐོགས་པ་མེད་པ་ནི་གོ་སླའོ།། འདི་རྣམས་ཁོ་ན་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་ལ་སོགས་པ་རྣམས་ཀྱིའོ།། ལས་ཀྱི་ཕྱག་རྒྱ་བཅིང་བ་ཞེས་བྱ་བ་ནི། ལས་ཀྱི་ཕྱག་རྒྱ་བཅིང་བའི་མཚན་ཉིད་དོ།། མཆོག་ཏུ་གསུང ་བ་ཞེས་བྱ་བ་ནི། མཆོག་ཀྱང་ཡིན་ལ་གསང་བ་ཡང་དེ་ཉིད་ཡིན་པས་ན་མཆོག་ཏུ་གསང་བའོ།། མཆོག་ནི་ཕུལ་དུ་བྱུང་བའོ།། གསང་བ་ནི་སྐྱེ་བོ་ཐམས་ཅད་ཐུན་མོང་མ་ཡིན་པའོ།། བླ་ན་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། དེའི་གོང ་ནས་གཞོན་མེད་པས་ན། བླ་ན་མེད་པ་ཉིད་ཀྱི་ཕྱིར་བླ་ན་མེད་པ་སྟེ་ཕུལ་དུ་བྱུང་བའོ།། ལས་ཀྱི་ཚོགས་སྒྲུབ་པར་བྱེད་པ་ནི་སྐད་ཅིག་མས། རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལ་སོགས་པའི་ལས་ཀྱི་ཚོགས་རྫོགས་པར་བྱེད་པ་གང་ཡིན་པ ་དེ་སྐབས་སུ་བབ་པ་འདི་ཡིན་ཏེ། གནོད་པར་མི་ནུས་པ་ནི་སྔགས་ལ་སོགས་པས་གནོད་པར་མི་ནུས་པ་སྟེ། སངས་རྒྱས་ཐམས་ཅད་དང་བཅས་པའི་རྡོ་རྗེ་འཆང་བ་དག་གིས་ཀྱང་། གནོད་པར་མི་ནུས་སོ།། དེ་ལ་བདེ་བ་ཆེན ་པོའི་རྡོ་རྗེ་དབུས་མའི་ལས་ཞེས་བྱ་བ་ནི། དང་པོའི་རྡོ་རྗེ་ཁོ་ན་བདེ་བ་ཆེན་པོའི་རྡོ་རྗེ་སྟེ། དབུས་མ་རཱི་རྩེ་མོ་དེ་ཉིད་ཀྱིས། རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལ་སོགས་པའི་ལས་བྱེད་པར་འགྱུར་བས་ན། དབུས་མཱའི། ་ལས་སོ།། རྡོ་རྗེ་སེན་མོ་རྩེ་མོ་མཆུ་ལ་སོགས་པར་བཞག་པར་བྱ་ཞེས་བྱ་བ་ལ། རྡོ་རྗེ་ནི་དབུས་མའི་རྩེ་མོ་སྟེ། དེའི་སེན་མོ་དག་གོ།། རྩེ་མོ་མཆུ་ལ་སོགས་པ་གང་ལ་ཡོད་པ་དེ་ནི། རྩེ་མོ་མཆུ་ལ་སོགས་པ་ཅ་ནོ།། རྡོ་རྗེ་སེན་མོ་ཡང་དེ་ཡིན ་ལ་རྩེ་མོ་མཆུ་ལ་སོགས་པ་ཡང་དེ་ཉིད་ཡིན་པས་ན། རྡོ་རྗེ་སེན་མོའི་རྩེ་མོ་མུཆུ་ལ་སོགས་པ་ཅན་ཏེ། དེ་དག་བཞག་པར་བྱའོ།། འདིའི་དོན་ནི་འདི་ཡིན་ཏེ། སྒྲུབ་པ་ཆེན་པོ་ལ་ཞུགས་པའི་རྣལ་འབྱོར་པ་གལ་ཏེ་གྲུབ་པར་མ་གྱུར་ན། དེའི ་ཚེ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ཏེ། དང་པོའི་རྡོ་རྗེ་བཅིངས་ནས། དེའི་དབུས་མའི་རྡོ་རྗེ་རྩེ་མོ་གཉིས་མཆུ་དང་། དཔྲལ་བ་དང་། སྤྱི་བོ་དང་སྤྱི་ག་རེ་བཞག་ཅིང་བདག་ཉིད་རྡོ་རྗེ་འཚང་ཆེན་པོར་བསྒོམ་པར་བྱའོ།། འཁོར ་ལོ་རབ་ཏུ་བསྐོར་བ་ཞེས་བྱ་བ་དེ་བཞིན་དུ་དོ་ལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། དེའི་དབུས་མའི་རྩེ་མོ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་དུ་བྱས་ཤིང་། ཨ་ནུ་རཱ་ག་ཡ་མི་ཧཱུཾ། ཞེས་བྱ་བ་བརྗོད་ཅིང་། ་ཀུན་ཏུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ལ་ཆོསཽ་བསྟན་པར་མཛད་པའི་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་སུ་བདག་ཉིད་བསམ་པར་བྱའོ།། རྡོ་རྗེ་ནོར་བུ་ཞེས་བྱ་བ་ནི་དེ་བཞིན་དུ་དཔལ་རྡོ་རྗེ ་སེམས་དཔའི་རྣལ་འབྱོར་བྱས་ནས། དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་རིན་ཆེན་བྱས་ཏེ། ཨཱ་ནུ་རཱ་ག་ཡཱ་མི་ཧཱུཾ། ཞེས་བྱ་བྱ་བརྗོད་ཅིང་རིན་པོ་ཆེའི་རིགས་ཀྱི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ།། ཇི་ལྟར་འདོད་པའི་དངོས་གྲུབ ་ཀུན་བྱེད་པ་རྣམས། ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་དངོས་གྲུབ་ནི། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་འདོད་པའི་དངོས་གྲུབ་བོ།། ཀུན་ཏུ་བྱེད་པ་ནི་ཇི་ལྟར་མངོན་པར་འདྲེནཱ་པ་སྟེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར ་བྱས་ནས། དང་པོའི་རྡོ་རྗེ་བཙོངས་ཏེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་ཚུལ་དུ་དབུས་མའི་རྩེ་མོས་བྱས་ཏེ། ཨ་ནུ་རཱ་གཱ་ཡེ་ཝི་ཧཱུཾ་ཞེས་བྱ་བ་བརྗོད་ཅིང་། རྡོ་རྗེ་སེམས་དབྱའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཀྱི་རང་བཞིན ་དུདུ་བདག་ཉིད་བསམ་པར་བྱའོ།། ཀུན་ཏུ་བྱེད་པ་ཞེས་བྱ་བའི་སྒྲ་འདི་ནི། རྣལ་འབྱོར་བཞི་ཆུར་ལ་ཡང་སྦྱར་བར་བྱའོ།། དེ་རྣམས་ཀྱིས་འབྲས་བུ་བསྟན་པའི་ཕྱིར། རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ལྔ་སོགས་པ་གསུངས་ཏེ། དེ་ལྔ་རྡོ་རྗེ་སེན་མོའི ་རྩེ་མོའི་མཆུ་ལ་སོགས་པར་བཞག་པས་རྡོ་རྗེ་འཆུང་ཆེན་པོའི་དངོས་གྲུབ་བོ།། འཁོར་ལོ་རབ་ཏུ་བསྐོར་བའི་ཚུལ་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དངོས་གྲུབ་བོ།། རྡོ་རྗེ་ནོར་བུའི་སྦྱོར་བའི་ཚུལ་གྱིས་རྡོ་རྗེ་རིན་པོ་ཆེའི་རིགས ་ཀྱི་དངོས་གྲུབ་བོ།། ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཚུལ་གྱིས་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་ལས་བཞི་པོ་བསྟན་ནས། ད་ནི་རྡོ་རྗེ་མཚོན་ཆ་མ ་ཡི་རྣལ་འབྱོར་རྨི་ལས་ཀྱི་ཆོ་ག་ད་སྷོཿབྷཱ་བ་དྨ་བྱ་བའི་བྷི། རྡོ་རྗེ། ཛྙཱན་མས་རྣ་མིག་བླསྭཱ་སསྷོ།། ཞེས་བྱ་བྲགས་ས་། དྷཱམྦུ་མ་ནས་ནྡ་ནམྦྷ་རློག་ག་དུགན་མཱ་ན ་ཏེ་མིག་གཉིས་ཀྱི་ཐམས་ཅད་རྗེ་སུ་ཆགས་པར་བྱེད་པ་ལ་སོགས་པའི་ལས་ནི་མིག་འབྲས་གཉིས་ཀྱི་ལས་ཡིན་ནོ།། མྱིག་གཡོན་པ་དང་གཡས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་མཚོན་ཆུ་མའི་རྣལ་འབྱོར་བྱས་ནས། རྡོ་རྗེ ་འདྲེན་མ་བཅིངས་ལྔ་རྡོ་རྗེ་མཚོན་རྒྱུ་མའི་སྙིང་པོ་བརྗོད་ཅིང་། མིག་གཡོན་པ་དང་གཡས་པ་སྟེང་དུ་བལྟས་པས་རྡོ་རྗེ་ཡིད་ལ་བྱུང་བ་ལ་སོགས་པ་ཐམས་ཅད་རྗེ་སུ་ཆགས་པར་བྱས་པ་ཡིན་ནོ།། མིག་ཚུར་འདྲེན་པས་དགུག་པའི ་ཞེས་བྱ་བ་ནི། དེ་བཞིན་དུ་རྡོ་རྗེ་མཚོན་ཆ་མའི་རྣལ་འབྱོར་གྱིས་རྡོ་རྗེ་འདྲེན་མ་བཅིངས་ལ་མིག་འབྲས་ཚུར་འདྲེན་པ་དག་གིས་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་དངོས་པོ་ཐམས་ཅད་དགུག་པར་འགྱུར་རོ།། འཇུག་པ་ཐམས ་ཅུང་འཇུག་པའོ་ཞེས་བྱ་བ་ལ་དེ་བཞིན་དུ་རྡོ་རྗེ་མཚོན་མ་ཆ་མའི་རྣལ་འབྱོར་གྱིས་རྡོ་རྗེ་འདྲེན་མུ་བཅིངས་ལ། རང་གི་ལུས་ལ་སོགས་པར་རྡོ་རྗེ་ལིད་ལས་བྱུང་བ་ལ་སོགས་པ་དངོས་པོ་ཐམས་ཅད་གཞུག་པའི་བསམ་པས ་མིག་འབྲས་རབ་ཏུ་གཞུག་པར་བྱས་ལ་དངོས་པོ་ཐམས་ཅད་འཇུག་པར་འགྱུར་རོ།། ཆེན་པོའི་རྡོ་རྗེ་ནི་དང་པོའི་རྡོ་རྗེ་སྟེ། དེའི་དབུས་མའི་རྩེ་མོ་ལས་ཐམས་ཅད་བྱེད་པར་འགྱུར་བའི་ཚུལ་དུ། ཨ་ནུ་རཱ་ག་ཡ་མཾ་ཧཱུཾ་ཞེས་བྱ་བའི ་བཟླས་པ་བྱ་ཞིང་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་པ་ལས་ཐམས་ཅད་སྒྲུབ་པར་བྱེད་པས། དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར་རོ།། སྒེག་མོ་དགའ་བའི་རྡོ་རྗེ་མ་ཞེས་བྱ་བ་ལ་སོགས་པ་ལ། འདས་མཱ་ཐག་ཏུ་བཤད ་པའི་ལྔས་འདི་རྣམས་ཁོ་ན་སྒེག་མོ་དགའ་བའི་རྡོ་རྗེ་མས་ཕྱག་འཚལ་ཞིང་། ཕྱག་བཅོ་ལཱ་ནས་མི་གཡོ་བ་ལས་གྲུབ་པའི་ཚུལ་དུ་བྱས་ན་ཐོག་མ་མེད་པར་འགྲུབ་པས་ལས་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ།། དེ་བཞིན ་དུ་རང་གི་ཕྱག་མཚན་རྣམས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ།། ཞེས་བྱ་བ་ནི་ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་ལས་ཐམས་ཅད་ཡོད་ཅིང་འགྲུབ་པས་འགྲུབ་པར་འགྱུར་བ ་འགྱུར་བ་དེ་བཞིན་དུ་རྡོ་རྗེ་མཚོན་ཆེ་མ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་དང་། རང་རང་གི་སྙིང་པོ་བཟླས་པ་ལས་ཐམས་ཅད་དོན་ཡོད་ཅིང་འགྲུབ་པར་འགྱུར་བ་ཡིན་ནོ།། དེ་ལྟར་གསང་བའི་དཀྱིལ་འཁོར་གྱི ་དམ་ཚིག་ཕྱག་རྒྱ་རྣམས་དང་། ལས་འགྲུབ་པར་བྱེད་པོའི་ཕྱག་རྒྱ་རྣམས་བསྟན་པ་ཡིན་ནོ།། ཕྱག་རྒྱ་ཆེན་པོ་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་དང་། མཆོད་པའི་ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་བཟུང་བར ་བྱའོ།། དང་པོ་ཉིན་རེ་ལན་གཅིག་ཏུ་ཕྱག་རྒྱ་ཆེན་པོས་སྙིང་པོ་བཟླ་ཞེས་བྱ་བ་ལ་སོགས་པ་ལ་ཇི་ལྟར་ཡང་གསུངས་པའི་ལས་རྣམས་བྱེད་པར་འདོད་ན། རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ནས་རང་གི་ལྷའི ་ཕྱག་རྒྱ་རྣམས་རང་གི་ལྷའི་སྙིང་པོ་བཟླ་ཞིང་བཅིང་བར་བྱའོ།། དེའི་འོག་ཏུ་རྡོ་རྗེ་སེམས་དཔའི་ལས་སྒྲུབ་པར་བྱེད་པས། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བའི་ཉེ་བའི་སྙིང་པོ་དང་བཅས་པའི་སྙིང་པོ་བཟླ་ཞིང ་ལས་ཐམས་ཅད་བསྒྲུབ་པར་བྱ་བ་ཡིན་ནོ།། རྡོ་རྗེ་མཚོན་ཚྭ་མ་ལ་སོགས་པའི་ཟློས་པ་པོ་རྣམས་ཀྱིས་ཀྱང་ཨ་ནུ་རཱ་གྲ་ཡ་མི་ཧཱུ~ཾ་བཛྲ་དྲྀཥྚ~ཾ་ས་མ་ཀི་མ་ཊ་ཞེས་བྱ་བ་ལ་སོགསོ་བའི་རྡོ་རྗེ་མཚོན་ཚྭ་མ་ལ་སོགས་པའི་སྙིང་པོ་བཟླ ་ཞིང་ཇི་ལྟར་གསུངས་པའི་ལས་རྣམས་བསྒྲུབ་པར་བྱ་བ་ཡིན་ནོ།། ཐམས་ཅད་ཡོད་པར་གྲུབ་པ་ཞེས་བྱ་བ་ནི་གང་ཞིག་ཉེ་བའི་སྙིང་པོ་འདི་ཐམས་ཅད་དོན་ཡོང་བར་སྒྲུབ་བྱར་བྱེད་པས་ན་དེའི་ཕྱིར། དེ་དང་ལྷན་ཅིག་ཏུ་སྙིང་པོ ་ཐམས་ཅད་བཟླས་ནས་ཐམས་ཅད་སྒྲུབ་བྱར་བྱེད་པ་ཡིན་ནོ།། བདེ་བ་ཆེན་པོའི་རྡོ་རྗེ་ནི་ཇི་ལྟར་བཤད་པོའོ།། དེརི་གསང་བའི་རྟོག་པ་ནི་སེམས་དཔའི་གསང་བའི་འཁོར་གྱི་རྟོག་པོའི་རྗེས་ལ་བྱེ་ཤོད་པའོ།། དེའི་མཆོག་ནི་ཕུལ་དུ ་བྱུང་བ་སྟེ་ཡི་གེ་ཧཱུཾ་གི་རང་བཞིན་གྱི་སྙིང་པོའོ།། དེ་ཅིའི་ཕྱིར་ཕུལ་དུ་བྱུང་བ་ཡིན་ཞེ་ན། ཕྱི་མ་ཞེས་བྱ་བ་ལ། ཕྱི་མ་ནི་མཆོག་ཏུ་གྱུར་པ་སྟེ། ཐུགས་ཀྱི་གསང་བ་སྟོན་པར་བྱེད་པའོ།། ཞེས་བྱ་བའི་དོན་ཏོ།། སྒྲུབ་པ་དོན་ཡོད་དམ་ཚིག་ནི ་ཞེས་བྱ་བ་ལ། སྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སྟེ། འབྲས་བུ་ཡོད་པའི་རྒྱུ་ཉིད་ཡིན་པའི་ཕྱིར། དོན་ཡོད་པའི་དམ་ཚིག་གོ།། དོན་ཡོད་པའི་དམ་ཚིག་ཡིན་པའི་ཕྱིར་དེ་ཉིད་སྙིང་པོས་སྐད་ཅིག་དངོས་གྲུབ་ཞེས་བྱ་བ ་ཡིན་ནོ།། རྩ་བའི་རྒྱུད་ཅེས་བྱ་བ་ནི་འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་བཅུ་གཅིག་གི་རྒྱུད་དེ་ནི་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མའི་འོག་ནས་འཆད་པར་འགྱུར་བའི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་སྟོན་པར ་བྱེད་པའོ།། འདི་གཉིས་དང་བཅས་པ་འདས་མ་ཐག་ཏུ་བཤད་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྒྱུ་ནི་བླ་ན་མེད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་མཆོག་ནི་འདི་བཞིན་དུ་ཞེས་བྱ་བ་ལ། རང་གི་རྟོག་པའི་ཆོ་གས་ཕྱག་རྒྱའི་རྒྱུད་འདི་ཇི ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་རྫོགས་པར་བྱེད་པས། མཆོག་ཏུ་གྱུར་པ་དེ་བཞིན་དུ་དེ་དག་དང་བཅས་པ་ཡོད་བླ་ན་མེད་པའི་ཡེ་ཤེས་སྒྲུབ་པར་བྱེད་པ་ཡིན།། དཔལ་མཆོག་དང་པོའི་ཕྱག་རྒྱ་ཆེར་བཤད་པ། ཤེས། ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དུམ་བུ་གྲོཉིས་པའི་རྩ་བའི་རྒྱུད་ལས། དཔལ་རྡོ་རྗེ་སེམས་དཔའི་གསུང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བཤད་པ་རྫོགསོ།། ། ད་ནི་དུམ་བུ་གཉིས། ་བ་རྩ་བའི་རྒྱུད་ལས་གསུངས་པའི། དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ནས་བརྩམས་ཏེ། ཕྱག་རྒྱའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་ལ་སྟེ། ་གསང་བའི་དཀྱིལ་འཁོར་གྱི་ཕྱག་རྒྱ་བཅིངས་པའི་རྗེས་ཐོགས་ལའོ།། དང་པོའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱའོ།། ་དེ་རྣམས་ཀྱི་རྒྱུད་ནི་སྟོན་པར་བྱེད་པའི་སྒྲའི་ཚོགས་ཏེ། དེའི་ཆོ་ག་རྒྱས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྒྲུབ་པར་བྱེད་པའི་འབྲས་བུ་སྟོན་པའི་རྒྱུན་ནོ།། དེ་ལ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའི ་རྒྱུད་ནི་ཞེས་བྱ་བཱ་ལ། དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའི་རྟོགས་པ་དང་ཡེ་ཤེས་ཀྱི་བརྩོན་འགྲུས་ཀྱི་ལསོ།། དེ་སྟོན་པར་བྱེད་པ་དང་། དེ་དང་རྒྱུ་མཐུན་པ་དང་། དེ་བསྐྱེད་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་ནི་ལྔས ་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་མེད་པ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་དང་དྲལ་བྱའི་རྡོ་རྗེ་ཁུ་ཚུར་རྣམས་ནི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་མེད་པ་རྣམ་སོ།། དེ་དག་གི་ལུས་ཀྱི་ཕྱག་རྒྱ་རྣམས་རྟོགས་པར་བྱ་སྟེ། ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བ་སློབ་མ་རྣམས་ལ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གཡོན་དུ་རྡོ་རྗེ་བསྙེམས་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར ་གྱིས་བསྙེམས་པར་བྱས་ནས་གཡས་པའི་རྡོ་རྗེ་ཁུ་ཚུར་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་འཛིན་པ་འདི་ནི་རྡོ་རྗེ་བསྙེམས་པ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། འདིའི་ལས་བསྟན་པར་བྱ ་བའི་ཕྱིར་རབ་ཏུ་དགའོ་བ་བརྟན་པར་བྱེད་ཅིང་དངོས་གྲུབ་ཐམས་ཅད་སྟེར་བའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བ་ནི་བཤད་ཟིན་ཏོ།། དེ་བསྟན་པར་བྱེད་ཅིང་བརྩོན་འགྲུས་ཀྱི་སྟོབས་ཀྱིས་གང་གི་ཕྱིར་རྣལ་འབྱོར་པ་རྣམ་པར་རྟོག་པ་ཐམས་ཅད ་ཀྱིས་མྱི་བསྐྱོད་པའི་ཕྱིར་རབ་ཏུ་དགའ་བ་མི་ཕྱེད་པ་དང་ལྡན་པར་འགྱུར་བ་ཡིན་ནོ།། དངོས་གྲུབ་ཐམས་ཅད་སྟེར་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་གསོལ་བའོ།། འདིས་ནི་དོན་འདི་བསྟན་པར་འགྱུར་རོ།། ཕྱག ་ཆེན་པོ་ལ་སོགས་པོའི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་བྱེད་པས་ལས་ཀྱི་ཕྱག་རྒྱ་རྣམས་བཅིངས་པར་བྱ་བ་ཡིན་ནོ།། གཞུ་དང་མངའ་སྤྱོད་པས་རྡོ་རྗེ་མཚོན་ཆ་མའོ་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་རྡོ་རྗེ་གཞུ་འཛིན་པའི་ཚུལ་དུ་བྱས ་ལ་རྡོ་རྗེ་ཁུ་ཚུར་དེ་སྙིང་གོའི་ཕྱོགསུ་གྱེན་དུ་བལྟས་པར་བཞག་ནས་དེའི་སྟེང་དུ་གཡས་པའི་རྡོ་རྗེ་ཁྲོ་ཚུར་འོག་ཏུ་བལྟ་བྱེ་བཞག་སྟེ། སླར་ཡང་ངེས་མངའ་གསོར་པོའི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་ཡིད་ལས་བྱུང་བའིའོ།། འོག་ཏུ ་འཁྱུད་པ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདགུ་ཉིད་ཀྱི་མཚན་ཁྲུང་གི་འོག་ཏུ་འཁྱུད་པ་འདི་ནི་ཀཱི་ལི་ཀཱི་ལའིའོ།། རྒྱལ་མཚན་གྱེན་དུ་བསྒྲེང་བ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་རྒྱལ་མཚན་གྱེན་དུ་བསྒྲེང་བའི་ཚུལ་དུ་འཛིན ་བ་འདི་ནི་རྡོ་རྗེ་དྲན་པའིའོ།། རྡོ་རྗེ་བསྙེམས་པ་གཉིས་སྟོང་པ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངསཱ་ཏེ་ནང་དུ་མངོན་པར་ཕྱོགས་ཤིང་སྟེང་དུ་ཁ་བལྟ་བ་ངོས་ལག་པ་གཉིས་དཀུ་ལ་བརྟེན་པར་བྱས་པ་ནི། རྡོ་རྗེ་བསྙེམས་པའིའོ། ་སྒེག་པ་དང་བཅས་པས་མཐའ་ལ་སོགས་པ་བཀྲོལ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ་ཁུ་ཚུར་གཉིས་བཅིངས་ནས། སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པའི་སོར་མོ་ཐམས་ཅད་བཀྲོལ་ནས་གློག་འགྱུ་བའི་ཚུལ་གྱི ་གར་བྱའོ།། དེ་ཇི་ལྟ་བུ་ཞེ་ན། གཡས་སུ་ཡོངསུ་བསྐོར་བས་ཞེས་བྱ་བ་ནི་གཡས་སུ་བསྐོར་བས་ཡོངསུ་བསྐོར་བ་ནི་གཡས་སུ་ཡོངསུ་བསྐོར་བ་སྟེ། དེས་མེ་ཏོག་ལ་སོགས་པའི་ཀ་པུ་ཙ་གས་སུ་ཡོངསུ་བསྐོར ་བ་ནི་མེ་ཏོག་ལ་སོགས་པའི་ཀ་པུ་ཊའོ།། མེ་ཏོག་ལ་སྔོགས་སྟོན་པར་བྱེད་པའི་ཀ་པུ་ཊ་ནི་མེ་ཏོག་ལ་སོགས་པའི་ཀ་པུ་ཊ་ཀ་པུ་ཊའི་ཐལ་མོའོ།། སོགས་པའི་སྒྲས་ནི་སྤོས་དང་མེར་མེ་དང་དྲི་སྟོན་པར་བྱེད་པའི་ཀ་པུ་ཙ་ཤེས་པར་བྱའོ།། མེ ་ཏོག་ལ་སོགས་པའི་ཀ་པུ་ཊ་དེ་སྤྱི་བོའི་ཕྱོགས་སུ་འཛིན་ཅིང་དེ་ནས་ཕོབ་ལ་དེ་བཞིན་དུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བྱའོ་ཞེས་བྱ་བ་དང་སྦྱར་རོ།། ཇི་ལྟར་ཞེ་ན། རྡོ་རྗེ་ཐལ་མོས་ཞེས་བྱ་བོའི་མེ་ཏོག་ལ་སོགས་པའི་ཀ་པུ ་ཊ་དེ་ཕབ་ནས་རྡོ་རྗེ་ཐུལ་མོ་བྱས་ཏེ། བྱེད་པར་གྱུར་རྡོ་རྗེ་ཐལ་མོ་དེ་རྣམ་པར་འགྱུར་བ་མིནྡ་ནམ་མ་ཡིན་ཅེ་ན་བཀྲོལ་བ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་བཀྲོལ་བའི་ཚུལ་དང་བཅས་པསོ།། སྒེག་པ་དང་བཅས་པས་མཆོད་པ་ངོར ་བའོ།། ཞེས་བྱ་བ་ནི་སྒེག་པོ་དང་བཅོས་པས་མེ་ཏོག་ལ་སོགས་པ་འབུལ་བའི་ཚུལ་གྱིས་དོར་བར་བྱའོ།། དེ་ལ་རྡོ་རྗེ་ཐལ་མོས་སྒེག་པ་དང་བཅས་པས་མཆོད་པ་དོར་པོ་ཇི་ལྟ་བུ་ཞེ་ན་དེ་བཞིན་དུའོ་ཞེས་བྱ་བ་སྟེ། ཇི་ལྟར་དམ་ཚིག ་གི་ཕྱག་རྒྱའི་སྐབས་སུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བསྟན་པ་དེ་བཞིན་དུ་ལས་ཀྱི་ཕྱག་རྒྱའི་སྐབསུ་འདིར་ཡང་བྱ་བ་ཡིན་ནོ།། འདིས་ནི་འདི་ལྟར་འཆད་པར་འགྱུར་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཇི་སྐད་བཤད ་བའི་རྡོ་རྗེ་མཚོན་ཆ་མའི་སྙིང་པོ་བརྗོད་ཅིང་གར་བྱ་སྟེ། ཀ་པུ་ཊའི་ཐལ་མོ་བཅིངས་ལ་སྤྱི་བོར་གཟུང་བར་བྱ་སྟེ། དེ་ནས་དེ་ལྔས་ཕབ་ནས་རྡོ་རྗེ་ཐལ་མོ་བཅིངས་ཏེ། དེ་ནས་རྗེས་ལ་སྒེག་པ་དང་བཅས་པས་མེ་ཏོག་འབུལ་བའི ་ཚུལ་གྱིས་སྟེང་དུ་གཏོར་བར་བྱ་སྟེ། དེ་ནས་རྡོ་རྗེ་མཚོན་ཆ་མའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་ཀཱི་ལི་ཀཱི་ལའི་སྙིང་པོ་བརྗོད་ཅིང་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངས་ལ་དེ་ཉིད་སྒེག་པས་སྤོས་འབུལ་བའི་ཚུལ་གྱིས ་འོག་ཏུ་ལྡུགས་པ་སྟེ། དེ་ནས་ཀཱི་ལོ་ཀཱི་ལཱའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་དྲན་མོའི་སྙིང་པོ་བརྗོད་ཅིང་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངསཾ་ལ་དེ་ཉིད་སྒེག་པས་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ནས་བསྐོར་བར་བྱ ་སྟེ། རྡོ་རྗེ་དྲན་མའི་ལས་ཀྱིས་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་བསྙེམས་མའི་སྙིང་པོ་བརྗོད་ཅིང་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངས་ནས་དེ་ཉིད་སྒེག་པས་སྙིང་གཱའི་ཕྱོགསུ་བརྐྱང་ལ་དྲིས་བྱུག་པའི་ཚུལ་དུ་སྦྱར་ཏཱཾ། རྡོ་རྗེ་ཐལ་མོ་སྤྱི་བོར ་གཟུད་པར་བྱ་སྟེ། དེ་ནས་རྡོ་རྗེ་བོསྙེམས་མའི་ལུས་ཀྱིས་ཕྱག་རྒྱ་བཅིང་བར་བྱའོ།། རྡོ་རྗེ་ཡིད་ལས་བྱུང་བ་དང་། ཀཱི་ལཱི་ཀཱི་ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་བསྙེམས་པའི་ལས་ཀྱི་ཕྱག་རྒྱ་རྣམས་གང་ཡིན་པ་དེ་ཉིད་གོ་རིམ་ཇི་ལྟ་བ་བཞིན ་དུ་རྡོ་རྗེ་མཚོན་ཚེ་མ་དང་། ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་བསྙེམོས་མ་ལ་སོགས་པ་རྣམས་ཀྱི་ཡིང་ཡིན་པར་གཟུང་བར་བྱའོ།། དེ་ལྟར་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་དཔྱིད་ཀ་རྡོ་རྗེ་མ ་ལ་སོགས་པའི་ལུས་ཀྱི་ཕྱུག་རྒྱ་བྱསྠཱནྡྷ་པར་བྱ་བའི་ཕྱིར། རྡོ་རྗེ་གར་ནི་ནང་གི་མཚམས་རྣམས་ལའོ།། ཞེས་བྱ་བ་ལ་རྡོ་རྗེ་གར་ནི་འདས་མ་ཐག་ཏུ་བཤད་པའི་མཚན་ཉིད་ཅན་ཏེ། ནང་གི་མཚམས་བྱ་ཞི་བོ་ལ་དབྱུང ་ཀ་རྡོ་རྗེ་མ་ལ་སོགས་པ་བཞི་དང་། ཕྱིའི་དཀྱིལ་འཁོར་གྱི་མཚམས་བཞི་ལ་སྒེག་མོ་ལ་སོགས་པ་རྣམས་ཀྱི་ལྔས་ཀྱི་ཕྱག་རྒྱ་བསྐྱེད་པའི་རྒྱུར་གྱུར་པ་ཤེས་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རྫོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཕྱིའི ་ཡོ་དྱད་མཱི་ཏོག་དང་སྤོས་དང་མཱར་མྱེ་དོང་དྲི་དང་ལྡན་པ་ནི་རྫོགས་པའོ།། མཱ་ཚང་བ་ནི་དེ་དང་བྲལ་བའོ།། ཡང་ན་ཇི་ལྟར་རྙེད་པའི་ཞེས་བྱ་བ་ལ་མེ་ཏོག་ལ་སོགས་པའི་མཆོད་བྱའི་རྫས་རྣམས་ལས་ཕྱོགས་གཅིག་ཐོབ་པ་ནི་ཇི་སྙེད ་པ་སྟེ། ཇི་སྙེད་པ་དེས་ཀྱང་ངོ་།། མེ་ཏོག་ལྔ་སོགས་པའི་མཆོད་པ་རྣམས་ཀྱི་མཚན་མ་ནི་མེ་ཏིག་ལ་སོགས་པའི་མཆོད་པའི་མཚན་མོ་སྟེ། མེ་ཏོག་ལ་སོགས་པའི་ཚུལ་རྣམ་སོ།། སོགས་པའི་སྒྲས་ནི་སྤྲོས་ལ་སོགས་པ་གཟུང་བར ་བྱཙོ། མེ་ཏོག་ལ་སོགས་པའི་མཆོད་པའི་མཚན་མ་དེ་རྣམས་ཀྱི་དངོས་གྲུབ་ཀུན་གསོལ་ཐུན་མོང་ཡིན་ཞེས་བྱ་བ་ནི་དཔྱིང་ཀ་རྡོ་རྗེ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་གྲུབ་པའི་ཕྱིར།། ཐུན་མོང་གི་རྒྱུར་གྱུར་པ་རྡོ་རྗེ་ཡིན་པས ་ནོ།། དབྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའི་རྒྱུར་གྱུར་པ་ཡིན་ནོ།། དཔྱིད་ཀ་རྡོ་རྗེ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་མ་རྣམས་ཀྱི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། དམ་ཚིག་གི་ཕྱག་རྒྱའི་སྦྱོར་བ ་མཚན་མ་ཡོངས་སུ་བཟུང་བ་ཞེས་བྱ་བ་ལ་ཇི་ལྟར་དཔྱིང་ཀའི་རྡོ་རྗེ་མཱ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་བསྟན་པ་དེ་བཞིན་དུ་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ཡང་དེ་ཡིན་ནོ།། འདིས་ནི་འདི་ལྟར་བསྟན་པར་འགྱུར་ཏེ། ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། དབྱིང་ཀ་རྡོ་རྗེ་མའི་སྙིང་པོ་བརྗོད་ཅིང་གུར་བྱས་ཏེ་སྔ་མ་བཞིན་དུ་ཀཱ་པུ་ཊའི་ཐལ་མོ་སྤྱི་བོའི་ཕྱོགས་བཅིང་བར་བྱ་ཞིང་དེ་ན་དེ་པར་རྡོ་རྗེ་ཁུ་ཚུརརོ་གཉིས་བསྐོར་བས་བཅིངས་ཏྲཾ་མེ་ཏོག་འབུལ་བའི་ཚུལ་གྱིས ་སྟེང་དུ་གཏོར་བྱར་བྱ་སྟེ། འདིས་ནི་དཱིཔྱོད་ཀ་རྡོ་རྗེ་མའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་སྤྲིན་མཱའི་སྙིང་པོ་བརྗོད་ཅིང་། རྡོ་རྗེའི་གར་བྱཱ་སྱེ་ཀ་པུ་ཊའ་ཐལ་མོ་སྤྱི་བོའི་ཕྱོགསུ་བཅིངས་ལ་ཕབ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བསྐོར་བྱ ་བཅིངས་ཏེ་མེ་ཏོག་སྤོས་འབུལ་བའི་ཚུལ་གྱིས་ལྡུགས་པར་བྱ་སྟེ་འདི་ནི་རྡོ་རྗེ་སྤྲིནྡ་མཱའིའོ།། དེ་ནས་དེ་བཞིན་དུ་སྟོནྟ་ཀའི་རྡོ་རྗེ་མའི་སྙིང་པོ་བརྗོད་ཅིང་སྤྱི་བོའི་ཕྱོགས་སུ་ཀྲྀ་པུ་ཊོའི་ཐལ་མོ་བཅིངས་ནས་ཕྲ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་བསྐོར ་བ་བཅིངས་ཏེ་མཪྵ་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ལ་བསྐོར་བར་བྱ་སྟེ། འདི་ནི་སྟོན་ཀའི་རྡོ་རྗེ་མེའིའོ།། དེ་བཞིན་དུ་དགུན་མའི་སྙིང་པོ་བརྗིད་ཅིང་གར་བྱིས་ལ་སྤྱི་བོའི་ཕྱོགསུ་ཀཱ་པུཊའི་ཐལ་མོ་བཅིངས་ཤིང་ཕབ་སྟེ། རྡོ་རྗེ་ཁུ་ཚུར ་གཉིས་བཅིངས་ཤིང་སྙིང་གའི་ཕྱོགསུ་བརྐྱང་སྟེ། སླརརོ་ཡང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། སྤྱི་བོར་གཟུང་བར་བྱ་སྟེ་འདོ་ནི་རྡོ་རྗེ་དགུན་མའི་ལས་ཀྱི་ཕྱག་རྒྱའོ།། དེ་བཞོན་དུ་སྒེག་མོའི་སྙིང་པོའི་ཕྱོགས། ཀ་པུཊའི་ཐལ་མོ་བཅིངས་ཤིང ་ཕབ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་སྙིང་གཱའི་ཕྱོགས་སུ་བསྐོར་བས་གཟུང་བར་བྱ་སྟེ་འདི་ནི་སྒེག་མོའིའོ།། དེ་བཞིན་དུ་བཞུད་མའི་སྙིང་པོ་བརྗོད་ཅིང་ཀུ་པུ་ཊའི་ཐལ་མོ་བཅིངས་ལྔ། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས ་བསྐོར་བས་བཅིངས་ལ་རྒོད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ཏེ། ཁའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་བཞད་མའིའོ།། དེ་བཞིན་དུ་གླུ་མའི་སྙིང་པོ་བརྗོད་ཅིང་ཀ་བུ་ཊའི་ཐལ་མོ་བཅིངས་ནས་ཕབ་ལ་རྡོ་རྗེ་ཁུ་ཚུར་གཉིས་བསྐོར་བ ་བཅིངས་ཏེ་ཚིག་འབྱིན་པའི་ཚུལ་གྱི་ཁའི་ཕྱོགས་ནས་གྱེན་དུ་འདྲེན་པོའི་ཚུལ་དུ་བྱུ་སྟེ། འདི་ནི་གླུ་མའིའོ།། དེ་བཞིན་དུ་རྡོ་རྗེ་གར་མའི་སྙིང་པོ་བརྗོད་ཅིང་གར་ལས་བྱུང་བའི་ཀ་པུ་ཟའི་ཐལ་མོ་བཅིངས་ནས་ཕབ་ལ་རྡོ་རྗེ་ཁུ་ཚུར ་གཉིས་བསྐོར་བ་བཙོངས་ཏེ། གར་གྱི་ཚུལ་གྱིས་བསྐོར་བར་བྱས་ཏེ་འདི་ནི་གཪྵ་མའིའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་མའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུར་བྱས་ཏེ། འདི་ནི་རྡོ་རྗེ་ལྕུག ་ཀྱུ་མའིའོ།། དེ་ནས་རྡོ་རྗེ་ཞགས་པའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁྲོ་ཚུར་གཉིས་བཅིངས་ལ། གཡས་པའི་མཛུབ་མོ་ལྕགས་ཀྱུས་གཡོན་པའི་མཛུབ་མོ་བསྒྲེང་བ་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཞགས་པའིའོ།། དྲི་ནས་ལྕགས་སྒྲོག་གཽ ་སྙིང་པོ་རྗེསུ་དྲན་ཞིང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་དང་མཐེ་བོ་དག་གིས་མདུད་པ་བཅིངས་པའི་ཚུལ་དུ་བྱ་སྟེ། འདི་ནི་རྡོ་རྗེ་ལྕགས་སྒྲོག་གིའོ།། དེའི་རྗེས་ལ་རྡོ་རྗེ་དྲིལ་བུའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས ་བཅིངས་ལ། ཕན་ཚུན་ཡང་དག་པར་སྦྱོར་བ་འདི་ནི་རྡོ་རྗེ་དྲིལ་བུའི་ལས་ཀྱི་ཕྱག་རྒྱའོ།། འདི་རྣམས་ཀྱི་དོན་ཡོད་པའི་ལས་གྲུབ་པ་རྣམསོ་ཞེས་བྱ་བ་ནི་ཇི་ལྟར་ཕྱག་རྒྱ་ཆེན་པོ་རྣམས་དང་དམ་ཚིག་དང་ཆོས་ཀྱི་ཕྱག་རྒྱ་རྣམས་དོན་ཡོད་པའི ་ལྔས་གྲུབ་པའི་རྒྱུར་གྱུར་པ་དེ་བཞིན་དུ་ལོས་ཀྱི་ཕྱུག་རྒྱ་རྣམས་ཀྱང་དངོས་གྲུབ་ཐམས་ཅད་ཀྱི་དོན་དུ་གྱུར་པ་ཡིན་ནོ།། རྡོ་རྗེ་ཁུ་ཚུར་གྱིས་བདུད་རྩིའི་ཆུ་བཟླའོ་ཞེས་བྱ་བ་ལྔ། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་མེ་ཏོག་གི་ཡལ་ག་གཱཎྜཱིག་གཟུང་སྟེ་བུམ་པའི་སྡུག ་ཀྱིས་བུམ་པ་ལ་མངོན་པར་བསྔགས་པར་བྱའོ་ཞེས་བྱ་བའི་ཐུ་ཚི་གྲོ། འཇུག་པའི་མཆོག་ནི་ཕྱག་རྒྱ་བཤུད་པ་ཡིན་ཞེས་བྱ་བ་ལ། དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་སྟེ་དེ་སྔར་བཤད་ཟིན་ཏོ།། དཀྱིལ་འཁོ་ཆེན་པོ་ཞེས་བྱ་བ་ནི། རྡོ་རྗེ་སིམ ་དཔའི་དཀྱིལ་འཁོར་ཆེན་པོ་སྟེ། དེར་ཐམས་ཅོད་ཀྱི་སློབ་དཔོན་ནི་རྡོ་རྗེ་སེམས་དྲཔའི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་ཡིན་ནོ།། དེ་བྱིན་གྱིས་བརླབས་པ་ནི་བརྟུན་པར་བྱ་བ་སྟེ། ཕྱི་མའི་མཐའི་བར་དུའོ།། དེའི་དོན་དུ་གསང་བའི་དམ་ཚིག་ཅེས ་བྱ་བའི་ཕྱག་རྒྱ་གང་ཡིན་པ་དེ་བཤད་ཟིན་ཏོ།། འཇུག་པའི་ཕྱག་རྒྱ་གཉིས་པ་ཞེས་བྱ་བ་ནི། སློབ་མ་འཇུག་པའི་དོན་དུ་དཀྱིལ་འཁོར་བརྟགས་ལ་འཇུག་པའི་ཕྱིར་བཤད་པའི་ཕྱག་རྒྱ་གང་ཡིན་པ་དེ་འཇུག་པའི་ཕྱག་རྒྱ་གཉིས་པ་ཡིན་ནོ།། ་དེ་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་གཡོན་པའི་མཛུབ་མོ་དང་མཐེ་བོ་དག་གིས་དེ་བཞིན་དུ་སྐྱེ་གནས་དེར་གཡོས་པའི་མཐེ་བོ་འོག་ཏུ་ཁ་ལྟ་བ་བཅུག་ལ་བཙིར་ཏེ་མཛུབ ་མོ་གཉིས་ཀྱི་ལྕགས་ཀྱུ་བྱས་ལ་དཀྱིལ་འཁོར་ཆེན་པོར་འཇུག་པར་བྱའོ།། ཡང་ན་སེམས་དཔའ་གང་ལ་འཇུག། དེ་ནི་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱ་བ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར ་གང་ལ་ཡང་འདི་བཅིངས་ནས། རྣམ་པར་སྣང་མཛད་ལྔ་སོགས་པའི་འཇུག་པའི་ཆོ་གསོ་འཇུག་ན། སེམས་དཔའ་དེ་རྣམ་པར་སྣང་མཛོད་ལྔ་སོགས་པའི་རང་གི་དངོས་གྲུབ་ཀྱི་རྣམ་པར་སྣང་མཛད་ལ་སོགས་པའི་དཀྱིལ་འཁོར ་དེར་མྱུར་བ་ཁོ་ནར་འགྲུབ་པར་འགྱུར་རོ།། འདིས་ནི་དཀྱིལ་འཁོར་ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་ཕྱག་རྒྱ་འདི་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། རབ་ཏུ་དགའ་བའི་རྡོ་རྗེ་མ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་སེམས་དཔའ ་སྟེ་དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་རབ་ཏུ་དགའ་བའི་རྡོ་རྗེ་མ་ཡིན་ནོ།། རང་གི་ཁུ་ཚུར་གྱིས་རྡོ་རྗེའི་བདུད་རྩིའི་ཆུ་བླངས་ནས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་རྡོ་རྗེ་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི ་བུམ་པ་ལས་ཆུ་བླངས་ནས་དེས་བདག་ཉིད་དྲང་སློབ་མ་རྣམས་ལ་དབང་བསྐུར་བར་བྱའོ།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་དང་། རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཁྲོ་བོའི་ཁུ ་ཚུར་དང་པདྨ་རིགས་ཀྱི་ཁུ་ཚུར་དང་། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་རིན་པོ་ཆེའི་ཁུ་ཚུར་དང་། ཕྱི་རོལ་དུ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་ཕྱི་རོལ་གྱི་རྡོ་རྗེའི་ཁུ་ཚུར་གྱི་ཆུ་བླངས་ཏེ། རང་དང་གཞན་དག་ལ་དབང་བསྐུར ་བར་བྱའོ།། དེ་ཉིད་ཀྱིས་ཆུ་དེ་རང་འཐུངས་པ་དང་གཞན་འཐུང་ངུ་བཅུག་ནས་རྣལ་འབྱོར་དང་ཕ་རོལ་པོ་ཡང་དབང་བསྐུར་བར་འགྱུར་རོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྐྱིལ་མོ་ཀྲུང་གི་ས་གར་དང་མཆོད་པ ་འབུལ་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་དུ་སེམས་དཔའི་སྐྱིལ་མོ་ཀྲུང་དང་། དེ་བཞིན་གཤེགས་པ་དང་། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྡོ་རྗེ་དང་། འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་རྣམས་སུ ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་འདུག་སྟེ་མཆོད་པ་དང་གྲར་དབུལ་བར་བྱ་བ་ཡིན་ནོ།། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་ཡང་མཆོད་པ་དྲང་གར་དབུལ་བ་ནི་སེམས་དཔའི་སྐྱིལ་མོ་ཀྲུང་ཁོ་ནས་བྱ་བ་ཡིན་ནོ།། དེ་ནས་མཆོད་པ་རྣམས་ནི་རྡོ་རྗེ ་གར་གྱིསོ་ཞེས་བྱ་བ་ལ། ཕྱག་རྒྱ་བཅུ་གཉིས་ཀྱི་མཆོད་པ་ཐམས་ཅད་དུ་རྡོ་རྗེ་གུར་གྱི་བྱཱ་བ་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ།། ཞེས་བྱ་བའི་ངེས་པ་བསྣུན་པ་ཡི་ནོ།། རྡོ་རྗེ་གླུ་བླངས་པས་རྡོ་རྗེ་གར་དབུལ་བར་བྱའོ་ཞེས་བྱ་བ་ནི། ཕྱག ་རྒྱ་བཅུ་གཉིས་ཀྱི་མཆོད་པོ་དང་གར་དབུལ་བ་ནི། འདོད་ཆགས་ལ་སོགས་བདེ་ཀུན་ཡིད་ཁྱོད་ནི།། ཀུན་བསྡུས་བདག་ལ་བདེ་བ་གསོལ་མཛོད་ཅིག། རྡོ་རྗེ་སེམས་དགོངས་མྱུར་དུ་བདག་བསྟན་མཛོད།། བདག་དགྱེས་མཛད་དང ་བདེ་མཆོག་གྲུབ་ལ་འདུད་ཅེས་བྱ་བའི་གླུ་ལེན་ཅིང་བྱ་བ་ཡིན་ནོ།། དེ་ལྟར་ཕྱག་རྒྱ་བཅུ་གཉིས་ཀྱི་མཆོད་པ་རྣམས་ཀྱིས་ཐུན་མོང་གི་ཆོ་ག་བསྟན་ནས། ད་ནི་གསང་བའི་མཆོད་པ་བཞི་པོའི་ཁྱད་པར་གྱི་མཚན་ཉིད་བསྟན་པར་བྱ ་བའི་ཕྱིར། རྡོ་རྗེ་གར་གྱི་མཆོད་པ་རྣམས་དབུལ་ཞེས་བྱ་བ་ལ་སོགས་པ་གསུངསྭཱ་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་སྔར་བཤད་པའི་རྡོ་རྗེ་གླུ་ལེན་ཅིང་། ཇི་སྐད་བཱ་ཤད་པའི་གར་བྱས་ཏྱེ་ཀ་པུ་ཊའི ་ཐལ་མོ་ཁ་སྦྱོར་སྤྱི་བོར་བཅིངས་ཏེ་དེ་ལས་ཕབ་ལ་རྡོ་རྗེ་ཐལ་མོ་བྱས་ནོས་མེ་ཏོག་འབུལ་བའི་ཚུལ་གྱིས་སྒེག་པ་དང་བཅས་པས་སྟེང་དུ་གཏོར་བར་བྱའོ།། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་རྡོ ་རྗེ་བསྙེམས་མ་བཅིངས་པར་བྱའོ།། དེ་ནས་རྡོ་རྗེ་མཚོན་ཆ་མའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཁུ་ཚུར་གྱིས་མདའ་གཞུ་འདྲེན་པའི་ཚུལ་ཅ་ནོ།། འདི་ནི་གསང་བའི་མཆོང་བའི་ཕྱག་རྒྱ་དང་པོ་ཡིན་ནོ།། སླར་ཡང་རྡོ་རྗེ ་ཁུ་ཚུར་གཉིས་བཅིངས་ནས་རྡོ་རྗེ་གླུ་ལེན་ཅིང་གར་བྱས་ཏེ། ཀ་པུ་ཊའི་ཐལ་མོ་ཁ་སྦྱོར་བ་བཅིངས་ལ་ཕབ་ནས་རྡོ་རྗེ་ཐལ་མོ་བཅིངས་ལ་སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས་པར་བྱའོ།། འདིས་ནི་རྡོ་རྗེ་སེམས་དཔའི ་ལས་ཀྱི་ཕྱག་རྒྱ་བཅིངས་ནས་དེ་ཉིད་ཀྱི་སྙིང་པོས་བརྗོད་པར་བྱའོ།། དེ་ནས་རྡོ་རྗེ་ཀཱི་ལི་ཀཱི་ལིའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བདག་ཉིད་ལ་འཁྱུད་པར་བྱ་སྟེ། འདི་ནི་གསང་བའི་མཆོད་པ་གཉིས་པ་ཡིན་ནོ།། དེ་ནས ་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངས་ནས་དེ་ཉིད་སྒེག་པས་མར་མོ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་བ་བསྐོར་བར་བྱ་སྟེ། རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིངས་པར་བྱའོ།། དེ་ནས་རྡོ་རྗེ་དྲན་མའི་སྙིང་པོ་བརྗོད་ཅིང་རྡོ་རྗེ ་ཚུར་གཉིས་ཀྱིས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱས་ཏེ་འདི་ནི་གསང་བའི་མཆོད་པ་གསུམ་པའོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་བཅིངས་ལ་དེ་ཉིད་སྒེག་པས་སྙིང་གཱའི་ཕྱོགས་སུ་བཅིངས་ཏེ། དྲི་ཆུས་བྱུགས་པའི་ཚུལ་གྱིས ་རབ་ཏུ་སྦྱར་ལ། རྡོ་རྗེ་ཐལ་མོ་བཅིངས་ལ་སྤྱི་བོར་གཟུང་བར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་བསྙེམས་མའི་སྙིང་པོ་བརྗོད་ཅིང་རྡོ་རྗེ་ཁྲོ་ཚུར་གྱིས་བསྙེམས་པ་གིཉཾས་བཅིང་བར་བྱ་སྟེ། འདི་ནི ་གསང་པོའི་མཆོད་པའི་ཕྱག་རྒྱ་བཞི་པའོ།། ལྷ་མོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་དང་། གང་ཞིག་མཆོད་པའི་ཕྱག་རྒྱ་དང་དེ་རྣམས་ཀྱི་ཁྱད་པར་གང་ཞིག་ཡིན་ཞེས་བྱ་བའི་རྣམ་པར་རྟོག་པ་འདི་ལ་ཁྱད་པར་བརྗོད་པར་བྱ་སྟེ། རྡོ་རྗེ་མཚོན་ཚོ་མ་ལ་སོགས ་བའི་སྙིང་པོ་བཟླ་ཞིང་གར་བྱས་ནས་ལས་ཀྱི་ཕྱག་རྒྱ་བཅིང་བར་བྱའོ།། རྡོ་རྗེ་གླུ་ལེན་ཅིང་གར་བྱས་ནས་མཐར་རྡོ་རྗེ་མཚོན་ཆ་མཾ་ལ་སོགས་པའི་སྙིང་པོ་བཟླས་ནས་མཆོད་པའི་ཕྱག་རྒྱ་རྣམས་བཅིང་བར་བྱའོ་ཞེས་བྱ་བ་སྟེ་ཁྱད་བྱར་འདི ་ཡིན་ནོ།། གསང་བའི་མཆོད་པ་རྣམས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ནི་འདིའི་ཁྱད་པར་གཉིས་པ་ཡིན་ནོ།། དེ་ལྟར་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཁྱད་པར་དུ་བྱས་པའོ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི ་གསང་བའི་མཆོད་པ་བཞི་པའོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པའི་བདག་ཉིད་ལ་ཡང་དག་པར་མཆོད་ལ་མཐར་སྒེག་མོ་དགའ་བའི་རྡོ་རྗེ་མ་གསང་བའི་ཕྱག་རྒྱས་ཕྱག་འཚལ་བར་བྱའོ།། སྒེག་མོ་དགའ་བའི ་རྡོ་རྗེ་མ་དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། བནད་པ་དང་བཅས་པའི་ཞལ་དང་སྤྱན་གཡོ་བ་གླང་ཡིན་པ་དེས་འདུད་པ་འམ། ཡང་ན་སྤྱི་བོ་བཀུག་པས་ཕྱག་འཚལ་བ་གང་ཡིན་པ་འདི་སྒེག་མོ་དགའ་བའི་རྡོ་རྗེ་མའོ།། འདིས་ནི ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཕྱག་འཚལ་བའི་གླུ་ལེན་ཅིང་ཕྱག་འཚལ་བར་བྱ་བ་ཡིན་ནོ།། ཕྱག་འཚལ་བ་དེས་ཇི་ལྟར་འགྱུར་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་དགྱེས་པས་དགའ་བ་ཐམས་ཅད་ལ་སོགས་པའི ་བདེ་བ་ཐམས་ཅད་དང་ཡིད་བདེ་བའི་དངོས་གྲུབ་ཐམས་ཅད་གསོལ་བའི་ཡིན་ནོ་ཞེས་བྱ་བ་ལ། དེ་ལ་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་ཡིད་བདེ་བའི་ཁྱད་པར་བ་སྤུ་ལྡང་བའི་རྒྱུར་གྱུར་པ་ནི་དགའ་བ་ཡིན་ནོ།། བདེ་བ་ནི ་ལུས་ཀྱི་ཚོར་བ་བདེ་བའོ།། དེ་ལས་གཞན་པ་སེམས་ཀྱི་ཚོར་བ་བདེ་བ་ནི་ཡིད་བདེ་བའོ།། དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་གང་ལ་ཐོག་མར་ཡོད་པ་དེ་ནི། དགའ་བ་ཐམས་ཅད་ལ་སོགས་པའི་བདེ་བ་ཐམས ་ཅད་དང་ཡིད་བདེ་བ་རྣམས་སོ།། དེ་དག་གི་དངོས་གྲུབ་ནི་ཡོངས་སུ་རྫོགས་པ་སྟེ། དངོས་གྲུབ་དེ་རྣམས་སྒེག་མོ་དགའ་བའི་རྡོ་རྗེ་མས་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ནས་སྒྲུབ་པ་པོ་ལ་གསོལ་བ་ཡིན་ནོ།། རྡོ་རྗེ་བསྡམས་པ ་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་བྲིས་ནས་རང་དང་གཞན་གྱི་ཆོ་ག་ཐམས་ཅད་ཡོངསུ་རྫོགས་པར་བྱས་ལ། སྔོན་དུ་བསྙེན་པའི་དུས་སམ་སྒྲུབ་པའི་དུས་སུ་བཟླས་པ་དང་བསྒོམ་པས། སློབ་དཔོན་ནམ་སློབ་མ་སྐྱོ ་བར་གྱུར་པས་ལྷ་གཤེགས་སུ་གསོལ་འདོད་ན། དེའི་ཚེ་རྡོ་རྗེ་བསྣམས་པ་བཅིངས་ནས་རང་གི་ལྷའི་སྙིང་པོ་བཟླ་ཞིང་རང་གི་སྙིང་གའི་ཕྱོགས་སུ་བདེ་བར་བཅིངས་ལ་བཛྲ་མུཿཞེས་བྱ་བ་འདིས་དགྲོལ་བར་བྱའོ།། ཕྱག་རྒྱ་ཐམས་ཅད་དང ་རང་རང་གི་གནས་སུ་དྲ་གྲོལ་བར་བསམས་ན། དེ་ལྟར་དཀྱིལ་འཁོར་གྱི་ཕྱག་རྒྱ་ཐམས་ཅད་བཀྲོལ་བར་འགྱུར་རོ།། སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་ཡང་རྣལ་འབྱོར་པ་རྣམས་ཀྱིས་རང་གི་ལྷའི་ཕྱག་རྒྱ་ཐམས་ཅད་ཀྱང་བཀྲོལ ་བར་འགྱུར་རོ།། རྡོ་རྗེ་སེམས་དཔའི་བསྒོམ་པས་ཞེས་བྱ་བ་ལ་སོགས་པ་ལ། བཛྲ་བཛྲ་ཞེས་བརྗོད་ཅིང་བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམས་ལྔ། རྡུལ་ཆེན་གྱི་རེ་ཁཱ་དང་ཐིག་སྐུད་ཀྱི་རེ་ཁཱ་དང་རྡོ་རྗེ་དོང་རིགས་ཐམས་ཅད་ཕྱག ་མཚན་ཡིད་ཀྱིས་གྱེན་དུ་བཏེག་ལེ། རྡོ་རྗེ་ཤུགས་ཀྱི་དཀྱིལ་འཁོར་གྱི་ནང་དུ་འཇུག་པ་འམ། ཕྱིར་འབྱུང་བར་བྱས་ནས་རྣལ་འབྱོར་པའི་དམ་ཚིག་ཉམས་པར་མི་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་བསྒོམ་པས་དཀྱིལ ་འཁོར་ཕྱག་ན་དམ་ཚིག་ཉམས་པར་མི་འགྱུར་རོ་ཞེས་བྱ་བ་ལ་སྔར་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་བྲིས་ནས། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་ཕྱག་རྒྱ་བཀྲོལ་བྱར་བྱས་ནས་ལྷ་ཐམས་ཅད་གཤེགསུ་གསོལ་བར་བྱའོ།། ་དེ་ནས་སྤྲུལ་པའི་དཀྱིལ་འཁོར་རང་གི་ལུས་ལ་བཅུག་སྟེ། ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཅན་གྱི་ར་བ་ལ་སོགས་པ་ཇི་ལྟར་བྲིས་པ་རྡོ་རྗེ་སེམས་དཔའི་སྙིང་པོ་བརྗོད་ཅིང་ཕྱག་ན་དམ་ཚིག་ཉམས་པར་མི་འགྱུར་རོ།། ་དེ་ནས་ལས་ཀྱི་ཕྱག་རྒྱའི་རྒྱུད་ཅེས་བྱ་བ་དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབ་པའོ།། ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ་དེ་རྣམས་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དེ། དེ་འདི་ལྟར་ཡིན་ནོ། ་ཞེས་བྱ་བ་ནི་ཚིག་གི་ལྷག་མའོ།། དེ་ཇི་ལྟར་ཡི་ན་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་སྟེ་དེ་བཅིངས་ལ་སྤྱི་བོར་འཛིན་ནརྀ་བདག་ཉིད་བསྲུང་བར་འགྱུར་རོ།། དཔྲལ་བར་འཛིན ་ན་གཞོན་བསྲུང་བར་འགྱུར་རོ།། སྙིང་གའི་ཕྱོགས་སུ་ཕབ་ནས་བཞག་ན་ཕྱོགས་ཐམས་ཅད་དུ་འབར་བའི་རྣམ་པ་ཅན་གྱི་བྱེད་པ་དང་ལྡན་པའི་རྡོ་རྗེ་འབར་བ་འབྱུང་བ་ཡིན་ནོ།། རྡོ་རྗེ་ཁྲོ་བོའི་རྒྱལ་པོ་རྣམས་ཀྱིས་ཀྱང་འཇུག་པར་མི ་ནུས་སོ་ཞེས་བྱ་བར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། འདིས་ནི་ཕྱོགས་དང་མཚམས་ཐམས་ཅད་དང་དཀྱིལ་འཁོར་བཅིངས་པར་འགྱུར་རོ།། སྙིང་གར་བསྒོམ་པ་རྡོ་རྗེ་དང་བཅས་པའོ་ཞེས་བྱ་བ་ལ། དེ་ཉིད་སྙིང ་གའི་ཕྱོགས་སུ་བཞག་ལ་རང་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱས་ནས་བདུད་ཐམས་ཅད་ཀྱི་སྟོབས་འཇོམས་པར་འགྱུར་རོ།། གྱེན་དུ་ཁ་བལྟ་བ་བཏུང་བར་བྱའོ་ཞེས་བྱ་བ་ནི་དེ་ཉིད་བཅིངས་ནས་དེའི་དབུས ་མའི་རྡོ་རྗེའི་སྟེང་དུ་ཁ་བལྟས་པར་གཞག་ནས་འཐུངས་ནས་ཚེ་འཕེལ་བར་འགྱུ་རོ།། རང་གི་གདོང་ཡོངས་སུ་སྤངས་ནས་གདོང་པར་བཀྲོལ་བར་བྱའོ།། ཞེས་བྱ་བ་ལ་དང་པོའི་རྡོ་རྗེས་རང་གི་གདོང་པ་ཡོངསུ་སྦྱངས་ནས་དེ་ཉིད ་རང་གི་གདོང་ཡོངས་སུ་བཀྲོལ་བར་བྱས་ནས་གཟུགས་ཕུན་སུམ་ཚོགས་པ་ཆེན་པོ་དང་ལྡན་པར་འགྱུར་རོ།། དབུས་མ་རྡོ་རྗེ་ལྡེག་པར་ཡང་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལྡེག་པར་བྱས་ནས་གཟི་བརྗིད ་འཕེལ་བར་འགྱུར་རོ།། དཔུང་མགོ་གཉིས་སུ་བཞག་ཅིང་སྙིང་གར་བཞག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དཔུང་མགོ་གཉིས་ལ་བཞག་ནས། སྙིང་གའི་ཕྱོགསུ་གཟུང་ནས་མདངས་དང་སྟོབས་འཕེལ་བར་འགྱུར་རོ།། རབ ་ཏུ་དགའ་བའི་རྡོ་རྗེ་མདུའ་ལྔ་བསྡུས་པའི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གང་ཡིན་པ་དེས། ཙེད་པན་དྲང་དར་དབྱངས་བཅིངས་པའི་དབང་བསྐུར་བ་མཐོང་བའི་ཚུལ་བྱས་ནས། དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ།། ་སྐྱེས་གནས་ལས་དོང་ཚེ་འབྱིན་པ་འོ་ཞེས་བྱ་བ་ནི། རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་ལ་དོང་ཚེ་འབྱིན་པའི་ཚུལ་བསྟན་ནས་ནོར་རྙེད་པར་འགྱུར་རོ།། སྤྱི་བོར་བཞག་པོར་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་སྤྱི་བོར་གཟུང་ནས་རྒྱལ ་སྲིད་རྙེད་པར་འགྱུར་རོ།། སཽ་ལ་རེག་པར་བྱ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེས་ས་ལ་རེག་ནས་ཐོབ་པར་འགྱུར་རོ།། རབ་ཏུ་དགའ་བའི་རྡོ་རྗེས་རྟགས་ཀྱི་ལསོ་ཞེས་བྱ་བཽ་ལ། རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ཏེ། དེས་ཐམས ་ཅད་དབབ་པ་ལ་སོགས་པའི་རང་གིས་བརྟོགས་ལ་རིག་པས་ལས་རྣམས་འབྱུང་བར་འགྱུར་རོ།། དེ་ཇི་ལྟར་ཞེ་ན། ལྕགས་ཀྱུ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས་རང་གི་རྟགས་པར་འདྲེན་པས ་ཐམས་ཅད་དབབ་པ་དང་། གཡོ་བ་དང་། གར་བྱེད་དུ་བཅུག་པ་དང་། དུས་གསུམ་གྱི་བདེན་པ་སྨྲར་འཇུག་པར་འགྱུར་བ་ཡིན་ནོ།། རྩེ་མོ་གཏོང་བ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེའི་མཛུབ་མོ་གཉིས་ཀྱིས་ལྕགས ་ཀྱུས་རང་གི་རྟགས་ཀྱི་རྩེ་མོ་གཏོད་པར་བྱས་ན། བྱ་དབབ་པ་ཐམས་ཅད་འགྲུབ་པར་འགྱུར་རོ།། སྐྱེས་གནས་བཀྲོལ་བའོ་ཞེས་བྱ་བ་ནི་རང་གི་རྟགས་དེ་རང་གི་སྐྱེས་གནས་དེ་ལ་རབ་ཏུ་དགའ་བའི་རྡོ་རྗེ་རེག་པའི་ཚུལ་གྱིས་བཀྲོལ་བར་བྱས ་ནས། གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། ལག་པ་གཡོན་པའི་མཐིལ་ཉེད་ཅིང་བསྣུན་པར་བྱའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟོགས་ལ་རེག་ཅིང་ལྡག་པ་གཡོན་པའི་མཐིལ་གཡས་པའི་མཐེ་བོས་མཉེས ་ཤིང་བསྣུན་ན་གདུག་པ་ཐམས་ཅད་འཇིག་པར་འགྱུར་རོ།། བཙིར་བར་བྱའོ་ཞེས་བྱ་བ་ལ་རབ་ཏུ་དགོའ་བའི་རྡོ་རྗེས་རང་གི་རྟགས་པཙི་ར་ན་ཐམས་ཅད་རེངས་པར་འགྱུར་རོ།། མིག་བཙུམ་པར་བྱའོ་ཞེས་བྱ་བཱ་ལ་རབ་ཏུ་དགའ་བའི་རྡོ་རྗེས ་རང་གི་རྟགས་ལ་རིག་ཅིང་མིག་བཙུམ་པར་བྱས་ནས། ཐམས་ཅད་གཉིད་ལོག་ཏུ་བཅུག་པར་འགྱུར་རོ།། བསྐོར་ཞིང་བཙིར་ནས་རྡོ་རྗེ་ཁྲོ་བོའི་ལྟ་བས་བལྟ་བར་བྱའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེས་རུང་གི་རྟགས་ལ་རེག ་ཅིང་དེ་ལྟར་གཏོད་པར་བྱས་ནས་བཙིར་ཏེ། རབ་ཏུ་གཙིགས་ཤིང་ཁྲོ་གཉེར་བསྡུས་པའི་ཁྲོ་བོའི་མིག་གིས་ལྟ་བས་བསྒྲུབ་བྱ་ལ་བལྟས་ན་ཐམས་ཅད་ལ་རྒྱས་བཏབ་པར་འགྱུར་རོ།། ཡོངསུ་བསྐོར་ནས་ཁའི་མཐར་མཆེ་བ་བསྟན ་པའི་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་ལ་རེག་ནས་བསྐོར་ཏེ་ཁའི་མཐའ་གཉིསུ་མཆེ་བ་སྟོན་པའི་ཚུལ་གྱིས་གཟུང་ན་ཐམས་ཅད་གསོད་པར་འགྱུར་རོ།། གཡས་པའི་མཛུབ་མོས་སྡིགས་མཛུབ་བྱའོ་ཞེས་བྱ་བ་ལ། ་རབ་ཏུ་དགའ་བའི་རྡོ་རྗེས་རང་གི་རྟགས་ལ་རེག་ཅིང་གཡས་པའི་མཛུབ་མོས་བསྒྲུབ་བྱ་ལ་སྡིགས་མཛུབ་བྱས་ན་ཐམས་ཅད་ལྟུང་བར་འགྱུར་རོ།། མཛུབ་མོས་སུ་ལ་ལྷུང་བར་བྱའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་དེ ་ཡིས་རང་གི་རྟགས་ལྡེ་རེག་ཅིང་། གུཡས་པའི་མཛུབ་མོས་བསླང་བར་བྱས་ལ་དེས་སྒྲུབ་བྱ་ལྔས་བསླང་པོ་བྱས་ན་ཐམས་ཅད་བསླང་བར་འགྱུར་རོ།། མཐེ་བོས་མཐེ་བོ་བཙོང་བར་བྱའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བྱའི་རྡོ་རྗེ་བཅིངས ་ནནས་དེའི་རང་གི་རྟགས་ལ་རེག་ཅིང་མཐེ་བོ་བཅིང་བར་བྱས་ནས་ཐམས་ཅད་འཆིང་བར་འགྱུར་རོ།། ཡི་གེ་མུཿཡིས་ཕྱག་རྒྱ་བཀྲོལ་བའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས། དེའི་རང་གི་རྟོགས་ལ་བཞག་སྟེ། ཨོཾ་མ་ཧཱ་སུ་ཁ་བཛྲ ་སཏྭ་ཛཿཧཱུཾ་བ~ཾ་ཧོཿསུ་ར་ཏྲསྟྭཾ་ཞེས་བྱ་བ་བརྗོད་ཅིང་ཐམས་ཅད་བཀྲོལ་བའི་བས་མ་པས་རླུང་གི་རྟགས་བཀྲོལ་བར་བྱས་ན་དེ་ལྟར་ན་ཐམས་ཅད་བཀྲོལ་བར་འགྱུར་རོ།། དྲང་པོའི་རྡོ་རྗེ་མཐེའུ་ཆུང་གི་རྡོ་རྗེས་བསྣུན་པར་བྱའོ་ཞེས་བྱ་བ་ལ། ད ་པོའི་རྡོ་རྗེའི་མཐེ་ཆུང་གཉིས་ཀྱིས་རྩེ་མོས་བསྒྲུབ་བྱ་ལ་བརྡེག་པར་བྱས་ན། དེ་ལྟར་ན་ཕྲ་མེན་མ་ཐམས་ཅད་ལསོ་གྲོལ་བར་འགྱུར་རོ།། དེ་ཉིད་རྣམ་པར་འགྱུར་བའི་གདོང་པསོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས། གདོང་པ་རྣམས ་བསྒྱུར་བར་སྦྱར་བར་བྱ་སྟེ་དེ་ལྟར་ན་མ་མོ་དང་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། དེ་ཉིད་ཡོངསུ་བསྐོར་ནས་དཔྲལ་བར་གྱེན་དུ་ཁ་བལྟ་བར་གནས་པ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། ་ཡོངསུ་བསྐོར་ནས་དཔྲལ་བའི་ཕྱོགསུ་མཐེ་བོང་གི་རྩེ་མོ་གཉིས་ཀྱིས་རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱ་བཅིངས་ཏེ་བཞག་ན། དེ་ལྟར་མཁའ་འགྲོ་མ་ཐམས་ཅད་ཀྱིས་རྒྱས་བཏབ་པ་ལས་གྲོལ་བ་དང་རེངས་པར་འགྱུར་རོ།། དེ་ཉིད་ཀྱི་ནམ ་མཁའི་ལས་ལྡེག་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་ཉིད་ཀྱིས་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པའི་བསམ་པས་ན་མཁའ་ལྡེག་པའི་ཚུལ་བྱས་ཏེ། དེ་ལྟར་ན་གདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་འཇིག་པར་འགྱུར་རོ།། གཡོ ་ཞིང་བཙུམས་པའི་མིག་གཉིས་ཀྱིས་ཕྱག་རྒྱ་བཅིངས་པ་བཀྲོལ་བའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་དེ་ནས་རིམས་ཀྱིས་བཏབ་པའི་སྤྱི་བཱི་ནས་བརྩམས་ཏེ། བྱབ་པར་བྱ་སྟེ་གཡོ་ཞིང་བཙུམ་པའི་མིག་གིས་དེ་ཉིད་བཀྲོལ ་བར་བྱས་ནས་དེ་ལྟར་ན་རིམས་ཐམས་ཅད་ཞི་བར་འགྱུར་རོ།། མཐེ་ཆུང་གི་ནོར་བུས་རེག་པར་བྱེ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་མཐེ་ཆུང་གཉིས་རྡོ་རྗེ་རིན་པོ་ཚར་བྱས་ན་དེས་དྲུག་ལ་སོགས་པ་ཐམས་ཅད་འཇིག་པར་འགྱུར།། ་མཛུབོ་མོ་མཉམ་པོས་ཞབས་ཀྱི་སོར་མོ་བརྗེ་བར་བྱ་སྟེ་བཟའ་བ་འམ་ཡིད་ཀྱིས་བཞག་པར་བྱའོ།། ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་མཛུབ་མོ་གཉིས་ཡང་དག་པར་སྦྱར་ཞིང་རྩེ་མོར་བྱས་ལ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའི་ཞབས ་ཀྱི་སར་མའི་རང་བཞིན་ཅན་དུ་བྱསམྦྷ་བཱར་བྱ་སྟེ། དེ་ལྟར་མཛུབ་མོ་མཉམ་པ་དང་ཞབས་ཀྱི་སྣོར་མོ་བརྡ་བར་བྱས་པར་འགྱུར་ཏེ། དྲི་ལྟར་ཞབས་ཀྱི་སོར་བནྡེ་བརྱཱ་བྱཱསྠཱ་ནས། བྱུག་རྒྱུ་དེ་ཉིད་དྲུག་གྲི་སྤྱོད་དུ་བཀླག་སྒོ་བདུད་དྷིརྱཱ་བྱས ་ནས་བཟའ་བར་བྱའོ།། ཡང་ན་ཡིད་ཀྱི་ཇི་ལྟར་མངོན་པར་འདོད་པའི་གནས་སུ་བཞག་པར་བྱ་སྟེ། དེ་ལྟར་ན་དུགོ་ཐམས་ཅད་བདུད་རྩིར་བྱས་པར་འགྱུར་རོ།། མཛུབ་མཽ་སྦྱིན་སྲེག་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ཏེ་མཛུབ་མོ ་གཉིས་ཀྱི་ཁ་ལ་སྦྱིན་སྲེག་གི་ཚུལ་དུ་བྱས་ནས་གཤེད་བྱེད་དང་། བྱུར་དང་། རོ་ལངས་དང་། དཔལ་དང་མི་ལྡན་པ་འཇིག་པར་འགྱུར་རོ།། རབ་ཏུ་དགའ་བའི་རྡོ་རྗེ་ནི་མྱདྲོའིའུ་ལྔ་བསྡུས་པའི་མཛོབ་མོ་གཉིས་ཀྱི་ལྕགས་ཀྱུ་སྟེ་དེ་གཉིས ་གདོད་དུ་བཀྲོལ་བར་བྱས་ན། འཐབ་མོ་དང་འཐབ་པ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་འཇིག་པར་འགྱུར་རོ།། སྦྱིན་སྲེག་བྱེད་པ་ཞེས་བྱ་བ་ནི་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ན་སྦྱིན་སྲེག་གི་ཚུལ་དུ་བྱས་ན། ཡམས་དང་། བྱུར ་དང་སྡིག་པ་དང་། རྨི་ལོམ་དྲན་པ་ཐམས་ཅད་འཇིག་པར་འགྱུར་རོ།། མཐེ་ཆུང་གཉིས་སྐྱེ་གནས་སུ་བྱས་ལ་སྦྱར་ཏེ་ཕྱག་རྒྱ་དྲལ་བར་བྱའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ཏེ། དེའི་མཐོ་ཆུང་གཉིས་རང་གི་རྟགས ་ལ་བཞག་ནས་ཕྱག་རྒྱ་བཅིངས་པ་དྲལ་བར་བྱས་ན་ཕ་རོལ་གྱི་དཔུང་ཐམས་ཅད་རེངས་པ་དང་། གཉིད་ལོག་པོར་བྱ་བ་དང་། རྨོངས་པ་དང་འཇིག་པ་དང་། རྒྱས་བཏབ་པ་དང་། གསོད་པར་འགྱུར་རོ།། སྲིན་ལག་ཐ་མ་མཉམ་པར ་སྦྱར་ཏེ་སོ་སོར་བ་དན་གྱི་ཚུལ་དུ་བསྒྲེང་བར་བྱའོ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་སྲིན་ལག་གཉིས་དང་། མཐེའུ་ཆུང་གཉིས་བརྐྱང་ནས་སོ་སོར་སྦྱར་ཏེ་རྩེ་མོ་གཉིས་བྱས་ནས་གྱེན་དུ་གཏོད ་ཅིང་གཟུང་ན་འཐབ་མོ་ཐམས་ཅད་ལས་རྒྱལ་བ་ཐོབ་པར་འགྱུར་རོ།། རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལྔ་རྡོ་རྗེ་བསྡམས་པ་བཅིངས་ཏེ། དེས་ལས་རྣམས་བྱ་བ་ཡིན་ནོ།། ཇི་ལྟར་ཞེ་ན། ལེགས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ ་བསྡམས་པ་བཅིངས་ནས་མཛུབ་མོ་དང་མཐེ་བོ་དག་གིས་ལེགས་པ་སྦྱིན་པའི་ཚུལ་བྱས་ན་སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ།། མཛུབ་མོ་དང་མཐེ་བོ་མཉམ་པོར་ཕྱེ་བ་དགུག་བོ་ཞེས་བྱ་བ་ལོ།། རྡོ་རྗེ་བསྡམས་པ་བཅིངས ་ནས་མཛུབ་མོ་གཉིས་དང་མཐེ་བོང་གཉིས་མཉམ་པར་བྱས་ནས་ཅུང་ཟད་ཁ་ཕྱེ་བ་དང་། ཅུང་ཟད་བཀུག་པ་བྱས་ཏེ་མཐེ་བོ་ལྟར་ཁར་གཟུང་བ་བྱས་ནས་འདིས་བགེགས་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ།། བསྐོར་ནས ་དྲལ་བར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ནས་བསྐོར་ཏེ་དྲལ་བར་བྱས་ན་དགྲ་ཐམས་ཅད་རྣམ་པར་འཇོམས་པར་འགྱུར་རོ།། རྡོ་རྗེ་བསྡོམས་པ་ནང་དུ་བརྐྱང་བའི་མཐིལ་གྱིས་ས་ལ་རེག་པ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ ་བཅིངས་ཏེ། བརྐྱང་ནོས་རྡོ་རྗེ་བསྡམས་པ་བརྐྱང་བའི་མཐིལ་དེས་སའི་སྟེང་དུ་རིག་པར་བྱས་ན་བདུད་ཀྱི་དཔུང་ཐམས་ཅད་འཇིག་པར་འགྱུར་རོ།། དང་པོའི་རྡོ་རྗེས་སྤྲིན་བསྐྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ནས་སྤྲིན་བསྐྱེད ་བའི་ཚུལ་དུ་བྱས་ན་འདིས་སྤྲིན་བསྐྱེད་པར་འགྱུར་རོ།། མཛུབ་མོས་ཆར་བསྐྱེད་པ་ཞེས་བྱ་བ་ནི་སྔར་བཤང་པའི་ཚུལ་གྱིས་སྤྲིན་བསྐྱེད་པར་བྱས་ནས། དེ་མ་ཐག་ཏུ་དང་པོའི་རྡོ་རྗེས་བཅིངས་ཏེ་མཛུབ་མོ་གཉིས་ཀྱིས་རྩེ་མོ་སྦྱར་བ་བྱས ་ནས་རྩེ་མོ་དེས་ཆར་གྱི་རྒྱུན་འབབྲོ་པའི་ཚུལ་གྱི་བྱས་ན་ཆར་འབབ་པར་འགྱུར་རོ།། མཛུབ་མོ་བཟློག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་སྦྱར་བའི་རྩེ་མོ་དེས་བཟློག་པར་བྱས་ནས་ཐོག་དོང་གློག་དང ་ཆར་རྣམས་ཞི་བར་འགྱུར་རོ།། རྡོ་རྗེ་བལྟ་བས་འཕྲོག་པར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་སྦྱར་བའི་རྩེ་མོ་བྱས་ཏེ། རྡོ་རྗེ་བལྟ་བའི་ཕྱག་རྒྱ་དང་བཅིངས་པའི་རྩེ་མོ་དེས་སྦྱིན་དོང་མུན་པ་དང་ཁུག་རྣ་རྣམས། ་བསྔལ་བར་བྱས་ཏེ། དེ་ལྟར་ན་དེ་རྣམས་བཟློག་པར་འགྱུར་རོ།། རབ་ཏུ་དགའ་བའི་རྡོ་རྗེ་བཤད་པའོ་ཞེས་བྱ་བ་ལ་རབ་ཏུ་དགོའ་བའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ཀླུ་ཐམས་ཅད་འགུགས་པའོ།། མཛུབ་མོ ་གཅིག་ནི་ནོར་བུའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་གཡས་པའི་མཛུབ་མོའི་སྟེང་དུ་བསྐུལ་བའི་སྦྱོར་བས་ནོར་བུ་བྱས་ན་ཀླུ་ཐམས་ཅད་དབང་དུ་བྱེད་པར་བྱ་བ་ཡིན་ནོ།། མཐེའུ་ཆུང་གི་རྡོ་རྗེ་སྡིགས་མཛུབ་ཅེས་བྱ་བ ་ལ་རབ་ཏུ་དགའ་བའི་རྡོ་རྗེས་མཐེའུ་ཆུང་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་སྡིགས་མཛུབ་ཀྱི་ཚུལ་དུ་བཞག་ནོ་འདིས་ཀླུ་ཐམས་ཅད་བྲན་དུ་བྱེད་པར་འགྱུར་བ་ཡིན་ནོ།། མཛུབ་མོས་སའི་འོག་ནས་ཆུ་མིག་བཀུག་པ་སྟོན་པའོ ་ཞེས་བྱ་བ་ལ། རབ་ཏུ་དགའ་བའི་རྡོ་རྗེ་བཙོངས་ནས་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས་ཆུ་མིག་དང་བཅས་པའི་ཀླུ་དགུག་པ་བྱས་ན་ཀླུ་ཐམས་ཅད་གདོན་པ་གྲུབ་པ་ཡིན་ནོ།། བདེ་བ་ཆེན་པོའི་རྡོ་རྗེས་ས་ལ་གཟུང ་ནས་གཡོ་བར་བྱའོ།། ཞེས་བྱ་བ་ལ་དང་པོའི་རྩེ་མོ་བཅིངས་ཏེ་དེས་ས་ལ་གཟུང་ནས་གཡོ་བ་བྱས་ནས་མ་ལུས་པ་གཡོ་བར་བྱེད་པའོ།། མཛུབ་མོ་གཉིས་ཀྱིས་གདེངས་ཀའི་ཚུལ་བསྟན་པའོ།། ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས ་མཛུབ་མོ་གཉིས་ཀྱི་ལྟོ་འཕྱེའི་གཟུགས་ཀྱི་ཚུལ་དུ་བྱས་ནས་འདིས་ཆུ་མེད་པའི་ཡུལ་དུ་ཆུའི་ཕུང་པོ་འབྱུང་བར་འགྱུར་རོ།། རྩེ་མོ་བཞིའི་འོད་ཟེར་གྱི་མེ་སྟག་བསྟན་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཙོངས་ནས་མཐའ་མེ་གཉིས་དང་། ་གཞིའི་རྩེ་མོ་ཉི་མའི་འོད་འབར་བའི་ཚུལ་དུ་བྱས་ན་འདིས་མུན་པར་ཉི་མའི་སྣང་བ་བསྐྱེད་པར་འགྱུར་རོ།། མཛུབ་མོས་རླུང་བསྐྱེད་པའོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས་རྩེ་མོར་བྱས་ནས ་རྩེ་མོ་དེས་རླུང་བསྐྱེད་པའི་ཚུལ་དུ་བྱས་ན་རླུང་ཐམས་ཅད་དབང་དུ་བྱ་བ་ཡིན་ནོ།། རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བྱ་བ་ནི་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་རབ་ཏུ་དགའ་བའི་རྡོ་རྗེས་གཟུགས་ཐམས་ཅད་མཐོང་བ་ལ་སོགས་པའི ་ལས་རྣམས་སྒྲུབ་པར་བྱེད་དོ།། ཇི་ལྟར་ཞེ་ན། མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་མ་ལོང་གི་དཀྱིལ་འཁོར་བལྟ་བའི་ཚུལ་གྱིས་གཟུང་བར་བས་ན། འདིས་ནམ ་མཁའ་ལ་གཟུགས་ཐམས་ཅད་མཐོང་བར་བྱེད་དོ།། རོལ་པ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་བསྒྲུབ་པའོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས་དེའི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུས ་ནམ་མཁའ་ལ་དངོས་པོ་ཐམས་ཅད་བསྒྲུབ་པའི་ཚུལ་དུ་བྱས་ནས་དངོས་པོ་ཐམས་ཅད་འབྱུང་བ་ཡི་ནོ།། ན་མཁའ་ལ་རྡོ་རྗེའི་བལྟ་བསོ།། ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་ན་མཁའ་རྡོ་རྗེ་བཅིངས་ནས་ན་མཁའ་ལ་རྡོ་རྗེའི་ལྟ་བས་བལྟ ་ཞིང་དེ་ཉིད་ན་མཁའ་ལ་རང་གི་བདག་ཉིད་ཀྱིས་དངོས་པོ་ལྟ་བའི་ཚུལ་གྱིས་གཟུང་ན་ན་མཁར་རང་གི་བདག་ཉིད་ཀྱི་དངོས་པོ་མཐོང་བ་ཡིན་ནོ།། སྟེང་དུ་བསྐོར་བའོ་ཞེས་བྱ་བ་ལ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནུས་ཤིན་ཏུ་བསྐོར་བར ་བྱས་ནཱ་ན་མཁར་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་མཐོང་བར་འགྱུརོ།། རྡོ་རྗེ་མདའ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱས་མེ་ཏོག ་ལོ་སོགས་པ་བསྐྱེད་པར་འགྱུརརོ།། ཇི་ལྟར་ཞེ་ན། ཤིང་དྲུང་དང་། ནགས་དང་། བསྐྱེད་མོས་ཚལ་ཐམས་ཅད་དང་། འབྲུ་རྣམས་ལ་བཞག་པར་བྱའོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ ་བཅིངས་ནས་ཤིང་དྲུང་དང་། ནགས་ཚལ་དང་། སྐྱེད་མོས་ཚལ་ཐམས་ཅད་དང་འོ་བྲུ་རྣམས་ལ་ན་མཁར་མེ་ཏོག་དང་། ལོ་མ་འབྲས་བུ་བསྐྱེད་པའི་བསམ་པོས་བཞག་པར་བྱས་ན་ན་མཁའ་ལ་མེ་ཏོག་དང་ལོ་མ་དང་འབྲས་བུ་ཐམས ་ཅད་སྐྱེ་བར་འགྱུར་རོ།། རྣོན་པོས་ས་རློག་པར་བྱའོ་ཞེས་བྱ་བ་ལྔ། བཅོམ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ལྕགས་རྣོ་བ་དང་ལྡན་པའི་གཤོལ་ལ་བྱིན་གྱིས་བརླབས་པ་བྱས ་ན་ཕྱག་རྒྱ་དེ་ཉིད་དང་གཤོལ་ངེས་ས་བཟློག་ན་ཐམས་ཅད་དུ་འབྲུ་ཐམས་ཅད་སྨིན་པ་འབྱུང་བར་འགྱུར་རོ།། བདག་ཉིད་ཀྱིས་ཐམས་ཅད་ལོ་དྲལ་བར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་བཅིངས ་ལ་འདིས་དངོས་པོ་ཐམས་ཅད་ལས་བཟའ་བ་ལ་སོགས་པ་ཐམས་ཅད་རང་ཉིད་ཀྱིས་དྲང་བར་བྱས་ནས་ཐམས་ཅད་ལས་བཟའ་བ་དང་བཏུང་བ་དང་། གོས་དང་། རྒྱན་དང་། གནས་ཐམས་ཅད་དང་། མཆོག་ཏུ་གྱུར་བའི་བུ་མོ ་གཞོན་ནུ་དང་། བུད་མེད་ཐམས་ཅད་དང་སྐྱེས་བུ་དང་བྲན་དང་བྲན་མོ་རྣམས་འབྱུང་བར་འགྱུར་རོ།། གཞན་གྱི་དཔུང་གི་མདུན་དུ་བསྐོར་བར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་བཙོངས་ལ་གཞན ་གྱི་དཔུང་གི་མདུན་དུ་བསྐོར་བར་བྱས་ན། གཡུལ་དུ་ཡན་ལག་བཞིའི་དཔུང་གི་ཚོགས་མཐོང་ཞིང་འཐབ་པར་མཐོང་བར་འགྱུར་རོ།། རྡོ་རྗེ་ཁྲོ་ཚུར་གཉིས་ཀྱིས་བྱེ་བཱ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། འདིས་སྒྱུ་མ་མཐོང་བ་ལ ་སོགས་པའི་ལས་རྣམས་བསྒྲུབ་པར་བྱའོ།། ཇི་ལྟར་ཞེ་ན། གློག་འགྱུ་བས་བསྐོར་བར་བྱའོ།། ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གློག་འགྱུ་བའི་ཚུལ་གྱིས་བསྐོར་བར་བྱས་ན་སྒྱུ་མ་ཐམས་ཅད་སྟོན་པར་འགྱུར་རོ།། ་བསྐོར་བ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུརརུ་གཉིས་བཅིངས་ཏེ་མགལ་མེའི་འཁོར་ལོ་བཞིན་དུ་བསྐོར་བ་བྱས་ན་ཇི་ལྟར་གསུངས་པའི་ལས་ཐམས་ཅད་ཀྱི་བྱ་བ་འགྲུབ་པ་ཡིནོ།། གློག་འགྱུ་བའི་ནམ་མཁའ་ལ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས ་བཅིངས་ལ་གློ་གོ་འགྱུ་བའི་ཚུལ་གྱིས་ན་མཁའ་ལ་བསྐོར་བར་བྱས་ཏེ་དེ་ལྟར་རྨད་དུ་བྱུང་བ་དང་ཆོ་འཕྲུལ་ཐམས་ཅད་མཐོང་བར་འགྱུ་རོ།། གཡས་པས་གཡོན་པ་ལྔ་བརྡེག་པར་བྱའོ་ཞེས་བྱ་བ་ལ་གཡས་པོའི་རྡོ་རྗེ་ཁུ་ཚུར་གྱིས་གཡོན ་བའི་རྡོ་རྗེ་ཁུ་ཚུར་ལ་བརྡེག་ན་ཐམས་ཅད་ཕྱིར་བཟློག་པའི་བྱ་བོ་འགྲུབ་པར་འགྱུར།། རྡོ་རྗེ་ཁུ་ཚུར་གཉིས་གཡོ་ཞིང་གཡོ་བ་མེ་ལཱ་བཞག་པར་བྱའོ་ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་སྔར་བཤད་པའི་ཚུལ་གྱིས་མེའི ་སྟེང་དུ་གཡོ་བ་དང་བཅས་པར་བཞག་ནེ་མོ་རངས་པར་འགྱུ་རོ།། མཛུབ་མོ་མཉམ་པའི་དཀྱིལ་འཁོར་ནི་ནོར་བུའོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་བླང་བ་གཟུང་ལ་ནོར་བུ་རིན་པོ་ཆེའི་རྣམ་པར་སྟེང ་ནས་ད་གུགས་པའི་ཚུལ་དུ་བྱས་ཏེ་ཆུ་དྲང་བར་བྱའོ།། མཛུབ་མོ་རྡོ་རྗེ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཛུབ་མོ་གཉིས་ཡང་དག་པར་སྦྱར་ནས་རྩེ་མོར་བྱས་ཏེ་འདིས་དགོན་པར་གྲོང་ཁྱེར་དང་། ཆུ་བོ་དང་། མཚོ་དང ་སྐྱེད་མོས་ཚལ་དང་བཟའ་བ་དང་། བཏུང་བ་དང་། གནས་སྤྲུལ་པར་འགྱུར་རོ།། མཐེ་བོ་གཡོན་པའི་བུ་ག་ལ་གཡས་པའི་མཛུབ་མོ་གཞུག་པར་བྱ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐོ་བོ་གཡོན་པའི་བུ་ག་ལ་བྱང ་ཆུབ་མཆོག་གི་ཚུལ་གྱིས་གཡས་པའི་མཛུབ་མོ་གཞུག་པར་བྱ་སྟེ། འདིས་ནི་སྔར་བཤད་པའི་ཚུལ་གྱིས་ཆུའི་སྟེང་དུ་འཆག་པ་དང་། གཟུགས་མང་པོའི་རང་བཞིན་གྱིས་བདག་ཉིད་ཀྱི་དངོས་པོ་མཐོང་བ ་དུང་མི་སྣང་བ་དང་། ནམ་མཁའ་ལ་འགྲོ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ།། རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བྱ་བ་ལ་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་རབ་ཏུ་དགའ་བའི་རྡོ་རྗེས་ལྷ་ལ་སོགས་པ་ཐམས་ཅད་མངག་གཞུག ་བྱེད་པའི་དངོས་གྲུབ་ཐོབ་པར་འགྱུར་རོ།། ཇི་ལྟར་ཞེ་ན། སྟེང་དུ་ནམ་མཁའ་ལ་བཀའ་བསྐྱོད་པ་ཞེ་བྱ་བ་ལ། རབ་ཏུ་དགོའ་བའི་རྡོ་རྗེ་བཅིངས་ནས་སྦྱིན་པ་མེད་པའི་སྟེང་གི་ཕྱོགས་སུ་བཀའ་བསྒོ་བའི་ཚུལ་གྱིས་རབ་ཏུ་དགའ་བའི་རྡོ་རྗེ ་དེ་ཉིད་བསྐྱོད་པར་བྱས་ན་ལྷ་ལ་སོགས་པ་ཐམས་ཅད་མངགཱ་གཞུག་བྱེད་པར་འགྱུར་རོ།། སྐྱེ་གནས་གཡོ་བ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་དེ་ཉིད་ཀྱིས་རང་བརྟགས་གཡོ་བར་བྱས་ན་སེམས་ཅན་ཐམས་ཅད་དབང་དུ་བྱེད ་བར་འགྱུར་རོ།། དབུས་མ་རྡོ་རྗེ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཙོངས་ནས་སེར་མོ་དབུས་མ་གཉིས་ཀྱི་རྩེ་མོར་ཡང་དག་པར་སྦྱར་བ་བྱས་ན། མི་རྒྱུ་བ་ཐམས་ཅད་དགུག་པ་དང་། དབབ་པ་དང་བདེན་པར་སྨྲར་འཇུག་པར ་འགྱུ་རོ།། བསྐྱོད་ཅིང་བཙིར་བའོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་བཅིངས་ནས། བསྐྱོད་ཅིང་བཙིར་བ་བྱས་ན་གཟུགས་བརྙན་གྱི་སྒོ་ཐམས་ཅད་དབབ་པ་དང་། དགུག་པ་དང་། རྒོད་དུ་གཞུག་པ་དང་། གར་བྱེད་དུ་གཞུག་པ་དང་། རྩེར ་གཞུག་པ་དང་བཀའ་བསྒོ་བ་ཐམས་ཅད་བྱེད་པ་དང་། ཐམས་ཅད་འདྲེན་པ་དང་། འཕྲོག་ཏུ་གཞུག་པ་དང་། ལས་ཐམས་ཅད་བྱེད་དུ་གཞུག་པ་དང་། དེ་རྣམས་བྱེད་དུ་འཇུག་པར་འགྱུར་རོ།། རྡོ་རྗེ་ཡིད་ལས་བྱུང་ཞེས་བྱ་བ་ལ་བཅོམ ་ལྡན་འདས་རྡོ་རྗེ་ཡིད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ནི། རྡོ་རྗེ་ཡིད་ལས་བྱུང་བ་སྟེ། དེས་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་བ་ཡིན་ནོ།། རྡོ་རྗེ་ཀཱི་ལི་ཀཱི་ལའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀཱི་ལི་ཀཱི་ལའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ ་དེ་ནི། རྡོ་རྗེ་ཀཱི་ལི་ཀཱི་ལི་སྟེ་དེས་རྒྱུ་བ་དང་མི་རྨྱ་བ་ཐམས་ཅད་རྩེར་འཇུག་པར་འགྱུར་རོ།། རྡོ་རྗེ་ཆུ་སྲིན་ནོ་ཞེས་བྱ་བ་ལྔ་བཅོམ་ལྡན་འདས་རྡོ་རྗེ་དྲན་པའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི་རྡོ་རྗེ་ཆུ་སྲིན་ཏེ། དེས་ཐམས་ཅད་བརྟན་པར་བྱེད་པར་འགྱུརརོ།། ་རྡོ་རྗེ་བསྙེམས་མ་ནི་བཤད་པའོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་བསྙེམས་མེའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་ནི། རྡོ་རྗེ་བསྙེམས་མ་སྟེ་ངེས་ཐམས་ཅད་ས་རབ་ཏུ་སྒྲུབ་པར་འགྱུར་རོ།། བཤད་པ་ཞེས་བྱ་བ་ནི་རེ་རེ་ལ་ཡང་སྦྱར་ཏེ། རྡོ ་རྗེ་ཡིད་ལུས་བྱུང་བ་བཤད་པ་དང་ཀཱི་ལི་ཀཱི་ལའི་བཤད་པ་དང་། རྡོ་རྗེ་ཆུ་སྲིན་བཤད་པ་དང་། རྡོ་རྗེ་བསྙེམས་མ་བཤད་པའོ།། ཞེས་བྱ་བའོ།། རྡོ་རྗེ་བསྡམས་པ་མཛུབ་མོ་རྡོ་རྗེ་ས་སོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ན་མཛུབ་མོ་གཉིས ་ཀྱི་རྩེ་མོར་ཡང་དག་པར་སྦྱར་བ་བྱས་ན། དེས་རྨི་ལམ་འདེབས་པར་འགྱུར་རོ།། ཇི་ལྟར་ཞེ་ན། གསོལ་བ་འདེབས་པར་བྱེད་པས་ཞེས་བྱ་བ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དེ་ཉིད་གསོལ་བ་བཏབ་པའི་ཚུལ་གྱིས་གཟུང་ན་རྨ་འབེབས་པ ་བསྒྲུབ་པར་བྱེད་པ་ཡིན་ནོ།། མཛུབ་མོ་གཉིས་ཀྱི་རང་གི་མིག་གཉིས་བཀབ་པ་ལ་མ་བཙུམ་པར་བསྒོམས་ན་གང་མངོན་པར་འདོད་པའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་ཀྱི་རང་གི་མིག ་གཉིས་བཀབ་ལ་མིག་མ་བཙུམ་པར་ཇི་ལྟར་འདོད་པའི་བཅོམ་ལྡན་འདས་མདུན་དུ་བསྒོམ་པར་བྱས་ན་གཞན་རྣམས་ལ་རང་གི་མངོན་པར་འདོད་པའི་རྨི་ལམ་སྟོན་པར་བྱེད་པ་ཡིན།། སྦྱིན་སྲེག་བྱེད་པ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས ་ནས་མཛུབ་མོ་གཉིས་ཡང་དག་པར་སྦྱར་བའི་རྩེ་མོས་སྦྱིན་སྲེག་བྱེད་པའི་ཚུལ་བྱས་ན་འདིས་རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ།། མཛུབ་མོ་གཉིས་ཀྱི་རྩེ་མོས་རང་གི་མིག་བཀབ་ན་རྨི་ལམ་བཟང་པོ་ཐམས་ཅད་བརྟན་པར ་སྒྲུབ་པར་བྱེད་པར་འགྱུར་རོ།། སོ་རྣམས་ཀྱི་གཟུང་བར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡོམས་པ་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་བྱ་བ་སྟེ། སོ་རྣམས་ཀྱི་གཟུང་བ་བྱས་ན་འདིས་འབྲས་དང་ནད་ཐམས་ཅད་འཕྲོག་པར ་འགྱུརརོ།། བཏུང་བར་བྱའོ་ཞེས་བྱ་བ་ནི་མཛུབ་མོ་གཉིས་ཀྱིས་རྩེ་མཽ་དེ་ཉིད་བཏུང་བའི་ཚུལ་དུ་བྱས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ།། རྩེ་མོ་བསྐྱོད་ཅིང་སྦྱིན་སྲེག་བྱའོ་ཞེས་བྱ་བ་ལོ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཁ་ལ་བསྐྱོད་ཅིང་སྦྱིན་སྲེག ་གི་ཚུལ་དུ་བྱས་ན་འོདིས་དུས་མ་ཡིན་པར་འཆི་བ་ཞི་བར་འགྱུ་རོ།། གང་གི་མཐེ་བོ་འོག་ཏུ་རབ་ཏུ་བརྐྱང་ལ་བརྡེག་པར་བྱའོ་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བར་བྱས་ཏེ། མཐ ་བོ་གཉིས་འོག་ཏུ་མཉམ་པོར་བྱས་ལ་བརྐྱང་སྟེ་མཐེ་བོང་གཉིས་པོ་དེས་སྡིག་པ་ལ་བརྡེག་པར་བྱས་ན་དྲན་སོང་གསུམ་དང་དྲལ་བར་འགྱུར་རོ།། རྡོ་རྗེ་སྐུ་མཆོག་གི་ཕྱག་རྒྱ་ཞེས་བྱ་བ་ནི། གང་ཞིག་རྡོ་རྗེའི་སྐུའི་མཆོག་ཏུ་གྱུར་པའི་ཕྱག་རྒྱ་ངེས ་སྐུ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། དེས་ཇི་ལྟ་བུ་ཡིན་ཞེ་ན། མཐེ་བོ་སེམས་དཔའི་སྐྱིལོ་ཀྲུང་གིས།། མཛུབ་མོའི་རྡོ་རྗེའི་སྐུ་མཆོག་གོ་ཞེས་བྱ་བ་ལ་རྡོ་རྗེ་བསྡོམས་པ་བཅིངས་ནས་མཐེ་བོ་གཡོན་པའི་སྟེང་དུ་མཐེ་བོ་གཡོས་སེམས ་དཔེའི་སྐྱིལ་མོ་ཀྲུང་གི་ཚུལ་གྱིས་བཞག་ལ། མཛུབ་མོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་བ་བྱས་ན་འདིས་རྡོ་རྗེ་སྐུའི་མཆོག་སྟེ་འདིས་སྐུ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། དབུས་མའི་མཉམ་པའི་ཁ་དབུས་ཀྱི་ཁ་འབྱིན་པ ་ཞེས་བྱ་བ་ལྔ་རྡོ་རྗེ་སྐུའི་མཆོག་གི་ཕྱག་རྒྱའི་སོར་མོ་དབུས་མའི་གཉིས་ཀྱི་མེ་ཏོག་གི་མགོ་ལྕོགས་ཀྱི་ཚུལ་བྱས་ཏེ་ཕྱག་རྒྱ་འདིས་ངག་འབྱིན་པའི་ཚུལ་གྱིས་ཁ་ལ་གྱེན་དུ་བསྒྲེང་བར་བྱས་ན་ངག་གི་དངོས་གྲུབ་ཐམས་ཅད་གྲུབོ་པར ་འགྱུར་རོ།། སྙིང་གར་བཞག་ནས་ཨོཾ་བོ་དྷི་ཙིཏྟ་ཨུཏྤཱ་ཡཱ་མི་ཞེས་བྱ་བ་བསྒོམ་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་སྐུ་མཆོག་བཅིངས་ནས་རང་གི་སྙིང་གའི་ཕྱོགས་སུ་གཟུང་སྟེ། ཨོཾ་བོ་དྷི་ཙིཏྟཾ་ཨུཏྤཱ་དཱ་ཡ་མི་ཞེས་བྱ་བ་བརྗོད་ཅིང་རང་གི་སྙིང ་དར་སེམས་དཔའི་རྡོ་རྗེ་བསྒོམ་པར་བྱས་ན་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུ་རོ།། མཐེ་བོའི་རྟགས་གཡོན་པའི་མཐེ་བོའི་བུ་གར་གཞུག་པར་བྱའོ་ཞེས་བྱ་བ་ལ། སྐུ་མཆོག་བཅིངས་ནས་གཡོན་པའི་མཐེ་བོའི་བུ་གར ་གཡས་པའི་མཐེ་བོ་འོག་ཏུ་ཁ་བལྟ་བ་བཅུག་ན་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གློག་འགྱུ་བ་ལྟར་བསྐོར་བས་རྡོ་རྗེའི་འཁོར་ལོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས ་ནས། དེ་ཉིད་གློག་འགྱུ་བའི་ཚུལ་གྱིས་བསྐོར་བ་བྱས་ནས་འདིས་དཀྱིལ་འཁོར་ཐམས་ཅད་ལ་ཞུགས་པར་འགྱུ་རོ།། རྡོ་རྗེ་བསྙེམས་མཱ་དང་བཅས་པའོ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྡོ་རྗེ་ཁུ་ཚུར་གཉིས་ལས ་བྱུང་བའི་ཕྱག་རྒྱ་རྡོ་རྗེ་དང་བཅས་པ་བཅིངས་ནས། འདིས་ཕྱག་རྒྱ་ཐམས་ཅད་བཅིངས་པའི་དངོས་གྲུབ་ཐོབ་པར་འགྱུརརོ།། ཡི་གེ་ཧཱུཾ་གིས་སྡིགས་མཛུབ་བྱའོ།། ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཡི་གེ་ཧཱུཾ་བརྗོད་པ་དང ་བཅས་པས་མཛུབ་མོ་གཉིས་སོ་སོར་བསྒྲེང་སྟེ་སྡིགས་མཛུབ་བྱས་ན་དེས་དམ་ཚིག་ཐམས་ཅད་འགྲུབ་པར་འགྱུར་རོ།། རབ་ཏུ་དགའ་བའི་ལས་རྡོ་རྗེ་གོར་གྱི་ཚུལ་གྱིས་ཁ་སྦྱོར་རོ་ཞེས་བྱ་བཱ་ལ། རབ་ཏུ་དགའ་བའི་རྡོ་རྗེས་བཅིངས ་ནུས་གར་གྱི་ཚུལ་གྱིས་ལངས་ཏེ་སྤྱི་བོར་ཐལ་མོ་ཁ་སྦྱར་བ་བྱས་ན་འདིས་ནི་ལས་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། རྡོ་རྗེ་བསྙེམས་མ་བཤད་པའོ་ཞེས་བྱ་བ་ལ་དཔལ་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་ནི། ་རྡོ་རྗེ་བསྙེམས་མ་སྟེ་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ།། མཐེ་ཆུང་གི་ངོས་ཀྱི་མདུད་པའི་མཛུབ་མོ་མཉམ་པ་ཡོངསུ་བསྐོར་ཏེ་འོག་ནས་བཏེག་པ་ལ་མཛུབ་མོ་མཉམ་པའི་རྩེ་མོ་དབང་བསྐུར་བའི་གནས་སུ་བཞག ་ན་རྡོ་རྗེ་མཛོད་སྤུའོ་ཞེས་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་མཐེ་ཆུང་གཉིས་ཕན་ཚུན་དུ་སཱུ་ལ་འདུད་པ་བྱས་ན་མཛུབ་མོ་གཉིས་ཀྱི་རྩེ་མོའི་སྟེང་དུ་ཁ་བལྟ་བར་ཡང་དག་པར་སྦྱར་ནས་འོག་ནས་བཏེགས་ལ་དབང་བསྐུ ་བའི་གནསུ་གཟུང་བར་བྱས་ན་འདིས་ཕུན་སུམ་ཚོགས་པ་ཐམས་ཅད་འཐོབ་པར་འགྱུརརོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་འོག་ནས་བཤད་པར་བྱའོ་ཞེས་བྱ་བ་ནི། དུམོ་བུ་འང་གཉིས་ཀྱི་རྒྱུད་ཕྱི་མ་ལས་རྡོ ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་བྱང་ཆུབ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་དུ་འཆད་པ་ཡིནོ།། དེ་བཅིངས་ན་ཡེ་ཤེས་ཐམས་ཅད་འཐོབ་པར་འགྱུར་ཏེ། རྡོ་རྗེ་གྲཝར་ནི་བཤད་པ་ཡིན་ནོ་ཞེས་བྱ་བ་ལ ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་བཀྲོལ་བས་གློག་འགྱུ་བའི་གྲར་གྱིས་གཡས་སུ་བསྐོར་བ་གང་ཡིན་པ་དེ་ནི་རྡོ་རྗེ་གར་མ་སྟེ། དེས་ནི་ཐམས་ཅད་ཀྱི་མཆོད་པར་བྱ་བ་ཉིད ་འཐོབ་པར་འགྱུརརོ།། མཛུབ་མོ་ཕྱིར་ཕྱོགས་པ་བསླང་བའི་རྡོ་རྗེ་སྙིང་གརུ་བཛྲོ་ཧཾ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུརུ་གཉིས་བཅིངས་མཛུབ་མོ་གཉིས་བྱིར་བལྟ་བ་བསླང་སྟེ་རྩེ་མོ་ཡང་དག་པོར་སྦྱར ་ནས་སྙིང་གའི་ཕྱོགས་སུ་གཟུང་ཞིང་བཛྲོ་ཧཾ་ཞེས་བྱ་བ་བསྒོམས་ནས་རྡོ་རྗེ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་འཐོབ་པར་འགྱུ་རོ།། ཡེ་ཤེས་ཀྱི་ཁུ་ཚུར་གྱིས་ཏ་ཐཱ་ག་ཏོ་ཧཾ་ཞེས་བྱ་བ་ལ་བྱང་ཆུབ་མཆོག་བཅིངས་ནས ་ཏ་ཐཱ་གཱ་ཏྱོ་ཧོ་ཞེས་བྱ་བ་ལ་བསྒོམས་ན་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་འཐོབ་པར་འགྱུརརོ།། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཤད་པ་ཡིན་ནོ་ཞེས་བྱ་བ་ལ་དཔལ་རྡོ་རྗེ ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་བཤད་ཟིན་པ་སྟེ། དེས་རྡོ་རྗེ་འཆང་ཆེན་པོའི་མཆོག་གི་དངོས་གྲུབ་ཐམས་ཅད་འཐོབ་པར་འགྱུར་རོ།། ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ཐམས་ཅིད་བསྟན་པ་ཡི་ནོ།། རྡོ་རྗེ་མེད་པའི་རྡོ་རྗེ་ཁུ་ཚུར་རྣམས་ཀྱི ་ལས་ཀྱི་ཕྱག་རྒྱ་བཙང་བར་བྱའོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཁུ་ཚུར་དེ་དག་བསྐྱེད་པའི་རྒྱུ་བཤད་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་ཁུ་ཚུར་བཅིང་བའོ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་བརྗོད་པར་བྱེད་པ་སྟེ། རང་གི་རྡོ ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱ་རྣམས་གང་ལོས་བྱུང་ཞེས་བྱ་བའི་རྣམ་པར་རྟོག་པ་ཉིད་སྐྱེ་བས་དེ་མ་ཐག་ཁོ་ནུར་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་འཆིང་བའི་མཚན་ཉིད་ནི་འཆིང་བ་ཞེས་བརྗོད་པར་བྱ་སྟེ། རྡོ་རྗེ་བསྡམས་པ་ཞེས་བྱ་བ་ལ་སོགས་པ ་ལ་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཐེ་བོ་གཉིས་རྡོ་རྗེ་བསྡམས་པའི་ནང་དུ་བཅུག་སྟེ། རོང་གི་མཐེ་ཆུང་དང་སྲིན་ལག་གི་བར་དུ་བཞག་ནས་མཛུབ་མོ་གཉིས་བཀུག་ཅིང་དེའི་རྩེ་མོ་རང་གི་མཐེ་བོའི ་སྟེང་དུ་བཞག་པར་བྱས་ནས། འདི་ནི་དམ་ཚིག་ཆེན་པོའི་རྡོ་རྗེ་མཆོག་གི་ཁུ་ཚུར་ཞེས་བྱ་བའི་ཕྱག་རྒྱའོ།། ཐམས་ཅད་དངོས་གྲུབ་མཆོག་གསོལ་བ་ཞེས་བྱ་བ་ལ། ཕྱག་རྒྱ་ཐམས་ཅད་འཆིང་བའི་དངོས་གྲུབ་སྟེར་བ་ཡིནོ།། དེ་གཉིས་སུ ་བྱས་ནས་ཞེས་བྱ་བ་དེ་ནི་དམ་ཚིག་རྡོ་རྗེ་མཆོག་གི་ཁུ་ཚུ་རོ།། དངོས་གྲུབ་ཕྱིར་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིངས་པ་རྫོགས་པའི་དོན་དུའོ།། རྡོ་རྗེ་ཁུ་ཚུར་རབ་ཏུ་བརྟག་ཅེས་བྱ་བ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་རྡོ་རྗེ་ཐམས་ཅད་ལ་བྱིན་གྱིས་བརླབ་པ་དང་། མཛད་པ་དང་ལས་ཀྱི་ཕྱག་རྒྱ་རྫོགས་པར་མཛད་པའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་པོ་འདི་བརྟག་པར་མཛད་པ་ཡིནོ།། དཔལ་མཆོག་དང་པོའི ་རྒྱ་ཆེར་བཤད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས། དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་བཤད་པ་རྫོགས་སོ།། ། དེ་ལྟར་རྡོ་རྗེ་སེམས ་དཔའི་དཀྱིལ་འཁོར་ཆེན་པོའི་ཕྱག་རྒྱའི་མཚོན་ཉིད་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབ་པའོ།། དེ་བཞིན་གཤེགས་པ་དང་། དེའི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་ཏེ། དེ་རྣམས་ཀྱི་རྒྱུད་ནི་ཕྱག་རྒྱའི ་མཚན་ཉིད་སྟོན་པའི་སྒྲའི་ཚོག་སོ།། དེའི་ཆོ་ག་རྒྱས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དབྱེ་བས་ཕྱེ་བར་གྱུར་པའི་རྒྱུ་ནོ།། ཕྱག་རྒྱ་ཆེན་པོ་རྣམས་ནི་ངོ་བཞིན་གཤེགས་པ་ནི་བདག་ཡིན་ནོ་ཞེས་བྱ་བ་བཅིང་བར་བྱ་བ་ཡིན་ཏེ། ཇི་ལྟ་བ་བཞིན ་དུ་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་པས་བདག་ཉིད་དེ་བཞིན་གཤེགས་པར་རྣམ་བསམས་ལཱ། ཡ་ཐཱ་སརྦ་ཏཱ་ཐཱ་ཏསྟཱ་ཐོ་ཧཽ་ཞེས་བྱ་བས་ང་རྒྱལ་བསྐྱེད་ལ། དེ་ནས་ས་མ་ཡོ་ཧཾ་ཞེས་བྱ་བས་དམ་ཚིག་གི་ང་རྒྱལ ་བསྐྱེད་པར་བྱའོ།། དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱས་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་ས་མཾ་ཞེས་བྱ་བྲས་བྱིན་གྱིས་བརླབས་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་བཅིངས་ལ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིང་བར་བྱ་སྟེ།། ཁུ་ཚུར་གཡོན་པ་དེ་བཞིན ་གཤེགས་པའི་དྲིལ་བུ་དང་བཅས་པས་བསྙོམས་པར་བྱས་ནས་གཡས་པས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ལ་གསོར་ཏེ། ཨོཾ་དྷི་ཏ་ཐཱ་ག་ཏྭོ་ཧཾ་ཞེས་བརྗོད་ཅིང་རང་གི་སྙིང་གར་བསྟོད་པའི་ཚུལ་གྱིས་གཟུང་བར་བྱས་ན། འདི་ནི་རྣམ ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཡིན།། རྡོ་རྗེ་མཚོན་ཚྭ་མཽ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ནི། ཇི་ལྟར་བྲིས་པའི་རྗེསུ་འབྲངས་པ་ལས་འདིར་ཤེས་པར་བྱའོ།། དམ་ཚིག་མཆོག་ཅེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། དེ་དག་ཇི་ལྟར ་ཤེས་པར་བྱ་ཞེ་ན། མཐེ་བོ་མཐེ་ཆུང་མཉམ་པ་ཡི།། རྡོ་རྗེ་སྣ་ཚོགས་རྡོ་རྗེའོ་ཞེས་བྱ་བ་ལ་རྡོ་རྗེ་བསྣམས་པ་བཅིངས་ནས་མཐེ་བོ་གཉིས་ཀྱི་རྩེ་མོ་ཟུར་དུ་ཡང་དག་པར་སྦྱར་བ་བྱས་ལ། མཐེ་ཚོང་གཉིས་ཀྱིས་ཀྱང་རྩེ་མོ་སྦྱར་ཏེ་དང་པོའི་རྡོ་རྗེའི ་ཚུལ་གྱིས་དབུས་མ་གཉིས་ནང་དུ་བཅུག་སྟེ་རྩེ་མོ་སྦྱར་ཏེ་འདི་ནི་དབུས་མའི་རྩེ་མོ་ཅན་ཏེ། སྣ་ཚོགས་རྡོ་རྗེ་ཞེས་བྱ་བ་ཡིན་ནོ།། འདི་ཡང་དེ་བཞིན་གཤེགས་པའི་ད་མོ་ཚིག་གི་ཕྱག་རྒྱ་སྟེ། སྣ་ཚོགས་རྡོ་རྗེ་ཞེས་བྱ་བར་བརྗོད་དོ།། མདའ་ལ ་སོགས་པ་བཅིང་བ་ནི་དེ་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་དུ། རྡོ་རྗེ་མཚོན་ཚྭ་མ་ལ་སོགས་པ་རྣམས་ཀྱི་དྲང་པོའི་རྡོ་རྗེ་ལས་བྱུང་བའི་མདའ་གཞུ་ལ་སོགས་པའི་ཕྱག་རྒྱ་བསྟན་པ་དེ་བཞིན་དུ ་འདིར་ཡང་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་ལྕེས་བྱུང་བའི། རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཤེས་པར་བྱའོ།། འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ། རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི ་རྡོ་རྗེ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དམ་ཚིག་གི་ཕྱག་རྒྱ་སྟེ། འདི་ཉིད་མཐེབ་མཛུབ་རྩེ་སྦྱར་དབུས་མའི་རྩེ།། མིག་འབྲས་ལྟར་བྱས་པས་འཛིན་པའོ་ཞེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་མའིའོ།། དེ་ཉིད་དབུས་མའི་རྡོ་རྗེ་འོག་ཏུ་ནི།། མཐེ ་བོང་གིས་མནན་བཙིར་བར་བྱ་ཝེ་བྱཱ་བ་ནཱི་ཀཱི་ལི་ཀཱི་ལའིའོ།། རྡོ་རྗེ་མཚོན་ཆ་མའི་ཕྱག་རྒྱ་ཉིད་རྡོ་རྗེ་འདྲེན་མ་དང་འདྲ་བར། སྲིན་ལག་མཐེ་ཆུང་ཁོ་ཕྱེ་བ་ཞེས་བྱ་བ་ནི་རྡོ་རྗེ་དྲན་མའིའོ།། དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་བསྐོར་ནས ་པུས་མོར་བཞག་པ་གང་ཡིན་པ་དེ་ནི་རྡོ་རྗེ་བསྙེམས་མའིའོ།། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཉིད།། གྱེན་དུ་གཏོར་དང་ཐུར་དུ་བླུགས།། མཐེ་བོ་སྦྱར་ནས་བསྐོར་བ་དང་།། རབ་ཏུ་བརྐྱང་ཞིང་བྱུགས་པ་དང་།། བསྐོར་ཞིང་སྤྱི་བོར་གནས་པ་དང་།། བསྐོར ་ཞིང་སྙིང་གར་བཞག་པར་བྱ།། ཡོངས་སུ་བསྐོར་ཞིང་བཞད་པ་དང་།། ཁ་ལས་གྱེན་དུ་དབྱུང་བ་དང་།། དེ་བཞིན་གར་གྱིས་བསྐོར་བའོ།། མཛུབ་མོའི་སོར་མོ་གཉིས།། གཡོན་པའི་མཛུབ་མོ་གཡས་ཀྱིས་གཟུང་།། མཛུབ་མོ་མཐེ་བོ་འཆིང་བ ་དང་།། མཐེ་བོ་མཐར་མའི་ནང་དུ་བཞག་ཅེས་བྱ་བ་འདི་རྣམས་རིམ་པ་བཞིན་དུ་དཔྱིད་ཀ་རྡོ་རྗེ་མ་ནུས་བརྩམས་ཏེ། རྡོ་རྗེ་དྲིལ་བུ་མའི་བཱར་གྱི་དམ་ཚིག་གི་ཕྱག་རྒྱ་རྣམས་ཡིན་ནོ།། དེ་བཞིན་གཤེགས་པ་ལ་སོགས ་བ་རྣམས་ཀྱི་རང་གི་སྙིང་པོ་རྣམས་ཁོ་ན་འདིར་ཆོས་ཀྱི་ཕྱག་རྒྱ་རྣམས་ཡིན་ནོ།། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་ཉིད་ཡིནོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དབའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། རྡོ་རྗེ་དྲིལ་བུ་མའི་བར ་དུ་ལས་ཀྱི་ཕྱག་རྒྱ་རྣམས་གང་བསྟན་པ་དེ་ཉིད་དེ་བཞིན་གཤེགས་པའི་དཀྱིལ་འཁོར་འདིར་ཡང་ལས་ཀྱི་ཕྱག་རྒྱ་གཟུང་བར་བྱའོ།། ཁྱད་པར་ནི་འདི་ཡིན་ཏེ་འདིར་ཁུ་ཚུར་གཉིས་ལས་འབྱུང་བ་ཡིན་ནོ།། འདི་ཉིད་བསྟན་པར་བྱ། ་བའི་ཕྱིར་དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་དེ་བཞིན་དུ་བཅིང་བའོ།། ཞེས་བྱ་བ་ལ་འདིས་ནི་དོན་འདི་བསྟན་པར་འགྱུར་ཏེ། དེ་བཞིན་གཽ་ཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་གཡོན་པ་རྡོ་རྗེ་བསྙེམས་མ་དང་། གཡས་པ་རྡོ་རྗེ་བསྟོད ་པའི་ཚུལ་གྱིས་སྙིང་གར་བཟུང་སྟེ་འདི་ནི་རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱ་ཡིནོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ནས་སྒེག་པ་དང་བཅས་པས་མཐའ་ལ་སོགས་པ་བཀྲོལ་ལ་གློག་འགྱུ་བའི་ཚུལ ་གྱིས་གཡས་སུ་ཡོངསུ་བསྐོར་ཏེ་སྤྱི་བོའི་ཕྱོགསུ་ཀ་པུ་ཊའི་ཐལ་མོ་ཁ་སྦྱོར་བཅིངས་ཏེ་ཕབ་ནས་རྡོ་རྗེ་ཐལ་མོ་བཅིངས་ལ་དེ་ཉིད་སྒེག་པས་མེ་ཏོག་འབུལ་བའི་ཚུལ་གྱིས་ཏེ། སྟེང་དུ་གཏོར་ལ་སླར་ཡང་དེ་བཞིན་གཤེགས ་པའི་ཁུ་ཚུར་གཉིས་བཅིངས་ལ། མངའ་དྲང་གཞུ་གཏོང་བའི་ཚུལ་བྱ་སྟེ། འདི་ནི་རྡོ་རྗེ་མཚོན་ཆ་མུའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། དེ་བཞིན་དུ་གར་བྱས་ནས་རྡོ་རྗེ་ཐལ་མོ་བཅིངས་ལ། དེ་ཉིད་སྒེག་པས་སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས ་ལ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ་བདག་ཉིད་འཁྱུད་པར་བྱ་སྟེ། འདྲ་ནི་རྡོ་རྗེ་ཀཱི་ལི་ཀཱི་ལིའིའོ།། དེ་བཞིན་དུ་གར་བྱས་ནས་རྡོ་རྗེ་ཐལ་མོ་བཅིངས་ཏེ་དེ་ཉིད་སྒེག་ཅིང་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ཞིང་བསྐོར ་བར་བྱས་ལ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ་རྒྱལ་མཚན་བསྒྲེང་བའི་ཚུལ་གྱིས་གཟུང་བར་བྱ་སྟེ་འདི་ནི་རྡོ་རྗེ་དྲན་མའིའོ།། དེ་བཞིན་དུ་གར་བྱས་ལ་རྡོ་རྗེ་ཐལ་མོ་བཅིངས་ཏེ། དེ་ཉིད་སྒེག་པས་སྙིང་གའི་ཕྱོགས་སུ ་བརྐྱང་ལ། དྲི་བྱུགས་པའི་ཚུལ་གྱིས་རབ་ཏུ་སྦྱར་ཏེ། སླར་ཡང་རྡོ་རྗེ་ཐལ་མོ་བཅིངས་ནས་སྤྱི་བོར་བཟུང་སྟེ། དེ་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངསཽ་ལ་བསྙེམས་པ་གཉིས་བྱ་སྟེ། འདི་ནི་རྡོ་རྗེ་བསྙེམས་མའིའོ།། དེ་བཞིན་དུ ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་གར་བྱས་ལ་ཁྭ་སྦྱོར་གྱི་ཐལ་མོ་སྤྱི་བོར་བཅིངས་ནས་ཕབ་སྟེ། དེ་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་སྙིང་གའི་ཕྱོགསུ་བསྐོར་ཞིང་བཅིངས་ཏེ། མེ་ཏོག་འབུལ་བའི་ཚུལ་གྱིས ་སྟེང་དུ་གཏོར་བར་བྱ་སྟེ། འདི་ནི་རྡོ་རྗེ་དཔྱིང་ཀ་མའིའོ།། དེ་བཞིན་དུ་གར་བྱས་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་ཞིང་སྙིང་གའི་ཕྱོགས་སུ་བཅིངས་ལ་སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས་པར་བྱ་སྟེ་འདི ་ནི་རྡོ་རྗེ་སྤྲིན་མའིའོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ཞིང་བསྐོར་བར་བྱ་སྟེ། འདི་ནི་སྟོན་ཀ་རྡོ་རྗེ་མའིའོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི ་ཁུ་ཚུར་གཉིས་བཅིངས་ནས་བསྐོར་ཏེ་སྙིང་གའི་ཕྱོགས་སུ་བརྐྱང་སྟེ། དེས་དྲིས་བྱུགས་པའི་ཚུལ་དུ་བྱ་སྟེ། སླར་ཡང་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་སྤྱི་བོའི་ཕྱོགསུ་གཟུང་བར་བྱ་སྟེ་འདི་ནི་རྗེ་སུ་དགུན་མའིའོ།། དེ ་བཞིན་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བསྐོར་ནས་སྙིང་གའི་ཕྱོགས་སུ་བཅིངས་ནས་གཟུང་བར་བྱ་སྟེ་འདི་ནི་སྒེག་མོའིའོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཁུ་ཚུརོ་གཉིས་བསྐོར་ཞིང་བཅིངས་ལ་བཞད་པའི་ཚུལ་གྱིས་ཡོངསུ ་བསྐོར་ནས་ཁའི་མཐར་གཟུང་བར་བྱ་སྟེ་འདི་ནི་བཞད་མའིའོ།། དེ་བཞིན་དུ་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ལ། ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ། འདི་ནི་གླུ་མའིའོ།། དེ་བཞིན་གཤེགས་པའི་ཁུ་ཚུར ་གཉིས་བསྐོར་ཞིང་བཅིངས་ལ། གྲར་གྱི་ཚུལ་གྱིས་བསྐོར་བར་བྱ་སྟེ་འདི་ནི་གར་མའིའོ།། གར་དང་བྲལ་བའི་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱས་ཏེ། འདི་ནི་རྡོ་རྗེ་ལྕགས་ཀྱུ ་མའིའོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་མཛུབ་མོ་བསྒྲེང་བ་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་ཞགས་པ་མའིའོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས ་ཏེ་མཛུབ་མོ་དང་མཐེ་བོ་དག་གི་མདུད་པའི་ཚུལ་དུ་བཅིངས་པར་བྱས་ཏེ་འདི་ནི་རྡོ་རྗེ་ལྕགས་སྒྲོག་མའིའོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་ཕན་ཚུན་ཡང་དག་པར་སྦྱར་བ་བྱས་ནས་རང་རང་གི་མཐེ་ཆུང་དང་། སྲིན ་ལག་གི་ནང་དུ་མཐེ་བོ་གཉིས་བཅུག་ལ་གཟུང་བར་བྱས་ཏེ། དོ་ནི་རྡོ་རྗེ་དྲིལ་བུ་མའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། ལྕགས་ཀྱུ་མ་ནི་དེ་བཞིན་དུ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། གཡས་པའི་མཛུབ་མོའི ་ལྕགས་ཀྱུ་ནི་རྡོ་རྗེ་ཆེན་པོ་གསང་བའི་ལྕགས་ཀྱུ་མ་སྟེ། འདིས་ཨོཾ་བཛྲ་དྷཱ་ར་ཎཱི་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་མཉམ་པ་ཉིད་ཀྱི་གཟུངས་བརྗིད་ཅིང་།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་སྤྱན་དྲང་བར་བྱའོ།། ཁུ་ཚུར་གྱི་ཁྱད་པར་རོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། དེ་བཞིན་གཤེགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་དང་། རྫ ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ཁུ་ཚུར་གྱི་ཁྱད་པར་ཤེས་པར་བྱའོ།། འདིས་ནི་འདི་སྐད་བསྟན་པར་འགྱུར་ཏེ་དེ་བཞིན་གཤེགས་པའི་ཁུ་ཚུ་རོ་གཉིས་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོའོ།། སྐུར ་ཡང་རྡོ་རྗེ་ཁུ་ཚུར་གཉིས་ལོས་བྱུང་བ་ནི་རྡོ་རྗེ་སེམས་དཔོའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོའོ།། སླར་ཡང་རྡོ་རྗེ་ཁུ་ཚུར་མཐེ་བོ་གཉིས་ལས་བྱུང་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ལས་ཀྱི་ཕྱག་རྒྱའོ།། དེ་བཞིན་གཤེགས ་པའི་ཁུ་ཚུར་གཉིས་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་ཏེ་དེ་ལྟར་ཁུ་ཚུར་གྱི་ཁྱད་པར་ཤེས་པར་བྱའོ།། ད་ནི་ཁུ་ཚུར་གྱི་ཁྱད་པར་ཉིད་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཁུ་ཚུར་མཛེ ་བོ་གཉིས་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་རྡོ་རྗེའི་ཁུ་ཚུར་བཅིངས་ལ་མཐེ་བོ་གཉིས་ཀྱི་རྩེ་མོ་ཕྱི་རོལ་ཏུ་ཡང་དག་པར་སྦྱར་བར་བྱ་སྟེ། འདི་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱའོ། ་དེ་གཉིསུ་ཕྱེ་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་རོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པའི་དམ་ཚིག་གི་ཁྲོ་ཚུར་དེ་གཉིསུ་བྱས་ནས་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་འབྱུང་བ ་ཡིན་ནོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་དང་། དཀྱིལ་འཁོར་ལྔས་ཕྱག་བཙལ་ཞིང་འཇུག་པར་བྱའོ་ཞེས་བྱ་བ་ལ་འདས་མ་ཐག་ཏུ་བཤད་པའི་དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། དེ་བཞིན་གཤེགས་པའི ་དཀྱིལ་འཁོར་དུ་སྤྱི་བོ་དང་ལག་མཐིལ་གཉིས་དང་། པུས་མོའི་ལྷ་ང་གཉིས་ཀྱིས་རང་བཞིན་དཀྱིལ་འཁོར་ལྔས་ཕྱག་འཚལ་བ་དང་། འཇུག་པའི་གླུ་བརྗོད་ཅིང་འཇུག་པར་བྱའོ་འོད་དག་ཀྱང་དངོས་གྲུབ་ཐམས་ཅད་གསོལ་བ་ཞེས ་བྱ་བ་ལ་ཇི་ལྟར་རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་དུ་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་ཀྱི་ཕྱག་རྒྱ་རྣམས་དངོས་གྲུབ་ཐམས་ཅད་སྟེར་བ་དེ་བཞིན་དུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ལས ་གསུངས་པའི་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་ལས་ཀྱི་ཕྱག་རྒྱ་འདི་རྣམས་ཀྱིས་ཀྱང་ལས་ཀྱི་དངོས་གྲུབ་ཐམས་ཅད་གསོལ་བ་ཡི་ནོ།། དེ་ལྟར་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས ་བསྟན་ནས། ད་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ལུས་ཀྱི་ཚོགས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ལས་ཀྱི་ཕྱག་རྒྱ་བཅིངས་པ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབསོ་ལ་བབ་པ ་སྟེ། ལས་ཀྱི་ཕྱག་རྒྱ་བཅིང་པའི་སྐབསུ་བབ་པ་ཞེས་བྱ་བའི་དོན་ཏོ།། ལས་བསྒྲུབ་པར་བྱེད་པའི་ཕྱོག་རྒྱ་རྣམས་ཀྱི་མཚན་ཉིད་ནི་བཅི་བ་ཞེས་བརྗོད་དོ།། རྡོ་རྗེ་སྐུ་མཆོག་གཱི་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་འོག་ཏུ་བཅིངས་ནས། མཐེ་བོ ་གཉིས་བརྟན་པོའི་སྐྱིལ་མོ་ཀྲུང་གི་ཚུལ་བྱས་ལ།། མཛུབ་མོ་གཉིས་ཡང་དག་བཱིར་སྦྱར་ནས། རྩེ་མོའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་སྐུ་མཆོག་གི་ཕྱུགྱི་རྒྱུའོ།། འདྲི་བཅི་ངས་ལ་གར་གྱིས་ཚུལ་གྱིས་ཡོངསུ་བསྐོར་བར་བྱ་སྟེ། ་རྡོ་རྗེ་སྐུ་མཆོག་འདྲིས་ཐམས་ཅད་བསྲུང་བ་ལ་སོགས་པ་བསྒྲུབ་པར་བྱའོ།། དྷཱི་ཝཱར་ཞེ་ན། གཙུག་ཏོར་ཞེས་བྱཱ་བཱ་ལཱ་ཇི་ལྟར་བྱ་ཤད་བྱའི་མཚན་ཉིད་ཅན་གྱི་རྡོ་རྗེ་སྐུ་མཆོག་འདི་གཙུག་ཏོར་གྱི་ཚུལ་དུ་བཞག་ན་གཙུག་ཏོར་གྱི་ཕྱོག་རྒྱ ་འགྱུར་ཏེ། གཙུག་ཏོར་འདིས་ཐམས་ཅད་བསྲུང་བར་འགྱུར་བ་ཡིན་ནོ།། འོད་ཉིད་ཡོངསུ་བསྐོར་ནས་མཛུབ་མོ་གཉིས་ཀྱིས་མཛོད་སྤུའི་ཕྱོག་སུ་འཛིན་པར་བྱེད་པ་ཡིན་ནོ།། སྙིང་གར་བཞག་པ་ཞེས་བྱ་བ་ལ་རྡོ་རྗེ་སྐུ་མཆོག་དེ་ཉིད་ལྕི ་གྲཝའི་ཕྱོགས་སུ་འཛིནྡ་ནཱ་འདིས་ཆོས་ཐམས་ཅད་འཐོབ་པར་འགྱུ་རོ།། བསྐོར་ཞིང་བསྐོར་བས་མ་ཁུར་ཚོད་དང་། གཙུག་ཏོར་ཞེས་བྱ་བ་ལ་རྡོ་རྗེ་སྐུ་མཆོག་བཅིངས་ནས་གར་གྱིས་ཡོངསུ་བསྐོར་བར་བྱ་སྟེ། ་དེ་ནས་ཡང་བསྐོར་ཞིང་མཁོར་ཚོས་དང་སྤྱི་བོར་གཟུང་བ་བྱས་ན་འདིས་མཆོད་པ་ཐམས་ཅད་ཀྱི་དངོས་གྲུབ་འཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་ཀྱིས་སྡིགས་མཛུབ་བྱས་ནཱ་འདིས་གདུག་པ་ཐམས་ཅོད ་འདུལ་བར་འགྱུར་རོ།། དེ་བཞིན་གཤེགསོ་བའི་ཁུ་ཚུར་གཉིས་སྦྱིན་པའི་ཚུལ་བྱས་ན་འདིས་བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་འགྱུརརོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ་གཡོན་པའི་ཁུ་ཚུར་སྙིང་གའི་ཕྱོགས་སུ ་གཟུང་སྟེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཡས་པ་བརྐྱང་ནས་ས་ལ་རེག་པར་བྱས་ན་འདྲེས་བདུད་ཐམས་ཅུང་འཇོམས་པར་འགྱུ་རོ།། གཡོན་པའི་ཁྲོ་བོ་མཛུབ་མོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་མཆོག་བཙོངས་ནས ་བདག་ཉིད་རྣམ་པར་སྣང་མཛད་དུ་བསྒོམས་ནས་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་འགྱུར་བ་ཡིན།། རྡོ་རྗེ་བསྡམས་པ་འོག་ཏུ་བཅིངས་ནས་སྐྱིལ་མོ་ཀྲུང་ངོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པའི་ནང་དུ་བཅིངས་ལ ་མཐེ་བོ་བརྟན་པའི་སྐྱིལ་མོ་ཀྲུང་དུ་བྱས་ཏེ། མཛུབ་མོ་གཉིས་ཡང་དག་པར་སྦྱར་བའི་རྩེ་མོ་འདིར་རྡོ་རྗེ་སྐུ་མཆོག་ཤེས་པར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ ་བྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་བཤད་པ་རྫོགསོ།། དེ་ལྟར་དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི ་ཕྱོག་རྒྱའི་རྟོག་པ་བསྟནོ་ནས། དཱ་ནི་རབ་ཏུ་དགའ་བའི་རྡོ་རྗེའི་ཁྲོ་བོའི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྐབསུ་བབ་པ་སྟེ ་ཕྱག་རྒྱའི་མཚན་ཉིད་སྟོན་པའི་སྐབས་སྨྲའོ།། རྡོ་རྗེའི་རིགས་ཏེ་དེ་ལསོ་བྱུང་བའོ།། གང་གི་ཕྱིར་ཕྱོག་ན་རྡོ་རྗེའི་རྡོ་རྗེ་ལས་བྱུང་བའི་ཕྱིར་རོ།། རྡོ་རྗེ་རིགས་དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རང་བཞིན་ཅནྡོ།། དེའི་རྒྱུད ་རྡོ་སྔ་མོ་བཞིན་ནོ།། དེའི་ཚི་ག་རྒྱས་པ་ནི་རྒྱུ་ནོ།། འཇུག་པའི་ཕྱག་རྒྱ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་ཞེས་བྱ་བཱ་ལ་བཅོམ་ལྡན་འདས་བདེ་བ་ཚོན་པོ་རབ་ཏུ་དགུའུ་བའི་རྡོ་རྗེ་ཁྲོ་བོ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ ་ཞེས་བྱ་བ་སྟེ། དེ་འདིར་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཕྱག་རྒྱ་ཡི་ནོ།། དགུག་པའི་ཕྱག་རྒྱ་དེ་ཉིད་དོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་ཉིད་ནི་མཛུབ་མོ་གཡས་པའི་ལྕགས་ཀྱུ་མྱ་སྟེ། དཀྱིལ་འཁོར ་གྱི་ལྷ་ཐམས་ཅད་དགུག་པའི་ཕྱག་རྒྱའོ།། དེ་ནས་བཅོམ་ལྡན་འདས་རབ་ཏུ་དགའ་བའོ།། རྡོ་རྗེ་ཁྲོ་བོ་འཁོར་དང་བཅས་པ་སྔར་བཤད་པའི་སྤྱན་དྲང་བའི་སྔགས་ཀྱིས་དཀྱིལ་འཁོར་དུ་གཞུག་པར་བྱའོ།། ཕྱག་རྒྱ་ཆེན་པོ་དེ་བཞིན་དུ་བྱའོ།། ་ཞེས་བྱ་བ་ལ། བཅོམ་ལྡན་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འཁོར་དང་བཅས་པ་བྲིས་པའི་ཆོ་གར་ཕྱག་རྒྱ་ཆེན་པོ་ཇི་ལྟར་བསྟན་པ་དེ་བཞིན་དུ་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། དམ་ཚིག་ནི་དམ་ཚིག་ཕྱ་བརྒྱའོ།། འོག་ཏུ་རྡོ་རྗེ ་པ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ཏེ། སོར་མོ་ཐམས་ཅད་ནང་དུ་བཅིངས་ཏེ། དེར་མཐེ་བོ་རྡོ་རྗེ་ཞེས་བྱ་བ་ནི་ཇི་ལྟར་བཤད་པོའི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ནས། སྟེང་དུ་ཁཱ་བལྟས་པརྱ་བྱཱས་ལུ། སོར་མོ་ཐམས་ཅད་ཕན་ཚུན་དུ་ཡང ་དག་པར་སྦྱར་ཏེ་འབར་བ་ལྟར་གཟུང་བ་བྱས་ལ། མཐེ་བོ་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ཞིང་སྲིན་ལག་དང་དབུས་མའི་སོར་མོ་དྲག་གི་ནང་དུ་གཟུང་བར་བྱས་ནཱ་འདིས་ནི་རྡོ་རྗེ་ཁྲོ་བོ་ཏཱི་རོ་ནོ་ཏི་རི་ཞེས་བྱ་བ་ལ་རྡོ་རྗེ་འཆང་ཆེན་པོའི་ངམ ་རླིག་གི་ཕྱོག་རྒྱ་སྟེ་རྡོ་རྗེ་འཆང་ཆེན་པོ་སྐྱོབ་པར་བྱེད་པའོ།། གཞན་དག་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ལ་རྡོ་རྗེ་ཁྲོ་བོ་ཡིད་ལས་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་དམོ་ཚིག་གི་ཕྱག་རྒྱ་ཉིད་ཡིན་ནོ།། ་འདིས་ནི་འདི་ལྟར་སྟོན་པར་འགྱུར་རོ།། དང་པོའི་རྡོ་རྗེ་བཅིངས་ནས་མཛུབ་མོ་གཉིས་ལྕགས་ཀྱུ་ཕྱི་རོལ་ཏུ་མངོན་པར་ཕྱོགས་པ་དང་། མཐེ་བོས་འཁྱུད་པ་དང་། མཐེ་བོ་གཉིས་ཁྭ་ཕྱེ་ལྔ་མཛུབ་མོ་གཉིས་ཀྱི་རྩེ་མོས་དབུས་མ་དག་གི་རྩེ་མོ ་ཕན་ཚུན་འདྲེན་ཅིང་མཐའ་མ་དང་སྲིན་ལག་མཉམ་པར་བྱས་ཏེ་ཁ་ཕྱེ་ལ་རྡོ་རྗེ་ཆུ་སྲིན་གྱི་རྒྱལ་མཚོན་བསླང་བ་དང་བརླ་གཉིས་ལ་བསྐོར་ཞིང་གནས་པ་དང་རྡོ་རྗེ་ཐལ་མོ་བསྐོར་བའི་ཕྱག་རྒྱ་ནི།། གྱེན་དུ་གཏོར་དང་ཐུར་དུ་བླུགས།། མཐེ ་བོ་སྦྱར་ནས་བསྐོར་བ་དང་།། རབ་ཏུ་བརྐྱང་ཞིང་བྱུག་པ་དང་།། བསྐོར་ཞིང་སྤྱི་བོར་གནས་པ་དང་།། བསྐོར་ནས་སྙིང་གར་བཞག་པར་བྱ།། ཡོངསུ་བསྐོར་ཞིང་བཤད་པ་དང་།། ཁ་ལས་གྱེན་དུ་འབྱིན་པ་དང་།། དེ་བཞིན་གྲཝར་གྱིས་བསྐོར་བའོ།། ་རྡོ་རྗེ་བསྡམས་པ་བཅིངས་ཏེ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་དང་། གཡོན་པོའི་མཛུབ་མོ་གཡས་ཀྱིས་གཟུང་།། མཛུབ་མོ་མཐེ་བོ་འཚོང་བ་དང་།། མཐེ་བོ་མཐའ་མའི་ནང་དུ་བཞག་ཅེས་བྱ་བླ་ནི་འདི་རྣམས་རྡོ་རྗེ་ཁྲོ་བོ་ཡིད་ལས་བྱུང་བ་ནས ་བརྩམས་ཏེ། རྡོ་རྗེ་ཁྲོ་བོ་དྲིལ་བུའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། ཆོས་ཀྱི་ཕྱག་རྒྱ་ནི་དེ་རྣམས་ཉིད་དོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དྲཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་འདི་ལྟར་ལྷ་ཐམས་ཅད་ཀྱུ་ཕྱག་རྒྱ་ཡིན་ནོ།། དེ་ཡང ་འདི་དག་ཡིན་ཏེ་ཧཱུ~ཾ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིའོ།། བྷྲི་ངོ་ཅེས་བྱ་བ་ནི་ཁྲོ་བཱི་ཡིད་ལས་བྱུང་བའིའོ།། ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོ་ཀཱི་ལི་ཀཱི་ལའིའོ།། དྷཱིད་ཅེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་དྲནཱ་མཱའིའོ།། ཧཱུཾ་ཞེས་བྱེ་བཱ་ནི་ཁྲོ་བོ་རྡོ་རྗེ་བསྙེམས་པའི་ལྷག་མ ་རྣམས་ཀྱི་ཡང་རྡོ་རྗེ་སེམོས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྙིང་པོ་རྣམས་ཉིད་ཀྱི་ཕྱག་རྒྱ་ཡིན་ནོ།། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་དུ་ཞེས་བྱ་བ་ལྔ། རྡོ་རྗེ་སེམས་དཔའི་ཀྱིལ་འཁོར་ཆེན་པོ་ལས་གསུངས ་ཉིད་ཁྲོ་བོ་རབ་ཏུ་དགའ་བའི་རྡོ་རྗེ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམསུ་ཤེས་པར་བྱའོ།། ཁུ་ཚུར་གྱི་ཁྱད་པར་རོ་ཞེས་བྱ་བ་ལོ་དེས་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བ་ཡིན་པ་ལ་འདིས་ཁྲོ་བོའི་ཁུ་ཚུར་གཉིས་ལས་བྱུང་བ་སྟེ་འདི་ནི ་ཁྱད་པར་ཡིན་ནོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་སྡིགས་མཛུབ་པོ་ཞེས་བྱ་བ་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་སྡིགས་མཛུབ་ཀྱི་ཚུལ་གྱིས་གཟུང་ལ་སོ་སོར་བསྒྲེང་བར་བྱ་སྟེ། འདི་ནི་ཁྲོ་བོའི་ཁུ ་ཚུར་གཉིས་ཀྱི་ཕྱག་རྒྱ་ཡིན་ནོ།། དམ་ཚིག་ལས་བྱུང་བ་ནི་དེ་བཞིན་ནོ་ཞེས་བྱ་བ་ལ་ཇི་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་ལ་དེ་གཉིསུ་བྱས་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཕྱག་རྒྱ་འབྱུང་བ་དེ་བཞིན་དུ ་འདིར་ཡང་ངོ་།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དམ་ཚིག་གི་རྡོ་རྗེ་ཁྲོ་ཚུར་བཅིངས་ཏེ་དེ་གཉིས་སུ་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ནས་འདིའི་མཛུབ་མོ་གཉིས་གཟུང་བར་བྱས་ན་ཁྲོ་བོའི་ཁུ་ཚུར་གཉིསུ་འགྱུར་བ་ཡིན་ཏེ། འོངས། ་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ།། དེ་དག་ཀྱང་འདི་ཡིན་ཏེ། གཡོན་པའི་བསྙེམས་པ་དང་བཅས་པའི་ཁུ་ཚུར་གཏོང་བའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ལུས་ཀྱི་ཕྱག་རྒྱ་ཡིན་ནོ།། མངའ་གཞུ ་གཏོང་བ་ནི་ཁྲོ་བོ་རྡོ་རྗེ་ཡིད་ལས་བྱུང་བའིའོ།། འོག་ཏུ་འཁྱུང་བའི་ཁྲོ་བོའི་རྡོ་རྗེ་ཀཱི་ལི་ཀཱི་ལའིའོ།། རྒྱལ་མཚན་བསྒྲེང་བ་རྡོ་རྗེ་དྲན་པའིའོ།། བསྙེམས་པ་གཉིས་གཏོང་པ་ཁྲོ་བོ་བསྙེམས་པའིའོ།། ཁྲོ་བོ་ཁུ་ཚུར་གཉིས་པོ་དེ་ཉིད་སྒེག་པ ་དང་བཅས་པས་མཐའ་མ་ལ་སོགས་པ་བཀྲོལ་བས་གློག་འགྱུ་བའི་གར་གྱིས་ཡོངསུ་བསྐོར་བས་སྤྱི་བོའི་ཕྱོགས་སུ་ཀ་པུ་ཊའི་ཐལ་མོ་བཅིངས་ཏེ་ཕབ་ལ་ཁྲོ་བོའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ་མར་མེ་འབུལ་བའི་ཚུལ ་གྱིས་སྟེང་དུ་གཏོར་བར་བྱ་སྟེ་འདི་ནི་དཔྱིང་ཀ་རྡོ་རྗེ་མའིའོ།། དེ་ནས་དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གར་བྱས་ལ་ཁྲོ་བོའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ། སྤྲོས་འབུལ་བའི་ཚུལ་གྱིས་འོག་ཏུ་བླུགས་པར་བྱ་སྟེ་འདི་ནི་རྡོ་རྗེ་སྤྲིན་མའིའོ།། དེ་ནས ་དེ་བཞིན་དུ་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ་མར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་མཉམ་པས་བསྐོར་བར་བྱ་སྟེ་འདི་ནི་སྟོན་ཀ་རྡོ་རྗེ་མའིའོ།། དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་རྒོད་པའི་ཚུལ་གྱིས་ཡོངས ་སུ་བསྐོར་ལ་ཁའི་མཐར་གཟུང་བར་བྱ་སྟེ། འདི་ནི་བཞུང་མའིའོ།། དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་ངག་འབྱིན་པའི་ཚུལོ་གྱིས་ཁ་ལས་གྱེན་དུ་དྲང་པར་བྱ་སྟེ་འདི་ནི་གླུ་མའིའོ།། དེ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་གར ་གྱིས་ཚུལ་གྱིས་བསྐོར་བར་བྱས་ཏེ་འོདི་ནི་གར་མུའིའོ།། གར་དང་བྲལ་བའི་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ཀྱི་ལྗགས་ཀྱུ་གཉིས་བྱས་ལ་འདི་ནི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའིའོ།། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་གཡས ་བྱའི་མཛུབ་མོའི་ལྕགས་ཀྱུ་གཡོན་པའི་མཛུབ་མོ་བསྒྲེང་བས་གཟུང་བར་བྱ་སྟེ་འདི་ནི་ཁྲོ་བོ་རྡོ་རྗེ་ཞགས་པའིའོ།། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་དང་མཐེ་བོ་དག་གིས་མདུད་པ་བཅིང་བར་བྱ་སྟེ། འདི་ནི་ཁྱོ་བོ་རྡོ་རྗེ་ལྕགས ་སྟོག་གིའོ།། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ་ཕན་ཚུན་ཡང་དག་པར་སྦྱར་བ་གཟུང་བར་བྱ་སྟེ་འདི་ནི་ཁྲོ་བོ་རྡོ་རྗེ་དྲིལ་བུའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། དེ་ལྟར་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་བསྟན་ནས་ང་ནི་ལས་ཀྱི་ཚོགས་སྒྲུབ་པར ་བྱེད་པའི་ཕྱག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར། དེ་ནས་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གསུམ་མ་ལུས་པ་ལྔས་རྣམ་པར་རྒྱལ་བ་ལ་སོགས་པའི་ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ནི་ལུས་ཀྱི་ཕྱག ་རྒྱ་རྣམ་སོ།། རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ་ཞེས་བྱ་བ་ལ། འཇིག་རྟེན་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱང་རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བར་གཟུང་བར་བྱའོ།། རྡོ་རྗེ་ཧཱུཾ་མཛོད་དེ ་ཇི་ལྟ་བུ་ཡིན་ཞེ་ན། ལག་པ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། རྡོ་རྗེ་ལག་པ་མཉམ་སྦྱར་ནས།། མཐེ་ཆུང་ལྕགས་ཀྱོ་བཅིངས་བྱས་ཏེ།། མཛུབ་མོ་གཉིས་ཀྱིས་སྡིགས་མཛུབ་ནི།། འཇིག་རྟེན་གསུམ ་རྒྱལ་བྱ་བ་ཡིན།། དེ་ནི་རྡོ་རྗེ་ཧཱུཾ་མཛད་དེ།། འདིས་འཇིག་རྟེན་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་འ་བ་པར་འགྱུརོ།། གཡོན་པའི་མཛུབ་མོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ནས་གཡོན་པའི་མཛུབ་ཀྱིས ་བསྒྲུབ་བྱ་ལ་སྡིགས་མཛུབ་བྱ་སྟེ། འདིས་སེམས་ཅན་གྱི་ཁམས་ཐམས་ཅད་ལྔས་རྣམ་པར་རྒྱལ་བར་འགྱུ་རོ།། རྡོ་རྗེ་ཧཱུཾ་མཛད་གཡོན་པ་བརྐྱང་བྱས་གནས་པ་ཞེས་བྱ་བ་ལ། ཇི་ལྟར་བཤད་པའི་ཧཱུཾ་མཛད་བཅིངས་ལ་གཡོན་བརྐྱང ་བའི་ལྟ་སྟོངས་ཀྱིས་འདུག་ནས་བསྒྲུབ་བྱ་ལ་སྡིགས་མཛུབ་བྱས་ནས་འདིས་ནི་ཁམས་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ།། མཛུབ་མོའི་རྡོ་རྗེས་སྡིགས་མཛུབ་བོ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ་མཛུབ་མོ་མ་གཉིས་ཀྱི་རྩེ་པོ་ཡང་དག་པར་སྦྱར་བ་བྱས་ནས་དེས་སྡིགས་མཛུབ་བྱས་ནས་དགུག་པ་ལ་སོགས་པའི་ལས་ཐམས་ཅད་འགྲུབ་པར་བྱེད་པ་ཡི་ནོ།། སྣའི་དབུགས་དང་ཡི་གེ་ཧཱུཾ་གི་སོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ་སྣའི་དབུགས་ད་ཡི་གེ་ཧཱུཾ་གིས་ཐམས་ཅད་བཏུང་བར་འགྱུར་རོ།། ཁྲོས་པས་ཡི་གེ་ཨ་སྦྱར་བར་བྱའི་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཁྲོས་པས་ཡི་གེ་ཨ་བརྗོད་པར་བྱས་ན་འདིས་ཐམས་ཅད་བབས་པར་འགྱུར་རོ།། ཧཱ་ཧ་རྒོད་པར་བྱ། ་ཞེས་བྱ་བ་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཧ་ཧ་རྒོད་པར་བྱས་ན་འདས་ཐམས་ཅད་གནོན་པར་འགྱུར་རོ།། སྙིང་གར་རྡོ་རྗེ་བསྒོམས་པས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའི་ཞེས་བྱ་བ་ལོ།། རང་གི་སྙིང་གུར་ཁྲོ་བོ་རྡོ་རྗེ་རྩེ་བཞི་པ་བསྒོམ་ཞིང་བཅོམ་ལྡན ་འདས་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ཕྱག་རྒྱ་ཆེན་པོ་བཅིངས་ནསྣ་ལྔས་ཐམས་ཅད་དགོས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་པ་ཡིནོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ ་བ་ལས་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ཀྱི་རབ་ཏུ་དགའ་བའི་རྡོ་རྗེའི་ཁྲོ་བོའི་ཕྱག་རྒྱ་རྟོག་པ་བཤད་པ་རྫོགས་སོ།། དེ་ལྟར་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་རྟོགས་པ་བསྟན་ནས་དཱ་ནི་པདྨའི་རིགས་ཀྱི་ཕྱག་རྒྱའི་རྟོག་པ ་བསྟན་པའི་ཕྱིར། དེ་ནས་པདྨའི་རིགས་ཀྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ།། པདྨ་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་སྟེ། དེའི་རིགས་ནི་པདྨའི་རིག་སོ།། དེའི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང ་ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམ་སོ།། དེའི་ཆོ་ག་རྒྱས་པའི་རྒྱུད་ནི་སྒྲའི་ཚོག་སོ།། དེ་བཞིན་གཤེགས་པའི་རྡོ་རྗེའི་མཛུབ་མོ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་བསྡམས་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་ནི་དེ་བཞིན་གབྱེ ་པའི་རྡོ་རྗེ་སྟེ། མཛུབ་མོ་གཉིས་བསྒྲེང་བ་བཀུག་ལ་པདྨའི་འདབ་མ་གཉིས་ཀྱི་རྣམ་པར་གར་བྱས་ལ་སྙིང་གའི་ཕྱོགས་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་པདྨའི་ཞེས་བྱ་བ་ལ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་དུ་འཇུག་པའི་ཕྱག ་རྒྱ་ཡིན་ནོ།། འདི་ཉིད་ཀྱི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱིས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་འཁོར་དོང་བཅས་པ་སྤྱན་དྲང་བའི་སྔགས་ཀྱིས་སྤྱན་དྲང་བར་བྱའོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་ནི་དེ་བཞིན་དུའོ་ཞེས་བྱ་བ ་ལ་ཇི་ལྟར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་རྣམས་བསྣན་པ་དེ་བཞིན་འདིར་ཡང་ཤེས་པར་བྱའོ།། དམ་ཚིག་གི་ཁྱད་བར་དང་ཁུ་ཚུར ་གྱི་ཁྱད་པར་རོ་ཞེས་བྱ་བ་ལ་འདིར་ཡང་དམ་ཚིག་གི་ཁྱད་པར་ཅན་དུ་ཤེས་པར་བྱའོ།། ཕྱག་རྒྱ་ཆེན་པོ་དང་།། ལས་ཀྱི་ཕྱག་རྒྱ་རྣམས་བསྐྱེད་པའི་རྒྱུར་གྱུར་པའི་ཁུ་ཚུར་གྱི་ཁྱད་པར་ཡང་ཤེས་པར་བྱ་བ་ཡིན་ནོ།། ད་ནི་དམ་ཚིག་གི་ཕྱག ་རྒྱའི་ཁྱད་པར་དང་། ཁུ་ཚུར་གྱི་ཁྱད་པར་བསྟན་པར་བྱེ་བའི་ཕྱིར། ཁ་འབུས་པའི་ཐལ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁ་འབྲོས་པའི་ཐལ་མོས་བཅིངས་ནས་མཐེ་བོ་གཉིས་མཐེ་ཆུང་གཉིས་ཁ་ཕྱེ་བར་བྱས་ལ་པདྨ་འོང་བ ་མ་བཞི་པའི་ཚུལ་གྱིས་གཟུང་བར་བྱ་སྟེ། འདི་ནི་པདྨ་ཆེན་པོ་ཞེས་བྱ་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་ཡིནོ།། ཐམས་ཅད་བཅིང་བ་ནི་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བ་ལ། པདྨ་ཡིད་ལས་བྱུང་བ་ལ་སོགས་པ ་རྣམས་ཀྱིས་ཁ་འབུས་པའི་ཐལ་མོ་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས་ཤེས་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་དམ་ཚིག་གི་ཕྱག་རྒྱའི་ཁྱད་པར་བསྟན ་ནས་ཁུ་ཚུར་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། ཁུ་ཚུར་གྱི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་དང་དབུས་མ་གཉིས་མཉམ་པར་བྱས་ལ། མཐེ་བོའི་རྩེ་མོར་རོང་རང་གི་དབུས ་མ་དང་མཛུབ་མོའི་རྩེ་མ་སྦྱར་ལ་གཟུང་བར་བྱ་སྟེ། འདི་ནི་པདྨའི་ཁུ་ཚུར་གྱི་ངམ་ཚིགྲི་ཕྱག་རྒྱ་ཡི་ནོ།། འདི་གཉིསུ་བྱས་ལ་ཕྱག་རྒྱ་ཆེན་པོ་དང་ལས་ཀྱི་ཕྱག་རྒྱ་རྣཾས་བཅིང་བུར་བྱའོ།། འདི་སཱ་ནི་འདི་སྐད་སྟོན་པར་འགྱུར་ཏེ། པདྨའི་ཁུ་ཚུར་གཉིས་བཅིངས་པདྨའི ་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བླངས་ཏེ་བསྙེམས་པར་བྱས་ནས་གཡས་པའི་པདྨ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ་གསོར་ལ་གཏོང་བའི་ཚུལ་གྱིས་རང་གི་སྙིང་གར་འཛིན་པར་བྱ་སྟེ། འདི་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ ་ཡི་ནོ།། འདི་བཞིན་དུ་པདྨའི་ཡིད་ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་རང་གི་ཕྱག་རྒྱ་ཆེན་པོ་བྲིས་པའི་རྗེསུ་འབྲངས་ནས་བཅིང་བར་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་ནི་པདྨ་ཆེན་པོ་ཞེས་བྱ ་བས་བསྟན་ཟིན་ཏོ།། ཁ་འབུས་པའི་ཐལ་མོ་བཅིངས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་ཕྱི་རོལ་དུ་ཕྱོགས་པར་དགུག་པར་བྱས་ཏེ་འདི་ནི་པདྨའི་ཡིད་ལས་བྱུང་བའིའོ།། ཁྭ་འབུས་པའི་ཐལ་མོ་བཅིངས་ཏེ་མཐེ་བོ་གཉིས ་པོའི་སྐྱིལ་མོ་ཀྲུང་གིས་འཁྱུད་པར་བྱ་སྟེ། འདི་ནི་བྱདྨ་ཀཱི་ལི་ཀཱི་ལའིའོ།། ཁྭ་འབུས་པའི་ཐེལ་མོ་གཡས་པའི་མཛུབ་མོའི་ལྕགས་ཀྱུས་གཡོན་པའི་དབུས་མའི་རྩེ་མོ་གཟུང་བ་དང་། གཡོན་པའི་མཛུབ་མོའི་ལྕགས་ཀྱུས་གཡས་པའི་དབུས ་མའི་རྩེ་མོར་གཟུང་བར་བྱས་ལ་མཐེ་བོ་གཉིས་སོ་སོར་བསྒྲེངས་ཏེ། སྲིན་ལག་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ཞིང་མཐའ་མ་གཉིས་སོ་སོར་རབ་ཏུ་ཕྱིར་བརྐྱང་ནས་གཟུང་བར་བྱ་སྟེ། འདི་ནི་པདྨ་དྲན་པའིའོ།། ཁ་འབུས་པའི ་ཐལ་མོ་བསྐོར་ནས་བཱརླ་གྲཉིས་ལྔ་གཟུང་བར་བྱ་སྟེ། འདི་ནི་པདྨ་བསྙེམས་པའིའོ།། ཁ་འབུས་པའི་ཐལ་མོ་བསྐོར་ཞིང་བཅིངས་ལ་སྟེང་དུ་གཏོར་བར་བྱ་སྟེ་འདི་ནི་དཔྱིང་ཀའི་རྡོ་རྗེ་མའིའོ།། དེ་ཉིད་སྤོས་འབུལ་བའི་ཚུལ་གྱིས་འོག ་བླུགས་པར་བྱས་ཏེ། འདི་ནི་སྤྲིན་མའིའོ།། དེ་ཉིད་མོར་མེ་འབུལ་བའི་ཚུལ་གྱིས་མཐེ་བོ་སྦྱར་ཞིང་བསྐོར་བའི་རྣམ་པས་གཟུང་བར་བྱས་ཏྲེ་འདི་ནི་སྐྱོན་ཀུ་རྡོ་རྗེ་མཱའིའོ།། དེ་ཉིད་སྙིང་གའི་ཕྱོགས་བརྐྱང་ཞིང་དྲིས་བྱུགས་པའི་ཚུལ་དུ་རབ་ཏུ ་སྦྱར་ཞིང་བསྐོར་ལ་སྤྱི་བོར་གཟུང་བར་བྱ་སྟེ་འདི་ནི་དགུན་མའིའོ།། པདྨའི་ཐལ་མོ་བསྐོར་ཞིང་སྙིང་གའི་ཕྱོགས་སུ་གཟུང་བ་སྟེ་འདི་ནི་སྒེག་མོའིའོ།། པདྨའི་ཐལ་མོ་སྦྱར་ཞིང་རྒོད་པའི་ཚུལ་གྱིས་ཡོངས་སུ་བསྐོར་ལ་ཁའི་ཐང ་ཀར་གཟུང་བར་བྱས་ཏེ་འདི་ནི་བཞད་པ་མའིའོ།། པདྨའི་ཐལ་མོ་བསྐོར་བ་དག་འབྱིན་པའི་ཚུལ་ཁ་ལས་གྱེན་དུ་དྲུང་བར་བྱ་སྟེ་འདི་ནི་གླུ་མའིའོ།། པདྨའི་ཐལ་མོ་བསྐོར་ཞིང་གར་གྱི་ཚུལ་གྱིས་བསྐོར་བར་བྱ་སྟེ་འདི་ནི་པདྨའིའོ།། ཁ་འབུས་པའི ་ཐལ་མོའི་མཛུ་བོ་མོ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱ་སྟེ་འདི་ནི་པདྨ་ལྕགས་ཀྱུའིའོ།། ཁཱ་འབུས་པའི་ཐལ་མོ་གཡོན་པའི་མཛུབ་མོ་བསྒྲེངས་ལ་གཡས་པའི་མཛུབ་མོས་གཟུང་བར་བྱ་སྟེ་འདི་ནི་པདྨ་ཞགས་པ་མའིའོ།། ཁ་འབུས ་པའི་ཐལ་མོ་བཅིངས་ལ་མཛུབ་མཽ་དང་མཐེ་བོ་དག་གིས་ལུ་གུ་རྒྱུད་དུ་བཅིངས་པར་བྱ་སྟེ་འདི་ནི་པདྨ་ལྕགས་སྒྲོག་གིའོ།། ཁ་འབུས་པའི་ཐལ་མོའི་མཐེ་བོ་གཉིས་རང་གི་སྲིན་ལས་དང་མོཐེའུ་ཆུང་གི་ནང་དུ་བཅུག་ལ་གཟུང་བར་བྱས ་ཏེ་འདི་ན་པདྨ་དྲིལ་བུའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཉིད་ཆོས་ཀྱི་ཕྱག་རྒྱར་གཟུང་བར་བྱའོ།། པདྨའི་ཁུ་ཚུར་གཉིས་ཀྱིས་ལས་ཀྱི་ཕྱག་རྒྱ་རྣམས་བཅིང་བར་བྱའོ།། གཡོན་པའི ་ཁུ་ཚུར་གྱིས་བསྟིམས་བླ་བྱས་ནས་གཡས་པའི་པདྨའི་ཁུ་ཚུར་རང་གི་སྙིང་གུར་གཏོང་པའི་ཚུལ་གྱིས་གཟུང་བར་བྱ་བྷྱོ་སྟེ་འདི་ནི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ལས་ཀྱི་ཕྱག་རྒྱ་སྦྱི་ནོ།། གཡོན་པའི་པདྨའི་ཁུ་ཚུར་གྱིས་གཞུ་བྱུང ་བའི་ཚུལ་གྱིས་ཏེ། དེ་ཉིད་སྙིང་གའི་ཕྱོགས་སུ་གྱེན་དུ་ཁ་བལྟས་པར་བཞག་པ་དེའི་སྟེང་དུ་གཡས་པའི་པདྨའི་ཁུ་ཚུ་རོ་འོག་ཏུ་ཁ་བལྟས་པར་བཞག་ལ་སླར་ངེས་མངའ་གསོར་བའི་ཚུལ་དུ་བྱས་ན་འདི་ནི་པདྨ་ཡིད་ལས་བྱུང་བའིའོ།། ་པདྨའི་ཁུ་ཚུར་གཉིས་ཀྱི་བདག་ཉིད་ལ་འཁྱུད་པར་བྱ་སྟེ། འདི་ནི་ཀཱི་ལི་ཀཱི་ལཱའིའོ།། པདྨའི་ཁུ་ཚུར་གཉིས་ཀྱིས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱཱ་སྟེ་འདི་ནི་པདྨ་དྲན་པའིའོ།། པདྨའི་ཁུ་ཚུར་གཉིས་ནང་དུ་ཁྭ་བལྟས། ་པའི་ལག་པ་གཉིས་དཀུར་བཞག་པར་བྱ་སྟེ་འདི་ནི་པདྨ་བསྙེམས་པའིའོ།། པདྨའི་ཁུ་ཚུར་གཉིས་བཅིངས་ཏེ་སྒེབ་པ་དང་བཅས་པས་མཐའ་མ་ལཱ་སོགས་པ་བཀྲོལ་ཞིང་གློག་འགྱུ་བའི་གར་གྱི་གཡས་སུ་བསྐོར་ནས་སྤྱི་བོའི ་ཕྱོགས་སུ་ཀཱ་པུ་ཊའི་ཁ་སྦྱོར་བཅིངས་ཏེ་ཕོབ་ལ། པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ་སྙིང་གའི་ཕྱོགས་སུ་བཞག་ནས་མེ་ཏྲོག་འབུལ་བའི་ཚུལ་གྱིས་གྱེན་དུ་གཏོར་བར་བྱེ་སྟེ་འདྲི་ནི་དཔྱིད་ཀ་བུདྡྷའིའོ།། དེ་བཞིན་དྲོ་པདྨའི ་ཁུ་ཚུར་གཉིས་བསྐོར་ལོ་སྙིང་གའི་ཕྱོགསུ་བཅིངས་ཏེ་སྤོས་འབུལ་བའི་ཚུལ་གྱིས་ཐུར་དུ་བླུགས་པར་བྱ་སྟེ་འདི་ནི་པདྨ་སྤྲིན་མའིའོ།། དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་མར་མོ་འབུལ་བའི་ཚུལ་གྱིས ་མཐེ་བོ་གཉིས་སྦྱར་ཞིང་བསྐོར་བར་བྱཱ་སྟེ་འདི་ནི་སྟོན་ཀ་པདྨའིའོ།། དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ་སྙིང་གའི་ཕྱོགས་སུ་བརྒྱད་ལ་དྷིས་བྷུགྣ་སྱ་པའི་ཚུལ་གྱིས་རབ་ཏུ་སྦྱར་ཏེ། སླརརྱ་ཡུང་པདྨའི་ཁུ་ཚུར ་གཉིས་བསྐོར་ཞིང་བཅིངས་ནས་སྤྱི་བོའི་ཕྱོགས་སུ་གཟུང་བར་བྱ་སྟེ་འདི་ནི་པདྨ་དགུན་མའིའོ།། དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་སྙིང་གའི་ཕྱོགསུ་གཟུང་བར་བྱ་སྟེ་འོདི་ནི་པདྨའི་སྒེག་མའིའོ།། དེ་བཞིན ་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་རྒོད་པའི་ཚུལ་གྱིས་ཡོངསུ་བསྐོར་ཞིང་ཁའི་མཐར་གཟུང་བར་བྱ་སྟེ་འདི་ནི་པདྨ་བཞང་མའིའོ།། དེ་བཞིན་དུ་པདྨའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ལ་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ་འདི ་ནི་པདྨ་གླུ་མའིའོ།། དེ་བཞིན་དུ་པདྨའི་ཁུ་ཚུརྱ་གཉིས་བསྐོར་ཞིང་བཅིངས་ལ་གར་གྱི་ཚུལ་གྱིས་བསྐོར་བར་བྱ་སྟེ་འདི་ནི་པདྨ་གྱུར་མའིའོ།། གརརྱ་དང་བྲལ་བའི་པདྨའི་ཁུ་ཚུརྱ་གཱཉིས་བཅིངས་ཏེ། མུཛུ་བ་མོ་གཉིས་ཀྱི་ལྕགྲོས་ཀྱུ ་གཉིས་བྱས་ཏེ་འདི་ནི་པདྨ་ལྕགས་ཀྱུ་མའོའོ།། པདྨའི་ཁུ་ཚུར་གཉིས་བཅིངས་ལ་གཡས་པའི་མཛུབ་མོའི་ལྕོགས་ཀྱུས་གཡོན་པའི་མཛུབ་མོ་བསྒྲེང་བ་གཟུང་བར་བྱ་སྟེ་འདྲི་ནི་པདྨ་ཞགས་པའིའོ།། པདྨའི་ཁུ་ཚུར་གཉིས་བཅིངས ་ཏེ་མཛུབ་མཽ་དང་མཐེ་བོ་དྲུག་གི་མདུད་པ་བཅིངས་པར་བྱ་སྟེ་འདི་ནི་པདྨ་ལྕགས་སྒྲོག་གིའོ།། པདྨའི་ཁུ་ཚུར་གཉིས་བཅིངས་ཏེ། ཕན་ཚུན་དུ་ཡང་དག་པར་སྦྱརྱ་ལ་མཐོ་ཆུང་སྲིན་ལག་གི་ནང་དུ་མཐེ་བོ་གཉིས་བཅུ་གུ་ནཱ་ས་གཟུང ་བར་བྱ་སྟེ་འདི་ནི་པདྨའི་དྲིལ་བུ་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ཞེས་བྱ་བ་ལ་ལས་ཀྱི་ཚོགས་བསྒྲུབ་པར་བྱེད་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་རྣམས་ཏེ་དེ་དག་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཏྨ ་ཆེན་པོ་བཤད་དོ་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་པདྨོ་ཆེན་པོ་ཞེས་བྱ་བ་སྟེ། དེ་བཅིངས་ནས་སྙིང་གར་བཞག་པ་བྱས་ན་སྒྲིབ་པོ་ཐམས་ཅད་རྣམ་པར་སྦྱོང ་བར་འགྱུར་རོ།། དེ་ཉིད་སྤྱི་བོ་ཞེས་བྱ་བ་ལ་པདྨ་ཆེན་པོ་དེ་ཉིད་བཅིངས་ལ་སྤྱི་བོའི་ཕྱོགས་སུ་གཟུང་བ་བྱས་ན་ཐམས་ཅད་བསྲུང་བར་འགྱུར་རོ།། དེ་ཉིད་རྡོ་རྗེ་ལྟ་བས་བལྟ་བར་བྱའོ་ཞེས་བྱ་བ་པདྨ་ཆེན་པོ་དེ་ཉིད་བཅིང ་ལ་རྡོ་རྗེ་ལྟ་བྱས་ལྟ་བར་བྱས་ན་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ།། དེ་ཉིད་སོར་མོ་ཐམས་ཅད་ལ་ཁ་ཕྱེ་བའོ་ཞེས་བྱ་བ་ལ་པདྨ་ཆེན་པོ་བཅིངས་ལ་སོར་མོ་ཐམས་ཅད་ཁྭ་ཕྱེ་ལཾ། པདྨ་འདྲི་བ་མ་བརྒྱུད་པའི་རྣམ་བྱས་གཟུང་བར་བྱས ་ན་ཏིང་ངེ་འཛིན་དག་པ་ཐམས་ཅད་འཐོབ་པར་འགྱུར་རོ།། དེ་ཉིད་རྡོ་རྗེ་གཉིས་ཀྱི་མིག་གོ་ཅེས་བྱ་བ་ལ་མཛུབོ་མོས་འཁྱུད་པའི་དབུས་མའི་མིག་འབྲས་མཐེ་བོ་དང་སྦྱར་བ་ཞེས་བྱ་བ་གང་ཡིན་པ་དེ་ནི་རྡོ་རྗེ་གཉིས་ཀྱི་མིག་སྟེ་འདིས་བུད ་མེད་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ།། འདི་ཉིད་ལེགས་པར་བྱེད་པའོ་ཞེས་བྱ་བ་ལ་པདྨ་ཆེན་པོ་བཅིངས་ཏེ་མཛུབ་མོ་དང་མཐེ་བོ་དག་གིས་ལེགས་པར་སྦྱིན་པའི་ཚུལ་དུ་བྱ་བ་སྟེ་འདིས་སྐྱེས་པ་ཐམས་ཅད་དབང་དུ་བྱེད་པར་འགྱུར ་དེ་ཉིད་དཔྲལ་བར་བྱས་ནས་གསོལ་བ་གདབ་པར་བྱའོ་ཞེས་བྱ་བ་ལོ། པདྨ་ཆེན་པོ་དཔྲལ་བའི་ཕྱོགས་སུ་གཟུང་ཞིང་གསོལ་བ་གདབ་པར་བྱ་སྟེ་རྨི་ལམུ་འདེབས་པ་གྲུབ་པར་འགྱུ་རོ།། དེ་ཉིད་གཡོན་པའི་སྐྱེ་གནས་སུ་མཐེ་བོའི་རྟགས། ་ཀྱིས་མིང་ལའོ་ཞེས་བྱ་བ་ལ་པདྨ་ཆེན་པོ་བཅིངས་ཏེ། གཡོན་པའི་མཛུབ་མོ་དང་མཐེ་བོ་སྐྱེ་གནས་སུ་བྱས་ལ་སྐྱེ་གནས་དེ་ལ་གཡས་པའོ་མཐེ་བོའི་འོག་ཏུ་ཁ་བལྟ་བ་བཅུག་སྟེ། མཆོག་འདོད་བའི་བསམ་པས་སྙིང་པོ་བཟླ་བར ་བྱ་སྟེ། དེ་ལྟར་བྱས་ན་མཆོག་ཐམས་ཅད་བསྐྱེང་བར་འགྱུར་རོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤང་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུས་བུ་གཉིས་པའི་རྩ་བའི་རྒྱུད་ལས་རྡོ་རྗེ་འཇིག་རྟེན་དཔུང་ཕྱུག་གི་ཕྱུག ་རྒྱའི་རྟོག་པའི་བཤད་པ་རྫོགསསོ།། དེ་ཝཱར་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱའི་རྟོག་པ་བསྟན་ནཱསཱ་ད་ནི་ནོར་བུའི་རིགས་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ནོར་བུའི་རིགས་ཀྱི་ཕྱུ ་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པའོ་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ།། ཇི་ལྟ་བ་བཞིན་དུ་བཤང་པོའི་འཕགས་པ་ན་མཁའི་སྙིང་པོ་ཕྱག་ན་གནས་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་ནོར་བུ་སྟེ། དེའི་རིག་ནི་དེ་ལས་བྱུང་བའི་རིན་པོ་ཆེའི། ་རིག་སོ།། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་ལ་སོགྶ་འི་ཕྱག་རྒྱ་རྣམས་ཏེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ངོ་།། དེའི་ཆོ་ག་རྒྱས་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྫོགས་པར་བྱེད་པའི་རྒྱུན་ནོ།། རྡོ་རྗེ་ཐུལ་མོ་ཞེས་བྱ་བ་ལཾ་སོགས་པ་ལ་རྡོ་རྗེའི་ཐལ ་མོ་བཅིངས་ཏེ་མཐེ་བོ་གཉིས་ཡང་དག་པར་སྦྱར་ནས་མཛུབ་མོའི་རྩེ་མོ་བསྒྲེང་བར་བྱས་ལ། མཛུབ་མོ་གཉིས་རྩེ་མོ་ཕན་ཚུན་དུ་སྦྱར་ཏེ་སྟེང་ནས་བཀུག་པ་རིན་པོ་ཆེར་བྱས་ནས་མཐེ་བོའི་རྩེ་མོ་གཉིས་སུ་སྦྱར་བ་བྱས་ཏེ། དེ་ནས་མཛོད ་སྤུའི་ཕྱོགས་སུ་གཟུང་བར་བྱས་ན་འདི་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་སྟེ་འདིས་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ།། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཉིད་ཀྱི་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུས། བཅོམ་ལྡན་འདས ་རྣམཁའི་སྙིང་པོ་འཁོར་དང་བཅས་པ་སྤྱན་འདྲེན་པའི་སྔགས་དང་བཅས་པས་སྤྱན་དྲངས་ལ་དཀྱིལ་འཁོར་དུ་གཞུག་པར་བྱའོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་གླིང་བཞིན་ནོ་ཞེས་བྱ་བ ་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པོའི་ཕྱག་རྒྱ་ཆེན་པོ་དང་། ཆོས་དྲང་ལས་ཀྱི་ཕྱག་རྒྱ་བཅིང་བ་བཞིན་དུ་འདིར་ཡང་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་བཅིང་བྱ་ཤེས་པར་བྱའོ་ཞེས་བྱ་བའི་ཐ་ཚིག། ་དམ་ཚིག་ནི་རྡོ་རྗེ་བསྡམས་པའི་མཛུབ་མོ་ཞེས་བྱ་བ་ལ་སོགས་པོ་ལ། རྡོ་རྗེ་བསྡམས་པ་བཅིངས་ཏེ་མཐེ་བོ་གཉིས་བསྒྲེང་བའི་རྩེ་མོ་ཡང་དག་པར་སྦྱོར་བའི་ཚུལ་གྱིས་གཟུང་བར་བྱ་སྟེ་མཛུབ་མོ་གཉིས་བསྒོང་ལ་རྩེ་མོ་ཕྲན་ཚུན ་ཡང་དག་པར་སྦྱར་ཏེ་སྟེང་ནས་བཀུག་ཅིང་རིན་པོ་ཆེར་བྱས་ལ་མཐེ་བོའི་རྩེ་མོ་གཉིས་ཀྱི་སྟེང་དུ་སྦྱར་བར་བྱ་སྟེ། འདི་ནི་འཕགས་པ་ན་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་ནོར་བུའི་ཞེས་བྱ་བ་ཡིན་ནོ།། གཞན་རྣམས་ནི་དེ་ལས ་བྱུང་བའོ་ཞེས་བྱ་བ་ལ་འཕགས་པ་ན་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་པོའི་རིན་པོ་ཆུ་ཡིད་ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་རྣམས་གཟུང་བར་བྱའོ།། རིན་པོ་ཆེའི་ཁུ་ཚུར་ཞེས་བྱ་བ ་རྡོ་རྗེ་བསྡམས་པོ་བཅིངས་ཏེ་མཐེ་བོ་ཡང་དག་པར་སྦྱར་ཞིང་བསྒྲེང་བར་བྱས་ལོ་མཛུབ་མོ་གཉིས་བསྒྲེང་བའི་རྩེ་མོ་གཉིས་ཀྱི་རང་གི་མཐེ་བོའི་རྩེ་མོ་ཡང་དག་པར་སྦྱོར་ཞིང་གཟུང་བར་བྱ་སྟེ། འདི་ནི་རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་ཞེས ་བྱ་བའི་ཕྱག་རྒྱ་ཡིན་ནོ།། དེ་གཉིས་སུ་བྱས་ལ་ནོར་བུའི་ཁུ་ཚུར་རོ་ཞེས་བྱ་བ་ལ་རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་གཉིས་སུ་བྱས་ན་ནོར་བུའི་ཁུ་ཚུར་གཉིས་སུ་འགྱུར་བ་ཡིན་ནོ།། འདིས་ནི་འདི་སྐད་བཤད་པར་འགྱུར་ཏེ། གཡོན་པའི་རིན་པོ་ཆེའི ་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བླངས་ནས་གཡས་པའི་ཁུ་ཚུར་གྱིས་ནོར་བུས་མཚན་པའི་རྡོ་རྗེ་རྩེ་ལྔ་པ་བླངས་ཏེ་གསོར་ལ་རང་གི་སྙིང་གར་གཏོང་པའི་ཚུལ་གྱིས་གཟུང་བར་བྱས་ཏེ་འདི་ནི་འཕགས་པ་ན་མཁའི་སྙིང་པོའི་ཕྱག་རྒྱ་ཆེན ་པོ་ཡིན་ནོ།། རིན་པོ་ཆེ་ཡིད་ལས་བྱུང་བ་ལ་སོགས་པ་རྣམས་ཀྱི་ཡང་རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱི་རང་རང་གི་ཕྱག་མཚན་དང་བཅས་པ་ཇི་ལྟ་བ་བཞིན་དུ་བྲིས་པའི་རྗེསུ་འབྲངས་ཏེ་ཕྱག་རྒྱ་ཆེན་པོ་བཅིངས་པར་བྱ་བ་ཡིན་ནོ།། འཕགས ་པ་ན་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱའི་ཕྱི་རོལ་ཏུ་མངོན་པར་ཕྱོགས་པའི་ལྕགས་ཀྱུ་ནི་རིན་པོ་ཆེ་ཡིད་ལསོ་བྱུང་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། འཕགས་པ་རྣམ་པའི་སྙིང་པོའི་ཕྱག་རྒྱ་ཉིད་མཐེ་བོ་གཉིས་ཀྱིས་འཁྱུད་པ་ནི་ཀཱ ་ཀཱི་ལའིའོ།། འཕགས་པ་ནཱ་མ་ཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོའི་བཅིང་བ་ཉིད་མཐེ་བོ་གཉིས་ཁ་ཕྱེ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་དབུས་མ་དག་གི་རྩེ་མོ་ཕན་ཚུན་འདྲེན་ཅིང་མཐའ་མ་དང་སྲིན་ལག་མཉམ་པར་བྱ་སྟེ། ཁ་ཕྱེ་ལ་རྡོ་རྗེ་ཆུ་སྲིན ་གྱི་རྒྱལ་མཚན་བསྒྲེང་བ་ནི་རིན་པོ་ཆེ་དྲན་པའོའོ།། འཕགས་པ་ནམཁའི་སྙིང་པོའི་ཕྱག་རྒྱ་ཉིད་བརླ་གཉིས་ལ་བསྐོར་ཞིང་བཞག་པ་ནི། རིན་པོ་ཆེ་བསྙེམས་པའིའོ།། ང་ཉིད་སྟེང་དུ་གཏོར་བ་ནི་དཔིང་ཀ་རིན་པོ་ཆེ་མའིའོ།། འོག་ཏུ ་བླུགས་པ་ནི་རིན་པོ་ཆེ་སྤྲིན་མའིའོ།། མཐེ་བོ་གཉིས་སྦྱོར་ཞིང་བསྐོར་བ་ནི་སྟོན་ཀ་རིན་པོ་ཆེ་མའིའོ།། རབ་ཏུ་བརྐྱང་ཞིང་བྱུག་པ་དང་། བསྐོར་ཞིང་སྤྱི་བོར་བཞག་པ་ཞེས་བྱ་བ་ནི་རིན་ཆེན་དགུན་མའིའོ།། བསྐོར་ཞིང་སྙིང་གུར ་བཞག་པ་ནི་རིན་ཆེན་སྒེག་མོའོའོ།། ཡོངསུ་བསྐོར་ཞིང་རྒོད་པ་ནི་རིན་ཆེན་བཞོད་མའིའོ།། ཁ་ལུས་གྱེན་དུ་འབྱིན་པ་ནི་རིན་ཆེན་གླུ་མའིའོ།། དེ་བཞིན་བསྐོར་ནས་གར་བྱེད་པ་ནི་རིན་ཆེན་གར་མའིའོ།། མཛུབ་མོའི་ལྕགས་ཀྱུ་གཉིས་ནི་རིན་ཆེན ་ལྕགས་ཀྱུ་མའིའོ།། གཡོན་པའི་མཛུབ་མོ་གཡས་ཀྱིས་གཟུང་བ་ནི་རིན་ཆེན་ཞུགས་པ་མའིའོ།། མཛུབ་མོའི་མཐེ་བོང་འཆིང་བ་ནི་རིན་ཆེན་ལྕགས་སྒྲོག་གིའོ།། མཐེ་བོ་མཐའ་མའི་ནང་དུ་བཞག་པ་ནི་རིན་ཆེན་དྲིལ་བུའི་དམ་ཚིག་གི་ཕྱག་རྒྱ ་ཡིན་ནོ།། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཉིད་འདི་ཕྱག་རྒྱ་རྣམས་གཟུང་བར་བྱའོ།། རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་པ་ལས་ཀྱི་ཕྱག་རྒྱ་རྣམས་བཅིངས་པར་བྱའོ།། གཡོན་པའི་རིན་པོ་ཆེ་བསྙེམ་སྔོ་བྱས ་གཡས་པའི་ཁུ་ཚུར་གཏོང་བའི་ཚུལ་གྱིས་སྙིང་གར་གཟུང་བར་བྱ་སྟེ་འདི་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། གཞུ་དང་མངའ་གཏོང་པའི་ནི་རིན་པོ་ཆེ་ཡིད་ལས་བྱུང་བའིའོ།། འོག་ཏུ་འཁྱུད་པ་ནི་རིན་པོ་ཆེ་ཀཱི་ལཱི་ཀཱི་ལའིའོ།། ་རྒྱལ་མཚན་བསྒྲེང་བ་ནི་རིན་པོ་ཆེ་དྲན་པའིའོ།། བསྙེམས་པ་གཉིས་གཏོང་པ་ནི་རིན་ཆེན་བསྙེམས་པའིའོ།། རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ཏེ་སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་ནས་བཀྲོལ་ནས་གློགི་འགྱུ་བའོ། ་གར་གྱིས་གཡས་ཕྱོགསུ་བསྐོར་བར་བསྐོར་ཏེ། སྤྱི་བོའི་ཕྱོགསུ་ཀཱ་པུ་ཊའི་ཐལ་མོ་ཁ་སྦྱོར་བ་བཅིངས་ཤིང་ཕྲབ་ལ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་སྙིང་གར་བཅིངས་ནས་མེ་ཏོག་འབུལ་བའི་ཚུལ་གྱིས་སྟེང་དུ་གཏོར་བར་བྱ་སྟེ་རིན ་ཆེན་དཔྱིང་ཀ་མཱའིའོ།། དེ་བཞིན་དུ་རིན་པོ་ཆེ་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ། སྤོས་འབུལ་བའི་ཚུལ་གྱིས་འོག་ཏུ་ལྡུག་པར་བྱ་སྟེ་འདི་ནི་རིན་ཆེན་སྦྱིན་མའིའོ།། དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ཏེ། མར ་མེ་འབུལ་བའི་ཚུལ་གྱིས་མཐེ་བོར་སྦྱར་ཞིང་བསྐོར་བར་བྱ་སྟེ་འདི་ནི་རིན་ཆེན་སྟོན་ཀ་མའིའོ།། དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཙོངས་ཏེ། སྙིང་གའི་ཕྱོགས་སུ་བརྐྱང་འདྲིས་བྱུག་པའི་ཚུལ་གྱིས་རབ་ཏུ་སྦྱར་ཏེ། སྐུར ་ཡང་རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ལ། སྤྱི་བོའི་ཕྱོགསོ་སུ་བསྐོར་ཞིང་བཞག་པར་བྱ་སྟེ་འདི་ནི་རིན་ཆེན་དགུན་མའིའོ།། དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་བསྐོར་ཞིང་བཅིངས་ནས་སྙིང་གའི་ཕྱོགས་སུ་བཞག་པར་བྱ་སྟེ་འདི་ནི་རིན ་ཆེན་སྒེག་མོའིའོ།། དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ནས་རྒོ་པའི་ཚུལ་གྱིས་ཡོངས་སུ་བསྐོར་ལ་ཁའི་མཐར་གཟུང་བར་བྱེ་སྟེ་འདི་ནི་རིན་ཆེན་བཞད་པ་མཱའིའོ།། དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་བསྐོར ་ཞིང་བཅིངས་ནས་ཁ་ལས་གྱེན་དུ་དྲང་བར་བྱས་ཏེ་འདི་ནི་རིན་ཆེན་གླུ་མའིའོ།། དེ་བཞིན་དུ་རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ནས་གརོ་གྱི་ཚུལ་གྱིས་བསྐོར་བར་བྱ་སྟེ་འདི་ནི་རིན་ཆེན་གར་མའིའོ།། གར་དང་བྲལ ་བཱའི་རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངསཱ་ལ་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་བྱས་ཏེ་རིན་ཆེན་ལྕགས་ཀྱུའིའོ།། རིན་པོ་ཆེའི་ཁུ་ཚུར་གཉིས་བསྐོར་ཞིང་བཅིངས་ནས་གཡས་པའི་མཛུབ་མོ་ལྕགས་ཀྱུས ་གཡོན་པའི་མཛུབ་མོ་བསྒྲེང་བ་བཟུང་བར་བྱ་སྟེ། འདི་ནི་རིན་ཆེན་ཞུགས་པའིའོ།། རིན་པོ་ཆེའི་ཁུ་ཚུར་གཉིས་བཅིངས་ནས། མཛུབ་མོ་དང་མཐེ་བོ་དག་གིས་མདུད་པ་བཅིང་བར་བྱས་ཧཱུཾ་ང་ནི་རིན་ཆེན་ལྕགས་སྒྲོག་གིའོ།། རིན་པོ་ཆེའི ་ཁུ་ཚུར་གཉིས་བཅིངས་ལ་ཕན་ཚུན་ཡང་དོག་པར་སྦྱར་ཏེ་རང་གི་སྲིན་ལག་དང་མཐེ་ཆུང་གི་ནང་དུ་མཐེ་བོང་གཉིས་བཅུག་ལ་གཟུང་བར་བྱ་སྟེ། འདི་ནི་རིན་ཆེན་དྲིལ་བུའི་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས ་ཞེས་བྱ་བ་ལ་ལས་ཀྱི་ཚོགས་སྒྲུབ་པར་བྱེད་པའི་ཕྱག་རྒྱུ་རྣམས་ནི་ལས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་རིན་པོ་ཆེ་ཞེས་བྱ་བ་ལ་འཇུག་པའི་ཕྱག་རྒྱ་རྡོ་རྗེ་རིན་ཆེན་བཅིངས་ནས་དབུས་མ་གཉིས་ཀྱི་རྩེ་མོ་སྦྱར་ཏེ། འདྲི་དཔྲལ་བར་བཞག་པས ་དབང་བསྐུར་བ་ཐམས་ཅད་ཐོབ་པར་འགྱུར་རོ།། ཁ་སྦྱོར་བྱས་ན་ཞེས་བྱ་བ་ལ་སོགས་པ་ལ་འཇུག་པའི་ཁོ་སྦྱོར་ཐལ་མོ་བཅིངས་ནས་སྲིན་ལག་གཉིས་ཀྱི་རྩེ་མོ་ཡང་དག་པར་སྦྱར་ཞིང་མཐོའ་མ་གཉིས་ཁ་ཕྱེ་བར་བྱས་ལ ་བསྒྲེང་སྟེ་བཟུང་བར་བྱས་ན། འདིས་དོན་ཐམས་ཅད་འཐོབ་པར་འགྱུར་རོ།། དབུས་མའི་ནོར་བུ་ཞེས་བྱ་བ་ལོ།། རྡོ་རྗེ་རིན་ཆེན་བཅིངས་ཏེ། སོར་མོ་དབུས་མ་གཉིས་ཀྱིས་ནོར་བུ་བྱས་ནས། འདིས་འདོད་པ་ཐམས་ཅད་ཡོངསུ ་རྫོགས་པར་འགྱུར་རོ།། མཐེའུ་ཆུང་གི་རྩེ་མོ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན་བཅིངས་ནས་མ་ཐེའུ་ཆུང་གཉིས་ཡང་དག་པར་སྦྱར་ནས་རྩེ་མོར་བྱས་ནས་འདིས་གཏེར་ཐམས་ཅད་རྙེད་པར་འགྱུ་རོ།། འོག་ཏུ་གཏོར་བ་ཞེས་བྱ་བ་ལ་རྡོ་རྗེ་རིན་ཆེན ་བཅིངས་ནས། དེའི་འོག་ཏུ་གཏོར་བར་བྱས་ན་དེ་ལྟར་རྡོ་རྗེའི་དབང་བསྐུར་བ་ཐོབ་པར་འགྱུ་རོ།། རྡོ་རྗེ་བསྡམས་པ་ལས་ཞེས་བྱ་བ་ལ་རྡོ་རྗེ་བསྡམས་པ་བཅིངས་ནས་རྡོ་རྗེ་བ་སྔམས་པ་དེ་ལས་ཕྱག་རྒྱ་གང་དག་བྱུང་བ་དེ་རྣམས་ལ་དེ་རྣམ ་བྱ་བ་ཡིནོ།། ཇི་ལྟར་ཞེ་ན། མཛུབ་མོའི་ནོར་བུ་བརྐྱང་བའི་ཕྲེང་བའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པྲ་བཅིངས་ཏེ་མཛུབ་མོ་ཡང་དག་པར་སྦྱར་བ་བྱས་ལ་ཕན་ཚུན་སྦྱར་བའི་རྩེ་མོའི་སྟེང་ནས་བཀུག་ཅིང་ནོར་བུར་བྱས་ཏེ་དེ་ལྟར་ནི་རྡོའི་དབང་བསྐུར་བ་ཐོབ་པར། ་ལུ་། རྗེའི་དབང་བཉྫ་བ་སྔ་མ་ལས་འདི་ཁྱད་པར་ཅི་ཡོད་ཅེ་ན། སྔ་མ་ནི་ནོར་བུསཽ་མཚན་པའི་རྡོ་རྗེ་ལྔ་པའི་དབང་བསྐུར་བ་ཡིན་ལྔ་འདི་ནི་རྡོ་རྗེ་རོན་ཆེན་གྱིས་ཅོད་པན་གྱིས་དབང་བསྐུར་བ་ཡིན་ཏེ། ཁྱད་པར་ནི་འདི་ཡི་ན།། རྡོ་རྗེ་རིན་པོ་ཆེ་གསུམ ་བདུན་དང་ལོགས་བཅིང་བར་བྱའོ་ཞེས་བྱ་བ་རྡོ་རྗེ་བསྡམས་པ་བཅིངས་ཏེ་མཐེ་བོ་དང་མཛུབ་མོ་དང་དབུས་མ་རྣམས་ཀྱི་ནོར་བུ་རིན་པོ་ཆེ་གསུམ་བྱས་ཏེ། སླར་ཡང་སྤྱི་བོ་དང་རྣ་བ་གཉིས་ཀྱི་སྟེང་དུ་བཟུང་བར་བྱ་སྟེ། དེ་ལྟར་ན་བྱང ་ཆུབ་སེམས་དཔའ་ཆེན་པོའི་དབང་བསྐུར་བ་ཐོབ་པར་འགྱུརརོ།། རྡོ་རྗེ་རིན་ཆེན་མཛོད་སྤུའི་ཕྱོགས་སུ་བཞག་སྟེ་མཛུབ་མོའི་སྟེང་དུ་མདུང་ལ། ངོར་དབྱངས་འཆིང་བའི་ཚུལ་དུ་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་ལས་བྱུང་བའི ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ལ་མཛོད་སྤུའི་ཕྱོགསུ་བཞག་སྡེ་མཛུབ་མོ་གཉིས་ཀྱི་སྟེང་དུ་མདུང་བའི་ཚུལ་དུ་བྱས་ནས་དར་དབྱངས་བཅིང་བའི་རྣམ་པ་བྱས་ནས་འདིས་དེ་བཞིན་གཤེགས་པའི་དབང ་བསྐུར་བ་ཐོབ་པར་འགྱུར་རོ།། མཐེ་བོ་གཉིས་ཀྱིས་བསྟན་པའི་སྐྱིལ་མོ་ཀྲུང་ཞེས་བྱ་བ་ལ། རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོ་གཉིས་ཀྱིས་བསྟན་པའི་སྐྱིལ་མོ་ཀྲུང་བྱས་ཏེ། མཛུབ་མོ་གཉིས་བསྒྲེང་བ་བཀུག་ཅིང་དབུས་མུའི ་སོ་རཱི་མོ་གཉིས་ཀྱིས་གཙོ་མོའི་ཚིགས་གསུམ་པ་བཀུག་ལ་རལ་གྲིར་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ཅེས་བྱ་བའི་ཕྱག་རྒྱ་འདིས་སྤྱི་བོ་ནས་བརྩམས་ཏེ། མདུན་དྲང་རྣ་བླ་གཡས་པའི་སྟེང་གི་མགོ ་བོའི་སྟེང་དང་རྣ་བ་གཡོན་པའི་སྟེང་དུ་ཅོད་པན་གྱི་ཚུལ་བྱས་ལ་སྐུར་ཡང་མདུན་དུ་ཕྲེང་བྱ་འཆིང་བའི་ཚུལ་གྱིས་མདུད་པ་བྱའོ།། སྐོར་ཡང་སྟེང་དུ་བསྟན་པར་བྱའོ།། ཞེས་བྱ་བ་རྣ་བ་གཉིས་ཀྱིས་སྟེང་དུ་ཕྲེང་བ་ཆེན་པོ་འཆིང ་བའི་ཚུལ་དུ་བྱས་ནས། སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་བཀྲོལ་ཏེ། ལོགས་གཉིས་སུ་དར་དབྱངས་འཆིང་བའི་ཚུལ་དུ་བྱས་ནས་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་བ་ཐོབ་པར་འགྱུར་རོ།། དཔལ་མཆོག ་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ཀྱི་འཕགས་པ་ན་མཁའི་སྙིང་པོའི་ཕྱག་རྒྱ་རྟོག་པའི་བཤད་པ་རྫོགསོ།། ། ་དེ་ལྟར་འཕགས་པ་ན་མཁའི་སྙིང་པོའི་ཕྱག་རྒྱའི་རྟོག་པ་བསྟན་ནས་ང་ནི་བསྡུས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཐམས་ཅད་ཀྱི་རྟོག་པ་ཐམས་ཅད་ནི་གོང་དུ་ཇི་ལྟ་བ་བཞིན་ནོ།། ཞེས་བྱ་བ ་ལ། ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་དང་། དེ་བཞིན་གཤེགས་པ་དང་། རབ་ཏུ་དགོ་བའི་རྡོ་རྗེ་ཁྲོ་བོ་དང་། རྡོ་རྗེ་འཇིག་རྟེནྡ་དབང་ཕྱུག་དང་། འཕགས་པ་ན་མཁའི་སྙིང་པོ་རྣམས་ཀྱི་དཀྱིལ་འཁོར་དུ་ཕྱོག ་རྒྱ་གང་བསྟན་པ་དེ་ཉིད་བསྡུས་པའི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཟུང་བར་བྱ་བ་ཡཱིནྡོ།། བསྡུས་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། དེ་ལྟར་བསྡུས་པའི ་དཀྱིལ་འཁོར་གྱི་ཕྱགུ་རྒྱའི་རྟོག་པ་བསྟན་ནས། ང་ནི་ཕྱིའི་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིརདེ་ནས་ཕྱིའི་ཕྱག་རྒྱ་ཤེས་པར་བྱའོ་ཞེས་བྱ་བ་ལ་དེ་ནས་ཀྱི་སྒྲ་ནི་སྒྱུ་མ་བཞིནོ།། ཕྱི་ནི་འཇིག་རྟེན་ལས་འོངས ་བའི་ཡེ་ཤེས་ལས་ཕྱི་རོལ་དུ་གྱུར་པ་རྣམ་པར་རྟོག་པ་དང་བཅས་པའི་ཡེ་ཤེས་པ་ཅན་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ནི་ཕྱིའི་ཕྱག་རྒྱ་སྐྱེ་དེ་དག་ལས་ངེས་པའི་ཤེས་བྱའོ།། དེ་བྱ་བ་ནི་སྐྱོབས་ལ་བབ་པའོ།། ཕྱག་རྒྱ ་ཆེན་པོ་ནི་གཡོན་པ་ཁམ་ཕོར་དང་། གཡས་སུ་མདའ་གཏོང་པ་ཉིད་ལས་ཀྱི་ཕྱག་རྒྱའོ།། ཞེས་བྱ་བ་ལ་མང་པོ་རྣམས་ནི་ལུས་སྟོན་པར་བྱེད་པའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེའི་ལག་པ་གཡོན་པས་ཁམ་ཕོར་འཛིན་པ་དང་། ལག་པ ་གཡས་པ་མངའ་གཏོང་བ་སྟེ། མིང་པོ་གསུམ་གྱི་ཕྱག་རྒྱ་ཡིན་ནོ།། འདི་ཉིད་གར་གྱི་ཚུལ་གྱིས་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ཡིན་ནོ།། དམ་ཚིག་འཇུག་པ་ཞེས་བྱ་བ་ལ་མིང་པོ་གསུམ་གྱི་དཀྱིལ་འཁོར་དུ་དམ ་ཚིག་གི་ཕྱག་རྒྱ་གང་གིས་འཇུག་པར་འགྱུར་བ་འདྲ་ནི་དམ་ཚིག་འཇུག་པའི་སྒྲས་བཤད་པ་ཡིན་ནོ།། མཛུབ་མོ་དང་དགུང་མོ་དང་སྲིན་ལག་གཤིབས་ཏེ་རྩེ་མོ་གསུམ་པར་བྱོས་ལ་མཐེ་བོ་དང་མཐེ་ཆུང་གཉིས་ཀྱིས་གདུ ་བུ་གཉིས་ལྕགས་ཀྱི་ལུ་གུ་རྒྱུད་ནི་མིང་པོ་རྣམས་ཀྱིའོ་ཞེས་བྱ་བ་མཐེ་བོ་དང་མཐེ་ཆུང་རྣམས་ཀྱི་ལུ་གུ་རྒྱུད་བཅིངས་ལ་མཛུབ་མོ་དང་གུང་མོ་དང་སྲིན་ལྕག་གི་སོར་མོ་དྲུག་གི་རྩེ་གསུམ་པར་བྱས་ཏེ། འདི་ནི་མིང་པོ་རྣམས ་ཀྱི་རྩེ་གསུམ་གྱི་མཚན་པ་ཞེས་བྱ་བའི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། དེ་ཉིད་བཅིངས་ལ་གཡས་པའི་སྡིགས་མཛུབ་ཀྱི་ལྕགས་ཀྱུས་མིང་པོ་གསུམ་འཁོར་དང་བཅས་པ་དཀྱིལ་འཁོར་དུ་གཞུག་པར་བྱའོ།། མིང་པོ་རྣམས ་ཀྱི་སྙིང་པོ་ཁོ་ན་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ།། དེ་ལྟར་མིང་པོ་གསུམ་གྱི་ཕྱག་རྒྱའི་རྟོག་པ་བསྟན་ནས། ད་ནི་སྲིང་མོ་བཞིའི་བསྟན་པར་བྱ་བའི་ཕྱིར་ཇི་ལྟར་བཟུང་བ་བཞིན་དུ་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ་ཞེས་བྱ་བ་ལ་བྲི་བའི་ཆོ་གར ་ཇི་ལྟར་བསྟན་པ་དེ་བཞིན་དུ་སྲིང་མོ་བཞིའི་ཕྱག་རྒྱ་ཆེན་པོ་བཅིང་བ་ཤེས་པར་བྱའོ།། གར་གྱི་ཚུལ་གྱིས་ལྷ་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ཉིད་བཅིངས་ན་ལས་ཀྱི་ཕྱག་རྒྱར་འགྱུ་རོ།། དམ་ཚིག་གི་གུང་མོ་དང་སྲིན་ལག་རྡོ་རྗེ ་བསྡམས་པས་སོ་ཞེས་བྱ་བ་ལ། དམ་ཚིག་གི་ཕྱག་རྒྱ་སྟེ་གུང་མོ་དེ་སྲིན་ལག་གི་སོར་མོ་རྣམས་ཀྱི་རྡོ་རྗེ་བསྡམས་པ་བཅིངས་ལ་རྡོ་རྗེ་བསྡམས་པ་དེས་གཡས་པའི་མཛུབ་མོ་གཡོན་མའི་གུད་མོའི་རྩེ་མོ་དང་ཡང་དག་པར་སྦྱར ་བྱཱ་དང་། གཡོན་པའི་མཛུབ་མོའི་གཡས་པའི་གུང་མོའི་རྩེ་མོ་དང་ཡང་དག་པར་སྦྱར་ཏེ། གཡས་པའི་སྲིན་ལག་གྲི་རྩེ་མོ་གཡོན་པའི་མཐིའུ་ཆུང་གི་རྩེ་མྱོར་སྦྱར་ལ་གཡོན་པའི་སྲིན་ལྕག་གི་རྩེ་མོ་གཡས་པའི་མཐེའུ་ཆུང་གི་རྩེ ་མོ་དྲང་སྦྱར་ནས་གཟུང་བར་བྱ་སྟེ། འདི་སྲིང་མོ་བཞིའི་དམ་ཚིག་ཕྱག་རྒྱ་ཡིན་ནོ།། འདི་ཉིད་ཀྱི་སྤྱན་དྲང་བ་དང་འདི་ཉིད་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ།། ལྐོག་མཱ་ནི་གོ་སླའོ།། དེ་བཞིན་དུ་ཆོས་ཀྱི་ཕྱག་རྒྱ་རྣམས་ནི་སྙིང་པོ་རྣམས ་ཉིད་ཡིནོ།། སྲིང་མོ་བཞིའི་ཕྱག་རྒྱའི་རྟོག་པའི་བཤད་པ་རྫོགས་སོ།། ། དེ་ལྟར་སྲིང་མོ་བཞིའི་ཕྱག་རྒྱའི་རྟོག་པ་བཤད་ནས། དྲི་ནི་ལྷ་མ་ཡིན་གྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། སྒྱུ་མོའི་འཁོར་ལོ་ཞེས་བྱ་བ་ལྷ་མ་ཡིན་རྣམས་ཀྱི་སྒྱུ་མའི་འཁོར་ལྷོ་ནི་མཚན་མའི་ཕྱག་རྒྱའོ།། དེ་ཇི་ལྟ་བུ་ཞེ་ན། གཡོན་པའི་སྟེང་དུ་ཞེས་བྱ་བ་ལ་སོགས་པ་ལ། ལག་པོ་གཡོན་པ་བརྐྱང་བའི་སྟོང ་དུ་ལག་པ་གཡས་པ་བརྐྱང་སྟེ་འོག་ཏུ་ཁ་བལྟ་བོར་བཞག་ནས་གཡོན་པའི་མཐེའུ་ཆུང་གི་ཚིགས་གསུམ་པ་ལ། གཡས་པའི་མཐེ་བོང་གི་ཚིགས་གསུམ་པའི་ནང་ཡང་དག་པར་སྦྱར་བར་བྱ་སྟེ། གཡས་པའི་མཐེའུ་ཆུང ་གི་ཚིགས་གསུམ་བྲ་ལ་གཡོན་པའི་ཚིགས་གསུམ་པའི་ནང་ཡང་དགྲ་པཱཪྻ་སྦྱར་བ་གཟུང་བར་བྱ་སྟེ་འདི་ནི་ལྷ་མ་ཡིན་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། སྒྱུ་མ་ཐམས་ཅད་དོན་ཡོད ་བར་སྒྲུབ་པའོ་ཞེས་བྱ་བ་ལ། འདིས་ལྷ་མ་ཡིན་ཐམས་ཅད་ཀྱི་སྒྱུ་མ་ངེས་པར་སྒྲུབ་པ་ཡིན་ཏེ། དེའི་ཕྱིར་དོན་ཡོད་པར་སྒྲུབོ་པའི་ཕྱག་རྒྱ་འདི་ཡིན་ནོ།། ཕྱག་རྒྱ་འདི་ཉིད་ཀྱིས་དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ།། ཕྱག ་རྒྱུ་འདི་ཉིད་མཛུབ་མོ་གཉིས་ཀྱི་ལྕགས་ཀྱུ་གཉིས་བྱས་ནས་སྤྱན་དྲང་བར་བྱའོ།། ལྷ་མ་ཡིན་གྱི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བཤད་པ་རྫོགས་སོ།། །། དེ་ལྟར་ལྷ་མ་ཡིན་གྱི་ཕྱག་རྒྱའི ་རྟོག་པ་བསྟན་ནས། ད་ནི་ཀླུའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པ་བསྟན་པར་བྱ་བའི་ཕྱིར། གདེངས་ཀ་ཅན་གྱི་དབང་པོ་ཞེས་བྱ་བ་ལ་སོགས་ཏེ། གདེངས་ཀ་ཅན་གྱི་དབང་པོ་ནི་ཀླུ་ཡིན་ལ་དེ་རྣམས་ཀྱི་ཕྱག་རྒྱ་ནི་འོད་ཡིན ་ཏེ། ལག་པ་གཉིས་བརྐྱང་ལ་མཐེ་བོང་གཉིས་ཕོན་ཚུན་ཟློས་པ་པོས། ཕྱག་རྒྱ་ལ་སོགས་པ་བསྒྲུབ་པར་བྱའོ།། ལྕེ་དང་མཆུ་གཉིས་ཅུང་ཟད་གཡོ་བ་གང་ལ་ཡོད་པ་དེ་ནི་ལྕེ་དང་མཆུ་གཉིས་ཤིན་ཏུ་གཡོ་བ་མ་ཡིན་པ ་སྟེ། སོ་དང་མཆུ་ཤིན་ཏུ་མ་འབྱར་བ་དབྱངས་བདུན་དང་བྲལ་བའི་སྒྲ་དང་མི་ལྡན་པ་རྡོ་རྗེའི་ངག་སྟེ། དེ་བཞིན་གཤེགས་པའི་རིགས་ལའོ།། རིགས་ཐམས་ཅད་ལ་དགོས་པའོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི ་རིག་སྡུ་ལ་ཡང་འདིར་བཟླས་པར་བྱ་བ་ཡིན་ནོ།། གང་གི་ཕྱིར་འདིས་ཀྱང་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་དེའི་ཕྱིར། སྤྲིན་གྱི་འབྲུག་སྒྲའི་ཡི་གེ་ཧཱུཾ་ཞེས་བྱ་བ་ལ། སྦྱིན་བཞིན་དུ་ཡི་གེ་ཧཱུཾ་འབྲུག་སྒྲ་གང་ལས་བྱུང་བ ་དེ་ནི་སྤྲིན་གྱི་འབྲུག་སྒྲའི་ཡཾ་གེ་ཧཱུཾ་ངོ་།། ཕྲ་མོ་སྒྲ་དང་ལྡན་པ་ཞེས་བྱ་བ་ལ་ཅུང་ཟད་ཙམ་གྱི་སྒྲ་གང་ལ་ཡོད་པ་དེ་ནི་སྒྲ་ཕྲ་མོ་དང་ལྡན་པ་སྟེ། ཁྲོ་བོའི་རྡོ་རྗེ་ཞེས་བྱ་བ་གསུང་རྡོ་རྗེའི་རིགས་ལའོ།། ཏིང་ངེ་འཛིན་གྱི་དག་པདྨ་རི་རིགསོ ་ཞེས་བྱ་བ་ལ་གཞན་དུ་ནི་མི་གཡེང་བའི་སེམས་ཀྱིས་ཡིད་ཀྱིས་བཟླས་པ་ནི་ཏིང་ངེ་འཛིན་གྱི་ངག་གོ།། རང་བཞིན་གྱིས་དག་པའི་པདྨ་ཞེས་བྱ་བ་ལ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་པའི་བསྒོམ་པ་གང་ཡིན་པ་དེ་ནི ་པདྨ་ལྟར་དངོས་པོར་འཛིན་པའི་ཞེན་པ་དང་བྲལ་བ་ཡིན་ལ། དེའི་ཕྱིར་རང་བཞིན་གྱིས་དག་པའི་པདྨ་ཞེས་བྱ་བར་བརྗོད་པ་ཡིན་ཏེ། རང་བཞིན་གྱིས་དག་པ་ལ་ལྷག་པར་མོས་པའི་རང་བཞིན་ཅན་ནོ་ཞེས་བྱ་བའི་ཐ་ཚིགོ།། ཆོས་ཀྱི ་དགྲ་ནི་ནོར་བུའི་རིགས་ལའོ་ཞེས་བྱ་བ་ལ། ནོར་བུའི་རིགས་ཀྱི་སྒོམ་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངསུ་རྫོགས་པའི་ཆོསོ།། དེ་སྟོན་པར་བྱེད་པའི་དག་གི་ཆོསོ།། དེ་ཉིད་སོ་སོར་རྟོག་པའི་མཆོད་པའི་ནོར་བུའི་རིགས ་བསྐྱེད་པའི་རྒྱུར་འགྱུར་བ་དང་། དེ་སྟོན་པར་བྱེད་པ་དང་། དེ་དང་རྒྱུ་མཐུན་པ་སྟེ། དེའི་ཕྱིར་ན་མཆོད་པའི་ནོར་བུའོ།། འདིས་ནི་འདི་ལྟར་སྟོན་པར་འགྱུར་ཏེ།། ནོར་བུའི་རིགས་ལ་ལྷག་པར་མོས་པའི་རང་བཞིན་ཅན་གྱིས་སྨྲ་བར ་འདོད་པ་ནི་ཆོས་ཀྱི་ངག་ཅེས་བྱ་བར་བརྗོད་པ་ཡིན་ནོ།། དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔའོ་ཞེས་བྱ་བ་ལ་དེ་ནས་ཀྱི་སྒྲ་ནི་སྒྱུ་མ་བཞིན་ནོ།། བསྒོམ་པར་བྱ་བའི་རང་བཞིན་གྱི་ཕྱག་རྒྱ་རྣམས་ནི་ཐུགས་ཀྱི་ཕྱག་རྒྱ་སྟེ་སེམས་ཀྱི ་དམིགས་པའི་ཡུལ་རྣམས་སོ་ཞེས་བྱ་བའི་དོན་ཏོ།། དེ་རྣམས་ཀྱང་རིགས་ཀྱི་དབྱེ་བས་ལྔར་འགྱུར་རོ།། ཐམས་ཅད་བསྒྲུབ་པར་བྱ་བ་ནི་རྡོ་རྗེ་སེམས་དཔའི་བསྒོམས་པའོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི་རིགས་ཀྱི་རྣལ་འབྱོར་པས་རྫ ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལུས་ཀྱི་ཕྱག་རྒྱ་རྣམས་དང་། བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དང་། བྱང་ཆུབ་ཀྱི་སེམས་ཀྱི་རིང་རྒྱུ་མཐུན་པར་འགྱུར་བ་བསྒོམ་ཞིང་བདག་གམ་གཞན ་ལ་ཡིད་བཞིན་གྱི་ནོར་བུ་དང་། བུ་མོ་པ་བཟང་པོ་ལ་སྔོགས་པའི་རྫས་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན་དུ་བསྒོམ་ཞིང་བསྒྲུབ་པར་བྱའོ།། སངས་རྒྱས་རྗེ་སུ་དྲན་པས་དེ་བཞིན་གཤེགས་པའི་རིགས་ལའོ་ཞེས་བྱ་བ་ལ་བཅོམ ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ཏེ། དེ་བཞིན་གཤེགས་པའི་རིགས་དེ་ལ་བསྒྲུབ་པར་བྱ་བ་ཐམས་ཅད་གཉིས་སུ་མེད་པའི་སེམས་ལས་བྱུང་བའི་རང་བཞིན་དང་། དེ་བཞིན་གཤེགས ་པའི་རང་བཞིན་དང་། དེ་དང་རྒྱུ་མཐུན་པར་གྱུར་པ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་རང་བཞིན་དུ་དེའི་རིགས་ཀྱི་རྣལ་འབྱོར་པ་ས་བསྒོམ་པར་བྱ་བ་ཡིན་ནོ།། བདག་གམ་བདག་གིས་མདུན་དུ་བསད་པར་བྱའོ་ཞེས་བྱ་བ་ལ། རྡོ་རྗེའི ་རིགས་ལའོ་ཞེས་བྱ་བ་ལ་བདག་ནི་བདག་ཉིད་སྟེ་འཁོར་བའི་དངོས་པོའོ།། དེ་ཉིད་རྡོ་རྗེའི་རིགས་ཀྱི་རང་གི་བདག་ཉིད་ལ་ལྷག་པར་མོས་པས་མི་སྣང་བར་བྱེད་པའོ།། ཡང་ན་མདུན་དུ་བུམ་པ་བཟང་པོ་ལ་སོགས་པའི་བསྒྲུབ་བྱ་རྡོ་རྗེའི ་རིགས་ཀྱི་རང་བཞིན་དུ་བྱེད་པ་ནི་གསོད་པ་སྟེ་དེ་ལྟར་བསྒོམ་ཞིང་རྡོ་རྗེའི་རིགས་ཀྱི་ཟློས་པ་པོས་བཟླ་བར་བྱ་བ་ཡིན་ནོ།། བདག་གིས་སྦྱར་བར་བྱའོ་ཞེས་བྱ་བ་པདྨའི་རིགསོ་ཞེས་བྱ་བ་ལ། རང་བཞིན་གྱིས་དག་པའི་སྒོམ་པ་གཟུང་བ་དང ་འཛིན་པའི་རྣམ་པར་རྟོག་པའི་དྲི་མ་བདག་ཉིད་ངམ་མདུན་དུ་སྦྱང་བར་བྱ་སྟེ། སེལ་བར་བྱེད་པའོ་ཞེས་བྱ་བ་འདི་ལྟར་པདྨའི་རིགས་ཟློས་པ་པོས་བསྒོམ་པར་བྱ་ཞིང་བཟླ་བར་བྱ་བ་ཡིན་ནོ།། ན་མཁའ་ཐམས་ཅད་ཀྱི་བསྒོམས་པས་ནོར ་བུའི་རིགས་ལའོ་ཞེས་བྱ་བ་ལ། ནོར་བུའི་རིགས་ཀྱི་རྣལ་འབྱོར་པས་ནི་ནཱ་མཁའི་སྙིང་པོ་ལ་སོགས་པ་རྣམས་གཟུགས་བརྙན་དང་མཉམ་པ་དང་། ནཱ་མཁའ་དང་མཚུངས་པར་བསྒོམ་པར་བྱས་ཏེ། བསྒོམས་པ་འདིས་ནི་ནོར་བུའི་རིགས ་ལ་བཟླས་པ་བྱ་བ་ཡིནྡ་ནོ།། དེ་ནས་རྡོ་རྗེའི་ཕྱག་རྒྱ་ལྔ་པོ་ཞེས་བྱ་བ་ལ་རིགས་ལྔའི་དབང་བསྐུར་བའི་མཚན་མ་ནི་རྡོ་རྗེའི་ཕྱག་རྒྱ་དེ་ཉིད་རིགས་ཀྱི་དབྱེ་བས་རྣམ་པ་ལྔར་འགྱུར་བ་ཕ་ནོ་ཚུན་ལྕགས་ཀྱུར་བཅིངས་ན་ལྷག་མའི་སོར ་མོ་བརྒྱད་པ་རྣམས་ཀྱིས་གདེངས་ཀའི་ཚུལ་གྱིས་གདེངསཽ་ཀ་བསྒྲེང་བར་བྱས་ཏེ། འདི་ནི་ལྟོ་འཕྱེ་ཆེན་པོའི་ལག་པ་ཞེས་བྱ་བའི་ཕྱག་རྒྱ་ཡིན་ཏོ། ཀླུ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱེད ་བའི་དམ་ཚིག་གོ།། འདི་ཅིའི་ཕྱིར་ཞེ་ན་གལ་ཏེ་འདས་པར་བྱེད་ན་བཅིང་བར་འགྱུར་རོ་ཞེས་གསུང་སོ།། དབུས་མ་དང་སྲིན་ལག་ཞེས་བྱ་བ་ལ་སོགས་པ་ལ་གུང་མོ་དང་སྲིན་ལག་གི་སོར་མོ་བཞི་པོས་རྡོ་རྗེ་བསྡམས་པ ་ནང་དུ་བྱས་ལ་མཛུབ་མོ་དང་མཐེ་བོ་དག་གིས་མགུ་བའི་ཚུལ་གྱིས་སྟེང་དུ་བསྒྲེང་བར་བྱས་ན་དེ་ལྟར་ན་དུག་ཐམས་ཅད་འབར་བར་འགྱུར་པ་ཡིན་ནོ།། ཕྱག་རྒྱ་འདི་ཉིད་བཅིངས་ལ་མཛུབ་མོ་གཉིས་ཀྱི་དུག་ཐམས་ཅད་བླངས་ཏེ་དུག ་བཅིང་བའི་བསམ་པས་མཛུབ་མོ་གཉིས་ཀྱི་རྩེ་མོར་མཐེ་བོང་གཉིས་ཀྱི་རྩེ་མོ་གཟུང་བར་བྱས་ཏེ། འདིས་དུག་ཐམས་ཅད་འཆིང་བར་འགྱུར་རོ།། དེ་ལྟར་དུག་ཡང་དག་པར་བསྡུས་ཏེ་མཐེ་ཆུང་གཉིས་ཀྱིས་རྩེ་མོས་བརྡེག་པར་བྱས ་ཏེ། དུག་ཐམས་ཅད་འཇིག་པར་འགྱུར་རོ།། འདི་ཉིད་ཀྱི་ཞེས་བྱ་བ་ལ་མཐེ་ཆུང་གཉིས་ཀྱི་རྩེ་མོ་བརྡེག་པས་དུག་ཐམས་ཅད་བཟའ་བ་དང་། འཕོ་བ་དང་དུག་མེད་པ་ཉིད་དུ་འགྱུར་བ་ཡིན་ནོ།། ཕྱག་རྒྱ་བཅིང་བ་ལྷག་མ་རྣམས ་ནི་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ།། ཀླུའི་དཀྱིལ་འཁོར་གྱི་ཕྱག་རྒྱའི་རྟོག་པའི་བཤང་རྫོགས་སོ།། ། ཕྱི་རོལ་གྱི་ཕྱག་རྒྱའི་ཆོ་ག་རྒྱས་པའི་རྒྱུད་ཅེས་བྱ་བ་ཇི་ལྟར་བཤུང་བའི་ཕྱི་རོལ་གྱི་ཕྱག་རྒྱ ་རྣམས་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་ངོ་སྟོན་པར་བྱེད་པའི་རྒྱུད་ནི་ཕྱི་རོལ་གྱི་ཕྱག་རྒྱར་རྒྱས་པའི་རྒྱུད་དོ།། ཕྱི་རོལ་གྱི་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་རྟོག་པའི་བཤང་པ་རྫོགས་སོ།། ། དེ་ནས་ཀྱི་སྒྲ་ནི་སྐབས་ལ་བབ ་བའོ།། རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རྟོག་པ་ཐམས་ཅད་དེ། ཇི་ལྟར་བཤད་པའི་རྡོ་རྗེ་སེམས་དཔའི་རྟོག་པ་རྣམསོ།། དེ་རྣམས་བསྒྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་རྟོག་པ་སྟེ། དེའི་དོན ་དུ་ཕྱག་རྒྱ་གང་ཡིན་པ་དེ་སྟོན་པར་བྱེད་པའི་རྒྱུད་ནི་རྒྱུད་དེ་ཉིད་ཀྱི་ཆོ་ག་རྒྱས་པ་གང་ཡིན་པ་དེ་བཤད་པར་བྱ་བ་ནི་བསྟན་པར་བྱ་བ་ཡིནོ།། ཞེས་བྱ་བ་ལ་བཅོམ་ལྡན་འདས་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྡོ་རྗེ་སེམས་དཔས ་གསུངསོ།། དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱིས་དགར་བའོ།། ལྔ་ཞེ། ས་བྱ་བས་ནི་ཕྱག་རྒྱ་ལྔའི་རྟོག་པ་ཐམས་ཅད་སྒྲུབ་པར་བྱེད་།། ཞེས་བྱ་བའི་དོན་ཏོ།། སྐུའི་ཕྱག་རྒྱ་ཞེས་བྱ་བ་རེ་ཞིག་སྐུའི་ཕྱག་རྒྱས་རྟོག་པ་ཐམས་ཅད་སྒྲུབ ་བར་བྱེད་པ་ཡིནོ།། སྐུའི་ཕྱག་རྒྱ་དེ་གང་ཡིན་ཞེ་ན་ཕྱག་རྒྱ་ཆེན་པོ་ཞེས་བྱའོ།། ཕྱག་རྒྱ་ཆེན་པོ་དེ་རིགས་གང་ལ་རྟོག་པ་ཐམས་ཅད་སྒྲུབོ་པར་བྱེད་པོ་ཡིན་ཞེ་ན། རྡོ་རྗེ་འཆང་ཆེན་པོའི་རིགས་ལའོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ་ཕྱག་རྒྱ་ཆེན་པོ་བཅིངས་ལ་རྡོ་རྗེ་སེམས་དཔའི་རིགས་ལ་དངོས་གྲུབ་གོང་བསྟན་པ་དེ་རྣམས་བསྒྲུབ་པར་བྱའོ།། དམ་ཚིག་གི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པའི་རིགས་ལ་ཞེས་བྱ་བ་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེ་བཞིན་གཤེགག ་བའི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ།། རྡོ་རྗེ་ཧཱུཾ་མཛད་རྡོ་རྗེའི་རིགསོ་ཞེས་བྱ་བ་ལ་རྡོ་རྗེ་ཧཱུ~ཾ་མཛད་བཅིངས་ཏེ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་རྟོག་པ་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་བསྒྲུབ ་བར་བྱའོ།། པདྨ་ཆེན་པོ་ནི་པདྨའི་རིག་སོ་ཞེས་བྱ་བྷ་ལ། པདྨ་ཆེན་པོ་བཅིངས་ལ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གཱི་རྟོག་པ་ལས་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ།། རྡོ་རྗེ་ནོར་བུ་རིན་པོ་ཆེ་ནི་ནོར ་བུའི་རིགས་ལའོ།། ཞེས་བྱ་བ་ལ་བཅོམ་ལྡན་འདས་འཕགས་བྱ་ན་མཁོའི་སྙིང་པོའི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་ནི་རྡོ་རྗེ་ནོར་བུ་རིན་པོ་ཆེ་སྟེ། དེ་བཅིངས་ལ་འཕགས་པ་ནུ་མྦི་པའི་སྙིང་པོའི་རིགས་ལས ་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ།། འདིས་ནི་ཆོ་ག་རྒྱས་པའི་འཇིགས་པས་འཇིགས་པ་རྣམས་ལ། ཕྱག་རྒྱ་རེ་རེས་རང་གི་རིགས་ལས་བྱུང་བའི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་ཕྱིར་མན་ངག་བསྟན་པ་ཡིནོ།། རང ་གི་ངག་གི་སྔགས་ཀྱིས་བཟླས་པ་བྱ་ཞིང་དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱའོ།། ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་གསུ་བཱགི་ཕྱག་རྒྱ་ལྔ་པོ་ནི་ཞེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྡོ་མ་བཞིན་ནོ།། རྡོ་རྗེ་སེམས་དཔའ ་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེའི་རིགས་དང་། པདྨ་དང་། ནོར་བུའི་རིགས་ཀྱི་གསུང་གི་དབྱེ་བས་གསུང་གི་ཕྱག་རྒྱ་ལྔ་པོ་ཡིནོ།། སྙན་པའི་གླུ་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པའི་གླུ་ནཱི་དཾ་ལུས་མཁས་པ་ལས་ཤེས་པར ་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེའི་ངག་ནི། རྡོ་རྗེ་སེམས་དཔའི་རིགས་ལ་སྟེ་འདིས་སྔགས་བརྗོད་ཅིང་རྡོ་རྗེ་སེམས་དཔའི་རིགས་ཀྱི་ཡིན་ནོ།། རྡོ་རྗེ་རྩེ་ལྔ་པ་ཞེས་བྱ་ལ་སོགས་པ་ལ་རྩེ་ལྔ་པའི་རྡོ་རྗེ་ནི་རྡོ་རྗེ་རྩེ་ལྔ་པའོ།། འདི་ཉིད་བསྟན ་བར་བྱ་བའི་ཕྱིར་རྡོ་རྗེ་རྩེ་མོ་ཞེས་བྱ་བ་གསུངས་ཏེ་འོད་ཟེར་གྱི་ཕྲེང་བ་ཡོངས་སུ་ཁྱབ་པ་ནི་རྩེ་མོའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པའོ།། དང་པོ་ཞེས་བྱ་བ་ནི་བསྐུལ་པ་བཟང་པོ་ནས་སྔ་ནས་གནས་པའོ།། བདེ་བ་ཆེན་པོའི་རྒྱུ་མཐུན ་པ་དང་།། བདེ་བོ་ཆེན་པོ་སྟོན་པར་བྱེད་པ་དང་། བདེ་བ་ཆེན་པོ་ཐོབ་པར་བྱེད་པས་ན་བདེ་བ་ཆེན་པོའི་རྡོ་རྗེ་སྟེ། དེ་ལྟ་བུར་གྱུར་པའི་རྡོ་རྗེ་དེ་རྡོ་རྗེ་ཁུ་ཚུར་གྱིས་བླངས་ཏེ། རྡོ་རྗེ་སེམས་དཔའི་རིགས་ལ་དབང་བསྐུར་བར་བྱ་བ་ཡིན་ནོ།། རྡོ་རྗེ་རྩེ ་པ་འོད་ཟེར་དང་བཅས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་བླངས་ཏེ། དེ་བཞིན་གཤེགས་པའི་རིགས་ལ་དབང་བསྐུར་བར་བྱའོ།། འིབར་བའི་ངོ་བོའི་རྡོ་རྗེ་རྩེ་བཞི་པ་ཁྲོ་བོའི་ཁུ་ཚུར་གྱིས་བླངས་ཏེ་རྡོ་རྗེའི་རིགས་ལ་མཚན་མའི་དབང ་བསྐུར་བར་བྱའོ།། འདབ་མ་བཅུ་དྲུག་པའི་འདབ་མའི་ལྟེ་བར་གནས་པའི་དེ་བཞིན་གཤེགས་པའི་རྡོ་རྗེ་པདྨའི་ཁུ་ཚུར་གྱིས་བླངས་ཏེ། པདྨའི་རིགས་ལས་མཚན་མཱའི་དབང་བསྐུར་བར་བྱའོ།། རྡོ་རྗེ་རྩཝ་ལྔ་པ་རྩེ་མོའི་ཕྱོགསུ་གནས་པ་ལས ་ཕྱེད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ནང་དུ་ཞུགས་པའི་རྡོ་རྗེ་ཕྱེད་པ་ནི། རྡོ་རྗེ་རིན་ཆེན་སྟེང་དུ་ནོར་བུའི་ཁུ་ཚུར་གྱིས་བླངས་ཏེ། ནོར་བུའི་རིགས་ལ་དབང་བསྐུར་བ་ཡིན་ནོ།། དེ་ལྟར་རིགས་ཐམས་ཅད་ཀྱི་ཕྱག་རྒྱའི་དབོང་བསྐུར་བ་བསྟན་ནས ་ངརྡོ་རྡོ་རྗེ་སེམས་དཔའི་དམ་ཚིག་སྙིང་པོའི་ཐུགས་ཀྱི་ལས་ཀྱིས་ཕྱག་རྒྱའི་ཚུལ་གྱིས་དངོས་གྲུབ་གང་འདོད་པ་དེ་ཉིད་རྣལ་འབྱོར་པས་བསླབ་པར་བྱའོ།། ཞེས་བསྟན་པར་བྱ་བའི་ཕྱིར་དེ་ནས་རིགས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་ནས་རིགས་ཐམས་ཅད་ཀྱི་རྟོག་པའི་སྒྲུབ་པ་ཐམས་ཅད་ཀྱི་རྒྱུད་འདིར་བཤད་པར་བྱའོ་ཞེས་བྱ་བ་དང་སྦྱ་རོ།། དེ་ནས་ཀྱི་སྒྲ་ནི་སྔ་མ་བཞིན་ནོ།། རིགས་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་དང་དེ་བཞིན ་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་ཏེ། དེ་རྣམས་ཀྱི་རྟོག་པ་ནི་ཇི་ལྟར་བཤད་པའོ།། དེ་རྣམས་ཀྱི་སྒྲུབ་བྱའི་རྒྱུ་གང་ཡིན་པ་དེའི་ཁྱད་པར་བསྟན་པའི་ཕྱིར། གསུང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་སྐྱེ་བོ་ཐམས ་ཅད་ཀྱི་མངོན་སུམ་མ་ཡིན་པའི་ཕྱིར་གསང་བའོ།། གང་གིས་ཀྱང་དགག་པར་མི་ནུས་པའི་ཕྱིར་ཐོགས་པ་མེད་པའོ།། འདོད་པའི་དངོས་གྲུབ་ངེས་པོར་སྒྲུབ་པར་བྱེད་པའི་ཕྱིར་དོན་ཡོད་པའོ།། རྒྱུ་དེ་འདི་ལྟར་གྱུར་པ་ཅིའི་ཕྱིར་ཞེ་ན། དེ་ཁོ ་ནུ་ཉིད་ཀྱི་བདེན་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་ཀྱི་སྒྲའི་རྗེསུ་འགྲོ་བའི་ཤེས་རབ་རང་བཞིན་གྱིས་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པའི་སྒོ་རྣམས་ནི། དེ་ཁོ་ན་ཉིད་ཀྱི་བདེན་པ ་ཡིན་ལ་དེའི་མཆོག་ནི་ཕུལ་དུ་བྱུང་བ་སྟེ། མྱུར་དུ་དངོས་གྲུབ་གསོལ་བའི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་སྙིང་པོ་རྗེ་སུ་ཆགས་པའི་ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་རྣམས་ཀྱི་ཆོ་ག་རྒྱས་བུ་ནི་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ ་ངེས་པར་སྒྲུབ་པའི་རྒྱུན་ནོ།། དེ་ཉིད་འདོང་བའི་དངོས་གྲུབ་ཐམས་ཅད་བསྒྲུབ་པའི་རྒྱུད་ཡིན་པས་མ། དེ་གསང་བ་དང་ཐོགས་པ་མེད་པ་དང་། དོན་སོང་བའི་རྒྱུད་ཡིན་ནོ།། དེ་བཤད་པར་བྱ་བའི་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་དེ་སྐད་གསུངས་པའོ།། དེ་ཇི་ལྟ་བུ་ཡིན་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སྩོགས་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེ་གང་ཡིན་པ་དེས་རྟོག་པ ་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ།། དེ་གང་ཞེ་ན། བདེ་བོ་ཆེན་པོ་རྡོ་རྗེ་གསང་བའི་དམྱི་ཚིག་གོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་དམ་ཚིག་ཙོས་བསྟན་པ་ཡིན་ནོ།། འདིས་ནི་འདི་ལྟར་བསྟན ་བཱར་འགྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་ད་ངོས་གྲུབ་གང་དང་གང་སྒྲུབ་པར་འོད་པ་དེ་དང་དེ་བསྒྲུབ་པར་བྱ་སྟེ། དོན་ཡོད་པར་དེ་དང་དེའི་དངོ་སྡེ་གྲུབ་ཐོབ་པར་འགྱུར་རོ།། གསུང་གི་ཕྱག་རྒྱ་ནི་སྙིང་པོའི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའི ་སྙིང་པོ་ནི་གསུང་གི་ཕྱག་རྒྱ་སྟེ། དེ་བཟླ་ཞིང་རིགས་ཐམས་ཅད་ལསྐུ་གསུངས་པའི་དངོས་གྲུབ་བསྒྲུབ་པར་བྱའོ།། ཐུགས་ཀྱི་ཕྱུག་རྒྱ་ཉེ་བའི་སྙིང་པཾ་ཞེས་བྱ་བ་ལ། དངོས་གྲུབ་ག་དང་གྲོང་སྒྲུབ་པར་བྱེད་བྱ་དེ་དང་དེ་ཨ་ནུ་རཱ་ག་ཡ ་མཱི་ཞེས་བྱ་བའི་བཟླས་པའོ།། དོན་ཤེས་པ་སྒྲུབ་པར་བྱ་སྟེ་དེ་ལྟར་ན་རིགས་ཐམས་ཅད་ལས་གསུངས་པའི་དངོས་གྲུབ་རྣམས་ཐོབ་པར་འགྱུར་རོ།། རྡོ་རྗེའི་ཕྱག་རྒྱ་རྡོ་རྗེ་བསྟིམྱོས་མའིའོ་ཞེས་བྱ་བ་འོ།། རྡོ་རྗེ་སེམས་དཔའོ་ལས ་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སྙོམས་མ་སྟེ། དེ་བཅིངས་ལ་རིགས་ཐམས་ཅད་ལས་གསུངས་པའི་ཇི་ལྟར་མངོན་པར་འདོང་བའི་དངོས་གྲུབ་རྣམས་སྒྲུབ་པར་བྱེད་པ་ཡིནོ།། དེ་ལྟར་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཞི་པོས་རྟོག་པ་ཐམས་ཅད་ལས ་གསུངས་པའི་དངོས་གྲུབ་སྒྲུབ་པར་བསྟན་ནས། ད་ནི་རིགས་དང་རིགསུ་བལྟ་བའི་ལས་ཀྱི་དངོས་གྲུབ་བསྟན་པར་བྱ་བའི་ཕྱིར། ཕྲ་མོ་རཱི་ལས་ཀྱི་ཕྱག་རྒྱ་ཞེས་བྱ་བཱ་ལ་སོགས་བུ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔ་མ ་བཞིན་ནོ།། ཕྲ་མོ་ཡང་དེ་ཡིན་ལ་ལས་ཀྱི་ཕྱག་རྒྱ་ཡང་དེ་ཡིན་པས་ནཱ་ཕྲ་མོའི་ལས་ཀྱི་ཕྱག་རྒྱ་རྣམས་ཏེ་བལྟ་བའི་ཕྱག་རྒྱའོ།། དེ་རྣམས་ཀྱི་རྒྱུད་ཀྱི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། དོན་ཡོད་ཅིང་ཐོགས་པ་མེད་པ་གང་ཡིན་པ་དེ་སྐབས་སུ་བབ ་བའོ། མ་མཆུའི་སྒྲོས་སོ་རྣམས་ཀྱིས་བཟུང་ནས་ཞེས་བྱ་བྱ་ལ། རྡོ་རྗེ་སེམས་དཔའི་རིགས་སམ་གནོད་སྦྱིན་མོ་ལྀ་སོགས་པའི་སྒྲུབ་བྱ་མདུན་དུ་བཀུག་པ་དེ་ལ། ཙུམྦ་ནཱའི་བསམ་པས་བདག་ཉིད་ཀྱི་མ་མཆུ་སོ་རྣམས་ཀྱིས་བཟུང་བར་བྱ། ་སྟེ། དེ་ཡང་རྡོ་རྗེའི་ལྟ་བས་བལྟ་ཞིང་བཟླས་པ་འམ་བསྒོམ་པ་བྱས་ན་ཐམས་ཅད་རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་རོལ་པ་དང་། བརྟན་པར་བྱེད་པའི་དངོས་གྲུབ་ཀྱི་མཚན་མ་ཐོབ་ན། སྐད་ཅིག་མས་སོ་སོར་ཉམ་སུ་མྱོང ་བར་བྱེད་པ་ཡིན་ནོ།། སྒྲུབ་པ་ལ་འཇུག་པ་དེ་རིགས་གང་ལས་ཤེ་ན། རྡོ་རྗེ་སེམས་དཔའི་རིགས་ལའོ།། རྡོ་རྗེ་ཕྲ་མོ་ཞེལ་བྱ་བ་ལ་སྣའི་རྩེ་མོ་ནས་འབྲས་ཀྱི་ཚད་ཙམ་གྱི་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན། སེམས་རྩེ་གཅིག་པ་ཉིད་ནི་ཕྲ་མོའི ་རྡོ་རྗེ་སྟེ་དེ་དང་ལྷན་ཅིག་ཏུ་ཞི་བ་ལ་སོགས་པའི་ལྟ་བ་འདོམ་གང་ཙམ་དུ་བལྟ་བ་གང་ཡིན་དེ་ཞི་བར་བལྟ་བ་འདོམ་གང་གི་ཚད་དུ་ཁྱབ་པར་བྱེད་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ལ་སོགས་པའི ་དངོས་གྲུབ་ཐོབ་པར་འགྱུར་རོ།། ལྦུ་བ་འདི་ནི་རིགས་གང་ཞེ་ན། དེ་བཞིན་གཤེགས་བྱའི་རིགས་ལས་སྐྱེས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་རིགས་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་རིགས་ལས་སྐྱེས་པའོ།། ཁྲོ་བོ་སྟོན་པར་བྱེད ་པའི་དཔྲལ་བའི་ཕྱོགས་ཀྱི་རི་མོ་ནི་ཁྲོ་གཉེར་ཏེ་དེ་དང་བཅས་པའི་ཁྲོ་བོ་ནི་ཞེ་སྡང་ངོ་།། དེས་མི་བཟད་པ་སྟེ་འཇིགས་པར་བྱེད་པའི་ལྟ་བ་གང་ཡིན་པ་དེ་བྱས་ལ་ཤིན་ཏུ་མ་འགལ་བ་བསྡམས་པའི་རྣལ་འབྱོར་གང་ཡིན་པ་དེ་རྡོ་རྗེ་རིགས་ཀྱི། ་ལྟ་བས་ལས་རྣམས་བྱེད་ན་ཐམས་ཅད་ལྟུང་བ་དང་། དབབ་པ་དང་། རེངས་པ་དང་། གཉིད་ལོག་ཏུ་གཞུག་པ་དང་། རྒྱས་བཏབ་པ་དང་། གསོད་པ་དང་། གཞན་གྱི་དཔུང་གཞིག་པ་རྣམས་ཀྱི་མཚན་མ་ཐོབ་ན། སྐད་ཅིག་མས་ཐམས་ཅད ་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཐོབ་པར་འགྱུར་རོ།། ལྟ་བའི་རིགས་གང་ལས་ཤེ་ན། རྡོ་རྗེའི་རིགས་ཀྱི་ཁྲོ་བོ་རྡོ་རྗེ་ལྟ་བའོ་ཞེས་བྱ་བ་ལ། ཁྲོ་བོ་རྡོ་རྗེ་ནི་རྡོ་རྗེའི་རིགས་ཏེ་དེའི་ལྟ་བ་ནི་ཁྲོ་བོ་རྡོ་རྗེའི་ལྟ་བའོ།། མིག་མ་བཙུམས ་བ་ཞེས་བྱ་བ་ལ་སོགས་པ་ལ་བཙུམས་པ་མེད་པའི་བསྟན་པའི་རྡོ་རྗེའི་ལྟ་བས་བལྟ་བའི་རྣལ་འབྱོར་པས་མཆུ་གཉིས་མཉམ་པར་སྦྱར་ནས་བཟླས་པ་བྱས་ན་སྒྲིབ་པ་ཐམས་ཅད་སྦྱང་བ་དང་། བསྲུང་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར ་བའི་དངོས་གྲུབ་ཀྱིས་གྲུབ་པར་འགྱུར་རོ།། རིགས་གང་ལ་ཞེ་ན། པདྨའི་རིགས་ལའོ།། འབར་བའི་བལྟ་བས་ཞེས་བྱ་བ་ལ་སོགས་པ་ལ་མང་དུ་རབ་ཏུ་གཡོ་བ་མིག་གི་རྫི་མ་འདྲེན་པའི་མིག་གིས་འབར་བའི་བལྟ་བས་བཞད་པའི ་རྣལ་འབྱོར་པས། དབང་བསྒྱུར་བ་ཐམས་ཅད་དང་། དོན་ཐམས་ཅད་དང་། རྫོགས་པ་དང་། མཆོད་པའི་ཆོ་ག་ཐམས་ཅད་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ།། དེ་ལྟར་ཕྱག་རྒྱ་ཐམས་ཅད་བཅིང་བའི་མཚན ་ཉིད་བསྟན་ནས་ང་ནི་རང་གི་ལྷོའི་སྙིང་པོ་བརྗོད་ཅིང་ངམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅང་བཅིང་བར་བྱའོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་བསྒྲུབ་པའོ་ཞེས་བྱ་བ ་གསུངས་ཏེ། ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་དེ་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པའི་ཕྱག་རྒྱ་རྣམ་སོ།། དེ་རྣམས་བཅིང་པོ་ནི་ཕྱགྲོ་རྒྱུ་ཐམས་ཅད་བཅིང་བའོ།། དེ་བསྒྲུབ་པ་ནི་རང་ཉིད་ལ་དབང་དུ ་ཕྱིར། རང་གི་ལྷའི་སྙིང་པོ་བཟླ་བའོ།། ཉིན་རེ་ཞེས་བྱ་བ་ནི་ཞག་རེ་རེ་ལའོ།། སྔོན་དུ་ནི་སྔ་མའི་ཐུན་མཚམས་ཀྱི་དུས་སུའོ།། ལན་གཅིག་ནི་ལན་གཅིག་གོ། རང་གི་ལྷའི་སྙིང་པོས་རང་ཉིད་བསྒྲུབ་པོ་ནི་བདག་ཉིད་བསྒྲུབ་པའོ།། རང ་ཉིད་པོ་སྒྲུབ་པ་འདིས་ཅིར་འགྱུར་ཞེ་ན། རང་གིས་བཙོངས་ནས་མདོར་བསྡུས་པས་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བ་ལ་འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། རང་གི་ལྷའི་ཕྱག་རྒྱ་གང་དང་གང་བཅིངས་ཏེ། ་དེ་དང་དེ་རང་གི་ལྷའི་སྙིང་པོ་བརྗོད་ཅིང་བཅིང་བར་བྱས་ན། འདི་ལྟར་ཕྱག་རྒྱ་དེ་དང་ངོ་རང་ཉིད་དམ་ཚིག་གི་བཅིངས་པས་བཅིངས་ནས་སྒྲུབ་པ་པོ་དེའི་དབང་དུ་འགྱུར་བ་ཡིན་ནོ།། འདོད་པའི་དངོས་གྲུབ་ཐམས་ཅད་ཀྱང ་འབྱུང་ངོ་།། དེ་ལྟར་རང་གི་ལྷའི་སྙིང་པོ་བརྗོད་པས། དང་པོར་ཕྱག་རྒྱ་ཐམས་ཅད་བཅིངས་ཏེ། ཕྱི་ནས་རང་གི་ལྷའི་སྙིང་པོ་ཨ་ནུ་རཱ་ག་ཡ་མཱི་ཞེས་པ་འདི་དང་བཅས་པར་བཟླས་ན་དེ་རྣམས་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར ་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་བསྒྲུབ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་རྣམས་ཀྱི་གསང་བ་བསྒྲུབ་པ། ཨ་ནུ་རཱྀ་གྲ་ཡ་མི་ཞེས་བྱ་བའི ་སྙིང་པོ་འདི་དང་བཅས་པའི་རིགས་ཐམས་ཅད་ཀྱི་སྙིང་པོ་བརྗོད་པར་བྱའོ།། སྙིང་པོ་ཕྱག་རྒྱ་སྔགས་རིག་པ་ཞེས་བྱ་བ་ལ་སྙིང་པོ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རིགས་དང་རིག་སུ་སྔགས་ཀྱི་ཡི་གེ་རྣམསོ།། ཕྱག་རྒྱ་ནི ་གཟུངསོ།། སྔགས་ནི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཡི་གེ་རྣམསོ།། རོག་པ་ནི་ལས་ཀྱི་དཀྱིལ་འཁོར་ལྔས་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་། ཆོས་དང་ལུས་ཀྱི་ཕྱག་རྒྱ་རྣམས་ཀྱང་སྙིང་པོ་སྔགས་དང་ཕྱུག་རྒྱ ་ངང་ལས་ཀྱི་ཕྱག་རྒྱ་དང་རླིག་པརླ་བརྗོད་པ་ཡིན་ཏེ། སྙིང་པོ་སྔགས་དང་ཕྱག་རྒྱ་དང་། རིག་པ་འདི་རྣམས་སྒྲུབ་པ་འདི་ནི་རྗེ་སུ་ཚོགས་པའི་མཚན་ཉིད་ཅན་ཉེ་བའི་སྙིང་པོའོ།། དེ་ཉིད་རྨད་དུ་བྱུང་བ་ནི་སྔོན་མ་བྱུང་བའི་ཕྱིར།། འདི་ཉིད ་བསྟན་པར་བྱ་བའི་ཕྱིར། ཅི་ནུས་ཅི་འདོད་བཟླས་པ་ཡི།། ཉེ་བའི་སྙིང་པོ་གསོང་བའོ་ཞེས་བྱ་བ་ལ་གང་ཞིག་འདི་ཅི་ནུས་པ་དང་། ཡིད་ཀྱི་མངོན་པར་འདོད་པའི་བཟླས་པས་གསང་བས་ཏེ། རྗེས་སུ་ཆགས་པའི་དངོས་པོ་ཉི ་བའི་སྙིང་པོ་བསྒྲུབ་པ་བསྟན་པ་དེ་ནི་རྨད་དུ་བྱུང་བ་སྒྲུབ་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དོན་ཡོད་ཅེས་བྱ་བ་ལ་དོན་ཡོད་ཐོགས་མེད་གསང་བ་ནི་ཕྱག་རྒྱ་རྣམ་སོ།། སྒྲུབ་པ་ནི་དེ་དག་གྲུབྱ་པ་འོ།། ཇི་ལྟར་ནེ་ནཱ་རང་བན ་ཞེས་བྱ་བ་སྟེ་རང་བཞིན་གྱིསོ།། དེ་བཞིན་དུ་རྗེསུ་ཆགས་པ་སྒྲུབ་པའི་རྣམ་པ་དེས་བསོད་ནམས་དང་མི་ལྡན་པའི་སྒྲུབ་པ་པོ་སྡིག་པ་དང་ལྡན་པ་རྣམས་ཀྱི་ཡང་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ ་རྣམས་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་ཏེ། དེའི་ཕྱིར་ཕྱག་རྒྱ་ཐམས་ཅད་སྒྲུབ་པ་འདི་རྨད་དུ་བྱུང་བ་ཡིནོ།། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྙིང་པོ་མཆོག་འདི་སྦྱིན་མི་བྱའོ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་ལ ་སོགས་པའི་སྙིང་པོ་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྦྱིན་པར་མི་བྱའོ།། གསང་ཞིང་གསང་པོའི་རྒྱུད་དུམ་ནི་ཞེས་བྱ་བ་ལ། ཡང་དཔལ་མཆོག་དང་པོའི་རྒྱུད་འདི་གསང་པོའི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་བསྟ ་པར་མི་བྱའོ།། གལ་ཏེ་དངོས་གྲུབ་ཡིད་འོང་འདོད་ཅེས་བྱ་བ་ལོ་གལ་ཏེ་སློབ་དཔོན་ངེས་དཔལ་མཆོག་དང་པོའི་དངོས་གྲུབ་ཤིན་ཏུ་ཡིད་དུ་འོང་བ་འདོད་ན་དེའི་ཚེ་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྦྱིན་པར་མི་བྱའོ།། གང་གི ་ཁྱིམ་དུ་གོནས་གྱུར་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། །། དེ་ལྟར་དུམ་བུ་གཉིས་པའི་རྩ་བའི་རྒྱུད་བསྟན་ནས། ང་ནི་དེ་ཉིད་དང་དུམ་བུ་དང་པོ་ལས་གསུངས་པའི་རྩ་བའི་རྒྱུད་ཀྱི་རྟོག་པོ་ཐམས་ཅད་བསྡུ་བའི ་ཕྱིར། སེམས་ཅན་ཐམས་ཅད་བདེ་དོན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སེམས་ཅན་ཐམས་ཅད་ཀྱི་བདེ་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ་དེའི་དོན་དུའོ།། དེ་བཞིན་དུ་བསྟན་པ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་བཀའ་ཕན ་པ་དང་བདེ་བའི་དོན་དུ་གཉེར་བ་རྣམས་ཀྱི་བྱ་བ་འདི་ཡིན་ནོ་ཞེས་བྱའོ།། དེ་གྲུབ་པ་ནི་གདུལ་བྱ་རྣམས་ཀྱི་དེའི་རྗེསུ་འབྲངས་པས་ཏེ། དེའི་དོན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་ཐམས་ཅད་དེ། དེ་བཞིན ་གཤེགས་པ་རྣམས་བྱང་ཆུབ་སེམས་དཔོའ་སྲས་དང་བཅས་པོས་བཅོམ་ལྡན་འདས་རྡོ་རྗེ་མཆོག་འཛིན་པ་རྡོ་རྗེ་འཆང་ཆེན་པོ་དེ་ལ་འདི་སྐད་ཅེས་ཞུསོ།། བདེ་བ་ཆེན་པོ་རབ་གྲུབ་ཕྱིར་ཞེས་བྱ་བ་ནི་གདུལ་བྱ་རྣམས་ཀྱི་སོ།། ཆགས་པ་ཆེན་པོ་རྣམ ་ངག་ཕྱིར་ཞེས་བྱ་བ་ནི་ངོ་དག་ཉིད་ཀྱིསོ།། རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད། སེམས་དཔའ་ཆེན་པོ་བཤད་དུ་གསོལ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔའི་རྟོག་པ་རྣམས་བསྡུས་པོ་ནི་རྟོག་པ་ཐམས་ཅད་བསྡུས་པ་སྟེ། དེ་དང ་དེར་བསྟན་པའི་རྟོག་པ་ལ་སོགས་པ་སྒྲ་ཐམས་ཅད་ཀྱི་དོན་གདུལ་བྱ་རྣམས་ཀྱིས་གཟུང་བའི་དོན་ཞེས་བྱ་བའི་ཐ་ཚིགོ།། དེ་སྟོན་པར་བྱེད་པའི་རྒྱུད་ནི་མིང་གི་རྣམ་གྲངས་ཀྱི་སྒོ་ནས་དོན་སྟོན་པར་བྱེད་པའི་སྒྲའི་ཚོགས་གསུངས་ཤིག་ཅེས་བྱ་བ་དེ ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་ཀྱིས་བཅོམ་ལྡན་འོངས་རྡོ་རྗེ་འཆང་ཆེན་པོ་ལ་ཞུས་པའོ།། རྣམ་རྟོག་མེད་པའི་ཆོས་རྣམས་ལ་ཞེས་བྱ་བ་ནས་བརྩམས་ཏེ་བདག་ཅག་རྣམས་ལ་བཤད་དུ་གསོལ་ཞེས་བྱ་བའི་བར་གྱིས་མདོར་བསྟན་པའི ་གཞུང་གིས་ཞུས་པ་ཡིན་ནོ།། དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་སྟེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞུས་པའི་རྗེས་ཐོགས་ཉིད་ལའོ།། སེམས་ཅན་ཐམས་ཅད་ཀྱི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྟོག་པ་རྣམས་བསྡུས ་པ་དྲིས་པའི་བཀའ་གྲུབ་པའི་བསྟན་པའི་དོན་ཡོད་པར་གཟིགས་ནས་ཞལ་ཤིན་ཏུ་རྣམ་པར་བཞད་པའོ།། དམ་ཚིག་ཆེན་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བ་རྣམ་པར་གནོན་པ་མཛད་ནས་ཞེས་བྱ་བ་ལ། དམ་ཚིག་ཆེན་པོ་ཡང་ཡིན་ལ་ཐམས ་ཅད་ཀྱང་ཡིན་པས་ན་དམ་ཚིག་ཆེན་པོ་ཐམས་ཅད་དེ། རིགས་ཐམས་ཅད་གཉིས་སུ་མེད་པར་ཤེས་པའོ།། དེ་ཁོ་ན་ཉིད་ཀྱིས་ནི་རིགས་ལྔའི་དེ་ཁོ་ན་ཉིད་བཅུའི་བདོག་ཉིད་དོ།། དེ་ཉིད་དེ་བཞིན་ཉིད་རྡོ་རྗེ་ལྟར་མི་ཕྱེད་པའི་ཕྱིར་རྡོ་རྗེ་སྟེ། དེའི་མིང་ཅན་གྱི་རྣམ་པར ་གནོན་པའི་རིགས་ལྔར་སྤྲུལ་པས་སེམས་ཅན་གྱི་དོན་མཛད་པ་སྟེ་དེ་མཛད་ནས་འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའི་རྟོག་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཤེས་པའི་རྒྱུད་ཕྱི་མ་སྟེ། མཆོག་ཏུ་གྱུར་པའི་སྒྲའི་ཆོ་གོས་བཅོམ་ལྡན་འདས་རྡོ་རྗེ་འཆང ་ཆེན་པོས་གསུངས་པ་ཡིན་ནོ།། དེ་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པ་ངེས་པར་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ལ་རྣམ་པར་མི་རྟོག་པའི་རྟོག་པ་ཁྱབ་པའི་རྒྱུད་འདི་ཡིན་ནོ།། ། ་བྱ་བ་གསུངས་ཏེ་དེ་ལ་ཞེས་བྱ་བའི་སྒྲ་ནི་དམིགས་ཀྱི་དཀར་བའམ། ངག་ཉེ་བར་དགོད་པ་ལ་བལྟ་བར་བྱའོ།། འདི་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། རྣམ་པར་མི་རྟོག་པ་ནི་རྟོག་པ་མེད་པའི་ཏིང་ངེ་འཛིན་ཏེ། ང་ལས་སྔོན་གོམས་པའི་སྟོབས ་ཀྱི་བྱུང་བའི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པའི་རྣམ་པར་རྟོག་པ་ནི་རྣམ་པར་མི་རྟོག་པའི་རྟོག་པའོ།། དེ་ཁྱབ་པ་ནི་གདུལ་བྱ་སྐྱེ་བོའི་རྒྱུད་ལ་སོ་སོར་གཏང་བའི་དོན་དུ་སྒྲའི་ཚོགས་ནི་འདིར་ཁྱབ་པའི་རྒྱུད་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་ཀྱིས ་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བྲལ་བའི་ཆོས་བདག་མེད་པའི་ཏིང་ངེ་འཛིན་ནི་རྣམ་པར་མི་རྟོག་པོའོ།། ནིའི་སྒྲ་ནི་ངེས་པར་གཟུང་བ་སྟེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་དེ་ཉིད་ལ་སོ།། སེམས་ཅན་དོན་ནི་ཡོངསུ་བརྟག་ཅེས་བྱ་བ་ལ་ཕྱག ་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་སེམས་ཅན་རྣམས་ཀྱི་དོན་དུ་གཉེར་བར་བྱས་ན་སེམས་ཅན་གྱི་དོན་ནོ།། སེམས་ཅན་གྱི་དོན་དེ་ཡོངསུ་ནི་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རབ་ཏུ་འཇུག་པས་ན་ཡོངསུ་བརྟག་པར ་བརྗོད་པ་ཡིན།། ཡོངསུ་བརྟག་པའི་རྒྱུད་དེའི་ཕྱིར། དེས་ན་རྟོག་པར་བཤད་པ་སྟེ་ཞེས་བྱ་བ་ལ།། རྟོག་པ་ལས་བྱུང་བའི་རྒྱུད་དེ་ཉིད་ཀྱི་ཕྱིར་ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྟོག་པ་ཞེས་བྱ་སྟེ། དེ་བཤད་པ་ནི་བརྗོད་པ ་ཡིན་ནོ།། རྟོག་པ་ཡོང་སུ་དག་ཕྱིར།། ཞེས་བྱ་བ་ལ་སྩོགས་པ་གདུལ་བྱ་རྣམས་ཀྱི་རྣམ་པར་རྟོག་པ་སྲུང་བའི་ཕྱིར་རོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་བཞག་པ་སྟེ། སྔོན་གྱི་འཕེན ་བའི་ཤུགས་ཀྱི་དབང་གིས་བསྟོན་པ་ལ་འཇུག་པ་ཡིན་ནོ།། སླར་ཡང་གདུལ་བྱ་རྣམས་ལ་ནི། འདི་ལྟར་རྟོག་པ་འབྱུང་བ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་རྟོག་ཅིང་རྣམ་པར་དཔྱད་ནས་ཚིག་ཏུ་གསུང་བ་ཡིན་གྱི། རྣམ་པར་རྟོག་པ་དང་རྣམ ་པར་དཔྱོད་པ་མེད་པས་ནི་མ་ཡིན་ནོ།། དེ་ལྟར་བསྟན་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་སྒོམ་པ་པོ་རྣམས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་རྟོག་པའི་ཕྱིར་སློབ་བཞིན་པ་རྣམས་ཀྱི་རྣམ་པར་རྟོག་པ་དང་བྲལ་བའི་ཏིང་ངེ་འཛིན ་ནོ།། ང་བས་རྟོག་པས་ཡོངས་སུ་དག་པའི་ཕྱིར་རྟོག་པ་བཤད་བ་ཡིན་ནོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རྟོག་པ་ཤེས་པ་བསྟན་ནས། ང་ནི་སྙིང་པོའི་རྒྱུད་ཤེས་པོས་དངོས་གྲུབ་ཐོབ་པ་ཡིན་གྱི་རྣམ་པ་གཞན་གྱིས་ནི་མ་ཡིན་ནོ་ཞེས ་བསྟན་པར་བྱ་བའི་ཕྱིར། དེ་ལ་བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དཀྱིལ་འཁོར་ནི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཡིན་ལ། དེ་སྟོན་པར་བྱེད་པའི་རྒྱུད་ནི་མ་ཡིན་ཏེ། ས་ལ་ཡི་གེ་གནས ་བྲིས་ནས་ཞེས་བྱ་བོ་ལ་ཇི་ལྟར་བཤད་པའི་མཚན་ཉིད་ཅན་གྱི་དཀྱིལ་འཁོར་གྱིས་ས་གཞི་ལ། ཁ་དོག་དབྱིབས་ཀྱི་བདག་ཉིད་ཅན་གྱི་དཀྱིལ་འཁོར་བྲི་བར་བྱའོ།། ཇི་ལྟ་བུ་ཡིན་ཞེ་ན། ཡི་གེའི་གནས་ནི་ཡི་གེའི་གནས་ཏེ་རྟེན་ནོ།། འགྱུར་བ། ་མེད་པ་ཆོས་ཀྱི་དབྱིངས་མངོན་དུ་བྱེད་པའི་ཐབསོ་ཞེས་བྱ་བའི་དོན་ཏོ།། བདེ་བ་ཆེན་པོ་ཞེས་བརྗོད་དོ་ཞེས་བྱ་བ་ལོ་བདེ་བ་ཆེན་པོ་ཐོབ་པར་བྱེད་པའི་ཐབས་དང་། བདེ་བ་ཆེན་པོའི་རྒྱུ་དང་མཐུན་པ་དང་། བདེ་བ་ཆེན་པོ་སྟོན་པར་བྱེད་པ་ཉིད་ཀྱི་ཕྱིར། ཁ ་དོག་དང་དབྱིབས་ཀྱི་བདག་ཉིད་ཀྱི་དཀྱིལ་འཁོར་དེ་ཉིད་བདེ་བ་ཆེན་པོ་ཞེས་བྱ་བར་བརྗོད་པ་ཡིན་ནོ།། དེའི་དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་གང་ཞིག་བདེ་བ་ཆེན་པོའི་སྙིང་པོ་ཡི་གེ་བཅུ་བདུན་པོ་ཉིད་ནི་མི་ཕྱེད་པའི་ཕྱིར་རོ།། རྡོ་རྗེ་དེ་ཉིད་རིགས་ཐམས ་ཅད་ཀྱི་དཀྱིལ་འཁོར་དེའི་ངམ་ཚིག་ནི་བསྐྱེད་པའི་རྒྱུ་ཡིན་ནོ།། དེ་ཇི་ལྟ་བུ་ཞེ་ན། སྙིང་པོ་ཐམས་ཅད་སྒྲུབ་པར་བྱེད་པའོ་ཞེས་བྱ་བ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གང་ཡིན་པ་དེ་ནི་སྙིང་པོ་སྟེ། དེ་ལས་བྱུང ་བའི་ཡི་གེ་བཅུ་བདུན་གྱི་བདག་ཉིད་ཅན་ཉཾ་བར་བཏེགས་པའི་སྙིང་པོའོ།། དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལྔས་འདས་པའི་དཀྱིལ་འཁོར་ཐམས་ཅད་རྫོགས་པར་བྱེང་པ་ཉིད་ཀྱི་ཕྱིར་ཐམས་ཅད་སྒྲུབ་པར་བྱེད་པ་ཡིནོ།། འདིས་ནི་བྱང་ཆུབ་ཆེན་པོའི ་མཚན་ཉིད་ཅན་དུ་ངེས་པའི་ཡེ་ཤེས་ནི་སྙིང་པོའོ།། དེ་ལས་བྱུང་བའི་སྒྲའི་རང་བཞིན་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་བསྐྱེད་པའི་རྒྱུ་གང་ཡིན་པ་དེ་ཡང་སྙིང་པོར་བསྟན་ཏོ།། དེ་ཅིའི་ཕྱིར་ཞེ་ན།། བསྐལ་པ་བཟང་པོ་ལ་སོགས་པ ་ལས་སྔོན་དུ་ཐོག་མ་མེད་པའི་ངོ་བོ་གཉིས་སུ་མེད་པའི་ཡེ་ཤེས་གནས་པ་ཡིན་ཏེ་དེའི་ཕྱིར་ཡི་གེ་བཅུ་བདུན་པའི་སྙིང་པོ་པར་མཚོམས་མེད་པ་ཉིད་དུ་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་རྣམས་བསྐྱེད་པར་བྱེད་པ་ཉིད་དུ་གནས ་བ་ཡིནོ།། དེ་ལྟར་སྙིང་པོ་ཤེས་པའི་རྒྱུད་བསྟན་ནས། ད་ནི་ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་ཤེས་པས་དངོས་གྲུབ་ཐོབ་པའི་དོན་དུ་དཀྱིལ་འཁོར་གྱི་བཤད་པའི་རྒྱུད་བསྟན་པའི་ཕྱིར་དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར ་གནས་ཞེས་བྱ་བ་ནི་ཇི་ལྟར་དཀྱིལ་འཁོར་རྒྱལ་མཆོག་བསྒོམས་པའི་དུས་སུ། གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་གནས་ལ་སོགས་པའི་གནས་བསྟན་པ་དེ་བཞིན་དུ་སྐྱེད་མོ་ས་ཚལ་གྱི་གནས་སུ་དཀྱིལ་འཁོར་གནས་ཏེ་རྣམ་པར་བསྒོམས་ལ། ་གནས་དེ་རུ་དཀྱིལ་འཁོར་བྲི་བར་བྱའོ།། ཇི་ལྟར་དུས་ཞེས་བྱ་བ་ནི། རྒྱས་པའི་ལུས་ནི་སྔར་རོ།། དྲག་བྱོའི་ལས་ནི་ཉི་མ་ཕྱེད་དམ་མཚན་ཕྱེད་ཞི་བ་ལ་སྲོད་ཀྱི་དུས་སུའོ།། སྒྲུབ་པ་ཆེན་པོ་ལ་ནི་ཉིན་མ་འཆར ་ཀའིརི་དུས་སུ་དཀྱིལ་འཁོར་བྲི་བར་བྱའོ།། ཇི་ལྟར་འཇིག་རྟེན་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་རིགས་ནི་སྒེག་པའི་ཉམས་གཙོ་བའོ།། དེ་བཞིན་གྲོ་ཤེགས་པ་ནི་ཞི་བའི་ཉམས་གཙོ་བའོ།། རྡོ་རྗེ་ཧཱུཾ་མཛད་ནི་ཁྲོ་ཞིང་རྔམ་པ་སྟེ་ཁྲོ ་བློའི་ཉམས་གཙོ་བའོ།། རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་ནཱི་སྙིང་རྗེའི་ཉམས་གཙོ་བའོ།། འཕགས་པ་ནམ་པའི་སྙིང་པོའི་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་རང་བཞིན་དཔའ་བའི་ཉམས་གཙོ་བ་སྟེ་དགྱེས་ཤིང་དགྱེས་པ ་ཡི་ནོ།། འདིར་འཇིག་རྟེན་གྱི་སྒྲས་རིགས་བརྗོད་པ་ཡིནྡ་ཏེ། འཇིག་རྟེན་དེ་ཡང་གུང་གི་གང་ཡིན་པ་དེ་ཉིད་ཀྱིས་དེ་བྱི་བར་བྱའོ།། ཇི་ལྟ་བུ་ཞེས་བྱ་བ་ནི་དབྱིབས་ལ་བརྟན་ནས་འདི་གསུངས་པ་ཡིན་ཏེ། འཇིག་རྟེན་དེའི་དབྱིབས་ཇི་ལྟ་བུ་ཡོད ་པ་དེ་ལྟ་བུ་ཁོ་ན་དཀྱིལ་འཁོར་དུ་བྲི་བར་བྱའོ།། འཁོར་ནི་དགོད་པར་བྱ་བ་སྟེ་ཞེས་བྱ་བ་ལ་བྲི་བའི་དཀྱིལ་འཁོར་ཆོ་གོ་གང་དུ་ལྷ་རྣམས་ཀྱི་གནས་ཀྱི་ངེས་པ་བསྟན་པ་དེ་བཞིན་དུ་ལྷ་དེ་བྲི་བར་བྱ་སྟེ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ ་བའི་ཐ་ཚིག་གོ།། དེ་ལྟར་དཀྱིལ་འཁོར་གྱི་དོན་གྱི་རྒྱུད་བསྟན་ནས། དེ་ནི་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་ཤེས་པས་ཀྱང་དངོས་གྲུབ་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་དུ་ཞུགས་པའི་རྣམ ་པར་སྦྱིན་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ཞུགས་ནཱ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གདུལ་བྱ་རྣམས་ལྔ་གད་འབྱུང་བ་དེ་ནི་རྣམ་པར་སྨིན་པ་ཞེས་བརྗོད་དེ་བཱན་ཡོནྣ་ཞེས་བྱ་བའི་དོན ་ཏོ།། རྡོ་རྗེ་སེམས་སོགས་སེམས་དཔའི་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་གང་ལ་ཡོད་པ་དེ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་རྣམས་ཏེ། རྡོ་རྗེ་ཡིང་ལས་བྱུང་བ་ནས་བརྩམས་ཏེ་རིན་ཆེན་དྲིལ་བུའི་མཐར་ཐུག་པའི ་རིགས་ལྔའི་ལྷ་རྣམསོ།། དེ་རྣམས་ཀྱི་འཁོར་དང་བཅས་ཏེ་ཚེ་དཀྱིལ་འཁོར་དུ་ཞེས་བྱ་བ་ལ། འཁོར་དང་ལྷན་ཅིག་ཏུ་ཞུགས་པས་ནྱ་འཁོར་དང་བཅས་པ་སྟེ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་རོ།། ཆོས་ཀྱི་ལོངས་སྤྱོད་ཀྱི་ཕྱིར ་སྤྲུལ་པའི་འཁོར་དང་བཅས་པ་དཀྱིལ་འཁོར་དེར་དེ་ཚེ་སྟེ་དེའི་དུས་སུ་ཇི་ལྟར་སྐལ་བ་དང་ལྡན་པ་རྣམས་བཞུགས་པས། བསོད་ནམས་ཀྱི་ཚད་ཇི་ཙམ་འབྱུང་བའི་ཚད་དེ་ཙམ་དང་མཚུངས་པ་ཉིད་ཀྱི་བྲི་བའི་དཀྱིལ་འཁོར་འདིར་ངོ ་ལྷོར་ཞུགས་ཀྱང་འབྱུང་བ་ཡིནོ།། དེ་ལྟར་དཀྱིལ་འཁོར་དུ་ཞུགས་པའི་འབྲས་བུ་གདུལ་བྱའི་སྐྱེ་བོ་རྣམས་སྤྲོས་པར་བྱ་བའི་ཕྱིར་བསྟན་ནས། ད་ནི་རིགས་ཐམས་ཅད་ཀྱི་འཁོར་ལོའི་ཁྱད་པར་ཤེས་པས་ཀྱང་དངོས་གྲུབ་འབྱུང་བ ་ཡིན་ནོ་ཞེས་རབ་ཏུ་བསྟན་པར་བྱ་བའི་ཕྱིར། དེ་ནས་རིགས་ཐམས་ཅད་འཁོར་ལོའི་རྒྱུད་ཅེས་བྱ་བ། རིགས་ཐམས་ཅད་ཀྱི་འཁོར་ལོའི་ཁྱད་པར་ཤེས་པའི་རྒྱུད་གསུངས་པ་ཡིན་ཏེ། རིགས་ཐམས་ཅད་ཀྱི་འཁོར་ལོ་ནི ་དཀྱིལ་འཁོར་ཏེ། དེ་རྣམས་ཀྱི་ཁྱད་པར་ནི་གསལ་བའི་དབྱེ་བའོ།། རྡོ་རྗེ་འཁོར་ལོ་བསྟན་བཞིན་བྱ་བ་ལ། རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དག་གི་དཀྱིལ་འཁོར་ནི། རྡོ་རྗེ་འཁོར་ལོ་ནི། རྡོ་རྗེ་འཁོར་ལོ་སྟེ་སྔར ་བྲི་བའི་ཆོ་གར་གཉིས་པོའི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཇི་ལྟར་བཤད་པ་དེ་བཞིན་དུ་གཟུང་བར་བྱའོ།། ལྕགས་ཀྱི་འཁོར་ལོ་དམ་པ་སྟེ་ཞེས་བྱ་བ་ལ་དཀྱིལ་འཁོར་དམ་པ་ནི་ཕུལ་དུ་བྱུང་བ་སྟེ་ནང་གི་དཀྱིལ་འཁོར་ནི་ལྕགས ་ཀྱི་བྲི་བར་བྱའོ།། དེ་གང་ཡིན་ཞེ་ན། འབར་བའི་འཁོར་ལོ་ཞེས་བྱ་བ་ལ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་ནང་གི་རིམ་པ་གང་ཡིན་པ་དེ་འབར་བའི་འཁོར་ལོ་སྟེ། ལྕགས་ཀྱི་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་པདྨ་འདབ་བརྒྱད་ཅེས་བྱ་བ ་ལ་ཇི་ལྟར་སྔོར་བཤད་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དག་གི་དཀྱིལ་འཁོར་དུ་གསུངས་པ་དེ་བཞིན་དུ་མཚན་ཉིད་དེ་ཉིད་ཀྱི་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་པདྨ་འདབ་མ་བརྒྱད་པ ་ཤེས་པར་བྱའོ།། ནོར་བུ་ཆེ་ཞེས་བྱ་བ་འཕགས་པ་ན་མཁའི་སྙིང་པོའི་ནང་གི་དཀྱིལ་འཁོར་ཟུར་བརྒྱད་པའི་ནོར་བུ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ།། དེ་ལྟར་འཁོར་ལོའི་ཁྱད་པར་ཤེས་པ་བསྟན་ནས། ད་ནི་དཀྱིལ་འཁོར་ཐམས ་ད་ཀྱི་སྐུ་བོ་ཤེས་པས་དངོས་གྲུབ་འབྱུང་བ་ཡི་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་ནས་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཐམས་ཅད་ནི་ཇི་ལྟར་བཤད་པ་བཞིན་ཏེ། དེ་རྣམས་བསྒྲུབ་པ་ནི་རྫོག ་པའི་རྒྱུའོ།། དཀྱིལ་འཁོར་བརྟག་པར་བྱས་ནས་ནི་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བྲིས་ཏེ་ཡང་དག་པར་མཆོད་ལ་ནང་གི་རིམ་པས་འཇུག་བྱ་སྟེ་ཞེས་བྱ་བ་ལ་འཇུག་པའི་ཆོས་དཀྱིལ་འཁོར་དུ་ཞུགས་ནས། དཀྱིལ་འཁོར་གྱི ་བདག་ཉིད་ཆེན་པོ་སྟེ་གཙོ་བོ་ལ། ཛཿཧཱུ~ཾ་བཾ་ཧོཿཔྲ་སིདྡྷ་མཾ་ཞེས་བྱ་བ་བརྗོད་པར་བྱའོ།། དེ་ལྟར་དཀྱིལ་འཁོར་བསྒྲུབ་པའི་རྒྱུད་བསྟན་ནས། ད་ནི་རྡོ་རྗེ་སེམས་དཔའ་ཉིད་ཤེས་པས་ཀྱང་དེ་བསྒྲུབ་པོ་ཞེས་བསྟན་པའི་ཕྱིར། དེ་ནས་རྡོ་རྗེ ་སེམས་དཔའ་ཉིད་བཤད་པའི་རྒྱུད་ཅེས་བྱ་བ་གསུང་ས་ཏེ། རྡོ་རྗེ་སེམས་དཔའ་དངོས་པོ་ནི་རྡོ་རྗེ་སེམས་དཔའི་ཉིད་དོ།། དེའི་བཤད་པའི་རྒྱུད་འདི་ཡིན་ཏེ་སངས་རྒྱས་ལ་སོགས་སེམས་ཅན་ཀུན་ཞེས་བྱ་བ་ལ། འཇིག་རྟེན་དང་འཇིག་རྟེན ་ལས་འདས་པའི་སེམས་ཅན་ཀུན་ཞེས་བྱ་བ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སེམས་ཅན་ཐམས་ཅད་ཀྱི་དང་པོར་སངས་རྒྱས་གང་ལ་ཡོད་པ་དེ་ནི་སངས་རྒྱས་ལ་སོགས་སེམས་ཅན་ཀུན་ཏེ། སངས་རྒྱས་ལ་སོགས་པའི ་སེམས་ཅན་ཐམས་ཅ་།། དེ་རྣམས་ནི་ཐམས་ཅད་ཉིད་ནི་ཐམས་ཅད་ཀྱི་སེམས་ཀྱི་ངོ་བོའོ།། དེ་ག་དྷཱ་ཡིན་ཞེ་ནཱ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་ཡིན་ལ། ཐོག་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་བཅོམ་ལྡན་འདས་རྡོ ་རྗེ་འཆང་ཆེན་པོའོ།། མཆོག་ཅེས་བྱ་བ་ནི་ཕུལ་དུ་བྱུང་བ་སྟེ། ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པའི་སེམས་ཅན་ནི་དོན་དམ་པར་ཐོག་མ་ནས་མ་སྐྱེས་པའི་ཕྱིར་ཞེས་བྱ་བར་དགོངས་སོ།། སེམས་ཅན་འབྱུང་ཕྱིར་སེམས་དཔའ ་སྟེ་ཞེས་བྱ་བ་ལ། ཐོག་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེ་ལ་རིགས་ལྔའི་རང་བཞིན་ཅན་གྱི་སེམས་ཅན་རྣམས་སྔོན་གོམས་པའི་སྟོབས་ཀྱིས་སེམས་ཅན་ཐམས་ཅད ་ཀྱི་བསམ་པ་ཡོངསུ་རྫོགས་པར་བྱེད་པར་འབྱུང་བ་ཡིན་ཏེ་དེའི་ཕྱིར་ཉོ་བོར་བཏགས་ནས་སེམས་དཔའ་ཞེས་བརྗོད་པ་ཡིན་ནོ།། རྡོ་རྗེ་སེམས་དཔའ་ནི་མི་ཕྱེད་པའོ།། རབ་ཏུ་གྲགས་པ་ནི་རྡོ་རྗེ་འཆང་གིས་རབ་ཏུ་བསྟན་པ་ཡིན་ནོ།། དེ་ལྟར་རྡོ་རྗེ་སེམས ་དཔའ་བཤད་ནས། དེ་ནི་དམ་ཚིག་ཚོན་པོའི་དེ་ཁོ་ན་ཉིད་ཤེས་ན་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། དམ་ཚིག་ཆེན་པོའི་དེ་ཁོ་ནའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དམ་ཚིག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་དམ་ཚིག་ཆེན་པོ་སྟེ། ་ཐོབ་མ་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཐམས་ཅད་ལ་ཁྱབ་པའི་ཕྱིར། རྡོ་རྗེ་འཆང་བ་ཆེན་པོའི་དེ་ཉིད་ཡིནོ།། དེའི་དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བའི་ཀུན་ཏུ་བཟང་པོ་ཉིད་དོ།། ཐོག་མ་ཐ་མ་མེད་པའོ།། ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། ་ཁམས་གསུམ་པའི་ཆོས་ཉིད་དང་།། ཁམས་གསུམ་པ་སྤྲུལ་པ་མཐོང་བས་འཁོར་བའོ།། དེ་བཞིན་མྱ་ངན་འདས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཉིད་ཡིན་པའི་ཕྱིར ་དོན་དམ་པ་སྟེ།། དེའི་ཕྱིར་མྱ་ངན་ལས་འདས་པའོ།། དེ་ལྟར་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་བཤད་པའི་རྒྱུད་བསྟན་ནོསོ།། ང་ནི་ཐོག་མ་ཐ་མ་མེད་པ་ཉིད་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ཐོག་མདོང ་ཐ་མ་མེད་པ་ཉིད་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པའི་དངོས་པོ་ནི་ཐོག་མ་དང་ཐ་མ་མེད་པ་ཉིད་དེ། ཐོག་མ་དང་ཐ་མ་མེད་པ་ཉིད་ནི་དྲང་པོ་ནས་མ་སྐྱེས་པའི་འདུས་བྱས་ཐམས་ཅད་དོ།། དེ་ཉིད་བཤད་པར་བྱ་བུ་ནི ་ནམ་མཁའ་འབྱུང་བ་ཆེན་པོའི་གྲནས་ཞེས་བྱ་བ་གསུང་སོ།། ན་མཁའི་སྐྱེ་བ་ཞེས་བྱ་བ་ནི་རྩིག་པ་ལ་སོགས་པ་ཞིག་པ་ནུ་མཁའ་སྐྱེ་བ་སྟེ། རྫས་ཐམས་ཅད་མེད་པའི་མཚན་ཉིད་ཅན་ནོ།། ཅིའི་ཕྱིར་ཞེ་ན་སྐྱེ་མེད་ཕྱིར་ཞེས་བྱ་བ་ལ། སྐྱེ་བོ་མེད ་པ་ནི་སྐྱེ་བ་མེད་པ་སྟེ། རྒྱུ་དེའི་ཕྱིར་རྩིག་པ་ལ་སོགས་པ་ཞིག་པ་ཉིད་ནི་མཁའི་སྐྱོ་བ་སྟེ། ནུན་མཁའི་རྫས་མ་ཡིན་པའི་ཕྱིར་རོ།། རྡོ་རྗེ་སེམས་དཔའ་དེ་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་རྩིག་པ་ལ་སོགས་པ་རྣམ་པར་ཞིག་པ་ནི་ནམ་མཁའོ་སྐྱེ་བར ་འདོགས་པ་དེ་བཞིན་དུ་རྣལ་འབྱོར་པ་ལས་མ་བྱུང་བའི་ཀུན་ཏུ་བརྟགས་པ་འཛེག་པ་ནི་རྡོ་རྗེ་སེམས་དཔའ་སྐྱེ་ཞེས་འདོགས་པ་ཡིན་ནོ།། དེ་ལྟར་ཐོག་མ་དང་ཐ་མ་མེད་པ་ཉིད་བསྟན་ནས་ད་ནི་རབ་ཏུ་དགའ་བ་ཉིད་ཤེས་པས་ཀྱང་དངོས་གྲུབ ་ཐོབ་བོ་ཞེས་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཀྱིས་རབ་ཏུ་དགའ་བ་ཉིད་ཀྱིས་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ་མི་གནས་པའི་མྱ་ངན་ལས་འདས་པའི་རང་བཞིན་ཅན། བསྐལ་པ་བཟང་པོ་ལ་སོགས་པ་ལས་ཀྱང་སྔར་གནས ་བའི་རྣལ་འབྱོར་པས། རྡོ་རྗེ་ལྷ་མོ་ཚོགས་ཀྱི་ནང་དུ་བདེ་བ་ཐམས་ཅད་ཉམསུ་མྱོང་ཞིང་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་རབ་ཏུ་དགའ་བ་སྟེ་དེའི་དངོས་པོ་ནི་རབ་ཏུ་དགའ་བ་ཉིད་དོ།། རབ་ཏུ་དགའ་ཕྱིར་ཉོན་མོངས ་ཏེ་ཞེས་བྱ་བ་ལ་བུད་མེད་དང་སྐྱེས་པ་དག་གི་དབང་པོ་གཉིས་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བ་དང་ཡིད་བདེ་བའི་ཁྱད་པར་ནི་རབ་ཏུ་དགའ་བའོ།། དེའི་དོན་དུ་འགྲོ་བ་ཐམས་ཅད་སྟེ་ཆགས་པ་དང་བཅས་པ། ་སེམས་ཅན་གྱི་ཁམས་ཉོན་མོངས་པར་འགྱུར་རོ།། དེ་ཁྱད་པར་ཅི་དང་ལྡན་པ་ཡིན་ཞེ་ན། བདེ་བ་འདོད་པ་ཞེས་བྱ་བ་ནི། འགྲོ་བ་དེ་དག་ཐམས་ཅད་བདེ་བ་འདོད་པས་ཚོལ་ཁྲོའི་སྡུག་བསྔལ་གྱིས་ཉོན་མོངས་པར་འགྱུར་རོ།། དེ་ལ་ཞེས་བྱ་བའི་ནི་འགྲོ ་བ་དེར་རོ།། བདེ་བ་རྣམ་དདྲག་ཕྱིར་ཞེས་བྱ་བ་ནི་བདེ་བ་རྣམ་པར་དག་པའི་དོན་དུའོ།། བསྒྲལ་པ་བཟང་པོ་ལ་སོགས་པ་ལས་སྔ་རོལ་དུ་ལྷ་མོའི་ཚོགས་ཀྱི་ནང་ན་བཞུགས་པ་པོ་ག་མ་དང་ཐ་མ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་སྐྱེ་བ་ཡིན་ཏེ། འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་སོགས་པ་འདུལ་བར་མཛད་པའི་ཕྱིར་རྡོ་རྗེ་འདོད་པའི་ཁམས་ཀྱི་དབང་ཕྱུག་གི་གཟུགས་སུ་སྐྱེ་བ་ཡིན་ནོ།། དེ་ནས་དེའི་གཟུགས་མཐོང་བས་འདོད་པའི་ཁམས་ཀྱི་དབང་ཕྱུག་ཡེ་ཤེས ་འབབ་པ་ཐོབ་ནས་ས་བརྒྱད་དབང་ཕྱུག་ཏུ་གྲུབ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་འདོད་པོའི་ཁམས་ཀྱི་དབང་ཕྱུག་ཐོབ་པར་འདོད་པ་གཞན་དག་ཀྱང་འདུལ་བར་མཛད་པའི་ཕྱིར། རྡོ་རྗེ་འདོད་པའི་དབང་ཕྱུག་གི་གཟུགས་སུ་ཕྱི་མའི་མཐའི་བར ་དུ་འཁོར་བར་བཞུགས་པ་ཡིན་ནོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་རབ་ཏུ་དགའ་བ་ཉིད་བསྟན་ནས་ད་ནི་དེ་སྙིང་པོའི་དེ་ཁོ་ན་ཉིད་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ།། ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་དང་པོའི་སྙིང་པོ་དེ་ཁོ་ན་ཉིད ་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དང་པོ་ཡང་ཡིན་ལྔ་སྟིའོ་ཡང་ཡིན་པས་དང་པོའི་སྙིང་པོ་སྟེ་ཡི་གེ་ཧཱུཾ་ངོ་།། དེའི་དེ་ཁོ་ན་ཉིད་ནི་འདོད་པ་ཅན་ཐམས་ཅད་བསད་པར་བྱེད་པའི་ལསོ།། ཆགས་པ་ཀུནྡ་ནས་ཆགས་བུ་ཆེ་ཞེས་བྱ་བ་ལ་ཆགས་པ ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ཆགས་པ་ཀུན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་ངོ་།། ཆགས་པ་ཀུན་དེ་ཉིད་ལོས་ཆགས་པ་ཆེ་བ་སྟེ། སྙིང་པོ་འབྱུང་བ་ཡིན་ནོ།། དེ་ལས་ཇི་ལྟ་བུ་དང་ལྡན་པ ་ཡིན་ཞེ་ན། འདོད་ལྡན་ཐམས་ཅད་སད་པར་བྱེད་ཅེས་བྱ་བ་ལ། དངོས་གྲུབ་ཐམས་ཅད་འདོད་པ་ནི་འདོད་ལྡན་ཐམས་ཅད་དོ།། དེ་སད་པ་ནི་རབ་ཏུ་གསལ་བར་བྱེད་པའོ།། ཆགས་པ་འབར་བ་དྲི་ཟའི་སྙིང་པོ་ཞེས་བྱ་བ་ལ་ཆགས་པ་ནི་རྡོ་རྗེ་སེམས་དང ་སྟེ། ཆགས་པ་དམ་ཚིག་རབ་ཏུ་བཤད་ཅེ་ས་འོག་ནོས་གསུངས་པའི་ཕྱིར་རོ།། དེ་འབ་བ་ནཱི་སྒྲུབ་པ་པོའི་རྒྱུད་ལ་མངོན་དུ་འགྱུར་བར་བྱེད་པ་སྟེ། དེའི་དོན་དུ་དྲི་ཟའི་སྙིང་པོ་ནི་གླུའི་སྙིང་པོ་སྟེ་ཡི་གེ་ཧཱུཾ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། དེ་གང་གི་སྙིང ་བོ་ཡིན་ཞེ་ན། ཕྱག་ན་རྡོ་རྗེ་ཞེས་བྱ་བ་སྟེ་རྡོ་རྗེ་འཆང་གིའོ་ཞེས་བྱ་བའི་ཐ་ཚིག་གོ།། ད་ནི་ཡི་གེ་ཧཱུཾ་གི་གླུ་བློ་ང་བ་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར་དེ་ནས་ཡི་གེ་ཧཱུཾ་གཱི་གླུ་བླང་བའི་རྒྱུད་ཅེས་བྱ་བ་གསུངས་ཏེ། ་ཡི་གེ་ཧཱུཾ་ཉིད་གླུ་སྟེ་ཡི་གེ་ཧཱུཾ་གི་གླུའོ།། དེའི་གླུ་བླང་བ་ནི་དྲུག་ལྗོན་ལ་སོགས་པའི་གླུ་རྣམ་པ་རྣམས་ཀྱི་མངོན་པར་འདོད་པའི་དོན་སྒྲུབ་པའི་ཕྱིར་བཟླས་པའོ།། གླུ་ལས་ཚོགས་པ་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དང་བཅས་པའི་གླུའི་བཟླས་པ ་ལས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡུལ་ལུ་ཆགས་པ་ནི་ཞེན་པའོ།། ཞེན་པ་དེ་ལས་དགའ་བ་སྐྱེ་བའོ།། དགའ་བ་ལས་འདོད་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་བསྒོམ་པ་ལས་བྱུང་བའི་བདེ་བ་དང་ཡིད་བདེ ་བ་ནི་འདོད་པའོ།། རབ་ཏུ་དགའ་བ་ལས་ཐམས་ཅད་འབྱུང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྒོམ་པ་ལས་བྱུང་བའི་བདེ་པ་དང་། ཡིད་བདེ་བའི་བདག་ཉིད་ཀྱི་རབ་ཏུ་དགའ་བ་དེ་ལས་རིགས་ཐམས་ཅད་འབྱུང་བས་ཡིན་ནོ།། ཐམས་ཅད ་འབྱུང་བར་གྲུབ་པའི་ཕྱིར། བསྐལ་བའི་དང་པོར་བཅོམ་ལྡན་འདས་སུ་ཞེས་བྱ་བ་ལ། རིགས་ཐམས་ཅད་འབྱུང་བ་ནི་སྐྱེ་བ་སྟེ། དེ་གྲུབ་པ་ནི་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་རྫོགས་པའོ།། དེའི་དོན་དུ་བསྐུལ་པ་བཟང་པོའི་དྲང་པོར་བཅོམ་ལྡན་འདས་རྡོ ་རྗེ་འཆང་ཆེན་པོས་ཡི་གེ་ཧཱུཾ་གི་ཞེས་བྱ་བའི་སྙིང་པོ་གསུངས་པ་ཡིན་ནོ།། དེ་ལྟར་ཡི་གེ་ཧཱུཾ་གི་གླུ་བང་བའི་རྒྱུད་བསྟན་ནས། ད་ནི་ཡི་གེ་ཧཱུཾ་གི་གླུའི་བཟླས་པའི་དོན་ཤེས་པས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ནས་ཡི་གེ་ཧཱུཾ་གི་བཟླས ་བུའི་དོན་གྱི་བཤད་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ་ཡི་གེ་ཧཱུཾ་གི་བཟླས་པའི་དོན་ནི་རྗེས་སུ་ཆགས་པ་སྟེ་དེ་སྟོན་པར་བྱེད་པའི་རྒྱུད་བཅོམ་ལྡན་འདས་ཀྱིས་གསུངས་པའོ།། མྱུར་དུ་ཐམས་ཅད་རྗེསུ་ཆགས་པས་ཞེས་བྱ་བ་ལ། ཐམས་ཅད་ནི ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྟེ། དེ་རྗེས་སུ་ཆགས་པ་ནི་ཡང་དང་ཡང་དུ་མངོན་དུ་གྱུར་པའོ།། ཐམས་ཅད་རྗེས་སུ་ཆགས་པ་དེ་ལས་མྱུར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རྗེས་སུ་ཆགས་པ་ནི་སྒྲུབ་པ་པོའི ་མངོན་དུ་གྱུར་པ་ཡིན་ནོ།། རྗེས་སུ་ཆགས་པར་བྱེད་མཆོག་ནི་ཞེས་བྱ་བ་ལ། ཇི་ལྟར་བཞུགས་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཅན་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་ཡང་དང་ཡང་དུ་རྗེས་སུ་ཆགས་པར་བྱེད་པ་ནི་བདག་གི་མངོན ་སུམ་དུ་བྱེད་པ་ཡིནོ་ཞེས་བྱ་བ་དེ་ལྟ་བུའི་མཆོག་ནི་ཕུལ་དུ་བྱུང་བ་སྟེ་སྙིང་པོའི་ཡི་གེ་ཧཱུཾ་བཟླས་པའི་དོན་ཡིནོ།། ནརྀའི་སྒྲ་ནི་ངེས་པར་བཟུང་བ་སྟེ་སྙིང་པོའི་བཟླས་པའི་དོན་འདི་ཉིད་མཆོག་ཏུ་གྱུར་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ།། དེ་ལྟར་ཡི་གེ་ཧཱུཾ་གི་གླུའི་བཟླས་པའི་དོན་བསྟན་ནས་ང་ནི་རྡོ་རྗེ་སེམས་དཔར་ཤེས་པས་དངོས་གྲུབ་ཐོབ་པ་ཡིནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔར་འབྱུང་བའི་བཤད་བའི་རྒྱུད་ཅེས་བྱ་བ་གསུངས་ཏེ་གླུ་རྣམས ་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་གླུ་རྣམས་ཁྲོ་བོའི་རྣམ་པ་ནྡནྡ་གྱི་སེམས་རྩེ་གཅིག་པ་ཉིད་ཀྱི་མཐུ་ལས། རྡོ་རྗེ་ཐོགས་རྫོགས་པའི་བློས་རྡོ་རྗེ་ཐོག་བསྟན་པར་གྱུར་པ་འབེབས་པ་དེ་བཞིན་དུ་རྡོ་རྗེ་བསྡུས་པའོ་ཞེས་བྱ་བ་ལ་ཆོས་བདག་མེད ་བའི་ཏིང་ངེ་འཛིན་ཆོས་ཐམས་ཅད་རང་བཞིན་མེད་པའི་སྤྱོད་པའི་སེམས་རྩེ་གཅིག་པའི་ངོ་བོས་དེ་བཞིན་གཤེགས་པ་ལྔའི་ཡེ་ཤེས་ལྔའི་རྩེ་མོ་མི་ཕྱེད་པ་ཅན་གྱི་སེམས་བསྡུས་པར་བརྟག་པ་ནི་རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར་རོ།། དེ ་ལྟར་སེམས་རྡོ་རྗེ་ཉིད་དུ་བསྟན་ནས་ད་ནི་རྡོ་རྗེ་སེམས་དཔའ་འབྱུང་བ་ཤེས་པས་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བ་བསྟན་པའི་ཕྱིར། དེ་ནས་རྡོ་རྗེ་སེམས་དཔའ་འབྱུང་བ་ཤེས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ ་འབྱུང་བ་ནི་སྐྱེ་བ་སྟེ། རྣལ་འབྱོར་པའི་རྒྱུད་ལ་ཤེས་པ་གང་ལྔས་འབྱུང་བ་དེ་ནི་རྡོ་རྗེ་སེམས་དཔའི་འབྱུང་བ་ཤེས་པའོ།། སེམས་དཔའ་ནི་རྡོ་རྗེ་སེམས་དཔའོ།། ནིའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ།། ཐམས ་ཅད་བདག་ཉིད་ཅེས་བྱ་བ་ལ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལ་སོགས་པའི་སེམས་ཅན་རྣམས་ཏེ། དེའི་བདག་ཉིད་ནི་ཐམས་ཅད་ཀྱི་བདག་ཉིད་དེ་ཐམས་ཅད་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཅནོ་ཞེས་བྱ་བའི་དོན ་ཏོ།། བདག་གི་བདག་ཉིད་ལ་ཡང་གནས་ཞེས་བྱ་བ་ལ། བདག་གི་སེམས་དང་སེམས་ལས་བྱུང་བ་ལ་ཡང་དེའི་བདག་ཉིད་རྗེ་སུ་ཞུགས་ཏེ་ཐ་མི་དད་པའི་ཚུལ་གྱི་ཐོག་མ་དྲང་ཐ་མ་མེད་པའི་ཆོས་ཀྱི་ངོ་བོ་ཉིད་དུ་གནས་པ་ཡིན་ནོ།། ། ་རྡོ་རྗེ་སེམས་དཔའ་དངོས་སུ་འདིར་ཞེས་བྱ་བ་ལ་དངོས་སུ་ལྷག་པའི་བསམ་པའི་སྟོབས་ཀྱི་རྡོ་རྗེ་དང་དྲིལ་བུ་འཛིན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རྣལ་འབྱོར་པ་འདི་ལ་བཞུགས་པ་སྟེ། གཟུང་བའི་ཆའི་དངོས་པོ་ཏིང་ངེ་འཛིན ་ལ་ཐ་མི་དད་པར་འགྱུར་ཞིང་མྱུར་དུ་བཞུགས་པ་ཡིན་ནོ།། རྡོ་རྗེ་སེམས་དཔའ་དེ་ཇི་ལྟ་བུ་ཡིན་ཞེ་ན། ཐམས་ཅད་ལ་བཞུགས་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བཞུགས་པའོ།། དེ་ལྟར་རྡོ་རྗེ་སེམས་དཔའ་འབྱུང་བའི་ཤེས ་པའི་རྒྱུད་བསྟན་ནས། ད་ནི་དེ་བཞིན་གཤེགས་པ་འབྱུང་བར་ཤེས་པ་སངས་རྒྱས་ཉིད་ཐོབ་པ་ཡིན་ནོ་ཞེས་རབ་ཏུ་བསྟེན་པའི་ཕྱིར། དེ་ནས་དེ་བཞིན་གཤེགས་པའི་རྒྱུད་ཅེས་བྱ་བ་གསུངས་ཏེ། འདོད་ལས་ཆགས་པ་ཞེས་བྱ་བ ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ནི་འདོད་པ་དེ་ལ་ཆགས་པ་སྟེ་ཡུལ་ལ་ཆགས་པའོ།། དགའ་ལས་བདེ་ཞེས་བྱ་བ་ལ་འདོད་པ་ལ་བརྟེན་པ་དགའ་བའི་སེམས་ལས་འཁོར་བའི་སེམས་ཅན་རྣམས་ལ་བདེ་བ ་འབྱུང་བའོ།། བདེ་བ་ལས་སྡིག་པ་ཞེས་བྱ་རྡོ་རྗེ་སེམས་དཔའ་ལྟ་བུའི་མཐུ་ནུ་གཟི་བརྗིད་ཆེན་པོའོ།། དེ་དག་འཕེལ་བ་ནི་གོང་ནས་གོང་དུ་འཁོར་བ་ཇི་སྲིད་ཀྱི་བར་དུ་འཇུག་པ་ཡིན་ནོ།། དེ་ཇི་ལྟར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེའི་གཟུགས ་ཀྱི་གཟི་བརྗིད་ཀྱིསོ་ཞེས་བྱ་བ་ལ། བདེ་བ་ཚོན་པོ་རྡོ་རྗེ་གཟུགས་ཀྱི་གཟི་བརྗིད་ནི་རྡོ་རྗེ་སེམས་དཔའ་སྟེ་དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་གཟུགས་ཀྱི་གཟི་བརྗིད་དོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། དང་པོའི་རྡོ་རྗེ་དབུས་མ ་དང་མཐེ་བོ་དང་མཐེའུ་ཆུ་རྣམས་ཀྱི་རྩེ་མོའི་ཚུལ་དུ་བྱས་ཏེ། རང་གི་གདིང་ཡོངསུ་སྦྱངས་ལ་ཕྱག་རྒྱར་རོ་གི་གདོང་དུ་དགྲོལ་བར་བྱས་ཏེ། རང་གྱི་གདོང་ལ་རབ་ཏུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡང་ལུས ་ཐམས་ཅད་ཁྱབ་ཅིང་རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར་པར་བསམ་པར་བྱ་སྟེ། དེ་ལྟར་ན་གཟུགས་ཚོན་པོ་དང་། གཟི་བརྗིད་འཕེལ་པཱར་འགྱུར་རོ།། འདུ་བྱེད་ཐམས་ཅད་འཕེལ་བ་ཞེས་བྱ་བ་ལ། འདུ་བྱེད་ཀྱང་ཡིན་ལྔ་ཆེན་པོ་ཡང་དེ ་ཉིད་ཡིན་པས་ན་འདུ་བྱེད་ཕུང་པོ་སྟེ། དཔལ་རྡོ་རྗེ་སེམས་དཔའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་འདུ་བྱེད་ཀྱི་ཕུང་པོའོ།། དེ་འཕེལ་བ་ནི་སྔ་མ་བཞིན་ནོ།། དེ་ཇི་ལྷོར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་འདུ་བྱེད་ཆེན ་བློས་སོ་ཞེས་བྱ་བ་ལ། བདེ་བ་ཆེན་པོའི་རྡོ་རྗེ་འདུ་བྱེད་ཆེན་པོ་ནི་དོན་ཡོད་གྲུབ་པའི་རང་བཞིན་ཅན་གྱི་རྡོ་རྗེ་སེམས་དཔའ་སྟེ་དེའི་ཕྱག་རྒྱ་གང་ཡིན་པ་སྟེ་དེ་ནི་བདེ་བ་ཆེན་པོའི་འདུ་བྱེད་ཆེན་པོའོ།། འདིས་ནི་འདི་སྐད་འཆང ་པར་འགྱུར་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱི་ཆོ་ག་ཐམས་ཅད་རྗེ་སུ་སྤྱད་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། རང་གི་ལུས་ཐམས་ཅད་དུ་བསྐོར་བར་བྱའོ།། དེ་ནས་བདག་ཉིད་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པར ་བསྒོམ་ཞིང་སྙིང་གར་ཕྱག་རྒྱ་དགྲོལ་བར་བྱའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པའི་དོན་ཡོད་གྲུབ་པའི་སྐུ་རྣམས་རང་གི་སྙིང་གར་གཞུག་པར་བྱ་སྟེ། དེ་ལྟར་ན་འདུ་བྱེད་ཆེན་པོ ་ཐམས་ཅད་འཕེལ་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་བསྲུང་བར་བྱ་བ་ལ། སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་སེམས་ཅན་ཐམས་ཅད་དེ། དེ་རྣམས་ཀྱི་བདག་ཉིད་ནི་སེམས ་ཅན་ཐམས་ཅད་ཀྱི་བདག་ཉིད་དེ། ཕུང་པོ་ལྔའི་རང་བཞིན་གྱི་བདག་ཉིད་ཀྱི་དངོས་པོའོ།། དེ་ཐམས་ཅད་བསྲུང་བ་ནི་ཐམས་ཅད་བསྲུང་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་བསྲུང་བསེ་ཞེས་བྱ་བ་ལ་བདེ་བ་ཆེན་པོའི་རྡོ་རྗེ ་བསྲུང་བ་ནི། རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱི་གཟུངས་དང་ལྡན་པའི་རྡོ་རྗེ་སེམས་དཔའ་སྟེ། དེའི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་བསྲུང་བའོ།། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང ་བོའི་རྡོ་རྗེ་བཅིངས་ཏེ། བསྲུང་བར་བྱ་བའི་སེམས་ཅན་དང་ཡིད་ཀྱིས་གཅིག་ཏུ་བྱས་ལ། རྡོ་རྗེ་སེམས་དཔའི་ཅོད་པན་གྱི་རང་བཞིན་ཅན་དུ་བདག་ཉིད་བསྒོམ་ཞིང་དང་བློའི་རྡོ་རྗེ་སྤྱི་བོའི་ཕྱོགས་སུ་གཟུང་བཱར་བྱས་ཏེ། དེ་ལྟར་ན་སེམས ་ཅན་ཐམས་ཅད་ཀྱི་བདག་ཉིད་ཐམས་ཅད་བསྲུང་བར་འགྱུར་བ་ཡིན་ནོ།། ཕྱོགས་ཐམས་ཅད་དང་། མཚམས་དང་། དཀྱིལ་འཁོར་བཅིང་བ་ནི་བཤད་ཟིན་ཏོ།། དེ་ཇི་ལྟར་འགྱུར་ཞེ་ནོ། བདེ་བ་ཆེན་པོ་རྡོ་རྗེ་བསྐོར་བསོ་ཞེས་བྱ་བ་ལ། ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱིས་དང་པོའི་རྡོ་རྗེ་བཅིངས་ཏེ། ཕྱོགས་བཅིང་བའི་བསྡམ་པས་ཕྱོགས་བཅུར་བསྐོར་བར་བྱས་ན་ཕྱོགས་ཐམས་ཅད་རྡོ་རྗེ་འབར་བ་རྣམས་ཀྱི་བར་མཚམས་མེད་པར་ཁྱབ་པོར་འགྱུར ་བ་ཡིན་ཏེ། དེ་ལྟར་ན་ཕྱོགས་ཐམས་ཅད་བཙོངས་པར་འགྱུར་བྱ་ཡིན་ནོ།། དེ་ཉི་ངོ་མཚམས་བཅིང་བའི་ཚུལ་གྱིས་བསྐོར་བར་བྱ་སྟེ། དེ་ལྟར་ན་རྡོ་རྗེའི་མཚམས་བཅིང་བར་འགྱུར་རོ།། དེ་ཉིད་དཀྱིལ་འཁོར་བཅིང་བོའི་ཚུལ་གྱིས ་བསྐོར་བྱར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་བཅིངས་པར་འགྱུར་རོ།། དེ་ལྟར་བྱས་པར་ཅི་འགྱུར་ཞེ་ན། ཐམས་ཅད་རྡོ་རྗེ་ཁྲོ་བོའི་ངོ་བོ་ཉིད་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ནི་རྡོ་རྗེ་ཧཱུཾ་མཛད་དེ་དེས་ཀྱང་ཞུགས་པར་མི་ནུས་ཤིང་མི་ཕྱེད་པར ་འགྱུར་རོ།། སྡིག་པ་ཐམས་ཅད་བསྲུང་བ་ཞེས་བྱ་བ་ལ་སྡིག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སྡིག་པ་ཐམས་ཅད་དེ། སེམས་ཅན་ཐམས་ཅད་ལ་འཚེ་བར་བྱེད་པའི་བདུད་ཀྱི་ལུས་ཅན་གྱི་ལྷའི་གཟུགསོ།། དེ་རྣམས་ལས ་ཐམས་ཅད་དུ་བསྲུང་བས་ན་སྡིག་པ་ཐམས་ཅད་བསྲུང་བ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ལས་རང་གི་སེམས་བསྲུང་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན ་པོ་རྡོ་རྗེས་བྱིན་གྱིས་བརླབས་བྱསོ་ཞེས་བྱ་བ་ལ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། གོ་ཆ་བཅིང་བའི་བསམ་པས་སྙིང་གརཱ་བཞགས་ལ་སེམས་ཀྱིས་རྒྱུ་བ་དང་། དེ་ནས་དཔུང་པ་གཉིས་དང་། སྤྱི ་བོ་དང་དབུལ་བར་བཞག་ལ་རྡོ་རྗེ་ཁུ་ཚུ་རོ་གཉིས་ཀྱི་ཕྲེང་བ་བཙངས་ཏེ། སྙིང་གའི་ཕྱོགསསུ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་གོ་ཆ་བཅིང་བར་བསམ་པར་བྱའོ།། དེ་བཞིན་དུ་མགྲིན་པའི་སྟེང་དང་། སླར་ཡང་སྙིང་ག་དང་། དེ་ནས་ནུ་མའི་བར་དང་། ་སླར་ཡང་སྙིང་ག་དང་། དེ་ནས་མགྲིན་པའི་སྟེང་དང་། དཔྲལ་བའི་སྟེང་དང་། དེ་ནས་སྙིང་གར་བཅིང་བའི་ཚུལ་གྱིས་རྣ་བ་གཉིས་ཀྱི་སྟེང་དུ་ན་མཽ་ཁའ་ལྡིང་གི་གཤོག་པ་བྱས་ལྔ་མཐར་ངར་དབྱངས་སུ་བྱས་ཏེ་འདི་ནི་བདེ་བ་ཆེན་པོ ་རྡོ་རྗེ་བྱིན་གྱིས་བརླབས་པ་སྟེ་འདིས་སྡིག་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ།། བྲང་གཉིད་ཀྱིས་དངོས་པོ་ཐམས་ཅད་དམ། གཞན་ངག་རྡོ་རྗེར་བྱེད་པ་ཞེས་བྱ་བ་ནི་གོ་སླའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གོ་ཆེ་སོ་ཞེས ་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་བསྲུང་བར་བདག་ཉིད་བསམས་ནས་བདག་ཉིད་གོ་ཆའི་བསམ་པ་འམ། གཞན་བསྲུང་པོའི་བསམ་པས་ཕྱག་རྒྱ་དེ་སྙིང་ག་འམ། ་དཔྲལ་བའམ་སྤྱི་བོའི་ཕྱོགས་སུ་གཟུང་བར་བྱ་སྟེ། དེ་ལྟར་ན་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་དམ། གཞན་དྲག་གི་རྡོ་རྗེ་ཉིད་དུ་བྱེང་བར་འགྱུར་རོ།། འཐབ་མོ་ཐམས་ཅད་ལྔས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ། མཆོག་དང་མཆོག་མ ་ཡིན་པའི་འཐབ་མོ་ཀུན་ལས་རྣམ་པར་རྒྱལ་བ་ན་འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བའོ།། དེ་ཇི་ལྟར་ཞེ་ན་བདེ་བ་ཆེན་པོའི་རྡོ་རྗེ་རྒྱལ་མཚན་མཆོག་གི་དཔུང་རྒྱན་གྱིས་སོ་ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི ་རྣལ་འབྱོར་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ་གྱེན་དུ་དྲངས་ལ་སོར་མོ་དབུས་མཱ་གཉིས་དེར་གྱི་བ་དན་གྱི་ཚུལ་གྱིས་གཟུང་བར་བྱ་སྟེ། ཕྱག་རྒྱ་བཅིང་བ་དེ་ལས་ཀྱང་ཡན་ལག་བཞིའི་དཔུང་གི་ཚོགས་སྤྲོས་ལ་དེ་ཡིས་ཕ་རོལ་གྱི་དཔུང ་བསང་པོར་བྱ་སྟེ། ད་ལྟར་ན་འཐབ་མོ་ཀུན་ལས་རྣམ་པར་རྒྱལ་བར་འགྱུར་བ་ཡིན་ནོ།། འཐབ་མོ་བསྲུང་བ་ཞེས་བྱ་བ་ལ། འཐབ་མོ་ཐམས་ཅད་ལས་བདག་ཉིད་ཀྱི་དཔུང་བསྲུང་བ་ནི། འཐབ་མོ་བསྲུང་བའོ།། དེ་ཇི་ལྟར་ཞེ་ན། བདེ་བ་ཆེན ་པོའི་རྡོ་རྗེ་གཞོན་གྱིས་མི་ཐུབ་པསོ་ཞེས་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། བདག་ཉིད་འཕགས་པ་བྱམས་པར་རྣམ་པར་བསྡམས་ལ་བྱམས་པའི་གོ་ཆ་ལུས་ཐམས་ཅད ་བྱུགས་ཤིང་དེས་བསྲུང་བར་བྱ་སྟེ་དེ་ལྟར་ན་འཐབ་མོ་ལས་བསྲུང་བར་བྱ་སྟེ། དེ་ལྟར་ན་འཐབ་མོ་ལས་བསྲུང་བར་འགྱུར་རོ།། ཕ་རོལ་གྱི་དཔུང་ཐམས་ཅད་གཞིག་པ་ནི་གོ་སླའོ།། ཇི་ལྟར་ཞེ་ནོ། བདེ་བ་ཆེན་པོ་རྡོ་རྗེ་འཇིགས་པར ་བྱེད་བསོ་ཞེས་བྱ་བ་ལ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་བདག་ཉིད་ཞལ་གྱི་མཆེ་བ་རྣམ་པར་གཙིགས་པའི་རྡོ་རྗེ་གནོད་སྦྱིན་དུ་རྣམ་པར་བསམས་ལ་འཇིགས་པར ་བྱེད་པའི་ལྟ་བས་བལྟ་ཞིང་སྟེང་དུ་ཁ་བལྟས་པས་ཁྲོ་བོའི་བཞད་པ་བྱ་སྟེ། སྟེང་དུ་ཁ་བལྟ་བའི་ཕྱག་རྒྱ་རང་གི་ཁར་བཟུང་ཞིང་རང་གི་ཁ་ལཱ་ཀྱང་རྡོ་གན་སྦྱིན་སྲིན་པོ་རོ་ལངས་རྣམས་སྤྲོས་ལ་དེ་རྣམས་ཀྱིས་གཞན་གྱི་དཔུང་བཟའ་བར་བྱ་སྟེ་དེ་ལྟར ་ན་གཞན་གྱི་དཔུང་ཐམས་ཅད་འཇིག་པར་འགྱུར་རོ།། གཞན་གྱི་དཔུང་ཐམས་ཅད་ཉམས་པ་ཞེས་བྱ་བ་ལ་སོགས་པ་ལ། ཉམས་པ་ནི་དམན་པ་སྟེ་སྟོབས་ཆུང་བ་ཉིད་དུ་བྱེད་པའོ།། དེ་ཉིད་ལས་གཞན་ཟིལ་གྱིས་གནོན་པ་བསྐྱེད་པ ་ནི་ལྡང་བྱའོ།། རྒྱས་བཏབ་པ་ནི་ཐམས་ཅད་སྙིང་གའི་ཟླ་བ་རྣམས་ལ་འབར་བའི་རྡོ་རྗེ་བསྐྱེད་པའོ།། ལྟུང་བ་ནི་གོ་སླའོ།། བསད་པ་ནི་བྱ་བ་བྱེད་པ་མེད་པ་དང་། ཤིན་ཏུ་བསང་བའོ།། དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ ་བ་ཆེན་པོའི་རྡོ་རྗེ་གློག་བསྐོར་བསོ།། ཞེས་བྱ་བ་ལ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་བདག་ཉིད་དྲགཱ་པོ་ཆེན་པོའི་བདག་པོ་རྡོ་རྗེ་ཧཱུཾ་མཛད་ཞལ་བཞི་པ་ཕྱག་བརྒྱད་པ་རྡོ་རྗེའི་རིགས ་སྤྲོ་བའི་ཚུལ་གྱིས་བཞུགས་པར་རྣམ་པར་བསམས་ལ། དང་པོའི་རྡོ་རྗེ་མཐེའུ་ཆུང་དང་། མཐེ་བོ་དགོ་གིས་འབར་བ་བཞི་པའི་ཚུལ་བྱས་ལ། ཁྲོ་ཞིང་གཞན་གྱི་དཔུང་མངོན་པའི་ཕྱོགས་སུ་གཏོར་བར་བྱ་སྟེ། ཕྱག་རྒྱ་གཏོར་བ ་ལས་རྡོ་རྗེ་རོ་ལངས་ལ་སོགས་པ་སྨོས་ཏེ་དེ་རྣམས་ཀྱིས་གཞན་གྱི་དཔུང་ཉམས་པ་འམ་ལྟུང་བ་འམ་རྒྱས་གདབ་པ་འམ། ལྟུང་བ་འམ། བསད་པར་བསྡམ་པར་བྱ་སྟེ། དེ་ལྟར་ན་ཇི་ལྟ་བ་བཞིན་དུ་བསམ་པ་གང་ཡིན་པ་དེ་འགྲུབ་པར ་འགྱུར་རོ།། རིགས་ཐམས་ཅད་ལ་སོགས་པ་དང་། ནང་ཐམས་ཅད་དང་། ནད་ཆེན་པོ་ཞི་བ་ཞེས་བྱ་བ་ལ། རིམས་ཐམས་ཅད་ནི་སྨན་གྱི་བསྟན་བཅོས་ལ་ཇི་ལྟར་གྲོགས་པའོ།། ནང་ཐམས་ཅད་ནི་སྐྱ་རྦབ་ལ་སོགས་པའི་ནད་དོ།། ནད་ཆེན ་པོ་ནི་གཅོང་ཆེན་པོ་ལ་སོགས་པའོ།། དེ་རྣམས་ཞི་བ་ནི་འཇིག་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་བལྟ་བས་འཕྲོག་པས་སོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་རང་གི་སྙིང་གར ་བཅིངས་ཏེ། ཞི་བའི་ལྟ་བས་དེའི་དབུས་མ་རྡོ་རྗེའི་རྩེ་མོ་འཕྲོག་ཅིང་རིམས་ནད་ཐམས་ཅད་ལྔ་སོགས་པ་འཕྲོག་པར་བྱེད་པ་ཡིནོ།། བདག་ཉིད་འཕགས་པ་གཙུག་སྤྱོད་ཀྱི་རང་བཞིན་དུ་བསམས་ལ། བཅོམ་ལྡན་འདས་འཕགས་པ ་གཙུག་སྤྱོད་ཀྱིས་ཀྱང་། ནད་པའི་སྤྱི་བོ་ནས་རྐང་པའི་བར་དུ་གང་བར་བསམ་པར་བྱའོ།། དེ་ལྟར་ན་རིམས་ཐམས་ཅད་དང་ནད་ཐམས་ཅད་ནད་ཆེན་པོ་ཞི་བར་འགྱུར་རོ།། དུག་ཐམས་ཅད་གཞིག་པར་བྱ་བ་ལ་ནི་མི་སྣང་བར་བྱ་བའོ།། ་དུག་ཐམས་ཅད་ཀྱི་ནུས་པ་འཕྲོག་པ་ནི་དུག་མེད་པར་བྱ་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་ལྟ་བས་འཕྲོག་པསོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས་བྱམས་པའི་ལྟ་བས་འཕྲོག་པར་བྱའོ།། འདི་ལྟར་སྟོན་པ ་འགྱུར་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བྱམས་པའི་ལྟ་བས་བལྟ་ཞིང་དང་པོའི་རྡོ་རྗེས་དུག་འཕྲོག་པར་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཟླ་བའི་སྐུ་མདོག་ཅན་གྱིས ་ཀྱང་དུག་ཐམས་ཅད་བདུད་རྩིར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟར་ན་དྲུག་ཐམས་ཅད་འཇིག་པ་དང་དུག་མེད་པར་འགྱུརརོ།། གདོན་ཐམས་ཅད་དགྲོ་ལོ་བར་ཞེས་བྱ་བ་ལ། རིག་པ་མཆོག་ལས་གསུངས་པའི་གདོན་བཅོ ་བརྒྱད་ནི་གདོན་ཐམས་ཅད་དེ། དེ་རྣམས་བཀྲོལ་བ་སྟེ་གདོན་ཐམས་ཅད་བཀྲོལ་པ་སྟེ་གདོན་ཐམས་ཅད་ཀྱི་གཟུང་བ་རྣམས་གསོལ་བ་ཞེས་བྱ་བའི་ཐ་ཚིག་གོ།། ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་འབྱུང་པོ་བསྐྲང་བསོ་ཞེས ་བྱ་བ་ལ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ཏེ་དང་པོའི་རྡོ་རྗེ་བཅིངས་ལ་འཕགས་པ་སྟོབས་པོ་ཆེ་དབུ་སྟོང་དང་། ཕྱག་སྟོང་མངའ་བར་བདག་བསམས་ལ་དྲིས་བསྒྲུབ་བྱ་ལ་དབབ་པར་བྱའོ།། བསྒྲུབ་བྱའི་སྙིང་ག་ན ་བཞུགས་པའི་བཅོམ་ལྡན་འདས་འཕགས་པ་སྟོབས་པོ་ཆོས་ཀྱང་བསྒྲུབ་བྱ་ཀུན་ཏུ་གང་བར་བྱས་ནས། དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་གདོན་བླངས་ཏེ། གདོན་དགྲོལ་བའི་བསམ་པོས་དང་པོའི་རྡོ་རྗེ་ཞུ་ནས་དགྲོལ་བར་བྱ་སྟེ། ་དེ་ལྟར་ན་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། མ་མོ་དང་མཁའ་འགྲོ་མ་དང་གདོན་ཐམས་ཅད་ནི་ཤེས་པར་ཟད་དོ།། དེ་རྣམས་དགྲོལ་བ་ཆེན་པོ་ནི་བསྒྲུབ་བྱའི་ལུས་ལས་ཤིན་ཏུ་འཇིག་པའོ།། དེ་རྣམས་ཉིད་ཀྱི་འཐབ ་བ་སྔགས་དང་ཕྱག་རྒྱ་དག་གིས་འཇོམས་པའོ།། དེ་དག་ཉིད་ཀྱི་སེམས་ཅན་གང་གིསུ་སྙིང་བཏོན་ནས་ཟོས་པ་དེ་ལས་གཞན་གྱི་སྙིང་བཅུག་པ་ནི་འབྱུང་བའོ།། དེ་ཉིད་ཀྱི་བསད་པའི་སེམས་ཅན་ནི་ཤི་བ་སྟེ་དེ་གསོ་བ་ནི་ཤི་བ་གསོ ་བཱ་སྟེ། སླར་ཡ་སྲོས་བྱིན་པའོ།། དེ་ཉིད་ལས་སྲོག་བྱིན་ནས་སྔར་སྔོན་གྱི་བསགས་པའི་ཚེའི་བར་ཆོད་མེད་པ་ཉིད་དུ་གྲོང་ནས་གོང་དུ་རབ་ཏུ་འཇུག་པ་ནི་ཚེ་འཕེལ་བའོ།། མ་མོ་དང་མཁའ་འགྲོ་མ་དང་། གདོན་ཐམས་ཅད་ཀྱིས་དེ་ཟིལ ་གྱིས་ནོན་པར་མི་འགྱུར་བ་ཉིད་ནི་ཤིན་ཏུ་བསྲུང་བའོ།། དེ་ཇི་ལྟར་བྱ་བ་ཡིན་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེའི་ཕྱག་རྒྱའི་ལན་གྱིས་ཞེས་བྱ་བ་ལཾ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་སྔར་བཤད་པའི་མཚན་ཉིད་ཅན་གྱི་དཔལ ་ཧེ་རུ་ཀར་བདག་ཉིད་རྣམ་པར་བསམས་ལ་དང་པོའི་རྡོ་རྗེས་ཡོངསུ་བསྐོར་ཏེ། མཐེ་བོའི་རྩེ་མོ་དག་གིས་མཛོད་སྤུའི་ཕྱོགསུ་བཟུང་བར་བྱའོ།། དེ་ནས་སོར་མོ་དབུས་མ་གཉིས་བསྐྱོང་བར་བྱའོ།། དཔལ་ཧེ་ཀ་འཁོར་དང་བཅས་པས ་བསྒྲུབ་བྱའི་ལུས་ལ་ཞུགས་ཏེ། མ་མོ་དང་མཁ་འགྲོ་མ་དང་། གདོན་ཐམས་ཅད་ཟ་བར་འགྱུར་བར་བསམ་པར་བྱས་ཏེ། དེ་ལྟར་ན་མ་མཽ་དང་། མཁ་འགྲོ་མ་དང་། གདོན་ཐམས་ཅད་ལས་གྲོལ་བར་འགྱུར་པ་ཡཱི་ནོ།། འཐབ་པ ་འགྱུར་བ་དེ་རྣམས་ཀྱི་སྔགས་དང་ཕྱག་རྒྱ་ངག་གི་དབུས་མའི་རྡོ་རྗེ་རྩེ་མོ་ལས་འབར་བའི་རྡོ་རྗེ་རྣམས་སྤྲོས་ཏེ་དེ་རྣམས་ཀྱི་སྟེང་དུ་ཡིད་ཀྱིས་དབབ་པར་བྱ་སྟེ། དེ་ལྟར་ན་འཇོམས་པར་འགྱུར་རོ།། དེ་བཞིན་དུ་དབུས ་མའི་རྩེ་མོ་གཉིས་བསྐྱོད་པར་བྱས་ཤིང་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་སྙིང་བཏོན་པའི་ལུས་ལ་བཅུག་སྟེ། དེའི་འབར་བའི་ལྕགས་ཀྱུ་རྣམས་ཀྱི་མཁ་འགྲོ་མྲ་དང་གདོན་རྣམས་ལ་སྙིང་བཀུག་ལ་སྒྲུབ་པར་བྱ ་བའི་ལུས་ལ་རབ་ཏུ་བཅུག་པར་བྱ་སྟེ། དེ་ལྟར་ན་སྙིང་གཞན་ཡང་འབྱུང་བར་འགྱུར་རོ།། དེ་བཞིན་བདག་ཉིད་དཔལ་ཧཱུཾ་རུ་ཀཱར་རྣམ་པར་བསམས་ལ། དབུས་མའི་རྩེ་མོ་གཉིས་བསྐྱེད་ཅིང་དཔལ་ཧེ་རུ་ཀཱའི་སྒྲུབ་བྱའི་ལུས་ལ་རབ་ཏུ ་བཅུག་སྟེ་བྱ་བ་མེད་པར་འགྱུར་བའི་བསྒྲུབ་བྱ་ལྡང་དུ་བཅུག་སྟེ། དེ་ལྟར་ན་འཆི་བ་གསོ་བའོ།། དེ་ལྟར་སྲོག་བྱིནྡ་ལ་ཚེ་འཕེལ་བའི་བསམ་པས་སྙིང་གར་དཔལ་རྡོ་རྗེ་སེམས་དཔའོ་བྱསམ་ཞིང་དེ་ཉིད་སྤྱི་བོར་ཡང་བདུད་རྩི་འཛག་པར ་བསམ་པར་བྱ་སྟེ། དེ་ལྟར་ན་ཚེ་འཕེལ་བར་འགྱུར་རོ།། དེ་བཞིན་དུ་དབུས་མའི་རྩེ་མོ་བསྐྱོད་ཅིང་བསྒྲུབ་བྱའི་སྙིང་གུར་རྡོ་རྗེ་བསམ་པར་བྱ་སྟེ། དེ་ལྟར་ན་ཤིན་ཏུ་བསྲུངས་པར་འགྱུ་རོ།། ཐམས་ཅད་དབོབ་པ་ནི་རྒྱུ་བ་དང་མི་རྒྱུ་བ་ཐམས ་ཅད་དབབ་པའོ།། གཡོ་བ་དེ་ཉིད་རང་གི་གནས་ནས་བསྐྱོད་པའོ།། འཆི་བ་ནི་དེ་ཉིད་རྡོ་རྗེ་ལྕགས་ཀྱིའི་ལུ་གུ་རྒྱུད་ཀྱི་སོ།། གར་ནི་དེ་ཉིད་གར་བྱེད་དུ་བཅུག་པའོ།། གྲུ་ནི་གླུ་ལེན་དུ་བཅུག་པའོ།། སྔར་མ་བྱུང་བ་སོ་སོར་སྟོན་པ་ནི་དེ་ཉིད ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་སྨྲར་གཞོག་པའོ།། དེ་ཉིད་རྨད་དུ་བྱུང་བ་སྨྲར་གཞུག་པ་དང་དེ་ཉིད་རྫུ་འཕྲུལ་སྟོན་དུ་གཞོག་པ་དང་། བདེན་པ་སྨྲར་གཞུག་པ་དང་། དེ་ཉིད་བཅིངས་ལ་བཀྲོལ་བ་དང་། དེ་ཉིད་བྱུང་ཐམས ་ཅད་བྲལ་བ་དེ་ལས་བསྲུང་བའོ།། སོས་སུ་གཞུག་པ་ནི་སེམས་ཅན་གྱི་ཁམས་ཐམས་ཅད་དེ་ཉིད་ལས་རྒས་པ་ལ་སོགས་པ་ཇི་འཇིག་པར་བྱེད་པའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆུན་པོའི་རྡོ་རྗེ་དྲབབ་པསོ་ཞེས ་བྱ་བ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་སུ་བཞག་སྟེ། དེའི་དབུས་མའི་རྩེ་མོ་རང་གི་སྙིང་ག་ལས་བསྟོད་པས་ཐམས་ཅད་ལ་དབབ་པ་སྟེ། དཔལ་རྡོ་རྗེ་སེམས་དཔའི་བཞུགས ་པའི་བསྒོམས་པས།། དེ་ཉིད་ཀྱི་རང་གི་སྙིང་བསྐྱོད་ཅིང་དངོས་པོ་ཐམས་ཅད་གཡོ་བའི་བསམ་པས་ཐམས་ཅད་གཡོ་བའོ།། དེ་ཉིད་ཀྱིས་བཅིང་བའི་བསམ་པས་རྡོ་རྗེ་ལྕགས་སྒྲོག་གི་ཕོ་ཉས་དངོས་པོ་ཐམས་ཅད་བཅིང་བའོ།། གར་བྱེད་དུ ་གཞུག་པའི་བསམ་པས་དབུས་མའི་རྩེ་མོ་དེ་ཉིད་ཀྱི་དངོས་པོ་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ་བཅུག་ནས། གྲཝར་བྱེད་དུ་བཅུག་པ་སྟེ་དེ་ལྟར་བྱེད་དུ་བཅུག་པ་ཡིན། དབུས་མའི་རྩེ་མོ་དེ་ཉིད་ཀྱིས་བསྒྲུབ་བྱའི་ལུས་ལ་བཅུག་སྟེ། གླུ ་ལེན་དུ་བཅུག་པའི་བསམ་པས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་གླུ་ལེན་དུ་བཅུག་པའོ།། དབུས་མའི་རྩེ་མོ་དེ་ཉིད་ཕན་ཚུན་བཙིར་བར་བྱ་སྟེ། དེ་ལྟར་ན་སྔར་མ་བྱུང་བའི་སོ་སོར་བསྟན་པ་མཐོང་བར་འགྱུར་རོ།། དབུས་མའི ་རྩེ་མདེ་ཉིད་ཕན་ཚུན་ཁ་འབུས་པའི་རྣམ་པར་བྱས་ན་རྨོང་དུ་བྱུང་བ་དང་ཆོ་འཕྲུལ་མཐོང་བར་འགྱུར་རོ།། དབུས་མའི་རྩེ་མོ་དེ་ཉིད་ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱས་ཏེ་དེ་ལྟར་ན་བདེན་པ་ཐམས་ཅད་སྦྱར ་གཞུག་པའོ།། དབུས་མའི་རྩེ་མོ་དེ་ཉིད་བཅིངས་ལ་ཐམས་ཅད་བཀྲོལ་བའི་བསམ་པས་མྱུར་དུ་བཀྲོལ་བར་བྱས་ཏེ་དེ་ལྟར་ན་ཐམས་ཅད་བཀྲོལ་བའོ།། དབུས་མའི་རྩེ་མོ་དེ་ཉིད་བསྲུང་བའི་བསམ་པ་བསྐྱོད་པར་བྱ་སྟེ། ་དེ་ལྟར་ན་གོ་ཆ་ལ་སོགས་ཐམས་ཅད་བསྲུངས་པར་འགྱུར་རོ།། དབུས་མའི་རྩེ་མོ་དེ་ཉིད་ཀྱིས་བསྒྲུབ་བྱ་བྱབ་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྤོས་སུ་བཅུག་པར་འགྱུར་རོ།། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཡིད་ཀྱི་འདོད་པའི ་པྲ་དབབ་པ་ཐམས་ཅད་གྲུབ་པ་ཞེས་བྱ་བ་ལ་པྲ་དབབ་པ་ཐམས་ཅད་ནི་སྔར་བཤད་པ་སྟེ། དེ་རྣམས་ཇོ་ལྟར་བསྒྲུབ་པར་བྱ་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེ་པྲ་དབབ་པས་སོ་ཞེས་བྱ་བ་ལྔ། དེ་བཞིན་དུ་དབུལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས ་ཏེ་ཁྱེའུ་འམ་བུ་མོ་དང་པོའི་རྡོ་རྗེ་སེམས་ངབར་བྱིན་གྱིས་བརླབས་ཏེ། དེའི་རྣ་བ་དང་མིག་གཉིས་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྣམ་པར་བསམས་ལ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བརྗོད་ཅིང་། སྦྱིན་སྲེག་གི་ཐལ་བས་མེ་ལོང་ཡང་དག་པར ་སྦྱངས་ལ་ཉེ་འཁོར་གྱི་སའི་ཕྱོགས་དྲི་བཟང་པོས་བྱུག་པར་བྱས་ནས་མེ་ཏོག་བཀྲམ་པར་ཉེ་བར་མཛེས་པར་བྱས་ལ་དེར་མེ་ལོང་བཞག་སྟེ་དེ་ལ་བཅོམ་ལྡན་འདས་སྤྲུལ་ཏེ། འདུས་བྱས་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པ་བྱས ་ཏེཏོཏེ་སྒོ་ཕྱེ་ནས་སྤྱན་དྲང་བའི་ཕྱག་རྒྱ་དང་སྔགས་དག་གི་སྤྲུལ་པོ་ལ་བཅུག་པར་བྱའོ།། དེ་ནས་གནོད་སྦྱིན་གྱིས་བགེགས་བསྐྲད་པ་ལ་སོགས་པ་བྱས་ནས་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཙོང་ངོ་ཨ་ཀ་རུ་ཕུལ་ལ་དམ་ཚིག་གི་ཕྱག་རྒྱས་བསྒྲུབ ་བར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་རྒྱས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། མཆོད་པ་ལྔས་ཡང་དག་པར་མཆོད་ལ་རྣམ་པ་བཅུ་གཉིས་ཀྱིས་ཕྱག་རྒྱའི ་མཆོད་པ་རྣམས་ཀྱིས་ཀྱང་ཡང་དག་པར་མཆོད་དེ། ཕྱག་བྱས་ནས་བཟླས་པ་བརྒྱ་རྩ་བརྒྱད་བྱའོ།། དེ་ནས་སླར་ཡང་དག་པར་མཆོད་དེ། ཀྱེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བདེན་པ་གང་གིས། ཆོས་ཐམས་ཅད་གཟུགས་བརྙན་དང ་མཚུངས་པའི་བདེན་པ་དེས་བདག་ལ་མངོན་པར་འདོད་པའི་དངོས་པོ་སྟོན་ཅིག་ཅེས་བྱ་བ་དང་། བདེན་པ་གང་གིས་སྒྲ་རྣམས་བྲག་ཅ་དང་འདྲ་བའི་བདེན་པ་དེས། བདག་ལ་མངོན་པར་འདོད་པ་གསུངས་ཤིག་ཅེས་བྱ་བའི་བདེན་པའི་བྱིན ་བརླབས་བྱས་ནས་དང་པོའི་རྡོ་རྗེ་བཅིངས་ཏེ་རང་གི་སྙིང་གར་བཞག་ནས་དབུས་མའི་ཁ་སྦྱོར་བསྐྱོད་ཅིང་བཟླ་བར་བྱ་སྟེ། དེ་ལྟར་ན་ཁྱེའུ་དང་བུ་མོ་དག་གི་ཐམས་ཅད་མཐོང་བ་དང་ཐོས་པ་ཡིནོ།། དེ་ལྟར་ན་པྲ་དབབ་པ་གཞན་རྣམས ་ཀྱི་སྒྲུབ་པ་ཡང་ཤེས་པར་བྱའོ།། རང་གི་ལུས་ཞེས་བྱ་བ་ལ་སོགས་པ་རང་གི་ལུས་དང་ངག་ཡིད་ནི་རང་གི་ལུས་དང་ཡིད་རྣམསོ།། དེ་དག་ཉིད་རྩེ་གཅིག་པའི་རྣལ་འབྱོར་གྱིས་རྟོག་པ་མེད་ཅིང་མི་ཕྱེད་པ་རྡོ་རྗེ་ལྟ་བུ་སྟེ་རྡོ་རྗེའོ།། དེ་རྣམས ་ཀྱི་ཇི་ལྟ་བ་བཞིན་དུ་ཐམས་ཅད་མཐོང་བ་དང་། ཐོས་པ་དང་། སྨྲ་བ་དང་། སྟོན་པའི་ཤེས་པ་རྣམས་གྲུབ་པ་ནི་རྫོགས་པའོ།། དེ་ཇི་ལྟར་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེའི་བདག་ཉིད་རྣམ་པར་བསྒོམས་པསོ།། ཞེས་བྱ་བ་ལ་དེ་ཡང་འདི་ཡིན། ་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་ནི་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ཏེ། དེས་ཉིན་རེར་ལུས་ལ་སྦྱངས་པས་ལུས་འགྲུབ་པར་འགྱུར། དེ་ཉིད་ངག་འབྱིན་པའི ་ཚུལ་གྱིས་ཁྭ་ལུས་གྱེན་དུ་དྲང་བར་བྱཱ་སྟེ་དེ་ལྟར་ན་དག་གྲུར་པའོ།། དེ་ཉིད་སྙིང་གར་བྱཞག་ལ་རང་གི་སྙིང་གར་སེམས་དཔ་རྡོ་རྗེ་བསྒོམས་ཏེ་དེ་ལྟར་ན་སེམས་གྲུབ་པའོ།། དེ་ཉིད་ལ་བལྟ་ཞིང་བཟླས་པ་སྨྲས་ཏེ། ངོ་ལྟར་ན་ཐང ་མཐོང་བ་ཡིན་ནོ།། དེ་ཉིད་རྣ་བ་ལ་བཞོག་པར་བྱ་སྟེ་དེ་ལྟར་ན་རྣ་བའི་ཤེས་པ་གྲུབ་པའོ།། དེ་ཉིད་ཁ་ལ་བཞག་ནུས་བཟླས་པར་བྱ་སྟེ་དེ་ལྟར་ན་ལྕེས་ཐམས་ཅད་སྨྲ་བ་ཡིན་ནོ།། དེ་ཉིད་ཆོས་བསྟན་པའི་བསམ་པས་ཁར་བཟུང ་ཞིང་བལྟ་བར་བྱས་ན་ཐམས་ཅད་སྟོན་པའི་ཤེས་པ་གྲུབ་པར་འགྱུར་རོ།། ཐམས་ཅད་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐམས་ཅད་དང་། ནམཁའི་ཕྱོགས་ལས་འདས ་བུ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོའི་རང་བཞིན་གང་ཡིན་པ་དེ་ལ། བཀའ་ཤེས་པ་སྨྲ་བ་ཤེས་པ་སྟེ། མཐོང་བ་ནི་མངོན་སུམ་དུ་བྱེད་པའོ།། དེ་ཇི་ལྟར་ཞེ་ན་ཡི་གྲེ་ཨ་ལ་སོགས་པ་སྟེ། དེ་ཉིད་སྣ་ཚོགས་པ་ནི་རྡོ་རྗེ ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ཅན་ཡིན་ནོ།། ཡང་ན་དངོས་པོ་ཐམས་ཅད་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དངོས་པོའི་རང་བཞིན་རྣམས་ཀྱིས་རྣ་བའི་ཤེས་པ་འཇུག་པ་ནི་མ་འཁྲུལ ་པའི་རྣམ་པར་ཤེས་པ་ལ་སོགས་པ་རྫོགས་པ་དེ་ཉིད་སྒྲུབ་པ་ཡིན་ནོ།། དེ་ཕྱག་རྒྱ་གང་གིས་རྫོགས་པ་ཡིན་ཞེ་ན། བདེ་བ་ཆེན་པོའི་རྡོ་རྗེའི་ཐམས་ཅད་མཁྱིམ་པ་སོ་ཞེས་བྱ་བ་ལ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་སྟེ། དེའི་ཐམས་ཅད ་མཁྱེན་པ་ནི་དུས་གསུམ་གྱི་དངོས་པོ་འཛིན་པའི་རྣམ་པར་ཤེས་པ་ལ་སོགས་པ་སྟེ། དེ་རྫོགས་པར་བྱེད་པའི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཐམས་ཅང་མཁྱེམ་པ་སྟེ་དེས་དེ་ཐོབ་པར་འགྱུར་རོ།། འདི་ལྟར་བཤད་པར་འགྱུར་ཏེ། ་གསོང་བའི་དཀྱིལ་འཁོར་ལས་གསུངས་པའི་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དྲོང་པོའི་རྡོ་རྗེ་བཅིངས་ལ། བདེན་པའི་བྱིན་གྱིས་བརླབས་བྱའོ།། དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔའ་བསྒོམ་ཞིང་ཕྱག་རྒྱ ་དེས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་གཟུགས་མཐོང་བའི་བསམ་པསོ་ཉིན་རེ་ཞིང་ལན་གཅིག་མིག་ཏུ་བཞག་སྟེ་ཐམས་ཅད་དུ་བསྐོར་བར་བྱས་ན་ཐམས་ཅད་མཐོང་བར་འགྱུར་རོ།། རྣ་བར་བཞག་ནས ་བསྐོར་བར་བྱས་ན་ཐམས་ཅད་ཐོས་པ་དང་། སཨཱརྱ་བཞག་ནས་སྣོམ་པ་དང་། ལྕེར་བཞག་ནས་ཐམས་ཅད་སྨྲ་བ་དང་། ལུས་ལ་བཞག་ནས་ཐམས་ཅད་ལ་རེག་པ་དང་།། སྙིང་གུར་བཞག་ནས་ཐམས་ཅད་དུ་བསྐོར་བར་བྱས་ནི་དེ ་ལྟར་ཡིད་ཀྱིས་ཐམས་ཅད་ཤེས་པ་ཡིན་ནོ།། གློག་དང་ཆར་དང་། ཐོག་འབབ་པ་ཐམས་ཅད་བཟློག་པ་དང་། སྤྲིན་གཞིག་པ་ཞེས་བྱ་བ་ནི་གོ་སླའོ།། ཇི་ལྟར་ཞེ་ན་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོའི་ལྟ་བསོ་ཞེས་བྱ་བ་ལ། བི ་བ་ཆེན་པོ་རྡོ་རྗེ་ཁྲོ་བོའི་ལྟ་བ་ནི་ཁྲོས་པས་བལྟ་བཱ་སྟེ་དེ་དང་བཅས་པའི་ཕྱག་རྒྱས་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོའི་ལྟ་བ་སྟེ་དེས་དེ་འགྲུབ་པར་འགྱུར་བ་ཡིནོ།། འདི་ལྟར་བཤད་པར་འགྱུར་ཏེ་སྔ་མུ་བཞིན་དུ་རྡོ་རྗེ་སེམས ་དཔའི་རྣལ་འབྱོར་ལ་དང་པོའི་རྡོ་རྗེ་བཅིངས་ལ་དེའི་དབུས་མའི་རྡོ་རྗེ་དྲང་། ཁྲོ་བོའི་ལྟ་བསོ་བལྟ་ཞིང་གློག་བཟློག་པའི་ཚུལ་གྱིས་གློག་བཟློག་པར་བྱའོ།། ཆར་བཟློག་པའི་ཚུལ་གྱིས་ཆར་བཟློག་པར་བྱའོ།། ཐོག་འབབ་པ་བཟློག་པའི ་ཚུལ་གྱིས་ཐོག་བཟློག་པར་བྱའོ།། སྤྲིན་གཞིག་པའི་ཚུལ་གྱིས་སྤྲིན་གཞག་པར་བྱའོ།། སའི་འོག་ནས་སྔར་མ་བྱུང་བའི་འབྲུ་ལ་སོགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར། ་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་དབུས་མའི་རྡོ་རྗེའི་འདི་རྣམས་བྱ་སྟེ། འོག་ནས་འབྱུང་བའི་སྦྱོར་བས་སའི་འོག་ནས་སྔར་མ་བྱུང་བའི་འབྲུ་ལྔ་སོགས་པའི་འབྲས་བུ་ཐམས་ཅད་འབྱུང་བའི་བསམ་པས་སྔར་མ་བྱུང་བའི་འབྲས་བུ ་བསྐྱེད་པར་བྱའོ།། དེ་ཉེ་བར་ལེན་པ་ནི་ཐམས་ཅད་ལས་དགུག་ཅིང་ཉེ་བར་བླངས་པའོ།། ཆུ་མེད་པའི་གནས་ལ་ཆུའི་ཕུང་པོ་འབྱུང་བ་ནི་བསྐྱེད་པའོ།། དེ་ཉིད་སྦྱིན་པའི་ཚུལ་གྱིས་ཉེ་བན་བསླང་བའོ།། འབར་བ་དང་། མེ་སྟག་འཕྲོ ་བསོ་མུན་པོར་སྣང་བ་ཆེན་པོ་བསྐྱེད་པ་སྟེ་སྣང་བ་ཆེན་པོ་སྦྱོར་བའི་ཚུལ་གྱིས་སྣང་བ་ཆེན་པོ་ཉེ་བར་ལེན་པའོ།། རླུང་གི་ཚུལ་གྱིས་རླུང་ཐམས་ཅད་བཀའ་བསྒོ་བ་སྟེ་རླུང་ཐམས་ཅད་ཉེ་བར་བླང་བའི་ཚུལ་གྱིས་དེ་ཉེ་བར་ལེན ་པའོ།། ཕྱོགས་བཅུར་གནས་པའི་ནཱ་མཁའ་ཐམས་ཅད་ལས་དངོས་པོ་ཐམས་ཅད་མཐོང་བའི་བསྒོམ་པས་དངོས་པོ་ཐམས་ཅད་མཐོང་བའོ།། དངོས་པོ་ཐམས་ཅད་ཉེ་བར་ལེན་པའི་བསྒོམ་པས་དངོས་པོ་ཐམས་ཅད་ཉེ་བར་བླང ་བར་བྱ་སྟེ། འདི་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡིན་ནོ།། ཐམས་ཅད་གཞོམ་པ་དང་། རེངས་པ་དང་། དྲལ་བ་དང་། རྨུགས་པ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། ལྟུང་བ་དང་། རྨོངས་པ་དུང་། བསད་པ ་དངའོ་ཕྱིར་མི་ལྡོག་པ་རྣམས་ནི་བཤད་ཟིན་ཏོ།། འདི་རྣམས་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་གདུག་པའི་ཕྱག་རྒྱསོ་ཞེས་བྱ་བ་ལ། བདེ་བ་ཆེན་པོ་གདུག་པོ་ནི་དྲག་པོའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའ་སྟེ། དེའི་རྡོ་རྗེའི ་ཕྱག་རྒྱའི་བ་དན་གྱིས་ལས་དེ་རྣམས་འགྲུབ་པར་འགྱུ་རོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། བདག་ཉིད་དྲག་པོ་ཆེན་པོའི་གཟུགས་ཅན་གྱི་རྡོ་རྗེ ་སེམས་དཔར་རྣམ་པར་བསུམས་ལ། དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་ལས་རྣམས་བྱའོ།། དབུས་མའི་རྡོ་རྗེ་བསྣུན་པས་ཐམས་ཅད་འཇིམས་པའོ།། དབུས་མའི་རྡོ་རྗེ་རྩེ་མོ་གཉིས་སྙིང་གའི་ཕྱོགས་སུ་བཙིར་བར་བཙིར་ན་ཐམས ་ཅད་རེངས་པའོ།། དབུས་མའི་རྡོ་རྗེ་སེན་མོ་དག་དྲལ་བས་ན་ཐམས་ཅད་དྲལ་བའོ།། དབུས་མ་རྡོ་རྗེས་རང་གི་མིག་ལྀ་རེག་པས་ཐམས་ཅད་རྨུགས་པར་བྱེད་པའོ།། དབུས་མའི་རྡོ་རྗེས་རང་གི་མིག་བཙུམ་པར་བྱས་ན་ཐམས ་ཅད་གཉིད་ལོག་ཏུ་བཅུག་པའོ།། དབུས་མའི་རྡོ་རྗེ་སོར་མོ་བཅུ་གཉིས་ཕན་ཚུན་སྟི་མུ་པཱར་ཡང་དག་པར་སྦྱར་བར་བྱ་སྟེ། དེས་རང་གི་སྙིང་གཱར་མནྡན་པར་བྱས་ན་རྒྱས་བཏབ་པའོ།། དབུས་མའི་རྡོ་རྗེས་ལྟུང་བའི་ཚུལ ་དུ་བྱས་ན་ཐམས་ཅད་ལྟུང་བའོ།། དབུས་མའི་རྡོ་རྗེ་གློད་པར་བྱས་ན་རྨོངས་པར་བྱེད་པའོ།། དབུས་མའི་རྡོ་རྗེས་ཕན་ཚུན་དུ་བརྡེགས་པས་གསོད་པའོ།། དབུ་མའི་རྡོ་རྗེའི་དངོས་པོ་ཉིད་རང་གི་སྙིང་གར་གཟུང་བར་བྱས་ན་ཕྱིར་བཟློག་པར ་འགྱུར་རོ།། ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པོ་དང་། གཞུག་པ་དང་།། དབབ་པ་དང་། བཅིང་བ་དང་། དགྲོལ་བ་དང་། དྲལ་བ་དང་། ལྟུང་བ་སློང་བ་དང་། འདྲེན་པ་དང་། བླུན་དུ་བྱེད་པ་དང་། མངག་གཞོག་བསྒོ་བར་བྱེད་པ ་དང་། ཐམས་ཅད་ཚུར་དྲང་བ་དང་། ཕར་བཏང་བ་དང་། བསད་བ་དང་། སྐུར་གསོ་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་དང་། དབང་དུ་བྱེད་པའི་སྒྲུབ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་གྲུབ་པསོ་ཞེས་བྱ་བུ་ལ། དེ་བཞིན ་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལས་དེ་རྣམས་བྱ་བ་ཡིན་ཏེ་མངའ་གཏོང་པོའི་ཚུལ་གྱིས་ཐམས་ཅད་རྗེསུ་ཚོགས་པའོ།། དབུས་མ་གཉིས་ཀྱིས་ལྕགས་ཀྱུ་གཉིས་བྱ་སྟེ་ངེས་བསྒྲུབ ་བྱ་བཀུག་པའི་ཚུལ་གྱིས་ཐམས་ཅད་བཀུག་པའོ།། གཡོན་པའི་དབུས་མའི་རྡོ་རྗེ་ལས་གཡོས་པའི་དབུས་མའི་སོར་མོ་བཅུག་པས་ཐམས་ཅད་གཞུག་པའོ།། དབུས་མའི་རྡོ་རྗེའི་རྩེ་མོ་བསྐྱོད་བས་དབབ་པའོ།། དབུས་མའི་རྡོ ་རྗེ་གདུ་བུ་བཅིངས་པས་བཅིང་བའོ།། དབུས་མའི་རྡོ་རྗེ་མྱུར་དུ་བཀྲོལ་བས་བཀྲོལ་བའོ།། དབུས་མའི་རྡོ་རྗེ་སོར་མོ་གཉིས་མཉམ་པོར་བྱས་ལ་མྱུར་དུ་དྲལ་བས་ན་དྲལ་བའོ།། དབུས་མའི་རྡོ་རྗེ་ལྟུང་བར་བྱས་པས་ན་ལྟུང་བའོ།། དབུས ་མའི་རྡོ་རྗེ་འོག་ནས་སྟེང་དུ་དྲངས་པ་ལྷུང་བ་བསླང་བར་བྱའོ།། དབུས་མའི་རྡོ་རྗེ་སོར་མོ་གཡོན་པ་གཡས་པའི་སོར་མོ་དབུས་མས་དྲངས་པས་ན་འདྲེན་པའོ།། དབུས་མའི་རྡོ་རྗེ་ལས་ཐམས་ཅད་སྦྱར་བར་བྱེད་པས་ན་བྲན་དུ་བྱེད་པའོ།། ་དབུས་མའི་རྡོ་རྗེས་འོག་ཏུ་བསྐྱོད་ཅིང་སྟེང་དུ་དོར་བས་མངག་གཞུག་བཀའ་བསྒོ་བར་བྱེད་པའོ།། དབུས་མུའི་རྡོ་རྗེ་ཚུར་དྲངས་པས་ཚུར་འདྲེན་པའོ།། དབུས་མའི་རྡོ་རྗེས་མངོན་པར་འདོད་པའི་གནས་སུ་ཁྱེར་ནས་བཞག་པས་ཕར ་བཏང་བའོ།། དབུས་མའི་རྡོ་རྗེའི་གཡོན་པ་དང་གཡས་པའི་དྲག་ཏུ་བརྡེག་པས་བསད་པའོ།། དབུས་མའི་རྡོ་རྗེ་རང་གི་སྙིང་ག་ལ་གནས་པའི་རྩེ་མོ་གྱེན་དུ་དྲངས་པས་སླར་གསོ་བ་ལ་སོགས་པའོ།། དབུས་མའི་རྡོ་རྗེ་ལས་ཐམས ་ཅད་སྦྱོར་བར་བྱེད་པས་ལས་ཐམས་ཅད་བྱེད་པ་དང་དབང་དུ་བྱེད་པ་གྲུབ་པར་འགྱུར་རོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་རིགས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིགས་ཀྱི་དཀྱིལ་འཁོར་རྣམ་སོ།། ་དེ་དག་ནི་མཆོག་གི་དངོས་གྲུབ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའོ།། དེ་ཉིད་སངས་རྒྱས་ཉིད་དང་། རྡོ་རྗེ་འཆང་བ་ཉིད་ཀྱི་མཚན་ཉིད་ཅན་གྱི་མཆོག་གི་དངོས་གྲུབ་ཐམས་ཅད་ཀྱི་དང་པོར་གང་ལ་ཡོད་པར་དེ་སྐད་ཅེས ་བྱའོ།། མཆོག་གི་དངོས་གྲུབ་ཐམས་ཅད་ནི་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་བསྐུར་བའོ།། དེ་ཉིད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་ཐོག་མར་གང་ལ་ཡོང ་པ་དེ་ལ་དེ་སྐད་ཅེས་བྱའོ།། ཐམས་ཅད་རྗེ་སུ་ཆགས་པ་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་རབ་ཏུ་ཞུགས་པ་ནི་བདག་དང་གཞན་གྱི་རྒྱུད་ལ་རྫོགས་པའོ།། མཆོད་པ་ཆེན་པོ་ཐམས་ཅད་ནི་རྡོ་རྗེ་མཚོན་ཆ་མ་ལ་སོགས ་པའི་མཆོད་པ་བཅུ་གཉིས་དང་། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་སྟེ། དེ་དག་ལས་ཐམས་ཅད་ཀྱི་སྒྲུབ་པ་མྱུར་དུ་གྲུབ་པའི་ཆོ་ག་རྒྱས་པའི་དང་པོར་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེ་བྱའོ།། དེ་ཇི་ལྟར་འགྱུར་ཞེ་ན། ་བདེ་བ་ཆེན་པོ་རྡོ་རྗེ་མཆོག་གི་དངོས་གྲུབ་ཀྱི་སོ་ཞེས་བྱ་བ་ལ་སོགས་འདི་ལྟར་འཆད་པར་འགྱུར་ཏེ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་སྙིང་གའི་ཕྱོགས་སུ་དཀྱིལ་འཁོར་སྤྲུལ་པའི་ཚུལ་གྱིས ་བསྐོར་བར་བྱ་སྟེ། རིགས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ།། དང་པོ་རྡོ་རྗེ་དང་ཉིད་ཀྱིས་དབང་བསྐུར་བའི་ཕྲེང་བ་དང་། དར་དབྱངས་འཆིང་བའི་ཚུལ་བྱས་ལ། ་དབང་བསྐུར་བ་ཐམས་ཅད་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ།། དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་ནས་བཏེག་སྟེ། བདེ་བ་ཡིད་བདེ་བ་ཉམས་སུ་མྱོང་བའི་བསམ་པས་དེ་ཉིད་ཀྱི་བདག་ཉིད་ལ་བདེ་བར ་ཡོངས་སུ་སྦྱང་བ་བྱ་སྟེ། ཐམས་ཅད་རྗེསུ་ཆགས་པ་ལ་སོགས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་རབ་ཏུ་ཞུགས་པར་འགྱུར་རོ།། དང་པོའི་རྡོ་རྗེ་གར་གྱི་ཚུལ་གྱིས་བསླང་སྟེ་སྤྱི་བོར་བཀྲོལ་བར་བྱས་ན་མཆོད་པ་ཐམས་ཅད་ལ་སོགས་པའི ་ལུས་ཐམས་ཅད་ཀྱི་བསྒྲུབ་པ་མྱུར་དུ་གྲུབ་པ་ཆོ་ག་རྒྱས་པ་གྲུབ་པ་ཡིན་ནོ།། དེ་ལ་འདི་ཞེས་བྱ་བ་ལ་རྟོག་པ་ཐམས་ཅད་ཀྱི་ཕྱག་རྒྱའི་མཚན་ཉིད་ཀྱི་རྒྱུད་ཐུགས་ལ་གནས་པ་གསུངས་ཏེ། དེ་ལ་འོདིའི་རྒྱུད་ཅེས་བྱ་བ་དང་སྦྱ་རོ།། བདེ་བ་ཆེན ་པོ་རྡོ་རྗེ་གསང་བའི་དམ་ཚིག་ནི་གསང་བའི་དཀྱིལ་འཁོར་ཏེ། དེའི་དང་པོ་མཆོག་ནི་ཕུལ་དུ་བྱུང་བའི་དམ་ཚིག་གི་རང་བཞིན་ཅན་གྱི་ལས་གྲུབ་པར་བྱེད་པའི་ཕྱག་རྒྱ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དང་པོ་མཆོག་ནི་དམ་ཚིག་གི་ལྔ ་ཀྱི་ཕྱག་རྒྱ་རྣམ་སོ།། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དེ་འདས་མ་ཐག་ཏུ་བཤད་པའི་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ལས་བརྒྱ་རྩ་བརྒྱད་སྒྲུབ་པར་བྱེད་པའི་བདེ་བ་ཆེན་པོའི་རྡོ་རྗེ་ཚེ་ལ་སོགས་པའི ་ཕྱག་རྒྱའི་མཚན་ཉིད་འདི་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། བདེ་བ་ཆེན་པོ་རྡོ་རྗེ་དང་པོའི་རྡོ་རྗེ་སྟེ་དེ་སྒྲུབ་པ་པོ་ལ་རྡོ་རྗེ་སེམས་དཔའི་ཚེ་སྟེར་བ་ཡིན་ནོ།། འདིར་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ།། ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིང ་ཏཽ་བདེ་བ་ཆེན་པོ་རྡོ་རྗེ་ཚེ་ལ་སོགས་པའི་ཕྱག་རྒྱ་རྣམས་བཅིང་བར་བྱའོ་ཞེས་བྱ་བ་ལ་སོགས་པའི་དོན་ཏོ།། དབུས་མའི་རྡོ་རྗེ་བཏུང་བར་བྱའོ།། ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་བཏུང་བར་བྱས་ནས་ཚེ་ཤིན་ཏུ་རིང་བ ་འཕེལ་བར་འགྱུར་རོ།། རྩེ་མོ་འོད་ཟེར་བྱས་པས་གདོང་ལྗོངསུ་སྦྱངས་ཏེ་གདོང་བ་དགྲོལ་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མ་དང་། མཐེ་བོའི་རྩེ་མོ་དག་གིས་འབར་བའི་ཚུལ་བྱས་ཤིང་རང་གི་གདོང ་ཡོངསུ་སྦྱངས་ཏེ། ཕྱག་རྒྱ་རང་གི་གདོང་བར་བཀྲོལ་བར་བྱས་ནི་གཟུགས་དང་གཟི་བརྗིད་འཕེལ་བར་འགྱུར་རོ།། བདག་ཉིད་ལ་ཐམས་ཅད་དུ་བསྐོར་ཞིང་སྙིང་གར་དགྲོལ་བར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ལ་རུང་གི་ལུས ་ཐམས་ཅད་དུ་བསྐོར་བར་བྱ་ཞིང་དེ་ནས་སྙིང་གར་བཀྲོལ་ན་འདུ་བྱེད་ཆེན་པོ་ཐམས་ཅང་འཕེལ་བར་འགྱུར་རོ།། གཙུག་ཏྲོརརྱ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་སྤྱི་བོར་བཟུང་བར་བྱས་ན་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་དངོས་པོ་བསྲུང ་བའོ།། ཕྱོགས་ཐམས་ཅད་དང་དཀྱིལ་འཁོར་བསྐོར་བའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་ཕྱོགས་བཅིང་བའི་བསམ་པས་ཕྱོགས་ཐམས་ཅད་བཅིངས་པར་འགྱུར་རོ།། དེ་ཉིད་མཚམས་བཅིང་བྱའི་ཚུལ་གྱིས་བསྐོར་བར་བྱས་ན་མཚམས ་བཅིང་པོར་འགྱུར་རོ།། དེ་ཉིད་དཀྱིལ་འཁོར་བཅིང་བའི་ཚུལ་གྱིས་བསྐོར་ན་དཀྱིལ་འཁོར་བཅིངས་པར་འགྱུར་རོ།། སྙིང་ག་ཡིད་ཀྱིས་རྒྱབ་དང་ཕྲག་པ་དང་སྤྱི་བོ་དང་དཔྲལ་བར་བྱས་ན་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཕྲེང་པོ་བཅིང་སཱ་ལྔ ་གོ་ཆ་བྱས་ཏེ་མདུད་པ་བྱས་ལ་རྡོ་རྗེའི་གནས་རྣམས་སུ་སླར་ཡང་ཕྲེང་བ་བྱས་པས་རྒྱབ་ཏུ་མདུད་པ་བྱས་ཏེ། དར་དབྱངས་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་སུ་གོ་ཆ་བཅིང་བའི་བསམ་པས་བཞག་ལ་ཡིད་ཀྱིས ་རྒྱབ་ཏུ་བཞག་སྟེ། དེ་ནས་ཕྲག་པ་ལ་སོགས་པར་བཞག་ལ། ཁུ་ཚུར་གཉིས་བཅིངས་ཏེ་དེས་ཕྲེང་བ་འཆིང་བའི་ཚུལ་དུ་བྱས་ན་སྙིང་གའི་ཕྱོགས་སུ་གོ་ཆ་འཆིང་བའི་ཚུལ་དུ་བྱས་ནས་སྙིང་གའི་ཕྱོགས་སུ་གོ་ཚྭ་འཆང ་བོའི་ཚུལ་དུ་བྱའོ།། དེ་བཞིན་དུ་མགྲིན་པའི་སྟེང་དང་། སླར་ཡང་སྙིང་ག་དང་། དེ་ནས་ནུ་མའི་བར་དང་། སླར་ཡང་སྙིང་ག་དང་། དེ་ནས་དཔྲལ་བའི་སྟེང་དུ་མདུད་པ་བཅིང་བའི་ཚུལ་དུ་བྱས་ལ། སླར་ཡང་ངུར་འཆིང་བའི ་ཚུལ་གྱིས་རྣ་བ་གཉིས་ཀྱིས་སྟེང་དུ་ན་མཁའ་ལྡིང་གྲི་གཤོག་པ་བྱས་ནས་མཐར་དར་དཔྱངས་སུ་དམིགས་པར་བྱས་ནས་འདིས་སྡིག་པ་ཐམས་ཅད་ལ་བསྲུང་བ་ཡིན་ནོ།། སྙིང་ག་དང་། དཔྲལ་བ་དང་། མགྲིན་པ་དང་།། སྤྱི ་བོར་བཞག་ལ་ཞེས་བྱ་བ་དང་པོའི་རྡོ་རྗེ་བཅིངས་ནས་སྙིང་གོའི་ཕྱོགས་དང་། དཔྲལ་བ་དང་། མགྲིན་པ་དང་། སྤྱི་བོའི་ཕྱོགས་སུ་གོ་ཆ་བསྐྱེད་པའི་བསམ་པས་བཟུང་བར་བྱ་སྟེ། དེ་ལྟར་ན་བདག་ཉིད་ཀྱི་དངོས་པོ ་ཐམས་ཅད་དམ་གཞན་དག་རྡོ་རྗེ་ཉིད་དུ་བྱེད་པར་འགྱུར་རོ།། དབུས་མའི་དོར་ཕྱོགས་ཅེས་བྱ་བ་ལ་དང་པོའི་རྡོ་རྗེ་སོར་མོ་དབུས་མོ་གཉིས་ངར་གྱི་བོ་ངན་གྱི་ཚུལ་གྱིས་གྱེན་དུ་བཟུང་བར་བྱས་ཏེ། འདིས་འཐབ་མོ་ཐམས་ཅད ་ལས་རྣམ་བར་རྒྱལ་བར་འགྱུར་རོ།། བྱབ་པ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེས་རང་གི་དཔུང་གི་ཚོགས་ཐམས་ཅད་བྱབ་པར་བྱ་སྟེ། དེ་ལྟར་ན་འཐབ་མོ་བསྲུང་བའོ།། གྱེན་དུ་ཁ་བལྟ་བོའི་དབུགས་དང་འཇིགས་བྱེད་ཀྱི ་གདོང་གི་ལྟ་བས་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ལ་འཇིགས་བྱེད་ཀྱི་ལྟ་བས་བལྟ་ཞིང་སྟེང་དུ་ཁ་བལྟས་པའི་ཁྲོ་བོའི་བཞང་པ་བྱས་ཏེ་ཕྱག་རྒྱ་དེ་ཡང་གྱེན་དུ་ཁ་བལྟས་པས་རང་གི་ཁར་བཟུང་ནས ་ཕ་རོལ་གྱི་དཔུང་ཐམས་ཅད་གཞོམ་པའོ།། འབར་བ་བཞིའི་ཚུལ་གྱིས་དོར་ཞིང་ཁྲོས་པའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེའི་མཐེ་བོང་དང་མཐེའུ་ཆུང་ཁྲོས་པ་འབར་བ་བཞིའི་ཚུལ་དུ་བྱས་ཏེ་དེ་ལྟར་ཕ་རོལ་གྱི་དཔུང་ཐམས་ཅད་འཇིག་པ ་དང་། བསླང་བ་དང་། རྒྱས་གདབ་པ་དང་། བསྡད་པ་དང་། བརྡེག་པར་འགྱུར་རོ།། རང་གི་སྙིང་གར་བཅིངས་ཏེ་ཞི་བའི་ལྟ་བས་རྩེ་མོ་འཕྲོག་པར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ཏེ་ཞི་བའི་ལྟ་བས ་དྲིའི་དབུས་མའི་རྡོ་རྗེའི་རྩེ་མོ་འཕྲོགས་པར་བྱས་ཏེ་དེ་ལྟར་ན་རིམས་ནད་ལ་སོགས་པ་དང་། ནད་ཐམས་ཅད་ཞི་བར་འགྱུ་རོ།། ལྟ་བས་འཕྲོག་པར་བྱའོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་བྱམས་བུའི་ལྟ་བས་བལྟ་ཞིང་དུག་འཕྲོག་པར་བྱ། ་སྟེ། དེ་ལྟར་ན་དུག་ཐམས་ཅད་འཇིག་པ་དོང་དྲུག་མེད་པར་འགྱུར་རོ།། དབབ་པས་མྱུར་དུ་དགྲོལ་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅི་ངོས་ཏེ་ངེས་བསྒྲུབ་བྱ་ལ་དབབ་ཅིང་ཕྱག་རྒྱ་མྱུར་དུ་དགྲོལ་བར་བྱ་སྟེ་དེ་ལྟར་ན་གདོན་ཐམས ་ཅད་ལས་གྲོལ་བར་འགྱུར་རོ།། ཡོངས་སུ་བསྐོར་ནས་དཔྲལ་བར་བཞག་སྟེ། དབུས་མའི་རྡོ་རྗེ་རྩེ་མོ་གཉིས་བསྐྱོད་པར་བྱས་ན་ཇི་ལྟ་བ་བཞིན་དུ་ལས་བྱེང་པོའོ་ཞེས་བྱ་བ་ལ། དོང་པོའི་རྡོ་རྗེ་བཅིངས་ཏེ་ཡོངས་སུ་བསྐོར་ལ་མཐེ་བོའི ་མོ་གཉིས་ཀྱི་མཛོད་སྤུའི་ཕྱོགས་སུ་ཡོངསུ་བཟུང་བར་བྱས་ལ་དེ་ནས་སོར་མོ་དབུས་མའི་རྩེ་མོ་གཉིས་བསྐྱོད་པར་བྱས་ཏེ། དེ་ལྟར་ན་མ་མོ་ཐམས་ཅད་དུང་། མཁའ་འགྲོ་མ་དང་། གདོན་རྣམས་དགྲོལ་བ་ཆེན་པོ་དང་། སྙིང་གཞན་དབྱུང་བ་དང་། ་འཆི་བ་འཚོ་བ་དང་། ཚེ་འཕེལ་བ་དང་། ཤིན་ཏུ་བསྲུད་པ་རྣམས་སྔར་བཤད་པའི་ཚུལ་གྱིས་འབྱུང་བར་འགྱུར་རོ།། སྙིང་གར་བཞག་སྟེ་དབུས་མའི་རྡོ་རྗེ་ལ་སོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་རང་གི་སྙིང་གའི་ཕྱོགས་སུ་བཟུང་ཞིང་དབུས་མའི ་རྩེ་མོས་ལས་རྣམས་བྱའོ།། དེ་དག་གང་ཡིན་ཇི་ལྟར་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་སྙིང་གར་བསྟོད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་སྙིང་གའི་ཕྱོགས་སུ་བཞག་ལེ་དེའི་དབུས་མའི་རྩེ་མོ་སྙིང་གར་བསྟོད་པས་ཐམས་ཅད ་དབབ་པའོ།། བསྐྱོད་པ་ཞེས་བྱ་བྲི་ནི་དང་པོའི་རྡོ་རྗེ་རང་གི་སྙིང་བསྐྱེད་པས་ཐམས་ཅད་གཡོ་བར་བྱེད།། འཆིང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེས་དངོས་པོ་ཐམས་ནཱད་བཅིང་བའི་བསུམ་པས་དངོས་པོ་ཐམས་ཅད་འཆིང་བའོ།། གར་བྱེད་དུ་གཞུག ་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེའི་རྩེ་མོས་གར་གྱིས་བསམ་པས་བསྐོར་ན་དངོས་པོ་ཐམས་ཅད་གོར་བྱེད་དུ་གཞུའོ།། མགྲིན་པ་གསལ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་དག་འབྱིན་པའི་བསམ་པས་ཁ་ལས་གྱེན་དུ་དྲང་བར ་བྱས་ཏེ། དེ་ལྟར་ན་དངོས་པོ་ཐམས་ཅད་གླུ་ལེན་དུ་འཇུག་པའོ།། རྡོ་རྗེ་བཙིར་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་དངོས་པོ་ཐམས་ཅད་བདེ་ན་པོ་སྒྲར ་གཞུག་པའོ།། བཅིངས་པ་མྱུར་དུ་བཀྲོལ་བ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་མྱུར་དུ་བཀྲོལ་བར་བྱས་ཏེ། དེ་ལྟར་ན་བཅིངས་པ་ཐམས་ཅད་བཀྲོལ་བའོ།། བསྲུང་བ་ཞེས་བྱ་བ་ནི་དང་གྲོ་རྡོ་རྗེ་དབུས་མའི་རྩེ་མོ ་བསྲུང་བར་བྱ་སྟེ། དེ་ལྟར་ན་ཐམས་ཅད་བསྐྱུང་བའོ།། བྱབ་པའི་ལས་ཞེས་བྱ་བ་ནཱི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་བསྒྲུབ་བྱ་ལ་བྱ་བ་བཨཱརྱ་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྨོས་པར་བྱེད་པ་ཡིན་ནོ།། སྟེང་གར་ཁ་སྦྱོར་བསྐྱོད་པའོ།། ཞེས་བྱ་བ་ལ ་དང་པོའི་རྡོ་རྗེ་དབུས་མཱའི་ཁ་སྦྱོར་རང་གི་སྙིང་གའི་ཕྱོགས་སུ་བསྐྱོད་པར་བྱ་སྟེ་དེ་ལྟར་ན་པྲ་དབབ་པ་ཐམས་ཅད་འཇུག་པར་འགྱུར་རོ།། ཉིན་རོ་ཞེས་བྱ་བ་ནི་ཞག་རེ་ལའོ།། སྔ་རོ་ལོ་དུ་ཞེས་བྱ་བ་ནི་དུས་མཚམས་སྔ་མའོདུས་སུའོ།། ལྡན ་གཅིག་ནི་རོ་གཅིག་གོ།། ལུས་ཡོངས་སུ་སྦྱངས་པ་ནི་ངོང་པོའི་རྡོ་རྗེ་རང་གི་སྙིང་གའི་ཕྱོགས་སུ་བཅིངས་ཏེ། ཉིན་རེ་ཞིང་སྔ་རོལ་ལན་གཅིག་ངེས་རང་ལུས་ལོ་ཡོངསུ་བྱབ་པར་བྱ་སྟེ། དེ་ལྟར་ན་ལུས་གྲུབ་པར་འགྱུར་རོ།། མགྲིན་པ་གསལ་བའི ་ངག་ཅེས་བྱ་བ་ནི་དང་པོའི་རྡོ་རྗེ་ངག་འབྱིན་པའི་ཚུལ་གྱིས་ཁ་ལས་གྱེན་དུ་དྲང་བར་བྱ་སྟེ། དེ་ལྟར་ན་ངག་གྲུབ་པའོ།། སྙིང་གར་བཞག་པ་ཞེས་བྱ་བ་ནི་དེ་ཉིད་རང་གི་སྙིང་གའི་ཕྱོགས་སུ་བཞག་ན་ཡིད་གྲུབ་པའོ།། ཕྱག་རྒྱ་ལ་ལྟ་བ་ཞེས་བྱ ་བ་ནི་དང་པོའི་རྡོ་རྗེ་ལ་བལྟ་ཞིང་བཟླས་པོ་བྱ་སྟེ་དེ་ལྟར་ན་ཐམས་ཅད་མཐིང་བ་ཡིན་ནོ།། དེ་ཉིང་རྣ་བར་བཞིག་པར་བྱ་སྟེ་དེ་ལྟར་ན་རྣ་བའི་ཤེས་པ་གྲུབ་པའོ།། དེ་ཤིང་ལ་བཞག་ཅིང་བ་ཟླས་པ་བྱ་སྟེ་དེ་ལྟར་ན་ཐམས་ཅད་སྤ་བ་ཡིན་ནོ།། ན ་ཉིད་ཆོས་སྟོན་པའི་བསམ་པས་བལྟ་ཞིང་བཟླས་པ་བྱ་སྟེ་དེ་ལྟར་ན་ཆོས་ཐམས་ཅད་སྟོན་པའི་ཤེས་པ་གྲུབ་པར་འགྱུར་རོ།། ཉིན་རེར་སྔ་དྲོ་ལན་གཅིག་ཅེས་བྱ་བ་ནི་སྔ་མ་བཞིན་ནོ།། དབང་པོ་ཐམས་ཅད་ལ་བཞག་སྟེ་ཐམས་ཅད་དུ ་བསྐོར་བར་བྱའོ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་བཅིངས་ལ་མིག་ལ་བཞག་སྟེ་ཉིན་རེར་སྔ་དྲོ་ལན་གཅིག་ཏུ་དངོས་པོ་ཐམས་ཅད་ལ་བལྟ་བའི་བསམ་པས་ཐམས་ཅད་དུ་བསྐོར་བར་བྱ་སྟེ་དེ་ལྟར་ཐམས་ཅད་མཐོང་བའོ།། སྒྲ་ཐམས་ཅད་ཉན ་པའི་བསམ་པས་རྣ་བོར་བཞག་ལྔ་ཐམས་ཅད་དུ་བསྐོར་བར་བྱས་ཏེ་ཐམས་ཅད་ཐོས་པའོ།། དྲི་ཐམས་ཅད་ལ་སྣོམ་པའི་བསམ་པས་གནས་ཐམས་ཅད་སྡོམ་པའོ།། ཐམས་ཅད་སྤྲོ་བའི་བསམ་པས་ལྕེས་ཐམས་ཅད་སྨྲ་བ་ཡིན་ནོ།། རེག ་བྱ་ཐམས་ཅད་ཉམས་སུ་མྱོང་བའི་བསམ་པས་ལུས་ལ་བཞོག་སྟེ་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟར་ན་ལུས་ཀྱིས་ཐམས་ཅད་ལ་རེག་པའོ།། སྙིང་གར་བཞུགས་ནས་ཐམས་ཅད་དུ་བསྐོར་བར་བྱས་ཏེ་དེ་ལྟར་ན་ཡིད་ཀྱིས་ཐམས ་ཅང་ཤེས་པར་འགྱུར་རོ།། དབུས་མའི་རྡོ་རྗེས་བྱེད་པ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེས་དབུས་མཱི་གློག་བཟློག་པ་ལ་སོགས་པའི་ལས་ཀྱི་ཚུལ་ནི་བྱུང་བའོ།། ཁྲོ་བོའི་ལྟེ་བ་རྡོ་རྗེ་བལྟ་བསོ་ཞེས་བྱ་བ་ལོ་ཁྲོ་བོའི་ལྟ་བ་དང་བཅུས་པསོ།། ་འདི་ལྟར་འཆང་བར་འགྱུར་ཏེ་དང་པོའི་རྡོ་རྗེ་བཅིངས་ལ་ཁྲོ་བོའི་ལྟ་བས་བལྟ་ཞིང་། དབུས་མའི་རྡོ་རྗེས་གློག་བཟློག་པའི་ཚུལ་གྱིས་བཟློག་པར་བྱའོ།། ཆར་བཟློག་པའི་ཚུལ་གྱིས་ཆར་བཟློག་པོར་བྱའོ།། ཐོག་འབབ་པ་བཟློག་པའི ་ཚུལ་གྱིས་ཐོག་འབབ་པ་བཟློག་པར་བྱའོ།། སྤྲིན་གཞིག་པའི་བསམ་པས་སྦྱིན་གཞིག་པར་བྱའོ།། དབུས་མཱའི་རྡོ་རྗེའི་ལས་ཞེས་བྱ་བ་ལ་དང་པོའི་རྡོ་རྗེའི་དབུས་མའི་རྩེ་མོའི་ལས་ནི་དབུས་མའི་རྡོ་རྗེའི་ལས་ཏེ་སྦུར ་མ་བྱུང་བའི་འབྲས་བུ་བསྐྱང་བ་ལ་སོགས་པའི་ལུས་སོ།། འོག་ནས་འབྱུང་སྟེ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་དྲིའི་དབུས་མའི་རྩེ་མོ་འོག་ནས་འབྱུང་བའི་ཚུལ་དུ་བྱས་ཏེ་དེ་ལྟར་ན་ཐམས་ཅད་ཀྱི་འོག་ནས་སྔར་མ་བྱུང་བའི ་འབྲས་བུ་འབྱུང་བར་འགྱུར་རོ།། ཉེ་བར་ལོངས་སྤྱོད་པ་ཞེས་བྱ་བ་ནི་དང་པོའི་དབུས་མའི་རྩེ་མོ་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པའི་ཚུལ་དུ་བྱ་སྟེ་འབྲས་བུ་ཐམས་ཅད་ཉེ་བོར་ལོངས་སྤྱོད་པའོ།། ཐམས་ཅད་འགུགས་པར་བྱེད་པ་ཞེས ་བྱ་བ་ལ། དང་པོའི་རྡོ་རྗེས་དབུས་མའི་རྩེ་མོས་རི་བོ་ལ་སྲེགསོ་བའི་ཕྱོགས་ལ་ཀླུ་དགུག་པའི་ཚུལ་དུ་བྱས་ཏེ་དེ་ལྟར་ན་དེ་བོཀུག་པས་རི་བོ་ལ་སོགས་པ་ཆུ་མེད་པའི་ཕྱོགས་སུ་འབབ་ཚུ་ལ་སོགས་པའི་ཆུ་འབྱུང་བར་འགྱུརརོ།། དབབ་པ། ་སྦྱིན་པ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེས་དབུས་མའི་རྩེ་མོས་ཆུ་འབབོ་པ་སྦྱིན་པའི་ཚུལ་བྱ་སྟེ་དེ་ལྟར་ནོ་ཆུའི་ཕུང་པོ་ཉེ་བར་ལེན་པར་འགྱུར་རོ།། འབར་བའི་མེ་ཏོག་བྱེད་པ་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་འབར་བའི་མེ ་ཏོག་གི་ཚུལ་བྲོ་སྟེ་དེ་ལྟར་མུན་པ་སྣང་བ་ཆེན་པོར་བསྐྱེད་པ་ཡིན་ནོ།། ཉེ་བར་ལེན་པ་ཞེས་བྱ་བ་ལ། ཉེ་བར་ལེན་པ་ནི་ངེས་པར་སྦྱར་བའོ།། དེ་ཡང་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་བྱས་ཏེ་དེ་ལྟར་ན་སྣང་བ་ཆེན་པོ་ཉེ་བར་ལེན་པའོ།། རླུང ་གི་ཚུལ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་རླུང་གི་ཚུལ་བྱ་སྟེ་དེ་ལྟར་ན་རླུང་ཐམས་ཅད་ལ་བཀའ་བསྒོ་བ་ཉན་པར་འགྱུར་རོ།། ཉེ་བར་ལེནུ་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་རླུང་ཐམས་ཅད་ཉེ་བར་སྦྱོར ་བའི་ཚུལ་བྱ་སྟེ་དེ་ལྟར་ན་རླུང་ཐམས་ཅད་ཉེ་བར་ལེན་པར་འགྱུར་རོ།། ན་མཁའ་ཐམས་ཅད་བསྒོམ་པ་ལས་དུ་མའོ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ཕྱོགས་བཅུར་གནས་པའི་ནམ་མཁའ་ལས་དངོས་པོ་ཐམས་ཅད་མཐོང ་བའི་ཚུལ་བྱས་ན་དངོས་པོ་ཐམས་ཅད་མཐོང་བུའི་བསྒོམ་པས་དངོས་པོ་ཐམས་ཅད་མཐོང་བ་ཡིན་ནོ།། དངོས་པོ་ཐམས་ཅད་ཉེ་བར་སྦྱོར་བའི་ཚུལ་དང་། བསྒོམ་པ་དག་གིས་དངོས་པོ་ཐམས་ཅད་ཉེ་བར་ལེན་པར་འགྱུར་བ་ཡིན་ནོ།། ་དབུས་མའི་རྡོ་རྗེའི་ལས་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྩེ་མྱོ་ལས་ནི་དབུས་མའི་རྡོ་རྗེ་ལས་ཏེ་ཐམས་ཅད་གཞོམ་པ་ལ་སོགས་པའོ།། ཕྱག་རྒྱ་གཞོམ་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ཐམས་ཅད་འཇོམས ་བྱའི་བསམ་པ་སུ་གཞོམ་པས་ན་ཐམས་ཅད་འཇོམས་པའོ།། རྩེ་མོ་གཉིས་སྙིང་གར་བཙིར་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེའི་རྩེ་མོ་སྙིང་གའི་ཕྱོགས་སུ་བཙིར་ན་ཐམས་ཅད་རེངས་པའོ།། སེན་མོ་དག་བྱུང་བ་ཞེས་བྱ་བ་ནི་དང་པོའི ་རྡོ་རྗེ་དབུས་མའི་རྡོ་རྗེའི་སེན་མོ་གཉིས་བྱུང་བས་ཐམས་ཅད་དྲལ་བའོ།། མིག་ལ་རེག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་རང་གི་མིག་གཉིས་ན་ཐམས་ཅད་རྨུགས་པའོ།། བཙུམ་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ ་དབུས་མའི་རྩེ་མོས་རང་གིས་མིག་བཙུམ་པར་བྱས་ན་ཐམས་ཅད་གཉིད་ལོག་ཏུ་བཅུག་པའོ།། སོར་མོ་མཉམ་པོ་སྙིང་གར་བརྡེག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེའི་རྩེ་མོ་གཉིས་ཕན་ཚུན་ཡང་དག་པར ་སྦྱར་བར་བྱ་སྟེ་དེ་ཡིས་རང་གི་སྙིང་གར་བརྡེག་པར་བྱས་ན་ཐམས་ཅད་ལ་རྒྱས་བཏབ་པའོ།། ལྟུང་བར་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོས་ལྟུང་བའི་ཚུལ་བྱས་ན་ཐམས་ཅད་ལྟུང་བའོ།། གློད་པར་བྱེད་པ་ཞེས ་བྱ་བ་ནི་དང་པོའི་རྡོ་རྗེས་གློང་པར་བྱས་ན་ཐམས་ཅད་རྨོངས་པའོ།། ཕན་ཚུན་བརྡེག་པ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེསོ་ཕན་ཚུན་བརྡེགས་ན་ཐམས་ཅད་བསང་པོའོ།། རང་གི་སྙིང་གར་རང་བཞིན་དུ་བཞག་པའི་ལྀ་སོ་ཞེས་བྱ ་བ་ལ། དེའི་དབུས་མའི་རྡོ་རྗེ་རང་གི་སྙིང་གར་རྣལ་དུ་བཟུང་བར་བྱས་ན་ཐམས་ཅད་ཕྱིར་བཟློག་པར་འགྱུར་རོ།། དབུས་མའི་རྡོ་རྗེ་ལས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། མངའ་གཏོད་པ་ཞེས་བྱ་བ་ནི། དང་པོའི་རྡོ་རྗེའི་དབུས་མའི ་རྡོ་རྗེས་མདའ་གཏོད་པའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ།། ལྕགས་ཀྱུ་གཉིས་ཀྱིས་དགུག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ་མོ་ལྕགས་ཀྱུ་གཉིས་བྱས་ཏེ་དེས་བསྒྲུབ་བྱ་དགུག ་པར་བྱས་ན་ཐམས་ཅད་འགུགས་པའོ།། གཡོན་པ་ལ་གཡས་པ་བཅུག་པ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་གཡོན་པ་ལ་གཡས་པའི་སོར་མོ་དབུས་མ་བཅུག་པས་ཐམས་ཅད་གཞུག་པའོ།། རྩེ་མོ ་བསྐྱོད་པས་ཞེས་བྱ་བ་ལ། དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེའི་རྩེ་མོ་བསྐྱོད་པ་ཐམས་ཅད་འབབ་བྱའོ།། གདུ་བུ་འཆིང་བ་ཞེས་བྱ་བ་ནི་དང་པོའི་དབུས་མའི་རྡོ་རྗེ་གདུ་བུར་བཅིངས་པས་ཐམས་ཅད་འཆིང་བའོ།། མྱུར་དུ་དགྲོལ་བ་ཞེས ་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་མྱུར་དུ་བཀྲོལ་བས་ཐམས་ཅོད་བཀྲོལ་བའོ།། སོར་མོ་མཉམ་པོར་མྱུར་དུ་དྲལ་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་སོར་མོ་དབུས་མ་གཉིས་མཉམ་པོར་བྱས་ལ། མྱུར་དུ་དྲལ་བར་བྱས་ན་ཐམས ་ཅོད་དྲལ་བར་འགྱུར་རོ།། ལྟུང་བར་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེས་ལྟུང་བའི་ཚུལ་བྱས་ཏེ་དྲིས་ཐམས་ཅད་ལྟུང་བར་འགྱུར་རོ།། འོག་ནས་བཏེག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་འོག་ནས་གྱེན་དུ ་གདེག་པར་བྱ་སྟེ་དེ་ལྟར་ན་ལྟུང་བ་སློང་བའོ།། གཡོན་པས་གཱཡས་པ་དྲང་བར་ཞེས་བྱ་བ་ནི་གཡོན་པའི་སྐོར་མོ་དབུས་མའི་རྡོ་རྗེ་གཡས་པའི་སོར་མོ་དབུས་མས་དྲངས་ནས་ཐམས་ཅད་འདྲེན་པའོ།། ལས་ཐམས ་ཅད་ལ་སྦྱོར་བར་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལུས་ཐམས་ཅད་ལོ་ངེས་པར་སྦྱར་བའི་ཚུལ་དུ་བྱས་ཏེ། དེ་ལྟར་ན་གནོད་སྦྱིན་ལ་སོགས་པ་རྗེས་སུ་འབྲང་བར་བྱེད་དོ།། འོག་ནས་བསྐྱོད་ཅིང ་གྱེན་དུ་དྲང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་འོག་ནས་བསྐྱོད་ཅིང་གྱེན་དུ་བཏེགས་པས་མ་ངག་གཞུག་བཀའ་བསྒོ་བར་བྱེད་པའོ།། ཆུར་འདྲེན་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དེབུས་མའི་རྡོ་རྗེས་ཚུར་དྲངས་པོས་ཐམ ་ཅང་ནུར་འགུགས་པ་ཡིན་ནོ།། བྱུར་གཏོང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེས་མངོན་པར་འདོད་པའི་གནས་སུ་ཁྱེར་ལྡིང་བཞག་བྱས་པར་གཏོང་བའོ།། གཡོན་དང་གཡས་ཀྱི་དྲུག་པོར ་བརྡེག་པ་ཞེས་བྱ་བ་ནི་དངངོ་བོའི་རྡོ་རྗེས་དབུས་མའི་སོར་མོ་གཉིས་ཁྲོས་པས་ཕན་ཚུན་བརྡེག་པར་བྱ་སྟེ་དེ་ལྟར་ན་ཐམས་ཅད་གསོད་པའོ།། རང་གི་སྙིང་གར་རྗེ་མོ་འདྲེན་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབུས་མའི་རྩེ ་རང་གི་སྙིང་གར་གྱེན་དུ་དྲང་བར་བྱ་སྟེ་དེ་ལྟར་ན་སླར་གསོ་བ་ལ་སོགས་པའོ།། ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་བྱེད་པའི་ལས་ཞེས་བྱ་བ་ལ། དྲང་པོའི་རྡོ་རྗེ་དབུས་མའི་རྡོ་རྗེ་ལས་ཐམས་ཅད་ངེས་པར་སྦྱར ་བའི་ཚུལ་གྱིས་དབང་དུ་བྱེད་པ་སྒྲིབ་པ་ཡིན་ནོ།། སྙིང་གར་འཁོར་ལོ་གཞུག་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་སྙིང་གའི་ཕྱོགས་སུ་དཀྱིལ་འཁོར་སྤྲུལ་པའི་བསམ་པས་བསྐོར་བར་བྱ་སྟེ། དེ་ལྟར་ན་རིག ་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ།། དབང་བསྐུར་བའི་ཕྲེང་བ་དང་། དར་འཆིང་བར་བྱེད་པ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་དབང་བསྐུར་བའི་ཕྲེང་བ་དང་ངར་འཆིང་བའི་ཚུལ་བྱས་ཏེ་དེ ་ལྷུར་ན་དབང་བསྐུར་བ་ཐམས་ཅད་ལ་སོགས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ།། སྙིང་ག་ལས་དྲངོས་ཏེ་བདེ་བ་ཐམས་ཅད་ཡེངས་སུ་སྦྱང་བ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་རང་གི་སྙིང་གར ་བཅིངས་ཏེ་བསླང་ནས་བདེ་བྱ་དང་། ཡིད་བདེ་བ་ཉམས་སུ་མྱོང་བའི་བསམ་པས་དེ་ཉིད་ཀྱི་བདེ་བསུ་བདགྲ་ཉིད་ལ་ཀུན་ཏུ་ཁྱབ་པར་བྱས་ཏེ་དེ་ལྟར་ན་ཐམས་ཅད་རྗེ་སུ་ཆགས་པ་ལ་སོགས་པ་དང་། བདྲེ་བ་དང་ཡིད་བདེ་བ་ཐམས་ཅད ་རབ་ཏུ་འཇུག་པར་འགྱུར་རོ།། གར་གྱི་བཏེག་སྟེ་སྤྱི་བོར་དཀྲོལ་བའི་ལསོ་ཞེས་བྱ་བ་ལ་དང་པོའི་རྡོ་རྗེ་བཅིངསཱ་ལ་གར་གྱི་ཚུལ་གྱིས་བསླངས་ཏེ་སྤྱི་བོར་དགྲོལ་བར་བྱའོ།། ལས་ནི་དྲང་བྲོའི་རྡོ་རྗེས་རང་གི་ལྷའི་མཆོད་པ་ཐམས་ཅད་ལ ་སོགས་པའི་ལས་ཐམས་ཅད་གྲུབ་པར་འགྱུར་རོ།། ལོས་རྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་འདི་དག་བསྟན་པ་ཡིན་ནོ།། ཕྱག་རྒྱའི་རྒྱོ་ང་འདི་ཅིའི་དོན་དུ་གསུངས་པ་ཡིན་ཞེ་ན། བདེ་བ་ཆེན་པོ་རབ་ཏུ་བསྒྲུབ་པ་དང་། ཆགས ་པ་ཆེན་པོ་རྣམ་དག་ཕྱིར་ཞེས་བྱ་བ་ལ་སོགས་པས་འབྲས་བུ་བསྟན་པ་ཡིན།། རྡོ་རྗེ་འཛིན་པ་ཆེན་པོ་ཡིས་ཞེས་བྱ་བས་ནི་རྡོ་རྗེ་སེམས་དཔེསོ།། དེས་ཕྱག་རྒྱའི་རྒྱུད་འདི་གང་ལ་བདེ་བ་ལ་སོགས་པ་སྒྲུབ་པའི་དོན་དུ་རབ་ཏུ་བརྟག་པ་ཡིན ་ཞེ་ན། སངས་རྒྱས་སྲས་བཅས་བདག་ཉིད་ཀུན་ཞེས་བྱ་བ་ལ། སྲས་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ལའོ་ཞེས་བྱ་བའི་དོན་ཏོ།། སེམས་ཅན་ཡང་ཡིན་ལ་ཀུན་ཡང་ཡིན་པས་སེམས་ཅན་ཀུན་དེ། དེ་དག་གི་དངོས་གྲུབ་མྱུར ་བ་ནི་གདུལ་བྱ་རྣམས་ལ་སྐྱེ་བ་འདི་ཉིད་ལ། རྡོ་རྗེ་སེམས་དཔའི་ལ་སོགས་པའི་དངོས་གྲུབ་སྒྲུབ་པའོ།། དེའི་དོན་དུ་དོན་ཡོང་དངོས་གྲུབ་ཀུན་སྩོལ་བའོ་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ངེས་པར་སྟེར་བ ་ནི་འདི་ཉིད་ཡིན་ནོ།། དཀྱིལ་འཁོར་དག་ཏུ་མ་ཞུགས་པ་ཞེས་བྱ་བ་ལ། རྡོ་རྗེ་སེམས་དཔའ་གསང་བའི་དཀྱིལ་འཁོར་འདིར་གང་དག་མ་ཞུགས་པ་དེ་དག་ལ་ཡང་དངོས་གྲུབ་ཐམས་ཅད་སྟེར་བའི་ཕྱག ་རྒྱའི་རྒྱུད་འདི་ཡིན་ནོ།། སྡིག་པའི་ལུས་ནི་ཀུན་དང་ལྡནྡ་ཞེས་བྱ་བཱ་ལ་མཚམས་མེད་པ་ལ་སོགས་པ་བྱེད་པ་རྣམས་ལ་ཡང་ངོ་།། དེ་དག་ཀྱང་ཞེས་བྱ་བ་ནི་གེ་སླའོ།། མཚམས་མེད་པ་ལ་སོགས་པ་བྱེད་པ་རྣམས་ཀྱི་ཡོང ་དངོས་གྲུབ་ཐམས་ཅད་རྫོགས་པའི་ཕྱིར་སྒྲུབ་པ་ཀྱང་གི་སྒྲ་ནརྀ་དཀྱིལ་འཁོར་དུ་ཞུགས་པ་དང་། ཆོས་དང་ལྡན་པ་རྣམས་ལ་ཕྱག་རྒྱ་ཆེན་པོ་རྒྱུད་འངས་ཤིན་ཏུ་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། རྒྱ་གང་གི་ཕྱིར་དེ་དག ་ལས་འགྲུབ་པ་ཡིན་ཞེ་ན། བཅིངས་པ་ཙམ་གྱི་སྡིག་སྦྱང་ཕྱིར་ཞེས་བྱ་བ་ལ། གང་གི་ཕྱིར་ལས་རྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་འདི་རྣམས་སྒྲུབ་པ་པོ་རྣམས་ཀྱི་བཅིངས་པ་ཙམ་གྱིས་སྒྲུབ་པ་པོ་རྣམས་ལ་སྡིག་པ་ཐམས་ཅད ་བར་བྱེད་པའི་ཕྱིར་རོ།། གང་ཞག་ལེ་ལོ་ཉིད་ཀྱིས་ཞེས་བྱ་བ་ལ། གང་ཞིག་ལེ་ལོ་ཉམས་པས་ཡོ་བྱད་ཡོད་ཀྱང་འཁོར་ལོ་རྟག་པར་མི་ནུས་པ་འམ། ནང་ན་བརྩོན་འགྲུས་དང་ལྡན་ན་ཡང་ཕུན་སུམ་ཚོགས་པ་མ་ཚང ་བོ་དེ་རྣམསོ་ལ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལོས་རྒྱ་འགྲུབ་པའི་ཕྱག་རྒྱ་བཅིང་བའི་ནུས་པ་གྲུབ་པར་འགྱུར་ཏེ། དེའི་ཕྱིར་བཅིངས་པ་ཙམ་གྱིས་ལས་རྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་འདི་རྣམས་ཀྱིས་སྡིག ་པ་སྦྱང་བར་བྱ་བ་ཡིན་ནོ།། དཀྱིལ་འཁོར་མེད་པའི་སེམས་ཅན་གང་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་མ་ཞུགས་པའོ།། སློབ་དཔོན་ཉིད་བྱིན་གྱིས་མ་བརླབས་པ་ཞེས་བྱ་བ་ལ་ཡང་ན་དཀྱིལ་འཁོར་དུ་ཞུགས་ན་ཡང་སློབ་དཔོན་གྱི ་དབང་བསྐུར་བ་མ་བསྐུར་བའོ།། དེ་དག་གྲུབ་མཆོག་རྡོ་རྗེ་འཆེ་ཞེས་བྱ་བ~ཾ་ལ་སོགས་པ་ལ། དཀྱིལ་འཁོར་དུ་མ་ཞུགས་པ་འམ། དབང་མ་བསྐུར་བར་དཀྱིལ་འཁོར་དུ་ཞུགས་པ་དེ་རྣམས་ཕྱག་རྒྱ་བཅིངས་པ་ཙམ་གྱིས་རྡོ་རྗེ ་སློབ་དཔོན་དུ་འགྱུར་རོ།། སླར་ཡང་དེའི་ཁྱད་པར་བསྟན་པར་བྱ་བའི་ཕྱིར་དོན་ཡོད་པ་ཞེས་བྱ་བ་གསུངས་ཏེ་དོན་མེད་པ་མ་ཡིན་ནོ།། མཆོག་ནི་ཕུལ་དུ་བྱུང་བའོ།། སྣ་ཚོགས་པའི་མངོན་པར་འདོད་པའི་བྱ་བ་ཐམས་ཅད་སྒྲུབ ་པར་བྱེད་པའོ།། བཅིངས་པ་ཙམ་གྱིས་མྱུར་འགྲུབ་བྱེད་ཅེས་བྱ་བ་ལ་ཇི་ལྟ་བ་བཞིན་དུ་བཤོད་པའི་བསམ་པ་ཐམས་ཅད་རྫོགས་པ་སངས་རྒྱས་ཉིད་དང་། བྱང་ཆུབ་སེམས་དཔའ་ཉིད་ལ་སོགས་པོའི་མཆོག་གི་དངོས ་གྲུབ་ཐམས་ཅད་གདུལ་བྱ་རྣམས་ལ་རབ་ཏུ་འཇུག་པར་བྱེད་པ་ཡིན་ནོ།། ཕྱག་རྒྱའི་རྒྱུད་འདི་གང་ལས་བྱུང་ཞེ་ན། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། བསྐལ་པ་བཟང་པོ་འདིའི་སྔ་རོལ་དུ་བྱུང་བས་ན་དང་པོར་བྱུང་བའོ།། ་རྡོ་རྗེ་རྣམས་ཀྱི་ཕུལ་དུ་བྱུང་བས་ན་རྡོ་རྗེ་མཆོག་གོ།། དང་པོར་བྱུང་བ་ཡང་ཡིན་ལ་རྡོ་རྗེ་མཆོག་ཀྱང་ཡིན་པས་ན་དང་པོར་བྱུང་བའི་རྡོ་རྗེ་མཆོག་གོ།། དང་པོར་བྱུང་བའི་རྡོ་རྗེ་མཆོག་ཀྱང་དེ་ཉིད་ཡིན་ལ་བདེ་བ་ཆེན་པོ་ཡང་ཡིན་པས་ན། ་དང་པོ་བྱུང་བའི་རྡོ་རྗེ་མཆོག་གི་བདེ་བ་ཆེན་པོ་སྟེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་རང་བཞིན་ཅན་ཐོག་མ་དང་ཐ་མ་མེད་པའི་ཆོས་ཀྱི་དབྱིངས་ཏེ། དེ་ལས་བྱུང་བའི་སྐྱེ་བ་གང་ལ་ཡོད་པ་དེ ་ལ། དེ་སྐད་ཅེས་བྱའོ།། དག་པ་ནི་འདོད་ཆགས་ལ་སོགས་པ་དང་བྲལ་བའོ།། ཤིན་ཏུ་གྲུབ་པ་ཞེས་བྱ་བ་ནི་མི་འཇིགས་པའི་དངོས་གྲུབ་ཀྱི་གྲུབ་པའོ།། གང་ལ་ཞེ་ན་འགྲོ་བ་ཐམས་ཙཱང་ལ་ཡང་ངོ་ཞེས་བྱ་བ་ལོ། དཀྱིལ་འཁོར་དུ ་མ་ཞུགས་པ་རྣམས་ལ་ཡང་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ལས་རྒྱུ་སྒྲུབ་པར་བྱེད་པའི་ཕྱག་རྒྱའི་རྒྱུད་བསྟན་ནས་ད་ནི་ཡི་གེ་ཧཱུཾ་བརྗོད་ཅིང་ལས་རྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བཅིངས་ཏེ། དྲིའི་རྗེས་ལ་ཨ་ནུ་རཱ་གཱ་ཡ་མི་ཧཱུཾ་ཞེས ་བྱཱ་བ་བརྗོད་ཅིང་ལས་རྒྱ་རབ་ཏུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ཆོ་གྲ་འདྲི་རབ་ཏུ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་གསང་བའི་རྒྱུད་ཅེས་བྱ་བ་གསུངས་ཏེ། དེ་ནས་ཀྱི་སྒྲ་ནི་སྔར་བཤདདྲ་པའི་དེ་མ་ཐག་པའི ་དོན་སྟོན་པར་བྱེད་པའོ།། ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་དེ་ཉིད་ཡིན་པས་ཕྱག་རྒྱ་ཐམས་ཅད་དེ་ལས་རྒྱུ་སྒྲུབ་པར་བྱེད་པའོ།། དེ་རྣམས་སྒྲུབ་པར་བྱེད་པ་ནི་རྫོགས་པར་བྱེད་པའི་རྒྱུ་སྟེ། ཇི་སྟོན་པར་བྱེད་པའི་གསང་བའི་རྒྱུད ་འདི་ཡིན་ཏེ། ལོས་འདོད་པོ་ཞེས་བྱ་བ་ལ་ཚེ་འཕེལ་བ་ལ་སོགས་པའི་ལས་བྱེད་པོར་འདོད་པས་དང་པོ་ཁོ་ནར་ཡི་གེ་ཧཱུཾ་བརྗོད་ཅིང་དང་པོའི་རྡོ་རྗེ་བཅིང་བོར་བྱ་སྟེ། དེ་ནས་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་བཟླ་ཞིང་ལས་ཐམས་ཅད ་བསྒྲུབ་པར་བྱ་བ་ཡིན།། བདེ་བ་ཆེན་པོའི་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། རྒྱུད་ཕྱི་མའི་ཆོ་ག་རྒྱས་པའོ་ཞེས་བྱ་བ་ལ། དཔལ་རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་གྱི་རང་བཞིན་གྱི་ཆོ་ག་རྒྱས་པ་ནི་བསྒྲུབ་པར་བྱ་བ་དང་། སྒྲུབ ་པར་བྱེད་པའི་རྒྱུན་ཏེ་ཡོངསུ་རྫོགས་པ་ནི་ཐར་ཐུག་པ་ཡིན་ནོ།། དེ་ལྟར་དུམ་བུ་གཉིས་པ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་རྒྱས་པར་བཤད་པ་བྱས་ནས་ད་ནི་ཇི་ལྟ་བ་བཞིན་དུ་བྲིས་པའི་དཀྱིལ་འཁོར་རྣམས་གཤེགས་སུ་གསོལ་ནས། སློབ ་དཔོན་གྱིས་སྤྲུལ་པ་རང་གི་ལུས་ལ་བཅུག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྟོག་པ་འདི་བྱིན་གྱིས་བརླབས་པའི་ཕྱིར་བདག་ཉིད་གསོལ་བྱ་འདེབས་པ་བྱེད་པར་རྣམ་པར་བསམས་ལ་ཡོངསུ་རྫོགས་ཤིང་མཐར་ཐུག་པར ་བྱིན་གྱིས་བཱཏི་རླབས་པའི་ཚིགསུ་བཅད་པ་བརྗོད་ནས་བདག་ཉིད་བསྲུང་བར་བྱས་ལ་ལྡང་བར་བྱའོ།། ཞེས་བྱ་བ་བསྟན་པའི་ཕྱི་རོ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས ་ཅོད་ཀྱིས་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་པའོ་ཞེས་བྱ་བ་དང་སྦྱར་རོ།། ཇི་ལྟར་ཞེ་ན་ལྗོངསུ་མཐུར་ཐུག་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ་ཡོངསུ་མཐར་ཐུག་པ་ནི་ཡོངསུ་རྫོགས་པའོ།། ཡོངས་སུ་མཐར་ཐུག་པ་མྱེད་པ་ནི ་ཡོངསུ་མཐར་ཐུག་པ་སྟེ་ཡོངས་སུ་མ་རྫོགས་པའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཐམས་ཅད་ཀྱི་ལས་ཀྱི་སྦྱོར་བ་ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་ཁྱབ་པར་བྱེད་པའི་གཟུགས་ཐམས་ཅད་གཟིགས་པའི་ཡེ་ཤེས་ཀྱིས་འཁོར་བ་ཇི ་སྲིད་ཀྱི་བར་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་སེམས་ཅན་གྱི་དོན་མཛད་པ་སྟེ་མཐར་ཐུག་པ་མེད་པའི་སྦྱོར་བ་དེས་དེ་རྣམས་ཀྱིས་གསོལ་བ་བཏབ་པ་ཡིན་ནོ།། འོ་ན་དེ་རྣམས་གཅིག་པུ་ཡིན ་ནམ་ཞེ་ན། རྡོ་རྗེ་འཆང་དང་བཅས་ཞེས་བྱ་བ་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་རྡོ་རྗེ་འཆང་ཆེན་པོ་དང་བཅས་པ་རྣམས་སོ།། ཅིའི་དོན་དུ་ཞེ་ན་འདི་ཞེས་བྱ་བ་ལ་སོགས་པ་ལ། རྟོག་པའི་རྒྱལ་པོ་ཆེན་པོ་འདིར་ཡོངས་སུ ་མཐར་ཐུག་པའི་དོན་ཏོ་ཞེས་བྱ་བ་དང་སྦྱོར་རོ།། དུམ་བུ་གཉིས་པ་རྩ་བའི་རྒྱུད་དང་ཕྱི་མའི་རང་བཞིན་འདས་མ་ཐག་ཏུ་བཤད་པའི་ཐོག་མ་ཐ་མ་མེད་པའི་ནོ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དང་། ་སྦྱིན་པའི་ཕ་རོ། ལ་ཏུ་ཕྱིན་པ་དང་། དམ་ཚིག་གི་ཕྱག་རྒྱ་ལྔས་བྱུང་བའོ།། བདྲི་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་ཅེས་བྱ་བ་ནི་གཟུགས་ཐམས་ཅད་སྟོན་པར་ན་མཁའ་ཐམས་ཅད་ཁྱབ་པར་བྱེད་པའོ།། ་ཁོམས་ཐམས་ཅད་ཅེས་བྱ་བ་ནི་ན་མཁའི་ཁམས་དང་ཆོས་ཀྱི་དབྱིངས་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་རྣམས་ནི་ཁམས་ཐམས་ཅད་དོ།། ཁམས་ཐམས་ཅད་ཀྱང་དེ་ཡིན་ལ་མོ་ལུས་པ ་ཡང་དེ་ཡིན་པས་ཁམས་ཐམས་ཅད་མ་ལུས་པའོ།། དེར་ཀུན་ཏུ་འགྲོ་བ་ནི་སྤྲོ་བ་སྟེ་ཁྱབ་པ་གང་ལ་ཡོད་པ་དེ་སྐད་ཅེས་བྱའོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ནི་བསྒྲུབ་པར ་བྱ་བ་དང་སྒྲུབ་པར་བྱེད་པའི་རྒྱུན་གང་ལ་ཡོད་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ།། སྲིད་པ་ཐམས་ཅད་ཀྱི་མཐའ་ནི་ཁམས་གསུམ་གྱི་རང་བཞིན་ཅན་ཏེ་དེ་ཡོངས་སུ་མཐ་མ་ཐུག་པའི་གསུང་རབ་ཀྱི་བསྟན་པ་གང་ལ་ཡོད་པ་དེ་ལ ་དོ་སྐད་ཅེས་བྱ་སྟེ། དེ་ཡོངསུ་མཐར་ཐུག་པའི་དོན་ནི་ཡོངསུ་རྫོགས་པའི་ཕྱིར་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་བ་བཏབ་པ་ཡིན་ནོ།། གང་ཞིག་ཡོངསུ་མཐར་མ་ཐུག ་པའི་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་བཏབ་པའི་རྟོག་པའི་རྒྱ་ལོ་བྷྱོ་དེ་ཉིད་ཀྱིས་ཁྱད་པར་སླར་ཡ་བསྟུན་པའི་ཕྱིར་རྡོ་རྗེ་ན་མཁའ་ལ་སྩོགས་པ་གསུངས་སྟེ་ནུ་མཁའ་དང་མཉམ་པཱ་ཉིད་ཀྱི་ཡེ་ཤིས་ཀྱི་རུང ་བཞིན་ཡིན་པའི་ཕྱིར་རོ།། རྡོ་རྗེའི་ནི་ནམ་མཁའོ།། རྒྱུ་འདི་ཉིད་ཀྱི་ཕྱིར་ཆོས་ཀྱི་དབྱིངས་ཆེན་པོ་སྤྲོ་བ་སྡེ་དེ་བཞིན་ཉིད་ཀྱིས་ཁྱབ་པའི་དངོས་པོའོ།། རྡོ་རྗེ་འཆང་གི་ཐེག་པ་ནི་རྟོག་པའི་རྒྱལ་པོ་འདི་ཉིད་དེ། དེའི་ཕྱིར་རྟོག་པ ་གཞན་དག་ལས་མཆོག་སྟེ་ཕུལ་དུ་བྱུང་བའོ།། ཆོས་ཐམས་ཅད་ལས་ཁྱབ་པར་བྱེད་པའི་དེ་བཞིན་ཉིད་ནི་རྡོ་རྗེ་ན་མཁྲིའ་ཆེན་པོའི་ཆོས་ཀྱི་དབྱིངས་ཏེ། དེ་སྤྲོས་པའི་དངོས་གྲུབོ་ནི་དེ་བཞིན་ཉིད་རྟོག་པའོ།། དེ་གསོལ ་བས་ན་རྡོ་རྗེ་འཆང་ཆེན་པོའི་ཆོས་ཀྱི་དབྱིངས་སྤྲོ་བའི་དངོས་གྲུབ་གསོལ་བ་སྟེ། རྡོ་རྗེ་འཆང་རྣམས་ཀྱི་ཐེག་པ་དེ་ཡིན་ནོ།། དེ་ལྟར་གྱུར་པའི་ཐེག་པ་ཆེན་པོ་སྟེ་རྡོ་རྗེ་འཆང་གཅིག་པུའི་མ་ཡིན་ཏེ། འོན་ཀྱང་རྟག་ཏུ ་སངས་རྒྱས་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་དང་བཅས་པ་ཞེས་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན ་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་པ་གཙོ་བོར་གྱུར་པའི་སངས་རྒྱས་ཐམས་ཅད་དོ།། དེ་དག་ཉིད་རྟག་ཏུ་སྟེ་དུས་ཐམས་ཅད་ངུ་དེ་བཞིན་ཉིད་ཀྱིས་རྡོ་རྗེ་ཆེན་པོ་འཛིན་པས་ན། རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སེམས ་དཔའ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ལྷའི་རང་བཞིན་ཅན་རྡོ་རྗེ་འཆང་ཆེན་པོ་སྟེ། དེ་དང་བཅས་པ་ནི་དེ་དང་ལྷན་ཅིག་ཏུའོ།། རྡོ་རྗེ་འཆང་གི་ཐེག་པ་ནི་ཞེས་བྱ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉིད་རྡོ་རྗེ་འཆང ་ཆེན་པོ་སྟེ། དེ་རྣམས་ཉིད་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་དེ་ཐེག་པ་ཡིན་ཏེ་གཞན་དག་ནི་མ་ཡིན་ནོ།། ཡོངས་སུ་མཐར་ཐུག་ནུས་པ་མིན་ཞེས་བྱ་བ་ལ་ན་མཁའ་ཁྱབ་པས་མཐའ་ཡས་པའི་ཕྱིར་རྟོག་པའི་རྒྱལྔ་པོའི་ཐེག་པ་སྦྱིན་ཏེ། ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངསུ་རྫོགས་པས་བསྟན་པས་གདུལ་བྱ་རྣམས་ལ་བསྟན་པར་མི་སྤྱོད་པ་དེའི་ཕྱིརརོ་ལེ་ལོ་ཅན་ལ་མདོར་བསྡུས་ནས་རབ་ཏུ་བསྟན་པོར་མཛད་པའི་ཕྱིར་རྟོག་པ་འདི་ཡོངས ་སུ་མཐར་ཐུག་པར་བྱིན་གྱིས་བརླབ་པའི་དོན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ་བཏབ་པ་ཡིན་ནོ།། དངོས་པོ་མི་སྡུག་པ་ལ་ཞོན་པས་ན་ངན་ཞེན་ནོ།། ཨེ་མའི་སྒྲ་ནི་རྗེས་སུ་བཟུང་བ་ལའོ།། ་རྟོག་པའི་རྒྱལྔ་པོ་ཐོས་པ་དང་བསམ་པ་ལ་རབ་ཏུ་འཇུག་པ་ལ་དབང་བ་མེད་པའི་སེམས་ཅན་ནི་ལེ་ལོ་ཅན་ནོ།། མི་དགེ་བའི་ལས་ཀྱི་ལམ་བཅུ་ལ་སྤྱོད་པས་ན་ལས་ཀུན་ལྡན་པའོ།། ཐུགས་རྗེ་དམ་པའི་རྡོ་རྗེ་ཁྱོད་ཞེས་བྱ་བ་ལ ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ནི་ཐུགས་རྗེ་དམ་པའི་རྡོ་རྗེའོ།། བྱང་ཆུབ་སེམས་ནི་བླ་ན་མེད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། རབ་སྒྲུབ་པ་ཞེས་བྱ་བ་ནི་རྒྱ་ཆེ་བྱས་འཇིགས་པས་འཇིགས་པ་རྣམས ་ལ་མངོན་པར་འདོད་པའི་དངོས་གྲུབ་རབ་ཏུ་སྒྲུབ་པ་སྟེ། དེ་ལྟར་ཡོངས་སུ་མཐར་ཐུག་པར་བྱིན་གྱིས་བརླབ་པའི་དོན་དུ་གསོལ་བ་བཏབ་པའི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་མདོར་བསྡུས་པའི་གཞུང་བྱིན་གྱིས ་བརླབས་ཐུགས་རྩེ་གཅིག་པར་མཛད་ནས་བདེ་བ་ཆེན་པོ་རབ་སྒྲུབ་པ་ཞེས་བྱ་བ་ལ་སོགས་པ་ནི་ཡོངས་སུ་རྫོགས་པའི་བྱིན་གྱིས་བརླབ་པ་གསུངས་པ་ཡིན་ནོ།། གང་གིས་ཚུལ་འདིས་ནི་དུམྦི་བུ་གཉིས་པའི་རྩོ་བའི ་རྒྱུད་དང་། རྒྱུད་ཕྱི་མ་འཁྲུལ་པ་མེད་པའི་རྣ་བའི་ཤེས་པ་མཆོག་སྟེ་ཕུལ་དུ་བྱུང་བ་ཉན་པར་འགྱུར་བ་འམ་རིགས་ཐམས་ཅད་ཀྱི་གསང་བའི་རང་བཞིན་གྱིས་ཚུལ་འདི་གླེགས་བམ་ལ་བྲིས་ཏེ། སེམས་ཅན་གང་དག ་གི་ཁྱིམ་ན་གནས་པར་གྱུར་པ་དེ་རྣམས་ལ་ཇི་ལྟ་བ་བཞིན་དུ་བཤད་པའི་ཕན་ཡིན་གྱི་མངོན་པར་འདོད་པའི་འདོད་པའི་དངོས་གྲུབ་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་ཏེ། ཇི་ལྟར་བྱ་བའི་རྒྱུད་ལ་སོགས་པའི་སྒྲུབ ་པ་པོའི་གདུལ་བྱ་རྣམས་ལ་སྡིག་པ་ཡོངས་སུ་ཟད་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཐོག་མར་སྤྱོད་པ་ལ་སོགས་པའི་ཚུལ་མཛད་པ་དེ་བཞིན་དུ་འདིར་ནི་མ་ཡིན་ཏེ། བསྒོམ་པའི་སྟོབས ་ཁོ་ན་སྡིག་པ་ཡོངས་སུ་ཟད་པའི་ཕྱིར་རོ།། རྒྱུ་འདི་ཉིད་ཀྱི་ཕྱིར་ཕྱི་རོལ་གྱི་བགེགས་རྣམས་འབྱུང་བ་མ་ཡིན་ནོ།། ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། བགེགས་མེད་དེ་བཞིན་བདུད་ཀྱང་མེད། རྟོག་པར་ཞེས་བྱ་བ་ལ་མཉམ་པ ་ཉིད་ཀྱི་ཡེ་ཤེས་བསྒོམས་པའི་སྟོབས་ཀྱིས་བདུད་བཞི་མི་དམིགས་པའི་ཕྱིར་རྟོག་པ་འདིར་དངོས་གྲུབ་ཐམས་ཅད་འཕེལ་པོ་ཁོ་ནར་བྱིན་གྱིས་བརླབས་པ་སྟེ། ཇི་ལྟ་བ་བཞིན་དུ་བྲིས་པའི་དཀྱིལ་འཁོར་བྱས་པ་ལོ་མངོན་པར་ཞེན་པ ་རྣམས་ལ་བདུད་ཆེན་པོའི་གཟུགས་དམིགས་པའི་ནུས་པས་བདུད་ཉིད་དུ་འགྱུར་པ་དེ་བཞིན་དུ་འདིར་ནི་མ་ཡིན་ནོ།། བརྟན་པ་མེད་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། ཇི ་ལྟ་བུ་བཞིན་བྲིས་པའི་དཀྱིལ་འཁོར་རྣམས་ཇི་ལྟར་བཤད་པའི་ཚུལ་གྱིས་ཡང་དག་པར་མཆོད་ནཱས་གཤེགས་སུ་གསོལ་བྱ་ལ་སློབ་དཔོན་གྱིས་སྤྲུལ་པ་རང་གི་ལུས་ལ་བཅུག་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས ་གསོལ་བ་བཏབ་པའི་རྡོ་རྗེ་སེམས་དཔར་བདག་ཉིད་རྣམ་པར་བསམས་ལ་བྱིན་གྱིས་བརླབ་པའི་ཚིགས་སུ་བཅད་པ་བརྗོད་ནས། རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག ་རྨརྣམས་ཀྱིས་བདག་ཉིད་བསྲུང་བ་བྱས་ན་ཡང་རྡོ་རྗེ་སེམས་དཔའ་ཡང་ནས་ཡང་དུ་ཡོངསུ་བཟླས་ཏེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས་ལངས་ཏེ། ཇི་ལྟར་མངོན་པར་འདོད་པའི་གླེགས་བམཱ་ཀླག་པ་ལ་སོགས ་པའོ།། དགེ་བའི་བྱ་བས་གནས་པར་བྱའོ།། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཆེན་པོ་ནི་འདིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་དེ་ཉིད་རྡོ་རྗེའོ།། དེའི་གསང་བ་ནཱི་དེ་དང་རྒྱུ་མཐུན་པའི་དུམ་བུ་གཉིས་པ་ལ ་རྩ་བའི་རྒྱུད་དང་རྒྱུད་ཕྱི་མའི་རང་བཞིན་ཅན་གྱི་རྟོག་པའི་རྒྱལ་པོའོ།། དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལས་སྔ་ནས་གནས་པའོ།། མཆོག་ཏུ་གྲུབ་པ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལ་བལྟོས་ན ་མཆོག་གི་བསྒྲུབ་བྱུ་ངོ་།། སྒྲུབ་པའི་ཆོ་ག་རྒྱས་པའི་རང་བཞིན་ཉིད་ཀྱི་ཕྱིར་མཆོག་ཏུ་གྲུབ་པ་ཡིན་ནོ།། ཡོངསུ་རྫོགས་པ་ནི་མཐར་ཐུག་པ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་རློམ་པར་དག་པའི་མཚན་ཉིད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རླུང ་བཞིན་བསྟན་པའི་ངོ་བོ་དང་། རྣམ་པར་སྨིན་པའི་སྐུ་དང་། མཚན་མ་མེད་པ་རྣམ་པར་ཐར་པའི་སྒོ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་དམ་ཚིག་གི་ཕྱག་རྒྱ་བསྟན་པའི་ངོ་བོ་ཉིད་ཡིན་པའི་ཕྱིརོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ། ཤེས་རབ་ཀྱི ་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པ་རྩེ་བའི་རྒྱུད་དངརྒྱུད་ཕྱི་མའི་བཤད་པ་རྫོགས་སོ།། ་རྒྱུ་གང་ཀྱི་མཁན་པོ་པཎྜི་ཏ་མཁས་པ་ཆེན་པོ་མནྟྲ་ཀ་ལ་ཤ་དང་། སྒྲ་བསྒྱུར་གྱི་ལོ་ཙ་བ་ཆེན་པོ་བོད་ཀྱི་དཔལ་ལྔ་བཅན་པོ་ལྷ་བླ་མ་དགེ་སློང་ཞི་བའི་འོད་ཀྱི་ནལ་སྔ་ནས་བསྒྱུར ་ཅིང་ནུས་ཏེ་གཏན་ལ་བབ་པའོ།། ་དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ལས་ན་མཁའི་སྙིང་པོའི་རྟོག་པ་བཞུགས་སོ།། ་#དེ་ལྟར་ན་དུམ་བུ་གཉིས་པ་རྩ་བའི་རྒྱུད་དང་། རྒྱུད་ཕྱི་མ་གསུངས་ནས། ད་ནི་དུམ་བུ་གཉིས་པ་ཉིད་ཀྱི་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་རྒྱུད་ཀྱི་རང་བཞིན་སྒྲུབ་པ་པོའི་རང་བཞིན་མྱུར་དུ་གྲུབ་པ་བཤད ་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་དྲང་པོ་གནས་ཉམས་དགར་བདེ་བ་ཆེན་པོ་རྣམ་པར་བཞུགས་ཞེས་བྱ་བ་སྦྱར་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐུག་པོ་སྟོན་པའི་ཚིག་ཕྲང་ཡིན་ཏེ་དུམ་བུ་དང་པོ ་དང་གཉིས་པ་ལས་གསུངས་པའི་དོན་གྱི་སྒྲུབ་པའི་ཁྱད་པར་གྱིས་དངོས་གྲུབ་མྱུར་དུ་སྒྲུབ་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་རོ་གསུངས་ལ། སྔར་གསུངས་པའི་སྒྲུབ་པ་དེ་ས་གལ་ཏེ་བ་ངག་ཅག་མ་གྲུབ ་པར་གྱུར་ན། ཡང་དོན་དེ་ཉིད་སྒྲུབ་པར་བྱའོ།། སྲོག་ལ་ཐུག་ཀྱང་དོར་བར་མི་བྱའོ་ཞེས་མ་ངོན་པར་འདོད་པ་སྐྱེས་པའི་གདུལ་བྱ་རྣམས་ཀྱིས་བསམ་པ་མཁྱེན་པའི་རྗེས་ཐོག་ས་ཉིད་ལ། དང་པོར་ཞེས་བྱ་བ་ནི་བསྐུལ ་པ་བཟང་པོ་ལྔ་སོགས་པའི་ཐོག་མར་གནོས་པའི་དང་པོར་རོ།། གནས་ཞེས་བྱ་བ་ནི་གཞལ་ཡས་ཁང་ཐམས་ཅད་ཀྱི་གཞིར་གྱི་པས་ན་གནས་ཏེ། དང་པོ་ཡོང་ཡིན་ལ་གནས་ཀྱང་ཡིན་པས་ན་དང་པོའི་གོནས་སོ།། ཁྱད ་པར་ཇི་ལྟ་བུ་ཞིག་ཅེ་ན། ཉམས་དགའ་བ་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་སྦྱོར་བ་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་ཡིད་དང་རྗེ་སུ་མཐུན་པ་ཡིན་པས་ན་ཡིད་དུ་འོང་བ་ཡིན་པའི་ཕྱིར་ཉམས ་དགའ་བའོ།། ན་མཁའ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་ནུ་མཁའ་ཀུན་ཏེ། ཕྱོགས་བཅུ་ན་རྫས་དང་བྲལ་བའི་རང་བཞིན་རྣམ་སོ།། དེས་ན་ཟླ་བ་ལྟ་བུརྱ་རབ་ཏུ་སྣང་བས་གདུལ་བྱ་ཐམས་ཅད་ཀྱི་རྒྱུད་ལ ་སོ་སོར་སྣང་བར་གྱུར་པ་དེ་ན་ནམཁའ་ཀུན་ལ་རབ་ཏུ་གནས་ཞེས་བྱ་བའོ།། རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པས་རྩེ་མོ་མཚན་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའོ།། དེ་རྣམས་ཀྱི་འོད་ནི་འོད་ཟེར་རྣམས་ཏེ་དེ་རྣམས་ཀྱིས ་འདི་གསལ་ཞིང་སྣང་བར་བྱས་པས་ན་རྡོ་རྗེ་རིན་ཆེན་གྱིས་གསལ་ཞེས་བྱའོ།། བརྒྱན་ཅིང་ཞེས་བྱ་བ་ནི་དུར་དང་། གདུགས་དང་། དྲི་དང་། བདུག་སྤོས་དང་། མར་མེ་དང་། སྒོ་ཁྱུད་དང་། རྟ་བབས་རྣམ་པ་སྣ་ཚོགས་དང་། སྐྱེས་དང་། ་མདའ་ཡབ་ཀྱི་ཕྲེང་བ་ལ་སོགས་པས་བརྒྱན་ཅིང་སྦྱངས་པའོ།། དྲི་མེད་མདོངས་ལྡན་ཞེས་བྱ་བི་ན་རང་གི་འོད་དྲི་མ་མེད་པ་ན་མཁའ་དང་མཉམ་པས་སྣང་བར་བྱས་པས་ན་དྲི་མེད་མདངས་ལྡན་པའོ།། དེ་ནི་རྡོ་རྗེ་རིན་པོ་ཆེའི་འོད་ཀྱི ་གསལ་བར་བྱས་པ་ཡང་ཡིན་ལ་བརྒྱན་པ་ཡང་ཡིན་ཞིང་དྲི་མ་མེད་པའི་མདངས་དང་ལྡན་པ་ཡིན་པས་ན་རྡོ་རྗེ་རིན་ཆེན་འོད་ཀྱི་གསལ། བརྒྱན་ཅིང་དྲི་མེད་མདངས་ལྡན་པའོ་ཞེས་བྱ་བ་སྟེ། བརྒྱན་ཅིང་མངངས་ལྡན་པའི་གནས ་དེར་རོ།། ཟུར་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་གཟུངས་ཀྱི་ལྷ་མོའི་ཚོགས་ནི་རྡོ་རྗེ་ལྷ་མོའི་ཚོགས་ཏེ་དེ་རྣམས་ཁ་ཁྱེར་ལ་གནས ་པ་རྣམས་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པས་མཆོད་ཅིང་བསྙེན་བཀུར་བྱེད་པའོ།། གྲཝའི་ཆ་ནི་ཐམས་ཅད་དང་།། སྒྲ་ཁྱུད་ཀྱིས་ནི་མཚམས་རྣམས་སུ།། ཟླ་བ་ཕྱེད་ལ་གནས་པ་ཡིས།། རྡོ་རྗེ་རིན་ཆེན་ཡང་དག་འབར།། ཞེས ་བྱ་བ་ནི་གནས་འདི་དག་ཏུ་ཟླ་བ་ཁམ་པ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེ་འོད་འབོར་བ་ཡོད་པའོ།། རླུང་གིས་བཏེག་པ་ནི་ཞེས་བྱ་བ་ནི་བཏེག་པའོ།། སྣ་ཚོགས་པ་ནི་ཁོ་དོག་ཐ་དད་པ་སྟེ། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར ་པོ་དང་། ལྗང་གུ་དང་། དཀར་པོ་ཞེས་བྱ་བའི་ཐ་ཚིགོ།། གནས་གང་དུ་ཞེ་ན། རྩེར་ཞེས་བྱ་བ་སྨོས་ཏེ་རྩེ་ནི་མཐར་ཏེ་ཐམས་ཅད་ཀྱི་འོག་གི་ཆར་རོ།། གང་གི་མཐར་ཞེན་པ་ངན་ཞེས་བྱ་བ་སྨོས་ཏེ། དེ་ལྟ་བུའི་བུ་དན་དེའི་རྩེ་མོར་རོ།། དྲིལ་བུ ་བཏགས་པ་སྒྲ་སྒྲོགས་པ་ཡིན་པས་ནཱ་རླུང་གིས་བསྐྱོད་པ་སྣ་ཚོགས་པ་པ་ངན་རྩེར་བཏགས་དྲིལ་སྒྲ་སྒྲོགས་ཞེས་བྱ་བའོ།། དྲ་བ་ནི་མུ་ཏིག་གི་ཆུན་འཕྱང་ཕྱོགས་དབུས་སུ་བཏོགས་པའོ།། མེ་ལོང་ནི་མེ་ལོང་གི་དཀྱིལ་འཁོར་ཉིད།། ་མེ་ཏོག་རྟག་ཅེས་བྱ་བ་ནི་མེ་ཏོག་གི་ཤིང་རྟག་ཏུ་མེ་ཏོག་ཐམས་ཅད་ཀྱི་ཆུར་འབེབས་པའི་ཚུལ་གྱིས་རྟུག་པར་གནས་པའོ།། མེ་ཏོག་གི་ཕྲེང་པོ་ནི་མྲྀ་ཏོག་གི་ཆུན་འཕྱང་ངོ་།། རྒྱན་གྱིས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པ་ལས ་གཞན་པ་དག་ཡིན་པར་ཤེས་པར་བྱ་སྟེ། དྲ་བ་ལ་སོགས་པ་དེ་རྣམས་ཀྱིས་བསྐོར་བ་ནི་ཀུན་ནས་བསྐོར་ཏེ་མཛེས་པར་བྱས་པའོ།། བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོ་སྟེ། དེའི་རྒྱུ་མཐུན་པ་ལས་བྱུང་བ་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའི་དང་པོའི་རྡོ་རྗེ་ནི་བདེ་བ་ཆེན་པོའི་རྡོ་རྗེའོ།། རྡོ་རྗེ་དང་། རྡོ་རྗེ་རིན་པོ་ཆེ་དང་། པདྨ་དང་སྣ་ཚོགས་རྡོ་རྗེ་ནི་རྡོ་རྗེ་ཀུན་ནོ།། བདེ་བ་ཆེན་པོའི་རྡོ་རྗེ་ཆེན་པོ་དང་། རྡོ་རྗེ་ཀུནྡ་ཀྵ་མངོན་པར་འདུས་བྱས་པ་ནི ་ལས་བྱས་ཤིང་བསྐྱེད་པ་ཞེས་བྱ་བའི་ཐ་ཚིག་གོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གནས་རྣམས་ཀྱིས་གཞིར་གྱུར་པས་ན། རྡོ་རྗེ་སེམས་དཔའི་བཞུགས་གནས་ཆེ་ཞེས་བྱས་ཏེ། དྲི་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད ་ཀྱི་རྡུལ་པཱུ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་འདུས་པར་མཛད་པས་ན། སངས་རྒྱས་ཀུན་གྱིས་རྗེས་བརྟན་པ་ཞེས་བྱའོ།། བྱང་ཆུབ་ཀྱི་རང་བཞིན་ཅན་གྱི་སེམས་དཔའ་ནི་བྱང་ཆུབ་སེམས་དཔའ་སྟེ་རྡོ་རྗེ་སེམ ་དཔའོ།། དེའི་གནས་སུ་གྱུར་པ་དེ་ཉིད་ཀྱིས་ན་མཆོག་གོ།། རྡོ་རྗེ་འཆང་བ་ཀུན་ནི་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་ལ་སོགས་པ་དང་། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་དེ་རྣམས་ཀྱིས་གནས་ནི ་བཞུགས་པའོ།། དེ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཆེན་པོ་ནོར་བུ་རིན་ཆེན་གྱིས་མཆོག་ཅེས་བྱ་བ་ཡིན་པས་ན། དེ་ལྟོ་བུ་གྲང་ཡིན་པ་དེ་ལ་ནི། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། ནོར་བུ་རིན་ཆེན་མཆོག་ཅེས་བྱ་ཞེས་བྱ་བའོ།། རྡོ་རྗེ་ཆེན་པོའི ་གཞལ་ཡས་ཁང་། དེ་ནས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་བཞུགས་པ་ནི་རྣམ་པར་གནས་པར་མཛད་པའོ།། དེ་ཇི་ལྟ་བུ་ཞེ་ན། ཐོག་མ་ཐ་མ་མེད་སེམས་དཔའ་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། དེ་ལ་ཐོག་མ་ཐ་མ ་མེད་པ་ལ་སོགས་པ་ནི་བཤད་ཟིན་པའོ།། སྣ་ཚོགས་བཙུན་མོའི་ཚོགས་བཅས་པར་ཞེས་བྱ་བ་ལ་སྣ་ཚོགས་ཞེས་བྱ་བ་ནི་ཎྱ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅནོ།། བཙུན་མོའི་ཚོགས་གང་ཞིག་དང ་ལྡན་ཅིག་བཞུགས་ཞེ་ན། རྡོ་རྗེ་ལྷ་མོས་ཡོངསུ་བསྐོར་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་མཚོན་ཆ་མོ་དང་། རྡོ་རྗེ་ཀཱི་ལི་ཀཱི་ལི་དཛྲ། རྡོ་རྗེ་དྲན་མ་དང་། རྡོ་རྗེ་སྙེམས་པ་ལ་སོགས་པའི་རྡོ་རྗེ་ལྷ་མོ་རྣམས་ཀྱིས་ཡོངསུ་བསྐོར་བ་ཡིན་གྱིས། ་འཁོར་བའི་བུད་མེད་རྣམས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ནཱ་དེ་ནས་དང་པོའི་གནས་ཉམས་དགའ་ཞེས་བྱ་བ་ནས་བརྩམས་ཏེ་རྡོ་རྗེ་ལྷ་མོས་ཡོངསུ་བསྐོར་ཞེས་བྱ་བའི་བར་གྱིས་བཤད་པས་ནི་ཏིང་ངེ ་འཛིན་དང་པ་གསུངས་པ་ཡིན་ནོ།། ད་ནི་བྲ་ཆེན་རབ་གྲུབ་ཕྱིར་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ཏེ། ཐར་པ་ཆེན་པོ་རབ་ཏུ་གྲུབ་པ་ནི་བདེ་བ་ཆེན་པོས་རབ་ཏུ་གྲུབ་པའོ།། གདུལ་བྱ་རྣམས ་ཀྱི་འདོད་ཆགས་ཆེན་པོ་རྣམ་པར་དག་ཅིང་འདོད་ཆགས་ལོ་སོགས་པོ་དང་བྲལ་བས་སེམས་ཅན་སྨིན་ཅིང་གྲོལ་བའི་ཚུལ་གྱིས་འགྲུབ་བོ།། མ་ལུས་འདུལ་བ་ནི་སེམས་ཅན་གྱི་ཁམས་སྐུལ་བ་དང་ལྡན་པ་དང་། མི ་ལྡན་པ་རྣམས་ཀྱི་བྱང་ཆུབ་ཆེན་པོར་བསྐྱེད་པ་ནི་མ་ལུས་འདུལ་བ་སྟེ། དེའི་དོན་དུའོ།། དངོས་གྲུབ་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཀྱི་རྒྱུན་རྣམས་གྲུབ་པ་སྟེ། དེ་རབ་ཏུ་གྲུབ་པའི་ཕྱིར ་བཅོམ་ལྡན་འདས་ཀྱིས་ཉེ་བའི་སྙིང་པོ་དང་བཅས་པའི་སྙིང་པོ་བསྐལ་པ་དང་པོར་གསུངསོ་ཞེས་བྱ་བར་སྦྱར་རོ།། བཅོམ་ལྡན་འདས་ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཚུལ་ནི་དམ་ཚིག་གོ།། དམ་ཚིག་མཆོག་ནི་དེ་བཞིན་གཤེགས་པ་རྣམས་ཏེ་ངོ་རྣམས་ཀྱི་དམ་ཚིག་ནི་འདའ་བར་མི་བྱའོ།། རྒྱལ་པོས་ཀྱང་ནི་བསྲུང་བར་བྱ་ཞེས་བྱ་བ་ནི་རྡོ་རྗེ་སེམས ་དཔའ་འདུལ་བའི་གདུལ་བྱའི་སེམས་ཅན་གང་ཡིན་པ་ལ་རྡོ་རྗེ་སེམས་དཔའི་ཚུལ་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ངེས་པར་སྤྲུལ་པར་བྱ་བ་ཡིན་པས་ངེས་ན། རྒྱལ་པོས་ཀྱང་ནི་བསྲུང་བར་བྱ་ཞེས་བྱ་བ་སྟེ་བཅོམ ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོའོ།། རྡོ་རྗེ་སྙེམས་པའི་ཚུལ་འཆང་ཞིང་། སྙེམས་དང་བཅས་པའི་རྡོ་རྗེ་གསོར་ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དེ་ཉིད་མངོན་སུམ་དུ་བྱེད་པའོ།། ཕྱག་རྒྱ་ཐམས་ཅད་མྱུར་གྲུབ་ཕྱིར ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐམས་ཅད་རིངས་པར་གྲུབ་པར་བྱ་བའི་ཕྱིར་རོ།། རྡོ་རྗེ་སེམས་དཔའ་མཆོག་གྲུབ་ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོ་རྟོགས་པའི་གདུལ ་བྱ་རྣམས་ཀྱི་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཀྱི་མཆོག་གྲུབ་པའི་ཕྱིར་རོ།། དངོས་གྲུབ་ཀུན་གྱི་ཐབས་ཆེན་པོ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པོའི་དངོས་གྲུབོ་རྣམས་ཐོབ་པར་བྱ་བའི་ཕྱིར་ཏེ་ཐབས་ཀྱང ་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་པོའོ།། བསོད་ནམས་ཀུན་གྱི་ཆེར་མཐོ་བ་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འངས་པའི་བསོད་ནམས་ཐམས་ཅད་ནི་བསོད་ནམས་ཀུནོ།། དེ་རྣམས་ཀྱི་ཆེན་པོ་ཡང་ཡིན་ལ ་མཐོ་བ་ཡང་ཡིན་པས་བསོད་ནམས་ཆེར་མཐོ་བ་སྟེ། སྙིང་པོ་དེ་དེའི་རྒྱུར་གྱུར་པའི་ཕྱིརོ།། ཡེ་ཤེས་ཕྱག་རྒྱ་ཡང་དག་ལྡན་ཞེས་བྱ་བ་ནི་ཨ་ནུ་རཱ་གཱ་ཡ་མི་ཞེས་བྱ་བའོ།། བཟླས་པའི་དོན་གྱི་ཡེ་ཤེས་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་དེ་དང ་བཅས་ཤིང་ཡང་དག་པར་ལྡན་པས་ཡེ་ཤེས་ཡེ་ཤེས་ཀྱི་ཕྱག་རྒྱར་ལྡན་པའོ།། དེ་སུ་ཞིག་ཡིན་ཞེ་ན། སྙིང་པོ་ཆེན་པོ་ཞེས་བྱ་བ་གསུངས་ཏེ་ཡི་གེ་ཧཱུཾ་ཞེས་བྱ་བའི་ཐ་ཚིགྲོ། དེ་ཉིད་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་བླ་ན་མེད་པ ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟོན་པར་བྱེད་པས་ནི་ངོམ་པ་ཡིན་ཞེས་བྱའོ།། གང་གིས་ཞེས་བྱ་བ་ནི་སྙིང་པོ་གང་གིསཽ་སོ།། བསོད་ནམས་མི་ལྡན་པ་འམོ་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་ལ་སོགས་པའི་ལས་རྣམས་བྱེད ་པ་ཡང་ངོ་།། ང་བཞིན་དཀྱིལ་འཁོར་མེད་པའང་ཡིན་ཞེས་བྱ་བ་ནི་དཀྱིལ་འཁོར་དག་ཏུ་ཇི་ལྟ་བ་བཞིན་དུ་མ་ཞུགས་པའོ།། དོན་ཡོད་པ་ནི་འབྲས་བུ་ཡོད་པའོ།། དེ་ཉིད་ཀྱིས་ན་ཐོགས་པ་མེད་པའོ།། མྱུར་བ་ནི་ཚེ་འདི་ཉིད་ལ་ཕྱག་རྒྱུ ་ཆེན་པོ་ལ་སོགས་པའི་དངོས་གྲུབ་མྱུར་དུ་ཐོབ་པའོ།། མཆོགཽ་ནི་དམ་པའོ།། དངོས་གྲུབ་ཐམས་ཅད་རྙེད་མི་དཀའ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རྙེད་པར་དེ་ཀའ་བ་མ་ཡིན་པར་འགྱུར་རོ།། ། ་བདེ་བ་ཆེན་པོ་རྡོ་རྗེ་ཆེ་ཞེས་བྱ་བ་ནི་བླ་ན་མེད་པའི་བྱང་ཆུབ་སྟེ། དེའི་གསང་བའི་མཆོག་གི་དམ་ཚིག་ཐོབ་པའི་རྒྱུའོ།། བརྟན་པ་ནི་སྙིང་པོ་སྟེ། རྡོ་རྗེ་ལྟར་མི་ཕྱེད་པའོ།། དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི་རིགས་ཐམས ་ཅད་ལ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་པོ་གང་དག་བཤད་པ་དེ་རྣམས་དང་པོའི་ཚུལ་ནི་ཡི་གེ་ཧཱུཾ་ཡིན་པས་སྒྲུབ་ཅིང་བསྐྱེད་པར་བྱེད་པའི་རྒྱུ་ཡིན་ཏེ་གང་གི་ཕྱིར་ཡི་གེ་ཧཱུ~ཾ་བཟླས་པས་དེ་དག་ཐམས་ཅད་གྲུབ་པར་གྱུར་པ་དེས་ན།། ་རྟག་པ་ཐམས་ཅད་མྱུར་གྲུབ་བྱེད་ཅེས་བྱ་སྟེ་དུམ་བུ་དང་པོ་དང་། གཉིས་པར་རྡོ་རྗེ་སེམས་དཔའ་ལྔ་སོགས་པའི་རྡོ་རྟོག་པ་གྲོང་དག་བཤད་པ་དེ་རྣམས་མྱུར་དུ་སྒྲུབ་པར་བྱེད་པ་ཡི་ནོ།། ཐོགས་མཐའ་མེད་ཅིང་ཞེས་བྱ་བ་ནི། དྲང་པོ་ཞེས ་བྱ་བ་ནི་ཐོག་མར་སྐྱེས་པའོ།། ཐོ་མ་ནི་དུསོ་མཚམས་མེད་པའི་མྱ་ངན་ལུས་འདས་པའོ།། གང་ལ་གཉིས་པོ་དེ་དག་མེད་པ་དེ་ནི་ཐོག་མཐའ་མེད་པ་སྟེ། ད་ལྟར་བྱུང་བའི་ངོ་བོས་རྟག་ཏུ་བཞུགས་པའོ།། དང་པོར་བྱུང་ཞེས་བྱ་བ་ནི་བསྐལ ་པོ་བཟང་པོ་ལ་སོགས་པའི་དང་པོར་ཡང་ད་ལྟར་བྱུང་བའི་ངོ་བོ་ཉིད་ཁོ་ན་བྱུང་བའི་ཕྱིར་རོ།། མཆོག་དང་པོ་ཞེས་བྱ་བར་བཤད་ཅེས་བྱ་བ་ལས་མཆོག་ནི་དུམ་པའོ།། དང་པོ་ནི་བསྐལ་པ་བཟང་པོའི་ཐོག་མར་རོ།། བཤད་ཅེས་བྱ། ་བ་ནི་བསྟན་ཅིང་བསྒྲགས་པའོ།། ཚིག་ཀུན་གྱིས་ནི་ཅི་འདོད་དང་ཞེས་བྱ་བ་ལ་ཚིག་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཚིག་ཐམས་ཅད་སྟེ། གླུའི་ཚུལ་བདུན་ནོ།། ངེས་གདུལ་བྱ་ཇི་སྐད་འདོད་པ་བཞིན་དུ་གསུངས་པོས ་ན་ཚིག་ཀུན་གྱིས་ནི་ཅི་འདོད་པ་ཞེས་བྱའོ།། ཆགས་པ་ཀུན་གྱིས་ཅི་དགའ་བར་ཞེས་བྱ་བ་ནི་གླུའི་ལམ་གྱི་ཆགས་པ་ཞེས་བྱ་བ་གདངས་ཀྱི་བྱེ་བྲག་རྣམས་ཀྱིས་ཅི་དགའ་བར་ཞེས་བྱ་བ་གདུལ་བྱ་རྣམས་རྡོ་རྗེ་སེམས་དཔའ་ལ་སེ ་པ་ཐོབ་པར་བྱ་བའི་ཕྱིར་ཇི་ལྟར་དགའ་ཞིང་སྲེད་པ་དེ་བཞིན་དུ་སྙིང་པོ་དེ་གསུང་བར་མཛད་པའོ།། ཨ་ནུ་རཱ་ག་ཡ་མི་ཞེས་བྱ་བ་ནི་རྗེས་སུ་ཚོགས་པར་བྱའོ་ཞེས་པ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་རང་བཞིན་ཐབས་དང་ཤེས ་རབ་ཀྱི་ངོ་བོ་ཇི་ལྟ་བོ་བཞིན་དུ་གནསྡུ་པ་ཡང་དང་ཡང་དུ་མངོན་དུ་བྱའོ།། ཞེས་བྱ་བ་ནི་རྗེས་སུ་ཆགས་པར་བྱ་བའོ་ཞེས་བྱ་བ་ཡིན་ནོ།། ཇི་བཞིན་དབབ་པའི་ཡེ་ཤེས་འཇུག་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས ་པས་མངོན་སུམ་དུ་བྱ་བ་ནི་ཇི་བཞིན་དབུབ་པ་སྟེ། དེར་འབབ་པ་ནཱཾ་ཡེ་ཤེ་སོ།། དེ་ལ་འཇུག་པ་ནི་མངོན་སུམ་དུ་བྷཱ་བའོ།། དེ་བས་ན་ཇི་ལྟ་བུ་བཞིན་དུ་འབབ་པའི་ཡེ་ཤེསཱ་ལ་རབ་ཏུ་འཇུག་པས་ན། ཅི་ཞིག་འབབ་པའི་ཡེ་ཤེས་འཇུག ་ཅེས་བྱའོ།། ཉེ་བའི་སྐྱོད་བཅས་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་དང་ལྷན་ཅིག་དུ་བབྱས་པའི་སྙིང་པོའོ།། ཉིད་ཅེས་བྱ་བ་ནི་ངེས་པར་གཟུང་བ་སྟེ་ཉེ་བའི་སྙིང་པོ་དང་བཅས་པའི་ཁོ་ནའོ།། བསྐལ་པ་དང་པོ་ཞེས་བྱ་བ་ནི་བསྐུལ་པ་བཟང་པོ་ལ ་སོགསོ་བའི་དང་པོ་སྟེ་ཐོག་མར་རོ།། གསུངས་ཞེས་བྱ་བ་ནི་བཀའ་སྩལ་པའོ།། འདི་སྐད་སྟོན་པ་ཡིན་ཏེ། བསྐལ་པ་བཟང་པོའི་དང་པོར་ཆགས་པའི་བསྐལ་པའི་ཚེ་སངས་རྒྱས་ཀྱི་ཞིང་ན་མཁར་གྱུར་པར་བཅོམ་ལྡན་འདས་རྡོ ་རྗེ་སེམས་དཔའ་ཇི་སྐད་དུ་བཤད་པའི་གཞལ་ཡས་ཁུང་དུ་བཞུགས་ནས་དྲང་པོ་ཁོ་ནར། ཨ་ནུ་རཱ་གཱ་ཡ་མི་ཧཱུཾ་ཞེས་བྱ་བའི་ཉེ་བའི་སྙིང་པོ་ཧཱུཾ་དང་བཅས་པ་བཅོམ་ལྡན་འདས་ཀྱིས་ཇི་ལྟ་བ་བཞིན་དུ་གསུངས ་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་གོ།། འདི་ནི་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་དང་བཅས་པ་ཡི་གེ་ཧཱུཾ་ངོ་།། གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་བཀའ་སྩལ་པ་ཙམ་གྱིསོ།། སངས་རྒྱས ་ཐམས་ཅད་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པའོ།། སྲས་བཅས་པ་ནི་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང་བཅས་པའོ།། རྡོ་རྗེ་འཛིན་བཅས་ནི་རྡོ་རྗེ་སེམས ་དཔའ་དང་བཅས་པའོ།། རྡོ་རྗེ་འཛིན་བཅས་ནི་རྡོ་རྗེ་སེམས་དཔའ་དང་། རྒྱལ་པོ་དང་ཆགས་པ་དང་། ལེགས་པ་ལ་སོགས་པ་རིག་པའི་ལྷོ་ཐམས་ཅད་དང་བཅསྔོ་པོའོ།། རྡོ་རྗེ་འཛིན་པ་ཆེན་པོ་ན་མཁའི་ཁམས་ཐམས་ཅད་ན་རྟག་ཏུ ་བཞུགས་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་དངོས་པོ་ཐམས་ཅད་ཀྱི་བདག་ཉིད་ཅན་ཡིན་པས་སྣ་ཚོགས་པའོ།། དེ་དང་ལྷན་ཅིག་གི་སྐད་ཅིག་གིས་འདུས་ཤིང་བྱོན་ནས་གཅིག་ཏུ་ཚོགས་པར་མཛད་པས་ནི་དེ་སྐད་ཅེས་བྱའོ།། ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔས་རབ་ཏུ་བསྐུལ་བསོ།། ཐོག་མར་ཞེས་བྱ་བ་ནི་ཆགས་པའི་བསྐལ་པའི་ཐོག་མ་སྟེ་བསྐལ་པ་བཟང་པོའི་དང་པོའི་ཚེ་ནའོ།། ཡུད་ཀྱི་བྱ་བ་ནི་ཡུད་ཙམ་ཁོ་ནས་ཡིན་གྱི ་དུས་གཞན་དུ་ནི་མ་ཡིན་ནོ།། འཇིག་རྟེན་གསུམ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་མེད་པའི་ཁམས་ཀྱི་རང་བཞི་ནོ།། ཕྱུང་བ་ནི་བསྐྱེད་པའོ།། དེ་གང་གིས་ཕྱུང་ཞེ་ན། འདུས་པར་གྱུར་ནས་གཤེགས་པའི་རྣམ་པར་སྣང་མཛད་ལ་སོགས ་པའི་ཇི་སྐད་དུ་བཤད་པའི་བདེ་བར་གཤེགས་པ་རྣམས་ཀྱིསོ།། དེ་ལྟར་དེས་སེམས་ཅན་གྱི་ཁམས་བསྐྱེད་ནས་ཅི་ཞིག་མཛད་ཅེ་ན། དངོས་གྲུབ་དྲིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་ཇི་ལྟར་བསྐྱེད་པ་དེ ་སངས་རྒྱས་ཉིད་དམ། རྡོ་རྗེ་འཛིན་ཉིད་དུ་ཇི་ལྟར་འགྱུར་བ་དེ་ལྟར་སྟོན་ཅིག་ཅེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དྲིས་པ་ཡིན་ནོ།། ཇི་ལྟར་དྲིས་པ་ཡིན་ཞེ་ན། ཇི་ལྟར་འགྲོ་བ་རང་གྲུབ་ཅེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་གྱི ་རང་བཞིན་ཅན་གྱི་ཁམས་གསུམ་པའི་སེམས་ཅན་གྱི་ཁམས་རྣམས་སངས་རྒྱས་པ་ཉིད་དམ། རྡོ་རྗེ་འཆང་ཉིད་དུ་ཇི་ལྟར་འགྲུབ་པར་འགྱུར། དེ་བཞིན་གཤེགས་པ་དེ་དག་རང་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་དྲིས ་པར་གྱུར་པའོ།། དེ་རྣམས་ཀྱི་ཞེས་བྱ་བ་ནི་བདེ་བར་གཤེགས་པ་རྣམས་ཀྱིའོ།། བཀའ་གསན་ནས་ནི་ཇི་སྐད་དུ་བཤད་པའི་རང་བཞིན་ཅན་གྱིས་ཞེས་པས་ངེས་པར་གཟུང་ནས་སོ།། རྡོ་རྗེ་འཛིན་ཞེས་བྱ་བ་རྡོ་རྗེ་སེམས་དཔའོ།། ཇི་ལྟ ་བུ་ཞེ་ན་རང་ཉིད་ཀྱིས་ཞེ་བྱ་བ་ལ་སོགས་པ་སྨོས་ཏེ། རང་ཉིད་ཀྱིས་ཞེས་བྱ་བ་ནི་བདག་ཉིད་ཁོ་ནས་སོ།། འགྲོ་བ་ནི་སེམས་ཅན་གྱི་ཁམསོ།། འབྱིན་པ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་བསྐྱེད་པའོ།། ས ་རྒྱས་ཉིད་ལ་སོགས་པ་གསོལ་བར་མཛད་པས་ན་སྩོལ་བའོ།། སངས་རྒྱས་ཉིད་ལ་སྩོགས་པ་ཐོབ་པར་བྱེད་པའི་རྒྱུར་གྱུར་པ་སྟོན་པར་མཛད་པས་ན་སྟོན་པའོ།། དེ་ཉིད་ནི་སངས་རྒྱས་ཉིད་ལ་སོགས་པ་བསྐྱེད ་བར་མཛད་པས་ན་བྱེད་པའོ།། ཚིག་ནི་འདི་སྐད་ཅེས་གསུངས་ཞེས་བྱ་བ་ནི་བཀའ་སྩལ་པར་གྱུར་པའོ།། ཚིག་ཇི་ལྟ་བ་ཞིག་གསུངས་ཞེ་ན?། འཇིག་རྟེན་འདོད་ཆགས་དང་ཞེས་བྱ་བ་ལ་སྩོགས་སྨོས་ཏེ། ཉན་ཐོས་དྲང་རང་སངས་རྒྱས ་ཀྱི་མྱ་ངན་ལས་འདས་པའི་སེམས་ནི་སངས་རྒྱས་ཀྱི་བྱང་ཆུབ་ལས་ཕྱིར་ཕྱོགས་པ་ཡིན་ན་ཆགས་པ་དང་བྲལ་བའོ།། དེས་འ་དུལ་བའི་སེམས་ཅན་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་འཇོག་ཅིང་དགོད་པས་ནི། ་འདུལ་བ་སྟེ། དེ་ལྟ་བུས་འདུལ་བའི་འཇིག་རྟེན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར་ཞེས་བྱ་བ་ནི་འདོད་ཆགས་བྲལ་བྱས་འདུལ་བའི་འཇིག་རྟེན་ནི་ཇི་སྐད་དུ་བཤད་པའི་ཉན་ཐོས་དྲུང་རང ་སངས་རྒྱས་ཀྱི་བྱང་ཆུབ་བསྒོམས་པའི་སེམས་ཉིད་ཀྱིས་དག་པར་འགྱུར་ཞིང་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་རོ།། འདི་རེ་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་དོན་དུ་གཉེར་བའི་འཇིག་རྟེན་རྡོ་རྗེ་ཐེག་པ་འདི་ལའོ།། འདོད་ཆགས་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་སྟེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ།། བདེ་ཆེན་པོ་ཞེས་བྱ་བོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ ་ཀྱི་ངོ་བོར་ཐར་པ་ཆེན་པོའོ།། ཇི་ལྟར་ཞེས་བྱ་བ་ནི་ཐབས་གང་གིས་གང་ན་ཞེས་རྣམ་པར་རྟོག་པའོ།། འགྲུབ་པར་འགྱུར་ཞེས་བྱ་བ་ནི་མངོན་སུམ་དུ་བྱེད་ཅིང་རྫོགས་པར་བྱེད་པའོ།། དེའི་ཚིག་དེ་གསན་པ་དང་ཞེས་བྱ་བ་ནི་དབུལ ་རྡོ་རྗེ་སེམས་དཔའི་ཚིག་འཇིག་རྟེན་ཆུ་གོས་བྲལ་ཞེས་བྱ་བ་ནས་འགྲུབ་པར་འགྱུར་ཞེས་བྱ་བའི་བར་གསན་པ་དང་། རྒྱལ་བ་རང་ཉིད་ཀྱིས་ཚིག་འདི་སྐད་གསུང་ཞིང་བཀའ་སྩལ་ཏོ།། ཚིག་ཇི་ལྟ་བུ་གསུང་ཞེ་ན། ཁྱོད་ནི ་ཐུབས་ཆེན་ཉིད་ཡིན་ཏེ། ཞེས་བྱ་བ་སྨོས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་ཁྱེད་ཉིད་ཐབས་ཆེན་པོ་ཡིན་ནོ་ཞེས་བྱ་བ་སྟེ་ཉིད་ཅེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏོ།། བྱང་ཆུབ ་སེམས་དཔའ་སྟེ་ཐོག་མའི་ལྷ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་སེམས་ཏེ། དེའི་རྒྱུ་མཐུན་པས་བྱུང་བའི་ལྷག་པའི་ལྷོ་ཡིན་པས་ན་བྱང་ཆུབ་སེམས་ཏེ་ཐོག་མའི་ལྷ་ཞེས་བྱ་བ་ལཾ་ལྷག ་བའི་ལྷ་ཉིད་ཡིན་པས་ན་ལྷག་པའི་ལྟ་སྟེ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་ཐ་ཚིགོ།། དེ་ཡང་བཅོམ་ལྡན་འདས་སེམས་ནི་འདོད་ཆགས་ཆེན་པོ་སྟེ། འདིའི་ལྷ་ཉིད་དོ་ཞེས་འོག་ནས་བཤད་པ་ཡིན་ནོ།། ་འདིས་ནི་དོན་འདི་སྐད་སྟོན་ཏེ་གང་གི་ཕྱིར་ཁྱེད་ནི་གདུལ་བྱ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ལྷག་པའི་ལྷ་ཉིད་ཡིན་ལ་དེ་བས་ནི་ཁྱོད་ཉིད་འདོད་ཆགས་ཆེན་པོ་དང་བདེ་བ་ཆེན་པོ་དགའ་བ་བསྐྱེད་པའི་ཕྱིར་རྒྱུར་གྱུར་པ་ཡིན ་གྱི་གཞན་མ་ཡིན་པས་ན་འདོད་ཆགས་ཆེན་པོ་བ་བ་།། ཇི་ལྟར་འདི་ནི་གྲུབ་པར་འགྱུར་ཞེས་རྙོག་པ་འདིས་ཅི་ཞིག་བྱ་ཞེས་བྱ་བཱ་རཱི་བྷཱུ་ཚི་གོ། ཇི་སྲིད་འཁོར་བའི་གནས་སྒྱུ་ནི་ཞེས་བྱ་བ་ལ་སོག ་བ་ནི་བཤད་ཟིན་ཏོ།། ཇི་སྲིད་སེམས་ནི་རྣམ་རྟོག་པ་ཞེས་བྱ་བ་ལ་སོགས་པ་ལ། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་ཅེས་བྱ་བས་སེམས་ཅན་གཅིག་གི་ཚད་དུ་ཡང་ཕྱི་མའི་མཐར་ཐུག་པ་མེད་པར་གནས་པར ་མཛད་པས་ཇི་སྲིད་སྨོན་ལམ་གྱི་སྟོབས་ཀྱིས་འཕངས་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཡོད་པར་གྱུར་པ་དེ་ཇི་སྲིད་ཀྱི་བར་དུ་འཁོར་བ་ཆེན་པོར་མི་གནས་པའི་མྱ་ངན་ལྔས་འདས་པའི་རང ་བཞིན་ཅན་གྱི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་བ་ཡིན་ནོ།། བྱང་ཆུབ་སེམས་ཅན་ལུ་ཕུན་ཕྱིརོ།། རྡོ་རྗེ་ཅན་གྱིས་ཅི་བདེར་གྱིས་ཞེས་བྱ་བ་ལ་བྱང་ཆུབ་ནི་བླ་ན་མེད་པ་ཡང་དག་པར་རྫོ་གོས་པའི་བྱང་ཆུབ་བོ།། སེམས ་ཅན་སྐལ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཉིད་དུ་བསྒྲུབ་པ་ནི་ཕྱིན་པའི་བཱི་ར་ཞེས་བྱ་བ་དེའི་དོན་དུ་ཀྱེ་རྡོ་རྗེ་རྡོ་རྗེ་འཆང་བ་ཅི་བདེ་བར་གྱིས་ཤིག་ཅེས་དྷི་སྐད་ཛྷ་རྗེ་སེམས་དབསྟེ་གསྦྱངས་པ་ཡིན་ནོ།། འདི་སྐྱེད་སྟོན་པ ་ཡིན་ཏེ་ཐབས་དང་ཤེས་རབ་ཀྱིས་འདུལ་བའི་གདུལ་བྱ་རྣམས་ཀྱི་ཕྱིར་ཁྱེད་ཀྱི་རང་བཞིན་ཐོས་པ་དང་། བསམ་པ་དང་། བསྒོམས་པའི་རང་བཞིན་ཅན་གྱི་སྟོབས་ཀྱི་གདུལ་བྱ་གང་ཞིག་གིས་བསྒྲུབས་ཤིང་མངོན་སུམ་དུ ་བྱསྡུ་པས་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་དེ་ལྟར་གྱིས་ཤིག་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ལ་དེ་སྐད་ཅེས་གསུངས་པ་དང་། རང་གི་ལྷ་མོའི ་དཀྱིལ་འཁོར་བསྐལ་པ་བཟང་པོའི་ཐིག་མ་སྟེ། སྔོན་དུ་གནས་པྲས་དང་པོར་གྱུར་པ་ཐོག་མ་ཞེས་པ་སྔར་སེམས་ཅན་ཐམས་ཅད་གཞུག་པར་བྱ་བའི་ཕྱིར་དཀྱིལ་འཁོར་བྱིན་གྱིས་བརླབས་ཤིང་བརྟན་པར་མཛད ་ནས། རྡོ་རྗེ་ཀུན་གྱིས་ཞེས་བྱ་བ་དེ་བཞིན་གཤེགས་པའི་རིགས་ཀྱིས་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་དེ་རྣམས་ཀྱི་དམ་ཆོག་གི་མཆོག་ནི་དེའི་ལྷ་མོའི་དཀྱིལ་འཁོར་ཏེ་དེ་ལས་སྐྱེས་པའོ།། ་ཇི་བཞིན་ཆོ་གས་སྒྲུབ་པ་ཉིད་ཅེ་སྲྀ་བྱ་བ་ནི་ཇི་ལྟར་བྲིས་པའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་ཆོ་ག་འབྱུང་བར་འགྱུར་བ་དེ་བཞིན་དུ་བསམ་གཏན་གྱི་དཀྱིལ་འཁོར་དུ་རིང་པོར་མ་ལོན་པར་ནི་སྣོད་དུ་འགྱུར་པ ་རྣམས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འཇུག་པ་ལྔ་སྩོགས་པའི་ཚི་ག་མཛད་ལ། དུ་ཆོ་ག་དེས་སངས་རྒྱས་ཉིད་དང་རྡོ་རྗེ་འཛིན་པའི་དངོས་གྲུབ་ཉིད་བསྒྲུབས་པ་ཡིན་ནོ།། དེ་ལྟར་ན་བདེ་བ་ཆེན་པོར་རབ་གྲུབ་ཕྱིར ་འདོད་ཆགས་ཆེན་པོ་དག་ཕྱིར་དང་ཞེས་བྱ་བ་ནས་བརྩམས་ཏེ། ཇི་བཞིན་ཆོ་ག་བསྒྲུབ་པ་ཉིད་ཅེས་བྱ་བའི་བར་གྱིས་བཤད་པས་ན་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིནོ།། དེ་ནས་བསྡུ་བ་སྔོན་བུ་འགྲོ་བ་ལ་སོགས་པས ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ།། ང་ནི་དམ་ཚིག་དང་དབང་བསྐུར་བས་ཐོབ་པས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་འདིའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེ་ས་བྱ་བ་ལ ་སོགས་པས་སློབ་དཔོན་གྱིས་ལས་ཀྱི་ཆོ་ག་རྒྱས་པ་དང་།། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་དེ་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དེ་པས་སེམས་ཅན་ཐམས་ཅད ་དཀྱིལ་འཁོར་དུ་འཇུག་པས་སངས་རྒྱས་ཉིད་དང་། རྡོ་རྗེ་འཛིན་པ་ཉིད་གྲུབ་ཅིང་བསྐྱེད་པར་གྱུར་ནས། དེའི་རྗེས་ཐོགས་ཉིད་ལ་ལྔར། ཇི་ལྟར་འགྲོ་བ་རང་གྲུབ་འགྱུར་ཞེས་དངོས་གྲུབ་འདྲི་བར་མཛད་པ་གང་ཡིན་པའི་བཅོམ་ལྡན ་འདས་དེ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ། དཔལ་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་བྲིས་ནས་སེམས་ཅན་རྣམས་ཇི་སྐད་དུ་གྲུབ་པར་བྱ་བའི་ཕྱིར།། གསོལ་བ་བཏབ་པ་ཡིན་ནོ།། ཇི་ལྟར་གསོལ་བ ་བཏབ་ཅེ་ན། བཅོམ་ལྡན་ཁྱེད་ལ་གསོལ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། སྙིང་པོ་རྟོག་པ་དམ་པ་འདི་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་དང་བཅས་པའི་ཡི་གེ་ཧཱུ~ཾ་གི་རྟོག་པ་དམ་པ་སྟེ། མཆོག་ཏུ་གྱུར་པ་བཤད ་དུ་གསོལ་ཞེས་ཤུགས་ཀྱིས་སྦྱར་རོ།། ལས་ཅི་ཞིག་བྱེད་པ་ཞེ་ན། བདེ་ཆེན་མྱུར་དུ་གྲུབ་པའི་ཞེས་བྱ་བ་གསུངས་ཏེ། ཐར་པོ་ཆེན་པོ་མྱུར་བ་ཉིད་དུ་སྒྲུབ་པར་བྱེད་པའོ།། དེ་རྣམས་ཀྱིས་ནི་བཀའ་གསན་ནས་ཞེ་ས་བྱ་བ་ནི ་བཅོམ་ལྡན་འདས་རྡོ་རྗེ་སེམས་དབུས་དེ་གསྨན་ནས། རྡོ་རྗེ་སེམས་དཔའ་བདེ་ཆེན་པོ་ཞེས་བྱ་བ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ནི་ལྷ་མོའི་དཀྱིལ་འཁོར་གང་ཡིན་པ་དེ་བཀའ་སྩལ་པ་ནི་གསུངས་པའོ།། ་དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟོན་པའི་ཚི་གོ། གང་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ་གང་གི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་མེད་པར་གདུལ་བྱ་སྐལ་པ་དང་ལྡན་པ་རྣམས་སངས་རྒྱས་རྣམས་ཉིད་དམ། རྡོ་རྗེ་འཛིན་པ་ཉིད་བསྟན ་པའི་སྣོད་དུ་མི་འགྱུར་རོ།། དེ་བས་ན་དེ་རྣམས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བསྟན་པའི་སྣོད་དུ་གྱུར་པ་རྣམས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྟན་ཅིང་སྐལ་པ་ཉིད་དུ་ས་བོན་བསྐྱེད་པར་བྱ་བའི་ཕྱིར ་དཔལྔ་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་ཆེན་པོ་དམ་པོ་སྟེ་མཆོག་ཏུ་གྱུར་པ་ཡང་དག་པར་བཤད་པར་བྱའོ་ཞེས་པའོ།། མིང་ཇི་སྐད་ཅེས་བྱ་ཞེ་ན།། བདེ་བ་ཆེན་པོ་རྡོ་རྗེ་མཆོག། གསང་བ་དམ་པ་ཞེས་བཤད་དོ།། ཞེས་གསུངས ་པ་ཡིན་ཏེ་བཤད་དོ་ཞེས་པ་ནི་བསྟན་པ་ཞེས་པའོ།། དམ་ཚིག་གསུམ་ཞེས་བྱ་བ་ནི་རྡོ་རྗེ་དང་། དྲིལ་བུ་དང་། ཕྱག་རྒྱ་ནི་དམ་ཚིགུ་གསུམ་པོ་གང་གིས་འདི་དག་ཐོབ་པ་ནི་དམ་ཚིག་གསུམ་ཐོབ་པའོ།། སློབ་དཔོན་དུ་རབ་ཏུ་གྱུར ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་དབང་བསྐུར་བར་གྱུར་པ་ནི་སློབ་དཔོན་དུ་རབ་ཏུ་གྱུར་པ་ཡིན་ནོ།། རང་གི་ཕྱག་རྒྱ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ་རང་གི་ཕྱག་རྒྱ་དེས་འཁོར་ལོའི ་ཆོ་ག་ཐམས་ཅད་བྱའོ།། ཇི་ལྟ་བུ་ཞེ་ན། རྟག་ཏུ་རྡོ་རྗེ་དྲིལ་བུ་འཆང་ཞིང་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དཀྱིལ་འཁོར་གྱིས་ལས་ལ་རྡོ་རྗེ་དང་དྲིལ་བུ་རྟག་ཏུ་འཆང་བས་དཀྱིལ་འཁོར ་ཐམས་ཅད་ཀྱི་ལས་རྣམས་རྟག་ཏུ་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། ཅིའི་ཕྱིར་རྡོ་རྗེ་དང་དྲིལ་བུ་བཅང་བར་བྱ་ཞེ་ན། གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ངོ་བོའི་རྟོག་པ་ཐམས་ཅད་ནི་རྡོ་རྗེ ་དང་དྲིལ་བུ་འཆང་བའི་སྟོབས་ཀྱིས་དཀྱིལ་འཁོར་དུ་འཇུག་ཅིང་རླབ་ཏུ་འཛེག་པར་འགྱུར་རོ།། དྲེ་བས་མཽ་དཀྱིལ་འཁོར་ཐམས་ཅད་དུ་རབ་ཏུ་འཇུག་ཅིང་འབེབས་པར་བྱེད་པའི་རྡོ་རྗེ་དྲིལ་བུ་ལཱ་ནི་དམ་ཚིག་གསུམ་ཞེས་བྱའོ།། ་རྡོ་རྗེ་ཐམས་ཅད་ཡང་དག་པར་འབེབས་པས་དེ་ནི་སྔགས་གྲུབ་པའི་ཕྱག་རྒྱ་ཡིན་ནོ།། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་ན་རྡོ་རྗེ་དྲིལ་བུ་བཀྲོལ་བར་བྱའོ།། རྡོ་རྗེ་དང ་དྲིལ་བུ་བསྒྲགས་པ་ངེས་ཇི་ལྟར་འགྱུར་ཞེ་ན། ཆོ་ག་ལྡེག་མ་མི་ཚང་ཡོང་། འགྲུབ་འགྱུར་སྨད་པར་མི་བྱའོ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་འབྲང་བྱས་འཇུག་པར་གྱུར་ཀྱང་། གལ་ཏེ་བག་མེད་པར་ཆོ་ག་ལྷག་པ་འམ་མ ་ཚང་བར་གྱུར་ན་འདི་ལ་དྲིལ་བུའི་སྒྲས་བསྐང་བར་བྱས་ཏེ་ཉེས་པ་གཉིས་དང་ལྡན་པར་གྱུར་པའི་རྣལ་འབྱོར་པ་ནི་ཇི་ལྟར་མངོན་པར་འདོད་པའི་དངོས་གྲུབ་ངེས་པར་འགྲུབ་པར་འགྱུར་རོ།། དེ་ནི་ཉེས་པ་གཉིས་པོ་དེས ་སྨད་པར་བྱ་བ་མ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། ཡང་དཀྱིལ་འཁོར་ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དཀྱིལ་འཁོར་གནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས་སྦྱང་བ་དང་ཡོངས་སུ་གཟུང་བྱ་དང་། བྱིན་གྱིས་བརླབ་པའི་ཆོ་ག ་གསང་པོའི་མཐོན་པོ་ལས་གསུངས་པའི་སྦྱོར་བས་སམ། གསང་བའི་རྒྱུད་ལས་བཤད་པའི་ཚུལ་གྱིས་དཀྱིལ་འཁོར་བོར་བྱ་བའི་ཕྱིར་གནས་སྦྱང་བ་ལེགས་པར་བྱས་ལྔ་དཀྱིལ་འཁོར་གྱི་སྒོ་དེའི་དབུས་སུ་དེར་རིག་པའི ་བརྟུལ་ཞུགས་སྔོན་དུ་སྤྱད་པའི་སློབ་དཔོན་གྱིས་དཀྱིལ་འཁོར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ཆོ་གུ་བཞིན་ཞེས་བྱ་བའི་དོན་ཡིནོ།། དེ་ཇི་ལྟརུ་བསྒྲུབ་པར་བྱ་ཞེ་ན། དངོས་གྲུབ་བྱིན་བརླབ་ཆོ་ག་ཡིས་ཞེས་བྱ་བ་གསུངས་ཏེ། དཀྱིལ ་འཁོར་གྱི་དངོས་གྲུབ་བྱིན་གྱིས་བརླབ་པའི་ཆོ་ག་ནི་དངོས་གྲུབ་བྱིན་གྱིས་བརླབ་པའི་ཆོ་གའོ།། དཀྱིལ་འཁོར་གྱི་དངོས་གྲུབ་ཀྱི་རྗེས་ཐོགས་ཉིད་ལ་འོག་ནས་སྟོན་པའི་གླུ་དང་རོལ་མོའི་མཆོད་པའི་ཆོ་གས་བྱ་བ་ཡིན ་ནོ།། དེ་ལ་དཀྱིལ་འཁོར་ཞེས་བྱ་བ་ནི་ལྷ་མོའི་དཀྱིལ་འཁོར་ཏེ་བསྒྲུབ་པར་བྱའོ།། ད་ནི་དངོས་གྲུབ་བྱིན་གྱིས་བརླབ་པའི་ཆོ་ག་བསྟན་པའི་ཕྱིར། གླུ་དང་རོལ་མོ་ཞེས་བྱ་བ་ལ་སོགས་པ་བསྟན་པ་ཡིན་ཏེ། དེ་ལ་རྡོ་རྗེ་གླུ་ལ་སོགས ་པ་ནི་གྲུའོ།། རྡོ་རྗེ་རོལ་མོ་ལ་སོགས་པ་ནི་རོལ་མོའོ།། མཆོད་པ་ནི་མོ་ཆོད་པ་ཡིན་པས་གླུ་དང་རོལ་མོའི་མཆོད་པའོ།། མེ་ཏོག་སྤོས་སོགས་མཆོད་པ་ཡིས་ཞེས་བྱ་བ་ནི་མཆོད་པ་རྣམ་པ་ལྔ་དང་། གདུགས་དང་། རྒྱལ་མཆིན་དང་། ་བཱ་དན་དང་། མེ་ཏོག་གི་ཕྲེང་བ་དང་། དཱར་དང་། བླ་རེ་དང་། ན་བཟའ་དང་། མེ་ཏོག་གི་ཤིང་ལ་སོགས་པ་ནི་སྤོས་ལ་སོགས་པ་མཆོད་པ་ཡིས་ཞེས་བྱའོ།། མཆོག་དང་པོ་ནི་བརྟག་པར་བྱཱ་ཞེས་བྱ་བླ་ནི་བཅོམ ་ལྡན་འདས་ཀྱི་ལྷ་མོའི་དཀྱིལ་འཁོར་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་བསམ་པར་བྱ་བའི་ཚུལ་ཅན་གྱིས་བཅོམ་ལྡན་འདས་ཀྱི་ལྷ་མོའི་དཀྱིལ་འཁོར་བསྐྱེད་པར་བྱའོ།། ཇི་སྙེད་པ་ཞེས་བྱ་བ་ནི་ཕྱིའི་ཡོ་བྱད་ཇི་སྙེད་པསོ།། ་ཅི་འདོད་པ་ཞེས་བྱ་བ་ནི་ཚད་ཅི་འདོད་པའོ།། ཅིའི་ཕྱིར་ཆོད་ཅི་འདོད་པར་བརྟག་པར་བྱ་ཞེ་ན། མཆོག་དང་པོ་ཞེས་བྱ་བ་སྨོས་ཏེ་གང་གི་ཕྱིར་འདིས་ནི་མཆོག་དང་པོ་ཡིན་ཞིང་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལོས་འབྱུང་བ་ཡིན ་པས་ཐོག་མཱ་མེ་ཅིང་ཐ་མ་དང་དབུས་ཀྱི་ཆ་ཡོང་མེད་པ་ཡིནྡ་ནོ་ཞེས་བྱ་བའི་ཐེ་ཚོགོ། རྩཝ་མོ་ཞེས་བྱ་བ་ནི་མཐོའི་ཆའོ།། གང་ལ་མཐོའ་ཡོད་པ་མ་ཡིན་པ་དེ་ནི་མཐའ་ཡས་མཆོག་སྟེ། མཐའ་དང་བྲལ་བའོ།། བླ་ན་མེད་པ། ་ཞེས་བྱ་བ་ནི་འདིའི་གོང་ན་གཞན་མེད་པས་བླ་ན་མེད་པའོ།། རྒྱུ་འདི་ཉིད་ཀྱིས་ན་འདི་ལ་འདྲ་བའི་དཔེ་གཞོན་མེད་པས་ན་དཔེ་མེད་པའོ།། ན་མཁའ་ཀུན་ལ་རབ་ཏུ་གནས་ཞེས་བྱ་བ་ནི་ཟླ་བ་ལྟར་ཐམས་ཅད་སྣང་བར་གྱུར་པའི་ཕྱིརརོ།། ་གྲོང་ཁྱེར་ཞེས་བྱ་བ་ནི་དཀྱིལ་འཁོར་རོ།། ད་ལྟར་བྱུང་བའི་ངོ་བོ་ཉིད་ཀྱིས་རྟག་ཏུ་བཞུགས་པས་ན་མི་འགྱུར་མཆོག་ཅེས་བྱ་སྟེ། རྟག་པ་ཞེས་བྱ་བའི་ཐ་ཚི་གོ།། ཇི་ལྟར་མི་འགྱུར་བའི་མཆོག་ཡིན་ཞེ་ན། ཐོག་མེད་མཆོག་ཅེས ་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་ནས་རྟག་ཏུ་འཁོར་བར་བཞུགས་པའོ།། ཡང་ཞེས་བྱ་བའི་སྒྲས་ནི་མ ་བྱུང་ན་ཡང་ཞེས་སྟོན་པ་ཡིན་ནོ།། བཞུགས་པ་ནི་ད་ལྟར་བྱུང་བའི་ངོ་བོ་ཉིད་ཀྱིས་གནས་ཤིང་བཞུགས་པའོ།། དེ་བསྲ་ན་གྲོང་ཁྱེར་དེ་ནི་མི་འགྱུར་མཆོག་ཅེས་བྱའོ།། གལ་ཏེ་བཞུགས་གནས་དྭེ་ན་མཁའ་ཐམས་ཅད་ལ་གནས ་པས་ན་མཁའ་དང་མཉམ་པ་ཡིན་ན་ཇི་ལྟར་སོ་སོ་སྐྱེ་བོ་རྣམ་པར་རྟོག་པ་ལྷན་ཅིག་མ་ཚང་བས་ཀུན་ཏུ་གང་བ་ཡིན་ཞེ་ན། ཀུན་མཆོག་མཉམ་པ་ཉིད་ཀྱིས་ན་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་བསྒོམས་པསོ་ཞེས་བྱ ་བའི་ཐ་ཚི་གོ། ཐ་མ་དབུས་མེད་ན་མཁའ་ནཱི་ཞེས་བྱ་བ་ནི་ན་མཁའ་གང་ལཱྀ་མཐའ་འམ་དབུས་མེད་པ་དྭེ་ནི་གྲོང་ཁྱེར་འདྲིའོ།། མཐའ་དང་དབུས་མེང་པ་ན་འདི་ལ་དཀྱིལ་འཁོར་ཡང་མེད་དོ་ཞེ་ན། འདིའི་དབུས་མར ་བརྟགས་པུ་ནཱ་ཞེས་བྱ་བ་གསུངས་ཏེ། འདིའི་དབུས་མར་བརྟགས་པས་ན་འདི་དབུས་ཀྱི་ཐ་སྙད་འཇུག་པ་ཡིནོ།། ཐེ་མོ་བཞིའི་ཆ་མཉམ་པ་ལ་བལྟོས་ནས་ཚད་དུ་བྱ་བ་ཉིད་ཀྱིས་ནི་འདིའི་དབུས་ཀྱི་ཆར་ཇི་ལྟར་བརྟག་པར ་བྱ་ཞེ་ན། དེའི་ཕྱིར་ཕྱག་རྒྱའི་སྦྱོར་བའི་ཏིང་ངེ་འཛིན་གྱིས་རྣམ་པར་བརྟག་པ་འདིའི་དབུས་ཉིད་ཅེས་གསུངས་ཏེ། མི་འགྱུར་བའི་རང་བཞིན་གྱི་གནས་འདི་ན་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན ་གྱིས་དབུས་ཀྱིས་ཆུར་སློབ་དཔོན་གྱིས་བརྟག་པར་བྱའོ།། དེ་ནས་ཅི་ཞིག་བྱ་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་ཞེས་བྱ་བ་བཞུགས་གནས་དེའི་དབུས་སུ་སློབ་དཔོན་གྱིས་ཡུ་བར ་བཅས་ཞེས་བྱ་བ་སྡོང་བུ་དང་བཅས་པའི་པདྨ་ཆེན་པོ་བྱའོ།། དེ་ཁྱད་པར་ཇི་ལྟ་བུ་ཞེ་ན། སྣ་ཚོགས་འདུབ་མས་ཡང་དག་ཁེབས་ཞེས་བྱ་བ་གསུངས་ཏེ། ཁ་དོག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ་དཀར་པོའི་འདོབ་མ་དེང་ལྡན་པས་ཀུན་ཏུ་ཁེབས་པའོ།། ཅིའི་ཕྱིར་ཁོ་དོག་སྣ་ལྔས་ཀུན་ཏུ་ཁེ་བྲིས་པ་ཡིན་ཞེ་ནུ། ཐམས་ཅད་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ཆེན་པོ་དང་། ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བོ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་དཔལ་རྡོ་རྗེ་སེམས་དཔའི་ཐམས་ཅོད་དག་པའི་གདན་དུ་གྱུར་པ་ནི་པདྨ་དེ་ཡིན་ལོ།། དེ་བས་ན་ཡེ་ཤེས་སྣ་ཚོགས་པའི ་རྣམ་པར་དག་པ་སྟོན་པར་བྱེད་པས་ནཱ་ཁ་དོག་སྣ་ཚོགས་པ་ཡིན་ནོ།། དེ་ནས་ཐིག་ནི་གདབ་བྱས་ཏེ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཚུལ་དང་། སློབ་མ་དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལྷག་པར་གནས་པར་བྱས་ནས ་ཉི་མ་འཆར་བའི་དུས་སུ་སློབ་དཔོན་གྱིས་ཇི་སྐད་བཤད་པའི་ཆོ་གས་སྲང་བུ་དཀྱིལ་འཁོར་གྱི་ཉིས་འགྱུར་དང་དེ་ཐིག་གདབ་པར་བྱའོ།། ཚད་ཇི་ཙམ་ཞེ་ན། ནམ་མཁའ་ཀུན་གྱིས་ནི། ཚད་ནི་ཚད་མེད་པ་ཉིད་ཡོན་ཞེས ་བྱ་བ་གསུངས་ཏེ། གང་གི་ཕྱིར་འདི་ནི་ན་མཁའ་དང་མཉམ་པ་ཡིན་པས་དེའི་ཕྱིར། འདི་ལ་ཁྲུ་ལ་སོགས་པའི་ཚད་ཀྱི་ངེས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚི་གོ།། ད་ནི་མི་མཉམ་མེད་པས་ཞེས་བྱ་བ་ལ་སོགས་པས་འདིའི ་དབྱིབས་གསུངས་པ་ཡིན་ཏེ་ཤཱུ་ར་དང་། ལྷོ་དང་། ནུབ་དང་། བྱུང་གི་ངོས་བཞིའི་རི་མོ་དང་བཅས་པའི་ཟུར་བཞིའོ།། ཅིའི་ཕྱིར་ཞེ་ན། མི་མཉམ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་བྱམས་པ་དང་། སྙིང་རྗེ་དང་། ་དགའ་བ་དང་། བཏང་སྙོམས་ཀྱི་ཚུལ་གྱིས་གནོད་སེམས་ལོ་སོགས་པ་མི་མཉམ་ཞིང་མི་བཟུང་པ་དང་བྲལ་བས་མི་མཉམ་པ་མེད་པའོ།། དེ་ལྟར་ན་མི་མཉམ་མེད་པས་ན་དཀྱིལ་འཁོར་འདི་ནི་ཟུར་བཞི་པ་ཡིན་ནོ།། ། ་དྲན་པ་དང་དབང་པོ་དང་། སྒོ་བཞི་སྟེ་ཞེས་བྱ་བ་འདི་ལ་ཤར་དང་། ལྷོ་དང་། ནུབ་དང་། བྱང་གིས་ཡོད་པས་ན་སྒོ་བཞིའོ།། དྲན་ཞེས་སྨོས་པ་ནི་དང་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི ་དབང་པོ་སྒོ་བཞིའི་ཚུལ་དུ་གྱུར་པ་འདི་ལསོ་ཐར་པའི་གྲོང་ཁྱེར་དུ་འཇུག་པར་འགྱུརརོ།། ཞེས་བསྟན་པར་བྱ་བའི་ཕྱིར་འདི་སྐད་སྨོས་པ་ཡིན་ནོ།། བསམ་གཏན་རྣམས་ཀྱི་རྟ་བབྲས་བཞི་ཞེས་བྱ་བ་ནཱི་འདི་ནི་བསམ་གཏན ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པ་དང་ལྡན་ནོ།། ཞེས་བསྟན་པའི་ཕྱིར་རྟ་བབས་བཞི་དོང་བཅས་པ་ཡིནོ།། ཏིང་འཛིན་ཁྱམས་སུ་བཤད་པ་ཡིན་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ཕྱི་རོལ་ཀུན་ནས ་ཡོངས་སུ་བསྐོར་བར་ཁ་ཁྱེར་གྱིས་བསྐོར་བཱ་དེ་ནི་ཁྱམས་ཞེས་བྱས་ཏེ། དེ་ནི་འདིའི་ཏིང་ངེ་འཛིན་ནོ་ཞེས་བཤད་ཅིང་བསྟན་ནོ།། ཁྱམས་ལ་བརྟེན་པ་ཞེས་བྱ་བ་ལ་སོགས་པ་ལ་དཀྱིལ་འཁོར་གྲཝ་བཞིར་ཟླ་བ ་ཕྱེད་པ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེའི་ཚུལ་གྱིས་གཟུངས་རྣམས་ནི་རྡོ་རྗེ་བདག་ཉིད་ཅན་གྱི་རྣམ་སོ།། ཁྱམས་ལ་བརྟེན་པ་ལ་ཡང་ཡིན་ལ། རྡོ་རྗེའི་བདག་ཉིད་ཅན་གྱི་གཟུངས་རྣམས་ཀྱང་ཡིན་པས་ཁྱམས་ལ་བརྟེན་པའི་རྡོ་རྗེ་བདག ་གཟུངས་རྣམས་ཞེས་བྱའོ།། དེ་ཉིད་ནི་ལྷ་མོ་སྟེ། དེ་རྣམས་ཀྱི་མཆོད་པའོ།། རྒྱུན་རྣམས་ཀུན་གྱིས་ཞེས་བྱ་བླ་ནི་གློས་དང་གདུགས་ལ་སོགས་པས་བཀྲ་བ་གང་ཡིན་པ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ ་རྫོགས་པར་བྱེད་པ་ཡིན་ནོ།། ཐམས་ཅད་དུ་ཁྱབ་པས་ན་ཀུན་ཏུ་འགྲོ་བ་སྟེ་ན་མཁྱེའ་ཐམས་ཅད་ཁྱབ་པོའོ།། འདིས་སེམས་ཅན་ཐམས་ཅད་རྣམས་འདུལ་བསྡུ་ན་འདུལ་བ་སྟེ། སངས་རྒྱས་དང་རྡོ་རྗེ་འཆང་ལ་སོགས་པའོ།། བསྐྱོད་པ་ནི ་གཡོ་བར་བྱས་པའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདྲེས་པའི་བསྟན་པའི་ཆོས་རྣམས་སྣ་ཚོགས་པའོ།། དམ་པ་སངས་རྒྱས་ལ་སོགས་པའི་ཆོས་ཡིན་པས་ན།། འདུལ་བས་བསྐྱོད་པ་སྣ་ཚོགས་མཆོག་དམ་ཆོས་ཞེས་བྱའོ།། ་ལ་མཆོག་ཀྱང་ཡིན་ལ། དེ་ཐམས་ཅད་དུ་འགྲོ་བ་ཡང་ཡིན་པས་ན་འདུལ་བས་བསྐྱོད་པ་སྣ་ཚོགས་མཆོག། དམ་ཆོས་མཆོག་སྟེ་ཀུན་ཏུ་འགྲོ་ཞེས་བྱའོ།། ཡོན་ཏན་འདི་གསོལ་བར་བསྟན་པར་བྱ་བའི་ཕྱིར་རླུང་གིས་བསྐྱོད ་པ་སྣ་ཚོགས་པའོ།། བ་ངན་རྩེར་བཏགས་དྲིལ་སྒྲ་སྒྲོགས་ཞེས་བྱ་བ་འདི་བྲིས་པ་ཡིནནོ།། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་རྟག་ཅེས་བྱ་བ་ཡིན་ནོ།། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མེ་ཏོག་ཅེས་བྱ་བ་དུས་ཐམས ་ཅད་པའི་མེ་ཏོག་ཡིན་ནོ།། བྱང་ཆུབ་ཡན་ལག་མཻ་ཏོག་ཕྲེང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནི་མེ་ཏོག་གི་ཕྲེང་བའི་མཚན་ཉིད་ཅན་ཡིན་ནོ།། དེ་དག་གསལ་བར་བསྟན་པའི་ཕྱིར། དྲ་བ་མེ་ལྡོང་མེ་ཏོག་ཚོ།། མེ་ཏྲོག་ཕྲེང་བ ་བརྒྱན་གྱིས་བསྐོར་ཞེས་བྱ་བ་འདི་བྲིས་པ་ཡིན་ནོ།། ཀུན་གྲུབ་མི་འགྱུར་བདེ་བ་ནི།། བདེ་བ་ཆེན་པོ་ཞེས་བཤད་དོ་ཞེས་བྱ་བ་འདི་ནི་དངོས་གྲུབ་ཐམས་ཅད་ཀྱི་རང་བཞིན་མི་འགྱུར་བའི་བདེ་བ་དེ་ཉིད་ནི་བདེ་བ་ཆེན་པོ་ཞེས ་བཤད་ཅིང་བསྟན་པ་ཡིན་ནོ།། ཚུལ་དེ་ལྟར་བྱེདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་བཞུགས་གནས་དང་། དྲང་པོའི་གནས་བྲི་བར་བྱའོ།། དེ་ལྟར་ཐར་པའི་གྲོང་དེ་ལེགས་པར་བྲིས་ནས་ཐོག་མ་དང་ཐ་མ་མེད་པ་ཡིན་པའི་ཕྱིར ་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་བསྟིམ་ཞིང་མངོན་དུ་བྱའོ།། དེ་ལྟར་འདི་ཡན་ཆད་ཀྱི་གཞུང་གིས་ནི་ཕྱི་མུའི་དཀྱིལ་འཁོར་སྟོན་པར་གྱུར་པ་ཡིན་ནོ།། ཕྱིའི་དཀྱིལ་འཁོར་དེའི་ནང་དུ་དབུས་སུ་རྡོ་རྗེ་འཁོར་ལོ་ཞེས་བྱ་བའི ་ཐིག་གདབ་པ་ནི་ནང་གི་དཀྱིལ་འཁོར་ཡིན་ནོ།། ཇི་ལྟ་བུ་ཞོ་ན། དཀྱིལ་འཁོར་བརྒྱད་པ་ལྟ་བུ་ནོ་ཞེས་བྱ་བོ་སྨོས་ཏེ། དཀྱིལ་འཁོར་བརྒྱད་པའི་ཐིག་གིས་དཀྱིལ་འཁོར་བརྒྱད་པ་ལྟ་བུར་བྱས་པ་གང་ཡིན་པ་དེ་ནི་དཀྱིལ ་འཁོར་བརྒྱད་པ་ལྟ་བུ་ཡིན་ཞེས་བྱའོ།། ཅི་ཞིག་གི་རང་བཞིན་ཡིན་ཞེ་ན། འདི་ནི་རྣམ་ཐར་བརྒྱད་པོ་སྟེ། དངོས་གྲུབ་ཀུན་གྱི་བདེ་བ་སྟེར་ཞེས་བྱ་བ་སྨོས་ཏེ་རྣམ་པར་ཐན་པར་བརྒྱད་ནི་བཤད་ཟིན་ཏོ།། དེའི་རང་བཞིན ་ཡིན་པ་ཉིད་ཀྱིས་འདི་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཐམས་ཅད་རབ་ཏུ་སྟེར་བ་ཡིན་ནོ།། ཐེག་པ་ཆེན་པོ་ལ་སོགས་པ་གདུལ་བྱ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་སེམས་དཔའི་ལམ ་འབྲས་བུ་དང་བཅས་པའི་མདོ་སྡེའི་འཁོར་ལོ་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་བསྐོར་ཅིང་བསྐྱེད་པར་མཛད་པས་ན། ཐེག་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་མདོ་སྡེའི་འཁོར་ལོ་བསྐོར་བའི་རྒྱུ་དེས་ན། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བར ་ཞེས་བྱ་བ་རྡོ་རྗེའི་ཕྲེང་བས་ཕྱི་རོལ་ཀུན་ནས་ཡོངས་སུ་བསྐོར་བར་ནང་གི་དཀྱིལ་འཁོར་བྲི་བར་བྱའོ།། དེར་ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགས་སུ་སྣ་ཚོགས་པདྨ་ཆེན་པོ་བྲིས་པར་རྡོ་རྗེ་སེམས་དཔའ་དགོད་པར ་བྱའོ།། ཇི་ལྟར་ཞེ་ན། ལུགསཽ་མ་འམ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་དངུལ་ལ་སོགས་པ་བཞུ་ནས་བླུག་སྟེ་སྐུ་གཟུགས་སུ་བྱས་པ་ནི་ལུགས་མོའོ།། ཤེལ་ལ་སོགས་པ་ལ་འབུར་དུ་བརྐོས་ཏེ་བྱས་པ་ནི་བརྐོས་པའོ།། ་ཤིང་མཁན་གྱི་བཟོ་བོས་བྱས་པ་ནི་བྱས་པའོ།། རས་དཀར་པོ་ལ་སོགས་པ་ལ་ཚོན་གྱིས་བྲིས་པ་ནི་བྲིས་པའོ།། འཛུམ་བཅས་ཟླ་བའི་མདོག་ཅན་ལ་ཞེས་བྱ་བ་ནི་གོ་བར་ཟད་ངོ་།། དམར་ཞིང་སྣ་ཚོགས་འོད་འབར་བ་ཞེས་བྱ་བ་ནི ་དམར་བ་སྟེ་ཁ་དོག་དམར་བ་སྟེ་ཁ་དོག་དམར་པོའི་མཐར་དཀར་པོ་དང་། སེར་པོ་དང་། སྔོན་པོ་དང་། ལྗང་གུ་དང་། དམར་བའི་རི་མོ་སྣ་ཚོགས་ཤིང་འབར་བ་གང་ཡིན་པ་དེ་ནི་དམར་ཞིང་ཁ་དོག་འབར་བ་ཞེས་བྱའོ།། སངས་རྒྱས་ཀྱང་ཡིན ་ལ་ཐམས་ཅད་ཀྱང་ཡིན་པས་ནུ་སངས་རྒྱས་ཐམས་ཅད་དེ་དེ་བཞིན་གཤེགས་པ་ལྔའོ།། དེ་དང་ལྡན་པའི་ཅོད་པན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའོ།། དེ་ཉིད་ལ་སོགས་པ་ནི་སྡུག་གུ་དང་། སྙུན་ཆ་དང་། དབུ་རྒྱན་ལ ་སོགས་པ་དང་། ན་བཟའ་སྣ་ཚོགས་ཤིང་རྣམ་པ་ཐ་དད་པ་མངའ་བ་གང་སྦྱིན་པ་དེ་ནི། སངས་རྒྱས་ཀུན་གྱི་དབང་བསྐུར་སོགས།། རྒྱན་དུང་ན་བཟའ་སྣ་ཚོགས་པ་ཞེས་བྱའོ།། སེམས་དཔའི་སྐྱིལ་མོ་ཀྲུང་ནི་རྡོ་རྗེ་སྐྱིལ་ཀྲུང་ཕྱེད་པའོ།། དེས ་བཞུགས་པས་ན་སེམས་དཔའི་སྐྱིལ་མྱོ་ཀྲུང་གིས་བཞུགས་ཞེས་བྱའོ།། རྡོ་རྗེ་སྙེམས་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ།། དེས་འཛིན་པར་མཛད་པསྭ་ནུ་རྡོ་རྗེ་བསྒོམས་ཚུལ་འཆང་བའི་མཆོག་ཅེས་བྱ་སྟེ་མཆོག་དང་པོའོ།། སུ ་ར་ཏ་ཏི་ཞེས་བརྗོད་ལ་ཞེས་བྱ་བོ་ནི་ཨོཾ་སུ་ར་ཏཱ་སྟྭཾ་ཧཱུཾ་ཞེས་བརྗོད་ལྔ་བཞུགས་སུ་གསོལ་བར་བྱའོ།། དེའི་ཕྱོགསོ་ནི་ཐམས་ཅད་ངུ་ཞེས་བྱ་བ་ལ་སོགས་པ་ནི་གློ་སླའོ།། དམ་ཚིག་མཆོག་ནི་འདི་རྣམས་ཀྱིས་ཞེས་བྱ་བ་ནི། ཛཱཿབཛྲཱ་དྲྀཥྚ ་ས་མ་ཀེ་མཊ་ཅེས་བྱ་བ་ནས། བཛྲ་གྷཎྚེ་ཧོཿཞེས་བྱ་བ་གསུང་གི་ཕྱག་རྒྱས་འདའ་བར་མི་བྱ་བའི་རང་བཞིན་ཅན་མཆོག་སྟེ། དམ་པར་གྱུར་པ་ནི་འདི་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཞུགས་པ་པོརྟག་པ་ནི་དགོངས་པ ་བརྟག་པ་ཞེས་བྱའོ།། གང་གིས་དེ་རྣམས་དགོངས་པར་འགྱུར་ཤེ་ན། རྡོ་རྗེ་ལྷ་མོ་ལ་སོགས་ཚོགས་ཞེས་བྱ་བ་སྨོས་ཏེ། འདོད་ཆགས་རྡོ་རྗེ་མཱ་ལ་སོགས་པའི་སྐུ་གཟུགས་ལྷ་འདོད་ཆགས་རྡོ་རྗེ་མ་ལ་སོགས ་པ་ལྷ་མོའི་ཚོགས་རྣམས་དགོངས་ཤིང་བྱིན་གྱིས་བརླབ་པར་འགྱུར་བའོ།། དངོས་གྲུབ་ཀུན་ལ་གྲུབ་པར་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་ལྷ་མོ་ལ་སོགས་པ་དགོངས་ཤིང་བྱིན་གྱིས་རློབ་པ་དྷེ་རྣམས་སྐྱོབ་དཔོན་དང་སྐྱོབ་མྦྷ་དེ་ཇི་ལྟར ་མངོན་པར་འདོད་པའི་དངོས་གྲུབ་རྣམས་གྲུབ་པར་མཛད་པའོ།། དེ་ནས་སྐུ་མཆོག་ལ་སོགས་པ། མངོན་བྲིས་ཡང་དག་བསྐུ་བྷཱ་པརྱཱ་བྷེ་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་བཤད་ན་ལྡེག་པའི་ཆོ་གས་ཀུན་མཆོག་ལྔ་སོགས་ཏེ། དཔལ ་རྡོ་རྗེ་སེམས་དཔའ་ལ་སྩོ་ས་པ་ནཱས། རྡོ་རྗེ་དྷིལཱ་བྷཱུམྦྷཥྚི་བྷར་གྷི་གྷྣཱ་ནཱ་ས་བཀོད་བ་ཡང་དག་ཕྱིར་སློབ་པར་བྱ། གྷྲ་ས་ཤིང་བསྒྲུབ་པར་བྱེ་བམ། དམ་ཚིག་མཆོག་ནི་དཱཧྲཱི་གྷུས་སུདྡྷེ་ཙྪ་ཞེས་བརྗོད་དུ་མྦྷ ་བྷ་བ་གསུངས་ཏེ། དང་པོའི་རྡོ་རྗེ་ལ་སོགས་པོ་ནི་ཕྱག་རྒྱ་ནི་དམ་ཚིག་སྟེ། དེ་བཅིངས་ལ་ཛཿཧཱུ~ཾ་བཱ་ཙྪ། ཞེས་བྱ་བ་རྡོ་རྗེ་ཚིག་གིས་ཟློས་བཞིན་བསྒྲུབ་པར་བྱ་ཞིང་རང་དབང་དུ་བྱའོ།། ཅི་ཞིག་ཟློས་ཤིང་བསྒྲུབ་པར་བྱ་ཞེ་ན། ཅི་ཞིམ ་བྱས་ནས་ཡང་དག་པར་བྱས་ཤེ་ན། རེ་ཞིག་དང་པོར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྱན་སྔར་རྣལ་འབྱོར་པ་རྡོ་རྗེ་སེམས་དཔའ་སྦྱོར་བས་འདུག་ལ། བདེ་བ་ཆེན་པོ་རྡོ་རྗེ་མཆོག། གསང་བའི་ལྕགས་ཀྱུའི ་ཕྱག་རྒྱ་དྲིལ་བུ་དང་བཅས་པས་བདག་པོ་སྟེ། གཙོ་བོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལན་ཅིག་ཡང་དག་པར་དགུག་པར་བྱ་ཞིང་སྤྱན་དྲང་པར་བྱའོ།། སྔགས་གང་གིས་ཤེ་ན་མ་ཧཱ་སུ་ཁ་ཞེས་བྱ་བ ་ནུས། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་བར་གྱི་སོ།། འདི་ཡིས་ཞེས་བྱ་བ་ནི་སྤྱན་དྲང་བའི་ཆོ་གསོ།། བཅོམ་ལྡན་འདས་རྟག་པར་ནི་ཞེས་བྱ་བ་ནི་བརྟན་པའོ།། རང་ཉིད་ཅེས་བྱ་བ་ནི་བདག་ཉིད་རྡོ་རྗེ་སློབ་དཔོན་གྱིས་བྲིས་པའི་དཀྱིལ་འཁོར་དུ་བྱ ་ཞིང་གཤེགས་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་གནས་ཇི་ལྟ་བ་བཞིན་དུ་བཞུགས་པར་བྱའོ།། ཅིའི་ཕྱིར་ཞེ་ན། དགོག་ཅིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གི་ཕྱིར་སྤྱན་དྲང ་བའི་ཆོ་ག་འདིས་དགུག་བྱ་དང་གཞུག་པ་བྱས་ལ། ཞུགས་ནས་ཤིན་ཏུ་བརྟན་པ་སྟེ། ཐུགས་གཞན་དུ་མི་འགྱུར་བས་དབང་དུ་བྱསྱ་ནསྣ་གྲུབ་པར་འགྱུ་རོ།། འོད་ཟེར་ཀུན་ཏུ་སྟོན་ལོ་སོགས་ཞེས་བྱ་བ་ནི་གོ་སླའོ།། དེ་ནས་ཞེས་བྱ་བ་ལ ་སོགས་པ་ལ་དེ་ལྟར་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ནས་རྗེས་ཐོགས་ཉིད་ལ་བཤད་པའི་རྡོ་རྗེ་མཆོད་ཡོན་གྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་དབུལ་བར་བྱའོ།། དེ་ལྟར་མཆོད་ཡོན ་ཕུལ་ནས་བུམ་པ་གང་བ་ལ་སོགས་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཀུན་ཏུ་མཆོད་པར་བྱའོ།། གང་གིས་མཆོད་ཡོན་ཕུལ་བར་བྱེད་པའི་མཆོད་སོན་གྱི་ཕྱག་རྒྱ་དེ་ཇི་ལྟར་དབུལ་བར་བྱ་ཞེ་ན། རྡོ་རྗེ་ཐལ་མོ་ཁ་བྱེ ་སྐྱེས་བྱ་བ་གསུངས་ཏེ། གཞི་ཐལ་མོ་སྦྱར་བུ་ལས་རྡོ་རྗེ་ཐལ་མོ་ཁ་ཕྱེ་བ་ནཱི་མེ་ཏོག་གཱི་རྡོ་རྗེ་ཐལ་མོ་སྟེ་ཁ་ཕྱེ་བའོ།། འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཐལ་མོ་བཅིངས་ལ། མཐེ་བོང་གཉིས་བརྐྱང་སྟེ་སོར ་མོ་ལྷག་མ་རྣམས་ཀྱིས་རྡོ་རྗེ་ཐོལ་མོ་ཁ་མ་ཕྱེ་བར་གཞིའི་ཐ་ལ་མོ་བྱས་ལ་སོར་མོ་ཐམས་ཅད་རྡོ་རྗེའི་ཚུལ་ཉིད་ཀྱིས་སོ་སོར་བཞོག་པར་བྱའོ་བུམ་པ་གང་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་ནས་འཁོར་ལོར་མ་ཞུགས ་ཀྱང་ཞེས་བྱ་བ་ནི་དེ་ལྟར་བཤང་མ་ཐག་པའི་ཚོ་གས་ཞུགས་ནས་དེའི་རྗེས་ལ་བདག་ཉིད་ཐོག་མར་འབྱུང་བར་ཞུགས་རྡོ་རྗེ་ཀུན་གྱི་སློབ་དཔོན་ཆེར། རྡོ་རྗེ་སེམས་དཔར་བྱིན་གྱིས་རློབ་རྗེས་བྱ་བ་སྟེ། གང་གིས་དཀྱིལ་འཁོར ་དུ་འཇུག་པོའི་ཆོ་གས་རྡོ་རྗེ་སེམས་དཔའི་ལྷ་མོ་དཀྱིལ་འཁོར་དུ་ཞུགས་པ་དེ་ནི་འཁོར་ལོར་མ་ཞུགས་སུ་ཟིན་ཀྱང་དཀྱིལ་འཁོར་དུ་ཞུགས་པ་ཡིན་ནོ།། ཀྱང་ཞེས་བྱ་བའི་སྒྲས་ནི་འཁོར་ལྷོར་ཞུགས་པ་དགུ་ལ་ནི་ཤིན་ཏུ ་ཡང་བྱིན་གྱིས་རློབ་བུར་འགྱུར་རོ།། བདག་ཉིད་ཅེས་བྱ་བ་ནི་རང་ཉིད།། ཐེག་མར་འབྱུང་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ལ་སོགས་པའི་སྔོན་དུ་ཡང་དག་ད་ལྟར་བྱུང་བའི་ཚུལ་གྱིས་ཞུགས་པའི་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ ་འཁོར་རོ།། ཞུགས་ཏེ་ཞེས་བྱ་བ་ནི་འཇུག་པའི་ཚེ་ལས་ཞུགས་པའོ།། རྡོ་རྗེ་ཀུན་གྱི་ནི་སངས་རྒྱས་ཐམས་ཅད་ཀྱི་སློབ་དཔོན་ཆེན་པོ་ཡིན་པས་རྡོ་རྗེ་ཀུན་གྱི་སློབ་དཔོན་ཆེར་ཞེས་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་རིགས་སུ ་བརྒྱའི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་ཐ་ཚིག་གོ།། རྡོ་རྗེ་ཅན་གྱིས་རང་བྱིན་གྱིས་རློབ་ཅེས་བྱ་བ་ནི་རྡོ་རྗེ་འཆང་ཆེན་པོས་རང་ཞེས་བྱ་བ་སློབ་དཔོན་གྱི་རང་བཞིན་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་བྱིན་གྱིས་རློབ་ཅིང་བསྐྱེད ་པ་བརྟན་པར་མཛད་པར་འགྱུར་བའོ།། དེས་ནཱ་ཞེས་བྱ་བྱ་ནི་རྒྱུ་སྟེ། གང་གི་ཕྱིར་དཀྱིལ་འཁོར་འདིར་ཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་སློབ་དཔོན་ཆེན་པོ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔོར་བྱིན་གྱིས་རློབ་པར ་མཛད་དོ།། དེ་བས་ན་འདིས་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་དང་ལྡན་པའི་རྡོ་རྗེ་འཛིན་པའི་སློབ་དཔོན་འོགྲོ་ནས་བཤད་པའི་ཆོ་ག་འདས་འཇུག་པར་བྱའོ།། ཁྲུས་བྱས་དྲི་ཡིས་རྗེས་བྱུགས་ཤིང་ཞེས་བྱ་བ་ལ་སོགས་པ ་ནི་གོ་བར་ཟ་།། ཕྱག་རྒྱ་ཀུན་གྷི་སྦྱོར་ཆེན་ལྡན་ཞེས་བྱ་བོ་ནི་རྡོ་རྗེ་སེམས་དཔེའ་ལ་སྩོགས་པ་ནས་རྡོ་རྗེ་དྲིལ་བུ་མྱའི་བར་གྱི་དམ་ཚིག་དང་། ཆོས་དང་ལུས་དྲུང་ཕྱག་རྒྱ་ཆེན་པོ་ནི་དམ་ཚིག་ཀུན་ནོ།། དེའི་རྣལ་འབྱོར་ཆེན་པོ་ནི་སངས ་རྒྱས་ཀུན་གྱི་སྦྱོར་ཆེན་ནོ།། དེ་འདི་ལ་ཡོད་པས་ན་ཕྱག་རྒྱ་ཀུན་གྱི་སྦྱོར་ཆེན་ལྡན་ནོ།། མི་ཤེས་པ་ཞེས་བྱ་བྱས་ནི་གློ་བར་ཟད་དོ།། མཆོག་དང་པོ་ཞེས་བྱ་བ་ནི་མཆོག་ཀྱང་ཡིན་ལ་དང་པོ་ཡང་ཡིན་པས་ན་མཆོག་དངངོ་པོ་སྟེ་མཆོག་ནི ་ཕུལ་དུ་བྱུང་པོའོ།། དང་པོ་ནི་བསྐལ་པ་བཟང་པོ་ལ་སོགས་པའོ་ཡང་ཐོག་མར་ད་ལྟར་བྱུང་བའི་ངོ་བོ་ཉིད་ཀྱི་ལྷ་མོའི་དཀྱིལ་འཁོར་གྱི་དབུས་མོ་ཡི་གེ་ཧཱུཾ་ཟློས་པ་ལ་མངོན་པར་བརྩོན་པར་རྟག་པར་རྒྱུན་ཏུ་ཞུགས་པའོ།། ཐོག ་མ་མེད་ཅིང་མཆོག་འགྱུར་བས།། མཆོག་དང་པོར་ཞེས་བྱ་བར་བཤད།། འཁོར་ལོར་ཀུན་བདག་ཉིད་འགྱུར་བས།། མཆོག་ཏེ་མི་འགྱུར་མཆོག་ཡིན་ནོ།། ཞེས་གསུངས་པ་ཡིན་ནོ།། སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི ་སེམས་དཔའ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སེམས་དཔའ་ཆེན་པོ་སྟེ། ཆོས་ཐམས་ཅང་བདག་མེད་པར་རྟོགས་པའི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་ཁྱབ་པའི་རྡོ་རྗེ་ཡིད་ལས་བྱུང་བ་དང་། འདོད་ཆགས་རྡོ་རྗེ་མའོ།། དེ་ཡང་འདི་ནི ་བཅོམ་ལྡན་འདས་ཀྱི་ཐུགས་འབིགས་ཤིང་མྱུར་བའི་སྙིང་པོ་ཡིན་པའི་ཕྱིར་ཆགས་པའི་ཡན་ལག་ཡིནོ་ཞེས་བཤད་པ་ཡིན་ནོ།། རྡོ་རྗེ་ཡིད་ལས་བྱུང་བའི་དཔུང་དུ་མཛད་ནས་ཐམས་ཅད་ཀྱི་མཆོག་སོ་སོར་རྟོགས་པར་བྱེད་ཅེས་བྱ ་བ་ནཱི་འདིད་ཆགས་རྡོ་རྗེ་མའི་དབང་དུ་བྱས་པའོ།། དགའ་བ་ཆེན་པོ་ཞེས་བྱ་བ་ནི་དགའ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན། དགའ་བ་ཆེན་པོ་སྟེ། ཆེན་པོ་ཉིད་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་རྡོ་རྗེ་རལ་པ་མ་དང་། རྡོ་རྗེ་ཀཱི་ལི་ཀཱི་ལི ་གཉིས་ཀྱི་གཉིས་སུ་མེད་པའི་ཐུགས་མངོན་དུ་བྱས་པས་ཐམས་ཅད་དུ་ཁྱབ་ཅིང་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པ་ཉིད་ཀྱིས་ན་ཆེ་བ་ཡིན་ནོ།། དེ་ཡང་ཉེས་པོ་མེད་ཅིང་ཤིན་ཏུ་བརྟག། འདོད་ཆགས་ཀུན་གྱི་རྗེ་སུ་ཆགས། ་དེ་ཉིད་གསལ་བས་བཅོམ་ལྡན་འདས།། འདོད་ཆགས་ཆེན་པོ་དགའ་བ་སྟེ།། ཞེས་གསུངས་པ་ཡིན་ནོ།། དགའ་བ་ནི་དགའ་ཞིང་མགུ་བ་མཐའ་ཡས་པ་མི་གནས་པའི་མྱ་ངན་ལས་འདས་པ་དང་། སོ་སོར་རྟོགས་པའི་ཡེ་ཤེས ་ཀྱི་རྒྱུ་མཐུན་པ་ལས་བྱུང་བ་རྡོ་རྗེ་དྲན་པ་དང་། རྡོ་རྗེ་དྲན་མའི་ངོ་བོ་དགའ་བ་ལ་འདི་ལ་མངའ་བས་ན་དགུའ་བ་ཆེན་པོའོ།། ཀུན་ཏུ་བཟང་པོ་ཞེས་བྱ་བ་ནི་འདི་ལ་ཀུན་མངའ་བས་ཏེ་སངས་རྒྱས་ཉིད་དམ་བྱང་ཆུབ་སེམས་དཔའ་ཉིད་འདི ་ལས་འབྱུང་བྱས་ན་ཀུན་ཏུ་བཟང་པོའོ།། རྡོ་རྗེ་སྙེམས་པ་ནི་རྡོ་རྗེ་སྙེམས་པའི་ཆ་ལུགས་འཆུང་བའི་རྡོ་རྗེ་འཆང་ཆེན་པོའོ།། ཀུན་བདག་ཉིད་ནི་རབ་ཏུ་དགའ་བ་ལ་སོགས་པ་ལྷ་མོ་ཐམས་ཅད་ཀྱི་ཚུལ་འཛིན་བྱའི་རྡོ་རྗེ་འཆང་ཆེན ་བྱོའོ།། དོན་འདི་ཉིད་ནི་འདྲིའི་འོག་ནས་ཤིན་ཏུ་དྲག་པ་ཀུན་གྱི་མཆོག། གདྲོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་བློ་ཀླན་བདག་ཉིད།། བྱང་ཆུབ་སེམས་དཔའ་གྲོ་ཆ་མཚིག་ཅེས་བྱ་བ་བཤད་པ་ཡིན་ནོ།། རྡོ་རྗེ་སྙེམས་ཚུལ་བདག ་བོ་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དྲང་། ལྷ་མོ་རྡོ་རྗེ་སྐེམས་མཱ་ནཱི་རྡོ་རྗེ་སྣརུམས་ཚུལ་ཞེས་བྱའོ།། དེའི་བདག་པོ་སྦྱིན་བྱས་ན་རྡོ་རྗེ་སྣརུམས་བདག་པོ་སྟེ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་རང་བཞིན་རྡོ་རྗེ ་འཆང་ཆེན་པོ་ནི་གང་གི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྒྱུ་མཐུན་པ་ནི་རྡོ་རྗེ་སེམས་ཚུལ་ཡིན་པའི་ཕྱི་རོ།། དེ་ཡང་ཐུགས་ནི་བཅོམ་ལྡན་འདས་འདོད་ཆགས་ཆེན་པོ་དང་འདིའི་ལྷ་མོ་ཞེས་གསུངས་པས། བྱེ་བྲག་གི་ཚོགས ་གསུངས་པའི་ཕྱིར་དང་། ཡོང་དངོས་གྲུབ་ཆེན་པོ་ཀུན་གྱི་མཚོག། དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག། རྡོ་རྗེའི་དབང་ཕྱུག་ཆེར་བསྟོད་པ།། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་ཅེས་ཀྱང་གསུངས་པ་ཡིན་ནོ།། བདག་ཅེས་བྱ་བ་ནི ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོགས་པའི་དངོས་པོ་རྣམས་རྒྱུན་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་པས་བདག་པོ་སྟེ། བསྐྱེད་པའི་རྒྱུ་ཞེས ་བྱ་བའི་ཐ་ཚིག་གོ།། སེམས་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སེམས་དང་སེམས་ལས་བྱུང་བའོ།། རང་བཞིན་གྱིས་འོད་གསལ་བ་ནི་དགེ་བའི་ཁམས་བསགས་པ་ཡིན་པས་ན་སེམས་ཞེས་བྱའོ།། དེ ་ཡང་བསམ་གྱིས་མི་ཁྱབ་རྒྱ་ཆེར་ཐོབ།། དངོས་གྲུབ་ཀུན་གྱི་མི་འགྱུར་བ་དེ། ཀུན་ཏུ་ཁྱབ་ཅིང་དྲི་མ་མེད།། བྱང་ཆུབ་སེམས་སྙོམས་བརྟན་པ་དག་ཅེས་གསུངས་པ་ཡིན་ནོ།། འདི་རྟོག་པར་བྱ་བའི་ཕྱིར། མན་ངག་གསུངས་པ་ནི་སེམ ་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་པའི་སེམས་དེ་ཉིད་རང་བཞིན་གྱིས་དག་པར་རྟོགས་པ་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་པ་ལ་ནི་སེམས་དཔའ་ཞེས ་བྱ་སྟེ། སེམས་ནི་བརྟན་པས་སེམས་དཔར་བཤད་ཅེས་གསུངས་པ་ཡིན་ནོ།། རྣམ་པར་རྟོག་པ་ཐམས་ཅད་ཀྱི་མི་ཕྱེད་པའི་སེམས་དང་། སེམས་དཔའ་གྱུར་པ་དེ་ཉིད་རྣམ་པར་གཡེང་པོ་ཐམས་ཅད་དང་བྲལ་བས་ཏིང་ངེ་འཛིན ་མཆོག་ཅེས་བྱས་ཏེ། ཏིང་ངེ་འཛིན་གྱི་དམ་པའོ།། དེ་ཡང་དེ་མཉམ་པར་བཞག་པས་ཏིང་ངེ་འཛིན་ཞེས་གསུངས་པ་ཡིན་ཏེ། དེ་བཞིན་ཉིད་ཀྱི་སེམས་རྩེ་གཅིག་པའི་ཚུལ་གྱིས་ཏིང་ངེ་འཛིན་ཐམས་ཅད་ལས་མཆོག་ཏུ་གྱུར ་པའི་ཕྱིར་དང་རྡོ་རྗེ་ཞེས་བྱ་བ་ནི་ཆོས་བདག་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་དེ་ཉིད་ནི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ཟླ་བའི་དཀྱིལ་འཁོར་ལས་རྡོ་རྗེ་རྡོ་རྗེར་ངེས་པ་ལས་སེམས་དཔའི་རྡོ་རྗེར་གྱུར་པའི་སེམས་ནི་རྣམ་པ ་རྟོག་པ་ཐམས་ཅད་དང་བྲལ་བས། ཏིང་ངེ་འཛིན་གྱི་མཆོག་རྡོ་རྗེ་ཞེས་བྱ་སྟེ་ངེས་པ་ལས་རྡོ་རྗེར་འགྱུར་ཞེས་གསུངས་པའི་ཕྱིར་དང་། རྡོ་རྗེ་ཞེས་བྱ་བ་ནི་སེམས་དཔར་བྱིན་གྱིས་བརླབས་པ་ལས་བྱུང་བའི་བཅོམ་ལྡན་འདས ་དཔལ་རྡོ་རྗེ་སེམས་དཔའ་ལྷ་བྱ་སྟེ་ཚིག་གི་ཕྱོགས་གཅིག་སྨོས་བྲིའི་ཚུལ་གྱིས་ཚིག་གི་སྤྱི་སྡུད་དེ་དཔེར་ན་འཇིགས་ཞེས་སྨོས་པས་འཇིགས་པ་དེར་སྟོན་པ་དང་འདྲའོ།། མཆོག་ཅེས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས ་མཆོག་ཆེན་ཏེ་དམ་ཚི་གོ་སེམས་དཔའི་སེམས་དཔའི་ནི་ང་ཡིན་ནོ།། ཞེས་ཆོས་ཀྱི་དབྱིངས་ཀྱི་ང་རྒྱལ་བྱེད་པའོ།། ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་ཅེས་བྱ་བ་ལ་ཀུན་ཏུ་བཟང་པོ་ནི་བཤད་ཟིན་ནོ།། དེའི་སྤྱོད་པ་ནི་ལྷ་ཚན ་པོ་ལ་སོགས་པའི་གཟུགས་ཐམས་ཅད་དུ་ཡང་དག་པར་སྟོན་པས་སེམས་ཅན་གྱི་དོན་མཛད་པའོ།། དེ་མཆོག་ཏུ་གྱུར་པས་ན་ཀུན་ཏུ་བཟང་པོའི་སྤྱོད་པ་མཆོག་ཅེས་བྱ་སྟེ། དེ་ཡང་གང་གི་ཕྱིརྱ། སྙིང་སྟོབས་རྡུལ་དང ་མུན་པས་ཀྱང་།། གང་ཕྱིར་སེམས་ཅན་དོན་མཛད་པས།། དེས་ན་འདི་ནི་ཀུན་ཏུ་བཟང་།། བྱང་ཆུབ་སྤྱོད་པའི་རྗེས་བཞིན་འཇུག་ཅེས་གསུངས་པ་ཡིན་ནོ།། བདུད་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་བྱང་ཆུབ་ལ་འཇུག་པ ་རྣམས་ལ་ཤིན་ཏུ་བརྩོན་བསྡུ་བསྐྱེད་པར་བྱཱ་དྷའི་ཕྱིར་བདུད་ཀྱི་སྡེ་སྤྲུལ་ནས་འཚེ་བས་བདུད་ཅེས་བྱའོ།། བདུད་ནི་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཚུལ་གྱིས་བདུད་ཐམས་ཅད་ཟ་བར་མཛད་པ ་མབདུད་ཟད་འཇོམས་པ་མཛད་པའོ། ཡང་སེམ་ཉིད་ཁོ་ན་བདུ་ཡིན་ཏོ།། སེམསོ་ཉིད་དེ་བཞིན་གཤེགས་པ་ཡིན།། རང་གི་སེམས་ནི་འདུལ་བའི་ཕྱིར། བདུད་ཉིད་དུ་ནི་རང་གྱུར་ཏོ་ཞེས་གསུངས་པ་དང་། ཡང་ཇི་ལྟར་བཅོམ་ལྡན་འདས་འདོད་པ་བྱུང་། ་ཆུབ་ཀྱི་སྙིང་པོར་འགྲོ་བའི་བྱང་ཆུབ་སེམས་བདུད་ཀྱི་གཟུགས་ཀྱིས་ཉེ་བར་འཆི་བར་བྱེད་པ་དེ་སྒྱུར་བྱང་ཆུབ་སེམས་དཔའི་སེམས་བྱང་ཆུབ་ཆེན་པོ་ཤིན་ཏུ་བརྟེན་པར་ཉེ་བར་སྤྲོ་བར་འགྱུར་རོ།། དེ་ལྟར་མཚན་བཅུ་བདུན་པོ་དེ་དག་ནི་ང ་རྡོརྗེ་སེམས་དཔའ་རྡོ་རྗེའི་རིགས་ཀྱི་ཡོན་ཏན་ཡང་དག་པའི་ཡོན་ཏན་སྟོན་པར་བྱེད་པ་ཡིན་ནོ།། ཐམས་ཅང་བྱང་ཆུབ་ཆེ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པར་གྱུར་པ་རྣམ་པར་སྣང ་མཛད་ནི་བྱང་ཆུབ་ཐམས་ཅད་།། བྱང་ཆུབ་ཆེ་ཞེས་བྱ་བ་ནི་མི་བསྐྱོད་པ་དང་། མོ་བསྐྱེ་ད་པའི་རིགས་ནི་ཉན་ཐོས་དང་རང་སངས་རྒྱས་ནི་བྱང་ཆུབ་ལ་བལྟོས་ན་བྱང་ཆུབ་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ནཱ་བྱང་ཆུབ ་ཆེན་པོ་སྟེ། སངས་རྒྱས་ཞེས་བྱ་བ་ནི་ན་མཁའ་ཐམས་ཅད་དང་མཉམ་པའི་ཡེ་ཤེས་ཐུགས་སུ་ཆུང་པས་ན་སངས་རྒྱས་ཏེ་བཅོམ་ལྡན་འདས་ནི་རིན་ཆེན་འབྱུང་ལྗོན་གྱི་རིགས་དང་བཅས་པའོ།། སངས་རྒྱས་ཉིད་སྐྱེས་ཞེས ་བྱ་བ་ནི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་བདག་ཉིད་ལས་འཁྲུངས་པས་ན་སངས་རྒྱས་ཉིད་བསྐྱེད་དེ་གཟུགས་ཐམས་ཅད་སྟོན་པའི་ཡེ་ཤེས་ཀྱི་སེམས་ཅན་གདུལ་བྱའི་སྤྱོད་པའི་མཆོག་མངའ་བ་སྟེ། བཅོམ་ལྡན་འདས་འོད་དཔག ་ཏུ་མེད་པའི་འཁོར་དང་བཅས་པའོ།། མཆོག་སྐྱེས་པ་ཞེས་བྱ་བ་ནི་མཆོག་ལ་ས་སྐྱེས་པ། ས་ན་མཆོག་སྐྱེས་པ་སྟེ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐོར་པའི་སྒོ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་བྲེའི་རང་བཞིན་ཅན ་གྱི་མཆོག་དེ་ལས་འཁྲུངས་པ་དོན་དམ་པར་གྲུབ་པ་རིགས་དང་བཅས་པའི་ངོ་བོའོ།། དེ་ཡང་ཇི་ལྟར་ནོ་བཅོམ་ལྡན་འདས་མངོན་པར་རྫོགས་པའི་བྱང་ཆུབ་དང་སངས་རྒྱས་ཡིན་ཞེ་ན། རང་སེམས་སོ་སོར་རྟོགས་པ་ལས། ་བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད།། དེ་ཡི་དེ་ཉིད་སངས་རྒྱས་ཉིད།། གླངངྒ་ལ་བྱིན་རློབས་མཆོག་གྲུབ་པ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་ན་མཚན་ལྔ་པོ་དྲུག་གིས་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཡོན་ཏན་སྟོན་པས ་བྱུང་པ་ཡིན་ནོ།། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ་ནི། ཨུ་ཏིཥྛ་ས་མོ་ཡ་ཀྲོ་དྷཱ། ནཱི་སུཾ་བྷྱོ་ཛྭཱ་ལི་བཛྲ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་མེ་ལྷུར་འབྱུརྱཱ་བ། རྡོ་རྗེ་ཧཱུཾ་མཛད་དུ་སྦྲུལ་པའི་སྙིང་པོ་ཡིན་ལ། ཡིད་ལ་སྤྲུལ་པཱ་ཡང་ཁྲོ་བོ་ཡིན་བྱར་བཤ་།། ་ཨོཾ་གེ་ཧཱུཾ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལ་སོགས་པ་འདུལ་བའི་སྙིང་པོ་མཚན་གཉིས་པོ་འོང་དག་ནི་རྡོ་རྗེ་རིགས་ཀྱི་སྒོ་ནས་བརྗོད་པ་ཡིནནོ།། འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ནི། ཇི་ལྟར་པདྨ་དམར་པོ་འདི་ཞེས་བྱ ་བ་ལ་སྔར་གསུངས་པ་ཡིན་ཏེ་མཚན་འདི་ནི་པདྨ་རིགས་ཀྱི་སྒོ་ནས་བརྗོད་པ་ཡིནོ།། ནོར་རབ་གསོལ་ཞེས་བྱ་བ་ནི་ནོར་བུའི་རིགས་ཀྱི་སྔགས་ཀྱི་སྒོ་ན་སོ།། འདོད་ཆགས་ཆེན་པོ་ཞེས་བྱ་བ་ནི་གཟུགས་ཐམས། ་ཅང་སྟོན་པས་སེམས་ཅན་ཐམས་ཅད་སྨིན་པ་ལ་ཆགས་པས་འདོད་ཆགས་ཆེན་པོའོ།། དེ་ཡང་དངོས་གྲུབ་ཀུན་ལ་རྗེས་ཆགས་པསོ།། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས།། རྡོ་རྗེ་སེམས་དཔའི་དཔལ་རྒྱལ་འདི།། དམར་ཞིང་སྣ ་ཚོགས་འ་འབར་བ་ཞེས་གསུངས་པ་ཡིན་ནོ།། བུ་ཆེན་ཉིད་ཅེས་བྱ་བ་ནི་བདེ་བུ་ཡང་མིནྡ་ལ་ཆེན་པོ་ཡང་ཡིན་པས་བདེ་བ་ཆེན་པོ་སྟེ་སངས་རྒྱས་ནས་ཀྱང་ཐུག་པ་མེད་སྙིང་ཐོག་མ་དང་ཐ་མ་མེད་པའི་བདེ་བ་ནི་བདྲེ་བ་ཆེན་པོ ་དེའི་ངོ་བོ་ཉིད་ཡིན་པས་ན་བིད་ཆེན་ཉིད་དོ།། འདི་ཉིད་དངོས་གྲུབ་མི་འགྱུར་བ་དེ། བདྲེ་བ་ཆེན་པོ་ཞེས་བཤད་དོ་ཞེས་འོག་ནས་བཤད་པ་ཡིན་ནོ།། འདོད་དང་ཞེས་བྱ་བ་ནི་འདོད་པར་བྱ་བ་ཉིད་ཡིན་པས་ན་འདོད་པ་སྟེ། མངོན ་བྱར་འདོད་པའི་ཞེས་བྱ་བའི་ཐ་ཚིགོ། དེ་ཡང་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའ་དང་། བྱང་ཆུབ་ཀྱི་སེམས་བསྒོམ་པ་ནི་འདོད་པའི་ཡོན་ཏན་ནོ།། ཐོར་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བདེ་བ་ཆེན་པོ་དེའི ་ངོ་བོ་ཉིད་གྱུར་པ་དང་མཐར་ཐུག་པའོ།། དེ་ཡོང་ཇི་ལྟར་བཅོམ་ལྡན་འདས་འདོད་པ་དང་ཐར་པ་ཡིན་ཞེ་ན།། དངོས་གྲུབ་ཀུན་ལ་རྗེས་ཆགས་པས།། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས།། དངོས་གྲུབ་ཀུན་གྱི་མི་འགྱུར་བ་དེ ་བདེ་བ་ཆེན་པོ་ཞེས་བཤད་དོ།། ཞེས་གསུངས་པ་ཡིན་ནོ།། ནོར་ཆེ་བ་ཞེས་བྱ་བ་ནཱི་ན་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་ནོར་ཆེ་བའོ།། ་དུས་གསུམ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཡིན་པས་ན་དུས་གསུམ་མོ།། སྲིད་གསུམ་ཞེས་བྱ་བ་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་དང་། ་གཟུགས་མེད་པའི་སྲིད་པ་གསུམ།། དེ་ཡང་མཐའ་ཡསུ་ན་འཇིག་རྟེན་གསུམ་འདུལ་བས་སྲིད་གསུམ་ཡིན་ནོ་ཞེས་གསུངས་པ་ཡིན་པས་སྲིད་པ་གསུམ་གྱིས་འདུལ་བ་རྣམས་ཀྱི་ཕྱིར་བཅོམ་ལྡན་འདས་སྲིད་པ་གསུམ་གྱི་ངོ་བོར་སྟོན ་ཅིང་བཞུགས་པས་ན་སྲིད་པ་གསུམ་ཞེས་བཤད་པ་ཡི་ནོ།། མཚན་བདུན་པོ་དེ་དག་གིས་ཀྱང་དཔལ་རྡོ་རྗེ་སེམས་དཔའི་རིགསུ་སྟོན་པར་ཤེས་པ་ཡིན་ནོ།། མཆོག་གསུམ་ཞེས་བྱ་བོ་ནི་རྒྱལ་བྱུ་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང ་དོན་ཐམས་ཅད་གྲུབ་པར་བྱེད་པ་ལ་མཆོག་གསུམ་ཞེས་བྱའོ།། འཇིག་རྟེན་གསུམ་མཆོག་ཅེས་བྱ་བ་ནི་དེ་རྣམས་ཀྱི་མིང་གི་ཁྱད་པར་ལ་འཇིག་རྟེན་གསུམ་ཞེས་བྱ་སྟེ། འཇིག་རྟེན་གསུམ་གྱི་བྱིན་གྱིས་བརླབས་ཞེས་གསུངས་པའི ་ཕྱི་རོ། ཁམས་གསུམ་པོ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་སྤྲུལ་པས་ན་ཁམས་གསུམ་པ་ཞེས་བྱའོ།། བརྟན་དང་ཞེས་བྱ་བ་ནི་རིའི་རྒྱལ་པོ་རི་རབ་ལ་སོགས་པ་དངོས་པོ་ཐམས་ཅད ་འབྱུང་བའི་ཚུལ་གྱིས་གནས་པས་ན་བརྟན་པ་ཞེས་བྱའོ།། དེ་ཡང་སེམས་ཅན་བསོད་ནམས་ཆེར་མཐོང་བས།། བརྟན་པ་ཀུན་ཉིད་དང་ཡིན་ནོ།། ཞེས་འོག་ནས་བཤད་པ་ཡིན་ནོ།། རང་འབྱུང་ཞེས་བྱ་བའི་རྫོགས་པའི ་སངས་རྒྱས་ལ་སོགས་པ་དངོས་པོ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པས་ན་རང་འབྱུང་བ་སྟེ་ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའོ།། གསལ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་རིག་པའི་ངོ་བོ་སོ་སོར་ངོ་བོར་ཆོས་ཀྱི་དབྱིངས།། ཕྲ་རབ ་ཅེས་བྱ་བ་ནི་ཤིན་ཏུ་ཕྲ་བས་ན་ཤིན་ཏུ་ཕྲ་བ་སྟེ་ཆོས་ཀྱི་དབྱིངས་དེ་ཉིད་དོ།། སྒོམ་པ་དང་ཞེས་བྱ་བ་ནི་སྐུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ན་མཁའ་ཁྱབ་པས་ནི་སྒོམ་པའོ།། བསགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པོ་ལ་སོགས ་པའི་རོགས་རྣམས་བསགས་ཤིང་བསྡུས་པའི་ངོ་བོ་ཉིད་ཡིན་པསོ།། རྒྱུ་བ་ཞེས་བྱ་བ་ནི་མངལོ་ནས་སྐྱེ་བོ་དང་། སྒོ་ང་ལས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེས་པ་སྟེ་རང་གི་ལས་ཀྱི་སྟོབས་ལས་སྐྱེས་པ་ནི་རྒྱུ་བ་ཞེས་བྱ་སྟེ་སེམས་ཅན ་སེམས་དང་ལྡན་པའོ།། བཅོམ་ལྡན་འདས་ཀྱང་ཆོས་ཉིད་ལ་དགོངས་ནས་དེའི་ངོ་བོ་ཉིད་ཡིན་པས་ན་དེ་སྐད་ཅེས་བྱའོ།། དེ་ཡང་སེམས་ཀྱི་འདུ་བྱེད་པོས་རྒྱུ་བ་ཞེས་འོག་ནས་བཤད་པའི་ཕྱིར་རོ།། རབ་མཆོག་ཅེས་བྱ་བ་ནི་ཕུལ་དུ ་བྱུང་བ་སྟེ། འཁོར་ལོས་སྒྱུར་བ་ལ་སོགས་པའི་གཟུགས་རབ་མཆོག་གི་འདུལ་བ་རྣམས་ལ། དེའི་གཟུགསུ་སྟོན་པར་མཛད་པའི་ཕྱིར་དེ་སྐད་ཅེས་བྱའོ།། ཐོབ་མཛད་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས ་པ་དང་ལྡན་པ་རྣམས་ལ་དེ་མངོན་སུམ་དུ་གྱུར་པར་མཛད་པས་ན་ཐོབ་པའོ།། སྲིད་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐོབ་པར་མཛད་པ་ངེས་མི་གནས་པའི་མྱ་དྲན་ལས་འདས་པའི་མཚན་ཉིད་དུ་སྐྱིད་པ་ཤིན ་ཏུ་གྲུབ་པར་ནི་སྲིད་པ་ཞེས་བྱའོ།། འཁོར་བ་ཞེས་བྱ་བ་ནི་དེ་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་འགྲོ་བ་རིགས་དྲུག་གི་ཚུལ་གྱིས་བཞུགས་པར་མཛད་པ་དང་ཆོས་ཉིད་ཀྱི་ཚུལ་གྱིས་འཁོར་བ་ཞེས་བྱའོ།། སྤྱོང ་མཛད་པ་ཞེས་བྱ་བ་ནི་སངས་རྒྱས་ལ་སོགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་སྦྱོང་བར་མཛད་པོས་ན་སྦྱོང་མཛད་པའོ།། ཐོག་མཐའ་མེད་པ་ཞེས་བྱ་བ་དང་པོའི་ཐོག་མ་སྟེ་སྐྱེ་བའོ།། ཐ་མ་ནི་དུས་ཚིགས་ངེས་པ་མེད ་པའི་མྱ་ངན་ལས་འདས་པའོ།། གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ནི་ཐོག་མ་དང་ཐ་མཱ་མེ་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ།། ཐོག་མ་ཐ་མ་ཅན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རྒྱུ་མཐུན་པ་ལས་བྱུང་བའི་རྡོ་རྗེ་སེམས ་དབུའོ་སྐུ་ནས་བརྩམས་ཏེ་དུམ་བུ་བཞི་པའི་ལས་བཤད་པའི་འཕགས་པ་ནཱ་མཁའི་སྙིང་པོའི་རང་བཞིན་རུས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིན་པོ་ཆེའི་དྲིལ་བུ་མའི་བར་གྱི་ལྷ་ཐམས་ཅད་ཀྱི་སྐུའི་ངོ་བོར་གྱུར་པས ་ན་ཐོག་མ་ཅན་ནོ།། མདངས་དམར་བ་ཞེས་བྱ་བ་ནི་བལྟས་པས་མི་ངོམས་པའི་སྐུ་མངའ་བས་ཀུན་གྱིས་མངོན་པར་འདོད་པའི་བྱ་བ་ཡིན་པས་ན་མངངས་ལྡན་ནོ།། དང་པོ་ཞེས་བྱ་བ་ནི་བསྐལ་པ་བཟང་པོ་ཞེས་བྱ་བ་ལ་སོགས་པའི ་ཐོག་མར་གནས་པའི་ནི་དང་པོར་ཐོག་མའོ།། ཐམས་ཅད་ཡང་དག་གནས་པ་ཞེས་བྱ་བ་ནི་བསྡུས་པའི་དཀྱིལ་འཁོར་དུ་རིགས་ཐམས་ཅང་གནས་པའི་ཚུལ་གྱིས་བཞུགས་པ་ན་ཐམས་ཅད་ཡང་དག ་གནས་པའོ།། དེ་ལ་མཆོག་གསུམ་དང་འཇིག་རྟེན་གསུམ་མཆོག་ཅེས་བྱ་བའི་མཚན་གཉིས་པོ་འདི་ནི་འཇིག་རྟེན་པའི་དཀྱིལ་འཁོར་གྱི་སྒོ་ནས་བསྟན་པ་ཡིནོ།། ཁམས་གསུམ་པ་དང་། བརྟན་པ་དང་། རང་བ་བྱུང་དང་། ་གསལ་བ་དང་། ཕྲ་རབ་དང་། སྦོམ་པོ་དང་། བསགས་པ་དང་། རྒྱུ་བ་དང་། རབ་མཆོག་དང་། ཐོབ་མཛད་དང་། སྲིད་པ་དང་། འཁོར་བ་དང་། སྦྱོང་མཛད་དང་། ཐོག་མཐའ་མེད་པ་དང་། ཐོག་མཐའ་ཅན་དང་། མདྲངས་ལྡན་དང་དང་པོ ་དང་། ཐམས་ཅད་ཡང་དག་གནས་ཞེས་བྱ་བ་མཚན་བཅོ་བརྒྱད་པོ་འདི་དག་ནི་བསྡུས་པའི་དཀྱིལ་འཁོར་གྱི་སྒོ་ནས་གསུངས་པ་ཡིན་ནོ།། སྙིང་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ངེས་པའི་ཡེ་ཤེས་ཏེ་དེ་ཁོ་ན ་ཡིན་ལ། དེ་སྟོན་པར་བྱེད་པའི་ཚིག་ལ་ཉེ་བར་གདུགས་བྱས་སྙིང་པོ་ཞེས་བྱ་སྟེ། དེ་ཉིད་གསང་བ་གསང་ཆེན་པོ།། སྙིང་པོ་ཞེས་ནི་རབ་ཏུ་བཤད་ཅེས་པ་གསུངས་པའི་ཕྱིར་དང་། ཡང་དེ་ཉིད་ཁོ་ན་ཉིད་དང་། གསང་བའི་སྙིང ་པོ་ཞེས་གསུངས་པའི་ཕྱིར་རོ།། ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་དང་། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོ་ལ་བྱ་སྟེ། སེམས་ཅན་གྱི་ཁམས་སྐུར་བསྟན་པར་བྱེད་པ་འམ། རྒྱས་འདེབས་པའི་ཕྱིར་དེ་ནི་ཕྱག་རྒྱ་ཞེས་བྱའོ།། ་རྣལ་འབྱོར་ཞེས་བྱ་བ་ནི་རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་། ཐམས་ཅད་ཀྱི་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་གྱི་དབྱེ་བྲས་རྣམ་པ་བཞིའོ།། དེ་ལ་དེ་ཁོ་ན་ཉིད་རྣམ་པ་ལྔ་བསྒོམས་པས་བདག་ཉིད་རང་གི་ལྷའི་ངོ་བོ་ཉིད་དུ་བསྐྱེད ་པ་བསྒོམ་པ་ནི་རྣལ་འབྱོར་ཞེས་བྱའོ།། ཡེ་ཤེས་སེམ་སོ་དཔའ་བཅུག་ནས་དེ་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པོར་མོས་པོ་ནི་རྗེ་སུ་རྣལ་འབྱོར་ཞེས་བྱའོ།། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་དུ་བདག་ཉིད་བསྒོམ ་བ་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱའོ།། རྣལ་འབྱོར་དང་རྗེ་སུ་རྣལ་འབྱོར་དང་ཐམས་ཅད་ཀྱི་རྣལ་འབྱོར་རྣམ་པར་བསྒོམས་པས་སེམས་རྩ་གཅིག་ཏུ་གྱུར་པས་གང་ཡིན་པ་དེ་ནི་ཤིན་ཏུ་རྣལ་འབྱོར་ཞེས་བྱའོ།། དམ་ཚིག་ཅེས་བྱ་བ ་ནི་མི་འདའ་བའི་དོན་ལ་ནི་ངོམ་ཚིག་ཅེས་བྱ་བ་སྟེ་སྐུའི་རང་བཞིན་ནོ།། དེ་སདྨ་སྒྱུའི་གསང་བའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་།། འདྲར་བུ་རུ་ནི་མི་མཛད་པས།། ཕྱག་རྒྱ་ངོམ་ཚིག་ཅེས་གྲགས་ཏེ།། ཡིད་ཀྱིས ་གཟུགས་ནི་བསྟན་ཕྱིར་རོ་ཞེས་གསུངས་པ་ཡིན་ནོ།། དེ་ཉིད་ཅེས་བྱ་བ་ནི་ཐོག་མ་བླ་མ་མེད་སེམས་དཔའ་ཞེས་བྱ་བ་ལ། སོགས་པ་གང་ཡིན་པ་དེ་ནི་དེ་ཁོ་ན་ཉིད།། བདེན་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི ་བདེན་པ་དང་། འཕགས་པའི་བདེན་པ་བཞི་ནི་བདེན་པའོ།། མཆོད་པོ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་རིགས་ཐམས་ཅད་ཀྱི་མཆོད་པ་ནི་མཆོད་པ་ཆེན་པོའོ།། དེ་ལྕོང་མཚན་བདུན་ནི་དཔལ་རྡོ་རྗེསེམས ་རས་རིས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་ལྷ་ཐམས་ཅད་ཀྱི་རང་བཞིན་སྟོན་པ་ཡིན་པར་ཤེས་པར་བྱའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྭས་རིས་ཀྱི་དཀྱིལ་འཁོར་གྱི ་རང་བཞིན་ནོ།། དངོས་གྲུབ་ཆེ་ཞེས་བྱ་བཱ་ནི་དེ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་གྱི་དངོས་གྲུབ་ཆེན་པོའོ།། ཆོས་ཞེས་བྱ་བོ་ནི་ཆོས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཡིན་པས་ན་ཆོ་སོ།། ལས?་ཞེས་བྱ་བའི་ལས་ཀྱི་ཕྱག་རྒྱའི་ངོ་བོ་ཉིད ་ཡིན་པས་ན་ལ་སོ།། མཁས་ཆེན་པོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཉིད་ལ་སོགས་པ་ཡོངསུ་ཤེས་པས་མཁས་ཆེན་པོའོ།། དམ་པའི་ཆོས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆོས་ཀྱི་འཁོར་ལོ་བསྐོར་བའི ་ཚུལ་གྱིས་བཞུགས་པའི་འོད་དཔག་ཏུ་མེད་པའི་ཚུལ་གང་ཡིན་པ་དེ་ནི་དམ་པའི་ཆོས་སོ།། ལས་མཆོག་ཅེས་བྱ་བ་ནི་དེ་ཉིད་དུ་དོན་ཡོད་པར་གྲུབ་པའི་ཚུལ་གྱིས་བཞུགས་པ་གང་ཡིན་པ་དེ་ནི་ལས་མཆོ་གོ།། བདག་ཅེས་བྱ ་བ་ནི་དེ་ཉིད་ལས་རིན་ཆེན་འབྱུང་ལྡན་གྱི་ངོ་བོས་བཞུགས་པ་གང་ཡིན་པ་དེ་ནི་བདག་པོའོ།། བྱང་ཆུབ་སེམས་ཞེས་བྱ་བ་ནི་དེ་ཉིད་དུ་མི་བསྐྱོད་པའི་ངོ་བོས་བཞུགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སྡེམ་སོ།། རབ་སྦྱོང ་མཛད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དེ་ཉིད་དུ་རྣམ་པར་སྣང་མཛད་ཀྱི་ངོ་བོས་བཞུགས་པ་གང་ཡིན་པ་དོན་སངས་རྒྱས་ཐམས་ཅད་བསྡུས་པའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས ་ཅད་སྦྱོང་བར་མཛད་པས་ན། རབ་སྦྱོང་མཛད་ཅེས་བྱའོ།། ལ་ལ་ལས་ནི་རབ་སང་མཛད་ཅེས་ཊེ་རཱ་ཏེ། དེར་ཤིན་ཏུ་སད་པར་མཛད་པས་ན་རབ་སང་མཛད་པ་ཅེས་བྱ་བ་ནི་ཡིན་པར་ཤེས་པར་བྱའོ།། མཚན་བཅུ་པོ་འདི་དག་ནི་དེ ་བཞིན་གཤེགས་པའི་རས་རིས་ཀྱི་དཀྱིལ་འཁོར་གྱི་ཡོན་ཏན་སྟོན་པར་བྱེད་པ་ཡིན་ནོ།། རྡོ་རྗེ་ཧཱུཾ་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ།། ཁྲོ་བོ་ཞེས་བྱ་བ་ནི་ཁྲོ་བོའི་རིགས་ཀྱི་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད ་པའོ།། དུས་མཐའ་ལྟར་འབར་ཞེས་བྱ་བ་ནི་སྲེད་པའི་བསྐུལ་པཾ་ལྟ་བྲུའི་རྡོ་རྗེའི་འབར་བས་ཁམས་གསུམ་མྱ་ལུས་པར་བཀང་སྟེ། སེམས་ནྡན་གྷི་ཁམས་མྱ་ལུས་པ་ཀུན་ཏུ་རྨོངས་པར་མཛདདཱ་པ་སྟེ། དེ་ཡང་འཇིག་པ་ལྟ ་པུ་ཡི།། སེམས་འབར་བ་ནི་ཀུན་འཁྲུགས་པས།། ལྷ་ལ་སོགས་པའི་སྲིད་གསུམ་ཀུན།། སྐད་ཅིག་གིས་ནི་ཀུན་རྨོངས་མཛད་ཅེས་གསུངས་པ་ཡིན་ནོ།། འདུལ་བ་པོ་ཞེས་བྱ་བ་ནི་ཡང་སླར་གསོ་བའི་རེག་པས་ལྷ་ལ་སོགས་པ ་སེམས་ཅན་གྱི་ཁམས་ཐམས་ཅད་བླངས་ནས་ཧྲཱིཿཞེས་བྱ་བས་བཀུག་ནས་བཅུ་པ་བཅིངས་ཏེ། དབང་དུ་མཛད་པས་ན་འདུལ་བ་པོ་ཞེས་བྱའོ།། འདུལ་མཛད་ཆེན་པོ་ཞེས་བྱ་བ་ནི་འདིས་དབང་ཕྱུག་ཆེན་པོ་ལ་སོགས་པ་འདུལ་བར ་མཛད་པས་ན་འདུལ་མཛད་ཆེན་པོ་སྟེ། གང་གི་ཕྱིར་བཅོམ་ལྡན་འདས་འདུལ་མཛད་ཆེན་པོ་རྡོ་རྗེ་རིགས་ཀྱི་རང་བཞིན་གྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་བྱང་ཆུབ་ཆེན་པོར་རབ་ཏུ་འཇོག་པར་མཛད་པས་ན་འདུལ་བ་ཡང ་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འདུལ་མཛད་ཆེན་པོའོ།། གདུག་པའི་མཆོག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་ཉེ་བར་འཚེ་ཞིང་གནོད་པར་བྱང་བའི་སེམས་དང་ལྡན་པ་ནི་གདུག་པའི་ཡིད ་ཅེས་བྱ་ཏེ། དེ་རྣམས་ལ་འཇིགས་པ་བསྐྱེད་པར་བྱ་བའི་ཕྱིར་ཤིན་ཏུ་གདུག་པ་སྟོན་པས་ན་གདུག་པའི་མཆོག་སྟེ། གདུག་པ་རྣམས་ལས་ཀྱང་གདུག་པ་ཞེས་བྱ་བའི་ཐ་ཚིག། དྲག་པོ་ཞེས་བྱ་བ་ནི་གདུག་པ་དེ་རྣམས་ཉིད་གདུལ ་བར་བྱ་བའི་ཕྱིར་རྡོ་རྗེ་དྲུག་པོའི་སྐུར་སྟོན་པས་ན་དྲག་པོའོ།། དྲག་པོ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་ཚོགས་སྤྲུལ་ནས་དྲག་པོ་ཐམས་ཅད་ཟེ་བར་མཛད་པས་ན་དྲག་པོ་ཉིད་དོ།། ཟུང་མཛད་ཅེས་བྱ་བ་ནི་ཁྲོ་བོའི་སྟོབས ་པོ་ཆོས་གདུག་པའི་ཚོགས་རྣམས་ཟ་བར་མཛད་པས་ནུ་ཟད་མཛད་།། མཚན་དགུ་པོ་འདི་དག་ནི་རྡོ་རྗེ་རིགས་ཀྱི་གསང་བའི་རས་རིས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་ཡི་ནོ།། ཐམས་ཅད་དྲག་པ་ཞེས་བྱ་བ་ནི་ཕྱག ་རྒྱ་ཆེན་པོའི་རང་བཞིན་ནོ།། པདྨ་ཆེན་པོ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའོ།། ཤེས་རབ་ཐབས་དང་ཞེས་བྱ་བ་ནི་ཤེས་རབ་ཀྱི་བསྐྱེད་པའི་ཐབས་ནི་ཤེས་རབ་སྟེ། སེམས་ཅན་ཐམས་ཅད་འདུལ་བའི་ཕྱིར་ཁྲོ་གཉེར་ཅན་ལོ ་སོགས་པ་ལྷ་མོའི་ཚོགས་ཀྱི་དབུས་ན་བཞུགས་པའི་འཇིག་རྟེན་དབང་ཕྱུག་གི་སྐུའི་ཚུལ་ཆེན་ཞེས་བྱ་བ་ནི་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པས་སེམས་ཅན་གྱི་ཁམས་ཐམས་ཅད་རྣམ་པར་སྦྱོང་བར་མཛད་པས་ན་ཚུལ ་ཆེན་པོའོ།། འདོད་ཆགས་དག་པ་ཞེས་བྱ་བ་ནི་ཇི་ལྟར་པདྨ་དམར་པོ་འདི།། ཚོན་གྱི་ཉེས་པས་མི་གོས་པ།། དེ་བཞིན་དག་པའི་ཁམས་གསུམ་པ།། གནས་ཀྱི་ཉེས་པས་མི་གོ་སྔོ་ཞེས་བྱ་བ་ནི་པདྨ་འདྲ་བ་མ་ཕྱེད་བའི་རྣལ་འབྱོར་རྡོ་རྗེ་ཆོས་ཀྱི ་བསྒོམ་པས་འདོད་ཚུགས་དག་པའོ།། ཏིང་ངེ་འཛིན་མཆོག་ཅེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ།། ཞེས་བྱ་བར་སེམས་རྩེ་གཅིག་པར་གང་ཡིན་པ་དེ་ནི་ཏིང་ངེ་འཛིན་མཆོག་སྟེ་དམ་པའོ།། སྣ་ཚོགས་ཆགས ་པ་ཞེས་བྱ་བ་ནི་སྣ་ཚོགས་ཆགས་པ་སྟེ་སེམས་ཅན་ཐམས་ཅད་འདུལ་བ་ལ་ཞེན་པའོ།། དབང་ཕྱུག་ཆེ་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོས་འདུལ་བ་རྣམས་ལ་དེའི་གཟུགས་འཛིན་པར་མཛད་པས་ན་དབང་ཕྱུག་ཆེ་ནི་བྲོའོ།། མཚན ་བརྒྱད་པོ་འདི་ནི་པདྨའི་རིགས་ཀྱི་རུས་རིས་དཀྱིལ་འཁོར་གྱི་སྒྲོ་ནས་བསྟོད་པའོ།། ན་མཁའ་ཞེས་བྱ་བ་ནི་ན་མཁའ་དང་མཉམ་པའི་ཡེ་ཤེས་མངའ་བས་ན་མཁའོ།། མཐའ་ཡས་ཞེས་བྱ་བ་ནི་ནམ་མཁའ་དང་ཉེ་བའི་ཡེ་ཤེས་རྒྱུ ་མཐུན་པ་ལས་བྱུང་བར་གྱུར་པའི་རིན་པོ་ཆུའི་རིགས་ཀྱི་ངོ་བོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ན་མཁའི་ཁམས་ཐམས་ཅང་རྟག་ཏུ་བཞུགས་པ་ལ་མཐའ་ཡས་པའི་སྒྲར་བཤད་དོ།། རྟག་པ་ཞེས་བྱ་བ་ནི་རྟག་པ་དང་མི་འགྱུར ་བ་ནི་རྟག་པའོ།། དོན་ཞེས་བྱ་བ་ནི་དོན་དུ་གཉེར་བས་དོན་ཏེ། སེམས་ཅན་རྣམས་ཀྱི་དོན་དུ་གཉེར་བ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། འདི་ནི་བཅོམ་ལྡན་འདས་ན་མཁའ་མཛོད་ཀྱི་ངོ་བོ་ཉིད་དུ་སྟོན་པ་ཡིན་ནོ།། འབྱུང་པོ་ཐམས་ཅད ་ཅེས་བྱ་བ་ནི་འབྱུང་བས་ན་འབྱུང་པོ་སྟེ། སེམས་ཅན་དང་སེམས་ཅན་མ་ཡིན་པའི་ངོ་བོའོ།། གནས་ཆེན་པོ་ཞེས་བྱ་བ་ནི་ནམ་མཁའ་ཐམས་ཅད་ལ་གནས་པའི་དང་པོའི་གཞལ་ཡས་ཁང་གི་ངོ་བོ་ཉིད་དུ་གྱུར་པས ་ན་གནས་ཆེན་པོའོ།། འབྱོར་པ་ཞེས་བྱ་བ་ནི་དབང་བསྐུར་བའི་ལྷའི་ངོ་བོ་ཉིད་དུ་གྱུར་པའོ།། དཔལ་ཞེས་བྱ་བ་ནི་གཏེར་གྱི་ལྷ་མོའི་རང་བཞིན་དུ་གྱུར་པའོ།། གཙོ་བོ་ཞེས་བྱ་བ་ནི་རྒྱལ་མཚན་མཆོག་གི་ལྷ་མོའི་ངོ་བོ་ཉིད་དུ་གྱུར་པས་ཐམས ་ཅད་དུ་སྤོང་བའོ།། རྒྱལ་ཞེས་བྱ་བ་ནི་ལྷ་མོ་ཆེན་མོའི་བདག་པོར་གྱུར་པའི་ངོ་བོ་ཉིད་ཀྱིས་མཛེས་ཤིང་གསལ་བས་ན་རྒྱལ་པོའོ།། བསམ་པ་ཐམས་ཅད་རྫོགས་མཛད་པ་ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པའི་ངོ་བོ་ཉིད་ཀྱི་སེམས ་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དངོས་གྲུབ་གསོལ་བས་ན་ཐམས་ཅད་རྫོགས་པར་མཛད་པའོ།། མཚན་བཅུ་གཅིག་པོ་འདི་དགུ་ནི་རིན་པོ་ཆེའི་རས་རིས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་ཡིན་ནོ།། ཕྱག་འཚལ་ཁྱོད ་ལ་ཕྱག་འཚ་ལོ།། ཕྱག་འཚལ་འདུད་ཅིང་ཕྱག་འཚལོ།། ཞེས་བྱ་བ་ཡང་དང་ཡང་དུ་ཕྱག་འཚལ་འདུད་པ་ནི་ལྷག་པར་གུས་པའི་ཁྱད་པར་སྟོན་པ་ཡིན་ནོ།། དྲང་པས་ཁྱེད་ལ་བདག་བརྟེན་བགྱིད་ཅེས་བྱ་བ་ནི་ཁྱེད་མངོན་སུམ་དུ་བྱེ་སྟེ ་ཞེས་བྱ་བ་ནི་རྟག་པ་ཁོ་ནར་བསྒོམ་པ་ཞེས་བྱ་བ་ཐ་ཚིགོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་དེ་བཞིན་དུ་རོ་གཅིག་པ་སྟེ། དེ་ཡང་ཐོག་མ་ཐ་མ་མེད་ཅིང་རྟག། མི་ཟད་ཉམས་པ་མེད་མི་འགྱུར།། སེམས་དཔའི་རྡོ་རྗེ་ཡི་རང་བཞིན།། རྡོ་རྗེ ་སེམས་དཔའ་ཞེས་བཤད་དོ་ཞེས་འོག་ནས་བཤད་པ་ཡིན་ནོ།། དང་པོ་ཞེས་བྱ་བ་ནི་ད་ལྷུར་བྱུང་བའི་ངོ་བོ་ཉིད་ཀྱིས་རྟག་ཏུ་བཞུགས་པ་ཡིན་པས་ན་དང་པོའི་ཞེས་བཤད་པ་ཡིན་ནོ།། མཚན་གཉིས་པོ་འདི་ནི་ཐམས་ཅད་ནི་དཔལ་རྡོ་རྗེ ་སེམས་དཔའི་ངོ་བོ་ཉིད་ཡིན་ནོ་ཞེས་སྟོན་པ་ཡིན་ནོ།། བདག་གྲུབ་མཛད་དོ་ཞེས་བྱ་བ་ནི་སློབ་དཔོན་གསོལ་བུ་འདེབས་པའོ།། ད་ནི་གང་ཞིག་ཅེས་བྱ་བ་ལ་སོགས་པས་མཚན་བརྒྱ་རྩ་བརྒྱད་པསྡུ་བསྟོད་པའི་ཕན་ཡོན་གསུངས་པ་ཡིན། ་ཉིན་རེ་ཞེས་བྱ་བ་ནི་ཉན་ཞག་ར་ར་ཞེས་བྱ་བ་ན་ཉིན་ཞག་རེ་རེ་ཞིང་ངོ་།། ནང་པ་རཽ་ཞེས་བྱ་བ་ནི་སྣ་དྲོའི་ཐུན་ཚིགས་དང་པོ་སྟེ། བསྒོམ་པའི་སྔོན་དུ་ཞེས་བྱ་བའི་ཐ་ཚིག་གོ། རྗོད་བྱེད་ན་ཞེས་བྱ་བ་ནི་འདོན་པར་བྱེད་ནའོ།། ཇི་ལྟར་ཞེ་ན། ཆོས ་ཀྱི་ཚིག་གི་ལོན་གཅིག་ནི་ཞེས་བྱ་བ་སྨོས་ཏེ། རྔ་སྒྲ་ལྟར་ཟབ་པའི་དབྱངས་ནི་ཆོས་ཀྱི་ཚི་གོ།། ཆོས་ཀྱི་ཚིག་ངེས་འདོན་ཅིང་བརྗོད་པར་བྱེད་པ་གང་ཡིན་པ་དེ་ལ་ཅི་ཞིག་ཏུ་འགྱུར་ཞེ་ན། དངོས་གྲུབ་ཤིན་ཏུ་མྱུར་བར་འགྱུར་ཞེས་བྱ་བ ་གསུངས་ཏེ། རྣལ་འབྱོར་པ་དངོས་གྲུབ་གྲང་ཞིག་སྒྲུབ་པ་ལ་འཇུག་པོར་འགྱུར་བ་དེ་འདིར་མཚན་བརྒྱ་རྩ་བརྒྱད་པའི་མཐུས་རིང་པོར་མི་ཐོག་པར་མྱུར་དུ་འགྲུབ་པར་འགྱུར་བའོ།། གལ་ཏེ་འདིར་འགྲུབ་མི་འདོད་ན་ཞེས་བྱ་བ ་ནི་གོ་འཕང་སྟེ། རྣལ་འབྱོར་གང་ལ་གཅིག་པ་བཟློས་བརྗོད་དང་བསྒོམ་པའི་ཚེ་འདི་ལ་དངོས་གྲུབ་དོན་དུ་གཉེར་ན། དང་པོ་སྟེ་ཉིན་རེ་ཞིང་སྔ་དྲོ་དང་། ཉི་མ་ཕྱེད་དང་། ཕྱི་དྲོའི་དུས་གསུམ་དུ་ཇི་སྐད་དུ་བཤད་པའི་མཚན་བརྒྱ ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་བསྟོད་པ་བྱའོ།། བསྟོད་ན་རྣལ་འབྱོར་པ་ཅིར་འགྱུར་ཞེ་ན། སྡིག་པ་ཀུན་ལས་མྱུར་དུ་གྲོལ་ཞེས་བྱ་བ་གསུངས་ཏེ་སྒྲིབ་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། དེ་ལྟར་སྡིག ་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་ཕྱིར་འཆི་བའི་དུས་བྱས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེ་བར་འགྱུར་རོ།། དེ་ནས་དེར་སྐྱེས་ནས་རྡོ་རྗེ་འཆུང་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་རོ།། ལན་གཅིག་བརྗོད་པ ་ཙམ་གྱིས་ཀྱང་། རྟག་ཏུ་སྡུག་བསྔལ་ཐམས་ཅད་སེལ་ཞེས་བྱ་བ་ནི་གོ་བར་ཟད་ངོ་།། དངོས་གྲུབ་ཐམས་ཅད་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་དེ། དངོས་གྲུབ་དེ་ཐམས་ཅད་ལ་མཚན་བརྒྱ ་རྩ་བརྒྱུད་པ་འདིས་སྐལ་པོ་བཟང་པོར་བྱེད་དེ་འདིས་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ།། དཔལ་གྱིས་ཕུན་སུམ་ཚོགས་པ་ནི་ཕྱག་རྒྱ་ལ་སོགས་པའི་འབྱོར་པའོ།། དེ་འཕེལ་བར་བྱེད་པ་ནི་འདི་ང ་ནས་གོང་དུ་རྒྱས་པར་བྱེད་དོ།། དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་གྲུབ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པའོ།། དེའི་དོན་ཡོད་པ་ནི་འབྲས་བུ་ཡོད་པ་བསྐྱེད་པའི་རྒྱུར་གྱུར་པའོ།། ཡོན ་ཏན་གྱི་རྒྱུ་ཡིན་པས་ན་ཡོན་ཏན་ནོ།། མཚན་བརྒྱ་རྩ་བརྒྱད་དམ་པ་ནི་ཞེས་གསང་བ་དམ་པ་སྐྱེ་བོ་ཐམས་ཅད་ཀྱི་ཐུན་མོང་དུ་གྱུར་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་བཅོམ་ལྡན་འདས་མཚན་བརྒྱ་རྩ་བརྒྱད་པ་འདིས ་ཡང་དག་པར་བསྟོད་ནས། དེས་ཕྱིས་འདོད་ཆགས་རྡོ་རྗེ་མ་དང་། ཀཱི་ལི་ཀཱི་ལ་མ་དང་། རྡོ་རྗེ་དྲན་མ་དང་། རྡོ་རྗེ་སྙེམས་མའི་མཆོད་པའི་ཕྱག་རྒྱ་རབ་ཏུ་དགའ་བ་ཞེས་བྱ་བ་གུས་པས་ཡང་དག་པར་མཆོད་ལ། ཡང་གླུ་མྱུ་དང་རོལ ་མོ་མཆོད་པ་འོག་ནས་བཤང་པོའི་མཚན་ཉིད་ཅན་གྱིས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་མཆོད་བར་བྱའོ།། དེ་ནས་ཅི་ཞིག་བྱ་ཞེ་ན། རང་གི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ཕྱག་རྒྱས ་གྲུབ་ནས་སྙིང་པོ་འདི་རྡོ་རྗེ་བླང་བར་བྱའོ་ཞེས་བྱ་བར་སྦྱར་རོ།། དེ་ལྟར་བཅོམ་ལྡན་འདས་ཡང་དག་པར་མཆོད་ནས་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བས་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ།། དེ་ལྟར་ནི་ཕྱག ་རྒྱའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་རྣམ་པར་རྒྱལ་བའི་བུམ་པའི་ཆུས་དབང་བསྐུར་བའོ།། རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་མཚན་ཉིད་འོག་ནས་བཤོད་པས ་བདག་ཉིད་དབང་བསྐུར་ལ། སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་ཅོད་པན་རིན་པོ་ཆུ་ལས་བྱས་པ་ལུགས་མ་འམ་བརྐོས་པ་འམ་བྱས་པ་འམ་བྲིས་པས་དབང་བསྒྱུར་བར་བྱའོ།། ཕྱག་བྱས་ནས་ཞེས་བྱ་བ་ནི་ཐམས་ཅད ་ལ་སྦྱར་བར་བྱའོ།། རང་གི་རྡོ་རྗེ་བླང་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དང་པོའི་རྡོ་རྗེ་གོང་ཡིན་པ་དེ་ནི་རྣལ་འབྱོར་པ་འདིའི་རང་གི་རྡོ་རྗེ་ཡིན་ནོ།། འདི་སྐད་སྟོན་ཏེ། དང་པོའི་རྡོ་རྗེ་དྲིལ་བུ་དང་བཅས་པ་བླང་བར་བྱའོ།། ་ཞེས་བྱ་བའི་ཐ་ཚིགོ།། དེ་ལ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། དེ་ནས་ཀྱང་ནི་ཅི་འདོད་པར་ཞེས་བྱ་བ་ནི་དེ་ལྟར་བདག་ཉིད་འཇུག་པ་ལ་སོགས་པའི་ཆོ་ག་རྗེསུ་སྦྱང་ནས་དུས་ཕྱིས་བདག་ལ་བྱིན་གྱིས་བརླབས ་པ་ལ་སོགས་པ་བྱ་སྟེ་ཇི་ལྟར་སྤྲོ་བས་གང་ཞིག་འདོད་པའང་གྲུབ་ནས་ཆོ་གའི་མཆོག། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒོམས་པ་བསྒྲུབས་ནས། རྡོ་རྗེ་གུར་གྱི་མཆོད་པས་ཡང་དག་པར་མཆོད་ནས་རབ་ཏུ་གྲུབ་པར་འགྱུར་རོ།། ་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་མ་ལ་སྩོགས་པའི་མཆོད་པ་རྣམ་པ་བཅུ་གཉིས་ནི་གར་གྱི་མཆོད་པ་སྟེ། རྡོ་རྗེ་གོར་གྱི་མཆོད་པ་དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ་མཆོད་པ་བྱས་ནས་ཡང་དག་པར ་རྫོགས་པར་འགྱུར་བ་སྟེ། དཀྱིལ་འཁོར་གྱི་དངོས་གྲུབ་འགྲུབ་པར་འགྱུ་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ནས་བརྩམས་ཏེ་ཞེས་བྱ་བ་ནི། དཀྱིལ་འཁོར་སྒྲུབ་པ་ནས་ཉེ་བར་གཟུང་བའོ།། རྡོ་རྗེ་བདག་ནི་རྡོ་རྗེའི་སྒོའོ།། རྡོ་རྗེ་ཀུན་གྱི་གསང ་མཆོག་འཛིན་ཞེས་བྱ་བ་ལ། རྡོ་རྗེ་ཀུན་གྱིས་རིགས་ལྔའི་རིང་བཞིན་ཅན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམ་སོ།། དེ་རྣམས་ཀྱི་གསང་བ་བཟང་པོ་ནི་གསང་བ་མཆོག། དཔལ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང ་ཐུགས་རྡོ་རྗེའོ།། དེ་འཛིན་པས་ན་རྡོ་རྗེ་ཀུན་གྱི་གསང་མཆོག་ཅེས་བྱ་སྟེ། དཔལ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དངོས་གྲུབ་མཉམ་པར་གྲུབ་པ་དེའི་བདག་ཉིད་ཀྱིས་འཛིན་པར་བྱེད་ཅེས་བྱ་བའི་ཐ ་ཚིག་གོ།། ཇི་ལྟར་ཞེ་ན། རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། གང་ཕྱིར་དཀྱིལ་འཁོར་གྲུབ་པས་རྡོ་རྗེ་ཐམས་ཅད་འཛིན་སློབ་དཔོན་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་སློབ་དཔོན་དཔལ་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང ་ཐུགས་རྡོ་རྗེའི་དངོས་གྲུབ་ཐམས་ཅད་འགྲུབ་བྱར་འགྱུར་རོ།། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ་ཞེས་བྱ་བའོ།། ཕྱག་རྒྱ་ཀུན་ནཱི་ལྷ་མོའི་རང་བཞིན་ཏོ། དེ་རྣམས་ཀྱི་བདྲག་པོ་ནི་རིགས་ཀྱི་བདག་པོ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི ་ཐ་ཚིག་གོ།། དེ་ཉིད་ཀྱིས་ན་དབང་ཕྱུག་སྟེ། གཙོ་བོ་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་དང་། འཇིག་རྟེན་དབང་ཕྱུག་དང་། དེའི་རིགས་ཀྱི་ངོ་བོ་ཉིད་ཡིན་པས་ཐམས ་ཅང་མཁྱེན་པའོ།། རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་བདག་པོ་དང་ངོའི་རིགས་ཀྱི་ངོ་བོ་ཉིད་ཀྱིས་ཐམས་ཅད་དུ་སོང་བའི་ཕྱིར་རྡོ་རྗེ་ཆེའོ།། ཐམས་ཅད་མཁྱེན་པ་ཡང་ཡིན་ལ་རྡོ་རྗེ་ཆེན་པོ་ཡང་ཡིན་པས་ན་ཐམས་ཅད་མཁྱེན་པའི ་རྡོ་རྗེ་ཆེའོ།། ལྷས་རྣམས་ཐཾད་ཙྪོས་བྱཱ་བ་ནི་ནོར་བུའི་རིགས་དང་ལས་ཀྱི་རིགས་གཉིས་ཀྱི་དཀྱིལ་འཁོར་གྱི་ལས་གང་ཡིན་པ་དེ་ནི་ལུས་རྣམས་ཐམས་ཅོད་དེ། དེ་རྫོགས་པར་བྱེད་ནུས་པར་འགྱུརརོ།། རྟག་པ་དང་ཞེས་བྱ་བ་ནི་དུས་ཐང ་དུའོ།། ཟིལ་གྱིས་གནོན་པར་མི་ནུས་པས་ན་མི་ཚུགས་པའོ།། ལྷ་དང་བཅས་པའི་འཇིག་རྟེན་ཀྱང་བསད་པར་མི་ནུས་པས་ན་མི་གསོད་པའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལས་ཐམས་ཅད་བྱེང་པས་ན་ཀུན ་བྱེད་དོ།། རྒྱུ་དེ་ཉིད་ཀྱིས་ན་གདུལ་བྱ་རྣམས་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་གསོལ་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་རྒྱལ་ཆེན་ནོ།། དེ་ཉིད་ཀྱིས་ན ་ཚར་གཅོད་པ་དང་ཕན་འདོགས་པ་ཡིན་ནོ།། རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་རྣམས་ཐམས་ཅད་བསྒོམ་པ་པོ་ནི་རྗེས་སུ་ཆགས་པའོ།། དེ་ཉིད་ནི་རྣལ་འབྱོར་ཆེན་པོ་དེ་ཉིད་རྗེསུ་ཆགས་པའོ།། དེ་ཉིད་ནི་རྣལ་འབྱོར་ཐམས་ཅད་ཀྱི ་མཆོག་ཏུ་གྱུར་པས་ཐམས་ཅད་མཆོག་གོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་རྟོགས་པས་ཀུན་རིག། རིགས་ཐམས་ཅད་ཀྱི་གཞིར་གྱུར་པས་ན་ཐམས་ཅད་གནསོ།། འཇིག་རྟེན་དང་འཇིག་རྟེན་ལས་། ་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱཱ་ནཱི་འདོད་པ་ཐམས་ཅད།། དེ་རྣམས་ལ་རབ་ཏུ་སྤྱོད་པ་ནི་བདག་པོར་གྱུར་པའོ།། དྲོན་འདི་ཉིད་བཤད་པ་ནི། ཕུན་ཚོགས་ཀུན་གྱི་དབང་ཕྱུག་ཆེ་ཞེས་བྱ་བ་ཡིན་ནོ།། ལྷག་མ་ནི་གོ་བར ་ཟད་དོ།། ཚེ་འདྲི་ཉིད་ལྔ་འགྲུབ་པར་འགྱུར་ཞེས་བྱ་བ་ནི་དེ་ལྟར་དཀྱིལ་འཁོར་སྤྲུལ་པས་གྲུབ་པའི་རྣལ་འབྱོར་པ་ནི་ལུས་དེ་ཉིད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པར་གྱུར་པ་ནི་གྲུབ་པའོ།། ཅིའི ་ཕྱིར་འདི་རང་ཉིད་དཀྱིལ་འཁོར་དུ་འཇུག་པས་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་འགྱུར་ཞེ་ན། འོད་ལྟར་ཞེས་བྱ་བ་སྨོས་ཏེ། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་བཤང་མ་ཐག་པའི་སྒྲུབ ་བའི་ཆོ་གའི་རྣམ་པས་བསམ་པ་དག་པ་སྟེ། སེམས་དག་པ་རྒྱུར་གྱུར་པས་རང་ཉིད་དགྱེས་ནས་དེའི་བདག་པོའི་རྡོ་རྗེའི་སློབ་དཔོན་དུ་འགྱུར་བའོ།། དང་པར་གྱུར་པས་ཀྱང་ཞེས་བྱ་བ་ནཱི་དད་པ་ནི་སེམས་དང་བ་སྟེ། མ་དད་པ་ནི་དྲི་མ ་དང་བྲལ་བས་དད་པར་འགྱུར་བ་སྟེ། དད་པར་གྱུར་པ་དེས་ཀྱང་ངོ་།། ཇི་ལྟར་ན་དད་པར་འགྱུར་བ་ཡིན་ཞེ་ན། དེ་ཁོ་ན་ཉིད་ཅེས་བྱ་བ་སྨོས་ཏེ། དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་བ་དང་། ཆོས་ཀྱི་དྲིལ་བུ་དཀྲོལྔ་བ་དང་། དམ་ཚིག་གི་ཕྱག་རྒྱ ་ཆེན་པོར་བྱིན་གྱིས་བརླབ་པ་ད་ནི་དེ་ཁོ་ན་ཉིད་དེ། དེས་དང་པར་འགྱུར་བ་སྟེ། རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྀ་སྒྲིབ་པ་མེད་པའི་སེམས་ཉེ་བར་སྐྱེ་བར་འགྱུར་རོ།། ཞེས་བྱ་བའི་ཐ་ཚི་གོ།། དགྱེས་པ་ནི་ཐུགས་རངས ་པའོ།། རང་ཉིད་ནི་བདག་ཉིད་དེ། སྒྲུབ་པ་པོ་དེའི་བདུག་པོར་རྡོ་རྗེ་སེམས་དཔའ་སློབ་དཔོན་དུ་གྱུར་ནས་དཀྱིལ་འཁོར་དུ་འཇུག་པར་མཛད་ནས་དེའི་ཕྱིར་དཀྱིལ་འཁོར་གྲུབ་པས་ཇི་སྐད་བཤད་པའི་དངོས་གྲུབ་འགྲུབ་པར་འགྱུརརོ།། ་བདེ་བུ་ཆེན་པོ་ནི་རྡོ་རྗེ་ལྷ་མོའི་དཀྱིལ་འཁོར་རོ།། རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པོ་ནི་སློབ་དཔོན་ནི་བདེ་བ་ཆེན་པོའི་རྡོ་རྗེ་སློབ་དཔོན་ནོ།། དེའི་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའི་སྐུ་དང་གསུང་དང་ཐུགསུ་བསྐྱེད་པ ་སྟེ། དེའི་དོན་དུ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ནི་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པའི་བྱ་བའི་རྒྱུན་ཏེ་དེ་སྟོན་པར་བྱེད་པའི་རྒྱུད་རྫོགས་སོ།། ་དེ་ལྟར་སློབ་དཔོན་ལས་ཀྱི་ཆོ་ག་གསུངས་ནས། ང་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའི་དོན་སྟོན་པའི ་ཚིག་ཡིན་ནོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་བྱིན་གྱིས་བརླབས་པའི་སློབ་མ་ནི་རྡོ་རྗེ་སློབ་མ་སྟེ། དེ་རྣམས་ཀྱི་ཆོ་ག་རྒྱས་པ་ནི་འཇུག་པ་ལ་སོགས་པའི་བྱ་བའི་རྒྱུན་ཏེ། དེ་སྟོན་པར་བྱེད་པའི་རྒྱུད་རྗེསུ་བཤད་པར་བྱའོ།། ཞེས ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔེས་གསུང་སོ།། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་པས་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཆེན་པོ་དང་། ཇི་ལྟ་བ་བཞིན་དུ་ལྡན་པའི་ཕྱག་འཚལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཇི་སྐད་དུ ་བཤད་པའི་མཚན་ཅན་གྱིས་རྡོ་རྗེ་མཆོད་ཡོན་གྱི་ཕྱག་རྒྱ་རང་གི་སྙིང་གའི་ཕྱོགས་སུ་བསྐོར་ལོ་མེ་ཏོག་གི་ཕྲེང་བ་དང་ལྡན་པར་བཅིངས་ཏེ། ལྷག་པར་མོས་པའི་ཁྱད་པར་ཕུལ་དུ་བྱུང་བས་བཞིན་གྱིས་པདྨ་གཡོས་པ་ནི་བསམ་པས ་བཞིན་གཡོས་པ་སྟེ། དེ་བཅོམ་ལྡན་འདས་ལ་མགོ་བོས་ཡང་དག་པར་ཕྱག་བྱས་པ་ནི། མགོ་བོས་ཡང་དག་ཕྱག་བྱས་པ།། དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན།། ཞེས་བྱས་ཏེ། རྣལ་འབྱོར་པའི་དངོས་གྲུབ་ཀུན་སྐྱེད་པར་བྱེད་པ་ཡིན ་མོ། རྣལ་འབྱོར་པ་གནས་གང་དུ་གནས་ནས་བཅོམ་ལྡན་འདས་ལ་ཕྱག་བྱ་ཞེ་ན། དཀྱིལ་འཁོར་བཞུགས་ནས་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་དུ་ཞུགས་ནས་ཞེས་བྱ་བའི ་ཐ་ཚི་གོ།། དེ་ནས་ཅི་ཞིག་བྱ་ཞེ་ན། བདེ་བ་ཆེན་པོ་ཞེས་བརྗོད་ཅིང་ཞེས་བྱ་བ་གསུང་སོ།། ཅི་ཞིག་བྱེད་ཅིང་དེ་སྐད་ཅེས་བརྗོད་ཅེ་ནུ། བསྐོར་བ་ལན་གསུམ་བྱེད་བཞིན་དུ་ཞེས་བྱ་བ་གསུངས་ཏེ། ནང་གི་དཀྱིལ་འཁོར་ལ་བསྐོར་བ་ལན་གསུམ་དུ ་བྱེད་ཅིང་ཞེས་བྱ་བའི་ཐ་ཚི་གོ།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། འགྲོ་བ་ཀུན་ལ་གྲུབ་པར་མཛོད་ཅེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་ངོ་།། འཁོར་ལྀ་བཤད་དེ་ཞེས་བྱ་བར་སྦྱར་རོ།། དེ་ཁྱད་པར་དུ་བྱེད་པ་ནི་གནས་ནི་ཞེས་བྱ་བ་ལ ་སོགས་པ་སྨོས་པ་ཡིནྣ་ཏེ། དེ་བཞིན་གཤེགས་པ་དང་། རྡོ་རྗེ་པདྨ་དང་། ནོར་བུའི་རིགས་དང་། འཇིག་རྟེན་པའི་གཞལ་ཡས་ཁང་ཐམས་ཅད་ཀྱི་ས་གཞིར་གྱུར་པས་ན་གནས་སོ།། དངོས་གྲུབ་མཐའ་ཡས་ནི་ནམ་མཁའ་ཐམས་ཅད་ལ ་རྟག་ཏུ་བཞུགས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྐྱེད་པ་གང་ཡིན་པ་དེའི་མཐའ་ནི་སྔར་བཤད་པའི་ཚུལ་གྱིས་མཐར་ཐུག་པར་མི་ནུས་པས་ན་མཐའ་མེད་པའོ།། བཤད་དྲོ་ཞེས་བྱ་བ་ནི་བཤ ་མ་ཐུག་པའི་གཞུང་ངེས་རབ་ཏུ་བསྟན་པའོ།། ན་མཁའི་ཕྱོགས་སུ་མཱ་ལུས་པ་ནི་ཕྱོགས་བཅུའི་ན་མཁའོ།། དེ་ལ་རབ་ཏུ་གནས་ཤིང་གཞིར་བྱ་བ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། མཉམ་པ་མེད་པའི་བདེ་བ་ནི་དེ་བཞིན་གཤེགས ་པའི་གཉིས་སུ་མེད་པའི་ཡེ་ཤེ་སོ།། དེའི་རྡོ་རྗེ་དང་པོའི་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེའོ།། དེ་རྣམས་ཀྱི་གསང་བ་ནི་འཁོར་ལོ་དེ་སྟེ། དེ་རྣམས་ཀྱིས་ལེགས་པར་སྦྱར་བའི་ཕྱིར་རོ།། དང་པོ་ཞེས་བྱ་བའི ་སྒྲ་ནི་བཤད་ཟིན་ཏོ།། བདེ་བ་ཡང་ཡིན་ལ་མཆོག་ཀྱང་ཡིན་པས་ན་བདེ་བའི་མཆོག་སྟེ། དངོས་གྲུབ་ཐམས་ཅད་མི་འགྱུར་བའི་བདེ་བའོ།། མཆོག་ཀྱང་ཡིན་ལ་དང་པོའི་བདེ་བ་ཡང་ཡིན་པས་ན་མཆོག་དང ་པོའི་སྐྱེས་བུ་སྟེ། རྡོ་རྗེ་འཆུང་ཆེན་པོའོ།། དེའི་འཁོར་ལོའོ།། ཡང་འདིའི་དོན་བརྗོད་པར་བྱ་སྟེ། བདག་བསྲུང་བ་དང་བགེགས་གཞོམ་བྱ་ལ་སྩོགས་པ་བྱས་ལ་བསང་གཏོར་བྱ་བའི་ཕྱིར་སྤོས་ཆུབ་ཀྱིས་བཀང་བའི་སྣོད་ལ་རྡོ་རྗེ་གནོད་སྦྱིན ་སྡོངསོ་སུ་བཟླས་ལ་ལྷའི་ཁང་པའི་སྒོར་བཞག་ལ་མཆོད་ཡོན་དང་། མཆོད་པ་རྣམ་པ་ལྔས་ཇི་ལྟ་བ་བཞིན་དུ་མངོན་པར་བཟླའོ།། མཆོད་ཆེན་ཐམས་ཅད་དགུག་པ་དང་།། བདག་ལ་བྱིན་རླབས་སྩོགས་གྲུབ་པས།། རྟག་ཏུ་རྡོ་རྗེ ་དྲིལ་འཆང་ཞིང་།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། ལུགས་མ་འམ་ཡང་ན་བརྐོས་པ་འམ།། བྱས་པ་འམ་ནི་བྲིས་པའོ།། དང་པོའི་འཁོར་ལོ་བཞག་ནས་ནི།། དེར་ནི་སླར་ཡང་རབ་ཏུ་འགྲུབ།། ཡི་གེ་ཧཱུཾ་ཟློས་ཤིང་དང་པོའི་རྫ ་རྗེའི་ཕྱག་རྒྱ་བཅིངས་ལ། ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་ནས་ས་ལ་བཞག་སྟེ་བཅོམ་ལྡན་ཡུམ་གྱི་དཀྱིལ་འཁོར་སྤྲུལ་ལ། དེ་ཉིད་རང་གི་ཁར་བཞག་ན་དཀྱིལ་འཁོར་དེར་རབ་ཏུ་ཞུགས་པར་འགྱུར་རོ།། དེ་ནས་གལ་ཏེ་འབྱོར ་པ་ཡོ་ད་ན་མེ་ཏོག་ལ་སོགས་པས་དཀྱིལ་འཁོར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་གཾ་ཏ་ཀཱ་ཡ་བཱ་ཀཱིཏྟ་པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་རོ་མི་ཞེས་བྱ་བ་དང་ཕྱོགས་ཐམས་ཅད་ནས་ཡན་ལག་ལྔས་བཅོམ་ལྡན་འདས་འཁོར་དང་བཅོས ་པ་ལ་ཕྱག་བྱས་ལ་ཕྱག་བཞི་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བ་སྡིག་པ་དྲལ་བའི་བར་གྱི་ཆོ་ག་རྣམས་རྗེ་སུ་སྤྱད་པར་བྱའོ།། དེ་ནས་རང་གི་སྙིང་གཱའི་ཟླ་བ་ལ་གནས་པའི་དྲང་པོའི་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ་མངོན་པར་ཡིད་ཀྱི་བྲིས ་ལ་དེ་ཉིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་རང་བཞིན་གྱིས་འོད་གསོལ་ཞིང་། ན་མཁའ་དང་མཉམ་པའི་སེམས་ཡི་གེ་ཧཱུཾ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གིས་བསྐོར་བ་ཟླ་བའི་དཀྱིལ་འཁོར་དུ ་གྱུར་པ་བསམ་པར་བྱའོ།། དེའི་སྟེང་དུ་ཡང་ཧཱུཾ་ཀཱ་ནཱསྭ་ཀྵའི་བར་དུ་གསལ་བའི་ཡི་གེ་སྐར་མ་ལྟ་བུ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ། ཡང་ཟླ་བའི་དཀྱིལ་འཁོར་གཉིས་པཱ་ཧཱུཾ་དང་བཅས་པ་ལས་དང་པོའི་རྡོ་རྗེ་རྡོ་རྗེའི ་དབུས་སུ་ཧཱུཾ་བསམས་ལ་བཛྲ་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་ནི་བདགོ་ཞེས་རྡོ་རྗེའི་ང་རྒྱལ་དུ་བསྒོམས་ནས། རྡོ་རྗེ་ལས་རྡོ་རྗེ་སེམས་དཔའ་དང་བཅས་པའི་ལྷ་མོའི་དཀྱིལ་འཁོར་གྱི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང ་མཉམ་པོ་སྨྲས་ལ། ངེས་སེམས་ཅན་གྱི་ཁྱམས་ཐམས་ཅད་རྡོ་རྗེ་འཆང་ཆེན་པོས་རྟོགས་པར་བྱ་བས་རྡོ་རྗེ་འཆང་ཆེན་པོར་བྱས་ནས་དེ་རྡོ་རྗེ་དེར་ཡིད་ཀྱིས་གཞུག་པར་བྱའོ།། དེ་ནས་རྡོ་རྗེ་བཛྲ་སཏྭ་ཧཾ་ཞེས་ཟློས་ཤིང་སེམས ་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དྲིལ་བུ་བླངས་ལ་ལག་པ་གཡས་དང་པོའི་རྡོ་རྗེ་བསྙོམས་པ་དང་བཅས་པས་གསོར་ལ། ཡང་བཛྲ་སཏྭ ་ཞེས་བརྗོད་དོ།། དེ་ནས་མ་ཧཱ་ས་མ་ཡ་སཏྭ་ཧཾ་ཞེས་བྱ་བ་སྤྱིའི་སྔགས་བརྗོད་པར་བྱའོ།། དེ་ནས་དང་པོའི་རྡོ་རྗེ་ཇི་ལྟ་བ་བཞིན་དུ་སུ་མཱ་ཡཱ་ཧཾ་ཞེས་བརྗོད་པར་བྱའོ།། དེ་ཉིད་ཀྱི་སྙིང་ག་དང་། ལྐོག་མྱ་དང་སྤྱི་བོར་བྱིན ་གྱིས་བརླབས་ལཱ་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བརྗོད་དོ།། དེ་ནས་སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ནུས། ལུས་ནི་དྲང་པོར་བཞག་བྱས་ལྔ།། རྡོ་རྗེ་བསྙེམས་མ་འཆང་བྱེད་ཙཱང་།། བསྒྱིངས་དང་བཅས་པས་རྡོ་རྗེ་གསོར།། སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ཡིས།། རྡོ་རྗེ་སེམས་དཔེར་རང་ཉིད་འགྱུར་ཞེས་བྱ་བ་འདིས་ནི་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་བཅིངས་ནས། རང་གི་སྙིང་གིའི་དཀྱིལ་འཁོར་ན་མཱཁྱའི་ཁམས་ཐམས་ཅད་དང་མཉམ ་པར་འཇུག་པའི་ཚུལ་ཙམ་དུ་ཡིད་ཀྱི་ཞུགས་ལ་སྔ་མ་བཞིན་དུ་དང་པོའི་རྡོ་རྗེ་དེར་ལྕི་མོའི་དཀྱིལ་འཁོར་སྦྲུལ་ལྔ་དངོས་གྲུབ་ཀྱིས་རྡོ་རྗེ་བརྟུལ་ཞུགས་བླང་བའི་བར་གྱི་རང་གི་འཇུག་པའི་ཆོ་ག་བྱས་ལ། དཀྱིལ་འཁོར་དེ་རང་གི། ་ལུས་ལ་ཐིམ་པར་བསམས་ནས་རང་གི་ལྷ་ཐམས་ཅད་ཀྱི་གནསྱཻ་སུ་ཧྲཱིཿལས་སྣ་ཚོགས་པདྨའི་གདུནཱ་ལ་གཽ་ཞིའི་ལུས་ལ། དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་གནས་སུ་འདུག་ལ་མདུན་དུ་ན་མཁའི ་ཕྱོགས་སུ་ཧཱུཾ་ཨ་ཞེས་བྱ་བ་སྣ་ཚོགས་པདྨའི་སྟེང་དུ་དང་པོའི་རྡོ་རྗེ་ཁེ་དོག་དམར་པོ་བསྐྱེད་ལ། རྡོ་རྗེའི་དབུས་སུ་ཧཱུཾ་བསམས་ལ། ཧཱུཾ་བཛྲ་ཧཾ་ཞེས་ཟློས་ཞིང་རྡོ་རྗེའི་ང་རྒྱལ་དུ་བསྒོམས་ནས་རྡོ་རྗེ་དྲིལ་བུའི་དབུས་སུ་བཛྲ་གྷཎྜཱ་ཙེ ་ས་ཟློས་ཤིང་བསམས་ལ། བཛྲ་གྷཎྚ་ཧོཿཞེས་ཟློས་ཤིང་རྡོ་རྗེ་དྲིལ་བུའི་ང་རྒྱལ་དུ་རྣམ་པར་བསྒོམས་ལ། བཛྲ་གྷདྡྷོ་ཧོཿཞེས་ཟློས་ཤིང་རྡོ་རྗེ་དྲིལ་བུ་མའི་གཟུགས་སུ་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ལས ་ཀྱི་ཕྱག་རྒྱ་ས་བཅོམ་ལྡན་འདས་འཁོར་བཅས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ།། དེ་ནས་དང་པོ་རྡོ་རྗེ་བཅིངས་ལ་ཧཱུཾ་དྲྀ་ཤྱ་ཞེས་བྱ་བས་བཅོམ་ལྡན་འདས་བལྟ་བར་བྱའོ།། དེ་བཞིན་དུ་རྡོ་རྗེ་དྲིལ་བུ་མའི ་ཕྱག་རྒྱ་བཅིང་ལ། བཛྲ་གྷརྦྷ་ཧོཿདྲྀ་ཤྱ་ཞེས་བྱ་བས་རྡོ་རྗེ་དྲིལ་བུ་མ་བལྟ་བར་བྱའོ།། དེ་ནས་གསང་བའི་ལྕགས་ཀྱུ་མའི་བཅིངས་ལ་ཧཱུཾ་ཟློས་ཤིང་བཅོམ་ལྡན་འདས་འཁོར་དང་བཅས་པ་རང་གི་ལུསོ་ལུ་གནས་ཤིང་ཇི་ལྟ་བ་བཞིན ་གཞུག་པར་བྱའོ།། དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ། ས་མ་ཡ་སྟྭཾ་ཞེས་ཟློས་ཤིང་འོད་ཟེར་དམར་པོ་འབར་བའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡཱསྟྭཾ་ཧཱུཾ་ཨོཾ་སུ་ར་ཏསྟྭཾ་ཨ་ནུ་ར་གཱ་ཡ་མི་ཧཱུཾ་ཞེས་ལན་གསུམ་ཟློས་ཤིང ་བཅོམ་ལྡན་འོདས་བསྒྲུབ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་དྲིལ་བུ་མོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ས་མ་ཡུསྟྭཾ་ཞེས་ཟློས་ཤིང་འོད་ཟེར་དམར་པོ་འབར་བྱའི་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ། ཛྱེཿཧཱུཾ་བཾ་ཧོཌྷ་ས་མ་ཡ་སྟྭཾ་ཧཱུཾ་བཛྲ་གྷཎྚེ་ཧཿ ་ཞེས་ལན་གསུམ་ཟློས་ཤིང་བཅོམ་ལྡན་འདས་བསྒྲུབ་པར་བྱའོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱི་རྒྱས་བཏབ་ལ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་བསྡུ་བའི་ཕྱག་རྒྱ ་བཅིངས་ལ་ཡིད་ཀྱི་ལསོ།། ཞེས་བྱ་བའི་སྦྱོར་བས་རང་གི་ལུས་དང་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་སྐུ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ལ། རང་གྲི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དེ ་བཞིན་དུ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་སྔོ་དེ་བཞིན་གཤེགས་པ་ཐམས་ཅད་རྒྱསྲ་བཏ་བ་ལ་དང་པོའི་རྡོ་རྗེ་བཅིངས་ནས་བཛྲ་སཏྭ་ཨ་དྷི་ཏཱིཥྛ་སྭ་མཾ་ཞེས་བྱ་བས་རང་གི་སྙིང་གར་རྡོ་རྗེ་བསམ་མོ།། དེ་ཉིད་ཀྱི ་དཔྲལ་བའི་གནས་སུ་བཛྲ་རཏྣ་ཨ་དྷི་ཏིཥྛ་ས་མཾ་ཞེས་རིན་པོ་ཆེ་དེ་ཉིད་ཀྱི་སྒོ་མའི་ཕྱོགས་སུ་བཛྲ་དྷརྨ་ཨ་དྷི་ཏིཥྚེ་ས་མཱཾ་ཞེས་པདྨ། དེ་ཉིད་ཀྱི་སྤྱི་བོར་བཛྲ་ཀརྨྨ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་སྣ་ཚོགས་རྡོ་རྗེ་བསམ་མོ།། དེ་ནས་ཡི་གེ ་བརྒྱ་པས་བརྟན་པར་བྱས་ལ། སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ།། དེ་བཞིན་དུ་ཡི་གེ་གཉིས་ཀྱི་ཆོ་གོས་བདག་ཉིད་གོ་བར་བྱའོ།། དེ་ནས་རྡོ་རྗེས་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར ་བླངས་ལྷ། མིངྒ་དཔདྨོ་བསྐུར་བ་བླང་བར་བྱ། དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླངས་ལ། འདིད་ཆགས་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་བྱ་དེ་རྣམས་རོང་གི་གནས་སུ་བཞག་པར་བྱའོ།། དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས ་ལ་དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཧཱུཾ་ཞེས་ལན་གསུམ་བརྗོད་པར་བྱའོ།། དེ་ནས་དྲིལ་བུ་དཀྲོལ་ཞིང་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བྱའོ།། དེ་ནས་དང་པོའི་རྡོ་རྗེ་ནམཁ ་ཕྱོགས་སུ་ཇི་སྐད་དུ་བཤད་པ་ལ་དང་པོའི་གཞལ་ཡས་ཁང་བསྐྱེད་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ཧྲི་ལས་སྣ་ཚོགས་པདྨའི་གདན་བསམ་པར་བྱའོ།། དེའི་རྗེས་ལ་དེ་ནས་གཞལ་ཡས་ཁང་ཉམས་དགའ་ན་མཁའ་ཀུན་ལྔ་རབ་ཏུ་གནས ་ཞེས་བྱ་བ་ནས་བརྩམས་ཏེ། དང་པོའི་སྦྱོར་བ་དང་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་བསྒོམས་ནས། སྒོ་ཕྱེ་བ་ལ་ཡང་བསྡུ་བར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱེད་ཅིང་མིང་བརྒྱ ་རྩ་བརྒྱད་པ་འདི་ལན་གཅིག་རབ་ཏུ་བརྗོད་པར་བྱ། དེ་ནས་གསང་བའི་ལྕགས་ཀྱུ་མ་དང་། སྤྱན་དྲང་བའི་སྔགས་ཀྱི་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ལ་རྡོ་རྗེ་གནོད་སྦྱིན་ལ་སོགས་པས་བགེགས ་བསལ་བྱ་ལ་སོགས་པ་བྱས་ལྔ། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྱི་སྒོ་རྣམས་བཅད་དེ། རྡོ་རྗེ་བསྲུང་བས་བསྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། ཧཱུཾ་ཞེས་བྱ་བས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཁོར་དང་བཅས་པ་ལ ་མཆོད་ཡོན་ཕུལ་ལ་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་། ཁམས་དང་། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ནས་མཆོད ་ཡོན་ཕུལ་ལ། མཆོད་པ་རྣམ་པ་ལྔས་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱི་ཡང་དག་པོར་མཆོད་པར་བྱའོ།། རྣམ་པར་དག་པའི་སྒེག་པའི་རྡོ་རྗེ་མས་ཕྱག་བྱས་ལ། ཕྱག་བའི་བྱས་ནསོ་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ་ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ་ཨོཾ་སྭ་བྷཱ་བ་ཤུདྡྷོ་ཧཾ་ཨོཾ་སརྦ་ས་མོ་ཧཾ་ཞེས་བྱ་བའི་སྙིང་པོ་ཟློས་ཤིང་དོན་རྣམ་པར་བསྒོམས་ལ། བདག་ནི་རང་ཉིད་དཔལ་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ཡིན་ནོ་ཞེས ་བརྗོད་པར་བྱའོ།། དེ་ནས་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེ་ཉིད་དབང་ཕྱུག་ཚོ།། འདོད་ཆགས་ཆེན་པོ་འདོད་ཆག། ས་ཆེ། རྡོ་རྗེ་སེམས་དཔར་བདག་གྱུར་ཅིག་ཅེས་བརྗོད་ལ་རང་གི་སྙིང་གར་རྡོ་རྗེའི་དབུས་སུ་ཡི་གེ་ཧཱུཾ། ་ཡི་ཀྱིས་བྲིས་ཏེ། རྡོ་རྗེའི་དམ་ཚིགུ་ག་མ། རབ་ཏུ་དགའ་བའི་ཚིག་ཟློས་ཤིང་ལྷ་མོའི་དཀྱིལ་འཁོར་ངོ་བོ་ཉིད་དུ་བསྒོམ་པར་བྱའོ།། དེ་ལྟར་དང་པོ་བྱིན་གྱིས་བརླབས་པ་ལན་གཅིག་བྱས་ནས་གང་གི་ཚེ་མཉམ་པར་མ་བཞག་པའི ་སྦྱོར་བས་གནས་པར་འདོད་པ་དེའི་ཚེ། བཛྲ་སཏྭ་ཧཱུཾ་ཞེས་བྱ་བས་རྡོ་རྗེ་སེམས་དཔའི་གནས་སུ་རྡོ་རྗེ་སེམས་དཔའ་ཡིད་ཀྱིས་བཞོག་ལ། དང་པོའི་རྡོ་རྗེ་བདག་ཉིད་བྱིན་གྱིས་བརླབས་ལ་གནས་ཏེ་བྱ་བ་ཐམས་ཅད་བྱས་ནས་ཡང་ཞུགས ་ཧཱུཾ་ཟློས་ཤིང་གསང་བའི་ལྕགས་ཀྱུ་བཅོམ་ལྡན་འདས་རང་གི་ལུས་ལ་བཅུག་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་དེ། མཆོད་པ་བཅུ་གཉིས་ཀྱི་མཆོད་ནས་ཕྱག་ཀྱང་བྱས་ལ། དེ་བཞིན་དུ་བསྒོམ་པར་བྱའོ།། བསྒོམས་པས་དུབ ་པར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས་མཆོད་པ་རྣམ་པ་ལྔ་དང་། འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་ཡང་བྱས་ནས་ཡང་རྣམ་པར་དག་པོའི་སྒེག་པའི་དགའ་བའི་རྡོ་རྗེ་དང་ཕྱག་རྒྱ་བཞིས་ཕྱག་བྱས ་ལ་འཁོར་དང་བཅས་པ་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ལོ།། དེ་ལྟར་ཉིན་རེ་ཟླ་བ་གཅིག་གམ། དྲུག་གམ། ལོ་གཅིག་གི་བར་དུ་ཉིན་རེ་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང་བར་འགྱུར་བ་དེ་སྲིད་ཀྱི་བར་དུ ་བྱའོ།། དེ་ཉིན་རེ་འམ་ཟླ་བ་རེ་འམ། ལོ་རེ་ཞིང་དཀྱིལ་འཁོར་བྲི་བར་བྱའོ།། དེ་ལ་དང་པོར་ས་སྦྱང་བ་དང་། ས་ཡོངས་སུ་བཟུང་བུའི་ཆོ་ག་རྗེས་སུ་བཅད་ལ། དང་པོའི་རྡོ་རྗེས་དེ་བཞིན་དུ་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སྩོགས་པ ་སྔོན་དུ་འགྲོ་བས། སྡོམ་པ་གཟུང་ལ་རྣལ་འབྱོར་ཆེན་པོ་དང་། གཞོལ་ཡས་ཁང་དང་གླང་ན་རྣམས་བསྐྱེད་ནས། དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ། དེང་དུ་བདག་ཆེ་འབྲས་བུ་ཡོད་ཅེས་བྱ། ་བེ་ལ་སོགས་པས་བདག་ཉིད་སྤྲོ་བ་བསྐྱེད་པོར་བྱའོ།། དེ་ནས་ཡནྟ་ལྕག་ཐམས་ཅད་ཀྱིས་ཕྱག་བྱས་ལ་སྤོས་སྣོད་ལག་ན་ཐོགས་ཏེ། མཱ་ལུས་ཕྱོགསྔ་ན་བཞུགས་པོ་ཡི་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཐམས་ཅད་སྤྱན་དྲང ་བར་བྱའོ།། དེ་ནས་ཡན་ལག་ཐམས་ཅད་ཀྱི་ཕྱག་བྱས་ལ། དང་པོའི་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམི་རྣམ་པར་བསྒོམས་ཤིང་སྔ་མོ་བཞིན་དུ་ཆོ་ག་ཐམས་ཅད་རྗེ་སུཾ་སྦྱང་ལ། ཧཱུཾ་ཞེས་ཟློས་ཤིང་ཕྱག་རྒྱ་ཆེན་པོ་བཅིངས ་ལ་དཀྱིལ་འཁོར་ཆེན་པོ་བསྒོམ་པར་བྱའོ།། དེ་ནས་དཀྱིལ་འཁོར་ཆེན་པོ་བྲི་བར་བྱ་བའི་ཕྱིར་བཅོམ་ལྡན་ཁྱོད་ལ་གསོལ་བ་ནི་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ཉིད་ལ་གསོལ་བ་བཏབ་པར ་བསམ་མོ།། དེ་ནས་ལངས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་བྱས་ནས་དེ་བཞིན་གཤེགས་བླ་ཐམས་ཅད་ཀྱིས་ནམ་མཁའ་གླང་བྱར་བསམས་ཏེ། བདག་ནི་རང་ཉིད་རྡོ་རྗེ་ཅནྡ་ཞེས་བྱ་བ ་ལ་སོགས་པ་ཚིགས་སུ་བཅང་བ་དང་། ཧཱུཾ་ཞེས་བརྗོད་པར་བྱའོ།། དེ་ནས་དང་པོ་རྡོ་རྗེ་ཧཱུཾ་མཛད་ཏིཥྛ་མཎྜ་ལོ་ཨུདྡྷི་ལ་ཡ་མཱི་ཞེས་ཟློས་ཤིང་དཀྱིལ་འཁོར་བཏེག་ལ། ནམ་མཁའི་ཕྱོགས་སུ་ཡིད་ཀྱིས་བཏེག་ནས་དང་པོའི་རྡོ་རྗེ་དང་ཧཱུ~ཾ་ཞེས། ་བྱ་བས་སྙིང་གཱ་དང་དཔྲལ་བ་དང་སྤྱི་བོརྱ་བདག་ཉིད་བྱིན་གྱིས་བརླབས་ལ་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། དེ་ནས་བཛྲ་དྲྀཥྚི་ཕཊ་ཅེས་བྱ་བ་མིག་གཉིས་སུ་དགོད་ལ། ཕྱག་རྒྱ་ལ་གོནས་དེ་བཞིན་ལངས།། ཀུན་ཏུ་རྣམ་པར་བལྟས་ན་ས་ནི། ་ཧཱུ~ཾ་ཞེས་བྱ་བ་ཟློས་ཤིང་བསྒྱིངས།། པ་ཡི་ཚུལ་གྱིས་ཡོངས་སུ་བསྐོར།། དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྦྱང་ལ་སློབ་མ་ཐམས་ཅད་ལྷོག་པར་གནས་པ་དང་། ལྷ་ལྷོག་པར་གནས་པ་བྱས་ནས་ཉི་མ་འཆར་བའི་དུས་སུ། གསང་བའི ་དཀྱིལ་འཁོར་དུ་སྔར་བཤད་པའི་ཚོ་གས་ཐེག་གདབ་པར་བྱའོ།། དེ་ནས་ཡི་གེ་ཛིཿལསྱ་མིག་གཡོན་པ་དོང་གསྡུས་པ་གཉིས་སུ་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་ནས་བལྟོ་ཞིང་སྒོ་རྣམས་བྱའོ།། དེ་ལྟར་ཐིག་གདབ་པའི་ཚེ ་ག་བྱས་ནས་མཚོནི་དགྱེ་བ་བྱའོ།། རེ་ཞིག་དང་པོ་ཨོཾ་བཛྲ་ཙི་ཏྲོ་ས་མ་ཡ་ཧཱུཾ་ཞེས་བྱ་བ་ཚོན་རྩི་ཐམས་ཅད་ལ་རེ་ཞིག་ལན་བདུན་བཟླ་བར་བྱའོ།། དེ་ནས་རྡོ་རྗེ་ཉི་མའི་ཁྲོ་བོའི་ཕྱག་རྒྱ་དང་ཧ~ཾ་ཞེས་བྱ་བས་སྦང་བར་བྱའོ།། དེ་ནས་དང་པོའི ་རྡོ་རྗེ་ཡི་གེ་ཧཱུཾ་ཟློས་ཤིང་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡས་ནས་བསྐོར་བའི་རིམ་གྱིས་ཚོན་རྩི་ཐམས་ཅད་དགྱེ་བ་ནི། དང་པོ་རྩོམ་པའི་ཚེ་ནས་བྱས་ནས་ཕྱིས་ཅི་བདེར་བྱའོ།། རིམ་པ་ནི་འདི་ཡིན་ཏེ། དམར་པོ་དང་ལྗང་གུ་དང་། སྔོན་པོ ་དང་སེར་པོ་དང་། དཀར་པོ་ནི་ཐམས་ཅད་ཀྱི་ནང་དུ་བྱའོ།། དཀྱིལ་འཁོར་དབུས་མའི་དབུས་སུ་སྣ་ཚོགས་པདྨ་སྡོང་བུ་དང་བཅས་པར་དཔལ་རྡོ་རྗེ་སེམས་དཔའ་ལུགས་མ་འམ། འབུར་དུ་བརྐོས་པ་དང་བྲིས་པ།། འཛུམ་བཅས་ཟླ་བའི་མདོག ་ཅན་ལ།། འོད་ཟེར་དམར་པོ་འབར་བའི་འོད།། སངས་རྒྱས་ཀུནྡ་གྱི་དབང་བསྐུར་སོགས།། རྒྱན་དང་ན་བཟའ་སྣ་ཚོགས་ལྡན་ཞེས་བྱ་བ། ཨོཾ་སུ་རཱ་ཏེ་སྟྭཾ་ཞེས་ཟློས་ཤིང་།། སེམས་དཔའི་སྐྱིལ་མོ་ཀྲུང་གི་རྡོ་རྗེ་སྙེམས་ཚུལ་དུ་བཞུགས་པ ་དགོད་པར་བྱའོ།། དེའི་ཤར་གྱི་ཆར་རྡོ་རྗེ་ཡིད་ལས་བྱུང་བའི་གནས་སུ་འདོད་ཆགས་རྡོ་རྗེ་སྐུ་མདོག་དམར་མོ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་གཞུ་བསྣམས་ཤིང་གཡས་པས་མངའོ་གསོར་བ་ལ་རྩོན་པ་གཡས་ལོག་སུ་རྡོ་རྗེ་ཀི་ལིའི ་གནས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལ་ཡ་སྐུ་མདོག་དཀར་ལྗང་ཕྱུག་གཉིས་ཀྱིས་དང་པོའི་རྡོ་རྗེ་འཁྱུད་དེ་བཞུགས་པ། རྒྱབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་ལྷ་མི་དྷན་མ་སྔོན་མོ་ཕྱག་གཡོན་ཆུ་སྦྱིན་གྱི་རྒྱལ་མཚན་བསྣམས་པ། ཕྱག་གཉིས་ཇི ་ལྟར་མཛེས་པར་བཞག་པའོ།། བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་རྡོ་རྗེ་སྙེམས་མེའི་གནས་སུ་འདོང་པ་མོའི་དབང་ཕྱུག་མ་སྐུ་མིང་གི་སྔོ་བ་རྡོ་རྗེ་ཁུ་ཚུརརོ་གཉིས་ཀྱིས་རྡོ་རྗེ་རྩེ་ལྔ་པ་གཉིས་བསྣམས་པ་སྟེ་གཉིས་ཀ་པ ་བརྟེན་པར་བཞུགས་པའོ།། འདྲི་རྣམས་དགོད་པའི་སྔགས་ནི་བཛྲཱ་དྲྀཥྚི་ས་མ་ཀ་མཊ་ཧཱུཾ་བཛྲ་ཀཱི་ལི་ཀཱི་ལ་ཧཱུཾ་བཛྲི་ཎི་སྨ་རཱ་ད་ཧོ་བཛྲ་ཀཱ་མཻ་ཏྲི་ཤྭ་རི་ཏྲཾ། ནང་གི་དཀྱིལ་འཁོར་དེ་ཉིད་མེའི་མཚམས་སུ་རབ་ཏུ་དགའ ་བྱ་མ་སྐུ་མདོག་དམར་བ། བྱེདེན་བྲལ་གྱི་མཚམ་སུ་ཤིན་ཏུ་དགའ་མ་པ་ལ་ཤའི་མདོག་ལྟེར་དཀར་བ། དབང་ལྡན་གྱི་མཚམས་སྒྲ་དཔལ་མོ་ཆེན་མོ་གཱ་སཱིར་གྱི་མདོག་ཅན་འདི་རྣམས་ནཱི་མེ་ཏོག་དང་། བདུག་སྤྲོས་དང་། མར་མེ་ཆེན ་བོ་དང་། དྲི་སྤྱི་བོར་ཐལ་མོ་སྦྱར་ཏེ་འཇུག་པའོ།། ལྷ་མོ་རྡོ་རྗེ་རྒྱལ་མོ་འདི་རྣམས་ཀྱི་སྔགས་བཤད་པ་ནི་ཧེ་བཛྲ་ར་ཏི། མ་ཧཱ་ར་ཏི། ཨེ.ོཾ་བཛྲ་ལོ་ཙ་ན་ནི་མ་ཤི་རི་བཛྲ་ཧོ། ཕྱིའི་དཀྱིལ་འཁོར་གྱི་མེའི་མཚམསུ་སྒེག་མོ་སྐུ་མདོག་དམར་བ། ་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་མོ་ལྔ་པ་བསྣམས་ནས་དགྲ་གཉིས་སུ་བརྟེན་ཏེ་བཞུགས་པ། བདེན་དྲལ་གྱི་མཚམས་སུ་བཞང་མ་པ་ལ་ཤའི་མདོག་ལྟར་དཀར་བ། ཕྱོག་གཉིས་ཀྱི་སོའི་ཕྲེང་བ་གཉིས་བསྣམས་ནས་བཤང་བར ་སྟོན་པ། རླུང་གི་མཚམས་སུ་གླུ་མ་སྐུ་མདོག་སྔོ་བ་པི་ཝང་ལེན་པ་ལ་བརྩོན་པའོ།། དབང་ལྡན་གྱི་མཚམས་སུ་གར་མ་སྐུ་མདོག་སེར་བ་རྡོ་རྗེ་རྩེ་གསུམ་པས་མཚན་པ་ཕྱག་གཉིས་ན་བསྣམས་ཏེ་གར་མཛད་པའོ།། དེ་ལ་འདི ་རྣམས་ཀྱི་སྙིང་པོ་ནི་ཧེ་ར་ཏི་བཛྲ་བི་ལཱ་སཾ་ནི་ཏྲཊ། བེ་བག་ཏེ་བཛྲ་ཧཱ་སེ་ཧ་ཧ། ཧེ་ར་ཏི་བཛྲ་གྷི་ཏེ། གཱི་ཏེ་གཱི་ཏེ། ཧེ་ར་ཏི་བཛྲ་ནརྀ་ཏྱེ། བེ་བ་བེ་བ། དེ་ནས་ཕྱི་ངང་ནང་དུ་བཅས་པའི་ཤར་སྒོ་གཉིས་སུ་རྡོ་རྗེ་ལྕགས་ཀྱུ་མ་སྐུ་མདོག ་དདུམར་བ་རྡོ་རྗེ་ལྕགས་ཀྱུས་རྡོ་རྗེ་འཆང་ཆེན་པོ་ལ་སོགས་པའི་ལྷ་རྣམས་དགུག་པར་མཛད་པ། ལྷོ་ཕྱོགས་ཀྱི་སྒོ་གཉིསུ་རྡོ་རྗེ་ཞགས་པ་མ་པ་ལ་ཤ་ལྟར་དཀར་བ། རྡོ་རྗེ་ཞགས་བཱས་གཞུག་པར་མཛད་པའོ།། ནུབ་ཕྱོགས ་ཀྱི་སྒོ་གཉིསུ་རྡོ་རྗེ་ལྕགས་སྒྲོག་མེ། སྐུ་མདོག་སྟོ་བ་ལྕགས་སྒྲོག་གིས་འཆིང་བར་མཛད་པའོ།། བྱང་ཕྱོགས་ཀྱི་སྒོ་གཉིས་སུ་རྡོ་རྗེ་དྲིལ་བུ་མ་སྐུ་མདོག་སེར་བ་ཕྱག་གཡས་པས་རྡོ་རྗེ་དྲིལ་བུ་དཀྲོལ་བ་ཕྱག་གཡོན་པས་སྟན ་ལ་བསྙེམས་པ་བྲིའོ།། དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི་འདི་ཡིན་ཏོ། བཛྲ་ཨཾ་ཀུ་ཤ་ཛཿབཛྲ་པཱ་ཤ་ཧཱུ~ཾ། བཛྲ་ཤྲི་ཁ་ལཾ་བཾ། བཛྲ་གྷཎྜེ་ཧོ།། དེ་ལ་དཔལ་རྡོ་རྗེ་སེམས་དཔའ་ནི་འཛུམ་པ་དང་བཅས་ཤྲིང་དགའ་བ་ཆེན་པོས་གཟིགས ་བསྟེ། འདོད་ཆགས་རྡོ་རྗེ་མེ་དང་རབ་ཏུ་དགའ་མ་དང་སྒེག་མོ་དང་། ལྕགས་ཀྱུ་མ་རྣམས་ཀྱིས་སྒྲོག་ཅིང་འཛུམ་པ་དང་བཅས་པས་རྣམ་པར་གཡོ་ཞིང་ཟུར་རྫིས་བལྟ་བ་ལ་སྤྱན་རས་ག་ཟིགས་པ་ཀཱི་ལ~ཾ་ཀཱི་ལ་དང་། ཤིན་ཏུ་དགའ ་མ་དང་། བཞད་མཱ་དང་། ཞགས་པ་མ་འཛུམ་ཞིང་མིག་འཛུམ་པ་ལ་ལོངས་སྤྱོད་པར་མཛད་པ་རྡོ་རྗེ་དྲན་མ་དང་། སྤྱན་མ་དང་གླུ་མ་དང་། ལྕགས་སྒྲོག་མའི་བསྙེམས་མ་དང་བཅས་པ་ལ་མཆོག་ཏུ་བཞད་པས་སྤྱན་གཡོན་དུ ་གཟིགས་པ། རྡོ་རྗེ་འདོད་པའི་དབང་ཕྱུག་མ་དང་། དཔལ་ཆེན་མོ་དང་། གོར་མ་དང་། དྲིལ་བུ་མ་སྣ་ཚོགས་ཀྱིས་རྣམ་པར་སྒེག་པ་འཛུམ་ཞིང་རབ་ཏུ་འདུད་པ་དང་ལྡན་པ་ལ་གཟིགས་པར་མཛད་པའོ།། འདི་དག་ཐམས་ཅད ་ཀྱང་སྣ་ཚོགས་པདྨ་ལ་སེམས་དབྱའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྐྱོད་ཅིང་བདེ་བའི་གཟུགས་ཅན་མོ།། ཤར་ཕྱོགས་ན་བཞུགས་པ་རྣམས་ནི། མི་བསྐྱོད་པའི་ཅོད་པན་གྱི་དབང་ཕྱུཟླ་པ། ལྷོ་ཕྱོགས་པ་རྣམས ་ལ་རིན་ཆེན་འབྱུང་ལྡན་གྱིས།། ནུབ་ཕྱོགས་པ་རྣམས་ནི་འོད་དོ་པག་ཏུ་མྱེད་པའི་རྐྱོང་བན་གྱི་སོ།། བྱང་ཕྱོགས་པ་རྣམས་ནི་དྲོན་ཡོད་གྲུབ་པོའི་ཅོད་པན་གྱི་སོ།། དེ་ལྟར་དཀྱིལ་འཁོར་བྲིས་ཤིང་བཀོད་ནས་སྒོ་དབྱེ་བ་དང་། བསྡུ་བ་ཇི་ལྟར་བ ་བཞིན་དུ་བྱས་ལ། མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་བསྟོད་པ། རྡོ་རྗེ་ཅན་གྱི་སྤྱན་སྔ་རོ་ནི།། སེམས་དཔའི་སྐྱིལ་ཀྲུང་གིས་འདུག་སྟེ།། བདེ་ཆེན་རྡོ་རྗེ་ཅནྡ་རབ་མཆོག། བདག་པོ་ལན་གཅིག་ཡང་དོག་དགུག། ཧེ་མ་ཧཱ་སུ་ཁ ་བཛྲ་ཨ་མཽ་གྷཱ་ས་མ་ཡ་མ་ནུ་པཱ་ལ་ཡ་བྲཱ་བུདྡྷ་སུ་ར་ཏསྟཾ། ཨ་ནུ་རཀྟོ་མེ་བྷ་བ། སུ་ཏྲོ་ཥྱོ་མེ་བྷ་བ། སུ་དྲི་ཌྷོ་མེ་བྷ་བ། སུ་པོ་ཥྱོ་ལེ་བྷ་གཻ་བཱན། ཨ་ནཱ་དྷི་ནཱི། ན་སཏྭ་སརྦ་སིདྡྷིམྨེ་པྲ་ཡཙྪ། ཨེ་ཥ་སྟཱཾ། ཨེ་ཥ་སྟཱཾ། ཨེ་ཀྲྀ་ཤཱ་པླ་བེ་ཤྱ་ས་མཱ་ཡེ་ར་བ་ཏཻ་བཱ ་ཤི་ཀཱ་རོ་མི་ཨི་མེར་མུདྡྷ་མཱནྟྲ་པ་ཏེ་ཛཿཧཱུ~ཾ་བྷི་ཧོ།། དྷི་ལ་བང་བ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་མཆོ་ག་མ་ནི་རྡོ་རྗེ་གསང་བའི་ལྕགས་ཀྱུ་མའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་བགོགས་བསལ་བ་ལ་སོགས་པ་བྱས་ནས་རྡོ་རྗེ་ཁུ་ཚུར་གྱིས་དཀྱིལ་འཁོར ་གྱི་སྒོ་ཐམས་ཅད་བཅང་ལ་རྡོ་རྗེ་བསྲུང་བའི་དམ་ཚིག་གི་ཕྱག་རྒྱས། ལྷ་ཐམས་ཅད་ལེགས་པར་བསྲུངས་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་ཧཱུཾ་ཞེས་བྱ་བས་མཆོད་ཡོན་ཕུལ་ལ་ཧཱུ~ཾ་དྲྀ་ཤྱ་ཛཿཧཱུཾ་བ~ཾ་ཧོཿོཾ་སུ་ར་ཏསྟྭཾ་ཨ ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ལན་གསུམ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ་དཔལ་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ།། དེ་ནས་རྡོ་རྗེ་འདོད་ཆགས་མའི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཛཿབཛྲ་དྲྀཥྚི་ས་མ་ཀེ་མཊ། ཛཿཧཱུཾ་བཾ་ཧོཿས་མ ་ཡསྟྭཾ་ས་མ་ཡསྟྭཾ་མ་ཧཱ་ཛ་བཛྲ་དྲྀཥྚི་ས་མ་ཡ་ཀེ་མཊ། ཅེས་ལན་གསུམ་བརྗོད་ལ། འདོད་ཆགས་རྡོ་རྗེ་མ་བསྒྲུབ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་དྲིལ་བུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་གྷཎྜེ་ཧོ་དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ས ་མ་ཡ་སྟྭཾ། ཨོཾ་བཛྲ་གྷཎྜ་ཧོཿཞེས་ལན་གསུམ་བཟླས་པ་ལ་རྡོ་རྗེ་དྲིལ་བུ་མེ་བསྒྲུབ་པར་བྱའོ།། ཡང་གསང་བའི་ལྕོགས་ཀྱུ་མ་བཅིངས་ལ། ཨ་ནུ་རཱ་ག་ཡ་ཧཱུཾ་ཞེས་བྱ་བ་དང་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ།། ་ཡང་གསང་བའི་རྡོ་རྗེ་ལྕགས་ཀྱུ་མ་འདོད་ཆགས་རྡོ་རྗེ་མ་ལ་སྩོགས་པ་ལ་བསྟོན་པར་བྱའོ།། དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་ཆོས་དང་ལས་དང་།། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་གདབ་པར་བྱའོ།། དེ་ནས ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ།། དེ་ནས་མཆོད་ཡོན་ཕུལ་ལྔ་བུམ་པ་གང་བ་ལ་སོགས་པས་ཡང་དག་པར་མཆོད་དེ། རྡོ་རྗེ་གནོད་སྦྱིན་བཟླས་པའི་གཽས་དང་ཡང་སྒོ་བསྲུངས་བཟླས་པའི་གོས་ཀྱིས་གདོང ་གཡོགས་ལ་གོསོ་སྣ་ཚོགས་བཞི་མེ་ཏོག་གི་ཕྲེང་བ་བཏགས་པ་དང་། ཁ་དྲི་ཞིམ་པོར་བྱས་ལ། ཕྱག་བཞི་བྱས་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེ་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ་དང་། ཡོངས་སུ་མྱ་ངན་ལས་མི་འདའ་བར་གསོལ་པ་བཏབ་ནས་སྡོམ་པ་གཟུང་བར་བྱའོ།། དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དཔལ་རྡོ་རྗེ་སེམས་དཔའ ་ཡོངས་སུ་བཟླས་པས་བདག་ཉིད་དབང་བསྐུར་ལ་བཛྲ་བཛྲ་ཞེས་ཟློས་ཤིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ཤིང་། དཀྱིལ་འཁོར་གྱི་རྡོ་རྗེ་གླུ་འདི་ཕྱག་རྒྱ་དང་བཅས་པས་བསླང་བར་བྱའོ།། རྗེས་སུ་ཆགས་པ་ཐམས་ཅད ་ཀྱི། ཡིད་ཀྱི་བདེ་བ་དམ་པ་ཡི།། རྡོ་རྗེ་སེམས་དཔའ་བསྐྱེད་པའོ།། རབ་ཏུ་དགའ་བའི་འགྲོ་རྣམས་ལ།། བདེ་བ་ཆེན་པོ་བརྟན་ཞིང་མཐོང་།། ཐོག་མའི་གྲུབ་པ་མྱུར་མཛོད་ཅིག། ཨོཾ་མ་ཧཱ་སུ་ཁ་བཛྲ་སིདྡྷི། བཛྲ་སཏྭ་སིདྡྷི་ཛཿཧཱུཾ་བཾ་ཧོཿ ་སིདྡྷི་ས་མཱ་ཡ་སིདྡྷི་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེའི་གྲུའོ།། དེ་ལ་ཕྱག་རྒྱ་འདི་ཡིན་ཏེ། རྡོ་རྗེ་གར་གྱི་སྦྱོར་བ་ཡི།། སྤྱི་བོར་ཐལ་སྦྱར་མེ་ཏོག་བཅས།། ཕྱག་རྒྱ་ཀུན་གྱི་མེ་ཏོག་རྩེ། དཀྱིལ་འཁོར་དམ་པར་འཇུག་པར་བྱའོ།། སྒོ་བསྲུངས་ཀྱི་ལྷ ་མོ་རྣམས་ཀྱི་སྙིང་པོ་ཡང་དེ་བཞིན་དུ་བཟླ་བྱར་བྱའོ།། ངོ་ནཱས་འདིའི་མཚན་ཉིད་བརྗོད་པར་བྱ་སྟེ། བ་ངན་གསུམ་པ་རྩེ་གསུམ་བཅས།། བསྒྱིངས་བཅས་མཐའ་སོགས་ལས་གྲོལ་བས།། གློག་འགྱུ་ལྟར་བོ་དེག་མདུན་དུ་བསྐོར།། ་དེ་ནི་རྡོ་རྗེ་གར་ཞེས་བཤད།། ཐལ་མོ་ཁོང་སྟོང་མེ་ཏོག་གི་ཕྲེང་བ་དང་བཅས་པ་སྤྱི་བོར་བཞག་པར་བྱའོ།། དེ་ནས་འདི་སྐད་ཅེས་བརྗོད་དོ།། མ་ཧཱ་ར་ཏ་སུ་ཏི་ཏ། སུ་དྲྀ་ཤྱ་སུ་ཁོ་ས་སཏྭ་ཨ་དྷི་སིདྡྷ་མཾ། རྣམ་སྒེག་དགའ་བའི་རྡོ་རྗེ ་ནཱི། རྣམ་པར་འགྱུར་བས་སྒེག་བཅས་པ།། བཞིན་རས་པདྨ་ཁཱ་ཕྱེ་བས།། ཞུགས་ནས་མགོན་ལ་ཕྱག་བྱའོ།། ཨོཾ་པ་ར་མ་སུ་ཁ་ཤ་ཡཱ་སྱཱ་ལ་ལ་ཏི་བི་ལ་ས་ན་མོ་ཏི་ནཱ་མ་མ་བྷ་ག་བཱན་ཏྲི་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་པྲ་ཏཱིཙྪ་ཀུ་སུ་མཱཉྫ ་ལི་ནཱ་ཐ་ཞེས་བརྗོད་པར་བྱའོ།། དེ་ལ་འདིའི་རྣམ་པར་སྒེག་པའི་དོག་པའི་རྡོ་རྗེ་སྟེ། རྡོ་རྗེ་གར་གྱི་མཆོད་པ་དང་བཅས་པའི་འཛུམ་པའི་མིག་དང་ཕྱག་བྱ་བས་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ ་མཉེས་པར་བྱས་ནས་རབ་ཏུ་འདུད་པར་བྱའོ།། ཞེས་བྱ་བའི་བསམ་པས་ཕྱག་རྒྱའོ།། དེ་ནས་དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ལྔ་བཅོམ་ལྡན་འོངས་ཀྱི་སྤྱན་སྔར་འདུག་ལ། མཆོད་པ་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ ་བ། ཡེ་ཤེས་ཆེན་པོ་ལྔས་ཆེ་བ།། རྡོ་རྗེ་སོམས་བདོག་དེང་གྲུབ་མཛོད་ཅེས་བྱ་བ་དེ་ཁོ་ན་ཉིད་བརྗོད་པར་བྱའོ།། དེ་ནས་ཛཿཧཱུཾ་བཾ་ཧཽཿཔྲ་སིདྡྷ་མཾ་ཞེས་བྱ་བ་འདི་པོ་རྗོད་པར་བྱའོ།། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་གཡོན་པའི་ཁྲོ་བོའི་ཁུ ་ཚུར་གྱིས་སེམས་མའི་རྡོ་རྗེ་ཕྱེ་ལ་ཧཱུཾ་ཨཱཿཞེས་ལན་བརྒྱ་རྩ་བརྒྱད་ཟློས་ཤིང་བདག་ཉིད་ལ་དབབ་པར་བྱའོ།། དེ་ནས་མེ་ཏོག་དོར་བར་བྱའོ།། ཨོཾ་པཽ་ར་མ་སུ་ཁེ་ཤ་ཡོཾ་ཞེས་བྱ་བ་ལ་སོགས་པ་ཕྱག་བྱ་བའི་གླུ་དང་། ཟློས ་ཤིང་འཇུག་པའི་ཕྱག་རྒྱ་ཉིད་ཕོབ་ལ་བསྒྱིངས་པ་དང་བཅོས་པས་མཛུབ་མོ་དང་མཐེ་ཆུང་རྩེ་མོ་མཐའ་ནས་དགྲོལ་བ་ནི་མེ་ཏོག་དོར་བའི་ཕྱག་རྒྱའོ།། དེ་ནས་ཕྲེང་བ་དེ་བླངས་ལོ་འདིས་རང་གི་མགོ་ལ་བོ་ཅིང་བར་བྱའོ།། ་ཁྱོད་ཅེས་བྱ་བ་ལ་སོགས་པ་ནས་ཨོཾ་མ་ཧཱ་སུ་ཁཱ་བཛྲཱ་སཏྭ་ཨ་ཏཱ་བྷཱི་ཥིཉྩ་མཱཾ་སྥཱ་ར་ཏསྟྭཾ་ཞེས་བྱ་བའི་བར་དུ་བརྗོད་དོ།། དེ་ནསུ་སྙིང་པོ་འདིས་གདོང་གཡོགས་དགྲོལ་བར་བྱའོ།། ཨོཾ་བཛྲ་ཙཀྵུ་མ་ཧཱ་ས+འུ་ཁ་སུ་ར་ཏཱསྟྭ~ཾ། ་ཧེ་བཛྲ་པཱ་ཤེ་ཞེས་ཟློས་ཤིང་། རྡོ་རྗེ་ལྕགས་ཀྱུ་མ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའི་བར་གྱི་དཀྱིལ་འཁོར་རྣམས་ཀྱི་ངོ་བོར་བསྟན་པར་བྱའོ།། དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་འདིས ་རང་གི་སྙིང་དགྲོལ་བར་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བས་ཤིས་པར་བརྗོད་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་བསྟོད་པར་བྱའོ།། དེ་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས ་པ་གསང་བའི་མཆོད་པོ་བཞི་གླུ་དང་རོལ་མོའི་མཆོད་པས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་པར་བྱའོ།། དེ་ནས་བདག་ཉིད་རྡོ་རྗེ་སེམས་དཔར་བསེམས་ལ་དང་པོའི་རྡོ་རྗེ་དོང་བཛྲ་སཏྭ་ཞེས་བྱ་བ་ཟློས་ཤིང་བདག་ཉིད་རྡོ ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལྔ་འདོད་ཆགས་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱས་རང་གི་ལུས་ལ་གནས་ཇི་ལྟ་བ་བཞིན་དུ་འདོད་ཆགས་རྡོ་རྗེ་ལ་སོགས་པ་བཀོད་ལ་ཇི་ལྟ་བ་བཞིན་དུ་བདག་ཉིད་དབང་བསྐུར་བ་ལ་སོགས་པ་གཟེང ་བསྟོད་པ་དང་། ལུང་བསྟན་པའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྦྱང་ནས་བདག་ལོ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། ཇི་ལྟར་མངོན་པར་འདོད་པའི་བཟླས་བརྗོད་བྱའོ།། དེ་ནས་མཆོད་པ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཡང ་དག་པར་མཆོད་ལ་ཕྱིར་བྱུང་བར་བྱའོ།། དེ་ནས་སློབ་མ་གཞུག་པར་འདོད་ན། སྔ་མ་བཞིན་དུ་ཆོ་ག་ཐམས་ཅད་རྗེསུ་སྤྱད་ལ། རྡོ་རྗེ་མཆོད་ཡོན་བསྐོར་བ་བཅིངས་ལ། སྙིང་ནས་བསམ་པ་གཡོས་པ་ཡིས།། མགོ་བོས་ཡང་དག་ཕྱག་བྱས ་པ།། དངོས་གྲུབ་དམོ་པར་རབ་གྲུབ་བྱེད།། དཀྱིལ་འཁོར་ཉིད་དུ་ཞུགས་པས་ཀྱང་།། བསྐོར་བ་ལན་གསུམ་བྱ་བ་ཡིན།། བདེ་བ་ཆེན་པོ་འདོད་ཆགས་ཆེ།། འགྲོ་བ་ཀུན་ཀྱང་གྲུབ་ཕྱིར་བྱ།། དེ་ནས་མཆོད་པ་བཞི་པ་ཡིས།། བདེ་བོ་ཆེ་ལ ་ཡང་དག་མཆོད།། དེ་བཞིན་རྡོ་རྗེ་དབང་བསྐུར་ལ།། སློབ་མ་གཟུང་སྟེ་གཞུག་པར་བྱ།། འདིར་དང་པོ་ཆོ་ག་ཐམས་ཅད་དང་པོར་གཞུག་པར་བཤད་པ་ཡིན་ལ། འདིར་ཁྱད་པ་རོ་ནི། འདི་ལྟར་རྡོ་རྗེ་མཆོད་ཡོན་གྱིས་ཕྱག་རྒྱས ་འཇུག་པ་ཡིན་ནོ།། སློབ་དཔོན་ལས་ཀྱི་ཆོ་ག་རྫོགས་སོ།། དེ་ལ་བསླབ་པའི་གཞི་ལྔ་ཡོངས་སུ་འཛིན་པ་འམ། དགེ་སྦྱོང་ངོམ་དགེ་སློང་གི་སྡོམ་པ་ཡོངས་སུ་བཟུང་བ་ལ་རིག་པའི ་སྡོམ་པ་ཡོངསུ་འཛིན་དུ་བཅུག་སྟེ། དེས་སློབ་དཔོན་ལ་ཕྱག་བྱས་ནས་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་མྱ་ངན་འདས་ལ་དགོད་ཅེས་བྱ་བའི་བར་གྱི་རིམ་པས་འཛིན་དུ་གཞུག་གོ།། དེ་ནས་སློབ་དཔོན་གྱིས་སློབ ་མ་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་ར་མ་མཧཱ་བོ་དྷི་ཙིཏྟ་ཨུཏ་པ་དཱ་ཡ་མི་ཨ་བེ་ཤ་སརྦ་སཏྭ་དྷཱ་ཏུ་པ་རི་ཏྲ་ན་གཽ་ཏ་སུ་ཁོང་ཏ་མ་སིད་དྷི་ནི་མིང་ངོ་ཨཱརྱ་ནཉམ་བབ་ས་མ་སིད་དྷི་མ་ཧཱ་ཤྱ་དྱ ་དྷི་བྱད་ཏྱཱ་ཡཱ་ཡུ་བཱང་སརྦ་ད་མ་མཱ་ཧཱ་སིད་དྷི་མཱཧཱ་ཧི་ཤཱ་དྱ་དྷི་སིད་དྷི་ཡཱ་ཡ་ཙ་ཞེས་བྱ་བའི་སྔགས་ཀྱིས་བྱ་བའོ།། དེ་ནས་དེའི་སྙིང་གར་སུ་ར་ཏེ་ས་མ་ཡཱསྟཾ་ཧཱི་བཛྲ་སིདྲ་དྷི་ཡཱ་ཐཱ་སུ་ཁཱཾ་ཞེས་བྱ་བ་དང་། དེ་བཞིན་དུ ་རྡོ་རྗེ་བསྐྱེད་ལ། དེ་སློབ་དཔོན་གྱི་རྡོ་རྗེ་སེམས་དཔའི་བཤད་པའི་སྔགས་དང་། ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་མེ་ཏོག་ལ་སོགས་པས་མཆོད་ལ་ཡོན་གྱི་མཆོག་བླངས་ཏེ་སློབ་དཔོན་གྱི་ཕྱི་རོལ་ན་གནས་པའི་བུམ ་པའི་ཆུས་དབང་བསྐུར་ལ། དང་པོའི་འཇུག་པའི་ཕྱག་དང་། རྡོ་རྗེ་ཤུགས་ཀྱིས་རང་གི་དབང་བསྐུར་བའི་ཆོ་གོས་དབང་བསྐུར་བར་བྱའོ།། སྒོ་བཞི་ལ་ཤར་སྒོ་ནས་རྡོ་རྗེ་ལྕགས་ཀྱུ་མའི་ལས་ཀྱི་ཕྱག་རྒྱས་དགུག་པར་བྱའོ།། ལྷོ། ་ཕྱོགས་ནས་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་བར་བྱའོ།། ནུབཱ་ནས་ལྕགས་སྒྲོག་མས་བཅིང་བར་བྱའོ།། བྱུང་ནས་དྲིལ་བུཾ་མའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱའོ།། དེ་ནས་ཡང་ཤར་ཕྱོགས་ནོས་ཡང་བཅུག་ལ་འདི་སྐད་ཅེས ་བརྗོད་དོ།། འདོད་ཆགས་བྲལ་འདུལ་འཇིག་རྟེན་ལ།། ཆགསོ་བྲལ་གྱིས་ནཱི་དག་པར་འགྱུར།། འདོད་ཆགས་ཆེན་པོ་བྱེད་པ་ཆེ།། རྡོ་རྗེ་སེམས་དཔོའི་སྦས་པ་ཡིན།། འདོད་ཆགས་བྲལ་འདྲའི་སྡིག་པ་ནི།། གཞན་དག་ངོ་བོ་ཉིད་ཀྱིས ་མེད། དེ་བས་ཀུན་དང་ཆགས་བྲལ་བར།། ཁྱོད་ནི་ནམ་ཡང་མ་བྱེད་ཅིག། དེ་ནས་འདི་སྐད་ཅེས་བརྗོད་དོ།། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཅེས་བྱ་བ་ནི་དཀྱིལ་འཁོར་བསྟན་ཅིང ་དབབ་པའི་ཕྱག་རྒྱ་དགྲོལ་བའི་བར་གྱི་ཆོ་ག་སྔར་བཤད་པ་བཞིན་དུ་བྱའོ།། དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ནང་དུ་ཤར་སྒོར་བལྟས་པའོ།། སྣ་ཚོགས་པདྨ་ལ་བྲིས་ལ།། སློབ་མ་དཔལ་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་ལ། ཕྱག ་རྒྱ་ཆེན་པོ་པདྨའི་སྟེང་དུ་བཞག་སྟེ། དབང་བསྐུར་བ་ནས་ཕྱག་རྒྱ་བཞི་བྱིན་གྱིས་བརླབ་པའི་བར་གྱི་ཆོ་ག་རྒྱས་པ་རྣམས་བྱ་བ་ནི་སྔར་དཔལ་རྡོ་རྗེ་སེམས་དཔའི་ཆོ་ག་ལས་གསུངས་པའི་ཚུལ་དུ་ཐམས་ཅད་བྱ་བར་ཤེས་པར ་བྱའོ།། སློབ་མ་འཇུག་པ་ལྔ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། དེ་ལྟར་སློབ་དཔོན་གྷི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བསྟན་ནས། དཱ་ནི་དམ་ཚིག་དང་དབང་བསྐུར ་བཽ་རྣམས་ལ་སློབ་དཔོན་གྱི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སྩོགས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟོན་པའོ།། དེ་ཕྱིར་ཞེས་བྱ་བའི་རྒྱུ་སྟེ། ་གླང་གི་ཕྱིར་གྲུབ་པ་མེད་པར་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་དོན་གྲུབ་པར་མི་འགྱུར་བས་ན་རྒྱུ་དེའི་ཕྱིར་སྒྲུབ་པར་བཤད་པར་བྱའོ།། སྒྲུབ་པ་དེ་ཉིད་དངོས་གྲུབ་ཀྱི་རྒྱུ་ཡིན་པས་ན་སྒྲུབ་པའོ།། སྒྲུབ་པ་དེའི་དངོས་གྲུབ་ཁྱད་པར ་ཇི་ལྟ་བུ་ཡིན་ཞེ་ན། ཤིན་ཏུ་རྟག་པ་ཡིན་ཞེས་གསུངས་ཏེ། ཐོག་མ་དང་ཐ་མ་མེད་པ་དཔལ་རྡོ་རྗེ་སེམས་དཔའི་ལ་སོགས་པ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་པའི་ཕྱིར་ཤིན་ཏུ་རྟག་པ་འི་དངོས་གྲུབ་སྟེ། དངོས་གྲུབ་ཤིན་ཏུ་རྟག་པ ་དེའི་གྲུབ་པ་བཤད་པའོ་ཞེས་བྱ་བའི་དོན་ཏོ།། སྲིད་པ་འདིར་ཞེས་བྱ་བ་ནི་ཚེ་འདི་ཉིད་ལའོ།། གྲང་གི་ཐོབ་ཅེས་བྱ་བ་ནི་སྒྲུབ་པ་གང་གིས་ཐོབ་པར་འགྱུར་བའོ།། ཅི་ཞིག་ཐོབ་ཅེ་ན། ཤིན་ཏུ་རྟག་པའི་དངོས་གྲུབ་ཉིད་ཅེས་བྱ ་བ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པ་ནི་ཤིན་ཏུ་རྟག་པའི་དངོས་གྲུབོ།། ཅིའི་ཕྱིར་གྲུབ་པ་འདི་ཤིན་ཏུ་རྟག་པའི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་ཞེ་ན། འདི་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོག་ནས ་བཤད་པའི་སྒྲུབ་པ་འདིས་བྱང་ཆུབ་སེམས་དཔའ་ནི་ཞེས་བྱ་བ་སྒྲུབ་པ་པོ་སྲིད་གནས་སོ་ཞེས་བྱ་བ་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་སྲིད་པ་ན་གནས་པའོ།། སྲིད་པ་སྦྱངས་པ་ཞེས་པ་འདོད་པའི་སྲིད་པ་ལ་སོགས་པ་སྤངས ་ལྔ་དངོས་གྲུབ་ཀྱི་དབང་ཕྱུག་ཅེས་བྱ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཐོབ་ཅིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་རྫོགས་པསྠཱ་ནཱ། དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྲུབ་ཅེས་བྱའོ།། རྟག་ཏུ ་སེམས་ཅན་ཀུན་དོན་བྱེད་ཅེས་བྱ་བ་ནི་ཕྱི་མའི་མཐར་ཐུག་པ་མེད་པར་སེམས་ཅན་གྱི་དོན་མཛད་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྦྱོར་བས་ཀྱང་ཚེ་འདི་ཉིད་ལ་སྲིད་པ་ལ་གནས་ཤིང་སྲིད་པ་སྤངས་པ་གྲུབ་ཅིང ་སེམས་ཅན་དོན་རྟག་ཏུ་བྱེད་པོར་འགྱུར་བས་ན་སྒྲུབ་པ་འདི་ཅི་ཞིག་བྱ་ཞེས་རྟོག་ན་དེའི་ཕྱིར་ཇི་ལྟར་འདི་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གྲུབ་པ་འདིས་ཚེ་འདི་ཉིད་ལ་གནས་ཤིང་སྲིད་པ་སྤངས་པ་གྲུབ་པར་གྱུར་པ ་དེདེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལ་སྩོགས་པ་བསྒྲུབ་པ་ནི་མ་ཡིན་ཏེ། གང་གི་ཕྱིར་དེས་བསྐལ་པ་གྲངས་མེད་པ་གསུམ་གྱིས་སངས་རྒྱས་ཐོབ་པར་བཤད་པའི་ཕྱིར་རོ།། བྱང་ཆུབ་སྤྱོད་པ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན ་པ་བཅུ་དང་། བྱང་ཆུབ་སེམས་དཔའི་སོ་བཅུའི་སྤྱོད་པའོ།། དེ་ལ་སོགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སྤྱོད་སོགས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐོབ་པར་བྱ་བ་དང་། བསམ་པོ་དང་། བསྒོམ་པའི་རང་བཞིན་ཅན་གྱི་གང་ཡིན་པ ་དེ་ནི་བྱང་ཆུབ་ཀྱི་སྤྱོད་པ་ལ་སོགས་པ་ཞེས་བྱའོ།། དགེ་བའི་ཚུལ་ནི་གཞན་གྱིས་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་པའི་དགེ་བའི་སྤྱོད་པས་ཀྱང་སྟེ། དེ་དག་གི་ཚེ་འདི་ཉིད་ལ་སངས་རྒྱས་ཐམས་ཅད་ལ་སོགས་པའི་དངོས་གྲུབ་ཀྱི་མཆོག་སྟེ། ་དམ་པར་གྱུར་པ་ཇི་ལྟར་འདིས་ཐོབ་པར་གྱུར་པ་དེ་བཞིན་དུ་དེ་དག་གི་ཐོབ་པར་མི་འགྱུརརོ།། ཚུལ་གཞན་དག་གིས་སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་ཚེ་འདི་ཉིད་ལ་གྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ཅིའི་ཕྱིར ་མི་བྱེད་ཅེ་ན། གདུལ་བྱ་མིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཉིད་ལ་སོགས་པའི་དངོས་གྲུབ་བསྐྱེད་པའི་བག་ཆགས་མྱེད་པས་སངས་རྒྱས་དྲང་ཏིང་ངེ་འཛིན་ལ་སོགས་པ་མཐོང་བ་ལྟ་བུའི་སྐལ་པ་མེད་པའི ་སེམས་ཅན་གྱི་ཁམས་ནི་གདུལ་བྱ་མ་ཡིན་པའོ།། མཚམས་མེད་པ་ལ་སོགས་པའི་ལས་ཀྱི་ལམ་དང་ལྡན་པའི་སེམས་ཅན་གྱི་ཁམས་ནི་བསོད་ནམས་མེད་པའོ།། དེ་བས་ན་གདུལ་བྱ་མ་ཡིན་པ་འམ། བསོད་ནམས་མེད་པའི ་རྒྱུའི་ཚུལ་གྱིས་སངས་རྒྱས་དུང་རྡོ་རྗེ་འཆུང་ལ་སོགས་མཐོང་ནས། སེམས་ཅན་གྱི་དོན་བྱ་བ.རུ་མི་ནུས་ཤིང་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ལ་སོགས་པས་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་བྱ་མི ་འགྱུར་རོ།། དེ་བས་ན་རྒྱུད་ཆེན་པོ་ལས་བསྒྲུབ་པས་ཞེས་བྱ་བ་ནི་བསྐྱེད་པའོ།། ཅི་ཞིག་ཅེ་ན། སངས་རྒྱས་ཡང་ན་རྡོ་རྗེ་འཛིན་ཞེས་བྱ་བ་གསུངས་ཏེ། འོག་ནས་ཇི་སྐད་བཤད་པའི་སྒྲུབ་པས་སངས་རྒྱས་སམ། རྡོ་རྗེ་འཛིན་པ་ཐོབ་པ ་འམ། ཐོས་པ་འམ། རེག་པས་སམ། ཆོས་རྟོག་པའི་བགྲོ་ཆགས་བསྐྱེད་པས་འགྲོ་བའི་དོན་བྱེད་པའི་མཐོང་བ་ལ་སོགས་པ་རྒྱུར་གྱུར་པས་གདུལ་བྱ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་ལྔ་སོགས་པར་བྱེད་པའི་སེམས་ཅན་གྱི་དོན་བྱེད་པ ་ཡིན་ནོ།། ཚད་ཇི་ཙམ་ཞིག་ཅེ་ན། ནམ་མཁའ་དང་མཉམ་པ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སེམས་ཅན་གྱི་ཁམས་རྣམས་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ ་པའི་བདག་ཉིད་ཀྱི་དངོས་པོ་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་ཉིད་དུ་བསྒྱིད་པའི་རྫོགས་པར་བྱས་པ་ནི་སེམས་ཅན་གྱི་དོན་མཉམ་པ་སྟེ། ན་མཁའ་དང་མཉམ་པ་དེ་མཛད་པའོ།། ཇི་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་དག་སེམས ་ཅན་གྱི་དོན་མཛད་ཅེ་ན། སྲིད་པའི་ཉེས་པ་དྲི་མ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་པ་དང་གཟུགས་མེད་པའི་ནི་སྲིད་པའོ།། འདོད་པའི་འདོད་ཆགས་ལ་སོགས་པ་སྲིད་པའི་ཉེས་པའོ།། དེའི་དྲི་མ་མེད་པ་ནི་དྲི་མ་དེ ་དང་བྲལ་བའོ།། འདོད་ཆགས་ཆེན་པོ་བ་བ་ཆེ་ཞེས་བྱ་བ་ནི་གོ་བར་ཟད་དོ།། ན་མཁའ་མཐའ་ཡས་ན་ཞེས་བྱ་བ་ནི་ན་མཁའ་དང་འདྲ་བར་མཐའ་ལུས་པས་ན་ནམ་མཁའ་མཐའ་ཡས་ཏེ། དེའི་ངོ་བོ་ཉིད་ནི་ནམམཁའ་མཐའ་ཡས་ཉིད ་དོ།། ན་མཁའ་མཐའ་ཡས་པ་ཉིད་ངེས་ན་མཁའ་མཐོའ་ཡས་ལྟར་ཐམས་ཅད་དུ་སྐྱོང་བས་སངས་རྒྱས་དོང་རྡོ་རྗེ་འཆང་དེ་རྣམས་མི་གནས་པའི་མྱ་ངན་ལས་འདས་པའི་ཁམས་ལ་བཞུགས་ནས་མྱ་ངན་ལས་མི་འདའ་བར ་སེམས་ཅན་གྱི་དོན་མཛད་།། ཇི་ལྟར་ན་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་མཛད་ཅེ་ན། དཀྱིལ་འཁོར་དག་ཏུ་མ་ཞུགས་པ་འམ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྒྲུབ་པ་འདིས་སེམས་ཅན་གྱི ་དཀྱིལ་འཁོར་དུ་ཞུགས་པ་དང་། བསོད་ནམས་མེད་པ་དང་། ལེ་ལོ་ཅན་ཡང་གྲུབ་པར་འགྱུར་རོ།། དེ་བྱས་འདིའི་ནུས་པས་སངས་རྒྱས་དང་རྡོ་རྗེ་འཛིན་པ་ལ་སོགས་པ་དེ་རྣམས་ན་མཁོའ་དང་མཉམ་པའི་སེམས་ཅནྡྲ་ཐམས ་ཅད་ཀྱི་དོན་མཛད་དོ།། སུ་ཞིག་གིས་དེ་སྐད་གསུངས་ཤེ་ན། བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པ་རྡོ་རྗེ་སེམས་དཔའ་ཞེས་བྱ་བས་གསུང་སོ།། དེ་ལྟར་སློབ་དཔོན་གྱི་སྒྲུབ་པ་བཤད་ནས། ད་ནི་དེ་ལས་གཟུང་བའི་ཚུལ ་གྱིས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ། དོན་ཡོད་པ་ནི་འབྲས་བུ་ཡོད་པ་སྟེ་དེ་ཉིད་ཀྱིས་ན་ཐོགས་པ་མེད་པའོ།། མྱུར་བ་ནི་རིང་པོར་མི་ཐོགས་པའོ།། མཆོག་ནི་སྒྲུབ་པའི་ཐབས་གཞན་ལས་དམ་པར ་འགྱུར་བའོ།། དེ་གང་ཞིག་ཡིན་ཞེ་ན། བསྒྲུབ་པར་བྱ་བ་སྟེ། འདིས་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་བ་ཉིད་དུ་བསྒྲུབ་པས་བསྒྲུབས་ཤེས་པའོ།། རྗེས་སྨྲ་བཤད་པ་ཞེས་བྱ་བ་ནི་བཤད་པར་བྱའོ་ཞེས་བཅོམ་ལྡན ་འདས་རྡོ་རྗེ་སེམས་དབས་གསུངསོ།། ལུགས་མ་འམ་ཞེས་བྱ་བ་ལ་སོགས་པ་ནི་དཔལ་རྡོ་རྗེ་སེམས་དཔའི་སྐུ་གཟུགས་བཟང་བ་བཟང་པོས་བྱེད་དུ་གཞུག་པ་འམ་རང་ཉིད་ཀྱིས་བྱའོ།། དེ་ནས་ཡིད་དང་རྗེས་སུ་མཐུན་པའི་གནས ་སུ་བཞིག་ལ་བསྒྲུབ་པར་བྱའོ།། ཇི་ལྟར་བསྒྲུབ་པར་བྱ་ཞེ་ནོ། ཉིན་རེ་བཞིན་བྱ་བ་ལ་སོགས་པ་གསུངས་ཏེ། ཉི་མ་རེ་རེ་ནི་ཉིན་རེའོ།། བཟླས་པ་དང་བསྒོམས་པའི་དུས་ཀྱི་ཐོག་མ་ནི་དང་པོའོ།། ལན་ཅིག་ནི་ཞེས་བྱ་བ་ལན་ཅིག་གོ། ཡུལ་དང ་ལྡན་གྱུར་པ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་དང་། རྒྱན་གྱིས་བདག་ཉིད་བརྒྱན་པར་འགྱུར་བའོ།། དེ་བཞིན་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུས་དགུག་ཅིང་སྤྱན་དྲང་བ་ལ་མཆོད་པ་ཞེས་བྱ་བ་གསང་བའི་མཆོད་པ་བཞི ་ཡང་དག་པར་མཆོད་དོ།། གྲང་གིས་ཡང་དྲག་པར་དགུག་པར་བྱ་ཞེ་ན། གསང་བུ་མཆོག་གིས་ཞེས་བྱ་བ་གསུངས་ཏེ། ཡི་གེ་ཧཱུཾ་ས་ཤྲིང་གསང་བ་ལྕགས་ཀྱུ་དང་དྲིལྟ་བུ་དང་བཅས་པས་རང་གི་ལུས་ལ་གཞུག་པར་བྱའོ་ཞེས ་བྱ་བའི་ཐ་ཚིག་གོ།། ཕྱག་རྒྱ་ཆེན་པོར་རང་བྱིན་གྱིས་རློབ་ཅེས་བྱ་བོ་ནི་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོས་སོ།། ཧཱུཾ་ཞེས་བྱ་བས་ནི་ཤིན་ཏུ་བྱིན་གྱིས་བརླབས་པ་སྟེ། རྡོ་རྗེ་སེམས་དཔར་བྱས་པ་ནི་ཕྱག་རྒྱ་ཆེན་པོར་བྱིན་གྱིས ་བརླབ་ཅེས་བྱའོ།། རྡོ་རྗེ་མིག་གིས་དེ་བཞིན་བལྟ་ཞེས་བྱ་བ་ནི་ཇི་ལྟར་དཔལ་རྡོ་རྗེ་སེམས་དཔའི་བསྐལ་པ་བཟང་པོ་ཐོག་མར་རྡོ་རྗེ་ལྟ་བའི་ཕྱག་རྒྱས་གཟིགས་ཤིང་། ཡི་གེ་ཧཱུཾ་གི་གླུ་གསུང་ཤིང་བཞུགས་པ་དེ་བཞིན་དུ་རྣལ ་འབྱོར་མིག་གིས་བལྟ་བར་བྱའོ།། རྡོ་རྗེ་བསྙེམས་ཚུལ་བདག་ཅེས་བྱ་བ་ལ། རྡོ་རྗེ་བསྙེམས་ཚུལྔ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་དང་ལྐོག་མའོ།། དེའི་བདག་པོ་ནི་མེད་པའི་བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས ་ཀྱི་ངོ་བོ་བཅོམ་ལྡན་འདས་ཛྷཻཾ་རྗེ་སེམས་དཔའོ།། རང་ཉིད་ནི་བདག་ཉིད་དེ་རྣལ་འབྱོར་པའོ།། ཡི་གེ་ཧཱུཾ་ནཾ་གླུ་ཟློས་པས། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་བསྡམས་པ་སྙིང་གུར་དྲལ ་བར་བྱའོ།། དེ་ནས་འབེབས་པའི་དམ་ཚིག་ཕྱག་རྒྱ་བཅིངས་ལ་བཛྲཱ་ཨ་བེ་ཤ་ཨཱཿཞེས་བྱ་བས་བདག་ཉིད་དབབ་པར་བྱས་ལྔ། ཏིཥྛ་བཛྲ་ནེ་ས་བྱ་བོ་ལ་སོགས་པས་རྡོ་རྗེ་འབེབས་པའི་དམ་ཚིག་གྲི་ཕྱག་རྒྱ་རང་གི་སྙིང་གར ་དཀྲོལ་ལ། དམ་ཚིག་གི་ཕྱག་རྒྱ་ཁུ་ཚུར་བཅིང་བར་བྱའོ།། དེ་ནས་སྙིང་གྲཝར་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལ། ཡི་གྲི་ཧཱུཾ་ཡིད་ཀྱིས་བྱིས་ནས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་རང་གི་སེམས་ན་མཁའི་ཕྱོག ་སུ་ཡི་གེ་ཧཱུཾ་གི་གཟུགས་བསམས་ལོ།། དེ་ཉིད་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡང་ཡི་གེ་ཧཱུཾ་གིས་ཟླ་བའི་དཀྱིལ་འཁོར་གཉིས་པ་ཧཱུཾ་དང་བཅས་པ་ལས་དང་པོའི་རྡོ་རྗེ་དྲིལ་བུ་དབུས་སུ་ཧཱུཾ་བསམས་ལ། རྡོ་རྗེ་ནི་བདག་གོ་ཅེས ་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབས་པའི་སྦྱོར་བས། བཛྲ་སཏྭ་ཧཾཿཞེས་ཟློས་ཤིང་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་མཧཱ་ས་མུ་ཡ་སཏྭ་ཧཾ་ཞེས་བརྗོད་ངོ་།། དེ་ནས ་ས་མ་ཡསྟྭཾ་ཞེས་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ། ས་མ་ཡོ་ཧཾ་ཞེས་བཟླ་བར་བྱའོ།། དེ་ནས་ས་མ་ཡ་སྟྭཾ་ཏ་ཨ་དྷི་ཏིཥྛ་སྭ་མྲྀ་ཞེས་བྱ་བ་འམ། སྙིང་ག་དང་། དཔྲལ་བ་དང་།། ལྐོག་མ་དང་། སྤྱི་བོར་བདག་ཉིད་བྱིན་གྱིས་བརླབ་པར ་བྱའོ།། དེ་ནས་ཧཱུཾ་ཟློས་ཤིང་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུཾ་ཨ་ཞེས་བྱ་བ་མདུན་དུ་སྣ་ཚོགས་པདྨ་ལ་དྲང་པོའི་རྡོ་རྗེ་རྩེ་ལྔ་པ་བསྐྱེད་ལ། བཛྲ་ཧཾ་ཞེས་བྱ་བས་རྡོ་རྗེའི་ང་རྒྱལ་བསྒོམས་ལ་རྡོ་རྗེ་དེ་བཛྲ་སཏྭ་ཧཾ་ཞེས་ཟློས་ཤིང་སེམས ་དཔའི་ཕྱག་རྒྱ་ཆེན་པོའི་ངོ་བོར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང ་དུ་བྱསཽ་ལྔ་དང་པོའི་རྡོ་རྗེ་བཅིངས་ཏེ། ཧཱུཾ་དྲྀ་ཤྱ་ཞེས་བྱེ་བས་ལྷ་དྲལ་ནས་གསང་བའི་ལྕགས་ཀྱུ་མ་དང་། ཧཱུཾ་རང་གི་ལུས་ལ་བཅུག་ལེ་དང་པོའི་རྡོ་རྗེ་བཅིངས་ཏེ་ས་མ་ཡསྟྭཾ་ཞེས་བརྗོད་ཅིང་འོད་ཟེར་དམར་པོ་འབར་བའི ་འོད་ཀྱི་དཀྱིལ་འཁོར་བསྐྱེད་པར་བྱའོ།། དེ་ནས་རང་གི་ལུས་ལ་ཆུང་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དང་ཆུ་དང་འོ་མ་བཞིན་དུ་གཅིག་ཏུ་གྱུར་པར་བདག་ཉིད་བསམས་ལ། ས་མ་ཡ་སྟྭཾ་ཛཿཧཱུཾ་བཾ་ཧོཿཞེས་ལན ་གསུམ་བཟླས་པར་བྱ་ཞིང་ལྔ་པ་བསྡུས་པ་བཅིངས་ཨོཾ་སུ་ར་ཏསྟཱ་ཞེས་བརྗོད་དོ།། དེས་གསང་བའི་ལྕགས་ཀྱུ་མ་བཅིངས་ལ་ཨཱ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་བཟླས་ལ་བསྒྲུབ་པར་བྱའོ།། དེ་ནས་དང་པོའི་རྡོ་རྗེ་བཅིངས་ལ། བཛྲ ་སཏྭ། བཛྲ་དྷརྨཱ། བཛྲོ་ཀརྨ་ཞེས་བྱ་བས་དེ་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པའི་སྐུའི་མཆོག་བཅིངས་ལྔ་ཡི་གེ་གཉིས་ཀྱི་གོ་ཆུ་བགོས་ལ་རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་བསྐུར་བ ་དང་། དངོས་གྲུབ་ཀྱི་བརྟུལ་ཞུགས་བླངས་ལ་འདོད་ཚུགས་རྡོ་རྗེ་མ་ལ་སོགས་པའི་མཆོད་པ་བཞིས་བདག་ཉིད་ལ་ཡང་དག་པར་མཆོད་དེ། རྣམ་པར་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བྱས་ལ་དེ་ཉིད་ཀྱིས་ན་རྡོ་རྗེ་གཟུང ་སྟབས་ཀྱི་དྲིལ་བུ་དཀྲོལ་བར་བྱའོ།། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར་བྱིན་གྱིས་བརླབས་ནས་སྙིང་པོ་བཟླ།། དེ་ལྟར་བསྒྲུབ་པ་ལྷན་ཅིག་བྱས་ནས་ཇི་སྙེད་བཅོམ་ལྡན་འདས་བདག་ཉིད་མདུན་དུ་བསྡམས་ལ། མཉམ་པར་མ ་བཞག་པའི་རྣལ་འབྱོར་བྱས་ནས་རཱས་རིས་དང་སྐུ་གཟུགས་ལ་སོགས་པ་ལ་ཡི་གེ་ཧཱུཾ་གི་གླུ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་བསྒྲུབ་པར་བྱའོ།། དེ་ལྟར་ཉིནི་རེ་ཞིང་བྱིན་གྱིས་བརླབ་པཱ་ལན་ཅིག་བྱས་ནས་དེའི་རྗེས་ལ ་ཐམས་ཅད་ཀྱང་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པར་བསམས་ལ། མཉམ་པར་བཞག་པའི་རྣལ་འབྱོར་བྱས་ནས་རས་རིས་དང་སྐུ་གཟུགས་ལ་སོགས་པ་ལོ་ཡི་གེ་ཧཱུཾ་གི་གླུ་ཉིད་ཀྱིས་ཇི་ལྟར་འདོད་པ་བཞིན ་བསྒྲུབ་པར་བྱའོ།། དེ་ལྟར་ཉིན་རེ་ཞིང་བྱིན་གྱིས་བརླབ་པ་ལན་ཅིག་བྱས་ནས་ཇི་སྲིད་བཅོམ་ལྡན་འདས་བདག་ཉིད་མདུན་དུ་ཉིན་རེ་ཞིང་མཐོང་བར་གྱུར་པ་དེ་སྲིད་ཀྱིས་བར་དུ་བསྒོམ་པར་བྱའོ།། དེ་ནས་མཚན་ཐོག་ཐུག ་བསྒོམ་པར་བྱའོ།། དེ་ནས་དེ་ཅིར་འགྱུར་ཞེ་ན། འདི་ཡིས་ཞེས་བྱ་བ་ལ་སོགས་གསུངས་ཏེ། འདི་ཡིས་ཞེས་བྱ་བ་ནི་བཤད་མ་ཐག་པའི་སྒྲུབ་པསོ།། རྡོ་རྗེ་འདོད་པ་ཀུན་དབང་ཕྱུག། འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་ཞེས་བྱ་བ་ནི་འདོད ་པ་ཡང་ཡིན་ལོ་ཀུན་ཀྱང་ཡིན་པས་ན་འདོད་པ་ཀུན་ཏེ། རྡོ་རྗེ་སེམས་དཔའ་ལ་སྩོགས་པ་དང་། ཕྱིའི་འདོད་པའི་ཡོན་ཏན་ལྔའོ།། དབང་ཕྱུག་དེ་རྣམས་ལ་དབང་བྱེད་པའི་བདག་པོའོ།། འདོད་པ་ཙམ་གྱིས་ཞེས་བྱ་བ་ནི་བསམ་པ་ཙམ ་གྱིསོ།། འགྲོ་བ་ནི་རང་གནས་ནས་འོག་མིན་ལ་སོགས་པའི་གནས་སུ་སྟོང་བའོ།། འོང་བ་ནི་གནས་དེ་ནས་རང་གི་གནས་སུ་ཕྱིར་ལྡོག་པའོ།། དངོས་གྲུབ་ཀུན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་གྲུབ་སྟེ་དྭེ་ལྀ་དབང་དུ་བྱེད་པ ་འམ་དེས་དབང་ཕྱུག་ཏུ་གྱུར་པས་ན་རྡོ་རྗེ་ཀུན་གྱི་དབང་ཕྱུག་གོ།། ཇི་ལྟ་ཞེ་ན། གྲུབ་ཅེས་བྱ་བ་གསུངས་ཏེ་ཇི་སྐད་བཤད་པོའི་སྒྲིབ་པ་འདིས་རྡོ་རྗེ་སེམས་དཔའི་དངོས་གྲུབ་རྫོགས་པར་འགྱུར་བ་གྲུབ་པའོ།། ཀུན་མཆོག་དམ་པའི ་དབང་ཕྱུག་ཡིན་ཞེས་བྱ་བ་ནི་ཀུན་ཀྱང་ཡིན་ལ་མཆོག་དམ་པ་ཡང་ཡིན་པས་ན་ཀུན་མཆོག་དམ་པའོ།། དེ་ཉིད་ནི་དབང་ཕྱུག་ཡིན་པས་ན་ཀུན་མཆོག་དམ་པའི་དབང་ཕྱུག་ཅེས་བྱའོ།། ཕུན་སུམ་ཚོགས་པ་ཡང་ཡིན་ལ་ཀུན ་ཀྱང་ཡིན་པས་ཕུན་སུམ་ཚོགས་པ་ཀུན་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་འབྱོར་པའོ།། དེ་རྣམས་ཀྱི་བདག་པོ་ཡིན་པས་ན་ཕུན་སུམ་ཚོགས་པ་ཀུན་བདག་གོ།། ཐམས་ཅད་ཡིན་ཞེས་བྱ་བ་ན་བསྡུས་པའི་དཀྱིལ་འཁོར ་གྷི་རང་བཞིན་ནོ།། འདོད་ཆགས་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་ཚུལ་ལོ།། བདེ་བ་ཆེན་པོ་ནི་བཤད་ཟིན་ཏོ།། ཐམས་ཅད་འདུལ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་བདག་པོར་གྱུར་པའོ།། སྣ་ཚོགས་ཞེས་བྱ་བ་ནི་རྡོ་རྗེ་རིགས་རྣམས ་ཀྱི་རང་བཞིན་ནོ།། རྟག་པ་ཞེས་བྱ་བ་ནི་དུས་ཐམས་ཅད་དུའོ།། ཀུན་ཏུ་འདུལ་བའོ་ཞེས་བྱ་བ་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་གྱི་ཚུལ་གྱིས་ཐམས་ཅད་འདུལ་བར་མཛད་པས་ན་ཀུན་ཏུ་འདུལ་བའོ།། དངོས་གྲུབ་ཀུན་གྱི་བདེ་མཆོག ་མཆོག་ཅེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་རས་རིས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་ཀུན་ཏེ། ངེས་བསྐྱེད་པའི་བདེ་བའི་དངོས་གྲུབ་ཀུན་གྱི་བདེ་བའོ།། བདེ་མཆོག་ཅེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཀྱི་མཆོག ་ཡིན་པས་ནུ་དངོས་གྲུབ་ཀུན་གྱི་བྱེང་མཆོག་ཅེས་བྱའོ།། ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཡིནྡ་ཞེས་བྱ་བ་ལ། ཕྱག་རྒྱ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ནཱ་ཕྱག་རྒྱ་ཀུན་ཏེ། རྡོ་རྗེ་མཚོན་རྒྱུ་མ་ལ་སོགས་པ་ལྷ་མོའི་རླུང་བཞིན་ནོ།། དེ་རྣམས་ཀྱི ་བདག་པོ་ནི་གཙོ་བོའོ།། དེ་རྣམས་ཀྱི་གཙོ་བོར་གྱུར་པ་ཉིད་ཀྱིས་ན་དབང་ཕྱུག་ཡིན་ཞེས་བྱའོ།། རྡོ་རྗེ་ཀུན་གྱི་དངོས་གྲུབ་ཆེ་ཞེས་བྱ་བ་ལ། རྡོ་རྗེ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་རྡོ་རྗེ་ཀུན་ཏེ། རྡོ་རྗེ་རིགས་ཀྱི་རས་རིས་ཀྱི་དཀྱིལ་འཁོར ་གྱི་རང་བཞིན་ཅན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ལ་སོགས་པ་ནི་དངོས་གྲུབ་ཆེན་པོའོ།། ཐམས་ཅད་མཁྱེན་པའི་འབྱུང་ནས་ཆེ་ཞེས་བྱ་བ་ལ་ཐམས་ཅད ་མཁྱེན་པ་ནི་པདྨའི་རིགས་ཀྱི་རས་རིས་ཀྱི་དཀྱིལ་འཁོར་རོ།། དེའི་འབྱུང་གནས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐམས་ཅད་མཁྱེན་པའི་འབྱུང་གནས་ཆེ་ཞེས་བྱ་སྟེ། པདྨའི་རིགས་ཀྱི་དཀྱིལ་འཁོར་གྱི་རྒྱུར་གྱུར་པ་ཉིད་ཀྱིས ་ཐམས་ཅད་དུ་ཁྱབ་པའི་འཕགས་པ་འཇིག་རྟེན་དབང་ཕྱུག་གོ།། མི་ཚུགས་པ་ནི་ཟིལ་གྱིས་མནན་པར་མི་ནུས་པའོ།། མི་གསོད་པ་ནི་གསོད་པར་མི་ནུས་པའོ།། ཐམས་ཅད་ཅེས་བྱ་བ་ལ་ནི་འཕགས་པ་ན་མཁའི་སྙིང་པོའི་རེས་རིས་ཀྱི་དཀྱིལ ་འཁོར་གྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་རྣམས་ཡོངས་སུ་རྫོགས་པའི་ལྷས་བྱེད་པས་ན་ཐམས་ཅད་བྱེད་པའོ།། དེ་ཀུན་གྱི་གནས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་པའོ།། ཁམས་གསུམ་ལས་རྒྱལ ་བ་ཞེས་བྱ་བ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པ་ན་གནས་པའི་སེམས་ཅན་གྱི་ཁམས་རྣམས་འདུལ་བར་མཛད་པས་ན་ཁམས་གསུམ་ལས་རྒྱལ་བའོ།། སྣ་ཚོགས་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པའོ།། ཇི་ལྟར་ཁམས ་གསུམ་ལས་རྣམ་པར་རྒྱལ་བ་ཡིན་ཞེ་ན། ཚར་གཅོད་པ་དང་ཕན་འདོགས་ནུས་ཞེས་གསུངས་ཏེ། གང་གི་ཕྱིར་འདི། ཁམས་གསུམ་པ་ལ་སྤྱོད་པའི་སེམས་ཅན་ཐམས་ཅད་ལ། ཚར་གཅོད་པ་དང་ཕན་འདོགས་པ་ནུས་པས། ་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་སྦྱོར་བ་སེམས་ཅན་གྱི་ཁམས་ཐམས་ཅད་ལ་གསོལ་བ་ཡིན་པའི་ཕྱིར་ཏེ། དེ་བྱས་ན་ཐམས་ཅཅུང་ལྔ་རྗེསུ་དགའ་བས་ཀུན་ལ་རྗེས་སུ་ཆགས་པའི་སེམས་ཀྱི་ངོ་བོས། དེ་བཞིན་ག ་པ་ལ་སོགས་པའི་གཟུགས་ཅན་ཐམས་ཅད་བསྐྱེད་པར་མོ་ཚུངས་པའི་གཉིས་པ་མེད་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་མཆོག་ཡིན་པས་ཀུན་མཆོག་གོ།། ཀུན་རིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ ་ཉིད་ཡིན་པསོ།། དངོས་གྲུབ་ཐམས་ཅད་སྟེར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དངོས་གྲུབ་ཐམས་ཅད་སྟེར་བས་ན་དངོས་གྲུབ་ཐམས་ཅད་སྟེར་བའོ།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ་ཅེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་གོ་བར ་ཟད་དོ།། རྣམ་པ་དེ་ལྟ་བུར་བསྒོམས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་དང་འདྲ་བར་གྲུབ་པ་གསུངས་ནས་ང་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་བརྙན་དང་འདྲ་བར་བསྒོམས་པས་རྡོ་རྗེ་འཛིན་པ་ཉིད་དམ། དེ་བཞིན ་གཤེགས་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་གསུངས་ཏེ། གལ་ཏེ་ཞེས་བྱ་བ་ནི་སྒྲ་ནི་ཅི་སྟེ་ཞེས་བྱ་བའི་དོན་ཏེ། ཙཱི་སྐྱེ་དངོས་གྲུབ་ཀྱི་མཆོག་རྡོ་རྗེ་འཛིན་པ་ཉིད་དམྦ། སངས་རྒྱས་ཉིད་དམ་བྱང་ཆུབ ་སེམས་དཔའི་ས་དང་པོ་ཉིད་ལ་སོགས་པའི་མཚན་ཉིད་ཅན་སྒྲུབ་པར་འདོད་པ་དེའི་དངོས་གྲུབ་མཆོག་སྒྲུབ་པོའི་ཐབས་དམ་ཚིག་ཚོན་པོའི་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་དེ་འདི་ལྟར་སྒྲུབ་ན་སྒྲུབ་པའི་དངོས་གྲུབ་ཐམས་ཅད་ཚེ་འདི་ཉིད ་ལ་འགྲུབ་པར་འགྱུ་རོ།། དོན་འདི་ཉིད་བསྟན་པའི་ཕྱིར། ཕྱི་མས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུད་ཀྱི་ཕྱི་མ་ལས་གསུངས་པའི་ཆོ་ག་རྣམས་ཀྱིས་སམ། དབང་ཕྱུག་ཆེན་པོ་ལ་སོགས་པའི་རྒྱུད་ལྔས ་བཤད་པའི་འཇིག་རྟེན་པས་སམ། དེ་བཞིན་གཤེགས་པ་ལ་སོགས་པའི་རྟོག་པ་ལས་གསུངས་པའི་རྟོག་པ་ཐམས་ཅད་ཀྱིས་སམ་རང་ཉིད་ཀྱིས་མཛད་པ་ཞེས་བྱ་བ་རྡོ་རྗེ་སེམས་དཔས་གསུངས་པའི་ཚོ་གས་མྱུར་ཞིང་རིངས ་པ་དང་། རྟོག་ཅིང་བརྟན་པར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་བ་ཡིནོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱ་བའི་ཕྱིར་ཆོ་ག་གསུངས་ནས། དུ་ནི་རང་གི་ལྷའི་སྐུར་བདག་ཉིད་བསྐྱེད་དེ། དངོས་གྲུབ། ་འདི་དག་ཐམས་ཅུང་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཇི་ལྟར་ནུ་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་པར་བྱཱ་ཞེ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། རང་གྲི་ཕྱག་རྒྱས་རང་གི་ལྷོའི་སྐུ་དང་གསུང ་དང་ཐུགས་རྡོ་རྗེའི་ངོ་བོ་ར་བདག་ཉིད་སྒྲུབ་པ་ནཱི་རང་གི་ལྷའོ་སྐུར་བདག་ཉིད་བསྐྱེད་པའོ།། དྲི་ཇི་ལྟར་འགྱུར་ཞེ་ན། ཕྱག་རྒྱ་ཆེན་པོར་མཉམ་གཞག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ལྷའི་སྐུའི་གས་བ་ནི་ཕྱག་རྒྱ ་ཆེན་པོའོ།། དེར་མཉམ་པར་བཞག་པ་ནི་ཇི་སྐད་གསུངས་པོའི་ཚུལ་གྱིས་རྣམ་པར་བསྒོམས་ནས་བསྒྲུབ་པོར་བྱ་ཞིང་བརྟན་པར་བྱའོ།། རང་གི་སྙིང་པོ་ཞེས་བྱ་བ་ནི་རང་གི་ལྷའི་སྙིང་པོསོ།། ལན་ཅིག་བྱ་བ་ནི་ལན་ཅིག་། ་ཐུན་མཚམས་དང་པོལ་ཞེས་བྱ་བའི་བ་ཚིགློ། འདི་སྣང་སྟོན་པ་ཡིན་ཏེ། ལྕེ་ཤེས་སེམས་དཔ་རང་གི་ལྷས་ལཱ་དྷཱི་ཝཱ་བྱ་བཞིན་དུ་བཅུག་ལ། དམ་ཚིག་ཀྵི་བྱུག་རྒྱས་རབ་ཏུ་བསྒྲུབས་ནས་ཆོས་བྱུང་ལས་དང་བྱུག་རྒྱ་གཉིས་ཀྱིས་རྒྱས ་བཏབ་ལ། ཕྱག་རྒྱ་ཆེན་པོ་བཅིངས་ཏེ་རང་གི་ལྷའི་སྙིང་པོ་བཟླ་བར་བྱའོ།། དེ་ལྟར་ན་རྣལ་འབྱོར་པ་རང་གི་ལྷའི་སྙིང་པོ་དེས་རང་གི་སྐུའི་གསང་བས་བྱིན་གྱིས་རློབ་པར་འགྱུ་རོ།། ལྷག་མ་ནཱི་གྲོ་སླའོ།། དེ་ལྟར་ཆོ་ག་ཐམས་ཅད་རྗེསུ་སྦྱང ་ནས་ཕྱག་རྒྱ་ཆེན་པོས་བདག་ལ་བྱིན་གྱིས་བརླབ་པ་བྱས་ཏེ། དེའི་རྗེས་ལ་རང་གི་ལྷའི་སྙིང་པོ་བཟླ་བར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར། དེ་ལྔ་ཇི་ལྟར་ན་ཡི་གེ་ཧཱུཾ་གི་གླུ་ཞེས་བྱ་བ་ལ་སོགས་པ་གསུངས་པ ་ཡིན་ནོ།། རྀ་བྷཱི་ཏ་སྲོགས་ཕྱག་རྒྱ་རོ་ལྡན་ཞེས་བྱ་བ་ལོ་སོགས་པ་ནི་བཤད་ཟིན་ཏོ།། འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ནོ།། རྒྱུད་འདི་ལས་ནི་གཙོ་བོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་ཡིན་ལ། དེ་བསྟ་ནཱ་ལྕེ་ལ་རྡོ་རྗེ་དཀར ་པོ་བསམས་ལ་ལྟེ་བར་ཧཱུ~ཾ་ལ་སོགས་པ་རང་གི་ལྔའི་སྙིང་པོ་བསམས་ལ་ཡང་རང་གི་སྤྲིང་གུར་གནས་པཱའི་རྡོ་རྗེ་རྩེ་ལྔ་པ་ལ་ཡི་གེ་ཧཱུཾ་ལ་སོགས་པ་རྣམ་པར་བསམས་ནས། དེ་ཉིད་ཇི་ལྟ་བ་བཞིན་དུ་ཟློས་ཤིང་ཆོས་ཐམས་ཅད ་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་རྡོ་རྗེ་སེམས་དཔའི་རང་བཞིན་བསྒོམ་པར་བྱའོ།། དེ་ལྟར་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པ་གསུངས་ནས། ད་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་གསུངས་པ་ནི ་དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་མཆོག་སྒྲུབ་པའི་རྒྱུད་བཤད་དོ།། ཞེས་བྱ་བ་གསུངས་པ་ཡིན་ཏེ། ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ཕྱག་རྒྱ་ཐམས་ཅད་དེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི ་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱའོ།། དེ་རྣམས་ཀྱི་མཚོ་ག་རྡོ་རྗེ་སེམས་དཔའ་ལ་སོགས་པར་སྐུའི་གསང་བར་བོདག་ཉིད་བསྒོམ་པའོ།། གྲལ་ཏེ་ཕྱག་རྒྱ་བསྒྲུབ་པར་འདོད་ན་ཞེས་བྱ་བ་ནི་གལ་ཏེ་རྣལ་འབྱོར་པ་གང་ལ་ལ་ཞིག་རྡོ། ་རྗེ་སེམས་དཔའི་སྐུའི་གསང་པོ་བསྒྲུབ་པར་འདོད་ན། དེས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དཔལ་རྡོ་རྗེ་སེམས་དཔའ་ཚེ་ལུགས་འཛིན་པ་ཉིད་ཀྱིས་རང་གི་སྙིང་པོ་བཟླས་ཤིང་། དཔལ་རྡོ་རྗེ་སེས ་དཔའ་ལ་སོགས་པའི་སྐུ་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། སྐྱོ་བར་གྱུར་པཱ་ན་ངལ་གསོ་ཞིང་བྱའོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་གསུངས་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པར་གསུངས་པ་ནི། དེ་ལ་ཇི་ལྟར ་དམ་ཚིག་ཐམས་ཅད་སྒྲིབ་པའི་རྒྱུད་ཡིན་ཞེ་ན། ཞེས་བྱ་བ་ཡིན་ཏེ་དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ།། འདི་སྐད་སྟོན་པ་ཡིན་ཏེ་སྔ་མ་བཞིན་དུ་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནསྭཱ་ས་མ ་ཡ་སྟྭཾ་ཞེས་བརྗོད་ཅིང་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། རང་གི་སྙིང་གི་སྙིང་གར་གནས་པའི་རྡོ་རྗེ་ལ་རང་གི་ལྷའི་སྙིང་པོ་ཡིད་ཀྱི་བྲིས་ལ། རང་གི་ལྷའི་གཟུགས་བརྙན་དང་མཚུངས་པར་བསྒོམས་ཏེ། རང་གི་ལྷའི ་སྙིང་པོ་བཟླ་བར་བྱའོ།། དེ་ལྟར་དམ་ཚིག་ཕྱག་རྒྱ་སྒྲུབ་པ་གསུངས་ནས། དེ་ནས་ལས་ཀྱི་ཕྱག་རྒྱའི་མཆོག་ཅེས་བྱ་བ་ལ་སོགས་པ་ཡིན་ནོ།། རྡོ་རྗེ་གར་གྱི་མཆོད་པ་ཡི།། ཞེས་བྱ་བ་ནི་ཕྱག་རྒྱའི་མཆོད་པ་རྣམ་པ་བཅུ་གཉིས་ནི་གར་གྱི ་མཆོད་པ་ཡིན་པའམ། ལས་ཀྱི་ཕྱག་རྒྱའི་གར་གྱི་མཆོད་པའོ།། གར་གྱི་མཆོད་པ་རྒྱུར་གྱུར་པས་ངེས་བསྒྲུབ་ཅིང་བསྐྱེད་པར་བྱའོ།། སྐྱེ་བར་མ་གྱུར་ཞེས་བྱ་བ་ནི་གོ་བར་ཟད་ངོ་དོ།། མཆོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན ་མཆོད་པ་ཐམས་ཅད་དེ། ཕྱག་རྒྱའི་མཆོད་པ་བཅུ་གཉིས་སོ།། དེ་ལ་སོགས་པ་གང་ཡིན་པ་དེ་ནི་མཆོད་པ་ཐམས་ཅད་ལ་སོགས་པ་ལས་ཐམས་ཅད་ཀྱི་མཆོག་སོ་སོར་རྟོགས་པ་ལ་སོགས་པའི་ངོ་བོའོ།། ཚེ་འདི་ཉིད་ལ་གྲུབ ་པར་འགྱུར་ཞེས་བྱ་བ་ནི་དེ་སྒྲུབ་པ་པོ་ལ་བསྐྱེད་པ་འདི་ཁོ་ནུར་འགྲུབ་པར་འགྱུར་བའོ།། རྡོ་རྗེ་འཆང་ཆེན་ཉིད་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། རྡོ ་རྗེ་མཚོན་ཆ་མ་ལྀ་སོགས་པའི་མཆོད་པ་རྣམ་པ་བཅུ་གཉིས་ཀྱིས་རང་གི་ལྷ་ཡང་དག་པར་མཆོད་ནས་ཕྱག་བྱས་ཏེ། ཨོཾ་ཞེས་བྱ་བས་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད་ལཱ། དེའི་སྟེང་དུ་རང་གི་ལྷའི་བཟླ་བར་བྱ་བའི་སྙིང་པོ ་བསམས་ནས་དེ་ཉིད་ཟློས་ཤིང་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། རང་གི་ལྷ་དང་ཆོས་ཐམས་ཅིང་རང་གིས་འོང་གསོལ་བར་བསྒོམ་པར་བྱའོ།། རྟོག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་རྟོག་པ་ཐམས་ཅད ་དེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱའོ།། དེ་རྣམས་ཀྱི་སྒྲུབ་པ་ཆེན་པོ་བཤད་མ་ཐབ་པ་ཉིད་དོ།། དོན་ཡོད་པར་གྲུབ་པའི་ཆོ་ག་རྒྱས་པའོ།། དེ་སྟོན་པར ་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཆེན་པོ་ཞེས་བྱའོ།། དེ་ལྟར་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་བཞི་བསྒྲུབ་པ་བཤད་ནས་ད་ནི་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པ་དང་། རབ་ཏུ་ལྡན་པའི་སྒྲུབ་པ་མདུན་གྱིས་ཀྱང་གལྔ་ཏེ་གྲུབ་པར ་མཽ་གྱུར་ན། དེའི་ཚེ་འོག་ནས་རྗེས་ཐོགས་ལ་འཆད་པའི་ལས་རྣམས་ལན་ཅིག་བཟླས་པོས་གྲུབ་པར་འགྱུར་རོ།། ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རྟོགས་པ་ཐམས་ཅད་སྒྲུབ་པའི་དངོས་གྲུབ་ཐམས་ཅད་ཀྱི་རྒྱུད་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ཡིན་ཏེ། ཆོས་དང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དུང་ལས་ཀྱི་ཕྱག་རྒྱ་ནི་རྟོག་པ་ཐམས་ཅ་།། དེ་རྣམས་ཀྱི་སྒྲུབ་པ་ནི་ཇི་སྐད་དུ་བཤད་པས་མ་གྲུ་པཱ་པ་ནི་བསྐྱེད་ཅིང་རྫོགས་པར་མ་གྱུར་པའོ།། དངོས ་གྲུབ་ཐམས་ཅད་ནི་ལས་ཉིས་བརྒྱ་གྲུབ་པའོ།། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུ་དེ། དེ་བཤད་པར་བྱའོ། ཞེས་སྦྱར་བར་བྱའོ།། ཉིན་རེ་ཞེས་བྱ་བ་ནི་ཉིན་ཞག་རེ་རེ་ཞིང་ངོ་།། དང་པོར་ཞེས་བྱ་བ་ཆོས་ཀྱི་ཕྱག་རྒྱ་ལ ་སོགས་པ་སྒྲུབ་པའི་སྔོན་དུའོ།། ལན་ཅིག་ཅེས་བྱ་བ་ནི་ལན་ཅིག་གཅིགོ། ཕྱག་རྒྱ་སྒྲུབ་ལ་དོན་ཡོད་པ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པའི་དོན་ཡོད་ཅིང་འབྲས་བུ་དང་བཅས་པའོ།། དེ་ཉིད་ཀྱིས་ན ་དངོས་གྲུབ་ཐོགས་པ་མེད་པ་སྟེ། རྒྱུ་དེ་རྗེ་སུ་བཤད་པར་བྱའོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། འདིས་ནི་འདི་སྐད་སྟོན་ཏེ། གང་དེ་ཇི་སྐད་དུ་བཤད་པའི་སྒྲུབ་པ་བདུན ་གྱིས་བསྒྲུབས་སུ་ཟིན་ཀྱང་། ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པ་པོས་གྲུབ་པར་མ་གྷུ་རཱ་ནཱ། དེའི་ཚེ་ཡང་རང་གི་ལྷའི་སྦྱོར་བ་བྱས་ལ། ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལ་སོགས་པའི་ལས་གྲུབ་པར་བྱེད ་བའི་ཕྱག་རྒྱ་བཅིངས་ལ་ཐམས་ཅད་རྗེ་སུ་མཉེས་པར་བྱེད་པ་ལ་སོགས་པ་ལས་ལན་ཅིག་བྱའོ།། དེའི་རྗེས་ལ་ཆོས་ཀྱི་ཕྱག་རྒྱ་ལོ་སོགས་པ་བཞི་བསྒོམས་པར་བྱའོ།། དེ་ལྟར་ན་ཕྱག་རྒྱ་བཞིའི་དངོས་གྲུབ་ངེས་པ་ཁོ་ནར ་འགྲུབ་པར་འགྱུར་རོ།། ད་ནི་ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་རྗེ་སུ་མཉེས་པར་བྱ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྗེསུ་མཉེས་པར་བྱ་བ་ནི། ་རྒྱབ་ཀྱི་མ་ཕྱོགས་པར་གྱུར་པ་ལས་རང་དཔྱོང་དུ་གྱུར་པར་བྱ་བའི་ཕྱིར་མངོན་དུ་ཕྱོགས་པར་བྱའོ།། དགུག་པ་དྲང་ཞེས་བྱ་བ་ནི་དོ་རྣམས་ཉིད་སྤྱན་དྲང་བ་ནི་དགུག་པའོ།། བཅིང་བ་དང་ཞེས་བྱ་བ་ནི་སྤྱན་དྲངས་པ་དེ་རྣམས་ཉིད་རང ་དབང་དུ་བྱས་པའི་ཕྱིར་རྡོ་རྗེ་ལྕགས་སྒྲོག་གི་མི་འགུལ་བར་བྱ་བ་ནི་བཅིང་བའོ།། དབང་དུ་བྱ་བ་དང་ཞེས་བྱ་བ་ནི་དེ་རྣམས་ཉིད་རང་དབང་དུ་བྱོས་པ་ནི་དབང་དུ་བྱ་བའོ།། དེ་ལྟར་ན་ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་དང་། ་དགུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་སྒྲུབ་པ་ནི་དེ་བསྐྱེད་པའོ།། འདི་དག་ཐ་མས་ཅད་ཇི་ལྟར་འགྱུར་ཞེ་ན། བདེ་བ་ཆེན་པོ་རྡོ་རྗེ་ལྟ་བསོ།། ཞེས་བྱ་བ་གསུངས་ཏེ། བདེ་བ་ཆེན་པོ་ནི་རྡོ་རྗེ་སེམས་དཔའོ།། ་དེའི་ལྟ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་ལྟ་བ་སྟེ། རྡོ་རྗེ་འབར་བའི་ལྟ་བ་བརྟན་པ་དང་པོའི་རྡོ་རྗེ་དང་བཅས་པའོ།། འདི་སྐང་སྟོན་པ་ཡིན་ཏེ། དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒྲུབ ་པཱར་བྱ་བ་གསང་བའི་ལྕགས་ཀྱུས་སྤྱན་དྲངས་ལ་མདུན་དུ་ཛི་ལྟ་བ་བཞིན་དུ་བསྒྲུབས་ཏེ། ཕྱག་རྒྱ་ཐམས་ཅད་ཀྱི་དབང་བསྐུར་ཏེ་ཕྱག་བྱས་ལེ། དང་པོའི་རྡོ་རྗེ་བཅིངས་ཏེ་ཧཱུཾ་ཟློས་ཤིང་དེའི་རྗེས་ལ་ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་ཟློས ་ཤིང་འཛུམ་པའི་ལྟ་བས་བཅོམ་ལྡན་འདས་ལ་བལྟ་ཞིང་དེ་བསྒོམ་པར་བྱའོ།། དེ་ལྟ་བུས་ནི་རྗེས་སུ་མཉེས་པ་ར་གྱུར་ཏེ། སྒྲུབ་པོ་གང་ལ་རྗེ་སུ་ཆགས་པ་དང་བཅས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་དུ་གནོད་སྦྱིན ་མོ་ལ་སོགས་པ་བསྒྲུབས་ན་ཡང་རྟྟི་སུ་ཆགས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ནས་དྲང་པོའི་རྡོ་རྗེ་བཅིངས་ཏེ། འབར་བུའི་ལྟ་བས་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྦྱིན་དྲང་བྱར་བྱཱ་སྟེ། དེ་ལྟ་བྲུས་ནི་དེ་ཐམས ་ཅད་འགུགས་པར་འ་གྱུར་རོ།། གནོད་སྦྱིན་མོ་ལ་སོགས་པ་བསྒྲུབ་པ་ནི། དཔལ་རྡོ་རྗེ་སེམས་དཔའི་བཙུན་མོ་གནོད་སྦྱིན་མོ་ལ་སོགས་པའི་ལུས་ཀྱིས་ཡིད་ཀྱིས་བཅུག་ལ། གནོད་སྦྱིན་མོ་ལ་སོགས་པའི་ལུས་དང་དེ ་གཅིག་ཏུ་བྱས་ལ་འཛུམ་པའི་ལྟ་བས་དེ་དགུག་པར་བྱའོ།། དེ་ལྟ་བུས་དེ་སྒྲུབ་པ་པོས་བཀུག་ནས་དབང་དུ་བྱས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ ་བསྒྲུབ་པར་བྱ་བ་ལ་བརྟན་པའི་ལྟ་བས་བལྟ་བཞིན་དུ་བཟླས་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། འཛུམ་པའི་ལྟ་བྱས་དཔལ་རྡོ ་རྗེ་སེམས་དཔོའ་ལ་སོགས་པ་བསྒྲུབ་པར་བྱ་བ་ལ་བལྟ་ཞིབ། དེ་རྣམས་དགའ་བ་བསྐྱེད་པའི་བསམ་པས་བཟླ་བར་བྱས་ཏེ། དེ་ལྟ་བུས་ནི་དབང་དུ་བྱས་པར་འགྱུར་རོ།། བདེ་བ་དང་། ཡིད་བདེ་བ་དང་། ཕུན་སུམ་ཚོགས་པ་དང་། ་དངོས་གྲུབ་ཐམས་ཅད་མངོན་པར་འཕེལ་བར་བྱ་བ་ལ་ནི་ཞེས་བྱ་བ་ལ། འཇིག་རྟེན་དང་འཇིག་རྟེན་ལས་འངས་པའི་བདེ་བ་ནི་བདེ་བ་ཐམས་ཅད་དོ།། ཡིད་བདེ་བ་ཡང་དེ་བཞིན་ནོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི ་སྦྱོར་བ་ཕུན་སུམ་ཚོགས་པའོ།། དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ནི་དངོས་གྲུབ་ཐམས་ཅད་དོ།། བདེ་བ་དང་། ཡིད་བདེ་བ་དང་། དངོས་གྲུབ་འདི་ཐམས་ཅད་མངོན་པར་འཕྲུལ་བ་ནི་གོང་ནས་གྲོང་དུ་རྒྱུན ་མོ་འཆང་བའི་ཚུལ་གྱིས་སྐྱེ་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། བདེ་བའི་རྡོ་རྗེ་ཆེན་པོའི་རྡོ་རྗེ་སོ་ཞེས་གསུངས་ཏེ། དང་པོའི་རྡོ་རྗེ་མཚན་མ་ལ་སོགས་པར་གནས་པའི་ཕྱིར་ཞེས་བྱ་བའི་ཐ་ཆེའོ།། འདིས་ནི་དོན་སྟོན་པ་ཡིན་ཏེ། ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཡི་གེ་ཧཱུཾ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ་རང་གི་མཚན་མར་བཞག་སྟེ། ཨ་ནུ་རཱ་གཱ་ཡ་མི་ཧཱུཾ་ཞེས་ཟློས་ཤིང་བཅོམ་ལྡན་འདས་ཡུམ་རྡོ་རྗེ་བསྙེམས་མ་དང ་ལྷན་ཅིག་ཡང་དག་པར་སྦྱོར་བར་བསྒོམ་པར་བྱའོ།། དེ་ལྟོ་བུས་ནི་དེ་གཉིས་ཀྱི་བདེ་བ་མངོན་པར་འཕེལ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་སྙིང་གུར་འཇོག་ཅིང་། རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་པར ་བྱ་སྟེ།། དེ་ལྟ་བུས་ནི་ཡིད་བདེ་བ་མངོན་པར་འཕེལ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་དཔྲལ་བར་བཞག་ལ་བང་ལ་ཉིད་རྡོ་རྗེ་སེམས་དཔའི་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་འཁོར་ལོས་སྒྱུར་བའི་རང ་བཞིན་དུ་བསྒོམ་པར་བྱའོ།། དེ་ལྟ་བུས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་མངོན་པར་འཕོལ་བར་འགྱུར་རོ།། དེ་བཞིན་དུ་དང་པོའི་རྡོ་རྗེ་སྤྱི་བོར་འཇོག་ཅིང་། བདག་ཉིད་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ལ་ཕྱོགས་པ་གྲུབ་པར ་བསམ་སྟེ། དེ་ལྟ་བུས་ནི་དངོས་གྲུབ་ཐམས་ཅད་འཕེལ་བར་འགྱུར་རོ།། ཚེ་དང་ལང་ཚོ་དང་། གཟུགས་དང་གཟི་བརྗིད་ཆེན་པོ་མངོན་པར་འཕེལ་བར་བྱ་བ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལྔ་སོགས་པའི་ཚེ་ནི ་ཚེ་ཆེན་པོའོ།། ཚེ་དང་ལང་ཚོ་ནི་དེ་རྣམས་ཉིད་ཀྱི་ནཆོད་དར་ལ་བབ་པའོ།། དེ་རྣམས་ཉིད་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དོང་ལྡན་པ་ནི་གཟུག་སོ།། དེ་རྣམས་ཉིད་ཀྱི་གཟི་མངངས་ནི་གཟི་བྱིན ་ཆེན་པོའོ།། ཚེ་དང་ལང་ཚོ་དང་གཟུགས་དང་གཟི་བྱིན་འདི་རྣམས་མངོན་པར་འཕེལ་བ་ནི་སྔ་མ་བཞིན་ནོ།། དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་བཅུད་ཀྱིས་ལེན་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་ནི་དབུས་མ་སྙིང་ག་ལ་སེགས ་པཔར་བཞག་སྟེ་བཏུང་བར་བྱ་བ་འང་ནི་དང་པོའི་རྡོ་རྗེ་བཅུད་ཀྱིས་ལེན་པ་ཡིན་ནོ།། འདི་སྐད་སྟོན་ཏེ་དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལཱ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ཏེ། ཨ་ནུ་རཱ་ག་ཡཱ་མི་ཧཱུཾ་ཞེས་ཟློས་ཤིང ་རང་གི་སྙིང་གར་དེའི་རྩེ་མོ་དབུས་མ་བཞག་པའམ་ཁར་བཞག་ནས་བཞིབ་ཅིང་བཏུང་བ་དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག་ཅན་གྱིས་བདུད་རྩིའི་རྒྱུན་ཏུ་རྩེ་མོ་དབུས་མ་ལས་བྱུང་བས་རང་གི་ཁ་ཀུན་ཏུ་གང་ནས་ཡན ་ལག་ཐམས་ཅད་དུ་ཁྱབ་པས། དེས་ལུས་ཐམས་ཅད་རྡོ་རྗེ་སེམས་དཔར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཆ་ཆེན་པོ་མངོན་པར་འཕེལ་བར་འགྱུར་རོ།། དེ་བཞིན་དུ་དེ་རང་གི་ཁར་བཞག་སྟེ། ཁར་འཇོག་ཅིང ་བཏུང་བར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའི་ལང་ཚེ་མངོན་པར་འཕེལ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ནས་རང་གི་སྙིང་གར་བཞག་ནས་བཏུང་བར་བྱ་སྟེ། དེ་ལྟ་བུས་ནི་གཟུགས་ཐམས་ཅད་མངོན ་བར་འཕེལ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ནས། དཔྲལ་བར་བཞག་པ་དེའི་འོག་ཏུ་ཁར་བཞག་ནས་རྡོ་རྗེ་རྩེ་མོའི་དབུས་མའི་དེ་ཉིད་བཏུང་བར་བྱ་སྟེ། དེ་ལྟ་བུས་ནི་རྣལ་འབྱོར་པའི་གཟི་བྱིན་མངོན་པར ་འབྲེལ་བར་འགྱུར་རོ།། དཔལ་ཆེན་པོ་དང་། སྐལ་པ་བཟང་པོ་དང་། གྲགས་པ་དང་། སྙན་པ་འཕེལ་བར་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་ཆ་ལུགས་ཕུན་སུམ་ཚོགས་པ་གང་ཡིན་པ་དེ་ནི་དཔལ་ཆེན་པོའོ། ་དེ་ཉིད་ཀྱི་སེམས་ཅན་གྱི་སེམས་བདེ་བ་དང་། ཡིད་བདེ་བ་གྲུབ་པར་བྱ་བའི་ཕྱིར་དངོས་པོ་ཐམས་ཅད་ནི་བདག་ཉིད་ཅན་གང་ཡིན་པ་དེ་སྐལ་པ་བཟང་བའོ།། དེ་ཉིད་ཀྱིས་ན་མཁའི་ཁམས་ཐམས་ཅད་ན་རྟག་ཏུ་གནས་པའི་སྐུ ་དང་གསུང་དང་ཐུགས་རྡོ་རྗེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ཞེས་ཕྱོགས་བཅུ་སྒྲས་ཁྱབ་པར་གང་ཡིན་པ་དེ་ནི་གྲགས་པའོ།། དེ་ཉིད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པར་འཇུག་པས་རྡོ་རྗེ་དབྱིངས་ཐམས ་ཅད་ཐུགས་སུ་ཆུད་པའོ།། སེམས་ཡེ་ཤེས་སེམས་དཔའོ། ཞེས་སྙན་པའི་སྒྲས་ཁྱབ་པ་གང་ཡིན་པ་དེ་ནི་སྙན་པའོ།། དཔལ་ཆེན་པོ་དང་། གླགས་པ་ལ་སོགས་འདི་དག་འཕེལ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ནི་ཞེས་སྔ་མ་བཞིན ་དུ་སྦྱར་རོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོ་རྡོ་རྗེ་གྲུབ་པས་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་ནི་མཛུབ་མོའི་གུང་མོ་དང་སྲིན་ལུག་དང་། མཐེའུ་ཆུང་གི་རྡོ་རྗེ་ནི་དང་པོའོ།། རྡོ་རྗེའི་རྡོ་རྗེ་གྲུབ་པའི་སྡེ་དེ་ཉིད་ཀྱི་ལ ་བཞི་པོ་འདི་དག་མངོན་པར་འཕེལ་བར་འགྱུར་རོ།། འདི་སྐད་སྟོན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཡི་གེ་ཧཱུ~ཾ་གིས་དང་པོའི་རྡོ་རྗེ་བཅིངས་ཏེ་མཛུབ་མོ་གཉིས་གཤིབས་ལ་རྩེ་མོར་བྱས་ནས་བདག་ཉིད ་དཔལ་རྡོ་རྗེ་སེམས་དཔའི་རྒྱལ་སྲིད་ཀྱི་དཔལ་དང་ལྡན་པའི་དཔལ་རྡོ་རྗེ་སེམས་དཔར་བསྒོམས་ཞིང་ཨ་ནུ་བཱ་ག་ཡ་མི་ཧཱུཾ་ཞེས་བཟླས་པར་བྱ་སྟེ། དེ་ལྟ་བུས་ནི་དཔལ་རྡོ་རྗེ་སེམས་དཔའ་ཆེན་པོ་མངོན་པར་འཕེལ་བར ་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་གུང་མོ་གཉིས་གཤིབས་པའི་རྩེ་མོར་ཕྱི་རོལ་ཏུ་བཞག་ལ། སྔར་བཤད་པའི་དོན་བསྒོམས་པས་དཔལ་རྡོ་རྗེ་སེམས་དཔའི་སྐལ་པ་བཟང་པོ་འཕེལ་བར་འགྱུར་རོ།། ། ་དེ་བཞིན་དུ་བྱས་ལ་དང་པོའི་རྡོ་རྗེ་སྲིན་ལག་གཉིས་རྩེ་མོར་བྱས་བྱས་དཔལ་རྡོ་རྗེ་སེམས་དཔའི་གྲགས་པ་བསྒོམས་པས་གྲགས་པ་འཕེལ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་མཐེའུ་ཆུང་གཉིས ་གཤིབས་ཏེ་རྩེ་མོར་སྦྱར་ལ་བསྒྲེང་སྟེ་བཞག་ནས་བདག་ཉིད་རྡོ་རྗེ་སེམས་དཔའི་སྙན་པ་དང་ལྡན་པར་བསམས་ན་དེ་ལྟ་བུས་ནི་སྙན་པ་འཕེལ་བར་འགྱུར་རོ།། སྟོབས་ཆེན་པོ་དང་། ཡེ་ཤེས་དང་ཆོས་དང་ལྀས་བསྒྲུབ ་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྟོབས་ནི་སྟོབས་ཆེན་པོའོ།། དེ་རྣམས་ཀྱི་ངེས་པའི་ཡེ་ཤེས་དང་། དེ་རྣམས་དེ་ཉིད་ཀྱི་ཡང་དགུ་པའི་རིག་པ་བསྙེན་པའི་ཆོ་ས་དང་། སངས་རྒྱས ་ཀྱི་སྤྲུལ་པ་དང་། སེམས་ཅན་གྱི་དོན་མཛད་པའི་ལས་ནི་དེ་རྣམས་ཀྱི་སྟོབས་པོ་ཆེ་དང་། ཡེ་ཤེས་དང་ལས་དེ་གྲུབ་པ་ནི་རྫོགས་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་སྙིང་པོ་སྟོབས་ཆེ་བའོ་ཞེས་བྱ་བ་གསུངས་ཏེ ་རང་ཉིད་དང་། སྙིང་གྲ་དང་། ལྟེ་བ་དང་མགོ་བོར་བསྟོད་པ་ནི་དང་པོའི་རྡོ་རྗེའི་སྙིང་སྟོབས་ཆེ་བ་སོ་ཞེས་བྱའོ།། འདིས་ནི་དོན་འདི་སྐད་སྟོན་པར་འགྱུར་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས ་དཔའི་སྦྱོར་བ་བྱས་ལ། ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ། ཨ་ནུ་རཱ་གུ་ཡ་མི་ཧཱུཾ་ཞེས་ཟློས་ཤིང་དྲིས་བདག་ཉིད་བསྟོད་པའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྟོབས ་གྲུབ་པར་འགྱུརརོ།། རང་གི་སྙིང་གར་རྡོ་རྗེ་རྩེ་ལྡེ་པ་བསམས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཡེ་ཤེས་བསྐྱེད་པའི་བསམ་པས་དང་པོའི་རྡོ་རྗེ་རང་གི་སྙིང་གར་བསྟོད་ཅིང་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས། ་ནི་དེ་གྲུབ་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། རང་གི་ལྕེ་ལ་རྡོ་རྗེ་བསམ་པས་ཡི་གེ་ཧཱུཾ་ཡིད་ཀྱི་བྲིས་ལ་དང་པོའི་རྡོ་རྗེའི་ལྕེ་བསྟོད་པའི་ཚུལ་གྱིས་བྱ་ཞིང་བཟླས་བརྗོད་བྱས་ཏེ་དེ་ལྟ་བུས་ནི་སོ་སོར ་ཡང་དག་པའི་རིག་པ་བཞིའི་བདག་ཉིད་ཅན་གྱིས་ཆོས་གྲུབ་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། སངས་རྒྱས་ཀྱི་སྤྲུལ་པ་དང་། སེམས་ཅན་གྱི་དོན་བྱ་བའི་བསམ་པས་རང་གི་རྡོ་རྗེ་མགོ་བོར ་བསྟོད་པའི་ཚུལ་དུ་བྱེད་ཅིང་དེ་བཞིན་དུ་བྱས་ན་དེ་ལྟ་བུས་ནི་ལས་གྲུབ་པར་འགྱུར་རོ།། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྨད་དུ་བྱུང་བ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པ་ལ་ནི་ཞེས་བྱ་བ ་ནི་ཕྱོགས་བཅུའི་ན་མཁའ་ལ་འགྲོ་བ་ནི་རྫུ་འཕྲུལ་ཐམས་ཅད་ངོ་།། འབར་བའི་འབྱིན་པ་ལ་སོགས་པས་བསྟོད་པ་ནི་ཆོ་འཕྲུལ་ལོ།། སྔོན་ཆུང་མ་མྱོང་བའི་བདེ་བ་དང་། ཡིད་བདེ་བ་བསྐྱེད་པ་ནི་རྨད་དུ་བྱུང་བའོ།། རང་གི་ལུས ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་དང་། དེའི་རིགས་དང་། རྡོ་རྗེའི་རིགས་དང་། པདྨའི་རིགས་དང་། ནོར་བུའི་རིགས་སྤྲུལ་པ་ནི་རྣམ་པོར་འཕྲུལ་པའོ།། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྨད་དུ་བྱུང་བ་དང་། རྣམ་པར ་འཕྲུལ་བ་དེ་དག་ཐམས་ཅད་སྟོན་པ་ལ་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ཉེ་བར་དམིགས་སུ་རུང་བར་བྱའོ།། དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་རྣམ་པར་འཕྲུལ་པ་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ ་བཅིངས་ལ་ན་མཁར་བསྐྱེད་པ་དང་། མཐེ་བོང་དང་སྲིན་ལུག་འབར་བའི་ཚུལ་དུ་བྱ་བ་དང་། སྙིང་དགའ་བ་དང་། རང་གི་ལུས་ལ་བསྐྱོར་བའི་ཚུལ་དུ་བྱ་བ་འདི་ནི་དང་པོའི་རྡོ་རྗེའི་རྣམ་པར་འཕྲུལ་པ་ཞེས་བྱའོ།། འདི ་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བུ་བྱས་ལ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ། ཨ་ནུ་རཱ་ག་ཡ་མཾ་ཧཱུཾ་ཞེས་ཟློས་ཤིང་ན་མཁའ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བསྐྱེད་པའི་ཚུལ་དུ་བྱས ་ན། དེ་ལྟ་བུས་ནི་ཕྱོགས་བཅུར་རྡོ་རྗེ་སེམས་དཔའི་སྒྲས་བདོག་ཉིད་འགྲོ་བ་སྟོན་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་དེ་བཞིན་དུ་བཅིངས་ཏེ། དེའི་མཐེ་བོང་གཉིས་དང་། སྲིན་ལག་གཉིས་འབར་བའི ་ཚུལ་དུ་བྱས་ནས་དེ་ལྟ་བུས་ནི་ཆོ་འཕྲུལ་ཐམས་ཅད་སྟོན་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ་རང་གི་སྙིང་གར་དགའ་བ་བསྐྱེད་པའི་ཚུལ་དུ་བཞག་ན། དེ་ལྟ་བུས། ་ནི་རྨད་དུ་བྱུང་བ་སྟོན་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། རིགས་ལྔ་བསྐྱེད་པའི་བསམ་པས་རང་གི་ལུས་ལ་བསྐོར་བར་བྱས་ཏེ། དེ་ལྟ་བུས་ནི་རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པར ་འགྱུར་རོ།། ཐམས་ཅད་དུ་ཡི་གེ་དང་། གཟུགས་ཀྱིས་བདེན་པ་ཐམས་ཅ་མཐོང་བ་དང་། ཐོས་པ་དང་། སྨྲ་བ་དོང་འདྲི་བར་གྲུབ་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་ན་མཁའ་དང་། རས་རིས་དང་རྩིག་པ་དང་། སྐུ་གཟུགས་ལ ་སོགས་པ་ཐམས་ཅད་ལས་མངོན་པར་འདོད་པར་འདོད་པའི་དོན་སྟོན་པར་བྱེད་པའི་ཡི་གེ་ཨ་ལ་སོགས་པ་དང་། རྡོ་རྗེ་སེམས་དཔའི་སྐུ་ལྔ་སོགས་པའི་གཟུགས་ཀྱིས་འདུས་པ་དང་། མ་འོངས་པ་དང་། ང་ལྟེར་བྱུང་བའི ་ངོས་པོ་ཇི་ལྟ་བ་བཞིན་དུ་མིག་གི་རྣམ་པར་ཤེས་པས་མཐོང་བ་དང་། རྣ་བའི་རྣམ་པར་ཤེས་པས་ཐོས་པ་དང་། ལྕེས་སྨྲ་བ་དང་ལུས་ཀྱིས་སྲིད་བ་སྟེ། དྲི་རྣམས་གྲུབ་པ་ནི་རྫོགས་པར་སྣང་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། དྲང ་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པསོ་ཞེས་བྱ་བ་གསུངས་ཏེ་དང་པོའི་རྡོ་རྗེ་བཅིངས་ལ་ཐམས་ཅད་དུ་བསྐོར་ཏེ་དབང་པོ་ཐམས་ཅད་ལ་བཞག་པ་ནི་དང་པོའི་རྡོ་རྗེ་དོན་ཡོང་པའི་བདེན་པའོ།། འདིས་ནི་འདི་སྐད་སྟོན་པ་ཡིན ་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། ཡི་གེ་ཧཱུཾ་གི་དང་པོའི་རྡོ་རྗེ་བཅིངས་ཏེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་ཐམས་ཅད་བསྐོར་བ་ལ་ཧཱུཾ་ལས་མིག་གཉིས་སུ་རྡོ་རྗེ་བསམས་ལ་མིག་དང་གཟུགས་ཐམས ་ཅད་ལས་བདེན་པ་ཐམས་ཅད་མཐོང་བའི་བསམ་པོས་མིག་ཏུ་བཞག་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བདེན་པ་ཐོབ་པར་འགྱུར་རོ།། ཧཱུཾ་གྲིས་རྣ་བ་གཉིསུ་རྡོ་རྗེ་གཉིས་བསམས་ལ། དེ་བཞིན་དུ་བསྐོར་ནས་རྣ་བ་གཉིས་སུ ་བཞག་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བངན་པ་ཐོབ་པར་འགྱུར་རོ།། ལྕེ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོ་བསམས་ལ་ཧཱུཾ་ཡིད་ཀྱིས་བྲིས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བདེན་པ་ཐོབ་པ་སྨྲ་བར་འགྱུར་རོ།། ཡི་གེ་ཧཱུཾ་ལུས་ཐམས་ཅད ་ལ་ཡིད་ཀྱིས་བྲིས་ལ། དྲི་བཞིན་དུ་དང་པོའི་རྡོ་རྗེ་བཙངས་ཏེ་ཀུན་ཏུ་བསྐོར་ལ་ལུས་ལ་བཞག་ན་དེ་ལྟ་བུས་ནི་ལུས་ཐམས་ཅད་གྲུབ་པར་འགྱུར་རོ།། དབང་པོ་ཐམས་ཅད་ཀྱིས་བདེ་བྱ་ཐམས་ཅད་མཐོང་བ་དང་ཐོས་པ ་དང་སྨྲ་བ་དང་ཟིལ་གྱིས་ནོན་པར་བྱ་བ་ལ་ཞེས་བྱ་བའི་དབང་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དབང་པོ་ཐམས་ཅད་དེ། མིག་ངང་རྣ་བ་དང་ལྕེ་དང་ལུས་ཀྱི་དབང་པོའོ།། དེ་རྣམས་ཀྱིས་བདེ་བ་ཐམས ་ཅད་སྟོན་ཏེ། དེ་ལ་མིག་གིས་དབང་པོས་ཐམས་ཅད་བདེན་པར་མཐོང་བ་དང་། རྣ་བའི་དབང་པོས་ཐམས་ཅད་བདེན་པར་ཐོས་པ་དང་། ལྕེའི་དབང་པོས་ཐམས་ཅད་བདེན་པར་སྨྲ་བ་དང་། ལུས་ཀྱི་དབང་པོས་ཟིལ་གྱིས ་ནོན་པའི་ལྗང་ཚེ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པསོ།། ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་རྩེ་མོ་དབུས་མ་ས་དབང་པོ་ཐམས་ཅད་ལ ་རེག་པར་བྱ་བ་ནི་དྲང་པོའི་རྡོ་རྗེ་དོན་ཡོད་པའི་བདེན་པསོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཡི་གེ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཙོངས་ལ་ཧཱུཾ་ཉིད་ཀྱིས་མིག་གཉིས་རྡོ་རྗེ་བསམས་ལ་ཨུ ་ནུ་རཱ་གཱ་ཡཽ་མི་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའ་དེས་ཐམས་ཅད་བདེན་པ་ཐོས་པའི་བསམ་པས་མིག་གཉིས་ལ་རེག་པར་བྱས་ན་ཐམས་ཅད་བདེན་པ་མཐོང་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། ཧཱུཾ་ལ་རྣ་བ་གཉིས ་སུ་རྡོ་རྗེ་བསམས་ལ། རྡོ་རྗེ་དབུས་མ་རྣ་བ་གཉིས་སུ་རེག་པར་བྱས་ན། དེ་ལྟ་བུས་ནི་ཐམས་ཅད་ཐོས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་ལྕེ་ལ་སྒྱུ་མ་བཞིན་དུ་རྡོ་རྗེ་བསམས་ཏཱཾ་ཡིད་ཀྱིས་ཧཱུཾ་བྲིས་ལ་རྡོ་རྗེ་དབུས་མ ་དེས་ལྕེ་ལ་རེག་པར་བྱས་ཏེ། དེ་ལྟ་བུས་ནི་ལྕེ་ཐམས་ཅད་བདེན་པ་སྨྲ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། ལུས་ལ་ཧཱུཾ་ལས་རྡོ་རྗེར་བསམས་ཏེ། རྡོ་རྗེ་དབུས་མ་དེ་རང་གི་ལུས་ལ་རེག་པར་བྱས་ལ་རྡོ་རྗེ་སེམས་དཔའ ་ལང་ཚོ་དང་བདག་ཉིད་ལྡན་པར་བསམས་ན། དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའི་ལང་ཚོ་དང་ལྡན་པར་འགྱུར་རོ།། སྒྱུ་མ་ཐམས་ཅང་དང་། བདེ་བའི་མཆོག་དང་། ལུང་བསྒོ་བ་དང་། ལན་ཐོབ་པར་གྱུར་པ་ལ་ནི་ཞེས་བྱ་བ་ནི། ་དངོས་པོ་ཐམས་ཅད་སྤྲུལ་པ་ནི་སྒྱུ་མ་ཐམས་ཅད་དོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་ཉམས་སུ་མྱོང་བ་ནི་བདེ་བའི་མཆོག་གོ།། མ་འོངས་པའི་དོན་ལུང་སྟོན་པ་ནི་ལུང་བསྒོ་བའོ།། ཡན་ལག་དུ་མར་གྱུར་པར ་རང་གི་ལྷ་ཡོངས་ལ་གཞན་དག་ལོངས་ཤིག་ཅེས་བསྟན་པ་འམ། དངོས་པོ་གང་བྱེད་འདོད་པ་དེ་ཡོངསུ་དོར་ལྔ་གཞན་ངག་གྱིས་ཤིག་ཅེས་ལྷས་བསྟན་པ་གང་ཡིན་པ་དེ་ནི་ལན་ཐོས་པ་ཞེས་བྱའོ།། འདི་རྣམས་ཀྱི་གྲུབ་པ་ནི་སྔ ་མ་བཞིན་ནོ།། དེ་གང་གི་འགྱུར་ཞེ་ན། དང་པོའི་རྡོ་རྗེ་རྨད་དུ་བྱུང་བ་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་རང་གི་ལུས་བྱེད་པས་ན་དང་པོའི་རྡོ་རྗེ་རྨད་དུ་བྱུང་བའོ།། འདིས་ནི་དོན་འང་། སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྗེ ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་ཧཱུཾ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ། ཨ་ནུ་རཱ་གྲཱ་ཡ་མི་ཧཱུཾ་ཞེས་ཟློས་ཤིང་དང་པོའི་རྡོ་རྗེ་རྩེ་མོ་དབུས་མྲ་སྒྱུ་མི་བྱ་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་སྒྱུ་མ་ཐམས་ཅད་སྟོན་པར་འགྱུར ་རོ།། དེ་ཉིད་ཀྱིས་བདེ་བའི་མཆོག་ཐམས་ཅད་བསྟན་པའི་ཚུལ་དུ་བྱས་ནས་དེ་ལྟ་བུས་ནི་བདེ་བའི་མཆོག་ཐམས་ཅད་སྟོན་པར་འགྱུར་རོ།། དེ་ཉིད་ཀྱིས་ལུང་བསྒོ་བ་བསྟན་པའི་ཚུལ་དུ་བྱས་ན་ལུང་བསྒོ་བ་ཐམས་ཅད ་བསྟན་པར་འགྱུར་རོ།། དེ་ཉིད་ཀྱིས་ལན་ཐམས་ཅད་བསྟན་པའི་ཚུལ་དུ་བྱས་ན། དེ་ལྟ་བུས་ནི་ལན་ཐམས་ཅད་ཐོབ་པ་སྟོན་པར་འགྱུར་རོ།། གཏེར་ཐམས་ཅད་འབྱུང་བ་དང་། ནོར་འཕྲོག་པ་དང་། རྒྱལ་སྲིད་ཐོབ་པ་དང་། ་ས་ལ་ཉེ་བར་ལོངས་སྤྱད་པ་ལ་ནི་ཞེས་བྱ་བ་ནི་གཏེར་ཐམས་ཅད་ནི་གོ་བར་ཟད་དོ།། ནོར་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། དེ་རྣམས་འཕྲོག་པ་ནི་དགུག་པའོ།། རྒྱལ་སྲིད་ནི་འཇིག་རྟེན་དང་འཇིག ་རྟེན་ལས་འདས་པའོ།། ས་ལ་ཉེ་བར་ལོངས་སྤྱོད་པ་ནི་ཁམས་ཀྱི་དབང་པོར་དབང་བསྐུར་བ་ཐོབ་པས་སྐྱེ་བོ་ཐམས་ཅད་བསྒོ་བ་ཉན་ཅིང་ས་རང་དབང་དུ་བྱེད་པའོ།། འདི་དག་ཐམས་ཅད་ཇི་ལྟར་ཞེ་ན། དང་པོའི་རྡོ་རྗེས་དབང ་བསོ།། ཞེས་བྱ་བུ་གསུངས་ཏེ་པོའི་རྡོ་རྗེ་དབུས་མ་དབང་བསྐུར་བའི་གནས་སུ་བཞག་ལ། དེ་བཞིན་དུ་འདིའི་དངོས་གྲུབ་བྱེད་པ་ནི་འདིའི་མཚན་ཉིད་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། ཧཱུཾ་གི་དང་པོའི་རྡོ་རྗེ་བཅིངས་ལ་དེའི ་རྡོ་རྗེ་དབུས་མོ་མཛོད་སྤུའི་གནས་སུ་བའག་སྟེ། སྔར་བཤད་པའི་གཏེར་དབྱུང་བའི་སྦྱོར་བས་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་། དེ་གཏེར་དབྱུང་བའི་ཚུལ་དུ་བྱ་སྟེ། དྲི་ལྟ་བུས་ནི་གཏེར་ཐམས་ཅད་འབྱིན་པར་འགྱུར་རོ།། ་དེ་བཞིན་དུ་ཐམས་ཅད་བྱས་ལ་དེ་ཉིད་དཔྲལ་བའི་ཕྱོགས་སུ་བཞག་སྟེ། དེས་ནོར་འགུགས་པའི་ཚུལ་དུ་བྱས་ལ་དེ་ལྟ་བུས་ནི་ནོར་ཐམས་ཅད་འཕྲོགས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དཔྲལ་པོའི་ཕྱོགས་སུ་དབུས ་མའི་རྡོ་རྗེ་བཞག་ལ། ཁམས་ཀྱི་རྒྱལ་པོའི་དབང་བསྐུར་བས་བདག་ཉིད་དབང་བསྐུར་བར་བསམ་པར་བྱ་ཞིང་། ངེས་དབང་བསྐུར་བ་སྦྱིན་པའི་ཚུལ་དུ་བྱས་ན་དེ་ལྟ་བུས་ནི་རྒྱལ་སྲིད་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་བཞིན ་དུ་ཐམས་ཅད་བྱས་ལ་དེའི་དབུས་མའི་གནས་སུ་བཞག་ལ། སྐྱེ་བོའི་ཚོགས་ཐམས་ཅད་རང་དབང་དུ་བྱས་པའི་ཚུལ་གྱིས་བཞག་ན་དེ་ལྟ་བུས་ནི་སའི་བདག་པོ་ཉིད་དུ་འགྱུར་རོ།། ཡུལ་ཐམས་ཅད་དང་སྐྱེ་བོ་དང་གྲོང་དང ་ནགས་དང་། ཆུའི་ཉེ་བར་ལོངས་སྤྱོད་པ་སྤྲུལ་པ་ལ་ནི་ཞེས་བྱ་བ་ཡུལ་ཐམས་ཅད་ནི་གོ་བར་ཟད་དོ།། སྐྱེ་བོ་ནི་མངོན་པར་འདོད་པའི་སྐྱེ་བའོ།། གྲོང་ལ་སོགས་པ་ཡང་གློ་བར་ཟད་ངོ་།། དེ་རྣམས་ཉེ་བར་ལོངས་སྤྱོད་པ་ནི་ཀུན ་ཏུ་ལོངས་སྤྱོད་བའོ།། དེ་རྣམ་པར་སྒྲོལ་པ་ནི་གློ་བར་ཟད་།། དེ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་བསྒྲུབས་པས་སོ་ཞེས་བྱ་བ་གསུངས་ཏེ། དྲང་པོའི་རྡོ་རྗེ་ནི་རྡོ་རྗེ་དབུས་མས་ལ་བཞག་པ་དེ་དག་གོ་ཆེ་ལ་དུ་བྱེ ་བ་འདི་ནི་དང་པོའི་རྡོ་རྗེ་གྲུབ་པའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཡི་གེ་ཧཱུ~ཾ་ཟློས་ཤིང་དང་པོའི་རྡོ་རྗེ་བཅིངས་ལ། དེའི་དབུས་མའི་རྡོ་རྗེ་ས་ལ་བཞག་ལ་དེས་ཡུལ ་ཐམས་ཅད་སྤྲུལ་པའི་ཚུལ་དུ་བྱ་ཞིང་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བཟླས་བརྗོད་བྱས་ནས་ཡུལ་ཐམས་ཅད་སྦྲུལ་ནོས་ཉེ་བར་ལོངས་སྤྱོད་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅང་བྱས་ལ་དང་པོའི་རྗེ་རྗེ་དབུས་མ ་ས་ལ་བཞག་སྟེ། ངེས་མངོན་པར་འདོད་པའི་སྐྱེ་བོ་སྤྲུལ་པའི་ཚུལ་དུ་བྱས་ལ། དེ་བཞིན་དུ་བཟླས་ན་དེ་ལྟ་བུས་ནི་སྐྱེ་བོ་ཐམས་ཅད་སྩོལ་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་དང་པོའི་རྡོ་རྗེ་དབུས་མ་ལ ་བཞག་སྟེ། དེས་མངོན་པར་འདོད་པའི་གྲོང་སྤྲུལ་པར་བྱས་ཏེ། དེས་ལྟ་བུས་ནི་གྲོང་སྤྲུལ་པར་འགྱུར་རོ།། དེ་བཞིན་དུ་བྱས་ལ་དང་པོ་རྡོ་རྗེའི་རྡོ་རྗེ་དབུས་མ་ས་ལ་བཞག་སྟེ། འདིས་ནགས་དང་ཆུ་བོ་སྤྲུལ་པའི་ཚུལ ་དུ་བྱ་ཞིང་། དེ་བཞིན་དུ་བཟླས་བརྗོད་བྱས་ན་ནགས་དང་ཆུ་བོ་ལ་སོགས་པ་སྤྲུལ་པར་འགྱུར་རོ།། ཐམས་ཅང་ལྔ་སྔོན་མ་བྱུང་བའི་ཡུལ་ལྷོའི་ཡུལ་དང་རིན་པོ་ཆེ་དང་། གསྔོག་འཁོར་ཤིན་ཏུ་བཟུང་པོ་ལྔ་སོགས་པ་སྤྲུལ་ཏེ་ཉེ་བར ་སྤྱད་པ་ལ་ནི་ཐམས་ཅད་ལས་ཞེས་བྱ་བོ་ནི་ལས་ལ་སོགས་པའི་དངོས་པོ་ཐམས་ཅད་ལས་སྔོན་མ་བྱུང་བའི་ལྷའི་ཡུལ་དང་། ལྷའི་རིན་པོ་ཆེ་དང་། ལྷའི་བདེ་བ་དང་། ཡིད་བདེ་བ་བསྐྱེད་པར་བྱེད་པའི་རིགས་འཛིན་ལྟ་བུའི་བསྙེན ་བཀུར་བ་མཐའ་ཡས་པ་དག་སྤྲུལ་ནས། དེ་རྣམས་ལ་ཉེ་བར་ལོངས་སྤྱོད་ཅིང་ཀུན་ཏུ་ལོངས་སྤྱོད་པར་འགྱུར་པ་དེ་ཕྱག་རྒྱ་གང་གིས་འགྱུར་ཞེ་ན། དྲང་པོའི་རྡོ་རྗེ་སྤྲུལ་པསོ་ཞེས་བྱ་བ་གསུངས་ཏེ། དོང་པོའི་རྡོ་རྗེའི་རྡོ་རྗེ་དབུས་མ་ཐམས ་ཅད་བསྐོར་ལ་ཡིད་ཀྱིས་དེ་དུ་ག་སྤྲུལ་པར་བྱས་ཏེ། འདི་ནི་དང་པོའི་རྡོ་རྗེ་སྤྲུལ་པ་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ། དེ་བཞིན་དུ་དྲང་པོའི་རྡོ་རྗེ་བཅིངས་པ་སྟེ། སྔགས་ཟློས་ཤིང་དང ་པོའི་རྡོ་རྗེའི་རྡོ་རྗེ་དབུས་མ་སྔོན་མ་བྱུང་བའི་ལྷའི་ཡུལ་སྤྲུལ་པའི་བསམ་པས་ཐམས་ཅད་བསྐོར་བར་བྱས་ཏེ། དེ་ལྟ་བུས་ནི་ལྷའི་ཡུལ་སྦྲུལ་པོར་འགྱུར་རོ།། རིན་པོ་ཆེ་མངོན་པར་སྤྲུལ་པ་བསམ་པས་ནི་ལྷའི་རིན་པོ་ཆེ་སྤྲུལ ་པར་འགྱུར་རོ།། ལྷའི་དཀྱིལ་འཁོར་གྱི་དབང་བསྐུར་བ་བཟང་པོ་མངོན་པར་སྤྲུལ་པའི་བསམ་པས་ནི་གཡོག་འཁོར་ཤིན་ཏུ་བཟང་པོ་སྤྲུལ་པར་འགྱུར་རོ།། ལྷའི་ཡུལ་ལ་སོགས་པ་ཇི་ལྟར་སྤྲུལ་པ་ཡོངས་སུ་ལོངས་སྤྱོད་པའི་བསམ ་བས་ཐམས་ཅད་དུ་བསྐོར་ན་ལྷའི་ལོངས་སྤྱོད་ལ་སོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ།། སྐད་ཅིག་གིས་སུ་གཞི་ཐམས་ཅད་ལས་འབྲུ་ལ་སོགས་པ་སྨིན་པར་སྐྱེད་པ་དང་། ཆུའི་ཕུང་པོ་ཆེན་པོ་དབྱུང་བ་དང་། སྣང ་བ་ཆེན་པོ་བསྐྱེད་པ་དང་། རླུང་ཐམས་ཅད་ངོ་བང་དུ་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་སླའོ།། དེ་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་གིསོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་རྩེ་མོ་དབུས་མ་ལ་ཁྲོ་པོ ་འབར་བའི་ལྟོ་བཱ་གཡོ་བས་མིག་མི་འཛུམ་པར་བལྟ་ཞིང་ལས་འདི་དག་སྒྲུབ་པར་བྱེད་པས་ན། འདི་ནི་དང་པོའི་རྡོ་རྗེ་དབང་ཕྱུག། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང ་པོའི་རྡོ་རྗེའི་རྩཝ་རྡོ་རྗེ་དབུས་མས་ཇི་ལྟར་མངོན་པར་འདོད་པའི་འབྲུ་ལ་སོག་ས་བྱ་སོ་གཞི་ལས་བསྐྱེད་པའི་ཚུལ་དུ་བྱེ་ཞིང་མྱིག་མི་འཛུམ་པར་བགྷྣཱཾས་ནཱ་དེ་ལྟ་བུས་ནི་སྤྲུལ་པར་འགྱུར་རོ།། དེ་ཉིད་ཀྱིས་ཆུ་མེད་པའི་ཕྱོགས ་སུ་ཆུའི་ཕུང་པོ་བསྒྱིད་པའི་ཚུལ་དུ་བྱ་ཞིང་མིག་མི་འཛུམ་བལྟས་ལ་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་ཆུའི་ཕུང་པོ་ཆེན་པོ་འབྱུང་བར་འགྱུར་རོ།། དེ་ཉིད་ཀྱིས་མུན་པོ་ར་སྣང་བ་ཆེན་པོར་བསྐྱེད་པའི་ཚུལ་དུ་བྱ་ཞིང་འབར ་བའི་བལྟ་བ་བཞིན་དུ་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་མུན་པར་སྣང་བ་ཆེན་པོ་འབྱུང་བར་འགྱུར་རོ།། གཡོ་བའི་ལྟ་བས་བལྟ་ཞིང་འདི་ཉིད་ཀྱིས་ལྷ་ལ་སྩོགས་པའི་སེམས་ཅན་ཐམས་ཅད་རང་དཔུང་དུ་བྱ་བའི ་ཚུལ་དུ་བྱས་ཏེ་དེ་ལྟ་བུ་དབང་དུ་འགྱུར་རོ།། རྒྱུ་བྱ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བཟའ་བ་དང་བཏུང་བ་དང་ཞེས་བྱ་བ་ནི་གོ་བྱར་ཟད་དོ།། རྩེར་གཞུག་པ་ནི་དགའ་ཞིང་རོལ་པའོ།། ལས་ཐམས་ཅད་ལ་སྦྱོར་བ་ནི་གོ་སླའོ།། འི ་ངག་ཐམས་ཅངྒ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དྲོན་ཡོད་པའི་ཐམས་ཅད་དང་དབང་དུ་བྱེད་པསོ།། ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་བཅིངས་ལ་དེའི་རྡོ་རྗེ་དབུས་མ་ལས་གྲུབ་པའི་ཚུལ་དུ་བྱས་ལ་ལྷག་པ་དང་། བཏུང་བ་དང། ་ལུས་བསྐྱེད་པའི་ཚུལ་དང་། མགོ་བོས་བཀའ་བསྒོ་བའི་ཚུལ་དུ་བྱས་པ་འདི་ནི་དང་པོའི་རྡོ་རྗེ་དྲིན་ཡོད་པའི་ཐམས་ཅད་དབང་དུ་བྱེད་པ་ཡིན་ནོ།། འདི་སྐད་སྟོན་ཏེ། དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དེ་བཞིན་དུ་དང་པོའི་རྡོ་རྗེ ་བཅིངས་ནས་དེའི་དབུས་མའི་རྡོ་རྗེས་སྲིན་པོ་ལ་སོགས་པ་ཟ་བ་ལྟར་བྱེད་ཅིང་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ཟོས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅང་བྱས་ལ་དབུས་མའི་རྡོ་རྗེས་རྒྱ་མཚོ་ཆེན་པོ་བཏུང་བའི་ཚུལ་དུ ་ཞིང་བཟླས་བརྗོད་བྱས་ནས་དེ་ལྟ་བུས་ནི་ཐམས་ཅད་འཐུང་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་དབུས་མ་ངེས་གནོད་སྦྱིན་མོ་ལ་སོགས་པ་དང་རྩེད་མོའི་ཚུལ་དུ་བྱས་ལ། ཡང་དག་པའི་སྦྱོར་བས་བསྒོམས ་ནས་དེ་ལྟ་བུས་ནི་ཐམས་ཅད་རྩེ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། དང་པོའི་རྡོ་རྗེ་དབུས་མས་ལྷ་ལ་སོགས་པའི་སེམས་ཅན་ཐམས་ཅད་དང་། མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ངེས་པར་སྦྱོར་བའི་ཚུལ་དུ་བྱེད ་ཅིང་རང་གི་མགོ་བོས་ལུས་བསྒོ་བའི་ཚུལ་དུ་བྱེད་ཅིང་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་ལས་ཐམས་ཅད་ལ་ངེས་པར་སྦྱོར་བར་འགྱུར་རོ།། དངོས་པོ་ཐམས་ཅད་ལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཛིན ་པ་དང་། རྡོ་རྗེ་ལ་སོགས་པ་ཐམས་ཅད་མཐོང་བུ་ལཱ་ནི་ཞེས་བྱ་བ་ལ་ནི་གྲོ་བར་ཟད་དོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་བསྙེམས་པསོ་ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱ ་བཅིངས་ལ། གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་དྲང་པོའི་རྡོ་རྗེ་བླངས་ལོ། དེ་བཞིན་གཤེགས་པ་ལ་སྔོགས་པ་རྗེས་སུ་བསྒོམ་ཞིང་ཐམས་ཅད་དུ་བསྐོར་བ་འདི་ནི་དང་པོའི་རྡོ་རྗེ་བསྙེམས་པ་ཐམས་ཅད་ངོ་།། དེ་ཡང་ཐམས་ཅད་རྗེ་སུ་དྲན་ཞིང་ཐམས ་ཅད་དུ་བསྐོར་བར་བྱའོ།། ཞེས་བཤད་པ་ཡིན་ནོ།། འདིས་ནི་དོན་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དབྱའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། གཡས་པའི་རྡོ་རྗེ་ཁུ ་ཚུར་གྱིས་དང་པོའི་རྡོ་རྗེ་བླངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་ཞིང་ཐམས་ཅད་དུ་བསྐོར་བར་བྱ་སྟེ། དེ་ལྟོ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཐོང་བར་འགྱུར་རོ།། བྱམས་པ་ལ་སོགས་པ་བྱང་ཆུབ ་སེམས་དཔའ་ཐམས་ཅང་རྗེས་སུ་དྲན་པ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་ངོ་།། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྡོ་རྗེ་འཛིན་པ་ཐམས་ཅད་རྗེས་སུ་དྲན་པས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྡོ་རྗེ ་འཛིན་པ་ཐམས་ཅད་མཐོང་ངོ་།། དྲང་པོའི་རྡོ་རྗེ་ལ་སོགས་པ་མཚན་མ་ཐམས་ཅད་རྗེསུ་དྲན་པ་ནི་དང་པོའི་རྡོ་རྗེ་ལ་སོགས་པ་རྡོ་རྗེ་ཐམས་ཅད་མཐོང་བར་འགྱུར་རོ།། རང་ཞེས་བྱ་བའི་བདག་ཉིད་།། དེ་གང་གིས་ཤྱེ་ན། བདག་ཉིད་ཀྱིས་ཞེས ་བྱ་བ་སྨོས་ཏེ་སྒྲུབ་པ་པོའིའོ།། དེ་ཅི་ཞིག་ཅེ་ན། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་སྟོན་པ་དང་། མི་སྣང་བ་དང་། ན་མཁའ་ལ་འགྲོ་བའོ།། དེ་གྲུབ་པ་ནི་རྫོགས་པའོ།། ཤིན་ཏུ་སྲ་བ་དང་། བསྒོམ་པ་དང་། དུ་མར་སྙན ་པཱ་ལ་ཞེས་བྱ་བ་ལ་རབ་ཏུ་ཕྲ་བ་ནི་ཤིན་ཏུ་ཕྲ་བ་སྟེ། རྡུལ་ཕྲ་རབ་ལ་སྩོགས་པའི་ཚུལོ།། ཤིན་ཏུ་ཕྲ་བ་དེ་རཱི་རབ་ལ་སོགས་པའི་ཚུལ་དུ་བྱིན་གྱིས་རློབ་པ་ནི་རྩོམ་པའོ།། ནམ་མཁའ་ཐམས་ཅད་ཁྱབ་པའི་གཟུགས་སྣ་ཚོགས་སྟོན་པའི་བྱིན ་གྱིས་བརླབ་པ་ནི་དུ་མ་སྟེ། འདི་ཐམས་ཅད་ཀྱིས་ཉེ་བར་སྟོན་པ་དམིགས་པར་འགྱུར་བ་ནི་སྟོན་པའོ།། འདི་དག་ནི་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེའི་གཟུགས་སྣ་ཚོགས་པ་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ ་མཐེའུ་ཆུང་དང་། མཐེ་བོང་དང་། གུང་མོའི་རྡོ་རྗེ་སྙིང་གར་བཞག་པར་བྱས་ཏེ། འདི་ནི་དང་པོའི་རྡོ་རྗེ་སྣ་ཚོགས་གཟུགས་ཅན་ཡིན་ནོ།། འདིས་ནི་དེན་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ ་དང་པོའི་རྡོ་རྗེ་བཅིངས་ཏེ། མཐེའུ་ཆུང་གཉིས་གཤིབས་པའི་རྩེ་མོ་གུང་མོ་གཉིས་གཤིབས་པའི་རྩེ་མོ་དང་སྦྱར་ལ་སྙིང་གར་བཞག་སྟེ། བདག་ཉིད་ཀྱི་ལུས་ལ་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྤྲུལ་པ་བསྒྲུབ་པའི་བསམ ་པས་དེ་བཞིན་དུ་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་དེ་གྲུབ་པར་འགྱུར་རོ།། མི་སྣང་བའི་བསམ་པས་བཟླས་ནོ་མི་སྣང་བ་གྲུབ་པར་འགྱུར་རོ།། ན་མཁ་འགྲོ་བ་བསྒོམ་པས་ནི་ན་མཁར་འགྲོ་བར་གྲུབ་པོ། ཤིན་ཏུ་ཕྲ་བ་དང་སྦོམ་པོ ་དང་། དུ་མར་སྟོན་པ་བསྒོམ་པོས་ནི་ཤིན་ཏུ་ཕྲ་བ་དང་། སྒོམ་པ་དང་དུ་མུར་སྟོན་པར་འགྱུར་རོ།། ཁམས་གསུམ་གྱི་བདག་པོ་ཐམས་ཅད་དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ ་ནི་གྲོ་བར་ཟུང་ངོ་།། འདི་དག་ཐམས་ཅད་ནི་ཇི་ལྟར་འགྱུར་ཞེ་ན། དྲང་པོའི་རྡོ་རྗེ་ཧཱུཾ་མཛད་ཀྱིསོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་མཛུབ་མོ་གཉིས་ཧཱུཾ་མཛད་དང་བཅས་པ་ལྟ་བུར་བྱས་ཏེ། འདི་ནི་དང་པོའི་རྡོ་རྗེ་ཧཱུ~ཾ་མཛད་དོ།། ་འདིས་ནི་འདི་སྐད་སྟོན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དང་པོའི་རྡོ་རྗེ་བོཅིངས་ཏེ།། མཛུབ་མོ་གཉིས་སོ་སོར་བསྒྲེང་བ་གྱེན་དུ་བཏེག་སྟེ། ཁམས་གསུམ་པའི་བདག་པོ་ཐམས་ཅད་དབབ་པའི་བསམ་པས ་འོག་ཏུ་བསྒྱེལ་ལ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བཟླས་ན་དེ་གྲུབ་པར་འགྱུར་རོ།། དེ་བཞིན་དུ་ཟློས་ཤིང་མཛུབ་མོ་གཉིས་པོ་ངེས་ཁམས་གསུམ་གྱི་བདག་པོ་ཐམས་ཅད་དབང་དུ་བྱ་བའི་བསམ་པས་སྡིགས་མཛུབ་བྱས ་ནས། དེ་ལྟ་བུས་ནི་དེ་འགྲུབ་པར་འགྱུར་རོ།། མཛུབ་མོ་གཉིས་པོ་འདི་ཉིད་ཀྱིས་ཁྱམས་གསུམ་གྱི་བདག་པོ་ཐམས་ཅད་བཅིང་བའི་བསམ་པས་ནི་དེ་རྣམས་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་པར་འགྱུར་རོ།། མཛུབ ་མོ་གཉིས་པོ་དེ་ཉིད་ཀྱིས་ཁམས་གསུམ་གྱི་བདག་པོ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱོར་བའི་བསམ་པས་དྲི་ལ་སྡིགས་མཛུབ་བྱས་ནས། དེ་ལྟ་བུས་ནི་དེ་མངོན་པར་འདོད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ། ་ལྷ་ཐམས་ཅད་དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་ལ་ནི་ཞེས་བྱ་བ་ནི་གོ་བ་ཟད་དོ།། འདི་དག་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེའི་ལྷའི་བདག་པོས་ཞེས་བྱ་བ་སྨོས་ཏེ། དང་པོའི ་རྡོ་རྗེ་དབུས་མའི་རྡོ་རྗེ་དཔྲལ་བའི་ཐད་ཀར་མིག་ལྟ་བུའི་ཚུལ་དུ་བྱས་པ་ནི་དང་པོའི་ལྷའི་བདག་པོའི་ཕྱག་རྒྱའི་བདག་པོའོ།། འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དེ་བཞིན་དུ་དང་པོའི་རྡོ་རྗེ ་བཅིངས་ཏེ། ལྷ་ཐམས་ཅད་དབབ་པའི་བསམ་བྱས་དབུས་མའི་རྡོ་རྗེས་དཔྲལ་བར་ཕྲེང་དུ་མིག་གིསོ་ཚུལ་དུ་བྱས་ན་འདིར་འགྱུར་རོ།། དེ་བཞིན་དུ་ལྷ་ཐམས་ཅད་བཅིང་བའི་བསམ་བྱས་མིག་གི་ཚུལ་དུ་བྱས་ན་དེ་ལྟ་བུས ་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་པར་འགྱུར་རོ།། དེ་བཞིན་དུ་ལྷ་ཐམས་ཅད་དབང་དུ་བྱ་བའི་བསམ་པས་མིག་གི་ཚུལ་དུ་བྱས་ལ་བཟླས་བརྗོད་བྱས་ན་དེ་ལྟ་བུས་ནི་དབང་དུ་འགྱུར་རོ།། དེ་བཞིན་དུ་ལྷ་ཐམས་ཅད་ལས ་ཐམས་ཅད་ལ་ངེས་པར་སྦྱོར་བའི་བསམ་པས་མིག་གི་ཚུལ་དུ་བྱས་ལ་བཟླས་བརྗོད་བྱས་ན་ལྷ་ཐམས་ཅད་ལས་ཐམས་ཅད་ལ་སྦྱར་བར་འགྱུར་རོ།། ཀླུ་ཐམས་ཅད་གནོན་པ་དང་། འདུལ་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད ་ལ་ངེས་པར་སྦྱར་བར་བྱ་བ་དང་། སྐྲག་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་གྲོ་བར་ཟད་དོ།། དུ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་འབར་བའི་རྡོ་རྗེས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་རང་གི་སྒྱིང་གར་བཅིངས་ལ་བསྐྱོད་ཅིང་འཛུམ་པ ་ལྟ་བས་འོག་ཏུ་བལྟ་ཞིང་ཧ་ཧཱུཾ་ཧ་དྷི་ཞེས་བྱ་བ་ཟློས་པ་འདི་ནི་དང་པོའི་རྡོ་རྗེ་འབར་བའི་རྡོ་རྗེའོ།། འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དེ་བཞིན་དུ་དང་པོའི་རྡོ་རྗེ་རང་གི་སྙིང་ག་རོ་བཅིངས་ཏེ། བསྐྱོད ་ཅིང་འཛུམ་པའི་ལྟ་བས་འོག་ཏུ་བལྟ་ཞིང་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཧ་ཞེས་ཟློས་ཤིང་འོད་ཟེར་འབར་བ་ཀུན་འཁྲུགས་པའི་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོས་ཀླུ་རྣམས་ཀུན་དུ་དྲོངས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད་དབང་དུ ་འགྱུར་རོ།། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་ཟློས་ཤིང་ཀླུ་ལ་བལྟ་བར་བྱས་ཏེ། དེ་ལྟ་བུས་ནི་དགུག་པར་འགྱུར་བའི་ཀླུ་ཐམས་ཅད་འདུལ་བར་འགྱུར་རོ།། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཧོ་ཞེས་བྱ་བས་དགུག་པོའི་ལྟ་བས་བཀུག་ལ་བལྟ་ཞིང་བཟླས་པར ་བྱས་ཏེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། དེ་བཞིན་དུ་བཀུག་པའི་ཀླུ་ལ་བལྟ་ཞིང་ལས་ཐམས་ཅད་ལ་ངེས་པར་སྦྱར་བའི་བསམ་པས་ཨ་ནུ་རཱ་ག་ཡ་མི་ཧཱུཾ་དྷྲྀ་ཞེས་བྱ་བ་བཟླ་བར་བྱས་ཏེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད ་ལས་ཐམས་ཅད་ལ་སྦྱར་བར་འགྱུར་རོ།། གནོད་སྦྱིན་ལ་སོགས་ཐམས་ཅད་དགུག་པ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལས་ངེས་བུར་སྦྱར་བ་དང་། སྐྲག་པར་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ།། འདི་དག ་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་གདོན་འདུ་ལྟ་བསྔོ་ཞེས་བྱ་བོ་གསུངས་ཏེ། ས་ལ་གནོད་སྦྱིན་ལ་སོགས་པའི་གཟུགས་བྲིས་ལ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ནས་དང་པོའི་རྡོ་རྗེ་སྔ་མ་བཞིན་དུ་བཅིངས་ལ་གནོད ་སྦྱིན་ལ་སོགས་པ་དེའི་གདོང་ལ་དབུས་མའི་རྡོ་རྗེ་བཞག་སྟེ། དེའི་འབར་བའི་ལྕགས་ཀྱུས་གནོད་སྦྱིན་ལ་སོགས་པ་དགུག་པར་བྱ་ཞིང་དེ་བཞིན་དུ་དེ་རྣམས་ལ་སྔར་བཤད་པའི་གཡོ་ཞིང་འབར་བའི་ལྟ་བས་བལྟས་ན་འགུགས་པར ་འགྱུར་རོ།། དབང་དུ་བྱ་བའི་བསམ་པས་བཞག་ལ་བཟླས་ན་དེ་ལྟ་བུས་ནི་དབང་དུ་འགྱུར་རོ།། བཙོང་བའི་བསམ་པས་ནི་རྡོ་རྗེ་ལྕགས་སྒྲོག་གིས་བཅིངས་པར་འགྱུར་རོ།། ལས་ཐམས་ཅད་ལ་ངེས་པར་སྦྱོར་བའི་བསམ་པས་བཟླས་ནཱ། ་དེ་ལྟ་བུས་ནི་གནོད་སྦྱིན་ལ་སྩོགས་པ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱར་བར་འགྱུར་རོ།། དཀྱིལ་འཁོར་ཐམས་ཅད་བརྟག་པ་དང་། འཇུག་པ་དང་། མཆོད་པ་དང་། སྒྲུབ་པ་ལ་ནི་ཞེས་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའི ་ལ་སོགས་པའི་དཀྱིལ་འཁོར་བརྟག་པ་ནི་རས་དང་། རྩིག་པ་དང་། ན་མཁའ་ལོ་སོགས་པའི་གན་ས་ཐམས་ཅད་དུ་སྤྲུལ་པའོ།། ཇི་ལྟར་སྤྲུལ་པའི་དཀྱིལ་འཁོར་དུ་བདག་ཉིད་འཇུག་པ་ནི་འཇུག་པའོ།། མེ་ཏོག་ལ་སོགས ་བའི་ཕྱི་རོལ་གྱི་ཡོ་བྱད་ཀྱི་རྣམས་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས་པས་དཀྱིལ་འཁོར་ཐམས་ཅད་མཆོད་པ་ནི་མཆོད་པའོ།། དཀྱིལ་འཁོར་དེ་རྣམས་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་རང་གི་དབང་དུ་བྱས་པ་ནི་བསྒྲུབ་པའོ།། རང ་ངག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་འཁོར་ལོས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་དབུས་མའི་རྡོ་རྗེ་རྩེ་མོ་ཐུར་དུ་ས་གཞི་ལ་གཟུགས་པས་ནི་བརྟག་པར་འགྱུར་རོ།། ཁྱུའི་དབུས་སུ་བཞུག་པས་ནི་ཞུགས་བར ་འགྱུར་རོ།། ཕྱག་བྱས་པུསྲ་ནི་མཆོད་པར་འགྱུར་རོ།། སྙིང་གར་བཞུག་པོས་ནི་བསྒྲུབས་པར་གྱུར་པས་ནི་དང་བྱོའི་རྡོ་རྗེ་འཁོར་ལོའི་མཚན་ཉིད་དོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཧཱུཾ་གིས་དང ་པའི་རྡོ་རྗེ་བཙོངས་ཏེ། དེའི་རྩེ་མོ་དབུས་མའི་དཀྱིལ་འཁོར་སྤྲུལ་པའི་བསམ་པས་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་སྲ་ལ་བཞག་ན། དེ་ལྟ་བུས་ནི་དཀྱིལ་འཁོར་སྤྲུལ་པར་འགྱུརརོ།། ཁར་བཞག་སྟེ་སྤྲུལ་ནས་དེ་ལྟ་བུས་ནི་དཀྱིལ་འཁོར ་དུ་འཇུག་པར་འགྱུར་རོ།། དེའི་རྩེ་མོ་དབུས་མ་ལ་བཏུང་དེ་ཕྱུག་བྱས་ན་དེ་ལྟ་བུས་ནི་དཀྱིལ་འཁོར་མཆོད་པར་འགྱུར་རོ།། དེའི་རྩེ་མོ་དབུས་མཱ་སྙིང་གར་བཞག་སྟེ་བཟླས་ནི་དཀྱིལ་འཁོར་བསྒྲུབ་པར་འགྱུར་རོ།། ཕྱག་རྒྱ་ཐམས་ཅད་དགུག་པ ་དང་། བཅིང་བ་དང་། བརྟན་པར་བྱ་བ་དང་། བསྒྲུབ་པོ་ནི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཐམས་ཅད་དོ།། དེ་རྣམས་སྤྱན་དྲང་བ་ནི་དགུག་པའོ།། དེ་རྣམས་ཉིད་དམ་ཚིག་གིས་བཅིངས ་པས་ནི་བཅིངས་པའོ།། བསྒྲུབ་པའི་འདོད་པ་རྫོགས་པར་བྱ་བ་ལ་དེ་རྣམས་ཉིད་ཀྱི་ཐུགས་རྩེ་གཅིག་པ་ཉིད་དུ་འགྱུར་བ་ནི་བརྟན་པའོ།། དེ་དབང་དུ་བྱ་བ་ནི་སྒྲུབ་པ་པོའི་འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེའི ་ཕྱག་རྒྱ་བསྒྲུབས་པས་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་ཕྱག་རྒྱ་བཅིངས་ལ་མོད་ལྔ་སོར་མོ་ཐམས་ཅད་དྲང་བ་ལས་ཡིད་ལ་བྱ་བ་ནི་དང་པོའི་རྡོ་རྗེ་རྡོ་རྗེ་བསྒྲུབ་པའི་མཚན་ཉིད།། འདིས་ནི་འདི་སྐད་སྟོན་པར་འགྱུར་བ་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ ་སེམས་དཔའི་སྦྱོར་བ་བྱས་ལྔ་དང་པོའི་རྡོ་རྗེ་བཅིངས་པ་སྟེ། རིགས་ཀྱི་ལྷ་ཐམས་ཅད་ཀྱི་དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་དགུག་པའི་བསམ་པས། རང་གི་སྙིང་གར་རྡོ་རྗེ་སེམས་དཔའ་བརྡུལ་བའི་ཚུལ་དུ་མོང་ལ་སོར་མོ་ཐམས་ཅད ་དྲལ་བར་བྱ་སྟེ། དེ་ལྟ་བུས་ནི་ཕྱག་རྒྱ་ཐམས་ཅད་དགུག་པར་འགྱུར་རོ།། བཅིང་བའི་བསམ་པས་ནི་ཕྱག་རྒྱ་ཐམས་ཅད་བཅིང་བར་འགྱུར་རོ།། ཕྱག་རྒྱ་ཐམས་ཅད་བརྟན་པར་བྱ་བའི་བསམ་པས་ནི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་འགྱུར་རོ།། དམ ་ཚིག་ཐམས་ཅད་ནི་ཡེ་ཤེས་སེམས་དཔའོ།། དེ་རྣམས་དགུག་པ་ནི་སྤྱན་དྲང་བའོ།། དེ་རྣམས་གཞུག་པ་ནི་རང་གི་ལུས་སམ་རས་རིསཱ་ལ་སོགས་པ་ལ་གཞུག་པའོ།། དེ་རྣམས་ཉིད་བཅིང་བ་ནི་རང་གི་ལུས་ལ་སོགས་པ་ལ་བརྟན་པར་བྱའོ།། དེ ་རྣམས་ཉིད་གྲུབ་པ་ནི་ལུས་ལ་སོགས་པ་ལ་རང་དབང་དུ་བྱ་བའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་དམ་ཚིག་གི་མཆོག་གིསོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་ཛཿཧཱུཾ་བཾ་ཧོཿཞེས་ཟློས་པོ་འདི ་ནི་དང་པོའི་རྡོ་རྗེ་དམ་ཚིག་གི་མཆོག་གོ།། འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྦྱོར་བ་བྱས་ལ། ཡེ་ཤེས་སེམས་དཔའ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ལ་རང་གི་དམ་ཚིག་ཕྱག་རྒྱས་ཇི་ལྟ་བ་བཞིན་བལྟ་བར་བྱས་ལ ་དང་པོའི་རྡོ་རྗེ་ཛཿཧཱུཾ་བཾ་ཧོཿཟློས་ཤིང་རང་གི་ལུས་ལ་དཀྱིལ་འཁོར་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ།། ལས་ཐམས་ཅད་རབ་ཏུ་བསྒྲུབ་པ་དང་། རྣམ་པར་མི་འཇིགས་པར་བྱེད་པ་དང་། བརྟན་པར ་བྱ་བ་དང་། གྲགས་པ་ཆེན་པོ་རབ་ཏུ་གྲགས་པ་ལ་ནི་ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཡིན་ལ་ལས་ཀྱང་ཡིན་པས་ན་ལས་ཐམས་ཅད་དེ། ཐམས་ཅང་རྗེས་སུ་མཉེས་བྱར་བྱ་བ་ལ་སོགས་པའོ།། དེ་རྣམས་བསྒྲུབ་པོ་ནི་རླུང་དབང་དུ ་བ་རྫོགས་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ།། རང་དབང་དུ་བྱོ་བ་རྣམས་ཕྱི་མའི་མཐར་ཐུག་པ་མེད་པའི་བར་དུ་བརྟན་པར་བྱ་བ་ནི་རྣམ་པར་མི་འཇིག་པར་བྱ་བའོ།། སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་རྣམས་ཀྱིས་མི་ཤིགས ་པར་བྱ་བ་ནི་བརྟན་པར་བྱ་བའོ།། ཐམས་ཅད་རྗེས་སུ་མཉེས་པར་བྱ་བ་ལོ་སྩོགས་པས་རྣལ་འབྱོར་པ་ཆེ་གེ་མྱོ་ཞིག་སེམས་ཅན་གྱི་དོན་བྱེད་དོ།། ཞེས་ཕྱོགོས་བཅུར་སྒྲ་གྲགས་པར་འགྱུར་བ་ནི་གྲགས་པ་ཆེན་པོ་བསྒྲགས་པའོ།། ་འདི་དོག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་ལས་ཀྱི་ཕྱག་རྒྱསོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེའི་རྡོ་རྗེ་དབུས་མའི་ཕྱི་རོལ་གྱིས་སྤྱི་བོ་དང་། སྙིང་ག་དང་། ཁ་དང་ཕྱོགས་ཐམས་ཅད་དུ་བསྐོར་བ་ནི་འདིའི་མཚན ་ཉིད་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། དེའི་རྩེ་མོ་དབུས་མ་ཕྱིར་བསྟན་ཏེ། སྤྱི་བོར་བཞག་པ་བྱས་ཏེ་དེ་ལྟ་བུས་ནི་ལས་ཐམས ་ཅད་རབ་ཏུ་འགྲུབ་པར་འགྱུར་རོ།། སྙིང་གར་བཞག་ན་ལས་ཐམས་ཅད་རྣམ་པར་འཇིག་པར་འགྱུར་རོ།། ཁར་བཞག་ན་དེ་ལྟ་བུས་ལས་ཐམས་ཅད་བརྟན་པར་འགྱུར་རོ།། ཕྱོགསོ་ཐམས་ཅད་དུ་བསྐོར་ན་གྲགས་པ་ཆེན་པོ་རབ་ཏུ ་སྒྲོགས་པར་འགྱུར་རོ།། རྡོ་རྗེ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བརྙིང་བ་དང་། དབྱང་དུ་བྱ་བ་བསྒྲུབ་པ་ནི་དང་པོའི་རྡོ་རྗེས་སོ་ཞེས་བྱ་བ་ནི་དྲང་པོའི་རྡོ་རྗེ་དང་། དྲི་བཞིན་གཤེགས་པའི་རྡོ་རྗེ་དང་། རྡོ་རྗེ་ཁྲོ་བོའི་རྡོ་རྗེ ་དང་། པདྨའི་རིགས་དང་། རྡོ་རྗེ་རིན་ཆེན་ཏེ། རིགས་ཐམས་ཅད་ཀྱི་མཚན་མ་ནི་རྡོ་རྗེ་ཐམས་ཅད་དོ།། དེ་རྣམས་ད་གུག་པ་ལ་སོགས་པ་ནི་ཇི་སྐད་བཤད་པའི་བྱེད་པར་འདོད་པའི་རླུང་གི་སྙིང་གརརུ་དང་པོའི་རྡོ་རྗེ་བཅིངས་ལ་རང་གི ་སྙིང་གར་བཞག་སྟེ། རང་གི་བདག་ཉིད་རྡོ་རྗེ་བསྒོམ་པ་ནི་དང་པོའི་རྡོ་རྗེའི་མཚན་ཉིད་དོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་ཐམས་ཅད་བྱས་ནས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་དང་པོའི་རྡོ་རྗེ་བཅིངས་ལ། ཨཱ་ནུ་རཱ་ག ་མི་ཧཱུཾ་ཞེས་ཟློས་ཤིང་དང་པོའི་རྡོ་རྗེ་བདག་ཉིད་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་ཐམས་ཅད་དགུག་པ་ལ་སོགས་པར་འགྱུ་རོ།། སེམས་དཔའ་ཆེན་པོ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། ་དབང་དུ་བྱ་བ་བསྒྲུབ་པ་ལ་ནི་དང་པོའི་རྡོ་རྗེ་སེམས་དཔསཽ་ཞེས་བྱ་བ་ནི་སེམས་དཔའ་ཆེན་པོ་ཡང་ཡིནྡ་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་དཔའ་ཆེན་པོ་ཐམས་ཅད་དོ།། རྡོ་རྗེ་སེམས་དཔའ་ནས་བརྩམས་ཏེ། བསྐལ་པ་བཟང་པོའི ་མཐར་ཐུགས་པ་རྣམས།། དེ་རྣམས་དགུག་པ་ལ་སོགས་པ་ནི་གོ་བར་ཟད་དོ།། འདི་དག་ཐམས་ཅད་ནི་དང་པོའི་རྡོ་རྗེ་སེམས་དཔར་གྱུར་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་རང་གི་བྱང་ཆུབ་སེམས་དཔའ་བསྒོམ་པ་ནི་འདིའི་མཚན་ཉིད་ཡིན ་ཏེ། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་དང་པོའི་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བཅིངས་ཏེ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་སེམས་དཔའ་བདག་ཉིད་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་བྱུང ་ཆུབ་སེམས་དཔའ་ཉིད་དུ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་དོག་ཐམས་ཅད་དུ་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅི་བྲ་དང་། དབང་དུ་བྱ་བ་སྒྲུབ་པ་ལ་ནི་ཞེས་བྱ་བ་ནི་གཽ་སླའོ། ་འདི་དག་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེའི་དེ་བཞིན་གཤེགས་པསོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་བཅིངས་ལ་རང་གི་དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་ནི་འདིའི་མཚན་ཉིད་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན ་དུ་རྡོ་རྗེ་སེམས་དཔའ་སྦྱོར་བ་བྱས་ལ། དང་པོའི་རྡོ་རྗེ་ཇི་ལྟ་བ་བཞིན་དུ་བཅིངས་ལ་སྔ་མ་བཞིན་དུ་ཟློས་ཤིང་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དམ། མི་བསྐྱེད་པ་ལ་སོགས་པར་བདག་ཉིད་བསྒོམ་པར་བྱས་ཏེ། དེ་ལྟ་བུས ་ནཱི་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པ་ལ་སོགས་པར་འགྱུར་རོ།། རྡོ་རྗེ་འཛིན་པ་ཆེན་པོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ་ནི་ཞེས་བྱ་བ་ལ་རྡོ་རྗེ་འཛིན་པ་ཆེན་པོ་ནི་རྡོ་རྗེ་སེམས ་དངབའི་ཕྱག་རྒྱ་ཆེན་པོའི་ངོ་བོ་ཉིད་དོ།། དེ་དགུག་པ་ལ་སོགས་པ་ལ་ནི་གོ་བར་ཟད་དོ།། དེ་ཇི་ལྟར་འགྱུར་ཞེ་ན། དང་པོའི་རྡོ་རྗེ་འཛིན་པ་སོ་ཞེས་བྱ་བ་གསུངས་ཏེ། དང་པོའི་རྡོ་རྗེ་ཉིད་དང་། དང་པོའི་རྡོ་རྗེ་འཛིན་པ་ཡིན་ཏེ། རྡོ་རྗེ་འཆུང་ཆེན་པོ་རང ་ཉིད་རྗེས་སུ་དྲན་པར་བསྒོམ་པར་འགྱུར་རོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལཱ་ཧཱུཾ་གིས་དང་པོའི་རྡོ་རྗེ་བཅིངས་ལ་ཨ་ནུ་རཱི་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་འཛིན་པ་ཆེན་པོར་བདག་ཉིད ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནཱི་རྡོ་རྗེ་འཛིན་པ་ཆེན་པོ་རྣལ་འབྱོར་པ་རང་གྲི་ལུས་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བར་འགྱུར་རོ།། ཡང་གསུངས་པ་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། འདི་ལས་སྒྲུབ་པ ་ཐམས་ཅད་ལོ་ཡི་གེ་ཧཱུཾ་གིས་རང་གི་ཕྱག་རྒྱ་བཅིངས་ལ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བཟླ་བར་བྱའོ།། ། དེ་ལྟར་ཕྱག་རྒྱ་བཞི་ཚོམས་ཀྱི་ཚུལ་གྱིས་ལྔས་བརྒྱ་གསུངས་ནས། དཱ་ནི་དེ་ནསྣ་དྲང་པོའི་སྙིང་པོ་མ་གྲུབ་པའོ། ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ལྔ་ཚེམས་ཀྱི་ཚུལ་གྱིས་གར་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ལས་བརྒྱ་པ་བསྒྲུབ་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་སྟོན་པའི་ཚིག་ཡིན་ཏེ། གང་གི་ཚེ་རྣལ་འབྱོར ་པས་ཇི་སྐད་དུ་བཤད་པའི་སྒྲུབ་པས་ཧཱུཾ་ཞེས་བྱ་བའི་སྙིང་པོས་མངོན་པར་འདོད་པའི་དངོས་གྲུབ་བསྒྲུབས་ཤིང་རང་དབང་དུ་མ་བྱས་པ་དེའི་ཚེ་ནི་མ་བསྒྲུབས་པར་གྱུར་པ་ཡིན་ཏེ། མ་བསྒྲུབས་པ་ནི་དང་པོ་སྙིང་པོ་ཡི་གེ་ཧཱུཾ་ད་ཐམས་ཅད་དེ། ་ལྷག་མ་མ་ལུས་པ་དང་། དོན་ཡོད་པ་སྟེ། འབྲས་བུ་ཡོད་པ་ཡིད་ལ་དེ་ཉིད་ནི་ཐོགས་པ་མེད་པའོ།། ལས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ལས་ཐམས་ཅད་དེ། ཐམས་ཅད་ཤིན་ཏུ་བསྲུང་བ་ལ་སོགས་པ་ལས་རྣམ་པ་བརྒྱའོ།། ་རྣམས་རབ་འབྱམ་ནི་རྒྱུན་སྟེ། དེ་སྐད་ཅིག་ལ་བསྒྲུབ་པ་ནི་སྐད་ཅིག་གིས་རང་དབང་དུ་བྱའོ།། དེ་ཐམས་ཅད་རྗེསུ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་ཕྲིན་ལས་རྡོ་རྗེ་འཆང་ཆེན་པོས་གསུངསོ་ཞེས ་བྱེ་བ་ནི་རྡོ་རྗེ་སེམས་དཔས་བཀའ་སྩལ་པའོ།། དོན་ཡོད་པ་ཞེས་བྱ་བ་ལ་སྩོགས་པ་ནི་གོ་བར་ཟད་དོ།། ལས་ཀྱི་རྒྱུན་དེ་དགྲོ་ཀྱང་གང་ཞེ་ན། དངོས་གྲུབ་སྐད་ཅིག་གིས་གྲུབ་ཅེས་གསུངས་པ་དང་། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས ་པ་ཡིན་ཏེ། འདི་ལྟར་ཞེས་བྱ་བ་ཉེ་བར་སྟོན་པའི་ཚིག་ཡིན་ནོ།། ཐམས་ཅད་ཤིན་ཏུ་བསྲུང་བྱ་དང་། ཡོངས་སུ་སྐྱོད་པ་དང་། ཞི་བ་དང་། བདེ་ལེགས་སུ་བྱ་བ་དང་། ཚེ་མངོན་པར་འཕེལ་བ་ལ་ནི་ཞེས་བྱ་བ་ནི་རྒྱུ་བུ་དོང་མི་རྒྱུ་བའི་དངོས་པོ ་ལྷག་པར་བསྲུང་བ་ནི་ཐམས་ཅད་བཞིན་དུ་བསྲུང་བའོ།། རྒྱལ་སྲིད་ལ་སོགས་པའི་ལོངས་སྤྱོད་ཡོངསུ་འཕེལ་བར་བྱ་བ་ནི་སེམས་ཅན་ཡོངསུ་བསྐྱང་བ་ཡིན་ཏེ། བདེ་བ་དང་ཡིད་བདེ་བ་ཐམས་ཅད་འབྱིན་པ་ཞེས་བྱ་བའི་ཐ་ཚིགོ།། ་དུས་མ་ཡིན་པར་འཆི་བ་དང་། ཡམ་ས་དང་ཉེ་བར་འཚེ་བ་ཞི་བུར་བྱ་བ་ནི་ཞི་བའོ།། འདི་དག་ཉིད་མ་སྐྱེས་པ་རྣམས་མི་སྐྱེ་བར་བྱ་བའི་ཕྱིར་ཞི་བའི་ལུས་གང་ཞིག་བྱེད་པ་དེ་ནི་བདེ་ལེགསོ།། ཆེ་བསྲུང་བར ་བྱེད་པ་ནི་ཚེ་མངོན་པར་འཕེལ་བའོ།། འདི་དག་ཐམས་ཅད་ཇི་ལྟར་ཞེ་ན། རྡོ་རྗེ་གྲར་གྱི་རྡོ་ཎཱཾ་སེམས་དཔའི་རྡོ་རྗེ་གཙུག་ཏོར་གྱིསོ་ཞེས་གསུངས་ཏེ། རྡོ་རྗེ་གར་ལས་བྱུང་བའི་རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱི་ཕྱག་རྒྱས་ཞེས་བྱ ་བོའི་ཐ་ཚིག་གོ།། དེ་ནས་འདྲིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་སྐུའི་མཆོག་གི་གཙུག་ཏོར་གྱི་ལས་དང་། རྡོ་རྗེ་བསྡམས་པ་བཙིར་བ་དང་། དབུས་མོའི་ནོར་བུ་བསྐོར་བ་དང་། སོར་མོ་ཐམས་ཅད་ཀྱི་རྡོ་རྗེ་དང་། སོར་མོ་ལྷག ་མ་རྣམས་ཀྱི་རྡོ་རྗེའོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། སྡེ་མ་བཞིན་དུ་དཔྲལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཐལ་མོའི་མཛུབ་མོ་གཉིས་གཞིབས་ཏེ། རྩེ་མོར་བྱས་ནས་གཡོན་པའི་མཐེ་བོའི་སྟེང་དུ་གཡས ་པའི་མཐེ་བོང་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་བཞགས་པ་འདི་ནི་རྡོ་རྗེ་སྐུའི་མཆོག་གོ།། འདི་སྤྱི་གཙུག་ཏུ་བཞག་ལ་བཙིར་ཞིང་བསྒྲུབ་པར་བྱ་བའི་སྐྱེས་བུ་ཆེན་པོའི་མཚོན་གཙུག་ཏོར་དང་ལྡན་པའི་རྡོ་རྗེ་སེམས་དཔའི ་གཙུག་ཏོར་གྱི་རང་བཞིན་དུ་བོསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བསྲུངས་པར་འགྱུར་རོ།། ཕྱག་རྒྱ་དེ་ཉིད་ཀྱི་གུང་མོ་སོར་མོ་དབུ་ས་མ་གཉིས་ཀྱིས་རྒྱབ་ཏུ་བཀུག་ལ། ནོར་བུར་བྱས་པ་བསྒྲུབ་པར་བྱ་བའི་སེམས ་ཅན་གྱི་ཁམས་ཐམས་ཅད་དབང་བསྐུར་བ་ཐོབ་པ་ལས་རིན་པོ་ཆེ་སྣ་བདུན་དང་ལྡན་པའི་རྒྱལ་སྲིད་ལ་རབ་ཏུ་བཞག་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ཡོངས་སུ་བསྐྱངས་པར་འགྱུ་རོ།། གཙུག་ཏོར་གྱི་ཕྱག་རྒྱ་དེ ་གཉིས་བསྐོར་ལ། བསྒྲུབ་པར་བྱ་བ་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བདུད་རྩིའི་ཕྲ་རབ་ཀྱི་ཡོངས་སུ་བསྐང་ལ་རྡོ་རྗེ་སེམས་དོ་པར་བྱས་ཏེ། དེ་ལྟ་བུས་ནི་ཞི་བར་འགྱུརརོ།། གཙུག་ཏོར་གྱི་ཕྱག་རྒྱ་ཉིད་ཀྱིས་མཐེ་བོང་གཉིས ་གཞིབས་ཏེ་རྩེ་མོར་བྱས་པ་དང་། མཛུབ་མོ་གཉིས་ཀྱི་རྩེ་མོ་དང་། གུང་མོ་གཉིས་ཀྱི་རྩེ་མོ་དང་། མཐེའུ་ཆུང་གཉིས་ཀྱི་རྩེ་མོར་བྱས་ལ་བསྒྲུབ་པར་བྱ་བའི་དུས་མ་ཡིན་པའི་འཆི་བ་དང་། ནད་ལ་སོགས་པ་ཟིལ་གྱིས་མནན་ལ ་རྡོ་རྗེ་སེམས་དཔར་གྱུར་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བདེ་ལེགས་སུ་བྱས་པར་འགྱུར་རོ།། གཙུག་ཏོར་གྱི་ཕྱག་རྒྱ་དེ་ཉིད་བཅིངས་ལ། སྲིན་ལོག་དང་མཐེའུ་ཆུང་རྡོ་རྗེ་ཐལ་མོ་ཁེ་ཕྱེ་བ་བཅིངས་ཏེ། འོད་ཀྱི་དཀྱིལ་འཁོར ་བྱས་ལ་དཔལ་རྡོ་རྗེ་སེམས་དཔའ་བདུད་རྩིའི་རྒྱུན་གྱིས་བསྒྲུབ་པར་བྱ་བ་ཀུན་བཀང་ལྔ། རྡོ་རྗེ་སེམས་དཔར་གྱུར་ནས་རྒ་ཤི་མེད་པར་བསམས་ན་ཚེ་འཕེལ་བར་འགྱུར་རོ།། དཀྱིལ་འཁོར་ཐམས་ཅད་དང་། མཚམས་དང་། ་ཕྱོགས་དང་། དམ་ཚིག་དང་། དངོས་གྲུབ་བཅིང་བ་དང་། བསྲུང་བ་ལ་ནི་ཞེས་བྱ་བ་ལ་ནི་དཀྱིལ་འཁོར་ཐམས་ཅད་བཅིང་བ་ནི་ར་བའི་འོག་གི་ཆ་རྡོ་རྗེ་བྱ་བའོ།། མཚམས་བཅིང་བ་ནི་མངོན་པར་འདོད་པའི་སའི་ཆ་ཀུན་ནས་རྡོ་རྗེ ་ཕྲེང་བས་ལྗོངས་སུ་བསྐོར་བའོ།། ཕྱོགས་བཅིང་བ་ནི་ལྷའི་ཁང་པ་ནང་དུ་བཅུག་པར་བྱས་ནས་ཕྱོགས་བཅུར་རྡོ་རྗེའི་མེ་འབར་བར་བསྐྱེད་དེ། འདི་དག་གི་དཀྱིལ་འཁོར་ཐམས་ཅད་དང་། མཚམས་དང་། ་ཕྱོགས་བཅིང་བས་བསྲུང་བ་ནི་དཀྱིལ་འཁོར་གཞན་དག་ཏུ་ཡང་བྱ་བ་ཡིན་ནོ།། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་དང་། ཕྱག་རྒྱ་ཆེན་པོའི་རང་བཞིན་ནམ། དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའོ།། རྡོ་རྗེ་སེམས ་དཔའ་ལ་སྩོགས་པའི་དངོས་གྲུབ་ནི་དེ་རྫོགས་པར་འགྱུར་རོ།། ལོས་ལྔ་པོ་འདི་དག་ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། རྡོ་རྗེ་ཆེན་པོའི་གར་གྱིས་སོ་སོར་འབྲང་བསོ།། ཞེས་བྱ་བ་གསུངས་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས ་ཕྱོགས་ཀྱི་ཚོགས་གཡས་ནས་ཡོངས་སུ་བསྐོར་བ་དང་། ཁུར་བསྐོར་བ་དང་། སྙིང་གར་ཞུགས་ནས་འབར་བའི་རྣམ་པར་བྱ་བ་དང་། དམ་ཚིག་ལ་ནི་བི་ཞེས་བྱ་བ་དང་། གྲུབ་པ་ལ་ཡང་བཾ་བརྗོད་པར་བྱས་ཏེ། འདི་ནི། ་འདིའི་མཚན་ཉིད་ཡིན་ཏེ། འདིས་ནི་འདི་སྐད་སྟོན་པར་འགྱུར་རོ།། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཁྲོ་བོའི་ཁུ་ཚུར་གཉིས་ཀྱི་ཕྱོགས་ཚོགས་ཀྱིས་གཡས་ནས་བསྐོར་བའི་ཚུལ་དུ་བྱས་ནས་དཀྱིལ ་འཁོར་བཅིང་བར་འགྱུར་རོ།། དེ་ཉིད་ཁར་བསྐོར་ལ་དེ་མཚམས་བཅིང་བའི་ཚུལ་དུ་བྱས་ཏེ། འདི་ལྟ་བུས་ནི་མཚམས་བཅིངས་པར་འགྱུར་རོ།། དེ་ཉིད་རང་གི་སྙིང་གར་བཞུགས་པར་བྱས་ལ་རང་གི་སྙིང་ག་ལས་རྗེ། ་རྗེ་འབར་བས་ཕྱུང་བ་དེས་ཕྱོགས་བཅིང་བར་བྱ་ཞིང་། ཕྱག་རྒྱས་ཕྱོགས་བཅིང་བྱའི་ཚུལ་དུ་བྱས་ན་འདིས་ཕྱོགས་བཅིངས་པར་འགྱུར་མོ། ཕྱོགས་ཐམས་ཅད་དུ་མེ་འབྱུར་བའི་ར་བ་བྱས་ཏེ། ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་བཀོད ་པར་ཡང་མི་འཇུག། ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཞེས་གསུང་སོ།། ཡི་གེ་བི་དང་ཁྲོ་བོའི་ཁུ་ཚུར་གཉིས་པོ་དེ་གཉིས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དམ་ཚིག་ལ་རབ་ཏུ་བཞག་པར་འགྱུར་རོ།། ཁྲོ་བོའི ་ཁུ་ཚུར་གཉིས་པོ་དེ་ཉིད་དང་པོའི་བཾ་ཟློས་ཤིང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་བསྒྲུབས་ན་དེ་ལྟ་བུས་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་སྒྲུབ་པར་འགྱུར་རོ།། ཉིན་གསུམ་པ་དང་། ཉིན་བཞི ་དང་། སླར་ཟློས་པ་དང་། རྟག་པ་དང་། ཁྱབ་འཇུག་གི་རིགས་ཐམས་ཅད་ཅེས་བྱ་བ་ནི་སྨན་དཔྱད་ཀྱི་གཙུག་ལག་ལས་ཤེས་པར་བྱའོ།། བསལ་བ་ལ་ནི་ཞེས་བྱ་བ་ནི་དེ་རྣམས་ནད་པའི་རྒྱུད་ལས་ངེས་པར་བསལ་བའོ།། ་དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་རིམས་དང་བྲལ་བས་སོ་ཞེས་བྱ་བ་གསུངས་ཏེ། འདིའི་མཚན་ཉིད་ནི་འདི་ཡིན་ཏེ། སེམས་མའི་རྡོ་རྗེའི་བལྟ་བས་བསལ་བས་ཉིན་གསུམ་པ་དང་། བཞི་པ་དང་། སླར་ཟློས་པ་དང་། ་རྟག་པའི་རིམས་སེལ་ཏོ།། ཚད་མེད་པས་བསྐོར་བ་ནི་དམིགས་འབྱེད་མི་ནུས་པར་འགྱུར་རོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་དབུས་མའི་གུང་མོ་གཉིས་བསྒྲེང་ཏེ། ་མྱུ་གུར་བྱ་བའི་སེམས་མི་རྡོ་རྗེ་བཅིངས་ལ། དེས་རིམ་གྱི་བཟུང་བར་བྱ་ཞིང་། བྱམས་པའི་བལྟ་བས་ཀྱང་གསལ་ལ། བཅོམ་ལྡན་འདས་གཙུག་འཕྱང་གིས་ཀྱང་ནད་པའི་ལུས་ཀྱི་སྤྱི་བོ་ནས་བཅོམས་ཏེ།། ་རྐང་མཐིལ་གྱི་བར་དུ་ཀུན་ཏུ་གང་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཉིན་གསུམ་པ་དང་། ཉིན་བཞི་པ་དང་། སླར་ཟློས་པ་དང་། རྟག་པའི་རིམས་དང་བྲལ་བར་འགྱུར་རོ།། ཁྱབ་འཇུག་གི་རིམས་ནི་དཔག་ཏུ་མེད་པར་ཁྱབ ་ཅིང་བསྐོར་བས་བྲལ་བར་འགྱུར་རོ།། ལྟུང་བ་ནི་སེམས་ཀྱི་སྡུག་བསྔལ་ལོ།། གནོད་པ་ནི་གཅོད་ཆེན་པོ་ལ་སོགས་པའོ།། ནད་ནི་སྐྱ་སྤབ་ལ་སོགས་པའོ།། མྱ་ངན་ནི་འཇིག་རྟེན་དུ་གྲགས་པར་ཟད་ངོ་།། ལུས་ཀྱིས་གནོད་པ་མྱོང ་བ་ལ་སོགས་པ་ནི་སྡུག་བསྔལ་ལོ།། འདི་ངག་རྣམ་པར་གཞིག་པ་ནི་མེད་པར་བྱ་བའོ།། འདིའི་དོན་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གོར་གྱི་སྡུག་བསྔལ་ཉེ་བར་ཞི་བས་སོ།། དེས་ན་འདིའི་མཚན་ཉིད་བཤད་པ་ནི་རྡོ་རྗེ་ཁུ་ཚུར ་གཉིས་ཀྱིས་མཐེ་ཆུང་གཉིས་ལྕགས་ཀྱུར་སྦྲེལ་ལ་བཏུང་དེ། མཛུབྷ་མོ་གཞིབས་པའི་རྩེ་མོས་ལས་ཀྱི་དུས་སུ་སྙིང་གར་བཞག་པར་བྱ་བཱ་དང་། མཛུབ་མོའི་རྩེ་མོ་བཙིར་བ་དང་། ཁར་གཞུག་པ་དང་བཟློག་སྟེ། མཛད ་སྤུའི་གནས་སུ་བཞག་པའོ།། འདི་དག་གིས་ནི་དོན་འདི་སྐད་སྟོན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་སྟེ། མཐེའུ་ཆུང་གཉིས་ལྕགས་ཀྱུར་བྱས་པ་ཕན་ཚུན་སྤྲུ ་བ་བཅིངས་པ་ལ་མཛུབ་མོ་གཉིས་གཞིབས་པ་རྩེ་མོར་བྱས་ནས་རང་དང་གཞན་གྱི་སྙིང་གའི་ཕྱོགས་སུ་བཞག་ལ། སྔགས་ཟློས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ་བའི་ལུས་ལ་ཀུན་ཏུ་བཀང་ནས་བདེ་བ་དང་། ཡིད་བདེ ་བ་ཐམས་ཅད་དང་ལྡན་པར་བསམ་པར་བྱས་ཏེ། དེ་ལྟ་བུསཽ་ནི་ལྟུང་བ་ཐམས་ཅད་ཞི་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་ཕྱག་རྒྱ་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ལ་བྱབ་པར་བྱ་ཞིང་། བཅོམ་ལྡན་འདས་ཀྱིས་ཕྱག ་གིས་ཀྱང་དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ཁྱབ་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱོས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་ས་ནད་པ་བཙིར་བོར ་བྱ་ཞིང་། བཅོམ་ལྡན་འདས་གཅུགས་ཕྱིར་གྱི་ནོད་པའི་ལུས་ལ་ཁྱབ་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནད་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་ཕྱག་རྒྱ་དེ་ཉིད་བཀོད ་པོའི་ཚུལ་གྱིས་ཁར་བཞག་ལ་ཡིད་ཀྱིས་བསྒྲུབ་པར་བྱ་ཞིང་ནང་པོའི་ལུས་དང་ལྷན་ཅིག་ཏུ་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་རྡོ་རྗེ་སེམས་དཔའི་བདེ་བ་དང་ཡིད་བདེ་བ་ཐོབ་ནས་མྱ་ངན་ཐམས་ཅད་དྲང་བྲལ ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་ཕྱག་རྒྱ་དེ་ཉིད་ཡོངས་བཟློག་སྟེ། མཛོད་སྤུར་བཞག་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ་བ་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་སྡུག ་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ།། དུ་ག་དང་སྦྱར་བའི་དུག་ཐམས་ཅད་ཉེ་བར་སྦྱར་བ་དང་། དབབ་པ་དང་། བཟའ་བ་དང་། བཅིངས་པ་དང་། བདུད་རྩིར་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ།། འདི་དག་ཐ་མ་སྟེ། ་ཅང་གང་གི་བྱ་ཞེ་ན། རྡོ་རྗེ་ཉེ་བའི་དུག་གིསོ་ཞེས་བྱ་བ་གསུངས་ཏེ། དེ་ལ་འདིའི་མཚན་ཉིད་འདི་ཡིན་ཏེ། རྡོ་རྗེ་བསྡམས་པའི་མཐེ་ཆུང་གཉིས་སྦྲེལ་ཏེ། བ་ངན་གསུམ་པ་རྡོ་རྗེ་དགུའི་ཚུལ་གྱིས་ཉེ་བར་བསྐུལ་བ་དང་། སྡུད་པའི་ཚུལ་དང ་རྡོ་རྗེ་བསྣུན་པ་དང་། སྙིམ་པས་བཟེད་བ་དང་། རྡོ་རྗེ་བཏུང་བའོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་ལ་བྱས་ལ། དུག་དང་སྦྱར་བའི་དུག་ཐམས་ཅད་ཀྱི་འོག་ཏུ། ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི ་སྟེང་དུ་རི་ལྔས་མེའི་དཀྱིལ་འཁོར་དེའི་སྟེང་དུ་ཡཱི་གེ་ཧཱུཾ་འོད་ཟེར་འབར་བ་ཀུན་ཏུ་འཁྲུགས་པ་བསམས་ལ། ལག་པ་གཉིས་ཀྱིས་བ་དན་གསུམ་པོ་བཅིངས་ལ་མཐེའུ་ཆུང་གཉིས་ཤིན་ཏུ་མགུ་བའི་ཚུལ་གྱིས་བྱས་ཏེ། ངེས ་ཀྱང་རླུང་གི་དཀྱིལ་འཁོར་གྱིས་སྤ་བའི་མེའི་དཀྱིལ་འཁོར་ཧཱུཾ་དང་བཅས་པས་དུག་གམ་སྦྱར་བའི་དྲུག་ཤིང་སྐམ་པོ་བཞིན་དུ་ཉེ་བར་འབར་བར་བསམས་ཏེ་དེ་ལྟ་བུས་ནི་དུག་དྲང་སྦྱར་བའི་དུག་ཐམས་ཅ་ངོ་ཉེ་བར ་འབར་བར་འགྱུར་རོ།། མཐེའུ་ཆུང་གཉིས་པ་དེ་ཉིད་ཀྱི་བསྡུ་བའི་ཚུལ་དུ་བྱས་པས་ནི་དུག་དང་སྦྱར་བའི་དུག་ཐམས་ཅད་བཅིངས་པར་འགྱུར་རོ།། དེ་བཞིན་དུ་མཐེའུ་ཆུང་གཉིས་ཀྱིས་བསྣུན་པའི་ཚུལ་དུ་བྱས་པ་ནི་དུག ་དང་བཅས་པའི་དུག་ཐམས་ཅད་དབང་པོའི་གདུ་བུ་བཅིང་བར་འགྱུར་རོ།། ལྕེ་ལ་ཧཱུཾ་ལས་རྡོ་རྗེ་དཀར་པོ་བསམས་ལ་དེ་ལ་ཡི་གེ་ཧཱུཾ་ཟླ་བའི་མཆོག་ཅན་གྱི་འོད་ཟེར་འབར་བ་བསམས་ལ་བ་དུན་གསུམ་པ་གཉིས་པའི་སྙིམ། ་པས་དུག་དང་སྦྱར་བའི་དུག་ཐམས་ཅད་གསལ་བའི་ཚུལ་དུ་བྱ་ཞིང་དུག་ཀྱང་སྦྱར་བའི་དུག་བཟའ་བར་བྱའོ།། ཡི་གེ་བཾ་ལས་སྦྱར་བའི་དུག་གི་སྟེང་དུ་ཆུའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་ཟླ་བའི་འོད་ཟེར ་རྣམ་པར་འཕྲོ་བོ་དང་། ཡི་གེ་ཧཱུཾ་གིས་དུག་དང་སྦྱར་བའི་དུག་བདུད་རྩིར་བྱས་པར་བསམས་ལ་བ་ངན་གསུམ་པའི་ལག་པ་གཉིས་ཀྱིས་སྙིམ་པ་བྱས་པ་བཏུང་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་བདུད་རྩིར་བྱས་པར ་འགྱུར་རོ།། གདོན་ཐམས་ཅད་དྲབབ་པ་དང་། བཅིང་བ་དང་། དམ་ཚིག་འཛིན་དུ་གཞུག་པ་དང་། རབ་ཏུ་འདུལ་བ་དང་། བསྲུང་བ་ལ་ནི་ཞེས་བྱ་བ་གཽ་བར་ཟད་ངོ་དོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་གདོན་ལོས་ཐར་པས ་སོ།། དེ་ལ་འདིའི་མཚན་ཉིད་འདི་ཡིན་ཏེ། རྡོ་རྗེ་བསྡམས་པའི་མཛུབ་མོ་གཉིས་པ་བཀུག་ལ་མཐེ་བོང་གཉིས་བསྒྲེང་ནས་ཕྱེ་སྟེ། མཆེ་བ་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྟེ། དེས་ལག་མཐིལ་དལ་བུས་བརྡབ་པ ་པ་དང་། མཛུབ་མོའི་སོར་མོ་བཙིར་བ་དང་། གུང་མོའི་རྡོ་རྗེ་བསྡམས་པ་དང་། བྱབ་ཅིང་ཕྱག་རྒྱ་མྱུར་དུ་སྒྲོལ་བ་དང་། སོར་མོ་ལྷག་མ་རྡོ་རྗེ་གཙུག་ཏོར་དུ་བྱ་བའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་བསྡམས་པ་བཅིངས་ཏེ། མཛུབ་མོ་གཉིས་བཀུག་པ་ནང་དུ་བཅུག་སྟེ། མཐེ་བོང་གཉིས་ཁ་ཕྱེ་ལྔ་ཕྱེ་བའི་ཚུལ་གྱིས་རང་ཁུར་བཞག་ནས་རྡོ་རྗེ་གནོད་སྦྱིན་དུ་བདག ་ཉིད་བསམས་ན་ལག་མཐིལ་གཉིས་དྲལ་གྱིས་བོརྡབ་ཅིང་གདོན་གྱིས་ཟིན་པའི་སྙིང་གར་ཡང་རླུང་དང་མེའི་དཀྱིལ་འཁོར་གྱི་དབུས་ན་གནས་པའི་རྡོ་རྗེ་གནོད་སྦྱིན་རང་བཞིན་དུ་དྲུག་པ་འོད་ཟེར་འབར་བ་ཀུན་ཏུ་འཁྲུགས་པ ་ཡིད་ཀྱིས་བཅུག་ན་ངེས་གནོད་སྦྱིན་གྱིས་བཟུང་བའི་ལུས་ལ་གནས་པའི་གདོན་ཤིང་སྐམ་པོ་ལྟར་འབར་ཤིང་སྲེག་པ་ར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འབབ་པར་འགྱུར་རོ།། ཕྱག་རྒྱ་འདི་ཉིད་ཀྱིས་མཛུབ་མོ་འདི་ཉིད ་ཀྱི་སེན་མོ་ཕན་ཚུན་བཙིར་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་ལྕགས་སྒྲོག་གིས་གདོན་བཅིངས་པར་འགྱུར་རོ།། ཕྱག་རྒྱ་འདི་ཉིད་གུང་མོ་གཉིས་རྩེ་མོ་སྦྱར་ལ་བསྟན་པ་ཐམས་ཅད་དུ་གདོན་དམ་ཚིག་འཛིན་པར་འགྱུར་རོ།། ། ་དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་བྱས་ལ། གདོན་ལུས་ལས་བསལ་བའི་བསམ་པས་གདོན་འབྱུང་བའི་ཚུལ་དུ་བྱས་ན་མྱུར་དུ་བཀྲོལ་ན་དེ་ལྟ་བུས་གདོན་ཐམས་ཅད་འདུལ་བར་འགྱུར་རོ།། གདོན་ལས་ཐར་ཏོ་ཞེས་བྱ་བའི ་ཐ་ཚིགོ།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཉིད་ཀྱི་མཛུབ་མོ་དང་མཐེ་བོང་གི་གདོང་སྦྱར་ལ། ཕྱག་རྒྱ་དེ་བསྒྲུབ་པར་བྱ་བའི་སྤྱི་གཙུག་ཏུ་བཞག་པར་བྱས་ཏེ། དེ་ལྟ་བུས་ནི་བསྲུངས་པར་འགྱུར་རོ།། གདོན་བསལ་ནས་བསྒྲུབ་པར ་བྱ་བ་ཕྱག་རྒྱ་འདིས་བསྲུང་བར་བྱའོ་ཞེས་སྟོན་པ་ཡིན་ནོ།། ཐམས་ཅད་བཅིངས་པ་དང་། ཐར་པ་དང་། དྲལ་བ་དང་། ལྟུང་བར་བྱ་བ་དང་། བསླང་བ་ལ་ནི་ཞེས་བྱ་བ་ནི་གོ་བར་སླའོ།། དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ ་གར་གྱི་ཁྲོ་བོ་ཆེན་པོས་སོ་ཞེས་བྱ་བ་གསུངསོ།། འདིའི་མཚན་ཉིད་ནི་འདི་ཡིན་ཏེ། བ་ངན་གསུམ་པ་གཉིས་བཀན་ཏེ། མཛུབ་མོ་ཁ་སྒྲུབ་པ་དང་། གུང་མོ་མདུད་པར་བཅིངས་ལ་གུང་མོ་དང་མཛུབ་མོ་གདོང་སྒྱུར་བ་དེ ་དང་རྡོ་རྗེ་ཧཱུཾ་མཛད་ཀྱིས་ལས་བྱ་བ་ནི་མདུད་པ་བཙིར་བ་དང་། ཕྱག་རྒྱ་མོད་ལ་དགྲོལ་བ་དང་། བཙིར་ཏེ་སེ་གོལ་གཏོག་པ་དང་། གུང་མོས་བརྡེབ་ཅིང་དོང་དུ་ལྟུང་བར་བྱ་བཱ་དང་། བསླང་བའི་ཚུལ་དུ་བྱ་བའོ།། འདི་སྐད་སྟོན་པ ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། བ་དོན་གསུམ་པ་གཉིས་བཀན་ཏེ་བཞག་ནས་དེ་ནས་དེ་ཁས་སྦུབ་ལ། མཛུབ་མོ་གཉིས་དང་གུང་མོ་གཉིས་གདོང་སྤྲང་དེ་ཕྱག་རྒྱ་བཙིར་ཞིང་ཧཱུཾ་བཟླས་ནས ་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསམས་ཏེ། ཧཱུཾ་ཞོས་བཟླས་ན་ཐམས་ཅད་བཅིངས་པར་འགྱུར་རོ།། ཧཱུཾ་དེ་ཉིད་ཟློས་ཤིང་། ལྕགས་སྒྲོག་ལ་སོགས་པ་བཅིངས་པའི་སྟེང་དུ་འབར་བའི་རྡོ་རྗེ་འབར་བ་ཡིད་ཀྱིས་བསམ་པར ་བྱས་ཏེ། དེ་ལྟ་བུས་ནི་བཅིངས་པ་ཀུན་ལས་གྲོལ་བར་འགྱུར་རོ།། དེ་ཉིད་ཟློས་ཤིང་ཕྱག་རྒྱ་བཙིར་ལ་འཁྲུལ་འཁོར་ལ་སོགས་པའི་སྦྱིན་པའི་བསམ་པས་རྡོ་རྗེ་འབར་བ་དེ་ལ་ཡིད་ཀྱིས་དབབ་པར་བྱས་ཏེ། དེ་རྣམ་པར ་བཤིག་ན་དེ་ལྟ་བུས་ནི་ཐམས་ཅད་དྲལ་བར་འགྱུར་རོ།། དེ་ཕྱག་རྒྱ་དེ་ཉིད་བཅིངས་ཏྲེ་གུང་མོ་གཉིས་རྩེ་མོ་སྦྱར་ནས་རྩེ་མོ་དྲིས་ལྷ་ལ་སོགས་པ་ལྷུང་བ་བྱ་བའི་བསམ་པས་ཧཱུཾ་བཟླས་ལ་ན་མཁའ་ལ་བསྣུན ་ན། དེ་ལྟ་བུས་ནི་ཐམས་ཅད་དྲོང་དུ་ལྟུང་བར་འགྱུར་རོ།། ཡང་གུང་མོ་གཉིས་སྔ་མ་བཞིན་དུ་བཅིངས་ཏེ་འདིས་བླང་བའི་ཚུལ་དུ་བྱེད་ཅིང་ཡི་གེ་ཧཱུཾ་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་ལྟུང་བ་ཐམས་ཅད་བསླང་བར་འགྱུར་རོ།། ་མཁའ་འགྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་བཞི་པོ་དང་། གདོན་ལས་ཐར་པར་བྱ་བ་དང་། འཆི་བ་སློང་བ་དང་། ཚེ་མངོན་པར་འཕེལ་བ་དང་། ཤིན་ཏུ་བསྲུང་བ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་ངོ་།། འདི་དག་ཐམས་ཅད་ཇི་ལྟར་འགྱུར ་ཞེ་ན། རྡོ་རྗེ་གར་གྱི་ལན་གྱིས་ཕྱག་རྒྱ་སོ་ཞེས་བྱ་བ་གསུང་སོ།། བ་དཱན་གསུམ་པ་གཉིས་མཉམ་པོར་བྱས་ལ་མཛུབ་མོ་དང་མཐེ་ཆུ་ང་རྡོ་རྗེར་བྱས་ཏེ། གུང་མོ་མདུང་ལྔ་བཟློག་སྟེ། དབང་བསྐུར་བའི་གནས་དང་། ཁར་བཞུག ་ལ་ཧཱུཾ་གི་གཞིག་པ་དང་། མུའི་གློདོན་ལས་ཐར་པར་བྱ་བ་དང་། ཨཱ་ཞེས་བྱ་བ་ལ་སོགས་པ་བཅིངས་པ་ལས་བཟླ་བ་དང་། ཧཱུཾ་གི་གླུས་ཚེ་མངོན་པར་འཕེ་ལྔ་པ་དང་། ཡི་གེ་ཧཱུཾ་གཱི་ཆོས་ཀྱི་ཚིག་གིས་ཤིན་ཏུ་བསྲུང་བ་ནི་འདིའི ་མཚན་ཉིད་ཡིན་ནོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏོ། སྔ་མ་བཞིན་དུ་ངོཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། ཡི་གེ་ཧཱུ~ཾ་ལས་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱིས་དཔལ་ཧེ་རུ་ཀར་བདག་ཉིད་བསྐྱེད་ལ་བ་ངན ་གསུམ་པ་གཉིས་བཅིངས་ཏེ་གུང་མོའི་སོར་མོ་གཉིས་མདུད་པའི་ཚུལ་དུ་བཅིངས་ལ། མཛུབ་མོ་གཉིས་དང་མཐེ་ཆུང་གཉིས་ཀྱི་རྩེ་མོ་གཉིས་བྱས་ལ་བཟློག་སྟེ། མཛུབ་མོ་གཉིས་ཀྱི་གདོང་མཛོད་སྤུའི་གནས་སུ་བཞག་ལ ་ཡི་གེ་ཧཱུཾ་ཟློས་ཤིང་མཁའ་འགྲོ་མ་འམ། ཕྲ་མེན་མས་ཟིན་པའི་ལུས་ལ་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་ཡིད་ཀྱིས་བཅུག་ལ་ངེས་མཁོའུ་འགྲོ་མའི་ཕྱག་རྒྱ་ཐམས་ཅད་ཟོས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི ་མཁའ་འགྲོ་མའི་ཕྱག་རྒྱ་ཐམས་ཅད་གཞིག་པར་འགྱུར་རོ།། གལ་ཏེ་མཁའ་འགྲོ་མ་རྣམས་ཕྱག་རྒྱ་བཅིངས་པས་གནོད་པར་བྱེད་པར་འགྱུར་ན་དེའི་ཚེ་དེའི་ཕྱངྒ་རྒྱའི་སྟེང་དུ་ཧཱུཾ་གིས་རྡོ་རྗེ་འབར་བ་དབབ་པར་བྱས་ཏེ། དེ་ལྟ་བུས ་ཀྱང་མཁའ་འགྲོ་མོའི་ཕྱག་རྒྱ་ཐམས་ཅད་འཇིག་པར་འགྱུརརོ།། ཕྱག་རྒྱ་འདི་ཉིད་བཅིངས་ལ་མཁའ་འགྲོ་མ་ལ་སོགས་པའི་གདོན་ལས་ཐར་པར་བྱ་བའི་བསམ་པས་མུ་ཞེས་བྱ་བ་ཟློས་ཤིང་བཅོམ་ལྡན་འདས་དཔལ ་ཧེ་རུ་ཀ་ཡང་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ནས་གདོན་རྣམས་ངེས་པར་འབྱིན་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གདོན་ལས་ཐར་པར་འགྱུར་རོ།། ཕྱག་རྒྱ་འདི་ཉིད་བཅིངས་ལ་མཁའ་འགྲོ་མའི་གདོན་གྱིས ་གསང་བའི་ལུས་ལ། དབོལ་ཧེ་རུ་ཀ་འཁོར་དང་བཅས་པ་ཡི་གེ་ཨ་ཟློས་ཤིང་ཡིད་ཀྱིས་བཅུག་ལ་རྡོ་རྗེ་འབར་བའི་ལྕགས་ཀྱུས་མཁའ་འགྲོ་མའི་གདོན་ལས་སྙིང་བཅུག་ལ་བཅིང་བའི་ལུས་ལ་བཅུག་ལ། ་དེའི་སྙིང་ལ་བཞག་སྟེ། དེས་བདེ་ཞིང་སླར་འཚོ་བར་འགྱུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འཆིང་བ་བསྲུང་བར་འགྱུར་རོ།། ཕྱག་རྒྱ་དེ་ཉིང་བཅིངས་ལ་ཧཱུཾ་གིས་གླུ་ཟློས་ཤིང་བསྒྲུབ་པར་བྱ ་བྱའི་སྙིང་གར་དཔལ་རྡོ་རྗེ་སེམས་དཔའ་ཟླ་བའི་མདོག་ཅན་གྱི་མགོ་ལ་བདུད་རྩིའི་ཆར་འབེབས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཚེ་འདི་མངོན་པར་འཕེལ་བར་འགྱུར་རོ།། དེ་བཞི་རེ་རུ་ཕྱག་རྒྱ་དེ་བཅིངས་ལ་ཆོས་ཀྱི ་ཚིག་གིས་ཡི་གེ་ཧཾ་ཟློས་ཤིང་། བསྒྲུབ་པར་བྱ་བའི་རྡོ་རྗེའི་གོ་ཆས་རྡོ་རྗེར་བྱ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཤིན་ཏུ་བསྲུངས་པར་འགྱུར་རོ།། སྒྲིབ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི་བཤང་ཟིན་ཏོ།། སྲིན་པོ ་ལ་སོགས་པའི་གདོན་གྱིས་ཉེན་པ་ནི་སྡིག་པའོ།། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། བྱུར་ནི་གྲོ་བར་ཟ་།། བྱུར་ལ་སོགས་པ་འདི་དག་གཞིག་པ་ནི་ཞི་བའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་ཞི་བསོ་ཞེས་གསུངས ་ཏེ། པདྨ་ཆེན་པོ་བཅིངས་ལ་ཇི་སྲིད་འདོད་པར་བཟླས་པའམ་ཡང་ན་པདྨའི་ཁུ་ཚུར་གཡོན་པ་བསྟན་ཏེ། མར་དང་། ཏཱིལ་མར་དང་། ཏིལ་དང་། འབྲས་དང་། འབྱུང་ཁུང་གི་ཕྱེ་མའི་སྦྱིན་སྲེག་བྱ་བ་ནི་འདིའི་མཚན་ཉིད ་ཡིན་ནོ།། དེ་ལ་རྡོ་རྗེ་ཐལ་མོ་ཁོང་དུ་བྱས་པ་ལས་མཛུབ་མོ་དང་། གུང་མོ་དང་། མཐེ་བོང་དང་། མཐེའུ་ཆུང་དང་མཐེབ་མོའི་བར་མ་བཞིབ་པར་བྱེ་བ་ནི་པདྨ་ཆེན་པོའི་མཚོན་ཉིད་ཡིན་ནོ།། པདྨའི་ཁུ་ཚུར་གྱི་མཚན ་ཉིད་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་ལས་འོག་ནས་བཤད་པ་ལས་ཤེས་པར་བྱའོ།། འདི་སྐད་སྟོན་པ་ཡིན་ཏེ། དྲི་སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའི་རས་རི་ས་ལ་སོགས་པ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ལ་ཡང་དག་པར་མཆོད་དེ་ཕྱག་བྱས་ནས་འདིའི་འོག་ཏུ་པདྨ་ཆེན་པོ་བཅིངས་ཏེ་འོད་ཟེར་འབྲར་བས་ཀུན་ཏུ་འཁྲུག་པོ། འཕྲོ་བ་རྣམ་པར་འབར་བའི། ་འོད་ཀྱི་རང་བཞིན་ནི་དཔལ་རྡོ་རྗེ་སེམས་དཔའི་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྱན་སྔར་འདུག་པ་ལ། ཨོཾ་ནི་ཁ་བ་ར་ཎ་སརྦ་དྷརྨྨ་ཏཱ་བཛྲ་དྷ་རི་ཎི་ཧཾ་ཞེས་ཟློས་ཤིང་པདྨ་ཆེན་པོའི་ཕྱག་རྒྱས་སྒྲིབ་པ་ཐམས་ཅད་བླངས་ལ་བསྲེག ་པར་བྱའོ།། དེ་ལྟ་བུས་ནི་སྒྲིབ་པ་ཐམས་ཅད་འཇིག་པར་འགྱུར་རོ།། ཨོཾ་རཱ་ཛོ་བི་གེ་སརྦ་དྷརྨཱ་བཛྲ་དྷ་རི་ཎི་ཧཾ་ཞེས་བྱ་བས་སྡིག་པ་ཐམས་ཅད་བླངས་ལ་བསྲེག་པར་བྱའོ།། དེ་ལྟ་བུས་ནི་སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ།། ་ཨོཾ་སརྦཱ་ནོ་མ་ས་དྷརྨྨ་པྲ་ཏི་བ་ད་བཛྲ་དྷཱ་རི་ཎི་ཧཾ་ཞེས་བྱ་བས་རྨི་ལམ་ངན་པ་བླངས་ལ་བསྲེག་པར་བྱའོ།། དེ་ལྟ་བུས་ནི་རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ།། ཨོཾ་ནི་ནི་མིང་དུ་སརྦ་དྷརྨཱ་ཛྙཱ་ན་བཛྲ་དྷ་རི་ཎི་ཧཾ་ཞེས་བྱ ་ངས་ལྟས་ངན་པ་ཐམས་ཅད་བླངས་ལ་བསྲེག་པར་བྱའོ།། དེ་ལྟ་བུས་ནི་ལྟས་ངན་འཇིག་པར་འགྱུར་རོ།། ཨོཾ་སྭ་བྷ་བ་པྲ་བྷ་ས་ར་ཡ་སརྦ་དྷརྨཱ་བཛྲ་དྷ་རི་ཎི་ཧཱུཾ་ཞེས་བྱ་བས་འབྱུང་པོ་ཐམས་ཅད་བླངས་ལ་བསྲེག་པར ་བྱས་ན་དེ་ལྟ་བུས་ནི་བྷུརརྱ་ཐམས་ཅད་འཇིག་པར་འགྱུར་རོ།། ཡང་ན་པདྨ་ཅན་གྱི་ཁུ་ཚུར་གྱི་ཕྱིའི་སྦྱིན་སྲེག་བྱས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱས་ལུ། ལུས་ཐམས་ཅད་པའི་ཐབ་ཁུང་དུ་བཅོམ་ལྡན ་འདས་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ནུས་གཡོན་པའི་པདྨའི་ཁུ་ཚུར་གྱིས་ཐམས་ཅད་བྱས་ལ་གཡས་པ་པདྨའི་ཁཱ་ཙྪར་གྱིས་ངོ་གང་གཟེར་དང་བླུགས་གཟུར་བྷོ་སྱོ་ཏེ། ཨོཾ་ནཱི་རཱ་བ་ར་ཎ་སརྦ་དྷརྨྨ་ཏ་བཛྲ་དྷ་རིཎཱི་ཧ་ཞེས་མར ་གྱི་སྦྱིན་སྲེག་བྱས་ཏེ། དེ་ལྟོ་བུས་ནི་སྡིག་པ་ཐམས་ཅད་འཇིག་ཕྱིར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་དུ་བྱས་ནས། ཨཱི་རཱི་རི་བི་ག་ཏཱ་སརྦྦ་དྷརྨྨ་དྷ་རཱི་ཎོ་ཧཾ་ཞེས་ཟློས་ཤྲིང་ཏིལ་མར་གྱི་སྦྱིན་སྲེག་བྱས་ན་དེ་ལྟ་བུས་ནི་སྡིག་པ་ཐམས ་ཅང་འཇིག་པ་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། ཨོཾ་ས་པ་ནོ་བ་མ་སྭ་དཱ་མ་པྲཱ་ཏི་བེ་ཏ་སརྦ་དྷརྨ་བཛྲ་དྷཱ་རཱི་ནི་ཧཾ་ཞེས་ཤིང་ཏིལ་གྱི་སྦྱིན་སྲེག་བྱས་ན་རྨི་ལཱམ་ངན་པ་རྣམས་འཇིག་པར་འགྱུ་རོ།། དེ་བཞིན་དུ་ཐམས ་ཅད་བྱས་ལ། ཨོཾ་ནིར་མི་མིདྦ་དཱ་སརྦྦ་དྷརྨྨ་ཛྙཱ་ན་བཛྲ་དྷ་རོ་ཎི་ཧཾ་ཞེས་བྱ་བས་འབྲས་ཀྱི་སྦྱིན་སྲེག་བྱས་ན་དེ་ལྟ་བུས་ན་སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་སྭ་བྷ་བེ་བྷ་བ་སྭ་ར་སྭ་བཻ་དྷརྨྨ་དྷ་རི ་ཎི་ཧ་ཞེས་བྱ་བའི་ཁམས་ཀྱི་ཕྱེ་མའི་སྦྱིན་སྲེག་བྱས་ན་དེས་ནི་བྷྱོར་རྣམས་འཇོམས་པར་འགྱུར་རོ།། ཐམས་ཅད་དབབ་པ་དང་། བསྐུལ་བ་དང་། གར་བྱེད་དུ་གཞུག་པ་དང་། ཐམས་ཅད་བདེན་པར་སྨྲར་གཞུག་པ་དང་། ་པྲ་སེ་ན་ཐམས་ཅད་ཡང་ཤེས་པར་བྱའོ།། དེ་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གཪྵ་མའི་འབེབས་པའི་ཕྱག་རྒྱསོ་ཞེས་བྱ་བ་ནི་ཐམས་ཅད་དབབ་པ་དང་། བསྐྱོད་པ་དང་། གར་བྱེད་དུ་གཞུག་པ་དང་། ཐམས་ཅད་བདེན ་པར་སྨྲར་གཞུག་པ་དང་། པྲ་སེ་ན་ཐམས་ཅད་གྲུབ་པ་ལ་ནི་ཞེས་བྱ་བ་ནི་གོ་བར་ཟད་དོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་འབེབས་པའི་ཕྱག་རྒྱ་སོ་ཞེས་བྱ་བ་གསུངས།། དེ་ལ་འདིའི་མཚན་ཉིད་ནི་འདི་ཡིན་ཏེ། བ ་ངན་གསུམ་པའི་རྡོ་རྗེ་གཉིས་བཅིངས་ལ་དགའ་བའི་ཚུལ་གྱིས་སོན་མོས་རོལ་མོ་བྱེད་པ་དང་། རྡོ་རྗེ་བཅིངས་པ་སྟེང་དང་འོག་ཏུ་བསྐྱོད་པ་དང་། རྡོ་རྗེ་བསྡམས་པའི་ཐ་མ་ལ་སོགས་པ་ནས་གྲོལ་བར་གར་བྱ་བ་དང་། རྡོ་རྗེ་བསྡུམས ་པའི་མཛུབ་མོ་གཉིས་ཁ་ནས་དབྱུང་བ་ལྟ་བུ་དང་བདེ་བ་ཆེན་པོ་དོན་ཡོད་པའི་དམ་ཚིགྲོ་གི་ལྕགས་ཀྱུས་དངོས་པོ་ཐམས་ཅད་ལ་རྒྱུ་བ་དང་མི་རྒྱུ་བ་རྣམས་གཟུགས་བརྙན་གྱིས་ཚུལ་གྱིས་གསལ་བར་བསྟན་པོ་དང་། སྒྲ་བརྙན་གྱི་ཚུལ ་གྱིས་སེམས་ཅན་དང་། བདག་ཉིད་ཀྱིས་ཐམས་ཅད་བདེན་པར་གསལ་བར་ཐོབ་པའོ།། འདས་ནི་འདི་སྐད་སྟོན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལྔ་བ་ངན་གསུམ་པ་གཉིས་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་བསྡམས ་པ་བཅིངས་ལ་དགའ་བའི་ཚུལ་གྱིས་མཐེ་བོང་དང་། མཛུབ་མོའི་སེན་མོས་སོར་མོར་བྱེད་ཅིང་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་རླུང་དང་མེའི་དཀྱིལ་འཁོར་ལ་ཞུགས་པ་འབར་བའི་འོད་ཟེར་ཀུན་ཏུ་འཁྲུག ་པས་བསྒྲུབ་པར་བྱ་བ་ཀུན་དྷ་གང་བར་འགྱུར་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་འབབ་པར་འགྱུར་རོ།། བ་ངན་གསུམ་པ་གཉིས་ཀྱི་རང་བཞིན་ཅན་རྡོ་རྗེ་བསྡམས་པ་བསྒྲུབ་པར་བྱ་བ་བསྐྱོད ་པའི་བསྡམ་པས་སྟེང་དང་འོག་ཏུ་བསྐུལ་བར་བྱས་ཏེ། དེ་ལྟ་བུས་ཐམས་ཅད་བསྐུལ་བར་བྱས་ཏེ། དེ་བཞིན་དུ་ཐམས་ཅད་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་གཅིག་ཏུ་བྱས་ཏྲེ་བེ་ངན་གསུམ་པ་གཉིས་ཀྱི་རང ་བཞིན་རྡོ་རྗེ་བསྡམས་པ་བཅིངས་ཏེ། ཐེ་མ་ལྔ་སོགས་པ་ལས་ནས་གྲོལ་བའི་ཚུལ་གྱིས་གཽར་བྱས་ནས་དེ་ལྟ་བུས་ནི་ཐམས་ཅད་གར་བྱེད་པར་འགྱུར་རོ།། ངོ་བཞིན་དུ་ཐམས་ཅད་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག ་གཅིག་ཏུ་བྱས་ཏེ་བ་དན་གསུམ་པ་གཉིས་ཀྱི་རང་བཞིན་ཅནྡ་གྱི་རྡོ་རྗེ་བསྡམས་པ་བཅིངས་ལ། མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ནས་ཆོ་ག་འབྱུང་བའི་ཚུལ་གྱིས་ཁའི་ཕྱོགས་ནས་གྱེན་དུ་བཻ་ཏེགུས་ནས་དབབ་པར་གྱུར། ་པའི་སེམས་ཅན་ཐམས་ཅད་སྨྲ་བར་འགྱུར་རོ།། གསུང་བའི་ལྕགས་ཀྱུས་བཅིངས་ལ་དངོས་པོ་ཐམས་ཅད་གཟུགས་བརྙན་གྱི་ཚུ་ལྦོ་དུ་བྱ་བར་བསྒོམས་ན་རྡོ་རྗེ་སེམས་དཔའོ་ལ་སོགས་པ་དངོས་པོ་ཐམས་ཅད་ལ་བཀུག ་ན་དེ་རང་ཉིད་ཀྱི་མཐོང་ཞིང་གཞན་རྣམས་ལ་ཡང་སྟོན་པར་འགྱུར་བ་དང་། བྲག་ཆ་དང་འདྲ་བའི་སྦྱོར་བས་ནི་ཐམས་ཅད་རང་གི་ཐོབ་པོ་དང་གཞན་གྱིས་ཐོས་པ་བྱེད་པར་འགྱུར་རོ།། ཐམས་ཅད་རྒྱས་གདབ་པ་དང་། བས་པ ་དང་། ལྟུང་བར་བྱས་པ་དང་། བསླང་དང་། སྦྱར་གསོ་བ་དོན་ཡོད་པར་གྲུབ་པ་ལ་ནཱི་ཞེས་བྱ་བ་ནི་གོ་སླའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་མཁའ་འགྲོ་མ་ཆེན་པོ་སོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། ་རྡོ་རྗེ་ཁྲོ་བོའི་ཁུ་ཚུརྱ་གཉིས་བཅིངས་ལ། རྡོ་རྗེ་བཱལྟ་བས་ལས་བྱཱ་བཱ་ནཱི་འདི་ལྟ་སྟེ་མིག་མི་འཛུམ་བྱར་བལྟ་བ་དང་། མིག་འབྲས་གྱེན་དུ་བཟློག་པ་དང་། མྱུར་དུ་བཙུགས་ཏེ་བསྒྱེལ་བ་དང་། འོག་ནས་བསྒྲུང་བར་བྱའོ།། འདིས ་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔྲལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་མེ་འབར་བར་བདག་ཉིད་བསམས་ཏེ། ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ནས་བསྒྲུབ་པར་བྱ་བ་ལ་མིག་མི་འཛུམ་པར ་བལྟ་ཞིང་བསྒྲུབ་པར་བྱ་བའི་སྙིང་གར་རྡོ་རྗེ་འབར་བ་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་རྒྱས་བཏབ་པར་འགྱུར་རོ།། མིག་གྱེན་དུ་བསྐུལ་ཡིད་ཀྱིས་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ་བསྒྲུབ་པར་བྱ་བའི ་སྲོགྶ་བླངས་ནཽ་སྭ་གྱེན་དུ་འཕུར་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅོད་གསོད་པར་འགྱུར་རོ།། བསྒྲུབ་པར་བྱ་བའི་བསྣམ་པས་མིག་འཛུམ་ལ། མྱུར་དུ་ལྟུང་བར་བྱས་པས་ནི་ཐམས་ཅད་ལྟུང་བར་འགྱུ་རོ།། ཁྲོ་བོའི་ཁུ་ཚུར ་གཉིས་པོ་དེ་ཉིད་ཀྱིས་བླང་པོའི་ཚུལ་དུ་བྱ་ཞིང་། ལྟེ་འོག་ནས་བསླང་བ་ནི་ཐམས་ཅད་བསླང་བར་འགྱུར་རོ།། ལྟ་བ་དེ་ཉིད་དང་ཁྲོ་བོའི་ལྟ་བས་བྱས་པ་བྱས་ན་ཐམས་ཅད་སླར་གཡོས་པར་འགྱུར་རོ།། ཐམས་ཅད་རེངས་པ ་བྱ་བ་དང་། རྨོངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ། བསད་པར་བྱ་བ་དང་། བཟའ་བར་བྱ་བ་ལ་ནི་ཞེས་བྱ་བ་ནི་གོ་སླའོ་འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་གདུག་པའི་སྲིན་པོས ་སོ་ཞེས་བྱ་བ་གསུངསོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་བཟློག་ནས་མཆེ་བར་བྱ་ཞིང་མཐེ་ཆུང་སོ་སོར་བྱ་བས་བཟུང་ཞིང་མཆེ་བ་གཙིགས་པས་འཇིགས ་སུ་རུང་བའི་ཁས་མི་འགུལ་བ་ཉིད་དང་། ཡན་ལག་ཐམས་ཅད་ལྷོད་པ་གཉིད་ཡུར་ཞིང་གླལ་བ་དང་། རང་གི་སྙིང་འཛིན་དང་། མྱུར་དུ་ལྡང་བའོ།། འོངས་ནི་འདི་སྐད་སྟོན་པར་འགྱུར་རོ།། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ ་བྱས་ལ་རྡོ་རྗེ་གནོད་སྦྱིན་དུ་བདག་ཉིད་བསམས་ལ་མཛུབ་མོ་ལྕགས་ཀྱུ་གཉིས་བྱས་ནས་ཁ་འགྲམ་གཉིས་སུ་མཆེ་བའི་ཚུལ་དུ་བཞག་ལ། མཐེའུ་ཆུང་གཉིས་འཇིགས་སུ་རུང་བའི་ཁམས་བསྒྲུབ་པར་བྱ་བའི་ལེན་པའི་བསམ ་པོས་སོས་འཛིན་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་རེངས་པར་འགྱུརརོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། གཅིག་ཏུ་གྱུར་པར་བྱས་ཏེ། ཕྱག་རྒྱ་འདི་ཉིད་བཅིང་ས་ལ་བསྒྲུབ་པར་བྱ་བ་རྨོངས ་པར་བྱ་བའི་བསམ་པས་ཡན་ལག་ཐམས་ཅད་ལྷོད་པར་གྱུར་པར་བྱས་ན་དེ་ལྟ་བུས་ནི་ཐམས་ཅད་རྨོངས་པར་འགྱུརརོ།། དེ་ཉིད་བཅིངས་ལ་བསྒྲུབ་པར་བྱ་བ་དང་།། གཅིག་ཏུ་གྱུར་པར་བསམས་ལ་མིག་བཙུ་མོ་སྟེ་གླལ་བར ་བྱས་ན་དེ་ལྟ་བུས་ནི་ཐམས་ཅད་གཉིད་ལོག་པར་བྱ་བར་འགྱུར་རོ།། བསྒྲུབ་པར་བྱ་བ་གཞིག་པའི་བསམ་པས་སྙིང་གར་ཕྱག་རྒྱ་གཞིག་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་གསོད་པར་འགྱུར་རོ།། བསྒྲུབ་པར་བྱ་བ་བཟླའ་བྱའི ་བསམ་པས་མྱུར་དུ་ལྡང་བའི་ཚུལ་དུ་བྱས་ནུ་དཽ་ལྟ་བུས་ནི་ཐམས་ཅད་ཟླ་བར་འགྱུར་རོ།། གཞན་གྱི་དཔུང་ཐམས་ཅང་སྒྲོག་པར་བྱ་བ་དང་། གཞིག་པར་བྱ་བ་དང་། ལྟུང་བར་བྱ་བ་དང་། བསད་པ་ལ་ནི་ཞེས་བྱ་བ་ནི་གོ་བར ་ཟང་།། འདི་རྣམས་ཇི་ལྟར་འགྱུར་ཞོ་ན། རྡོ་རྗེ་གར་གྱི་གཤེང་བྱེད་ཀྱིསོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཁཾ་གདངས་པ་དང་། གདོང་འཇིགས་སུ་རུང་བ་སྐྲ་གྱེན་དུ་བརྫེས་པ། མགོ ་ཐུར་དུ་འདུད་ཅིང་འདྲེགས་པས་ལས་བྱའོ་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་འཕེན་པ་དང་། ཁུ་ཚུར་བཙིར་བ་དང་། ཡི་གེ་ཧཱུ~ཾ་གི་མགོ་བོས་སྡིགས་མཛུབ་བྱེད་པ་དང་། རང་ཉིད་ཁྲོ་ཞིང་མྱུར་དུ་བསྒྱེལ་བའོ།། འདི་སྐྱེད་སྟོན་པ་ཡིན་ཏེ། དེ་བཞིན ་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་སྤྲུལ་པ་བསམས་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནུས་རྣ་ལ་འབྱོར་པ་ཁྭ་གདངས་ཤིང་སྐྲ་གྱེན་དུ་བརྫེས་པ། མགོ་བོ་འོག་ནས་གཏོང་དེ་བྷྱོ་ཞེས་ཟློས་ཤིང་རྡོ་རྗེ ་གེ་ནིང་སྦྱིན་གྱི་གཟུགས་ཚོང་མེད་པས་གཞན་གྱི་དཔུང་མཆོག་ཏུ་སྐྲག་པར་བྱེས་པོ་བོསམ་པར་བྱས་ཏེ། དེ་ལྟ་བུས་ནི་གཞན་གྱི་དཔུང་ཐམས་ཅད་སྤྲུལ་པར་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་དུ་བདས་། ་བསྣམས་ལ་རྡོ་རྗེ་ཁུ་ཚུརཱ་གཉིས་བཙིར་ཞིང་། གཞན་གྱི་དཔུང་ཁྲོ་བོའི་རྡོ་རྗེ་གཉིས་ཀྱི་བྱར་དུ་བཙིར་བར་གྱུར་པར་བསམས་ན། དེ་ལྟ་བུས་ནི་རང་དབང་དུ་བྱས་པར་འགྱུར་རོ།། སྔ་མ་བཞིན་དུ་བདག་ཉིད་བསམས ་ལ་ཧཱུཾ་དང་མགོ་བོས་སྡིགས་མཛུབ་བྱས་ཤིང་གཞན་གྱི་དཔུང་གི་སྟེང་དུ་རྡོ་རྗེ་གནོད་སྦྱིན་གྱི་ལུས་ཆེན་པོ་ལྟུང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་གཞན་གྱིས་ལུས་ཐམས་ཅད་ལྟུང་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་གནོད་སྦྱིན་དུ ་བདག་ཉིད་བསམས་ལ་རྡོ་རྗེ་ཁུ་ཚུར་གྱིས་བཅིངས་ཏེ། ཁྲོ་བོ་ཆེན་པོ་ཟིལ་གྱིས་གནོན་པར་གྱུར་པ་དང་། གཞན་གྱི་དཔུང་བསོད་པའི་བསམ་པས་ཤིན་ཏུ་མྱུར་དུ་ལྷུང་བར་བྱ་ཞིང་། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ཡང་རྡོ་རྗེ ་འོད་ཟེར་འབར་བ་ཀུན་ཏུ་འཁྲུག་པས་གཞན་གྱི་དཔུང་གི་སྟེང་དུ་ཕབ་པས་བྱས་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གཞན་གྱི་དཔུང་ཐམས་ཅད་གསོད་པར་འགྱུར་རོ།། ཁྲོ་བ་ཐམས་ཅད་བསལ་བློ་དང་། བཞིན ་རས་དང་བཱར་བྱ་བ་དང་། གསོང་པཱ་ལས་རྒྱལ་བ་དང་། འཇིག་པ་ལྔས་ཐར་པ་དང་། གཡུལ་འགྱེད་པཱ་ལུས་རྒྱལ་པོ་གྲུབ་པཱ་ལཱ་ནི་ཞེས་བྱ་བ་ནི་གྲོ་བར་ཟད་དོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་རྒྱུལ་མཚན ་མཆོག་གི་དཔུང་རྒྱན་གྱི་རྩེ་མོ་ཞེས་བྱ་བ་གསུངསོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་གནོད་སྦྱིན་གྱི་སྲིན་ལག་དང་མཐེ་ཆུང་གཉིས་མཉམ་པར་ཕྱེ་སྟེ། བ་དནི་བྱ་བ་ནི་རྒྱལ་མཚན་མཆོག་གི་རྩེ་མོ ་སྟེ། ལས་ནི་རབ་ཏུ་འདུད་པ་དང་། འཛུམ་པ་དང་། ལྕེ་སྟོན་པ་དང་། ཕྲག་པ་གཉིས་བསྙེམས་པ་སྟོན་པ་དང་། རྒྱལ་མཚན་བསྒྲེང་བའོ།། འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལྔ་རྡོ་རྗེ་གནོད ་སྦྱིན་དུ་བདག་ཉིད་བ་སེམས་ནས་རྡོ་རྗེ་བསྡམས་པ་བཅིངས་ཏེ། མཛུབ་མོ་གཉིས་བཀུག་ནུས་པར་ཡོད་པར་གནས་པར་བྱས་ལ་མཐེ་བོང་གཉིས་ཕྱེ་སྟེ། བསྒྲེངས་ལྔ་མཆེ་བ་བྱས་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ།། ་འདི་ཉིད་ཀྱི་སྲིན་ལག་དང་མཐེ་ཆུང་གཉིས་ཕྱེ་སྟེ། བ་དན་ལྟ་བུར་བྱ་བ་འདི་ནི་རྒྱལ་མཚན་མཆོག་གི་དཔུང་རྒྱུན་ཏེ། འདི་བཅིངས་པྲ་ལ་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་གཅིག་ཏུ་བྱསོ་ལ་བསྒྲུབ་པར་བྱ་བཱ་ར་ཏུ་འདོད་པའི ་བསམ་པས་ཕྱག་བྱས་ནས་དེ་ལྟ་བུས་ཁྲོ་བོ་ཐམས་ཅད་གསྔལ་བར་འགྱུར་རོ།། དེ་ཉིད་བཅིངས་ལ་བསྒྲུབ་པར་བྱ་བ་དང་། གཅིག་ཏུ་བྷྱོས་ཏེ། འཛུམ་པ་བྱས་ནས་བཞིན་རྭས་དོང་བར་འགྱུར་རོ།། འོད་ཉིད་བཅིངས་ལ་ལྕེ ་བཅད་པས་རྩོད་པ་ལོས་རྒྱལ་བྲིའོ།། དེ་ཉིད་བཅིངས་ཕྲག་པ་གཉིས་བསྐྱེམས་པ་གཏོད་པའི་ཚུལ་དུ་བྱས་ན་དེ་ལྟ་བུས་ནི་འཇིགས་པོ་ལས་ཐར་པར་འགྱུར་རོ།། དེ་ཉིད་བཅིངས་ལ་ལག་ངར་གཉིས་བརྐྱང་སྟེ། སྤྱི་བོར ་བཞག་སྟེ་ཕྱག་རྒྱ་བཅིངས་པ་དེ་ལས་དཔུང་གི་ཚོགས་ཡན་ལག་བཞི་པོ་ཕྱུང་སྟེ། དེས་གཞན་གྱི་དཔུང་བཅོམ་པར་བསམས་ན་དེ་ལྟ་བུས་ནི་གཡུལ་འགྱེང་པ་ལས་རྣམ་པར་རྒྱལ་བར་འགྱུར་རོ།། ་སྤྲིན་ཐམས་ཅད་ཡང་དག་པར་བཟུང་ཞིང་མི་གཡོ་བར་བྱ་བ་དང་། ཆར་ཆེན་པོ་དབབ་པ་དང་། རླུང་དྲུང་། ཆར་དང་། གློག་དང་། སེར་བ་དང་། སྤྲིན་བཟློག་པ་དང་། ཚ་བ་དང་། གྲང་བ་བསལ་བྱས་ནི་ཞེས་བྱ་བ་ནི་གྲོ ་སླའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གླར་གྱི་རྡོ་རྗེ་དབང་པོའི་རྡོ་རྗེ་སོ་ཞེས་བྱ་བ་གསུངསོ།། དེ་ལས་འདི་དག་གི་མཚན་ཉིད་ནི་འདི་ཡིན་ཏེ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ་རྡོ་རྗེ་གསོར་ཅིང་ལསོ་བྱ་བ་ནི ་ན་མཁར་དབུགས་གཏོང་བ་དང་། ཐམས་ཅད་བསྐྱོད་ཅིང་གཡོ་བའི་ལྟེ་བས་ཆར་དབབ་པའི་ཚུལ་དང་། ཁྲོ་བོ་རྡོ་རྗེ་མེ་འབར་བའི་བཟླས་པས་ཆར་བཅད་པ་དང་། གྲང་བས་ཡན་ལག་འདར་བའི་ཚུལ་དང་། ཐམས་ཅད་འབར་བའི ་རྣམ་པར་བསམ་པར་བྱའོ།། འདི་སྐད་སྟོན་པ་ཡིན་ཏོ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་བྱསྐུ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལག་པ་གཡས་པས་དང་པོའི་རྡོ་རྗེ་གསོར་ལ་ན་མཁན ་དབུགས་གཏོང་ཞིང་བཟླས་བརྗོད་བྱས་ན་རང་གི་དབུགས་ཀྱི་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱིསྒོ་ཀྱང་སྤྲིན་མི་འགུལ་བར་བྱས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ཡང་དག་པར་གཟུང་བར་འགྱུར་རོ།། དེ་བཞིན ་དུ་རྡོ་རྗེ་གསོར་ཏེ་ཐམས་ཅད་དུ་བསྐྱོད་ཅིང་འཛུམ་པའི་བསམ་པའི་ལྟ་བས་ཆར་དབབ་པའི་ཚུལ་དུ་བྱས་ཏེ། དེ་ལྟ་བུསོ་ནི་ཆར་ཕེབས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་གསོར་ཞིང་རྡོ་རྗེ་མ་ལྟར་འབར་བར་བདག་ཉིད ་བསམས་ལ་ཧཱུ~ཾ་ཟློས་ཤིང་། ཁྲོ་བོའི་ལྟ་བས་རླུང་དང་ཆར་དང་། སེར་བ་དང་། གློག་དང་། སྤྲིན་བསལ་བས་ནི་དེ་དག་ཞི་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་གསོར་ཞིང་། གྲང་བ་དང་རླུང་ཆེན་པོ་བསྒོམ་པ ་ཡན་ལག་གྲང་བས་འདྲར་ཚུལ་དུ་བྱས་ན། དེ་ལྟ་བུས་ཚ་བ་ཐམས་ཅད་སེལ་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ལྔ་རྡོ་རྗེ་གསོར་ཞིང་ཐམས་ཅད་དུ་མེ་འབར་བ་བསྐྱེད་པའི་ཚུལ་དུ་བྱས་ཏེ། དེ་ལྟ ་བུས་ནི་གྲང་བ་བསལ་ཞིང་འཇིག་པར་འགྱུར་རོ།། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་ཤིན་ཏུ་གྲུབ་པ་ནི་རྟག་པར་གྲུབ་པའོ།། དེ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་འདོད་པའི་དབོང་ཕྱུག་གི་སོ་ཞེས་བྱ་བ་གསུངས ་ཏེ། དེ་ནས་འདིའི་མཚན་ཉིད་བཤད་པར་བྱས་ཏེ། རྡོ་རྗེ་བསྡམས་པའི་རྡོ་རྗེ་སྤྱན་དང་། རྡོ་རྗེ་བསྡམས་པའི་མཛུབ་མོ་གཡོན་པའི་རྩེ་མོ་བཀྲུག་ལྔ་ཡུ་བར་བྱས་པ་ལ་མཛུབ་མོ་གཡས་བྱས་རྡོ་རྗེ་པི་བང་བརྡུང་བ་དང་། རྡོ་རྗེ་བསྡམས་པའི ་མཐིལ་གཉིས་མཉེ་བ་དང་། ཐལ་མོ་ཁོད་སྟོང་དུ་སྦྱར་བའི་དབུས་སུ་ལྕེ་བཙུག་པ་དང་། བྱར་དེ་དགའ་བྱའི་རྡོ་རྗེའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་བསྡམས་པ་བཅིངས་ཏེ ་གཡས་པའི་མཛུབ་མོས་གཡོན་པའི་མཛུབ་མོའི་ཚིགས་གསུམ་པ་གཟུང་སྟེ། མཐེ་བོང་གཉིས་གདོང་སྤྲད་པར་བྱ་བ་འདི་ནི་རྡོ་རྗེ་སྤྱན་ཞེས་བྱ་བའི་ཕྱག་རྒྱ་ཡིན་ཏེ། འདི་བཅིངས་ལོ་བྱང་ཆུབ་སེམས་དཔའ་རྡོ་རྗེ་གཟུགས་སུ ་བདག་ཉིད་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་གཟུགས་ཀྱི་དངོས་གྲུབ་བརྟན་པ་ཐོབ་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་བསྡམས་པའི་མཛུབ་མོ་གཡོན་པ་བཀུག་པའི་ཡུ་བ་མཛུབ་མོ ་གཡས་པས་བརྡུང་བའི་ཕྱག་རྒྱ་འདི་བཅིངས་ལ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྒྲར་བདག་ཉིད་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་སྒྲའི་དངོས་གྲུབ་རྟག་པ་ཐོབ་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་སེམ ་དཔའ་རྡོ་རྗེ་དྲི་བདག་ཉིད་བསྒོམ་ཞིང་རྡོ་རྗེ་བསྡམས་པ་བཅིངས་ལ་ལག་མཐིལ་གཉིས་ཕན་ཚུན་མུཉེ་བར་བྱས་ཏེ། དེ་ལྟ་བྱས་ནི་རྡོ་རྗེ་དྲི་བྱང་ཆུབ་སེམས་དཔའི་དངོས་གྲུབ་ཐོབ་པར་འགྱུར་རོ།། དེ་བཞིན་དུ་དཔལ་རྡོ་རྗེ་སེམས ་དཔའི་སྦྱོར་བ་བྱས་ལ་བྱང་ཆུབ་སེམས་དཔའི་རྡོ་རྗེ་རོར་བདག་ཉིད་བསམས་རྡོ་རྗེ་བསྡམས་པ་བཅིངས་ལ་ཐོཐལ་མོ་ཁོང་སྟོང་གི་དབུས་སུ་ལྕེ་ཆུད་པར་བྱས་ཏེ་དེ་ལྟ་བུས་ནི་བྱང་ཆུབ་སེམསུ་དཔའ་རྡོ་རྗེ་རོ་ཤིན་ཏུ་གྲུབ་པར་འགྱུར་རོ།། ་སྔ་མ་བཞིན་དུ་རྡོ་རྗེ་སྡོམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་ཀཱི་ལི་ཀཱི་ལར་བདག་ཉིད་བསེམས་ལ་ལྔ་པོ་བསྡུས་པ་བཅིངས་ལཾ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བཟླ་བར་བྱས་ཏེ། དྭེ་ལྟོ་བུས་ནརྀ་རྡོ་རྗེ་ཀཱི་ལི་ཀཱི་ལི་རཱི་རིག་ཤིན་ཏུ་གྲུབ་བཱར ་འགྱུར་རོ།། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེ་སུཾ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱས་ལ་རྩེ་བ་དང་། ལས་ཐམས་ཅད་ལ་སྦྱངས་པ་ལ་ནི་ཞེས་བྱ་བ་ནི་བཤད་ཟིན་ཏོ།། འདི་དག་ཐམས་ཅད་ཅིར་འགྱུར་ཞེ་ན། རྡོ་རྗེ་གར ་ཀྱི་ཐམས་ཅད་གྲུབ་པསོ་ཞེས་བྱ་བ་གསུང་སོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། བདེ་བ་ཆེན་པོ་རྡོ་རྗེ་མཆོད་པའི་ལསུ་དང་པོའི་གླུའི་བཟླས་བརྗོད་ཅིང་འདོད་པར་བྱ་བ་དང་། ཤིན་ཏུ་བསྡུས་པའི་འཛུམ་པས་རྒོད་པ་དང་རབ་ཏུ་དགའ ་བའི་རྡོ་རྗེ་ལྕགས་ཀྱུ་རང་གི་མོ་མཆུའི་ནང་སྤོས་བཟུང་བ་དང་རང་གི་དབང་པོ་གཡོ་བ་དང་། རབ་ཏུ་དགའ་བའི་རྡོ་རྗེའི་ཚིག་གིས་ཡིད་ལ་འདོད་པའི་ལུང་བསྒོ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ཏེ། དེས་ཀྱང ་འདའ་བར་མཛད་པར་མི་སྤྱོད་ན། རྒྱུ་བ་དང་མི་རྒྱུ་བ་གཞན་དག་གིས་ལྟ་སྨོས་ཅི་དགོས། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རང་རང་གི ་ངོ་བོར་བསམས་ཏེ། གར་དོང་ཧཱུཾ་གི་གླུའི་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེས་སུ་ཆགས་པར་འགྱུར་རོ།། དེ་བཞིན་དུ་གར་དང་རྡོ་རྗེའོ་ལྕགས་ཀྱུས་ངེས་པར་བསྡུས་པའི་མཛུབ་མོ་དང་བོ་དྲ་པའི་ཚུལ ་ཡི་གེ་ཧཱུཾ་གིས་གླུའི་བཟླས་བརྗེད་བྱས་ཏེ། དེ་ལྟ་བུས་ནི་དངོས་པོ་ཐམས་ཅད་འགུགས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱསཱ་ལ་གར་བྱེད་ཅིང་འགྲུབ་པར་བྱ་བཱ་དང་། མཆུ་སྤྲད་པའི་བསམ་པས་མ་མཆུའི་ནང་རོལ་སོས་བཟུང ་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་དབང་དུ་བྱས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་རང་གི་དབང་པོས་གཡོ་བའི་ཚུལ་གྱིས་ཡི་གེ་ཧཱུཾ་གི་གླུ་ཟློས་ཤིང་བསྒྲུབ་པར་བྱ་བའི་གནོད་སྦྱིན་མོ་ལ་སོགས་པའི་དང་ལྷན ་ཅིག་ཡང་དག་པར་སྦྱར་བར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་དང་རྩེ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། གར་བྱེད་ཅིང་རྡོ་རྗེ་སེམས་དཔའ་ལ་སོགས་པ་དངོས་པོ་ཐམས་ཅད་ལ ་ཡིད་ལ་མངོན་པར་འདོད་པའི་ལུང་བསྒོ་བ་འི་བསམ་པས་ཧཱུཾ་གི་གླུའི་བཟླས་བརྗོད་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ལས་ལ་ངེས་པར་སྦྱར་བར་འགྱུར་རོ།། ལྷ་ཐོམས་ཅད་དབབ་པ་དང་། ཀླུ་ཐམས་ཅད་དབང་དུ་བྱ་བ་དང་། གནོད ་སྦྱིན་དང་། འབྱུང་པོ་དང་། མ་མོ་ཐམས་ཅད་ལས་ཐམས་ཅད་ལ་ངེས་པར་སྦྱར་བ་ལ་ནི། རྡོ་རྗེ་གར་གྱི་རྡོ་རྗེ་སྐུའི་མཆོག་གྲིསོ་ཞེས་བྱ་བ་ནི་དེ་ལ་རྡོ་རྗེ་གར་གྱི་སྐུའི་མཆོག་འདྲི་ཡིན་ཏེ། རྡོ་རྗེ་ཐལ་མོ་འམ་མཐེ་བོང་གཉིས་སེམས ་དཔོའི་སྐྱིལ་མོ་ཀྲུང་དུ་བྱས་ལ་མཛུབ་མོ་གཉིས་བསྒྲེང་བ་ནི། བཅོམ་ལྡན་འོངས་རྡོ་རྗེ་སེམས་དཔའ་སྐུའི་མཆོག་སྟེ་འདི་བཟུང་བས་སྐད་ཅིག་གིས་བཅོམ་ལྡན་དགོངས་ཤིང་བྱིན་གྱིས་བརླབས་པར་མཛད་པའི་ཕྱིར་བཟུང་བ ་དང་། མཆོད་པ་དང་། བསྒྲུབ་པར་འགྱུར་ཞིང་དངོས་གྲུབ་ཐམས་ཅད་ལ་ཡང་བསྒྲུབས་པའི་ཐབ་སུ་དགོངས་པ་ཡིན་ནོ།། སྤྱི་བོར་བཞག་ནས་སྟེང་ནས་ཡོངསུ་དབབ་པར་བྱ་བ་དང་། ས་ལ་གཞག་ནས་ཁྲོ་གཉེར་གྱིས་བརྡེག ་པ་དང་། གནོད་སྦྱིན་གྱི་གཟུགས་བརྙན་བྱས་ནས་དེའི་སྙིང་གར་བཞག་ན་མཽངག་གཞུག་པར་འགྱུར་རོ།། དབང་ཕྱུག་ཆེན་པོའི་གནས་སུ་ཁྲོས་པས་ཟླ་བ་དང་། མི་མེའི་གནས་སུ་བཅིངས་ཏེ་བྷྱོ་ཞེས་བྱ་བ་དང་སྦྱར ་ནས་མ་མོ་ཐམས་ཅད་དབང་དུ་འགྱུར་རོ།། རྗེ་བ་ལ་སོགས་པའི་བསྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ།། འདི་སྐད་སྟོན་པ་ཡིན་ནོ།། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ། རྡོ་རྗེ་ཐལ་མོ་བཅིངས་ཏེ། མཐེ་བོང་གསོན་པའི ་སྟེང་དུ་མཐེ་བོ་གཡས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གི་ཚུལ་དུ་བཞག་ལ། མཛུབ་མོ་གཉིས་གཞིབས་ཏེ་སོར་མོ་མྱུར་བ་འདི་ནི། དཔལ་རྡོ་རྗེ་སེམས་དཔའི་སྐུའི་མཆོག་ཅེས་བྱ་བ་ནི་ཕྱག་རྒྱ་འདི་ཡིན་ཏེ། འདི་བཅིངས་ལ ་སྤྱི་བོར་བཞག་ནས་སྟེང་གི་ཕྱོགས་ནས་ལྷ་ཐམས་ཅད་དབབ་པའི་བསམ་པས་གཡས་ལོགས་ནས་ཐུར་དུ་འབབ་པར་བྱས་ཏེ། དེ་ལྟ་བུས་ནི་ལྷ་ཐམས་ཅད་དབབ་པར་བྱས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ནས ་རྡོ་རྗེ་སྐུ་མཆོག་བཅིངསྭ་ཏེ་སཽ་ལ་བཞག་ན་ཀླུ་ཐམས་ཅད་དབང་དུ་བྱ་བའི་བསམ་པས་ཁྲོ་གཉེར་བསྡུས་ལ། བཏེག་ན་ཀླུ་ཐམས་ཅད་དབང་དུ་བྱེད་དོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་གནོད་སྦྱིན་གྱི་གཟུགས་བརྙན་བྲིས་ཏེ། ་རྡོ་རྗེའི་སྐྱེ་མཆོག་དེའི་སྙིང་གར་བཞག་པདྨ་བྱིས་ཏེ། དེ་ལྟ་བུས་ནི་མྱོངག་གཞུག་པར་འགྱུརརོ།། དེ་བཞིན་དུ་ཐམས་ཅད་བྱིས་ལ། བདག་ཉིད་དཔལ་ཧེ་རུ་ཀའི་སྐུར་བསམས་ལ་རྡོ་རྗེ་སྐུའི་མཆོག་བཅིངས་ཏེ། བྷྱོ་ཞེས་བྷ་བྷཱ་བཱརྨྨ ་ནས་མ་མོ་ཐམས་ཅད་གཡོག་མོར་འགྱུར་ཞིང་རྩེ་ཞིང་རོལ་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་ཐམས་ཅད་དབྲོག་པ་དང་། ལྷ་དང་ལྷ་མ་ཡིན་གྱི ་བུད་མེད་ཐམས་ཅད་རྩེ་བ་དང་། འཇིག་རྟེན་གསུམ་པོ་མ་ལུས་པ་ལས་རྒྱལ་བ་དང་། འདོད་པའི་དབང་ཕྱུག་ཐམས་ཅད་དབྲོག་པ་ལ་ནི་རྡོ་རྗེ་གར་གྱི་སྐྱེས་བུ་བྱེད་པ་ཆེན་པོ་སོ་ཞེས་བྱ་བ་ལ་དེ་ནུས་དེའི་མཚན ་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་གསོར་བའི་ཕྱག་རྒྱ་ཁྲོ་བ་དང་བཅས་པའི་བཞིན་གྱིས་འཛུམ་གྱིས་ལས་བྱའོ།། འདི་ལྟ་སྟེ་ལུས་ངན་པོ་རྐང་པ་གཡོན་པས་མནན་ཏེ་བསྒྲུབ་པ་དང་གཞོན་ནུ་མའི་མདུན་དུ་སྒྲུབ་ཅིང་འབར་བའི་མིག་གི་སྦྱོར ་བུ་བྱཱ་བ་དང་། བྷ་གཽ་བྲིས་ལ་བལྟ་ཞིང་བསྐྱོབ་པ་དང་། དབང་ཕྱུག་ཆེན་པོ་རྐང་པ་གཡོན་པས་མནན་ལུ་ཧཱུ~ཾ་མཛད་དུ་སྦྱོར་བ་དང་། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཧཱུཾ་ཞེས་བྱ་བ་འདོད་པའི་དབང་ཕྱུག་རྡོ་རྗེའི་མངས་བསང་ལ་ཁ་སྦུབ་དུ་བཞོག ་སྟེ་རྡོ་རྗེ་གསོར་བར་བྱའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་མེ་ལྷུར་འབར་བར་བདག་ཉིད་བསམས་ཏེ། དེའི་ཕྱག་རྒྱ་ཆེན་པོས་དེས་རྡོ་རྗེ་འབར་བ་གསོར་ཞིང་ཁྲོ་བ ་དྲུང་བཅས་པས་འཛོམ་པའི་བཞིན་གྱིས་ལུས་ངན་པོའི་གཟུགས་བརྙན་རྐང་པ་གཡོན་པས་མོ་ནོན་ལཱྀ་བཟླས་བརྗོད་བྱའོ།། དེ་ལྟ་བུས་ནི་དཔལ་དྲང་བར་འགྱུར།། དེ་བཞིན་དུ་ཐམས་ཅད་བྱས་ལ་གཞོན་ནུ་མའི་མདུན་དུ ་ལྷའི་བུ་མོ་ཐམས་ཅད་འཕྲོག་པའི་བསམ་པས་འབར་བའི་ལྟ་བས་དགུག་ཅིང་བཟླས་ན་དེ་ལྟ་བུས་ནི་ལྷའི་བུ་མོ་ཐམས་ཅད་འཕྲོག་པར་འགྱུར་རོ།། རྩིག་པ་ལ་སོགས་པ་ལ་བུད་མེད་ཀྱི་གཟུགས་བྲིས་ལ་གནོད་སྦྱིན ་མ་ལ་སོགས་པ་ལྷ་དང་ལྷ་མ་ཡིན་མ་ཡིན་པའི་མངོན་པར་འདོད་པའི་བུད་མེད་དེར་བཅུག་ལ་ཡང་དག་པར་སྦྱོར་བ་བསྒོམ་ཞིང་དེ་ལ་བལྟ་བཞིན་དུ་བཟླས་ན་དེ་ལྟ་བུས་ནི་བུད་མེད་ཐམས་ཅད་དང་རྩེ་བར་འགྱུར་རོ།། དེ་བཞིན ་དུ་རྡོ་རྗེ་གསོར་ཞིང་དབང་ཕྱུག་ཆེན་པོའི་གཟུགས་བརྙན་རྐང་པ་གཡོན་པས་མནན་ལ། ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་བཟླས་པ་བྱས་ན་དེ་ལྟ་བུས་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ།། རྡོ ་རྗེ་མདའི་ཕྱག་རྒྱ་སྔར་བཤད་པའི་ཚུལ་གྱིས་འདོད་པའི་དབང་ཕྱུག་གི་གཟུགས་བརྙན་ལ་བསྣུན་ལ། དེ་ནས་དེ་ཁ་སྲུབ་ཏུ་བཞག་སྟེ། རྡོ་རྗེ་གསོར་ཞིང་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་དབང་ཕྱུག་ཆེན་པོ་ཐམས་ཅད་འཕྲོག ་པཱར་འགྱུར་རོ།། མཆོད་པ་ཐམས་ཅད་གྲུབ་པ་དང་ཞེས་བྱ་བ་ནི་འདོད་ཆགས་རྡོ་རྗེ་ལ་སོགས་པའི་མཆོད་པ་ཐམས་ཅད་དེ། དེ་རྣམས་ཀྱི་བསྒྲུབ་པ་བསྐྱེད་པའོ།། ཐམས་ཅད་རྡོ་རྗེ་བྱེ་བ་དང་། ཞེས་བྱ་བ་ནཱི་བདག་དང་གཞན་གྱིས ་མི་ཕྱེད་པར་བྱའོ།། བདུད་ལ་སོགས་པ་གདུག་པ་ཐམས་ཅད་ནི་གཞན་ལ་གནོད་པར་བྱེད་པར་ཉེ་བར་ཞུགས་པ་རྣམསོ།། དེ་རྣམས་རབ་ཏུ་གཞོམ་པ་ནརྀ་ཤིན་ཏུ་འདུལ་བུའོ།། ཕྱག་རྒྱ་ཐམས་ཅད་བཅིང་བ་ནི་ཕྱག་རྒྱ་ཆེན་པོ་ལ ་སོགས་པ་ཕྱག་རྒྱ་ཐམས་ཅད་ངེས་པར་བཅང་བའོ།། དངོས་གྲུབ་ཀྱི་མཆོག་ལ་སོགས་པ་མ་ལུས་ཤིང་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་རྒྱུན་ནི་དེའི་ལོས་ཀྱི་རབ་འབུམ་སྟེ། དེ་མྱུར་དུ་བསྒྲུབ་པར་བྱ ་བ་ལ་ནི་རྫོགས་པར་བྱ་བའོ།། འདི་དག་ཐམས་ཅད་ཇི་ལྟར་གྲུབ་པར་འགྱུར་ཞེ་ན། རྡོ་རྗེ་གར་གྱི་དོན་ཡོད་པའི་ཐོགས་པ་མེད་པར་ལ་མྱུར་བའི་ལས་སྣ་ཚོགས་ཀྱི་དམ་པ་སོ་ཞེས་གསུང་སོ།། དེ་ནས་འདིའི ་མཚན་ཉིད་ནི་བཤད་པར་བྱ་སྟེ། རྡོ་རྗེ་གསང་བའི་མཆོད་པ་རྣམས་ནི་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་གོ་ཆའི་རྣམ་པར་བྱས་ལ་སྤྱི་བོར་དབང་བསྐུར་བ་གཉིས་བཞག་ལ་ངོས ་གཉིས་སུ་ཕྲེང་བ་གཉིས་ཀྱི་རྣམ་པར་བྱས་ལ་དེ་བཞིན་དར་དཔྱངས་བཅིངས་པ་དང་གཡོན་དུ་རྡོ་རྗེ་མདའ་འཕར་པ་དང་། རྡོ་རྗེ་བསྙེམས་པ་དང་། ཕྱག་རྒྱ་ཆེན་པོའོ།། འདྲི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་དཔལ་རྡོ་རྗེ་སེམས ་དཔའི་རྣལ་འབྱོར་བྱས་ལྔ། དང་པོའི་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་མཚོན་ལ་སོགས་པ་མཆོད་པ་བཅུ་གཉིས་བསྐྱེང་ལ་དེ་རྣམས་ཀྱི་དཔལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིད་ཀྱིས་མཆོད་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས ་ཅང་གྲུབ་པར་འགྱུར་རོ།། དེ་བཞིན་དུ་དཔེལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། སྙིང་གྲཝ་དང་། ལྐོག་མ་དང་། རྒྱབ་དང་། ཡང་སྙིང་དང་། དེ་ནས་ནུ་མའི་བཱར། དེ་ནས་སྙིང་གར་ཡང་ལྐོག་མཱ་དང་། ལྟག ་པར་དེ་ནས་དབང་བསྐུར་བའི་གནས་སུ་མདུད་པའི་ཚུལ་གྱིས་གོ་ཆ་བགོ་བ་བྱས་ལ་སྤྱི་བོ་དང་དབང་བསྐུར་བའི་གནས་སུ་མདུད་པ་བྱ་བའི་ཚུལ་དང་། གཡས་དང་གཡོན་གྱི་མགོ་བོའི་ལོགས་སུ་མདུད་པའི་ཚུལ་དུ་བྱས ་ལ་དར་དབྱངས་བཅིངས་པའི་ཚུལ་དུ་བྱས་ཏེ། འདིས་ནི་ཐམས་ཅད་རྡོ་རྗེར་བྱས་པར་འགྱུར་རོ།། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་གྱི་ཆོ་ག་ཐམས་ཅད་བྱས་ལ་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། གཡས་ལོགས་སུ ་འ་འཕོང་བའི་ཚུལ་དུ་བྱ་ཞིང་། རྡོ་རྗེ་མངས་ཀྱང་གདུག་པ་ཐམས་ཅད་འཇོམས་པར་བྱེད་པར་བ་སམ་པར་བྱས་ཏེ། དེ་ལྟ་བུས་ན་བདུད་ལ་སོགས་པའི་གདུག་པ་ཐམས་ཅད་རབ་ཏུ་འཇོམས་པར་འགྱུར་རོ།། དེ་བཞིན་དུ ་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་བྱས་ལྔ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྡོ་རྗེ་སེམས་དཔའི་ལླ་ཀྱི་ཕྱག་རྒྱ་རྡོ་རྗེ་བོ་སྙོམས་པ་བཅིངས་ན་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་མཱ་ལུས་པར་བཅིང་བཱར་བསམ་པར་བྱས་ཏེ། དེ་ལྟ ་བུས་ནི་ཕྱག་རྒྱ་ཐམས་ཅད་ངེས་པོར་འཆིང་བར་འགྱུར་རོ།། དེ་བཞིན་དུ་དཔལ་རྡོ་རྗེ་སེམས་ངོཔའི་སྦྱོར་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། འདིས་ནི་དམ་པ་མ་ལུས་ཤིང་ལུས ་པ་མེད་པོ་ཡིད་ལ་མངོན་པར་འདོད་པ་གྲུབ་པར་འགྱུར་རོ།། གར་ལས་བྱུང་བའི་ཕྱག་རྒྱ་བརྒྱ་ཕྲག་གཉིས་པ་འདི་རྫོགས་པ་སྟེ། ལས་ཉི་ས་བརྒྱ་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ཡི་གེ་ཧཱུ~ཾ་ཟློས་ཤིང་བཅིང་བར་བྱའོ།། ཨ་ནུ་རཱ ་ག་ཡ་མི་ཧཱུཾ་ཞེས་ཟློས་ཤིང་ལས་ལ་ངེས་པར་སྦྱར་བར་བྱའོ།། དེ་ལྟར་ལས་ཉིས་བརྒྱ་བསྒྲུབ་པར་བྱ་བའི་ཕྱིར་ཕྱག་རྒྱ་ཉིས་བརྒྱའི་མཚན་ཉིད་གསུངས་ནས་དེ་ནི་ཕྱག་རྒྱ་ཆེན་པོ་བཅིང་བ་དེ་རྣམས་ཀྱི་སྙིང་པོ་བཟླས ་པའི་སྙིང་པོ་གསུངས་པ་ནི། དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། ཞེས་བྱ་བ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབ་སོ།། ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས ་ན་ཕྱག་རྒྱ་ཐམས་ཅད་དེ། ཇི་སྐད་དུ་བཤད་པའི་ལས་ཐམས་ཅད་སྒྲུབ་པར་བྱེད་པ་རྣམསོ།། དེ་རྣམས་ཀྱི་སྒྲུབ་པར་ནི་རང་དབང་དུ་བྱ་བའོ།། དེའི་ཆོ་ག་ནི་ཡི་གེ་ཧཱུཾ་བཟླས་ནཱ་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་ཀྱི ་བཙོང་བའོ།། དེའི་རྒྱས་པ་ནི་དེའི་རྒྱུན་ནོ།། ཉིན་རེ་ཞེས་བྱ་བ་ནི་ཉིན་ཞག་རེ་རེ་ཞིང་ངོ་།། དང་པོར་ཞེས་བྱ་བ་ནི་ལས་རྣམས་ཀྱི་ཐོག་མར་རོ།། ལན་ཅིག་ཅེས་བྱ་བ་ནི་ལན་ཅིག་གཅིག།། ཕྱག་རྒྱ་ཆེན་པོ་རབ་གྲུབ་བྱ་ཞེས་བྱ་བ་ནི་རྗེས ་སུ་མཉེས་པར་བྱེད་པ་ལ་སོགས་པ་སྒྲུབ་པར་བྱེད་པ་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་དེ་བསྒྲུབ་པར་བྱའོ།། གང་གིས་དེ་བསྒྲུབ་པར་བྱ་ཞེ་ན། ལན་ཅིག་བཟླས་པོ་ཞེས་བྱ་བ་གསུང ་ཏེ། ལན་ཅིག་བཟློས་པ་དེསོ།། དེ་ནས་ཅི་ཞིག་ལན་ཅིག་བཟླས་ཤ་ནཱ། སྙིང་མཆོག་ཅེས་བྱ་བ་གསུངས་ཏེ། སྙིང་པོ་བཟང་པོ་ནི་སྙིང་པོ་མཆོག་སྟེ། ཡི་གེ་ཧཱུཾ་དང་སྙིང་པོ་མཆོག་མངོན་པར་འདོད་པའི་དངོས་གྲུབ ་གསོལ་བར་བྱེད་པའི་ཕྱག་རྒྱ་དེ་ལ་ལན་ཅིག་མངོན་པར་བསྔགས་ཤིང་ལན་ཅིག་བཟླས་པའི་སྙིང་པོ་མཆོག་གིས་ཕྱག་རྒྱ་ཆེན་པོ་རབ་ཏུ་བསྒྲུབ་པར་བྱའོ།། རྒྱུ་ཅི་ཞིག་གི་ཕྱིར་ཞེ་ན། གང་གི་ཕྱིར་ཕྱག་རྒྱ་ཐམས་ཅད ་རབ་གྲུབ་ཅེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ལས་སྒྲུབ་པར་བྱེད་པའི་ཕྱག་རྒྱ་དེ་རྣམས་ནི་ཤིན་ཏུ་བསྒྲུབ་པ་ཡིན་པས་ན། ཕྱག་རྒྱ་ཐམས་ཅད་རབ་གྲུབ་བྱེད་ཅེས་བྱ་བ་སྟེ། གང་གི་ཕྱིར་ཧཱུཾ་གི་གཟུགས་ཅན་འདི། ་ནི་སྙིང་པོ་ཡིན།། དེ་བྱས་ན་ལས་ཐམས་ཅད་སྒྲུབ་པར་བྱེད་པའི་ཕྱག་རྒྱ་ལ་ཧཱུཾ་ཟློས་ཤིང་བཙུད་པར་བྱའོ།། དེའི་རྗེས་ལ་དེའི་སྙིང་པོ་ལས་རྣམས་ཀུན་ལ་ངེས་སྦྱོར་བས་ཞེས་བྱ་བ་ནི་དེ་ལྟར་ཡི་གེ་ཧཱུཾ་ལན་ཅིག་བཟླས ་ལ། མངོན་པར་འདོད་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་དེའི་རྗེས་ལ་ཨ་ནུ་རཱ་ག་ཡ་མི་ཧཱུཾ་ཞེས་བྱ་བ་ཉེ་བའི་སྙིང་པོ་དང་བཅས་པའི་ཧཱུཾ་བཟླས་པར་བྱ་སྟེ། དེ་ལྟ་བུས་ནི་རྗེ་སུ་མཉེས་པར ་བྱ་བ་ལ་སོགས་པ་ལས་ཀྱི་དངོས་གྲུབ་ཐམས་ཅད་ལ་དེ་རྣམས་ལས་ཐམས་ཅད་ལ་ངེས་པར་སྦྱོར་བ་བྱས་པར་འགྱུར་རོ།། དེ་ལྟར་བྱས་པས་ཇི་ལྟར་འགྱུར་ཞེ་ན། དོན་ཡོད་གྲུབ་པས་ལས་རྣམས་ནི། ཀུན་ལ་ཤིན་ཏུ་གྲུབ ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། དོན་ཡོང་བར་གྲུབ་པར་འགྱུར་བས་ཕྱག་རྒྱའི་ལས་ཀུན་ལ་ཞེས་པ་རྗེས་སུ་མཉེས་པར་བྱ་བ་ལ་སོགས་པ་ཐུམས་ཅད་ཤིན་ཏུ་ཞེས་བྱ་བ་ལྷག་པར་གྲུབ་པར་འགྱུར་རོ།། ཕྱག་རྒྱ་ཐམས་ཅད ་བདག་བྱིན་གྱིས་བརླབ་ཅེས་བྱ་བ་ལས་ཐམས་ཅད་འགྲུབ་པ་བྱེད་པའི་ཕྱག་རྒྱ་རྣམས་ནི་ཕྱག་རྒྱ་ཐམས་ཅད་དེ། དེ་རྣམས་ཀྱིས་ལེགས་པར་བྱིན་གྱིས་རློབ་པ་ནི་ཕྱག་རྒྱ་ཐམས་ཅད་རབ་ཏུ་བྱིན་གྱིས་རློབ་པ་སྟེ། དཔལ་རྡོ་རྗེ ་སེམས་དཔའི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ནུས་པ་གདུལ་བྱ་རྣམས་ཀྱི་རྒྱུད་ལ་སྒྲུབ་པའོ།། དེའི་དོན་གྱི་ཕྱག་རྒྱ་ནི་ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་ཡིན་ནོ།། ཕྱག་རྒྱ་རྡོ་རྗེ་ཞེས་བྱ་བ་ནི་དཔལ་རྡོ་རྗེ ་སེམས་དཔའི་ཕྱག་རྒྱ་འདིའོ།། ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བ་སྟེ། ཕྱག་རྒྱ་ཐམས་ཅད་མཆོག་ཏུ་བྱིན་གྱིས་རློབ་པའི་དོན་དེ་ཉིད་དུའོ།། དེ་ཅིའི་ཕྱིར་ཞེ་ན། གང་གྲི་ཕྱིར་དཀྱིལ་འཁོར་དག་ཀྱང་མ་མཐོང་བ་འམ། མཱ་བཤད ་པ་ལ་འདྲ་རབ་གྲུབ་འགྱུར་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་དུ་མ་ཞུགས་པ་ལ་མུ་བཤད་པ་ཡང་ཇི་སྐད་དུ་བཤད་པའི་མཚན་ཉིད་དུ་གྲུབ་པར་འགྱུར་རོ།། ཞེས་བྱའོ།། རྟོག་པ་འདིར་ནི་ཞེས་བྱ་བ་རྒྱུད་འདིར་རོ།། འཇིག ་པ་སོད་མིན་ཏེ་ཞེས་བྱ་བ་ནི་དམོ་ཚིག་ལས་ཉམས་པ་མེད་པའོ།། ཕྱག་རྒྱ་སྦྱིན་པའི་ནི་རྗེས་སུ་མཉེས་པ་ལ་སོགས་པའི་ལས་བསྒྲུབ་པར་ཕྱག་རྒྱའི་ཆེ་བ་ཉིད་བསྟན་པར་འདོད་པར་བྱ་བའི་ཕྱིར་གདུལ་བྱ་རྣམས་ལ ་རབ་ཏུ་སྟོན་པར་བཤད་ཅིང་འཁོར་ལ་མེད་པ་སྟེ། དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལའོ།། ཅིའི་ཕྱིར་འཁོར་ལ་མེད་པ་རྣམས་ལ་ཕྱག་རྒྱ་བསྟན་པ་འདི་ལ་འཇིག་ཅིང་ཉམས་པ་མེད་ཙ་ན། གོང་གི་ཕྱིར་བོདག་ལ་བྱིན ་གྱིས་རློབ་པས་རང་སྲས་རྒྱུ་ནི་འགྱུར་བ་ཡིན་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་དཀྱིལ་འཁོར་དུ་མོ་ཞུགས་པ་དེ་རྣམས་ཀྱིས་ཀྱང་ཕྱག་རྒྱ་བཅིངས་ཏེ། བཟླས་ན་འདི་སྐད་བཤད་པའི་བདག་ལ་བྱིན་གྱིས་བརླབས་པས ་དེ་བཞིན་གཤེགས་པ་ཉིད་ཀྱི་སྲས་བྱང་ཆུབ་སེམས་དཔའ་དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཀྱི་བག་ཆགས་བསྐྱེད་པར་འགྱུར་རོ།། བསམ་པར་ཤེས་ནས་སྦྱིན་པར་བྱ་ཞེས་བྱ་བ་ཕྱག་རྒྱའི་ཡུལ་ལ ་གདུལ་བ་རྣམས་ཀྱི་སེམས་དང་བློ་ཉིད་དུ་ཤེས་ན་ཕྱག་རྒྱ་སྦྱིན་པར་བྱའོ།། ཇི་ལྟ་བུ་ཞེ་ན། སྡིག་པ་ཆེན་པོ་བྱེད་པའང་ཞེས་བྱ་བ་གསུངས་ཏེ། མཚམས་མེད་པའི་ལས་ནི་སྡིག་པ་ཚོན་པོ་སྟེ། གང་གིས་དེ་བྱས་པ་དེ་ནི་སྡིག་པ ་ཆེན་པོ་བྱེད་པའོ།། སྡིག་པ་ཆེན་པོ་བྱེད་པ་དེ་རྣམས་ལའང་ཞེས་བྱ་བའི་སྒྲས་ནི་གཞན་དག་ལ་ནི་ཤིན་ཏུའང་སྦྱིན་པར་བྱའོ།། ཇི་ལྟ་བུ་ཞེ་ན་ཞེས་སྟོན་ཏོ།། དེ་ལྟ་བུ་ལ་ནི་དགོས་པ་ཅིའང་མེད་དོ།། ཞེས་གཞན་དག་སྟོན་ན། དེའི ་ཕྱིར་འདི་དག་བཅིངས་པ་ཙམ་གྱིས་དེ་དག་བྱེད་ཅེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བཤད་པའི་ལས་གྲུབ་པའི་ཕྱག་རྒྱ་འདྲི་དག་སྡིག་པ་ཆེན་པོ་བྱེད་པ་རྣམས་ཀྱིས་ཀྱང་བཅིངས་པ་ཙམ་གྱིས་སྡིག་པ་ཆེན་པོ་བྱེད་པའི་སེམས ་ཅན་དེ་ནི་དེ་དག་རྣམ་པར་སྦྱོང་བྱར་བྱེད་ཅིང་གཙང་བ་དང་དགྲ་པར་བྱེད་པ་ཡིན་ནོ།། གང་གི་ཕྱིར་སྡིག་པ་བྱེད་པོས་ཀྱང་འདིའི་བཙོངས་པ་ཙམྲ་གྱིས་དག་པར་བྱེད་པ་དེས་བྱིན་ཞིང་བཙལ་ན། དངོས་གྲུབ་ཐུད་འགྲུབ་པར་འགྱུར ་བས་ན་དགོས་པ་ཡོད་པ་ཉིད་ཡིནོ།། མཆོག་དང་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། རྟོག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པ་ཆེན་པོའོ།། དེ་ཉིད་རྟོག་པ་ཐམས་ཅད་ལས་མཆོག་ཏུ་གྱུར་པས་མཛེས་ཤིང་འབར་བས ་ན་རྒྱལ་པོའོ།། དེའི་བདེ་བ་ཆེན་པོ་ནི་ཐར་པ་ཆེན་པོའོ།། དེ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེ་ལྟ་བུ་ཡིན་པས་ན་རྡོ་རྗེའོ།། མངོན་པར་འདོད་པའི་དངོས་གྲུབ་ཐམས་ཅད་བསྐྱེད་པ་ཉིད་ཀྱིས་འབྲས་བུ་དང་བཅུས་པས་ན་དེ་ཉིད་དོན་ཡོད་པའོ།། དེ། ་རྒྱུ་མཐུན་པ་ལས་བྱུང་བ་དཔལ་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་ལ་སོགས་པའི་དེ་ཁོ་ན་ཉིད་ནི་དམ་ཚིག་གོ།། དེའི་ཆོ་ག་རྒྱས་པ་ནི་སྒྲུབ་པ་དང་བསྒྲུབ་པར་བྱ་བའི་རྒྱུ་ནི་དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྟོག་པ་ལས་བྱུང་བའི ་ཕྱིར་རྟོག་པ་ཞེས་བྱའོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་ལས་དུམ་བུ་གཉིས་པའི་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱེ་མའི་རྩ་བའི་རྒྱུད་ལས། དཔལ་རྡོ་རྗེ་སེམས་དཔའ་བདེ་བ ་ཆེན་པོ་རྡོ་རྗེ་གསང་བའི་དཀྱིལ་འཁོར་ཆེན་པོའི་བཤད་པ་རྫོགསོ།། ། དེ་ལྟར་འདོད་ཆགས་ཀྱིས་འདོད་ཆགས་སྤང་བར་བྱ་བའི་ཕྱིར་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གསུངས་ནས། ད་ནི་རང་བཞིན་བཟུང་བའི ་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་དེ་བཞིན་གཤེགས་པའི་རྟོག་པ་གསུངས་པ་ནི། དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ལ་སོགས་པོ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོའི་སྦྱོར་བའི་རྗེས ་ཐོགས་ཉིད་ལའོ།། འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་བཟུང་།། སྟོན་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པོ་རྟོག་པར་བྱ་བའི་ཕྱིར་སེམས་ཅན་རྣམས་ཀྱི་དོན་མཛད ་ཅིང་སྟོན་པས་རང་གྲི་བཀའ་བསྒོ་བ་ལ་ངེས་པར་སྦྱོར་བར་མཛད་པས་ན་སྟོན་པའོ།། རྡོ་རྗེ་འཛིན་པ་ནི་རྡོ་རྗེ་སེམས་དཔའོ།། འབྱིན་པ་ནི་སངས་རྒྱས་ལ་སོགས་པའི་སྤྲུལ་པ་མཛད་པའོ།། བྱེད་པ་ཞེས་བྱ་བ་ནི་འདུལ་བའི་སྐྱེ་བོ་རྣམས་དཔལ་རྡོ་རྗེ་སེམས ་དཔའ་ལ་སོགས་པའི་ངོ་བོར་མཛད་པའོ།། བདེ་བ་ཚེ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། བདེ་བ་ཆེན་པོ་རབ་བརྟེན་ཕྱིར་ཞེས་བྱ་བ་ནི། རབ་ཏུ་དགའ་བ་ལ་སོགས་པས་ཐོབ་པའི་སེམས་ཅན་རྣམས་ཀྱི་གཉིསུ་མེད་པའི་སེམས་དང་སེམས་ལས ་བྱུང་བའི་བརྟན་པའི་དོན་ཏོ།། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར་ཞེས་བྱ་བ་ནི་ཁམས་གསུམ་པར་གཏོགས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་སངས་རྒྱས་ཉིད་དུ་རྟོགས་པ་ནི་སེམས་ཅན་ཐམས་ཅད་རྣམ་པར་དག་པ་སྟེ། ་སེམས་ཅན་ཐམས་ཅད་རྣམ་པར་དག་པའི་ཕྱིར་དེ་བཞིན་གཤེགས་པའི་རིགས་འབྱུང་ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད་ནས་དེ་བཞིན་གཤེགས་པའི་རིགས་སྤྲུལ་པར་མཛད་ཅེ་ན། ཀུན་གྱི་བདག་ཉིད་ལ་ཞུགས་ཏེ་ཞེས་བྱ་བ་གསུངས་ཏེ། ་ཐམས་ཅད་ཀྱི་བདག་ཉིད་ནི་ཀུན་གྱི་བདག་ཉིད་དེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ།། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རང་བཞིན་ཞེས་བྱ་བའི་ཐ་ཚིགོ། ཀུན་གྱི་བདག་ཉིད་དེར་ཞུགས་པ་ནི་ཞུགས ་པར་མཛད་པའོ།། རྡོ་རྗེ་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། དེ་ཉིད་རབ་ཏུ་ཞུགས་པའོ།། ཀུན་གྱི་བདག་ཉིད་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཁམས་གསུམ་དང་མཉམ་ཟོད་པ་མེད་ཅེས་བྱ་བ་གསུངས་ཏེ། ན་མཁའི་ཁམས ་ཐམས་ཅད་ན་རྟག་ཏུ་གནས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་རྡོ་རྗེའི་ཁམས་ནི་ཐམས་ཅད་ཀུན་ནོ།། ཁམས་དེ་དག་ཐམས་ཅད་མཉམ་ཞིང་མཚུངས་པས་ན་ཁམས་ཀུན་དང་མཉ་མོ།། དེ་ཉིད ་ཀྱིས་མི་ཟད་པ་ཡིན་པས་ན། ཁམས་ཀུན་དང་མཉམ་ཟད་པ་མེད་ཅེས་བྱའོ།། ཁམས་ཀུན་དང་མཉམ་པ་ཡང་ཡིན་ལ་ཟད་པ་མེད་པ་ཡིན་པས་ཁམས་ཀུན་དང་མཉམ་ཟད་པ་མེད་ཅེས་བྱས་ཏེ། ཁམས་ཀུན་དྲང་མཉམ་ཞིང་ཟད་པ ་མེད་པའི་རྣམ་པར་སྣང་མཛད་དེ་ལ་ཞུགས་ནས། ཀུན་གྱི་བདག་ཉིད་དེ་མཉམ་ཞིང་མི་མཉམ་པ་མེད་པར་སྤྲོ་ཞིང་ཁྱབ་པར་མཛད་པ་ཡང་དག་པར་གྲུབ་པ་སྟེ། ལེགས་པར་གྲུབ་པའམ། མོ་ཉམས་པར་གྲུབ་པ་མི་འབྱུང་བའོ།། དེ་ཡང ་ལོང་སྤྱོད་རྫོགས་པའི་སྐུའི་རང་བཞིན་རྣམ་པར་སྣང་མཛད་ཀྱི་སྐུ་ལ་ཁྱབ་ཅིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོང་ལྷན་ཅིག་ཏུ་གྱུར་ཏོ།། ཞེས་བྱ་བའི་ཐ་ཚིའོ།། དེ་བཞིན་གཤེགས་པའི་རིགས་ཕྱུའོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ ་རྣམས་ཀྱི་རིགས་གང་ཡིན་པ་དེ་བསྐྱེད་པར་འགྱུར་རོ།། ཞིང་ནི་ཐམས་ཅད་མཐའ་ཡས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ན་མཁའི་ཁམས་ཐམས་ཅད་དང་འདྲ་བར་མཐའ་ཡས་ཤིང་རྒྱ་ཆེ་བའོ།། དེ་ཉིད་ནི་འཇིག་རྟེན་ཐམས་ཅད་།། ་ཁམས་བཅས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་དེ་རྣམས་ཉིད་ནས་ས་འོག་དང་ས་བླ་དང་ལྷ་ཡུལ་གྱི་རང་བཞིན་ཅན་མཐའ་ཡས་པའི་འཇིག་རྟེན་གསུམ་པོ་གང་ཡིན་པ་ནི་འཇིག་རྟེན་ཐམས་ཅད་དེ་ནི་འདོད་པ་དང་གཟུགས་དང ་གཟུགས་མེད་པའི་ཁམས་ཀྱི་མཐའ་ཡས་པ་དང་། ལྷན་ཅིག་ཏུ་གནས་པས་ན་འཇིག་རྟེན་ཐམས་ཅད་དང་། ཁམས་ཐམས་ཅད་བྱ་ཞེས་བྱའོ།། དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས།། ཏིལ་གྱི་གླང་བུ་བཞིན་དུ་གང་ཞེས་བྱ་བ་ནི། ཞིང་ཁམས་ཐམས་ཅད ་དང་ཇི་སྐད་དུ་བཤད་པའི་འཇིག་རྟེན་ཐམས་ཅད་ཁམས་དང་བཅས་པ་ཡིན་པ་དེ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐོམས་ཅོད་ཀྱི་རིགས་བསྐྱེད་པར་བྱ་བས་ན། དཔེར་ན་ཏིལ་གྱི་གང་བུ་ལ་ཏིལ་གྱི་ས་བོན་གྱི་བར་མཚམས་མེད་པར ་ཡོངསུ་གང་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པའི་ཞིང་ཐམས་ཅད་དང་། ཁམས་དང་བཅས་པའི་འཇིག་རྟེན་ཐམས་ཅད་རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དུས་དེའི་ཚེ་མྱུར་ཞིང ་རེངས་པར་ཡོངསུ་གང་བར་འགྱུར་རོ།། འཇིག་རྟེན་ཁམས་ནི་ཐམས་ཅད་ན། སེམས་ཅན་ཀུན་མདུན་ཡང་དག་ཞུགས་ཞེས་བྱ་བ་འདི་ནི་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་གང་ཡོངསུ་གང་བ་མཛད་པ་ནི་སངས་རྒྱས་དང་བཅས་པ་དང་། སངས་རྒྱས་མེད ་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་འགྲོ་བ་དྲུག་ཏུ་གཏོགས་པའི་སེམས་ཅན་ཐམས་ཅད་ལ་རེ་རེའི་ཡང་མདུན་ན་བཞུགས་པར་སྣང་བས། སེམས་ཅན་ཀུན་མདུན་ཡང་དག་ཞུགས་ཞེས་བྱ་བའོ།། ཅི་ཞིག་གི་དོན་དུ་ཞེ་ན། སེམས་ཅན་ཐམས་ཅད ་རྣམ་དག་ཕྱིར་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་ཅད་།། དེ་རྣམ་པར་དག་པ་ནི་བླ་ན་མེད་པའི་བྱང་ཆུབ་མངོན་སུམ་དུ་བྱོས་པས་ཉོན་མོངས་པ་བག་ཆགས་དང་བཅས་པའི་དྲི་མ ་དང་བྲལ་བྱ་སྟེ། དེའི་དོན་ཏུ་སེམས་ཅན་གྱི་མདུན་ན་བཞུགས་སོ།། སེམས་ཅན་དེ་དག་ཐམས་ཅད་དེ་རྣམས་བཞུགས་པས་ཡང་དག་པར་འགྱུར་རམ་མི་འགྱུར་ཞེ་ན། རང་གི་ལས་ཀྱིས་ངག་མ་གྱུར་ཞེས་བྱ་བ་གསུངས་ཏེ། ་དམ་པའི་ཆོས་སྤོང་བ་ལ་སོགས་པའི་རང་གི་ལས་ལ་འཇུག་པ་ག་ང་ཡིན་པས་སེམས་ཅན་དེ་དག་ཐམས་ཅད་དག་པར་མི་འགྱུར་ཞིང་། སངས་རྒྱས་ཉིད་མངོན་སུམ་དུ་བྱས་པར་མ་གྱུར་ཏོ།། དེའི་ཚེ་ནི་དེའི་དུས་ནའོ།། དེ་རྣམས་ནི ་འདུས་པ་མཛད་དེ། སེམས་ཅན་ཐམས་ཅད་ཀྱི་མདུན་དུ་བཞུགས་པའི་སངས་རྒྱས་ཐམས་ཅད་།། སེམས་ཅན་གྱི་ཁམས་གསོ་དཀའ་བ་ཉིད་ཡིན་ཞེ་ན། རང་བཞིན་གྱིས་ཞེས་བྱ་བ་སྨོས་ཏེ། རང་གི་ངོ་བོ་ཉིད་ནི་རང་བཞིན་ཏེ། དམ་པའི་ཆོས ་སྤོང་བ་ལ་སོགས་པ་ལ་འཇུག་པའི་ལས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་སྣོད་དུ་མ་གྱུར་པ་ཡིནོ།། སེམས་ཅན་གྱི་ཁམས་རྣམས་རང་བཞིན་གྱིས་གསོ་དཀའ་བ་དེས་ན། རང་གི་ལས་ནི་སྦྱང་བའི་ཕྱིར། བཏང་སྙོམས་ཆེན་པོ་མཛད་པ་ཡིན ་ཞེས་བྱ་བ་ཡིན་ཏེ། རང་གི་ཡང་ཡིན་ལཱ་ལས་ཀྱང་ཡིན་པས་རང་གི་ལས་ཏེ། སེམས་ཅན་དེ་རྣམས་ཀྱི་དམ་པའི་ཆོས་སྤོང་བ་ལ་སོགས་པའི་ལས་རྣམསོ།། སྦྱང་བའི་ཕྱིར་ཞེས་བྱ་བ་ནི་སྐལ་པ་མེད་པའི་སེམས་ཅན་དེ་རྣམས་ཀྱི ་སྡིག་པ་བསལ་བའི་དོན་སྦྱང་བའི་ཕྱིར་རོ།། དོན་དེའི་ཕྱིར་སངས་རྒྱས་དེ་དག་ཐམས་ཅད་བཏང་སྙོམས་ཆེན་པོ་མཛད་པ་ཡིན་ཏེ། སྐལ་པ་དང་མི་ལྡན་པའི་སེམས་ཅན་དེ་རྣམས་སྦྱང་བའི་ཕྱིརརོ།། དོན་དེའི་ཕྱིར་སངས་རྒྱས ་དེ་ཐམས་ཅད་བཏུང་སྙོམས་ཆེན་པོ་མཛད་བུ་ཡིན་ཏེ། སྐལ་པ་དུང་མི་ལྡན་པའི་སེམས་ཅན་དེ་ཐམས་ཅད་སྦྱང་བའི་ཕྱིར་རེ་ཞིག་འབད་པ་མི་མཛད་ཀྱི། དུས་གཞན་གྱི་ཚེ་སྨིན་པར་བྱ་བའི་སྒོ་ནས་སེམས་ཅན་གྱི་ཁམས་སྦྱང་བར ་བྱའོ་སྙམ་དུ་དགོངས་ནས་བཏང་སྙོམས་ཆེན་པོ་མཛད་པ་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤོད་པའི་སེམས་ཅན་ཐམས་ཅད་ཡོངསུ་སྦྱང་བའི་ཕྱིར། གང་གི་ཚེ་མདུན་ནོ་བཞུགས་པར་གྱུར་པས་སེམས་ཅན་གྱི་ཁམས ་རྣམསོ།། རྣམ་པར་སྦྱོང་བར་མཛད་པར་མ་སྤྱོད་པར་གྱུར་པ་དེའི་ཚེ། སེམས་ཅན་གྱི་ཁམས་སྐལ་བ་མྱེད་པ་ན་འབད་པ་ནི་འབྲས་བུ་མྱེད་པར་མཁྱེན་ན། སངས་རྒྱས་དེ་ཐམས་ཅད་སེམས་ཅནྡ་ཐམས་ཅད་སྦྱང་བའི་དོན་དུ ་འབད་པ་བཏང་ནས་བཞུགས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཏང་སྙོམས་ཆེན་པོ་མཛད་པའི་རྗེས་ཐོགས་ཉིད་ལོའོ།། བཅོམ་ལྡན་འདས་རྡོ་རྗེ་ཅན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ།། སེམས ་དཔའ་ཆེན་པོ་བདེ་བ་ཆེ་ཞེས་བྱ་བ་ནཱི་བཱ་ཤད་ཟིན་ཏོ།། སྐུད་ཅིག་གིས་ཞེས་བྱ་བ་ནི། སྐད་ཅིག་མ་གཅིག་གིསོ།། ཡང་དག་བསྐུལ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ལ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའི་ཕྱིར ་ཡང་དག་པར་བསྐུལ་བར་གྱུར་པའོ།། རྡོ་རྗེ་ཅན་རང་བཞིན་ཇི་ལྟ་བུ་ཞིག་སྐད་ཅིག་གིས་སངས་རྒྱས་ཐམས་ཅད་ཡང་དག་པར་བསྐུལོ་ཅེ་ན། བྱང་ཆུབ་ཆེན་པོར་ཐུགས་བརྟན་པས་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་ཀྱང་ཡིན་ལ་ཆེན་པོ། ་ཡང་ཡིན་པས་བྱང་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། དེའི་རང་བཞིན་ཡིན་པས་ན་བརྟན་ཞིང་མི་ཕྱེད་པའི་ཐུགས་འདི་ལ་ཡོད་པས་ན་བྱང་ཆུབ་ཆེན་པོར་ཐུགས་བརྟན་པ་དེ། དེ་ལྟ་བུའི ་རྡོ་རྗེ་ཅན་གྱིས་སངས་རྒྱས་ཐམས་ཅད་སྐད་ཅིག་གིས་ཡང་དག་པར་བསྐུལ་བར་གྱུར་པའོ།། ཇི་ལྟར་ཡང་དག་པར་བསྐུལ་ཞེ་ན། སེམས་ཅན་ཀུན་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།། སེམས་ཅན་ཡང་ཡིན་ལ་ཀུན་ཡང་ཡིན ་པས་སེམས་ཅན་ཀུན་ནོ།། དེ་རྣམས་ལ་ཕན་པའི་མ་འོངས་པའི་དུས་ན་བདེ་བའི་ལས་སོ།། དེ་ཉིད་ནི་བསོད་ནམས་ཏེ། གཙང་ཞིང་དག་པར་བྱེད་པས་ན་བསོད་ནམོས་སོ།། དེ་ཅི་ཞིག་ཅེ་ན། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ ་ཀྱི་མཚན་ཉིད་ཅན་གྱི་སེམས་ནི་བྱང་ཆུབ་སེམས་སྷོ།། བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ།། ཅི་གཞིག་ཏུ་རུང་བ་ཞིག་གམ་མོ་ཡིན་ཏེ། བརྟན་པ་ཞེས་བྱ་བ་གསུངས་ཏེ། དེ་བོཞིན་ཉིད་ཀྱི་རྡོ་རྗེ་མི་ཤིགས་པོ་ནི་བདག་ཉིད་སྟོན་ཏོ།། ་ཤིན་ཏུ་བཏང་སྙོམས་མ་མཛད་ཅིག་ཅེས་བྱ་བ་ནི་གང་གི་ཕྱིར་སེམས་ཅན་ཀུན་ལ་ཕན་པའི་བསོད་ནམས་བྱང་ཆུབ་ཀྱི་སེམས་བརྟན་ཞིང་མི་ཕྱེད་པ་དག་ཡིན་པ་ངོས་ན་སེམས་ཅན་ཐམས་ཅད་སྦྱང་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས ་བཏང་སྙོམས་མ་མཛད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་རྣམས་ཀྱིས་བཏང་སྙོམས་མཛད་ན་སེམས་ཅན་རྣམས་ངན་འགྲོར་འགྲོ་བས་སེམས་ཅན་གྱི་ཁམས་བརྒྱུད་པར་འགྱུར་རོ།། དེ་ལྟར་དཔལ་རྡོ་རྗེ་སེམས་དཔའི་སངས་རྒྱས་ཐམས་ཅད ་སེམས་ཅན་གྱི་དོན་གྱི་ཕྱིར་ཡང་དག་པར་བསྐུལ་བར་གྱུར་པ་དང་། དེ་རྣམས་སེམས་ཅན་གྱི་དོན་གྱི་ཐབས་སྟོན་ཅིག་ཅེས་སངས་རྒྱས་རྣམས་ཀྱིས་དེ་སྐད་དུ་གསུངས་པ་ཡིན་ནོ།། ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་སྟོན་པའི་ཚིག་གོ།། ་ངས་རྒྱས་ཀྱིས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་སོ།། གང་གསུངས་ཤེ་ན། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན་ཞེས་བྱ་བ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་ནི། སྐུ་གསུང་ཐུགས ་སོ།། དེ་འདི་ལ་མངའ་བས་ན་སྐུ་གསུང་ཐུགས་རྡོ་རྗེ་ཅན་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཅན་དང་ལྡན་པའི་རྡོ་རྗེ་སེམས་དཔའོ།། ཇི་ལྟར་གསུངས་ཤིང་ཅི་ཞིག་གསུངས་ཤེ་ན། ཁྱེད་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་སེམས ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་སོ།། བདག་ཅི་ཞིག་ཡིན་ཞེ་ན། ཐབས་ཞེས་བྱ་བ་གསུངས་ཏེ། ཡིད་ལ་མངོན་པར་འདོད་ཅིང་བསམ་པའི་དོན་བདེ་བས་ཐོབ་པར་བྱེད་པས་ན་ཐབས་ཞེས་བྱའོ།། གང་གིསོ་ཐབས་ཡིན་ཞེ་ན། ་སྙིང་རྗེའི་བདག་ཉིད་ཅན་གྱི་ཞེས་བྱ་བ་གསུངས་ཏེ། མི་དམིགས་པའི་ཐུགས་རྡོ་རྗེ་ཆེན་པོའི་རང་བཞིན་ཅན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིའོ།། ཁྱེད་ཅེས་བྱ་བ་ནི་ཁྱེད་ཉིད་ཡིན་ཏེ་གཞན་མ་ཡིན་པའོ།། འདིས་ནི་འདི་སྐད ་སྟོན་ཏེ། གང་གི་ཕྱིར་ཁྱེད་ནི་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཅན་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སེམས་ཅན་རྣམ་པར་སྦྱོང་བའི་ཐབས་ཡིན་ལ། དེ་བས་ནི་སེམས་ཅན་རྣམ་པར་སྦྱོང་བའི་ཐབས་ཁྱེད ་ཀྱིས་སྤྲོས་ཤིག་ཅེས་དེ་བཞིན་གཤེགས་པ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་གསུངས་པ་ཡིན་ནོ།། དེ་ལྟར་སེམས་ཅན་གྱི་དོན་གྱི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་རྡོ་རྗེ ་འཆང་ལ་གསོལ་བ་བཏབ་པ་དང་། དེ་མཛད་པ་བསྟན་པའི་ཕྱིར། དེ་ནས་སྟོན་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་སྔ་མ་བཞིན་ནོ།། སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ནི་བཤད་ཟིན་ཏོ།། དེ་ཚེ་ཀུན་ནས ་བྱིན་གྱིས་བརླབས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ཁམས་གསུམ་པ་ཐམས་ཅད་ཀུན་ནས་ཁྱབ་པར་བྱིན་གྱིས་བརླབ་པ་ན། ཀུན་ནས་བྱིན་གྱིས་བརླབ་པ་སྟེ། དེ་མཛད་པར་གྱུར་པ་ན། ཀུན་ནས་བྱིན ་བྱིན་གྱིས་བརླབས་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏུབ་པའི་དུས་སུ་དེ་ལྟར་མཛད་པའོ།། ཅི་ཞིག་ཀུན་ནས་བྱིན་གྱིས་བརླབས་ཤེ་ན། བདེ་བ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདེ ་བོ་ཆེན་པོ་རྡོ་རྗེ་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེ་ལས་སྐྱེས་པས་ན་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བའོ།། དེ་ཉིད་ཀྱིས་ན་དམ་པ་སྟེ་མཆོག་གོ།། དེའི་ཚད་ཇི ་ཙམ་ཞེ་ན། ཁམས་གསུམ་འཁོར་ལོ་འོན་ཁྱོན་གྱིས་ཞེས་བྱ་བ་གསུངས་ཏེ། འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་ནི་ཁམས་གསུམ་གྱི་འཁོར་ལོའོ།། ངེས་ཁྱབ་པའི་ངང་ཚུལ་འདི་ལ་ཡོད ་པས་ན། ཁམས་གསུམ་གྱིས་ནི་རྒྱ་ཁྱོན་ཞེས་བྱའོ།། འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འཁོར་ལོ་ཆེན་པོ་སྟེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ།། ཁམས་གསུམ་འཁོར་ལོའི་རྒྱུ་ཁྱོན་ཡང་ཡིན ་ལ་འཁོར་ལོ་ཆུན་པོ་ཡང་ཡིན་པས་ན་ཁམས་གསུམ་པའི་རྒྱ་ཁྱོན་གྱི་འཁོར་ལོ་ཆེན་པོའོ།། གདོད་ནས་བྱུང་ཞེས་བྱ་བ་དེ་ལྟར་བྱུང་བའི་ཚུལ་གྱིས་རྟག་ཏུ་བཞུགས་པས་ན་གདོད་མ་ནས་བྱུང་བའོ།། དེའི་ཁམས་གསུམ ་ལ་གནས་པའི་སེམས་ཅན་རྣམས་རབ་ཏུ་བསྒྲུབ་ཅེས་བྱ་བ་ནི་ཁོམས་གསུམ་གྱི་འཁོར་ལོའི་རྒྱ་ཁྱོན་ཅན་གྱི་རྣམ་པོར་སྣང་མཛད་ཀྱི་དཀྱིལ་འཁོར་ངེས། འདོད་པ་དང་། གཟུགས་དང་། གཟུགས་མེད་པ་སྟེ། ཁམས ་གསུམ་ན་གནས་པའི་སེམས་ཅན་ཐམས་ཅད་སྐལ་པོ་ཇི་ལྟ་བ་བཞིན་དུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་རིགས་ལ་མིངོན་པར་འདོད་ཅིང་བརྩོན་པར་རབ་ཏུ་བསྒྲུབས་ཏེ། དེ་བཞིན་གཤེགས་པའི་རིགས་རྟོགས ་པར་བྱ་བའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ་སོགས་པ་ལ་རབ་ཏུ་གཞག་པའོ།། དེ་ཚེ་དག་པ་གྲུབ་པར་འགྱུར་ཞེས་བྱ་བ་ནི་ང་ནས་དུས་དེའི་ཚེ་སྟེ་བསྐལ་པ་བཟང་པོ་ལ་སོགས་པ་དང་པོའི་ཚེའོ།། སེམས་ཅན ་སྐལ་པ་ཇི་ལྟ་བ་བཞིན་དུ་ཉོན་མོངས་པ་བག་ཆགས་དང་བཅས་པ་དང་བྲལ་བས་དག་པ་ཡིན་ནོ།། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་བསྐུར་བ་ཐོབ་པ་སྒྲུབ་པས་གྲུབ་པ་ཡིན་ནོ།། སངས་རྒྱས་ཀུན་སོགས ་དངོས་གྲུབ་ལ་ཞེས་པ་ནི་སངས་རྒྱས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ན་སངས་རྒྱས་ཀུན་ཏེ། རྣམ་པར་སྣང་མདད་ལ་སོགས་པའོ།། དེ་རྣམས་ཀྱི་དངོས་གྲུབ་ནི་སངས་རྒྱས་ཀུན་སོགས་དངོས་སྒྲུབ་སྟེ་སངས་རྒྱས་བྱང་ཆུབ་ཐོབ། ་པའོ།། དེ་ལ་སོགས་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ནས་རྡོ་རྗེ་སེམས་དཔའི་བར་གྱི་རིགས་ཐམས་ཅད་ཀྱི་དངོས་གྲུའི་གང་ཡིན་པ་དེ་ནི་སངས་རྒྱས་ཀུན་སོགས་དངོས་གྲུབ་སྟེ། སངས་རྒྱས་ཀུན་སོགས་པའི་དངོས་གྲུབ་ཀྱི་ཡུལ་དེ་ལྔའོ།། ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྐུ་དང་གསུང་དང་ཐུགས་ཞེས་བྱ་བ་ལ་སོགས་པ་གང་གསུངས་པ་དེས་འདུས་པ་མཛད་པའི་སངས་རྒྱས་ཐམས་ཅད་ཀྱི་གསོལ་བ་བཏབ་པ་ཡིན་ཏེ། འདུས་པ་མཛད་ནས་རྡོ་རྗེ་སེམས་དཔའ་ལ་དེ་བཞིན ་གཤེགས་པའི་རིགས་སྟོན་པར་མཛད་པའི་ཕྱིར་གསོལ་བ་བཏབ་པ་ཡིན་ནོ།། ཇི་ལྟ་བུ་ཞེ་ན། དེ་བཞིན་གཤེགས་པའི་རིགས་ཆེན་པོའི། སངས་རྒྱས་ཀུན་མཆོག་བཤད་དུ་གསོལ།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་ནི་དེ་བཞིན་གཤེགས་པའི ་རིགས་ཏེ། དེ་ཡང་ན་མཁར་ཐམས་ཅད་ཁྱབ་པས་ན་ཆེན་པོའོ།། སངས་རྒྱས་ཀུན་ནི་ཇི་སྐད་དུ་བཤད་པ་རྣམས་སོ།། དེ་རྣམས་ཀྱི་མཆོག་ཡིན་པས་ན་སངས་རྒྱས་ཀུན་མཆོག་སྟེ། བྱང་ཆུབ་ཆེན་པོའི་མཚན་ཉིད་ཅན་གྱི་སེམས་ཀྱི་རང་བཞིན་གྱིས ་སྐུའི་གསང་བའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱིས་དམ་པར་གྱུར་པས་ན་མཆོག་སྟེ། གང་གི་ཕྱིར་དེ་རྣམས་སེམས་དེ་དང་རྗེས་སུ་འབྲེལ་པ་ཡིན་ནོ།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས ་ཐོགས་ཉིད་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་སོགས་པ་འདུས་ནས་བྱོན་པ་དེ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ལ་ཡང་དག་པར་བཞུགས་པས་སྐུ་གསུང་ཐུགས ་ལ་ཡང་དག་པར་ཞུགས་ཞེས་བྱའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཡང་དག་པར་སྤྲོས་ནས་འདི་གསུངས་སི་ཞེས་བྱ་བ་ནི་དེ་ལྟར་བཤད་མ་ཐག་པའི་ཚུལ་གྱིས་རྡོ་རྗེ་སེམས་དཔའ་སངས་རྒྱས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ ་ཞུགས་ཏེ། དེ་ནས་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག་མཛད་ནས་ཤེ་ན། ཡང་དེ། ག་སྤྲོས་ནས་ཞེས་བྱ་བྱ་གསུངས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར་པའི་རྡོ ་རྗེ་སེམས་དཔའི་མཉམ་པའི་སྤྲོ་བ་དེ་མཛད་པ་ནི་ཡང་དག་པར་མཉམ་པར་སྤྲོ་བའོ།། འདི་གསུངས་སོ་ཞེས་བྱ་བོ་ཨོཾ་བྷུ་ཁཾ་ཞེས་བྱ་བ་བཀའ་སྩལ་པའོ།། དེ་ནས་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། བདུད་རྣམས་བཅོམ་པ་ལ་སོགས་པ་ནི ་ཞེས་བྱ་བ་ནི་ཇི་ལྟར་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གདན་ལ་བཞུགས་ཏེ། བདུད་བཅོམ་པར་མཛད་པ་དེ་བཞིན་དུ། དེའི་ཚེ་འདུལ་བར་མཛད་པའི་སངས་རྒྱས་ཐམས་ཅད་ཀྱིས་བདུད་བཅོམ་པར་མཛད་ཅིང་ཁམས་གསུམ་པ་དེར་བྱང་ཆུབ་ཀྱི ་སྙིང་པོར་བྱིན་གྱིས་བརླབས་ཤིང་བརྟན་པར་མཛད་པ་ཡིན་ནོ།། སོགས་པའི་སྒྲས་ནི་དབང་བསྐུར་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ལོག་པར་སྤྱོད་པའི་སེམས་ཅན་འདུལ་བ་དང་། སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་རྣམས་བསྡུ ་བ་ལ་བྱའོ།། དེ་ལ་མི་བསྐྱོད་པའི་ཚུལ་གྱིས་ནི་བདུད་རབ་ཏུ་བཅོམ་པ་ཡིན་ནོ།། རིན་ཆེན་འབྱུང་ལྡན་གྱི་ཚུལ་གྱིས་ནི་དབང་བསྐུར་བ་ཐོབ་པ་ཡིན་ནོ།། འོད་དཔག་ཏུ་མེད་པའི་ཚུལ་གྱིས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ནོ།། ་དོན་ཡོད་པར་གྲུབ་པའི་ཚུལ་གྱིས་ནི་ལོག་པར་སྤྱོད་པའི་སེམས་ཅན་རྣམས་འདུལ་བ་ཡིན་ནོ།། རྣམ་པར་སྣང་མཛད་ཀྱིས་ཚུལ་གྱིས་ནི་སངས་རྒྱས་ཐམས་ཅད་བསྡུས་པ་ཡིན་ནོ།། དེ་ལྟར་ན་དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ནས་བརྩམས་ཏེ།། ་བྱང་ཆུབ་སྙིང་པར་བྱིན་གྱིས་བརླབས་ཞེས་བྱ་བར་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། དེ་ནས་བསྡུ་བ་ནས་བརྩམས་ཏེ་གསུངས་པ་ཡིན་པས་ཤེས་པར་བྱའོ།། ། དེ་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས ་ཀྱོ་བཟླས་བརྗོད་དང་བསྒོམ་པ་བྱའོ།། ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་སྟོན་པ་རྡོ་རྗེ་འཛིན། དཀྱིལ་འཁོར་མཆོག་ནི་བཀའ་སྩལ་པ། ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པའི་ཚི་ག་སྷོ། ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ།། རྡོ་རྗེ་འཛིན་པ་ཞེས་བྱ་བ་ནི་གོ་བར་ཟད་དོ།། རྟོག་པ་ཀུན་གྱི་བདེ་བ་ཆེ་ཞེས་བྱ་བ་རྟོགས་པ་ཡང ་ཡིན་ལ་ཀུན་ཡང་ཡིན་པས་ན་རྟོག་པ་ཀུན་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱའི་ཚུལ་ལོ།། དེ་རྣམས་ཀྱི་བདེ་བ་ཆེན་པོའི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་ཐོབ་པའི་རྒྱུར་གྱུར་པའི་ཕྱིར་དང་། དེའི་རྒྱུ་མཐུན་པ་ལས་བྱུང་བས། ་དཀྱིལ་འཁོར་འདི་ཡང་རྟོག་པ་ཀུན་གྱི་བདེ་བ་ཆེན་པོ་ཞེས་བྱའོ།། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ།། གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་གང་གི་ཕྱིར་རོ།། ཡང་དག་པར་རབ་ཏུ་ཕྱེ་སྟེ། བཤད་པས་ན་ཡང་དག་རབ་བཤད་པའོ།། དཀྱིལ་འཁོར་ཆེན ་པོ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཏེ། སྐུའི་གསང་བ་གཙོར་གྱུར་པའི་དཀྱིལ་འཁོར་ཆེན་པོའི་དེ་ཉིད་ནི་དེ་བཞིན་གཤེགས་པའི་རིགས་ཀྱིས་འདུལ་བའི་སེམས་ཅན་རྣམས་འདུལ་བས་ན་དཀྱིལ་འཁོར ་གཞན་ལས་མཆོག་ཏུ་གྱུར་པས་ན་དམ་པ་ཡིན་ཞེས་བྱའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ཏིང་ངེ་འཛིན་གསུམ་བསྒོམ་པས་ན་ཉེ་བར་བཟུང་སྟེ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར ་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་དེའི་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས་པ་མཐོང་བའི་སྤྲུལ་བ་མེད་པའི་སེམས་ཅན་སྐལ་པ་དང་ལྡན་པར་བྱ་བའི་ཕྱིར་དཀྱིལ་འཁོར་ཡང་དག་པར་བྱི་བར་བྱའོ།། དབྱིབས་ཇི་ལྟ་བུར་བྲི་བར ་བྱ་ཞེ་ན། དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔལ་རྡོ་རྗེ་སེམས་དཔའི་ཕྱི་མའི་དཀྱིལ་འཁོར་བཤད་མ་ཐག་པའི་དཀྱིལ་འཁོར་ཆེན་པོ་འདོར་ཕྱིའི་དཀྱིལ་འཁོར་ཡིན་ལ། དེའི་མཆོག་གང་ཡིན་པ་དེ་ནི་དཀྱིལ ་འཁོར་ཆེན་པོའི་ཕྱིའི་མཆོག་ཅེས་བྱའོ།། དེར་ཅི་ཞིག་བྱ་ཞེ་ན། རྡོ་རྗེ་འཁོར་ལོ་ཡང་དག་བྲི་ཞེས་བྱ་བ་སྟེ། རྡོ་རྗེ་འཁོར་ལོ་ཟླུམ་པོ་ལ་རྡོ་རྗེ་ཕྲེང་བའི་ཚུལ་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱ་བའི་དཀྱིལ་འཁོར་ནི་རྡོ་རྗེ་འཁོར་ལོ ་སྟེ་ཡང་དག་པར་བྲི་བར་བྱ་བའོ།། འཁོར་ལོའི་ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དཀྱིལ་འཁོར་ཆེན་པོ་དེ་བྱིས་ནས་དཀྱིལ་འཁོར་དབུས་མའི་དབུས་ལྟེ་བ་སངས་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཛུམ ་པ་མི་སྣང་བ་སྟེ། ཚེམས་མངོན་པའི་འཛུམ་པ་གང་ཡིན་པ་དེ་ནི་འཛུམ་པོ་སྣང་བ་ཡིན་ལ། འདིའི་འཛུམ་པ་མི་མངོན་པས་ན་མི་སྣང་བ་སྟེ། འཛུམ་པ་མི་སྣང་བའི་སངས་རྒྱས་ཀྱི་མཆོག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་སུ་རོ་ཏེ། ་ས་མུ་ཡཱི་སྟྭཾ་ཧོ་སིདྡྷི་མཾ་ས་ཤིང་དབུས་སུ་དགོད་པར་བྱའོ།། དེ་ནས་རྣམ་པར་སྣང་མཛད་དེའི་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་བདུད་ལས་རྣམ་པར་རྒྱལ་བར་མཛད་པའི་སངས་རྒྱས་མི་བསྐྱོད་པ་ཡང་དག་པར་བྲི་བར་བྱ་སྟེ། རྣལ ་འབྱོར་པ་མི་བསྐྱོད་པའི་སྦྱོར་བས་བདུད་ལས་རྣམ་པར་རྒྱལ་བར་བྱེད་ཅིང་བཛྲ་སཏྭ་ཤེས་ཟློས་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་མི་བསྐྱོད་པའི་བར་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། གཡས་སུ་བྱང་ཆུབ་སེམས་དཔའོ་ནོར་ཆེན་གྱི་ནི ་དབང་བསྐུར་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡས་ཀཱི་ལི་ཀཱི་ལའི་གནས་སུ་རྣལ་འབྱོར་པས་འཕགས་པ་ན་མཁའི་སྙིང་པོ་ལ་སོགས་པའི་ནོར་ཆེན་པོ་རིན་པོ་ཆེའི་རིགས་ཀྱི་རང་བཞིན་གྱིས་དབང་བསྐུར་ཞིང ་དབང་བསྐུར་བ་དེ་བྱེད་བཞིན་དུ་བྲི་བར་བྱའོ།། འདི་སྐད་སྟོན་ཏོ།། རྣལ་འབྱོར་པ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་དོང་ལྡན་པས་བཛྲ་རཏྣ་ཞེས་བཟླས་ལ་བདག་ཉིད་འཕགས་པ་ན་མཁའི་སྙིང་པོ་ལ་སོགས་པ་ནོར་བུའི་རིགས་ཀྱི་རང་བཞིན ་གྱིས་བྱང་ཆུབ་སེམས་དཔའི་རིན་པོ་ཆེའི་ཅོད་པན་ལྔ་སོགས་པས་དབང་བསྐུར་བར་བསམ་ཞིང་བཅོམ་ལྡན་འདས་སངས་རྒྱས་རིན་ཆེན་འབྱུང་ལྡན་རཏྣ་ཞེས་ཟློས་ཤིང་གཡས་ལོགས་སུ་བྲི་བར་བྱའོ།། རྒྱབ་ཏུ་བྱང་ཆུབ་སེམས་དཔའ ་དང་མཉམ་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་རྡོ་རྗེ་ཆོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་མཉམ་དུ་ལྷན་ཅིག་ཆོས་ཀྱི་འཁོར་ལོ་བསྐོར ་ཞིང་དམ་པའི་ཆོས་སྟོན་པ་ཏེ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱིས་ཆོས་སྟོན་ཅིང་རྣལ་འབྱོར་རོ།། བཅོམ་ལྡན་འདས་སངས་རྒྱས་འོད་དཔག་ཏུ་མེད་པ་བྲི་བར ་བྱའོ།། འདི་སྐད་སྟོན་སྟེ། རྣལ་འབྱོར་པ་འོད་དཔག་ཏུ་མེད་པའི་ང་རྒྱལ་བསྒོམ་ཞིང་བཛྲ་དྷརྨཱ་ཞེས་ཟློས་ཤིང་རྡོ་རྗེ་མ་ལ་སོགས་པའི་པདྨའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཆོས་ཐམས་ཅད་རང་བཞིན་གྱིས ་རྣམ་པར་དྲག་པའོ་ཞེས་སྟོན་ཅིང་སངས་རྒྱས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བྲི་བར་བྱའོ།། གཡོན་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཡོན་ལོགས་རྡོ་རྗེ་བསྣམས་མའི་གནས་སུའོ།། ལོག་པར་རྣམ ་དྲེགས་པ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་དྲེགས་བདོ་བོ་རྣམས་ནི་ལོག་པ་རྣམས་དྲེགས་པའོ་ཞེས་བྱའོ།། ལོག་པ་རོ་དྲེགས་པ་དེ་བསྒྲུབ་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་ཚུལ་སྤྲུལ་པར་མཛད་ནས་དེ་ནས་དེ ་རྣམས་རང་དབང་དུ་མཛད་པའོ།། བསྟན་པ་དམ་པ་ལ་མངོན་པར་དགའ་ཞིང་ནན་ཏན་ལྷུར་བྱེད་པ་དང་ལྡན་པའི་རྣམ་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་ནི་ཤིན་ཏུ་ཡི་རང་མཛད་པ་བཅོམ་ལྡན་འདས་སངས ་རྒྱས་དོན་ཡོད་གྲུབ་པ་བྲི་བར་བྱའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔགས་པས་དོན་ཡོད་པར་གྲུབ་པའི་ང་རྒྱལ་བསྐྱེད་ལ་བཛྲ་ཀརྨ་ཞེས་ཟློས་ཤིང་རང་གི་ལུས་ལས་རྡོ་རྗེ་རིགས་རྣམས་སྤྲོས་ལ། དེས་ལྷ་ཆེན་པོ་ལ་སོགས་དྲེགས་བདེ་བའི ་སེམས་ཅན་བཏུལ་ཏེ། རང་དབང་དུ་བྱས་པར་ཡིད་ཀྱིས་བསམས་ཤིང་བསྟན་པ་ལ་མངོན་པར་དགའ་བ་རྣམས་ཀྱང་ཞི་བའི་ཚུལ་གྱིས་རང་དབང་དུ་བྱས་པར་ཡིད་ཀྱིས་བསམས་ལ་བཛྲ་ཀརྨ་ཞེས་བྱ་བའི་སྙིང་པོ་འདིས་བཅོམ་ལྡན་འདས ་དོན་ཡོད་གྲུབ་པར་བྲི་བར་བྱའོ།། དེ་ནས་འདི་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། མཚམས་ཀྱི་ཆར་ནི་རྡོ་རྗེ་དང་། རིན་ཆེན་སྡོང་བུ་ནོར་བུ་བྲིའོ་ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་དེ་ཉིད་ཀྱི་མེའི་མཚམས་སུ་རྡོ་རྗེ་རྩེ་ལྔ་པ། ་བདེན་བྲལ་དུ་རྡོ་རྗེ་རིན་ཆེན། རླུང་གི་མཚམས་སུ་སྡོང་བུ་སྟེ་རྡོ་པདྨོ། དབང་ལྡན་དུ་སྣ་ཚོགས་རྡོ་རྗེའི་མིང་ནོར་བུ་ཞེས་བྱ་བ་བྲི་བར་བྱའོ།། དེ་ནས་འདི་རྣམས་ཀྱི་ཞེས་བྱ་བ་ནི་གོ་སླའོ།། མཚམས་རྣམས་སུ་ནི་ལྷ་མོར་བཤད་ཅེས་བྱ་བ་ནི། སྒེག་མོ ་བཞད་མ་གླུ་ཆེན་མོ།། གར་མཛད་མ་སྟེ་ལྷ་མོའི་ཚིགས།། འདི་དག་རྡོ་རྗེ་རྣམ་སྒེག་མོའི།། ཕྱི་ཡི་མཚམས་སུ་བྱ་བར་བཤད་ཅེས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་དེ་ཉིད་འདིར་བྲི་བར་བྱའོ།། སྒོ་ཉིད་དུ་ནི་ལྕགས་ཀྱུ་ཞེས་བྱ་བ ་ནི་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་། རྡོ་རྗེ་དྲིལ་བུ་ཞེས་གསུངས་པ་དེ་འདིར་སྒོ་རུ་བྲི་བར་བྱའོ།། དེ་བཞིན་སྔ་མ་ཇི་ལྟར་བཞིན།། འཁོར་ལོ་དེ་ནི་བརྟག་པར་བྱ་ཞེས་བཅོམ ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དེ་ལེགས་པར་བྲིས་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བྲིས་པའི་ཚུལ་གྱིས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དོ།། དེ་ནས་མཆོད་པའི་ཐལ་མོ་ཞེས་བྱ་བ་ཐལ་མོ་ཁོང་སྟོང་སྙིང་གར་བཅིངས་ཞེས ་བྱ་བ་རང་གི་སྙིང་གའི་ཕྱོགསུ་བཅིངས་ལ། གཡོན་དུ་དེ་བཞིན་བསྐོར་བ་ནི་ཞེས་བྱ་བའི་རང་གི་སྙིང་གའི་གཡོན་ལོགས་སུ་དེ་བཞིན་ཞེས་པ་སྔར་བཤད་པའི་ཚུལ་གྱིས་བསྐོར་ཞེས་བྱ་བའི་ཐ་ཚིག་གོ།། མེ་ཏོག་དང་བཅས་ཕྱག་རྒྱ་འདི།། སངས ་རྒྱས་ཀུན་གྱི་དམ་ཚིག་གཅིག་ཅེས་བྱ་བ་ནི་གོ་བར་ཟད་དོ།། དེ་ནི་ཞེས་བྱ་བ་ལ་སོགས་པ་ལ་དམ་ཚིག་གི་རིམ་པའི་ཕྱག་རྒྱ་བཙང་བའོ།། བསམ་པ་གཡོས་པར་འདུད་པར་བྱ་ཞེས་བྱ་བ་ནི་ལྷག་པར་མོས་པ་ཕུལ་དུ་བྱུང་བས་དེ་བཞིན་གཤེ ་བ་ཐམས་ཅད་ལ་ཕྱག་བྱ་ཞིང་དེ་ནས་ཕྱོག་བྱས་ལ་མེ་ཏོག་དོར་བར་བྱའོ།། གང་གི་དུས་སུ་ཞེ་ན། བསྐོར་བ་ལན་གསུམ་བྱོས་ནས་ན་ཞེས་བྱ་བ་གསུངས་ཏེ་བསྐོར་བ་ལན་གསུམ་བྱས་ནས་སོ།། ཤིན་ཏུ་གསང་བས་ཡང་དག་དགུག་ཅེས་བྱ་བ ་ནི། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨོཾདྱ་ནུཏྤནྣ་ཏྭཱཏ་ཅེས་ཟློས་ཤིང་གསང་བའི་ལྕགས་ཀྱུ་མས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ།། དེ་ནས་ཆོ་ག་ཇི་བཞིན་དུ། སྟོན་པ་ལ་ནི་མེ་ཏོག་ངོར་ཞེས་བྱ་བ་ནི་དེ་ལྟར་བཅོམ་ལྡན ་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་གསང་བའི་ལྕགས་ཀྱུས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་ལ་ཇི་ལྟ་བ་བཞིན་དུ་ཞུགས་ཏེ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་ཚེ ་གས་ཆོ་ག་ཐམས་ཅད་རྗེས་སུ་སྤྱང་ལ་མེ་ཏོག་དོར་བའི་སྔགས་ཀྱིས་མེ་ཏོག་སིལ་མ་དོར་བར་བྱའོ།། སངས་རྒྱས་བྱང་ཆུབ་རབ་གྲུབ་ཕྱིར།། འགྲོ་བའི་མགོན་ལ་དེ་ཉིད་བརྗོད་ཅེས་བྱ་བ་ནི་བསྐོར་བ་ལན་གསུམ་བྱས་ནས་བཅོམ་ལྡན་འདས ་རྣམ་པར་སྣང་མཛད་ཀྱི་མདུན་དུ་འདུག་སྟེ། འདོད་ཆགས་ཆེན་པོ་བདེ་བ་ཆེ་ཞེས་བྱ་བ་ལ་སོགས་པ་སྔར་བཤད་པའི་དེ་ཁོ་ན་ཉིད་འགྲོ་བའི་མགོན་པོ་བཅོམ་ལྡན་འདས་རྣམ་པར་སྣོང་མཛད་ཀྱི་སྤྱན་སྔར་བརྗོད་པར་བྱའོ།། ཅིའི་ཕྱིར་ཞེ་ན། སངས ་རྒྱས་བྱང་ཆུབ་རབ་གྲུབ་ཕྱིར་ཞེས་བྱ་བ་སྟེ་སངས་རྒྱས་རྣམས་ཀྱི་བྱ་བ་ནི་བྱང་ཆུབ་པའོ།། དེ་བཞིན་དུ་ཕུལ་དུ་བྱུང་བ་བསྒྲུབ་པ་ནི་རབ་གྲུབ་པ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་པ་སྟེ། ཤིན་ཏུ་གྲུབ་པར་བྱ་བའི་ཕྱིར་རོ།། འདིས་ནི་འོད་སྐད་སྟོན་པ ་ཡིན་ཏོ།། ཨོཾ་ཨ་ཀ་རོ་མུ་ཁ~ཾ་སརྦ་དྷརྨྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བའོ་སྙིང་པོ་དང་དྲིལ་བུ་དང་བཅས་པའི་གསང་བའི་ལྕགས་ཀྱུ་མ་དང་འབེབས་པས་དགུག་ཅིང་སྤྱན་དྲངས་ན་མྱུར་བ་ཉིད་དུ་རྣམ་པར་སྣང་མཛོད་ལ་སོགས་པའི་སངས་རྒྱས ་ཐམས་ཅད་འདུས་ཤིང་བྱོན་པར་འགྱུར་རོ།། ཐམས་ཅད་མ་སྐྱེས་སྦྱོར་བ་ཡིས་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་མ་སྐྱེས་པ་ནི་ཐམས་ཅད་མ་སྐྱེས་པ་སྟེ། ཆོས་ཐམས་ཅད་མ་སྐྱེས་པའི་དེ་བཞིན་ཉིད་དོ།། དེ་བཞིན་ཉིད་རོ་གཅིག་པའི་སེམས ་ཀྱི་སྦྱོར་བ་དེས་དངོས་གྲུབ་ཀུན་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྒྲུབ་པའི་དངོས་གྲུབ་ཐམས་ཅད་སྩོལ་ཞིང་སྟེར་བར་མཛད་པར་འགྱུར་རོ།། ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་འདུས་པ་རྣམས་ཐམས་ཅད ་མ་སྐྱེས་པའི་སྦྱོར་བས་སྒྲུབ་པ་པོའི་དངོས་གྲུབ་ཐམས་ཅད་རྣལ་འབྱོར་པ་ལས་སངས་རྒྱས་ཐམས་ཅད་གསོལ་བར་འགྱུར་རོ།། ཞུགས་ནས་ཞེས་བྱ་བ་ནི་དཀྱིལ་འཁྱོར་དོར་ཞུགས་ནས་སོ།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར ་ཞེས་བྱ་བ་ནི་དཀྱིལ་འཁོར་དེར་ཞུགས་ནས་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ།། དགའ་བ་ལ་སོགས་མཚན་མ་མཆོག། སྣ་ཚོགས་པ་ནི་འབྱུང་བར་འགྱུར་ཞེས་བྱ་བ་ནི་དཀྱིལ་འཁོར་དེར་ཞུགས ་ནས་སྒྲུབ་པར་བྱེད་པ་ནི་རྣལ་འབྱོར་པ་ལ་དངོས་གྲུབ་ཀྱི་ལྟས་དགའ་བ་དང་། ཡིད་བདེ་བ་དང་། འོད་ཟེར་མཐོང་བ་ལ་སོགས་པའི་མཚན་མའི་མཆོག་སྟེ། དམ་པའི་ཚུལ་རྣམ་པ་སྣ་ཚོགས་སྐྱོ་ཞིང་འབྱུང་བར་འགྱུར་རོ།། དེ་ནས་ཞེསབྱ། ་བ་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་གའི་རྗེས་ཐོགས་ལའོ།། མཆོག་ཏུ་སློབ་མ་གཞུག་པ་ནི་དཀྱིལ་འཁོར་ཆེན་པོར་རོ།། ཆོ་ག་རྒྱས་པ་དེ་བཞིན་ནོ་ཞེས་བྱ་བ་ནི་འདི་སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི ་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་ཐམས་ཅད་འདིར་བྱ་བ་ཡིན་ནོ།། མཆོད་པའི་ཐལ་མོས་འཁོར་ལོ་ཆེ།། མཆོད་པ་བྱས་ནས་སླར་བྱུང་ཞེས་བྱ་བ་ནི་གང་འདི་ན་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོར་མཆོད་པའི་ཐལ་མོ་དེས་མེ ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ལ་སོགས་པ་བླངས་ནས་མེ་ཏོལ་ལ་སོགས་དེར་འཁོར་ལོ་ཆེ་ཞེས་བྱ་བའི་དཀྱིལ་འཁོར་མཆོད་པ་བྱས་ནས་ཆོ་ག་ཐམས་ཅད་རྗེསུ་སྤྱད་ལ་དཀྱིལ་འཁོར་ཆེན་པོ་དེ་ལས་སླར ་འབྱུང་བར་བྱའོ།། དངོས་གྲུབ་ཆོག་ཇི་བཞིན་དུ།། སྒྲུབ་པ་རྣམས་ནི་རབ་བཤད་བྱ།། ཞེས་བྱ་བ་ལ་དངོས་གྲུབ་ནི་བསྒྲུབས་པའི་འབྲས་བུའོ།། ཆོ་ག་ཇི་བཞིན་ཞེས་བྱ་བ་ནི་ཆོ་གའི་རིམ་པ་མ་འཆོལ་བར་རོ།། སྒྲུབ་ཅེས་བྱ་བ་ནི་འདིས་སྒྲུབ་པས་ན ་སྒྲུབ་པ་སྟེ། རས་རིས་ལ་སོགས་པའོ།། རབ་བཤད་བྱ་ཞེས་བྱ་བ་ནི་དེ་རབ་ཏུ་ཕྱི་སྟེ་གྲུབ་པོ་དང་དངོས་གྲུབ་བཤད་པོར་བྱའོ།། ཞེས་བྱ་བ་སྟེ་ཙ་ཡང་རུང་བའི་ཚུལ་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་ཆོ་ག་ཇི་བཞིན་ཞེས་བྱ་བ་ནི་སྒྲའི ་དོན་ནི་འདི་ཡིན་ཏེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་དུ་ཞུགས་ལ་རང་གི་ལྷའི་སྔགས་དང་། ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་དྲངས་ཏེ། རང་གི་ལྷའི་རྣལ་འབྱོར་བྱས་ལ་མདུན་དུ་རང་གི་ལྷ་སྤྱན་དྲང་བ་དང་། མཆོད་པ་དང་། ཕྱག་བྱས་ནས་དེའི ་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་རས་རོས་ལ་སོགས་པ་ཇི་ལྟ་བུ་བཞིན་དུ་ཉིན་རེ་ལན་ཅིག་བྱས་ལ། ཟླ་བ་གཅིག་ཙམ་གྱི་བར་དུ་བཟླས་བརྗོད་བྱས་ལ་དེ་ནས་ཇི་སྐད་བཤད་པ ་ཚུལ་གྱིས་རས་རིས་ཀྱི་དཀྱིལ་འཁོར་གྱི་ཚུལ་ལམ་དབུ་བོ་གཅིག་པུ་འདིར་གཞོག་པར་བྱའོ།། དེའི་མདུན་དུ་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས། རས་རིས་ལ་རང་གི་ལྷ་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ནས་ཆོ་ག ་ཐམས་ཅད་རྗེསུ་སྤྱད་པ་འམ། རང་གི་ལྷའི་ཕྱག་རྒྱ་ཆེན་པོ་སྔར་བཤད་པའི་ཚུལ་གྱིས་ཡང་ཟླ་བ་གཅིག་གི་བར་དུ་བཟླས་བརྗོད་བྱས་ལ། མཐར་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱའོ།། དེ་ནས་ཇི་ལྟར་མངོན་པར་འདོད་པའི་དངོས ་གྲུབ་རྣམས་གྲུབ་པར་འགྱུར་རོ།། དོད་འདི་ཉིད་སྟོན་པས་ནི། བདུད་ལ་སོགས་པས་རྣམ་རྒྱལ་བརྙེས།། བཅོམ་ལྡན་རས་ལ་བྲི་བར་བྱ།། སྒྲུབ་པ་འདི་ལས་གཅིག་ཙམ་ནི། དེ་ལྟའི་བསྒྲུབ་བྱའི་སྒྲུབ་པར་འགྱུར་ཞེས་བྱ་བ་འདི་ནི་དཀྱིལ་འཁོར ་གྱི་རས་རིས་སྒྲུབ་པ་ལ་གསུངས་པ་ཡིན་ནོ།། དཔའ་བོ་གཅིག་པུའི་དབང་དུ་བྱས་ནས། སྐུ་གཟུགས་ལ་སོགས་མདུན་དུ་ཡང་ཞེས་བྱ་བ་ལ་སོགས་གསུངས་པ་ཡིན་ཏེ། འདི་ནི་གོ་བར་ཟད་དོ།། འདིས་ཀྱང་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ ་བཞིན་དུ་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ཟླ་བ་གཅིག་ཙམ་བཟླས་བརྗོད་བྱས་ནས་རང་གི་ལྷའི་དཔའ་བོ་གཅིག་པུ་རོས་ལ་སོགས་པ་ལ་གཞུག་པ་མདུན་དུ་གཞག་སྟེ། ཆོ་ག་ཐམས་ཅད་རྗེ་སུ་སྤྱང་ལ། རང་གི་ལྷའི་ཕྱག་རྒྱ ་ཆེན་པོ་བཅིངས་ལ་སླར་བཟླས་བརྗོད་འབུམ་བྱའོ།། དེ་ནས་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་དེ་ལྟ་བུས་ནི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ།། རྒྱུད་འདི་ལ་ཐམས་ཅད་དུ་ཡང་རས་རོས་སྒྲུབ ་པ་ལ། ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ཏེ་བཟླས་བརྗོད་བྱ་བར་ཤེས་པར་བྱའོ།། གཞུང་འདིས་ནི་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པ་ཡང་བཤད་པར་གྱུར་པ་ཡིན། གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས ་སྒྲུབ་པའི་རྗེས་ཐོགས་ཉིད་ལ་སྟོན་པ་ཡིན་གྱིས་ཆོས་ཀྱི་ཕྱག་རྒྱ་ནི་མ་ཡིན་ནོ།། དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱའི་སྒྲུབ་པ་ཆེན་པོའི་རྒྱུད་ནི་ཞེས་བྱ་བ་ནི་དེ་ནས་ཞེས་བྱ་བའི་སྒྲ་ནི་གནས་སྐབས་ཞེས་བྱ་བའི་ཐ་ཚིག་གོ། དེ་བཞིན ་གཤེགས་པའི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པའི་རིགས་རྣམས་ཀྱི་ཕྱགྲོ་རྒྱ་ཆེན་པོ་ནི་དེ་བཞིན་གཤེགས་པའི་ཕྱག་རྒྱའོ།། དེ་རྣམས་ཀྱི་སྒྲུབ་པ་ཆེན་པོ་ནི་རིང་གི་སྐུའི་ངོ་བོར་བདག་ཉིད་བསྒོམ་པའོ།། དེ་སྟོན་པར་བྱེད་པའི་སྒྲ་ནི་ཚོགས་རྒྱུད་དོ།། ཕྱག་རྒྱ ་གཅིག་གཅིག་བཅིངས་ནས་ནི།། བདག་ཉིད་སངས་རྒྱས་ཡིན་བསམས་ནོ།། ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། བདག་ནི་སངས་རྒྱས་ཡིན་ནོ་ཞེས་བསྒོམ་ཞིང་ཡང་དང་ཡང་དུ་མངོན་དུ་བྱེད་པའོ།། དེསོ་ཅིར ་འགྱུར་ཞེ་ན། ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཆེ། བརྟན་པ་རིང་པོ་མི་ཐོགས་ཐོབ་ཅེས་བྱ་བ་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་ནི་བདག་ཉིད་ཡིན་ནོ་ཞེས་བསྒོམ ་ན། རྣལ་འབྱོར་པ་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བཅད་དུ་མེད་ཅིང་གཞིག་ཏུ་མེད་པར་བརྟན་པ་རིང་པོར་མི་ཐོགས་ཤིང་མྱུར་བ་ཉིད་དུ་ཐོབ་པའོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་སྒྲུབ་པ་གསུངས་ནས། ད་ནི་དམ་ཚིག ་ཐམས་ཅད་སྒྲུབ་པ་གསུངས་པ་ནི། དེ་ནས་དམ་ཚིག་ཐམས་ཅད་སྒྲུབ་པ་ཞེས་བྱ་བ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ།། དམ་ཚིག་ཐམས་ཅད་ནི་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་།། དེ་རྣམས་ཀྱི་སྒྲུབ་པ་ནི་རང་གི་སྙིང་གར་སེམས ་དཔའི་རྡོ་རྗེ་བསམས་ལ། ས་མཱ་ཡ་སྟྭཾ་ཞེས་ཕྱག་རྒྱ་བཅིང་བའི་སྙིང་པོ་ཟློས་ཤིང་བཅིང་བའོ།། འདི་ཉིད་གསུངས་པ་ནི། སྙིང་གར་རྡོ་རྗེའི་གཟུགས་བཞག་སྟེ། ས་མ་ཡ་སྟྭཾ་ཞེས་འབུམ་གྱིས་བསྒྲུབས་ནས་ནི། དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར ་ཞེས་བྱ་བ་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། དམ་ཚིག་གི་ཕྱག་རྒྱ་སྒྲུབ་པར་འདོད་པའི་སྒྲུབ་པ་པོས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་སེམས་དཔའི་རྡོ་རྗེ་སྙིང་གར་བསམས་ནས་ས་མ་ཡ་སྟྭཾ་ཞེས་བརྗོད་ལ་རང་གི་ལྷའི ་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ།། དྲི་ནས་ཟླ་བ་གཅིག་ཙམ་གྱི་བར་དུ་ཕྱག་རྒྱ་བཅིང་བ་དང་། རང་གི་ལྷའི་སྔགས་བཟླས་བརྗོད་དཔག་ཏུ་མེད་པ་བྱའོ།། དེ་ནས་ཡང་དེ་བཞིན་དུ་བཟླས་བརྗོད་བྱས་ལ་མཐར་ཟླ་བ་ཉ་བ་ལ་མཚན་ཐོག་ཐག ་བཟླས་བརྗོད་བྱོས་ན་དེ་ལྟ་བུ་ནི་དོམ་ཚིག་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། ། དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་གསུངས་ནས། ད་ནི་ལས་ཀྱི་ཕྱག་རྒྱ་ཐམས་ཅད་སྒྲུབ་པར་གསུངས་པ་ནི། དེ་ནས་ལས ་ཅེ་ཕྱག་རྒྱ་ཐམས་ཅད་སྒྲུབ་པའི་རྒྱུད་ནི་ཞེ་ས་བྱ་བ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ལས་ཀྱི་ཕྱག་རྒྱ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ལས་ཀྱི་ཕྱག་རྒྱ་ཐམས་ཅད་དོ།། དེ་རྣམས་ཀྱི་སྒྲུབ་པ་ནི་བདུད་བཅོམ་པ་ལ ་སོགས་པ་སྒྲུབ་པའོ།། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱད་དོ།། བདུད་ལས་རྒྱལ་བ་ཞེས་བྱ་བ་ནི་མོ་བསྐྱེད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ་བདུད་ཀྱི་སྡེ་ལས་རྒྱལ་བར་བྱའོ།། མཆོག་རྟོགས་ཤིང་ཞེས་བྱ་བ་ནི་མཆོག་ནི་དམ་པས། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ།། དེ་མ་རྟོགས་པ་ནི་མངོན་པར་བྱང་ཆུབ་པའོ།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱ་བ་ནི། འོད་དཔག་ཏུ་མེད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་ཆོས་སྟོན་པའོ།། ་མཚུངས་མེད་སེམས་ཅན་དོན་བྱས་ན་ཞེས་བྱ་བ་ནི་དོན་ཡོད་པར་གྲུབ་པའི་ལུས་ཀྱི་ཕྱག་རྒྱ་བཅིངས་ཏེ། ལོག་པར་སྤྱོད་པའི་སེམས་ཅན་རྣམས་ཀྱི་དོན་བྱ་བར་ཡིད་ལ་བསམ་པར་བྱས་ནའང་དེ་ལྟ་བུས་ཅིར་འགྱུར་ཞེ་ན། ལས་ཀྱི་ཕྱག་རྒྱ ་གྲུབ་པར་འགྱུར་ཞེས་བྱ་བ་གསུངས་སོ།། འདི་སྐད་སྟོན་པ་ཡིན་ཏེ། བདག་ལ་བྱིན་གྱིསོ་བརླབ་པ་ལ་སོགས་བྱས་ནས་ཡི་གེ་ཨ་ལ་རང་གི་སྙིང་གར་སྣ་ཚོ་གོས་རྡོ་རྗེ་བསམས་ལ། བཛྲ་སཏྭ་ཞེས་ཟློས་ཤིང་མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ ་བཅིངས་ལ་བདུད་རབ་ཏུ་གཞོམ་པར་བྱའོ།། དེ་ནས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་ཨོཾ་བྷུ་ཁཾ་ནིས་ཟློས་ཤིང་མངོན་པར་བྱང་ཆུབ་པ་ལྷའི་རིམ་པས་བདག་ཉིད་མངོན་པར་སངས་རྒྱས་པར་བསམ་པར་བྱའོ།། བཛྲ་རཏྣ་ཞེས ་ཟློས་ཤིང་རིན་པོ་ཆེའི་རིགས་ཀྱི་རང་བཞིན་ཅན་གྱི་བྱང་ཆུབ་སེམས་དཔའི་ནོར་བུ་ཆེན་པོས་བདག་ཉིད་ཡིད་ལ་དབང་བསྐུར་བ། བཛྲ་དྷིརྨཱ་ཞེས་ཟློས་ཤིང་འོད་དཔག་ཏུ་མེད་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར ་བྱའོ།། དེ་ནས་བཛྲ་ཀརྨ་ཞེས་ཟློས་ཤིང་དོན་ཡོད་པར་གྲུབ་པའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། སེམས་ཅན་ལོག་པར་སྤྱོད་པ་དང་། ཡོངས་སུ་དགའ་བ་རྣམས་དབང་དུ་བསྡུས་ཤིང་དོན་བྱས་ནས་བདག་ཉིད་བྱ་བ་བྱས་པ་ལྟ་བུར ་བསམས་ལ། རང་གི་ལྷའི་ལས་ཀྱིས་ལྷའི་ཕྱག་རྒྱ་བཅིངས་ཏེ། སྔ་མ་བཞིན་དུ་ཟླ་བ་གཅིག་བཟླས་བརྗོད་དཔག་ཏུ་མེད་པ་བྱའོ།། དེའི་རྗེས་ལ་ཟླ་བ་གཉིས་པ་ལ་ཡང་མཐར་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ། དེ་ལྟ་བུས་ནི ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ་གྲོང་བར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་མཆོག་ནི་ལས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པའོ།། དེའི་ཆོ་ག་བྱ་བ་རྣམས་སོ།། དེའི་ཆོ་ག་རྒྱས་པ་ནི་ཆོས་ཀྱི་ཕྱག་རྒྱ་ལ་སོགས ་པ་སྒྲུབ་པོའི་རྒྱུན་ནོ།། དེ་སྟོན་པར་བྱེད་པ་སྒྲའི་ཚོགས་ནི་རྒྱུད་དོ།། སློབ་མ་འཇུག་པ་ལ་སོགས་པའི་ཚིག་རྒྱུས་པ་རྫོགས་སོ།། །། ཡང་འདིའི་དོན་བརྗོད་པར་བྱ་སྟེ། ཡང་བདག་བསྲུང་བ་དང་། བགེགས་གཞོམ་པ་ལ་སོགས་པ་བྱས་ལ་བསང ་གཏོར་བྱ་བའི་ཕྱིར་སྤོས་ཆབ་ཀྱི་བཀང་བའི་སྣོད་ལ་རྡོ་རྗེ་གནད་སྦྱིན་ཡོངས་སུ་བཟླས་ཏེ། ལྷའི་ཁང་པའི་སྒོར་བཞག་ལ། མཆོད་ཡོན་དང་མཆོད་པ་རྣམ་པ་ལྔ་ལ་ཇི་ལྟ་བ་བཞིན་དུ་མངོན་པར་བཟླའོ།། མཆོད་ཆེན་ཐམས་ཅད་དགུག་པ་དང་། བདགུ་ལ ་བྱིན་རླབས་ལ་སོགས་སྒྲུབས།། རྟག་ཏུ་རྡོ་རྗེ་དྲིལ་འཆང་ཞིང་།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། ལུགས་མ་འམ་ཡང་ན་བརྐོས་པ་འམ།། བྱས་པ་འམ་ནི་བྲིས་པ་ཡིས།། དང་པོའི་འཁོར་ལོ་བཞག་ནས་ནི།། དེས་ནི་སླར་ཡང་རབ་ཏུ་འགྲུབ།། ཡི་གེ་ཧཱུཾ་རྡོ་རྗེ ་འཁོར་ལོའི་ཕྱག་རྒྱས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་སྤྲུལ་པར་བྱའོ།། དེ་ནས་གལ་ཏེ་འབྱོར་པ་ཡོད་ན་མེ་ཏོག་ལ་སོགས་པས་དཀྱིལ་འཁོར་མཆོད་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀྲྀཏྟ། པྲ་ཎ་མེ་ན་བཛྲ་བནྡྷ་ནཾ་ཀ་ར~ཾ་མི ་ཕྱོགས་ཐམས་ཅད་ནས་དཀྱིལ་འཁོར་ལྔ་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་ལ་ཕྱག་བཞི་བྱས་ནས་ཆོ་ག་ཐམས་ཅད་རྗེསུ་སྤྱད་ཅིང་།། སྡོམ་པ་གཟུང་བར་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་དང་། ་རྡོ་རྗེ་བསྣམས་པ་བཅིངས་ནས་རྡོ་རྗེ་བསྡམས་པ་རང་གི་སྙིང་གར་དྲལ་བར་བྱའོ།། དེ་ནུས་རྡོ་རྗེ་འབྱིབས་པ་བསྐྱེད་ལ། ཏིཥྛ་བཛྲ་ཞེས་བྱ་བློ་ལ་སོགས་པ་ཟློས་ཤིང་རང་གི་སྙིང་གར་རྡོ་རྗེ་འབེབས་པའི་ཕྱག་རྒྱ་དགྲོལ་བས་དབབ་པ་བརྟན་པར ་བ་ལ་རྡོ་རྗེ་ཁུ་ཚུར་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨོཾ་བཛྲ་མུཥྚི་བཾ་ཞེས་བརྗོད་པར་བྱའོ།། དེ་ནས་ཕྱག་རྒྱ་དགྲོལ་བ་བྱས་ལ་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་རྣམ་པར་དྲིལ་བར་བྱའོ།། དེ་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ལ་སྐྱེལ ་ཀྲུང་གི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་ཏེ་བཞག་ལ། སྙིང་གར་སེམས་མེ་རྡོ་རྗེ་བཀོད་དེ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལྔས་གསུངས་པའི་མངོན་པར་བྱང་ཆུབ་པ་ལྔའི་རིམ་པ་བསྒོམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམ་པར ་སྣང་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་ས་མ་ཡཱསྟྭཾ་ཧཾ་ཞེས་བསྒོམས་ལ། ས་མ་ཡ་སཏྭ་ཨཱ་དྷི་ཏིཥྛ་ས་མཱཾ་ཞེས་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱི་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས ་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། དེ་ནས་ན་མཁའ་དང་མཉམ་པའི་སྦྱོར་བས་རང་གི་སྙིང་གར་ཡིད་ཀྱིས་ཞུགས་ལ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་དེ་ཉིད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར ་ཆེན་པོ་མངོན་པར་སྤྲུལ་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཤུགས་ཀྱི་བར་གྱི་བདག་ཉིད་འཇུག་པའི་ཆོ་ག་རྣམས་རྗེསུ་སྤྱད་དེ། རང་གི་སྙིང་གར་ཟླ་བའི་ནང་དུ་འདྲེས་པར་བསམས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ ་ཆེན་པོ་བཅིངས་ནས། ཨོཾ་བྷུ་ཁཾ་ཨ་ཞེས་ཟློས་ཤིང་མདུན་དུ་དེ་བཞིན་གཤེགས་པའི་རྡོ་རྗེ་བསམས་ལ། བཛྲ་ཧཱུཾ་ཞེས་བྱ་བས་རྡོ་རྗེའི་ང་རྒྱལ་དུ་བསྒོམས་ཏེ། བེ་རོ་ཙ་ན་ཧཱུཾ་ཞེས་བྱ་བས་རྡོ་རྗེ་རྣམ་པར་སྣང་མཛད་དུ་བདག་ཉིད་བསེམས ་ནས་དེ་ཉིད་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་སྔར་བཤད་པའི་སྙིང་པོ་དང་བཅས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ།། དེ་ནས་དེ་བཞིན་གཤེགས ་པའི་དམ་ཚིག་གི་ཕྱག་རྒྱ་དང་། ཨོཾ་བྷུ་ཁོ་དྲེ་ཤྱ་ཞེས་བྱ་བས་རྣམ་པར་སྣང་མཛད་བལྟ་བར་བྱས་ལ། ཨོཾ་བྷུ་ཁཾ་ཞེས་བྱ་བ་དང་། གསང་བའི་ལྕགས་ཀྱུ་མས་རང་གཾ་ལུས་ལ་བཅུག་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་སྐུའི ་མཆོག་བཅིངས་ཏེ། ས་མ་ཡ་སྟྭཾ་ཞེས་བརྗོད་ལ་འོད་ཀྱི་དཀྱིལ་འཁོར་བསྐྱེད་ནས་ས་མ་ཡ་སྟྭཾ་ཛོཿཧཱུཾ་བཾ་ཧོཿོཾ་བྷཱ་ཁཾ་ནས་ལན་གསུམ་བཟླས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་བདག་ཉིད་ཆུ་དང་འོ་མ་ལྟར་གཅིག་ཏུ་གྱུར ་པར་བསམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། སྔ་མ་བཞིན་དུ་དང་པོའི ་རྡོ་རྗེས་བདག་ལ་བྱིན་གྱིས་བརླབ་པ་བྱས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་རིན་པོ་ཆེའི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། ཡི་གེ་གཉིས་ཀྱི་གོ་ཆ་གོ་བགོས་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པའི་རྡོ་རྗེ ་དང་། བདག་པོ་དང་། མིང་གི་དབང་བསྐུར་པ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཤུགས་གཟུང་བར་བྱའོ།། དེ་ནས་འདོད་ཆགས་རྡོ་རྗེ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་དེ། བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོས་བཅིངས་ལ། དེ་ཁོ་ན་ཉིད་ཀྱིས་རྡོ་རྗེ་བཟུང་སྟེ། ཆོས་ཀྱི་དྲིལ་བུ་བཀྲོལ་ཞིང་དམ་ཚིག་གིས་ཕྱག་རྒྱ་ཆེན་པོ་བྱིན་གྱིས་བརླབས་ལ། ཨོཾ་བྷུ་ཁཾ་ཞེས་ལན་གསུམ་བཟླ་བར་བྱའོ།། དེ་ནས་དང་འིའི་རྡོ་རྗེ་ན་མཁའི ་ཕྱོགས་སུ་རྡོ་རྗེ་སེམོས་དཔའི་གཞལ་ཡས་ཁང་དེ་བཞིན་དུ་བསྐྱེད་དེ། ལྷ་ཐམས་ཅད་ཀྱི་གནས་སུ་ཧྲི་ལུས་སྣ་ཚོགས་པདྨའི་གདོན་བསམས་ལ། ལྷ་མོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བདག་ཉིད་རྡོ་རྗེ་སེམས་དཔའ་བསྒོམ་པ་ནི་དང་པོའི་ཏིང ་ངོངེ་འཛིན་ཏོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན་ཞེས་བྱ་བ་ནས་བརྩམས་ཏེ། བྱང་ཆུབ་སྙིང་པོར་བྱིན་རློབ་མཛོད་ཅེས་བྱ་བའི་བར་གྱིས་བཤད་པ་བསྒོམ་པ་ནི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ།། དེ་ནས ་སྒོ་དབྱེ་བ་ལ་བསྡུ་བ་བྱའོ།། དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་ག་ཐམས་ཅད་རྗེསུ་སྤྱད་པར་བྱ་བ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པའོ།། དེ་ལྟར་ཏིང་ངེ་འཛིན་གསུམ་བསྒོམས་ནས ་ཡང་བསྡུ་བར་བྱས་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་དང་པོ་མཆོག་གི་དང་པོ་སེམས་དཔའ་ཆེ། དགའ་བ་ཆེ་ནི་མགུ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་དག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི ་བདག་ཅེས་བྱ་བོ་ལ་སོགས་པ་མཚན་བརྒྱ་རྩ་བརྒྱད་པས་བསྟོང་པོ་བྱས་ལ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཅེས་ཟློས་ཤིང་གསང་བའི་ལྕགས་ཀྱུ་མས་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ ་བཅུག་ལ། དམ་ཚིག་གིས་ཕྱག་རྒྱས་ཇི་ལྟ་བ་བཞིན་དུ་བསྒོམས་ནས་ཆོས་དང་། ལས་དེང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་པར་བྱའོ།། དེ་ནས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དེ་བཞིན་གཤེགས་པ་རྣམས་དབང་བསྐུར་ལ་རྡོ་རྗེ་སེམས་མ ་ནས་རྡོ་རྗེ་དྲིའི་བར་དུ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་ནས་མཆོད་ཡོན་ཕུལ་ཏེ། མོ་ཆོད་པ་རྣམ་པ་ལྔ་དང་། ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཁོར་དང་བཅས་པ་ཡང་དག་པར ་མཆོད་པར་བྱའོ།། དེ་ནས་རྣམ་སྒེག་པའི་དགའ་བའི་རྡོ་རྗེས་ཕྱག་བྱས་ལ། ཕྱག་བཞི་བྱས་ནས་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོས་བཅིངས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷོ་ཧཾ། ཨོཾ་སརྦ་ས་མོ་ཧཾ་ཞེས་བྱ་བའི་སྙིང ་པོ་གསུམ་པོ་ཟློས་ཤིང་། དོན་གསུམ་རྣམ་པར་བསྒོམས་ལ་ཏ་ཐཱ་ག་ཏ་མཎྜ་ལ་སྭ་བྷཱ་བ་ཧཾ་སྭ་མཾ་ཞེས་ཟློས་ཤིང་བདག་ཉིད་ནི་རང་ཉིད་དེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ངོ་བོ་ཡིན་ནོ་ཞེས་བསམ་མོ།། དེ་ནས་ཀུན་མཆོག ་དངོས་གྲུབ་ཆེན་པོ་སྟེ། དབང་ཕྱུག་ཆེན་པོ་དབང་ཕྱུག་ཆེ།། བདེ་བ་ཆེན་པོ་དངོས་གྲུབ་མཆོག། དེ་བཞིན་གཤེགས་པར་བདག་གྱུར་ཅིག། ཅེས་བསམས་ལ་རང་གི་སྙིང་གར་གནས་པའི་རྡོ་རྗེའི་དབུས་སུ། ཨོཾ་བྷུ་ཁཾ་ཞེས་བྱ་བ ་ཡིད་ཀྱི་བྲིས་ལ་འདི་ཉིད་ཆོས་ཀྱི་ཚིག་གིས་ཟློས་ཤིང་བདག་ཉིད་ལྷ་ཐམས་ཅད་ཀྱི་རང་བཞིན་ཡིན་པར་བསྒོམ་པར་བྱའོ།། དེ་ལྟར་ན་དང་པོར་བདག་ལ་བྱིན་གྱིས་བརླབ་པ་ལན་ཅིག་བྱས་ནས་གང་གི་ཚེ་མཉམ་པར་གཞག་པའི་སྦྱོར ་བས་གནས་པར་འདོད་པ་དེའི་ཚེ། ཨོཾ་བྷུ་ཁཾ་ཞེས་ཟློས་ཤིང་རྣམ་པར་སྣང་མཛད་ཀྱི་གནས་སུ་རྣམ་པར་གཞག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གིས། ཨོཾ་བྷུ་ཁཾ་ཞེས་ཟློས་ཤིང་བདག་ཉིད་ཀྱི་གནས་བཞིར་དེ་བཞིན་དུ ་བྱིན་གྱིས་བརླབས་ལ་གནས་པར་བྱའོ།། བྱ་བ་ཐམས་ཅད་བྱས་ནས་ཡིང་སླར་ཞུགས་ཏེ། གསང་བའི་ལྕགས་ཀྱུ་མ་དང་། རྣམ་པར་སྣང་མཛད་ཀྱི་སྙིང་པོས་རྣམ་པར་སྣང་མཛད་ཀྱི་རང་གི་ལུས་ལ་བཅུག་ལ་མཚན་བརྒྱ་རྩ་བརྒྱད་པས ་བསྟོད་པ་དང་། མཆོད་པ་བཅུ་གཉིས་དང་། ཕྱག་ཀྱང་བྱས་ལ་དེ་བཞིན་དུ་བསྒོམ་པར་བྱའོ།། བསྒོམས་པས་དུབ་པར་གྱུར་ན་ཡང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་དང་། མཆོད་པ་དང་། ཕྱག་རྒྱའི་མཆོད་པ་བཅུ་གཉིས་བྱས་ནས་དེ ་བཞིན་དུ་ཕྱག་བྱས་ལ་དེ་བཞིན་དུ་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སུ་གསོལ་བར་བྱའོ།། དེ་ལྟར་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གམ། དུས་ཇི་སྲིད་ཀྱིས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ ་གསོལ་བ་དེ་སྲིད་ཀྱི་བར་དུ་ཉིན་རེ་ཞིང་བྱའོ།། དེ་ནས་ཉིན་རེ་འམ་ཟླ་བ་རེའམ། ལོ་རེ་ཞིང་དཀྱིལ་འཁོར་བྲི་བར་བྱའོ།། དེ་ལ་དང་པོར་ས་སྦྱང་བ་དང་། ས་ཡོངས་སུ་གཟུང་བའི་ཆོ་ག་རྗེས་སུ་སྤྱད་ལ་བགེགས་གཞོམ་པ་ལ་སོགས་པ་བྱས་ནས་རྡོ་རྗེ་འཁོར ་ལོས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་ལ་རྣལ་འབྱོར་ཆེན་པོ་དང་། གཞལ་ཡས་ཁང་དང་གདན་རྣམས་བསྐྱེད་དེ། དཀྱིལ་འཁོར་གྱི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གི་འདུག ་ལ། སྔ་མ་བཞིན་དུ་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ།། དེ་ནས་དེ་བཞིན་དུ་སངས་རྒྱས་ཐམས་ཅད་སྤྱན་དྲང་པོ་བྱས་ལ་ཡང་ཕྱག་བྱས་ནས་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་མཆོག་བསྒོམས་ལ ་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པའི་རིགས་ཆེན་པོ། སངས་རྒྱས་ཀུན་མཆོག་བཤད་དུ་གསོལ་ཞེས་བྱ་བས་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་མོ།། དེ་ནས་རྣམ་པར ་སྣང་མཛད་ཀྱི་དམ་ཚིག་གི་ཕྱོག་རྒྱ་དང་། ཨོཾ་བྷུ་ཁཾ་བཛྲ་ཏིཥྛ་མཎྜ་ལ་ཨུཏ་ཐ་པ་ཡ་ཞེས་ཟློས་ཤིང་ཡིད་ཀྱིས་དཀྱིལ་འཁོར་བཏེག་ལ་ན་མཁར་བཞག་སྟེ། ཨོཾ་བྷུ་ཁཾ་ཨ་དྷི་ཏིཥྛ་སཱ་མཾ་ཞེས་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱི་སྙིང་ག་དང་། ་དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བདག་ཉིད་ལ་བྱིན་གྱིས་བརླབ་པ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་དྲྀཥྚི་མཊ་ཅེས་བྱ་བ་མིག་གཉིས་སུ་དགོད་པ་དང་། ཕྱག་རྒྱ་ལ་གནས་དེ་བཞིན་ལངས། ་ཀུན་ཏུ་རྣམ་པར་བལྟས་ནས་ནི། ཨོཾ་བྷུ་ཁཾ་ཞེས་ཟློས་ཤིང་། བསྒྱིངས་པའི་ཚུལ་གྱིས་ཡོངསུ་བསྐོར། དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྦྱང་ལ་སློབ་མ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པའི་ཆོ་ག་བྱས་ནས ་ཉི་མ་འཆར་ཀར་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ་སྟེ། ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་གས་ཐིག་གདབ་པར་བྱའོ།། དེའི་ནང་དུ་ཕྱེད་ཀྱི་ཚད་ལ་རྡོ་རྗེ་རྩེ་གསུམ་པ་ཟླུམ་པོར་བསྐོར་བ ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྲི་བའི་ཐིག་གདབ་བོ།། དེ་ནས་ཚོན་སྣ་ལྔའི་ཕྱེ་མས་དཀྱིལ་འཁོར་དུ་བྲིས་ལ། ནང་གི་དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གསེར་གྱི་མདོག་ཅན་ཞལ་གཅིག ་པ། བྱང་ཆུབ་མཆོག་གིས་ཕྱག་རྒྱས་དེ་བཞིན་གཤེགས་པའི་རྡོ་རྗེ་བསྡམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གི་བཞུགས་པ་ཉི་མའི་འོད་མངའ་བ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། ཞལ་ཤར་དུ་གཟིགས་པ། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷ ་མཾ་ཞེས་ཟློས་ཤིང་བྲི་བར་བྱའོ།། དེའི་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་བཅོམ་ལྡན་འདས་མི་བསྐྱོད་པ་ཟླ་བའི་མདོག་ཅན་ས་གནོན་གྱི་ཕྱག་རྒྱས་བཞུགས་པ་རྡོ་རྗེ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་རྣལ་འབྱོར་པ་མི་བསྐྱོད ་པའི་ང་རྒྱལ་གྱིས་བདུད་ལས་རྣམ་པར་རྒྱལ་བར་བསམ་ཞིང་རྡོ་རྗེ་སེམས་དཔའི་སྙིང་པོ་བཛྲ་སཏྭ་ཧཱུཾ་ཞེས་ཟློས་ཤིང་བྲི་བར་བྱའོ།། ཀཱི་ལི་ཀཱི་ལིའི་གནས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་པ་ཌཱུརྱའི་མདོག་ན། མཆོག་སྦྱིན་གྱིས་ཕྱག ་རྒྱས་བཞུགས་པ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། རྣལ་འབྱོར་པ་རིན་ཆེན་འབྱུང་ལྡན་གྱི་ང་རྒྱལ་གྱིས་བྱང་ཆུབ་སེམས་དཔའི་ནོར་ཆེན་པོས་བདག་ལ་དབང་བསྐུར་བར་བསམ་ཞིང་། བཛྲ་རཏྣ་ཞེས་ཟློས་ཤིང་བྲི་བར་བྱའོ།། ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྒྱབ་ཏུ་རྡོ་རྗེ་དྲིལ་བུའི་གནས་སུ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་སྐུ་མདོག་དམནྟ་པོ་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱས་བཞུགས་པ་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ། རྣལ ་འབྱོར་པ་འོད་དཔག་ཏུ་མེད་པའི་ང་རྒྱལ་གྱིས་རྡོ་རྗེ་ཆོས་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཆོས་ཀྱི་འཁོར་ལོ་བསྐོར་བར་བསམ་ཞིང་། བཛྲ་དྷརྨ་ཧྲཱིཿཞེས་ཟླས་ཤིང་བྲི་བར་བྱའོ།། བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་གཡོན་ལོགསུ་རྡོ་རྗེ་བསྙེམས་མའི་གནས་སུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྣ་ཚོགས་མདོག་ཅན་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱས་ཞུགས་ཏེ། རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་རྣལ་འབྱོར་པ ་དྲོན་ཡོད་པར་གྲུབ་པའི་ང་རྒྱལ་གྱིས་གཡོན་ལོགས་སུ་ཞུགས་པར་རྩོམ་པའི་སེམས་ཅན་ཐམས་ཅད་ཀྱིས་འདུལ་བར་བྱེད་ན། དམ་པ་རྣམས་ལ་སྨོས་ཀྱང་ཅི་དགོས་ཞེས་ཡིད་ལ་བསམ་ཞིང་བཛྲ་ཀརྨ་ཞེས་ཟློས་ཤིང ་བྲི་བར་བྱའོ།། དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོའོ།། མི་བསྐྱོད་པ་ལ་སོགས་པ་ནི་སྤྲུལ་པའི་སྐུའི་ངོ་བོ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ཆོས་གོས་བསྣམས་པ་སྣ་ཚོགས ་པདྨ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མངོན་པར་ཕྱོགས་ཤིང་། རྡོ་རྗེ་རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་པདྨ་བསྣམས་པ་ཉི་མའི་དཀྱིལ་འཁོར་མངལ་བའོ།། དེ་ནས ་རང་གི་དཀྱིལ་འཁོར་དེ་ཉིད་ཀྱི་མྱེའི་མཚམ་སཱ་སུ་རྡོ་རྗེ་རྩཝ་ལྔ་པ། བདེན་བྲལ་གྱི་མཚམས་སུ་རྡོ་རྗེ་རིན་པོ་ཆེ། རླུང་གི་མཚོམ་སུ་རྡོ་རྗེ་པདྨ་དང་། དབང་ལྡན་གྱི་མཚམས་སུ་སྣ་ཚོགས་རྡོ་རྗེ། དེ་ལ་འདི་རྣམས་ཀྱི་སྙིང་པོ་ནི་སཏྭ་བཛྲ། བཛྲཱ་རཏྣ། བཛྲ་པདྨ ་ནིབི་ཤྭ་བཛྲ་ཎི་ཞེས་བྱ་བ་ཡིན་ནོ།། ཕྱིའི་དཀྱིལ་འཁོར་གྱི་སྣམ་བུའི་མཚམ་སུ་སྒེག་མོ་བཞད་མ་གླུ་ཆེན་མོ་དང་། གར་མ་ཞེས་བྱ་བའི་ལྷ་མོའི་ཚོགས་རྣམས་སྙིང་པོ་འདིས་བྲི་བར་བྱའོ།། ཧེ་རཱ་ཏི་བཛྲ་པི་ལཱ་སི་ནི་ཏཱནྟུ། ཧེ་བེ་གཱ་བ་ཏཱ་བཛྲ་ཧ་ཧ་ཧ་ཏ། ་ཧེ་བཛྲ་ཧ་ཏི། བཛྲ་གཱི་ཏཱི་ར་ཏི། ཧེ་ར་ཏཱི་བཛྲ་ཎི་ཏཱ་བེ་བ་བེ་བཱ་ཞེས་བྱ་བ་ཡིན་ནོ།། ཤར་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་ལྕགས་ཀྱུ་སྐུ་མདོག་ད། རཾ་དམར། རྡོ་རྗེ་ལྕགས་ཀྱུ་དེ་བཞིན་གཤེགས་པ་ལ་འཛིན་པར་བརྩོན་པ། ལྷོ་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ ་རྗེ་དྲིལ་བུ་སྐུ་མདོག་སྔོ་བ་ཕྱག་གཡོན་ནས་གདན་ལ་བསྙེམས་ཏེ་ཞུགས་པར་བྲི་བར་བྱའོ།། འདི་རྣམས་ཀྱི་སྙིང་པོ་ནི་བཛྲ་ཨཾ་ཀུ་ཤ་ཧཱུཾ། བཛྲ་པཱ་ཤེ། བཛྲ་སྥོ་ཊ། བཛྲ་གྷརྦྷ་ཞེས་བྱ་བ་ཡིན་ནོ།། འདི་དག་ཐམས་ཅད་ཀྱང་། སྣ་ཚོགས་པདྨའི་གདན་ལ ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།། སངས་རྒྱས་ལྔའི་ཅོད་པན་གྱིས་དབང་བསྐུར་བ་དང་ལྡན་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་མངོན་པར་ཕྱོགས་པར་བྲིའོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་སྒོ་དབྱེ་བའི་ཕྱག་རྒྱས ་སྒོ་ཕྱེ་བ་སྡུ་བ་བྱས་ནས་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་འདུག་ལ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་ཏེ་གསང་བའི་ལྕགས་ཀྱུ་མའི་སྙིང་པོ་སྔར་བཤད་པས ་བཅོམ་ལྡན་འདས་འཁོར་དང་བཅས་པའི་དཀྱིལ་འཁོར་དུ་བཅུག་ལ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བར་བྱས་ན་ས་ར་པ་དང་དྲ་བ་བྱའོ།། དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ་རྡོ་རྗེ་བསླང་བ་ཐམས་ཅད་ཀྱི་ཡང་དག་པར་བསྲུངས་ལ ་ཨོཾ་བྷུ་ཁཾ་ཞེས་བྱ་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ནས། ཨོཾ་བྷཱ་ཁ~ཾ་ཁཾ་དྲེ་ཤྱ་ས་མ་ཡ་སྟྭཾ་ཛཿཧཱུཾ་བ~ཾ་ཧོཿོཾ་བྷུ་ཁཾ་ཞེས་བྱ་བས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རང་གི་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱམ ་དེ་བཞིན་དུ་ཨ་བོདྡྷ་གྷཱརྞྞ་དྲཱ་ཤྭ་སེ་མ་ཡ་སྟྭཾ་སཱ་མ་ཡ་སྟྭཾ་ཨ་ཧཾ་ཛཿཧཱུཾ་བཾ་ཙེཿབཛྲཱ་གྷརྦྷ་ཞེས་བྱ་བ་ལན་གསུམྦྷ་བཟླས་ལ་རྡོ་རྗེ་དྲིལ་བུའི་བྱར་དུ་རང་གིང་མ་ཚིག་གི་ཕྱག་རྒྱས་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ། མོ ་སྣང་མཛད་ལ་སོགས་པ་རྒྱས་བཏབ་ལ་དེ་བཞིན་གཤེགས་པ་ལྔ་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱས་དབང་བསྐུར་ཞིང་རྡོ་རྗེ་སེམས་དཔའ་ལ་སོགས་པ་སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་བར་བྱའོ།། དེ་ནས་མཆོད ་ཡོན་ཕུལ་ལ་བུམ་པ་གང་བ་ལ་སོགས་པ་ཡང་དག་པར་མཆོད་ནས་ཆོས་གོསུ་གྱོན་པའི་གོས་ལ་རྡོ་རྗེ་གནོད་སྦྱིན་བཟླས་པ་དང་། ཡང་གདོང་གཡོགས་ཀྱི་དེར་ལ་སྒོ་བ་བཞིའི་སྙིང་པོ་བཟླས་ཏེ། དེས་རང་གི་གདོང་གཡོགས་ལ། ཤིན་ཏུ་དམ ་བའི་གོས་གྱོན་ཞིང་། མེ་ཏོག་གི་ཕྲེང་བ་བཏགས་པ་དང་། གདོང་དྲི་ཞིམ་པོས་བྱས་ལ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ ་བ་དང་། མྱ་ངན་ལས་མི་འདའ་བར་བྱ་བའི་ཕྱིར་གསོལ་བ་བཏབ་པ་བྱས་ནས་སྡོམ་པ་གཟུང་པོར་བྱའོ།། དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུ་ལ་ཨོཾ་བྷྲཱུཾ་ཁཾ་ཞེས་བྱ་བ་ཇི་ལྟ་བ་བཞིན་དུ་བདག་ཉིད་དབང་བསྐུར་ལ། ཐལ་མོ་ཁོང་སྟོང་དུ་སྦྱར་བའི ་མཚན་ཉིད་ལ་མེ་ཏོག་དང་བཅས་པའི་སྙིང་གར་གཡོན་གྱིས་བསྐོར་བའི་ཚུལ་གྱིས་བཅིངས་ལ་དེ་ནས་མེ་ཏོག་གི་ཕྲེང་བ་བླངས་ནས། བཛྲ་བཛྲ་རྡོ་རྗེ་སེམས་དཔའ་བསྡུས་པས་ན། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེས་ཆོས་ནི་གླུ་བླངས་པས།། རྡོ་རྗེ ་ལས་ནི་བྱེད་པར་འགྱུར་ཞེས་བརྗོད་ཅིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ།། སྒོ་བཞིརརུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་སྙིང་པོ་ཡང་དེ་བཞིན་དུ་བཟླ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་འདུག་ལ་འདི ་སྐད་ཅེས་བརྗོད་པར་བྱའོ།། མ་ཧཱ་སུ་ར་ཏ་སུ་སིདྡྷི་སུ་ཏོ་ཥོ་མེ་སུ་སུ་ཁཾ་བཛྲེ་སཏྭ་ཨ་དྱཱ་སིདྡྷ་སཱ་མཱཾ། དེའི་འོག་ཏུ་འཇུག་པའི་ཕྱག་རྒྱ་མེ་ཏོག་དང་བཅས་པ་རང་གི་སྙིང་གར་བཞག་ལ། ཨོཾ་པ་ར་མེ་སུ་ཁ་ཤཱ་ཡ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་བསམ ་པ་གཡོས་པས་རྣམ་པར་སྣང་མཛད་ལ་སོགས་པ་ལ་ཕྱག་བྱའོ།། དེ་ནས་དཀྱིལ་འཁོར་ལ་ན་གསུམ་བསྐོར་བ་བྱས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་འདུག་སྟེ། དེ་ཁོ་ན་ཉིད་བརྗོད་པར་བྱའོ།། འདོད་ཆགས་ཆེན་པོའི་བདེ་བ་ཆེ། ་ཡེ་ཤེས་ཆེན་པོ་ལས་ཆེ་བ།། རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད།། དེ་ནས་ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ་དེ་ནས་རྡོ་རྗེ་ཆུ་འཐུངས་ལ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མའི་རྡོ་རྗེ་ཕྱེ་ལ་ཨོཾ་བྷུ་ཁཾ་ཞེས་ལན་བརྒྱ་ཟློས་ཤིང་བདག་ཉིད་ལ་དབབ ་པར་བྱའོ།། དེ་ནས་མེ་ཏོག་སིལ་མ་གཏོར་ལ་འཇུག་པའི་མཛུབ་མོའི་ཕྱག་རྒྱ་དང་། མཐེའུ་ཆུང་གི་རྩེ་མོ་བསྒྱིངས་པ་དང་བཅས་པས་བཀྲོལ་ལ། ཨོཾ་པ་ར་མ་སུ་ཁ་ཤ་ཡ་སུ་ལ་ལྀ་ཏི་བི་ལཱ་སྱ་ན་མི་ཏེ་ན་མ་མ~ཾ་བྷ་ག་བཱན་ཏཾ་ཛཿཧཱུཾ་བཾ་ཧོཿཧ་ཧཱི ་ཧི་ཧི་ཧོ་ཧི་ཧི་པྲ་ཏཱིཙྪ་ཀུ་སུ་མཉྫ་ལི་ནཱ་ཐ་ཞེས་བརྗོད་དོ།། དེ་ནས་ཕྲེང་བ་དེ་བླངས་ལ། རང་གི་མགོ་ལ་བཅིང་བར་བྱའོ།། དེ་ཁྱེད་དབང་བསྐུར་བ་དང་འདི་གཞན་ལ་སྨྲས་ན། གལ་ཏེ་སྐྱེ་བོ་འདུས་ནས་སྨྲས། དད་པ་མེད་པར་འགོད་པར་འགྱུར།། ཨོཾ། ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥིཉྩ་སུ་ར་སྟྭཾ་དེ་ནས་སྙིང་པོ་འདིས་གདོང་གཡོགས་དགྲོལ་བར་བྱའོ།། ཨོཾ་བཛྲ་ཙཀྵ་ཀ་མ~ཾ་མ་ཡ་སརྦ་མ་སུ་རསྟི། དེ་ནས་ཧེ་བཛྲ་པ་ཤྱ་ཞེས་ཟློས་ཤིང་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང ་མཛད་ཀྱི་བར་དཀྱིལ་འཁོར་ཐམས་ཅད་ཀྱི་ལྷའི་ངོ་བོ་ཉིད་བསྟན་པར་བྱའོ།། དེ་ནས་ཏིཥྛ་བཛྲ་ཞེས་ཟློས་ཤིང་འཇུག་པའི་ཕྱག་རྒྱས་སྙིང་གར་དགྲོལ་བར་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ལ་ཤིས་པ་བརྗོད་པའི་ཚུལ་དུ་སྙིང་གར་བཅིངས་ནས ་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་བསྟོད་པར་བྱའོ།། དེ་ནས་རྣམ་པར་སྣང་མཛད་དུ་བདག་ཉིད་བསམ་སེ་ལ་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་ནས། ཡང་དང་པོའི་རྡོ་རྗེ་བཛྲ་སཏྭ་ཞེས་ཟློས་ཤིང ་བྱིན་གྱིས་བརླབས་ལ་མི་བསྐྱོད་པ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱས་མི་བསྐྱོད་པ་ལ་སོགས་པའི་རང་གི་ལུས་ལ་གནས་ཇི་ལྟ་བ་བཞིན་དུ་བཀོད་ནས་ཇི་ལྟ་བ་བཞིན་དུ་དབང་བསྐུར་ཏེ་གཟེངས་བསྟོད་དང་། ལུང་བསྟན ་པའི་བར་གྱི་ཆོ་ག་རྗེས་སུ་སྤྱད་ནས། བདག་ལ་བྱིན་གྱིས་བརླབ་པ་ལ་སྩོགས་པ་བྱས་ལོ་ཇི་ལྟར་མངོན་པར་འདོད་པར་བཟླས། དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་ཕྱིར ་འབྱུང་བར་འགྱུར་རོ།། དེ་ནོས་སློབ་མ་གཞུག་པར་འདོད་ན་སྔ་མ་བཞིན་དུ་ཆོ་གོ་ཐམས་ཅད་རྗེས་སུ་སྤྱང་ལ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ཏེ།། སྙིང་ནས་བསམ་པ་གཡོས་པ་ཡིས།། མགོ་བོས་ཡང་དག་ཕྱག་བྱས་པ།། དངོས་གྲུབ ་ཐམས་ཅད་སྒྲུབ་བྱེད་ཡིན།། ཞུགས་པས་དཀྱིལ་འཁོར་ལན་གསུམ་ཡིན།། བསྐོར་བ་བྱས་ནས་བརྗོད་པར་བྱ།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། འགྲོ་བ་ཀུན་ལའང་གྲུབ་པར་མཛོད།། དེ་ནས་དུས་ཀྱིས་མཆོད་པ་ཡིས།། དེ་བཞིན་གཤེགས། ་པ་ཡང་དག་མཆོད།། དེ་བཞིན་དབང་བསྐུར་རྡོ་རྗེ་ནི།། གཟུང་སྟེ་སློབ་མ་གཞུག་པར་བྱ།། སླེབ་དཔོན་གྱི་ལས་ཀྱི་ཆོ་གའོ།། དེ་ནས་སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་བཤད་པར་བྱའོ།། དེ་ལ་སློབ་མ་བསླབ་པའི་གཞི ་ལྔ་ཡོངས་སུ་བཟུང་བ་འམ་དགེ་སྦྱོང་ངམ་དགེ་སློང་གི་སྡོམ་པ་ཡོངས་སུ་གཟུང་བས་སྔར་བཤད་པའི་ཆོ་གས་རིག་པའི་སྡོམ་པ་གཟུང་བར་བྱའོ།། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་འདི་སྐད་ཅེས་སྨྲར་གཞུག་པར་བྱའོ།། ཨོཾ་སརྦ་ཏ ་ཐཱ་ག་ཏཱ་པ་ར་མ་མཧཱ་ཨུཏྤཱ་དཱ་ཡ་མི་ཨ་ཤེ་ཥ་ན་བ་ཤེ་ཤེ་སརྦ་སདྡྷ་ས་དྷཱ་ཏུ་དྷ་དྷྱ་ན་ཏྲི་ཏཱཾ་སུ་ཁོ་དམ་སིདྡྷི་མིད་ཏ་ཨ་དྱན་བྷ་བ་སིདྡྷ་མ་ཧེ་ཤོརྱ་ཧི་པ་ཏ་ཡཾ། ཡ་བོད་སརྦོ་མ་མཧཱ་ཡང་ངོ་མ་ཧེ་ཤྭ་དྱ་དི་པད་རྱ་ཡ། དྭེ་ནས་སློབ་མའི་སྙིང་གར ་སཱུ་ཏ་ཏེ་ས་མ་ཡ་སྟྭཾ་ཧཾ་བཛྲ་ས་ཐཱ་སུ་ཁཾ་ཞེས་བྱ་བས་དེ་བཞིན་དུ་རྡོ་རྗེ་བསྐྱེད་ལ་སློབ་དཔོན་གྱིས་སློབ་མ་རྣམ་པར་སྣང་མཛད་ཀྱི་སྐུར་བྱ། དེ་ནས་དེ་མེ་ཏོག་ལ་སོགས་པས་མཆིད་ལ་ཡོན་གྱི་མཆོག་བླངས་ཏེ་ཕྱི་རོལ་ན་གནས་པའི་བུམ ་པའི་ཆུས་དབང་བསྒྱུར་ལ། དང་པོར་འཇུག་པོའི་ཕྱག་རྒྱས་སློབ་དཔོན་འཇུག་པའི་ཚུལ་དུ་ཞུགས་པར་བྱའོ།། དེ་ནས་འདི་སྐད་ཅེས་སྦྱོར་གཞུག་གོ། མ་ཧཱ་ར་ཏ་སུ་ཏྲི་ང་སུ་ཏོཥྛ་ས་སུ་ཁོ་བཛྲ་ས་ཏ་ཨ་ད་སིདྡྷ་མོ། དེ་ནས་ཡང་འདི་སྐད ་ཅེས་བརྗེད་དོ།། དེང་ཁྱོད་དེ་བྱཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེས་ཁྱོད་ལ་ཡེ་ཤེས་གངྒཱ་གིས་དེ་བཞིན་གཤེགས་པ་ཐམས་ཅད་གྲུབ་པ་ཡང་མཐོང་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ ་ཤེས་བསྐྱེད་པར་བྱས། ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་གི་སེམས་མའི་རྡོ་རྗེ་ཕྱག་རྒྱ་ཁཾ་ཐར་དུ་བསྟན་པ་དང་། གྱེན་དུ་བསྟན ་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྐྱེ་བོར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམ་ཚིག་ཡིན་གྱིས་གལ་ཏེ་གང་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ།། དེ་ནས་དམོ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང ་འདི་ལན་ཅིག་བཟླས་ནས་འཐུང་ངུ་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་ལ་དམ་ཚིག་གི་སྙིང་པོ་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དང་ཁྱོད་ཉིད་ཀྱི།། སྙིང་ལ་ཡང་དག་ཞུགས་པར་མཛད།། གལ་ཏེ་ཚུལ་འདི་སྨྲས་ནས་ནི། ་དེ་མ་ཐག་ཏུ་དྲལ་ནས་གཤེགས།། བཛྲ་ཨུ་ད་ཀ་ཋ་ཋ་ཞེས་བྱ་བའོ།། དེ་ནས་སློབ་མ་ལོ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ནི་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱི་དགོས་སོ།། ་ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག། མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏི་ར། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས ་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨོས་ཤིག། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར་དུ་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་བཞོག་སྟེ་འདི་སྐད་ཅེས་བརྗོད་དུ་གཞུག་གོ།། འདི་ནི་དམ་ཚིག་རྡོ་རྗེ་སྟེ།། རྡོ་རྗེ་སེམས ་དཔའ་ཡིན་པར་གྲགས།། རྡོ་རྗེ་ཡེ་ཤེས་བླ་མད་ནི།། དི་རིང་ཉིད་དུ་འབབ་པར་ཤོག། བཛྲཱ་ཨ་བེ་ཤ་ཨ་ཞེས་ལན་བརྒྱ་རྩ་བརྒྱད་བཟླ་བར་བྱའོ།། ཡང་ཁྲོ་བོའི་ཁུ་ཚུར་བཅིངས་ལ་རྡོ་རྗེ་སེམས་མས་གཡས་པ་དྲལ་བར་བྱ་ཞིང་། ཨོཾ་བྷཱ་ཁཾ ་ཨ་ཨ་ཨ་ཨ་ཞེས་ལན་བརྒྱ་བཟླ་བར་བྱའོ།། དེ་ནས་དེ་བཞིན་དུ་མེ་ཏོག་གི་ཕྲེང་བ་དོར་བར་བྱའོ།། དེ་ནས་སྔ་མ་བཞིན་དུ་ཕྲེང་བའི་དབང་བསྐུར་བ་སྦྱིན་པར་བྱའོ།། དེ་ནས་དེ་བཞིན་དུ་གདོང་གཡོགས་དགྲོལ་བར་བྱའོ།། དེ་ནས་ཧེ་བཛྲ ་པ་ཤྱ་ཞེས་བྱ་བ་དང་དཀྱིལ་འཁོར་བསྟན་པར་བྱའོ།། དེ་ནས་འཇུག་པའི་ཕྱག་རྒྱ་བཅིངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་སྙིང་གར་དགྲོལ་བར་བྱའོ།། དེ་ནས་ཕྱི་རོལ་གྱི་ནང་དུ་དཀྱིལ་འཁོར་གྱི་ནང་དུ་ཤྭར་སྒོར་བལྟས་པའི་སྣ ་ཚོགས་པདྨོ་བྲིས་ལ་སློབ་མ་རྣམ་པར་སྣང་མཛོད་དུ་བསམས་ཏེ་སེམས་མས་རྡོ་རྗེ་བྱིན་གྱིས་བརླབས་ལ་པདྨའི་སྟེང་དུ་ལས་ཀྱི་ཕྱག་རྒྱ་གཞག་ནས་ཡོན་གྱི་མཆོ་གཽ་བླངས་ལ། སློབ་མ་ལ་མཆོད་ཡོན་བྱིན་ཏེ། དེ་ནས་མཆོད་པ་རྣམ་པ ་ལྔས་མཆོད་ནས། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལ་ཆུ་བླངས་ལ་ཨོཾ་བྷཱུ་ཁཾ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བྱ་བས་དེས་དབང་བསྐུར་ལ་འདི་སྐད་བརྗིད་ཅིང་ཆུ་དེ་འཐུང་དུ་གཞུག་གོ།། འདི་ནི་ཁྱོད་ཀྱི་དམྱལ ་བའི་ཆུ།། དམ་ཚིག་ཉམས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ།། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དགོ། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུས་ན་བསྟན་པ་དང་།། དྲད་པ་མེད་པར་འོགས ་པར་འགྱུར།། སློབ་མས་ཀྱང་ཐལ་མོ་བསྐོར་བས་སློབ་དཔོན་ལ་ཕྱག་བྱས་ལ་རྡོ་རྗེ་མེ་ཏོག་ལ་སོགས་པས་དབང་བསྐུར་བ་ཐམས་ཅད་བླང་བར་བྱ་ཞིང་ཡོན་ཡང་རྒྱུན་དུ་དབུལ་བར་བྱའོ།། དེ་ནས་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་གི་ཕྱག་རྒྱས་རིན ་བོཔོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་དང་། དར་དཔྱངས་ཀྱི་དབང་བསྐུར་བས་དེ་དབང་བསྐུར་ལ། ཛཿཧཱུཾ་བཾ་ཧོཿམ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་སྟི། ཨ་བྷི་ཥིཉྩ་མི་སཏྭ་ཨ་ཏི་བ་ཏེ་ཏྲེ་ཏོ་མེ་བྷ་བ། སིདྡྷ་ན་མ་ཏེ། བྷ་ག་བཱན་མ་ཧཱ་བཛྲ ་དྷ་ར་སུ་ར་ཏ་སྟྭཾ་ཧཾ། བཛྲ་སཏྭ་ཨོཾ་བྷུར་བྷུ་བྱཱ་སྭཱ་ཧཱ་ཞེས་བྱ་བའི་སྔགས་དང་། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་རྡོ་རྗེ་བླངས་ཏེ་དབང་བསྐུར་བ་དང་། བདག་པོའི་དབང་བསྐུར་བ་ཡང་བྱིན་ལ ་མིང་གི་དབང་བསྐུར་བ་ཡང་འདིས་སྦྱིན་པར་བྱའོ།། ཨོཾ་སརྦ་ཨ་དྷུ་པི་ཏི་སྟཾ་ཨ་བྷི་ཥིཉྩ་མི་མ་ཧཱ་དྷཱ་ར་ཏེ་བཛྲ་ནཱ་མཱ་ཨ་བྷི་ཥཱིཉྩ་མཾ་ས་མ་ཡ་སྟཾ་བྷཱུར་བྷཱ་བ་སྭཱ་ཧཱ།། དེ་ནས་འདིས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་སྦྱིན་པར་བྱའོ།། ཨོཾ་སཿ ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་ཏི་བ་ཏིསྟྭཾ་ཨ་བྷི་ཥིཉྩ་མཽ་མ་ཧཱ་བཛྲ་དྷ་ར། འདི་ནི་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་ཅན་གྱི་རྡོ་རྗེ་ཡིན།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད།། རྡོ་རྗེ་འཆང་ཆེན་བརྟུལ་ཞུགས་ཡིན།། འདི་ནི་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་མཆོག་ཏུ་གསང་བ་བྱང་ཆུབ་ཆེན་པོའི་སེམས་ཡོངས་སུ་མི་སྤང་བས་རྟག་ཏུ་བཅང་བར་བྱའོ་ཞེས་བྱ་བ་གསང་བའོ།། ཧེ་བཛྲཱཛྲ་གརྦྷ་བཱ་ཏེ་ཨ་བྷི་ཥིཉྩ་ཧེ་བཛྲ་ནཱ་མ་སིདྡྷ་ས་མ་ཡ་སྟྭཾ་བྷུར་བྷུ་བཱ་སྭཱ་ཧཱ། དེ་ནས་འདོད་ཆགས་ལ་སོགས ་པའི་ཕྱག་རྒྱ་བཅུ་གཉིས་ཀྱི་ཡང་དག་པར་མཆོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་བ་ལྔ་བཤད་པར་བྱའོ།། དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ལྷ་ཡིན་ཏེ། རྟག་དང་མི་བསྐྱོད་རིན་ཆེན ་མཆོག། འཇིག་རྟེན་དབང་དང་དོན་ཡོད་གྲུབ།། དེ་བཞིན་གཤེགས་ཀུན་ཉིད་ཡིན་པས། དེ་བཞིན་གཤེགས་པ་ཀུན་ཏུ་བཤད།། དེ་ལ་རིགས་ཀྱི་དེ་ཁོ་ན་ཉིད་ནི།། རྡོ་རྗེ་སེམས་དཔའ་མི་བསྐྱེད་པ།། རིན་ཆེན་འབྱུང་ལྗོན་རིན་ཆེན་དབང ་འཇིག་རྟེན་དབང་ཕྱུག་རྡོ་རྗེ་ཆོས།། རྡོ་རྗེ་ལས་ནི་རབ་གྲུབ་ཡིན།། དེ་ནས་དེ་ཉིད་ཆོས་ནི་རྡོ་རྗེ་གཟུང་།། ཆོས་ཀྱི་དྲིལ་བུ་བཀྲོལ་བར་བྱའོ།། དམ་ཚིག་གིས་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླས་ཞེས་བྱ་བསྒྲུབ་པར་བྱའོ།། ་དེ་ནས་དམ་ཚིག་གསུམ་གྱི་གླུའི་མཆོད་པ་བླངས་ནས་རང་གི་ལྷའི་ཕྱག་རྒྱ་བཞིས་མནའ་བསྒྲགས་ལ། བསླབ་པར་བྱའོ།། ཆོ་ག་རྒྱས་པ་ནི་སྔར་བཤད་པ་ལྔ་ཤེས་པར་བྱའོ།། སློབ་མ་གཞུག་པ་ལ་སོགས་པའི་ཆོ་ག་རྒྱས་པ ་རྫོགས་སྷོ།། །། དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་བསྟན་ནས་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་སྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ།། ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་མ་གྲུབ་མཆོག་ཅེས་བྱེ་བུ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲས་ནི་དེ་མ་ཐག་པ་སྟེ། ཆོས་ཀྱི་ཕྱག་རྒྱ་འམ། ཕྱག་རྒྱ་ཆེན་པོ་འམ། དམ་ཚིག་གི་ཕྱག་རྒྱ་འམ། ་ལས་ཀྱི་ཕྱག་རྒྱ་ཟླ་བ་གཉིས་ཀྱིས་སྒྲུབ་པོ་ན་གང་གི་ཚེ་གྲུབ་པར་མ་གྱུར་པ་དེའི་རྗེས་ཐོགས་ཉིད་ལའོ།། གྲུབ་པ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རྫོགས་པར་གྱུར་པའོ།། གྲུབ་པ་མེད་པས་ནཱ་མ་གྲུབ་པ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི ་དངོས་གྲུབ་ཀྱི་མཆོག་གྲུབ་པ་ནི་དངོས་གྲུབ་མཆོག་གོ།། ལས་རྣམས་ནི་འདོད་ཆགས་ལ་སོགས་པ་འཇིག་རྟེན་པའི་མཚན་ཉིད་ཅན་གྱིའོ།། རྒྱན་ནི་རབ་འབྱམ་སྟེ། དེ་ནི་མ་གྲུབ་མ་གྲུབ་མཆོག། ལས་རྣམས་ཀྱི་རྒྱུན་ཞེས་བྱའོ།། དེ་ཉིད་ནི ་ལས་གཞན་ལས་དམ་པར་གྱུར་པས་ན་མཆོག་གོ།། སྡིག་པ་སོལ་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པ་ཉེ་བར་སྤྱོད་པའི་གཉེན་པོར་གྱུར་པའོ།། སྣ་ཚོགས་པ་ཞེས་བྱ་བ་ནི་དབྱེ་བ་རྣམ་པ་བརྒྱས་དངོས་གྲུབ་ཐམས་ཅད་གྲུབ་པར ་བྱེད་པའོ།། གོ་རཱིམ་བཞིན་དུ་རིམ་བཞིན་དུ།། ཇི་སྐད་བཤད་པའི་སྒྲུབ་པའི་ཐབས་ཀྱི་ཆོ་གའི་རིམ་གྱིས་ཞེས་བྱ་བའི་ཐ་ཚིག་གོ། བཤད་ཅེས་བྱ་བ་དེ་ལྟར་གྱུར་པ་དེ་རབ་ཏུ་བཤད་ཅིང་བསྟན་པར་བྱའོ་ཞེས་པའོ།། ཁྱེད་འཆད་པར་བྱེད་པ་གང་ཞིག ་ཡིན་ཞེ་ན། འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་ཉེ་བར་སྟོན་པའི་དོན་ཏོ།། ནད་ཀྱང་ཡིན་པས་ན་ནད་ཐམས་ཅད་སྟེ་སྐྱ་རྦབ་ལ་སོགས་པའོ།། མྱ་ངན་ཞེས་བྱ་བ་ནི་སྡུག་པ་དང་བྲལ་བ་ལས་བྱུང་བའི་ཡིད ་ཀྱིས་མི་བདེ་བའི་རྒྱུན་ནོ།། གནོད་པ་མ་འོངས་པའི་དོན་གྲུབ་པ་མ་རྙེད་པ་ལས་བྱུང་བའི་སྡུག་བསྔལ་ལོ།། གནོད་བྱེད་ནི་གཅོང་ཆེན་པོ་ལ་སོགས་པའོ།། དུག་གིས་རྒྱུ་བ་དང་མི་རྒྱུ་བའི་བདག་ཉིད་ཅན་ནོ།། སྦྱར་བའི་དུག་ནི་སྦྱོར་བའི་ལས་བྱུང ་བའི་བདག་ཉིད་ཅན་ནོ།། གཤེད་བྱེད་ནི་གཞན་ལ་གནོད་པ་བྱེད་པའི་ཕྱིར། ལྷ་དགུས་པ་དག་སྔགས་ཀྱི་སྟོབས་ཀྱིས་བསྐྱེད་པ་གང་ཡིན་པའོ།། གཡེང་བྱེད་ནི་ཕུར་བུའི་ཕྱག་རྒྱ་འམ། མིང་རུས་ལ་སོགས་པ་ཕྱིའི་ཕུར་བུས་ལྷ་ལ་སོགས ་པས་ཕུར་བུ་བཏབ་པའོ།། ལངས་ནི་འདིར་གཞན་དག་ལ་གནོད་པ་བྱེ་བའི་ཕྱིར་ཤི་བའི་རོ་ལ་སྲིན་པོ་གདུག་པ་བཅུག་པའོ།། སྔགས་ནི་སྒྲུབ་པ་པོའི་དོན་ལ་གེགས་བྱེད་པར་འགྱུར་བའོ།། སྨན་ནི་འདོད་པའི་དོན་ལ་གགས་བྱེད་པ་གཟུང་ངོ་།། ་བགེགས་ནི་སྒྲུབ་པ་པོའི་འདོད་ཆགས་པ་ནང་གི་བགེགས་དང་། དངོས་གྲུབ་ཀྱི་བར་དུ་གཅོད་པའི་ཕྱིར་བགེགས་རྣམས་སོ།། ལོག་འདྲེན་ནི་གོ་བར་ཟད་དོ།། སྡིག་པ་ནི་སྒྲུབ་པ་པོ་ལ་ཟླ་བར་བརྩོན་པའི་སྲིན་པོ་ལ་སོགས་པའོ།། རྨི་ལམ་ངན་པ ་དང་། དུས་མ་ཡིན་པར་འཆི་བ་དང་། རིམས་ནི་གོ་བར་ཟད་དོ།། གདོན་ནི་སེམས་ཅན་གྱི་རྒྱུད་དུ་གཏོགས་པའི་ལྷའི་གདོན་ལ་སོགས་པ་རིག་པ་མཆོག་ལས་གསུངས་པ་བཅོ་བརྒྱད་དོ།། མཁའ་འགྲོ་མ་ནི་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པའོ།། ཉེ་བར་འཚེ་བ་ནི་ཁྱིམ་དུ་སྲིན་པོ་ལ་སོགས་པ་སྣང་བའོ།། དེས་ཉེ་བར་བཅོམ་པ་ནི་ཉེ་བར་འཆི་བའོ།། གློ་བུར་པ་ནི་འགོ་བའི་ནད་དོ་ཉེས་པ་ནི་ཁང་པ་ལ་སོགས་པར་ཉེས་པ་གློ་བུར་དུ་བྱུང་བའོ།། ཉོན་མོངས་པ་ནི་ལུས་ཀྱི ་སྡུག་བསྔལ་ལོ།། ལུས་དང་ངག་དོང་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ནི་གོ་བར་ཟད་དོ།། འདི་རྣམས་འཇིག་པ་ཇི་ལྟར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་བསྔལ་འཕྲོག་པར་བྱེད་པས་སོ་ཞེས་བྱ་བ་གསུངས་ཏེ། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་ནད་བཙིར་བ་དང་། མིག་དབྱེ་བ་དང་། སྙིང་གར་བྱཞག་པ་དང་། ཁྱབ་པ་དང་། ཁུ་ཚུར་གྱིས་བསལ་བ་དང་། ཁ་ཟས་དང་ཁྲོ་བོས་ཕུར་བུ་དབྱུང་བ་དང་། རྟིང་པས་བཏེག་པ་དང་། ཨོཾ་བྲིས་ནས ་ཕྱི་བ་དང་། སོས་གཟུང་བ་དང་། ཧཱུཾ་དང་བཅས་པས་བསྣུན་པ་དང་། ལོག་འདྲེན་ལོ་བརྡེག་པ་དང་། ཚོན་བྲིས་ནས་ཕྱིར་བྱུང་བ་དང་། སྦྱིན་སྲེག་བྱ་བ་དང་། དུར་བའི་སྦྱིན་སྲེག་བྱ་བ་དང་། སྤྱི་བོར་བཞག་པ་དང་། ལྟ་བས་བྱ་བ་དང་། སྒྲ་ནས ་གཟུང་སྟེ་སྤྲུག་པ་དང་། ཁ་ཊྭཱ~ཾ་ག་སྟེང་དུ་གཟུང་བ་དང་། རང་གི་ཁྱིམ་དུ་བཞག་པ་དང་ཞུགས་པ་དང་། སྙིང་ལས་གདོན་པ་དང་། ལུས་ལས་བསྐོར་བ་དང་། ཚིག་འབྱིན་པའི་ཚུལ་དང་། སྙིང་གར་བཙིར་བའོ།། འདི་སྐད་སྟོན ་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིངས་ཏེ། གཡས་པ་ཀུན་ཏུ་བསྒྲེང་བ་ནི།། གཡོན་པའི་རྡོ་རྗེ་སོར་མོ་གཟུང་།། བྱང་ཆུབ་མཆོག་གྲི་ཕྱག་རྒྱ་འདི།། སངས་རྒྱས་བྱང་ཆུབ་རང་བཞིན་བྱེད།། ཅེས་བྱ་བ་ནི་དེ་བཞིན་གཤེགས། ་པའི་ཁུ་ཚུར་རོ།། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པས་རྣམ་པར་སྣང་མཛད་དུ་བདག་ཉིད་བསྐྱེད་དེ། དེ་བཅིངས་ནས་ཨོཾ་བྷུཾ་ཁ~ཾ་ཞེས་ཟློས་ཤིང་དེས་ནད་བཙིར་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱི་བོ་ནས་བརྩམས་ཏེ ་རྐང་མཐིལ་གྱི་བར་དུ་ཡོངསུ་གྲང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ནིད་ཞི་བར་འགྱུར་རོ།། དེ་བཞིན་དུ་རྣམ་པར་སྣང་མཛད་ཀྱི་སྦྱོར་བ་བྱས་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ། བསྒྲུབ་པར་བྱ་བ་དང་། ལྷན་ཅིག་ཡིད་ཀྱིས ་གཅིག་ཏུ་བྱས་ལ་མྱ་ངན་གཞིག་པའི་བསམ་པས་བྱང་ཆུབ་མཆོག་གི་ཕྱག་རྒྱས་རང་གི་མིག་ཤ་ཕྱེ་ཞིང་བདེ་བ་དང་ཡིད་བདེ་བ་བསྐྱེད་པར་བསམས་ཏེ། དེ་ལྟ་བུས་ནི་མྱ་ངན་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས ་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ཏེ་ནད་པའི་ལུས་ལ་བྱབ་པར་བྱ་ཞིང་དེ་དང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོས་ནད་པའི་ལུས་དེ་བཞིན་དུ་ཀུན་ཏུ་གང་བར་བསམས་ཏེ་དེ་ལྟ་བུས་ནི་གནོད་བྱེང ་ཐམས་ཅད་འཇོག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཁུ་ཚུར་གཉིས་གསལ་བར་བྱས་པས་ནི་དུག་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཁྭ། ་ཐས་རྙེད་པ་ན་སྔགས་བཟླ་ཞིང་ཁ་ཟས་དེ་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསམས་ལ་དེ་ནས་ཁ་ཟས་དེ་ཟོས་ན་སྦྱར་བའི་དུག་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཙོངས་ཏེ། གཤེད ་བྱེད་ལ་མངོན་དུ་ཕྱོགས་ཏེ་ཁྲོས་པས་རྡོ་རྗེ་འབར་བ་འཕངས་ཏེ་གཤེད་བྱེད་ཀྱི་སྟེང་དུ་བཅས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཕུར་བུ ་བཟུང་ལ་ཡིད་ཀྱིས་ཕྱུང་ལ་དེ་ལྟ་བུས་ནི་བཀའ་འཁོར་དུ་འཇུག་གོ། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཕུར་བུ་གཟུང་ལ་བཅིངས་ཏེ། དེས་རྟིང་པ་བཏེག་པའི་ཚུལ་དུ་བྱས་ཤིང་ཕྱག་རྒྱ་བཅིངས་ལ། ལས ་ཀྱང་རྡོ་རྗེ་འབར་བ་སྤྲོས་ལ་རོ་ལངས་ཀྱི་སྟེང་དུ་དབབ་པར་བྱས་ཏེ། དེ་ལྟ་བུས་ནི་རྀ་ལངས་ཐམས་ཅད་འཇིག་གོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ཡི་གེ་ཨོཾ་བྲིས་ལ། སྔགས་ཐམས་ཅད་གཞིག་པའི་བསམ ་པས་དབྱི་བར་བྱས་ཏེ། དེ་ལྟ་བུས་ནི་སྔགས་ཐམས་ཅད་འཇིག་གོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། བྱང་ཆུབ་མཆོག་བཅིངས་ཏེ། སྨན་ཐམས་ཅད་བཟུང་བའི་བསམོ་པས་དེ་སོས་གཟུང་བར་བྱས་ཏེ། དེ་ལྟ་བུས་ནི་སྨན་ཐམས་ཅད ་འཇིག་གོ།། དེ་བཞིན་ཐམས་ཅད་བྱ་ས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཙམ་དམ་བཅས་པ་པ། ཨོཾ་བྷུ་ཁཾ་ཧཱུཾ་ཞེས་བྱ་བས་བགེགས་ཐམས་ཅད་ལ་བསྣུན་ཅིང་བགེགས་ཐམས་ཅད་ཀྱི་སྟེང་དུ་རྡོ་རྗེ་འབར་བ་ཡིད་ཀྱིས་ཕབ་པ ་ན་དེ་ལྟ་བུས་ནི་བགེགས་ཐམས་ཅད་འཇིག་གོ།། དེ་བཞིན་དུ་ཐམས་ཅད་བྱས་ལྔ་ལོག་འདྲེན་བཀུག་སྟེ་དེའི་སྟེང་དུ་བྱང་ཆུབ་མཆོག་གི་ཕྱག་རྒྱ་རྡོ་རྗེ་འབར་བར་བྱས་ཏེ། དེ་ལྟ་བུས་ནི་ལོག་འདྲེན་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གིས་ཕྱག་རྒྱས་སྲིན་པོ་ལ་སོགས་པ་སྡིག་ཐམས་ཅད་བསད་པའི་བསམ་པ་དེ་ཉིད་ཀྱི་དབྱི་བར་བྱ་ཞིང་། བཅོམ་ལྡན་འདས་རྡོ་རྗེ་མི་ལྟར་འབར་བས་ཀྱང་དེ་ཐལ་བར་བྱས་པར་བསམ་པར་བྱས་ཏེ། དེ་ལྟ ་བུས་ནི་སྡིག་པ་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། མདུན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྤྱན་དྲངས་ཏེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱས་རྨི་ལམ་ངན་པ་ཐམས ་ཅད་གཞིག་པའི་བསམ་པས་སྦྱིན་སྲེག་བྱས་ན། དེ་ལྟ་བུས་ནི་རྨི་ལམ་ངན་པ་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ནས་བཅོམ་ལྡན་འདས་ཐབས་ཀྱི་དབུས་སུ་སྤྱན་དྲངས་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་དེ། ་བྱང་ཆུབ་མཆོག་གི་ཕྱག་རྒྱས་ངུར་བའི་སྦྱིན་སྲེག་བྱས་ན་དུས་མ་ཡིན་པར་འཆི་བ་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་གི་ཕྱག་རྒྱ་བཅིངས་ལ་སྤྱི་བོར་བཞག་སྟེ་བྱམས་པའི་ལྟ་བས་བསྐྱོབ་པར ་བྱས་ཅིང་བཅོམ་ལྡན་འདས་གཙུག་འཕྱང་གིས་ཀྱང་བསྒྲུབ་པར་བྱ་བའི་ལུས་ཀུན་ཏུ་གང་ལ་རིམས་བཅོམ་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རིམས་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱུང ་ཆུ་བ་མཆོག་གི་ཕྱག་རྒྱས་ནང་པའི་སྒྲ་ནས་གཟུང་ལོ་སྐྱུག་ཅིང་བཅོམ་ལྡན་འདས་ཁྲོ་བོ་སྟོབས་པོ་ཆེས་བསྒྲུབ་པར་བྱ་བའི་ལུས་ལས་གདོན་བླངས་ཏེ། གཞན་དུ་དོར་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གདོན་འཇིག་གོ།། དེ ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ། དེའི་སྟེང་ན་ཁ་ནཱཾ་གཱ་འཛིན་པའི་ཚུལ་དུ་བཞག་ཅིང་བདག་ཉིད་དཔལ་ཧེ་རུ་ཀར་བསམས་ལ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་སོགས་པ་དང་བཅས་པས་བསྒྲུབ ་པར་བྱ་བའི་ལུས་ལ་ཁྱབ་ནས་མཁའ་འགྲོ་མའི་ཕྱག་རྒྱ་རྣམས་ཐར་པར་མཛད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཡམས་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ། རང ་གི་ཁྱིམ་དུ་བཞག་ལ་བཅོམ་ལྡན་འདས་རྡོ་ཛྷཻཾ་ཧཱུཾ་མཛད་ཀྱི་ཁྱིམ་དེར་རྡོ་རྗེ་རིགས་འབྱིན་པའི་ཚུལ་གྱིས་གདུག་པ་ཐམས་ཅད་ངེས་པར་སྐྲོད་པར་མཛད་པ་ལ་བརྩོན་པར་བསམས་ན་དེ་ལྟ་བུས་ནི་ཉེ་བར་འཚེ་བ་ཐམས་ཅད་འཇིག་གོ།། དེ ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ། རང་གི་ཁྱིམ་དུ་ཞུགས་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་དཀར་པོས་ཁང་པ་ཐམས་ཅད་སྣང་བར་མཛད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི ་དབུས་ན་བཞུགས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གློ་བུར་བའི་ཉེས་པ་སེལ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ། རང་གི་སྙིང་ག་ནས་བཏོན་ཏེ། བཅོམ་ལྡན་འདས་རྣམ་པར ་སྣང་མཛད་ཀྱིས་བསྒྲུབ་པར་བྱ་བའི་ལུ་སཱ་ལ་ཁྱབ་པོར་བྱས་པར་བསམས་ན་དེ་ལྟ་བུས་ནི་ཉོན་མོངས་པ་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བྱང་ཆུབ་མཆོག་བཅིངས་ཏེ་ལུས་ལ་བསྐོར་བས ་ལུས་ཐམས་ཅད་རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ལུས་ཀྱི་སྡུག་བསྔལ་ཐམས་ཅད་འཇིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་ཆུབ་མཆོག་བཅིངས་ཏེ། དེས་ཚིག ་འབྱིན་ཚུལ་དུ་བྱ་ཞིང་བདག་ཉིད་རྣམ་པར་སྣང་མཛད་ཀྱི་ཞལ་གྱི་ངོ་བོར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ངག་གི་སྡུག་བསྔལ་ཐམས་ཅད་འཇིག་གོ།། དེ་བཞིན་དུ་ཐམས་ཅད་བྱས་ནས་བྱང་ཆུབ་མཆོག་བཅིངས་ཏེ། སྙིང་གའི ་བྱུགས་སུ་བཙིར་ཞིང་གར་སེམས་དཔའི་རྡོ་རྗེ་བསྒོམས་ན་དེ་ལྟ་བུས་ནི་སེམས་ཀྱི་སྡུག་བསྔལ་ཐམས་ཅད་ཞི་བར་འགྱུར་རོ།། དེ་ལྟར་བཅོམ་ལྡན་འདས་ཀྱི་བྱང་ཆུབ་མཆོག་གི་ཕྱག་རྒྱ་ལས་ཉི་ཤུ་རྩ་ལྔ་བསྒྲུབ་པར་གསུངས་ནས་ད་ནི་དེ ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་ལས་ཉི་ཤུ་རྩ་ལྔ་པོས་གཞན་བྱ་བར་གསུངས་པ་ནི་ཚེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། འདིས་ཀྱང་འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་ཇི་ལྟ ་བ་བཞིན་དུ་བྱས་ལ་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་བཅིངས་ལ་རང་གི་སྙིང་གར་བརྟན་པར་བྱ་ཞིང་རང་གི་སྙིང་གར་རྣམ་པར་སྣང་མཛད་ཟླ་བའི་མདོག་ཅན ་བསམ་པར་དྲིས་ཏེ། དེ་ལྟ་བུས་ནི་ཚེ་ཆེན་པོ་འཕེལ་བར་འགྱུར་རོ།། དེ་ཉིད་དབང་ཐམས་ཅད་དུ་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལོ་བཅུ་དྲུག་ལོན་པ་ཙམ་དང་། བདག་ཉིད་ཆུ་དང་འོ་མ་བཞིན་དུ་གཅིག་ཏུ་གྱུར་པར་བསམ ་པར་བྱས་ཏེ། དེ་ལྟ་བུས་ནི་ན་ཚོད་ཆེན་པོ་འཕེལ་བར་འགྱུར་རོ།། དེ་ཉིད་ཁར་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁའི་སྒོ་ནས་ཞུགས་ཏེ། ཡན་ལག་ཐམས་ཅད་རྣམ་པར་སྣང་མཛད་དུ་བྱས་པར་བསམ་པར་བྱས་ཏེ། དེ་ལྟ ་བུས་ནི་གཟུགས་ཆེན་པོས་འཕེལ་བར་འགྱུར་རོ།། དེ་ཉིད་ཁར་བསྐོར་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་ལ་མཚན་སུམ་ཅུ་རྩ་གཉིས་ཀྱིས་ཡང་དག་པར་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡན་ལག་རྣམ་པར ་མཛེས་པ་ཁའི་སྒོ་ནས་ཞུགས་ཏེ། ཡན་ལག་ཐམས་ཅད་ཁྱབ་པས་རྣམ་པར་སྣང་མཛད་དུ་བྱས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནཱི་ཁ་དོག་ཆེན་པོ་འཕེལ་བར་འགྱུར་རོ།། དེ་ཉིད་དཔྲལ་བར་བཞག་ལ་བཅོམ་ལྡན་འདས་རྣམ ་པར་སྣང་མཛད་ཀྱི་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་དབང་བསྐུར་ཏོ། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ཐོབ་པས་བདག་ཉིད་གཟི་བརྗིད་མཐའ་ཡས་པའི་རྣམ་པར་སྣང་མཛད་དུ་བསམ་པར་བྱས་ཏེ། དེ ་ལྟ་བུས་ནི་གཟི་བརྗིད་ཆེན་པོ་འཕེལ་བར་འགྱུར་རོ།། དེ་ཉིད་སྙིང་གར་བཞག་སྟེ། རང་གི་སྙིང་གར་གནས་པས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་སྣང་བར་བྱས་ཤིང་དེའི་མདངས་དང་ལྡན་པར ་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མདངས་འཕེལ་པར་འགྱུར་རོ།། དེ་ཉིད་ཕྲག་པ་གཉིས་སུ་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྟོབས་ནམཁའ་དང་མཉམ་པར་རང་གི་ཡན་ལག་ཁྱབ་ཅིང་དེའི་སྟོབས་དང ་ལྡན་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྟོབས་འཕེལ་བར་འགྱུར་རོ།། དེ་གཉིས་པརླ་གཉིས་སུ་བཞག་ནས་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པས་ཡན་ལག་ཐམས་ཅད་ལ་ཁྱབ་ཅིང་དེའི་སྤྲོ་བ་དང་ལྡན་པར་བསམ་པར ་བྱས་ཏེ། དེ་ལྟ་བུས་ནི་སྤྲོ་བ་འཕེལ་བར་འགྱུར་རོ།། དེ་ཉིད་བཅིངས་ལ་དེས་ཕྲེང་བའི་ཚུལ་དུ་བྱ་ཞིང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་སྣ་ཚོགས་ཕྲེང་བའི་དབང་གིས་དབང་བསྐུར་བས་བྱང་ཆུབ་སེམས་དཔའ ་ཆེན་པོ་རྡོ་རྗེ་ལས་ཀྱི་རང་བཞིན་དུ་གྱུར་པར་བསམ་པར་གྱུར་པ་སྟེ། དེ་ལྟ་བུས་ནི་བརྩོན་འགྲུས་འཕེལ་བར་འགྱུར་རོ།། དབང་པོ་ཐམས་ཅད་ལ་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ལ་འཕགས་པ ་ན་མཁའི་སྙིང་པོའི་དབང་བསྐུར་བས་ནོར་བུའི་རིགས་ཀྱི་རང་བཞིན་དུ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དཔལ་ཆེན་པོ་འཕེལ་བར་འགྱུར་རོ།། དེ་ཉིད་ཀྱི་སྤྱི་བོར་བཞག་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཁའི་སྒོ་ནས ་ཞུགས་པས་ལུས་ཐམས་ཅད་ཁྱབ་པར་རྣམ་པར་སྣང་མཛད་དུ་གྱུར་ཅིང་རྣམ་པར་དག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བསོད་ནམས་འཕེལ་བར་འགྱུར་རོ།། དེ་ཉིད་ཁ་ནས་བྱུང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི ་རྡུལ་ཕྲ་རབ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་རང་གི་ཁ་ནས་བྱུང་བས་ཕྱོགས་བཅུ་དང་རང་གི་མིང་སྒྲོགས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མིང་འཕེལ་བར་འགྱུར་རོ།། དེ་ཉིད་ཐམས་ཅད་དུ་བསྐོར་ལ་རང ་གི་ལུས་ལས་བྱུང་བ་སྟེ་ཕྱོགས་བཅུར་རང་གི་སྙན་པས་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་སྙན་པ་འཕེལ་བར་འགྱུར་རོ།། དེ་ཉིད་ཕྱོགས་ཀུན་ནས་བསྐོར་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་ཀྱི་སེམས ་གས་པ་སྒྲོགས་པར་བདག་ཉིད་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གྲགས་པ་འཕེལ་བར་འགྱུར་རོ།། དེ་ཉིད་བཅིངས་ལ་དེ་བཞིན་གཤེགས་པ་རྗེས་སུ་དྲན་པ་བསྒོམས་ན་དེ་ལྟ་བུས་ནི་དྲན་པ་འཕེལ་བར་འགྱུར་རོ།། དེ་ཉིད ་བཅིངས་ལ་སྙིང་ག་ནས་བྱུང་བའི་ཚུལ་དུ་བྱས་ན་བློ་གྲོས་འཕེལ་བར་འགྱུར་རོ།། དེ་ཉིད་སྙིང་གར་བཞག་ལ་དགའ་བ་ཐོབ་པར་བྱས་ན་དེ་ལྟ་བུས་ནི་བརྟན་པར་འགྱུར་རོ།། དེ་ཉིད་བཅིངས་ལ་སངས་རྒྱས་ཀྱི་ཚུལ་དུ་བདག་ཉིད་བསྒོམས ་ན་དེ་བཞིན་གཤེགས་པའི་རྟོགས་པ་འཕེལ་བར་འགྱུར་རོ།། དེ་ཉིད་བཅིངས་ལ་སངས་རྒྱས་ཐམས་ཅད་དུ་བསྒོམས་པས་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་འཕེལ་བར་འགྱུར་རོ།། དེ་ཉིད་བཅིངས་ལ་ཕུང་པོ་ལྔ་པོ་བཞག་ན་དེ ་བཞིན་གཤེགས་པའི་འཇིག་རྟེན་ལས་འདས་པའི་ཕུང་པོ་ལྔ་འཕེལ་བར་འགྱུར་རོ།། དེ་ཉིད་རྫ་མཁན་གྱི་འཁོར་ལོ་བསྐོར་བ་ལྟར་བསྐོར་ཞིང་དོན་ཡོད་པར་གྲུབ་པའི་རང་བཞིན་དུ་བདག་ཉིད་བསམས་ན། དེ་ལྟ་བུས་ནི ་དོན་ཡོད་པར་གྲུབ་པའི་རང་བཞིན་དུ་འདུ་བྱེད་འཕེལ་བར་འགྱུར་རོ།། དེ་ཉིད་བཅིངས་ལ་རྣམ་པར་སྣང་མཛད་ཀྱི་སྐུར་བདག་ཉིད་བསྒོམས་ན། དེ་ལྟ་བུས་ནི་སྐུ་འཕེལ་བར་འགྱུར་རོ།། དེ་ཉིད་ལྕེ་ལ་བཞག་ན་དེ་ལྟ་བུས་ནི་དེ་བཞིན་གཤེགས་པའི་གསུང ་རྣམ་པར་འཕེལ་བར་འགྱུར་རོ།། དེ་ཉིད་བཙོངས་ལ་ཡིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ་རང་གི་སྙིང་གར་སེམས་དཔའི་རྡོ་རྗེ་བསྒོམས་ན། དེ་ལྟ་བུས་ནི་ཐུགས་འཕེལ་བར་འགྱུར་རོ།། དེ་ལྟར་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུའི་མཆོག་གི་ལས་ཉི་ཤུ་རྩ་ལྔ་པ་བསྒྲུབ་པར་གསུངས་ནས་ད་ནི་དེ་ཉིད་ཀྱི་ལས་ཀྱི་ལས་ཉི་ཤུ་རྩ་ལྔ་གཞན་དག་བསྒྲུབ་པར་གསུངས་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པ་དང་ཞེས་བྱ་བ་ལ་སོགས ་པ་གསུངས་པ་ཡིན་ནོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏོ། དེ་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲའི་མཆོག་བཅིངས་ཏེ། ཕྱོགས་བཅུའི་སེམས་ཅན་ཐམས ་ཅད་སྒེག་མོ་རྟོགས་པའི་སྦྱིན་པས་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་བྱེད་པར་བདག་ཉིད་བསམ་པར་བྱ་བ་དང་། དེ་བཞིན་དུ་སྟོང་པའི་རྗེསུ་དྲན་པས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པར་འགྱུར་རོ།། དེ་ཉིད་བཅིངས་ལ་རྡོ་རྗེ ་ཕྲེང་བ་མ་གཏོགས་པས་སེམས་ཅན་གྱི་ཁམས་ཐམས་ཅད་ཡང་དག་པར་སྦྱར་བ་དང་། དེ་བཞིན་དུ་ཚུལ་ཁྲིམས་རྗེས་སུ་དྲན་པས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་བོ།། དེ་ཉིད་བཅིངས་ལ་སེམས་ཅན་གྱི་ཁམས་ཐམས་ཅད་ལ ་བྱམས་པ་ཡང་དག་པར་སྤྲོས་ཏེ་དེ་ལྟ་བུས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་གྲུབ་པར་འགྱུར་རོ།། དེ་ཉིད་བཅིངས་ལ་གར་མའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕ་རོལ་ཏུ་ཕྱིན་པ་ལ་བཞག་པར་བྱས་ཏེ། དེ ་ལྷ་བུས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ།། དེ་ཉིད་བཅིངས་ལ་རྡོ་རྗེ་མེ་ཏོག་མའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་བཞག་པར་བྱས་ཏེ། དེ་ལྟ་བུས་ནི་བསྡམ་གཏན་གྱི་ཕ་རོལ་ཏུ ་ཕྱིན་པ་འགྲུབ་པོ་དེ་ཉིད་བཅིངས་ལ་རྡོ་རྗེ་བདུག་པ་མའི་ཚུལ་གྱིས་སེམས་ཅན་གྱི་ཁམས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བཞག་པར་བྱས་ཏེ། དེ་ལྟ་བུས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ།། དེ་ཉིང་བཅིངས་ལ་རྣམ་པར་སྣང ་མཛད་ཀྱི་ཡེ་ཤེས་ཐོབ་པར་བསྒོམས་ན། དེ་ལྟ་བུས་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ།། དེ་ཉིད་བཅིངས་ལ་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་ནི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་འགྲུབ་བོ།། དེ་ཉིད་བཅིངས་ལ་རྡོ་རྗེ་དྲིལ་བུའི ་ཚུལ་གྱིས་བདག་ཉིད་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་གྲུབ་བོ།། དེ་ཉིད་བཅིངས་ལ་མདུན་དུ་བསྒོམས་ན་དེ་ལྟ་བུས་ནི་རྡོ་རྗེ་གྲུབ་བོ།། དེ་ཉིད་བཅིངས་ལ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་སོགས་པའི་གཟུགས ་རྣམས་བསྒོམས་ན་དེའི་སྒྲུབ་པ་གནས་པ་གྲུབ་བོ།། དེ་ཉིད་བཅིངས་ལ་དྲན་པ་དང་ཤེས་རབ་དང་། ཡང་དག་པར་ལྡན་པའི་དེ་བཞིན་གཤེགས་པའི་ཐུགས་བསྒོམས་ན་གཟུངས་རྣམས་གྲུབ་པོ།། དེ་ཉིད་བཅིངས་ལ་ཚུལ ་གསུམ་གྱི་བཤད་པའི་ཆོས་བསྒོམས་ནི་ཆོས་གྲུབ་བོ།། དེ་ཉིད་བཅིངས་ལ་རྡོ་རྗེ་ལས་ཀྱི་གཟུགས་སུ་བདག་ཉིད་བསྒོམས་ཏེ། སངས་རྒྱས་ཀྱི་སྤྲུལ་པ་དང་། སེམས་ཅན་གྱི་དོན་བྱེད་པའི་མཚན་ཉིད་ཅན་གྱི་ལས་བསྒོམས་ན་ལས་གྲུབ ་པའོ།། དེ་ཉིད་བཅིངས་ལ་གཟུགས་ཐམས་ཅད་ཀུན་ཏུ་སྟོན་པའི་ཏིང་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་བསྒོམས་པས་ནི་སྣ་ཚོགས་པའི་བྱ་བ་གྲུབ་པོ།། དེ་ཉིད་བཅིངས་ལ་རྡོ་རྗེ་རྒྱལ་མཚན་གྱི་གཟུགས་སུ་བདག་ཉིད ་བསམས་ལ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པར་ཡིད་ལ་བྱས་ལྀ་དེ་ལྟ་བུས་ནི་སེམས་ཅན་གྱི་དོན་གྲུབ་བོ།། ཕྱོགས་བ་ནུར་སངས་རྒྱས་ཀྱིས་སྤྲུལ་པས་སེམས་ཅན་གྱི་དོན་བྱེད ་པར་བསྒོམས་པས་ནི་སངས་རྒྱས་ཀྱི་མཛད་པའི་དྲོན་གྲུབ་བོ།། དེ་ཉིད་བཅིངས་ལ་རྣམ་པར་སྣང་མཛད་ཀྱི་སྐུར་བདག་ཉིད་བསྒོམས་ན་དེ་ལྟ་བུས་ནཱི་སྐུ་གྲུབ་པོ།། དེ་ཉིད་བཅིངས་ལ་ལྕེ་ལ་རྡོ་རྗེ་དཀར་ཕྱོ་བསྡམས་ལ་ཨོཾ་བྷཱུ་ཁཾ་ཞེས་བྱ ་བ་ཡིད་ཀྱིས་བྲིས་ལ་རྣམ་པར་སྣང་མཛད་དུ་བདག་ཉིད་བསྒོམས་ན་དེ་ལྟ་བུས་ནི་གསུང་གྲུབ་བོ།། དེ་ཉིད་བཅིངས་ལ་རང་གི་སྙིང་བར་སེམས་དཔའི་རྡོ་རྗེ་བསྒོམས་ན་དེ་ལྟ་བུས་ནི་གཟུགས་གྲུབ་བོ།། དེ་ཉིད་བཅིངས་ལ་རྡོ་རྗེ་བདག ་ཉིད་བསྒོམས་ན་དེ་ལྟ་བུས་ནི་རྡོ་རྗེ་ཆེན་པོ་གྲུབ་པར་འགྱུར་རོ།། གང་དུ་ཁྱད་པར་དགག་པ་མེད་པ་དེ་ཐམས་ཅད་དུ་ཨོཾ་བྷ་ཁཾ་ཞེས་བྱ་བའི་སྙིང་པོ་བཟླ་བར་བྱའོ།། དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག། དེ་བཞིན་གཤེ། ་པཔ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཅེས་བྱ་བའི་ལས་བཤད་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་ཕྱག་རྒྱ་ཉིད་ཀྱི་དེ་བཞིན་ལཤེགས་པ་ཐམས་ཅད་སྣ་ཚོགས་རྡོ་རྗེ་ཞེས་བྱ ་བུའི་ཕྱིན་ལྔས་གསུངས་པ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་དུ་རྣམ་པར་སྣང་མཛོད་ཀྱི་རྣལ་འབྱོར་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་བཅིངས་ཏེ། ་ཨོཾ་བཽ་དྷི་ཙིཏྟ་བཛྲ་ཞེས་ཟློས་ཤིང་། ཟླ་བའི་དཀྱིལ་འཁོར་དུ་བདག་ཉིད་བསྒོམས་ན་དེ་ལྟ་བུས་ནཱི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཐམས་ཅད་བསྐྱེད་པར་གྲུབ་པར་འགྱུར་རོ།། དེ་ཉིད་བཅིངས་ལྷ་ཨོཾ་ས་མནྟ་བྷ་ཏྲ་བ་དྱཻ་ཞེས་ཟློས་ཤིང་བདག ་ཉིད་ཀུན་ཏུ་བཟང་པོའི་སྤྱོད་པའི་ཚུལ་དུ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་ཀུན་ཏུ་བཟང་པོའི་སྤྱོང་པོ་སྣ་ཚོགས་རྫོགས་པར་གྲུབ་བོ།། འོད་ཉིད་བཅིངས་ལ་ཨོཾ་ཙིནྡྲ་མ་ཎཾ་ཞེས་ཟློས་ཤིང་རྡོ་རྗེ་དཔལ་དུ་བདག་ཉིད་བསམས་ལ་སེམས ་ན་གྱི་ཁམས་ཐམས་ཅོད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱས་ཏེ། དེ་ལྷ་བུས་ནི་སེམས་ཅན་གྱི་དོན་གྲུབ་པར་འགྱུར་རོ།། ཨོཾ་ཨ་ནི་རོ་ཞེས་ཟློས་ཤིང་བདག་ཉིད་དགའ་ལྡན་གྱི་གནས་དམ་པ་ནས་འཕོ་བ་ཉེ་བར་བསྟན་ནས ་ཤཱཀྱའི་རིགས་སུ་ལྷ་མོ་སྒྱུ་འཕྲུལ་གྱི་ལྷུམས་སུ་འཇུག་པར་བསམ་པར་བྱས་ཏེ། དེ་ལྟ་བུསྱ་ནི་ལྷུམས་སུ་ཞུགས་པ་གྲུབ་པོ།། ཨོཾ་ཛ་ཏི་བཱ་ར་ཏེ་ཞེས་ཟློས་ཤིང་བདག་ཉིད་ཡུམ་གྱི་ལྷུམས་ནས་བལྟམས་པའི་དོན་ཐམས ་ཅད་གྲུབ་པའི་གཟུགས་སུ་བསྡམ་པར་བྱས་ཏེ། དེ་ལྟ་བུས་ནི་སྐྱེ་བའི་ས་ཡང་དག་པར་སྟོན་པར་གྲུབ་བོ།། ཨོཾ་སརྦ་བི་ཛྙཱ་ནེ་ཞེས་ཟློས་ཤིང་བདག་གཞོན་ནུའི་རོལ་པ་སྟོན་པ་ལ་སྩོགས་པ་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གཞོན་ནུའི་རོལ་པ ་གྲུབ་པར་འགྱུར་རོ།། ཨོཾ་མ་ཧཱ་བི་ར་ག་དྷོ་མྱ་ཞེས་ཟློས་ཤིང་བདག་ཉིད་མངོན་པར་འབྱུང་བར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་གྲུབ་པར་འགྱུར་རོ།། ཨོཾ་བཱིརྱ་ཀཱ་བ་ཙེ་ཞེས་ཟློས་ཤིང་བདག་ཉིད་དཀའ་བར་སྤྱོད་པ་ལ་གནས་པར་བསམ ་བྱཕྱིར་བྱས་ཏེ། དེ་ལྟ་བུས་ནི་དེ་གྲུབ་བོ།། ཨོཾ་སཱརྦྦ་ག་མི་ནི་ཞེས་ཟློས་ཤིང་བདག་ཉིད་བྱང་ཆུབ་ཆེན་པོའི་སྙིང་པོའི་འགྲོ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་གྲུབ་བོ།། ཨོཾ་བཛྲ་དྷི་ད་ཙ་ཏ་དེ་ཧཱུཾ་ཞེས་ཟློས་ཤིང་རང་གི་ལུས་ལས་དཔུང་གི། ་ཚོགས་ཡན་ལག་བྱིན་བྱ་ཕྱུང་ལ་དྲིས་བདུད་ཀྱི་སྡེ་བཅོམ་པར་བྱས་ཏེ། དེ་ལྟ་བུས་ནི་བདུད་བཏུལ་བར་གྲུབ་བོ།། ཨོཾ་སརྦ་ཏ་ཐཱ་ག་ཏེ་ཞེས་ཟློས་ཤིང་མངོན་པར་བྱང་ཆུབ་པ་མངོན་དུ་བྱ་བར་བསྒོམ་པར་བྱ་བྱ་སྟེ། དེ་ལྟ་བུས་ནི་མངོན་པར ་བྱང་ཆུབ་པ་གྲུབ་བོ།། ཨོཾ་སརྦ་ཤུདྡྷི་དྷརྨཱ་དེ་ཛྙཱ་ན་བི་ཤྭདྡྷེ་ཞེས་ཟློས་ཤིང་བདག་ཉིད་བ་ར་ཎ་སིར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བར་གྲུབ་བོ།། ཨོཾ་ཀརྨ་བ~ཾ་ཤོ་དྷ་ནི་ཞེས་ཟློས ་ཤིང་བདག་ཉིད་མུ་སྟེགས་ཅན་གཞན་དག་ཚར་གཅོད་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མུ་སྟེགས་པ་གཞན་ཚུར་གཅོད་པ་གྲུབ་བོ།། ཧཱུཾ་ནི་སུཾ་བྷ་བཛྲ་ཎི་ཕཊ་ཅེས་ཟློས་ཤིང་བདག་ཉིད་འཇིག་རྟེན་གསུམ་པོ་ཐམས་ཅད་ལུས་རྒྱལ ་བར་བྱེད་ཅིང་རིགས་ཀྱི་རང་བཞིན་དུ་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འཇིག་རྟེན་གསུམ་ལས་རྒྱལ་བར་གྲུབ་བོ།། ཨོཾ་མ་ཧཱ་རཱི་གཱ་ཞེས་ཟློས་ཤིང་བདག་ཉིད་ལྷ་ལས་བྱབས་པར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་གྲུབ་བོ།། ཨོཾ་བཛྲ་ཛཱ ་བཛྲ་ཎཾ་ཞེས་ཟློས་ཤིང་འདུས་པ་ཆེན་པོ་བྱིན་གྱིས་བརླབ་པར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་གྲུབ་བོ།། ཨོཾ་ཧཱུཾ་སརྦ་དྷརྨཱ་ཎི་ཞེས་ཟློས་ཤིང་གདུག་པ་ཐམས་ཅད་རྡོ་རྗེ་རིགས་ཀྱི་ཚུལ་གྱིས་ཡིད་ཀྱིས་འདུལ་བར་བྱས་ཏེ། དེ་ལྟ་བུས་ནི ་གདྲུག་པ་ཐམས་ཅད་འདུལ་བར་གྲུབ་བོ།། ཨོཾ་ཧྲི་ཞེསྟེ་ཟློས་ཤིང་བདག་ཉིད་འགྲོ་བའི་སྐུར་བསམས་ལ་གཟུགས་ཐམས་ཅད་ཡང་དག་པར་སྟོན་པས་སེམས་ཅན་འདུལ་བ་ཡིད་ཀྱིས་བྱས་ཏེ། དེ་ལྟ་བུས་ནི་འདུལ་བ་ལ་རབ་ཏུ་འཇོག་པ་གྲུབ་བོ།། ་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་ཟློས་ཤིང་དྲན་སོང་གསུམ་ཡིད་ཀྱིས་བརྟེན་ལ་བསད་པར་བྱ་ཞིང་སེམས་ཅན་དེ་རྣམས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་དྲུང་དུ་སྐྱེས་ནས་བྱང་ཆུབ་སེམས་དཔར་གྱུར་པ་མམ་ས་རྒྱ་ཏེ། ས ་ནི་ངན་སོང་ཐམས་ཅད་ལས་གདོན་པ་གྲུབ་བོ།། ཨོཾ་པྲཛྙཱ་པ་ར་མི་ཏི་ཞེས་ཟློས་ཤིང་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་མདོ་སྡེ་ཐམས་ཅད་ལ་སྟོན་པ་ལ་བརྩོན་པའི་དེ་བཞིན་གཤེགས་པར་གྱུར་པར་བསམ་པར ་བྱས་ཏེ། དེ་ལྟ་བུས་ནི་མདོ་སྡེ་ཐམས་ཅད་སྟོན་པ་གྲུབ་བོ།། ཨ་བ་ཧཱུཾ་ཞེས་ཟློས་ཤིང་བདག་ཉིད་རྡོ་རྗེ་དབྱིངས་ལ་སོགས་པ་འཇིག་རྟེན་ལས་འདས་པའི་སྔགས་ཀྱི་རྟོགས་པ་ཐམས་ཅད་བརྟན་པར་བྱེད་པར་བསྒོམ་པར་བྱས་ཏེ། ་དེ་ལྟ་བུས་ནི་རྟོག་པ་ཐམས་ཅད་བྱིན་གྱིས་རློབ་པར་གྲུབ་བོ།། ཨ་ཞེས་ཟློས་ཤིང་སངས་རྒྱས་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པ་རྣམས་ལ་སངས་རྒྱས་ཉིད་ལ་སོགས་པ་སྟེ་འབར་བ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དངོས་གྲུབ ་ཐམས་ཅད་སྟེར་བར་གྲུབ་བོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཀཱ་ཡ་གྲེ་ཞེས་ཟློས་ཤིང་བདག་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་རུང་བཞིན་དུ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དྲི་བཞིན་གཤེགས་པོ་ཐམས་ཅད་ཀྱི་སྐུའི་མཆོག་རབ་ཏུ ་ཐོབ་པ་གྲུབ་བོ།། ཨོཾ་སརྦ་ཏྲ་ཐཱ་ག་ཏཱ་བཱ་ཀཱ་བི་ཤུདྡྷ་ཞེས་ཟློས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་རང་བཞིན་དུ་བསྒོམས་ན་ང་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་ཏུ་ཐོབ་པ་གྲུབ་པོ།། ཨོཾ་སརྦ་ཏ་ཐཱ་ག་ཏ ་ཙིཏྟ་བཛྲ་ཎེ་ཞེས་ཟློས་ཤིང་རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རབ་ཏུ་ཐོས་ཤིང་རྣམ་པར་གྲོལ་བ་ཐོབ་པར་འགྱུར་རོ།། དེ་ལ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སེམས་ཆེན་པོ་བསྐྱེད་པ་ལ་སོགས་པ་འདུལ་བའི་སྒོ་རྣམས་རྣམ་པར་སྦྱོང་བ་ནི་རྣམ་པར་འཕྲུལ་པའོ།། དེ་སྒྲུབ་པ་ནི་རྫོགས་པའོ།། འདིར་ཐམས་ཅད་ལ་ཡང་དེ་བཞིན་དུ་རྣམ་པར་སྣང་མཛད ་ཀྱི་སྦྱོར་བ་བྱས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་བཅིངས་ཏེ། བསྒོམ་པར་བྱ་བ་ཡིན་པར་ཤེས་པར་བྱའོ།། ཇི་ལྟར་ཕྱག་རྒྱ་འདི་དག་གིས་ཞེས་བྱ་བ་ནི་གོ་བར་ཟད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་རྡོ་རྗེ ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། དེ་རྣམས་ཀྱི་བྱང་ཆུབ་ནི་གཉིས་སུ་མེད་པའོ་ཡེ་ཤེས་སོ།། དེའི་རྡོ་རྗེ་ནི་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་རོ།། དེའི་རྣམ་པ་ལོ་རྣམ་པར་རྟོག ་པ་ནི་རྟོག་པའོ།། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར་བཏགས་པས་དེ་སྐད་ཅེས་བྱ་བའོ།། དེ་ཉིད་ནི་སྟོན་པ་སྟེ་བྱ་བའོ།། དེའི་རྒྱས་པ་ནི་རྒྱུན་ནོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས ་བྱ་བ་ལས་དུམ་བུ་གཉིས་པ་རྩ་བའི་རྒྱུད་ལས་གསུངས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་གྱི་བཤད་པ་རྟོགས་སོ།། །། དེ་ལྟར་སེམས་ཅན་རང་བཞིན་བཟུང་བ་རྣམས་ཀྱི་དོན་དུ་རྣམ་པར་སྣང་མཛད་ཀྱི ་དགྷྲི་ལྔ་འཁོར་གསུངས་ནས། ད་ནི་ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར་རྡོ་རྗེ་མ་ལྟར་འབར་བའི་དཀྱིལ་འཁོར་གསུངས་པ་ནི། དེ་ནས་སྣ་ཚོགས་ལྔས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མི་ཐག་པ་སྟེ། དང ་བོའི་ཏིང་འཛིན་གྱི་རྗེས་ཐོགས་ཉིད་ལའོ།། འདིར་དང་པོའི་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤིད་པ་ཉིད་ཡིན་ནོ།། སྣ་ཚོགས་ནི་རྣམ་པ་ཐ་དད་པ་སྟེ། རྗེས་སུ་མཉེས་པར་བྱ་བ་ལ་སོགས་པའི་རང ་བཞིན་ནོ།། འདི་ལ་ཕྲིན་ལས་ཆེན་པོ་མངའ་བས་ན་སྣ་ཚོགས་ལས་ཆེན་པོའོ།། ཁྱབ་བདག་རྡོ་རྗེ་འཛིན་ཆེན་པོ་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པར་མཛད་པའོ།། གདུག་པ་ཐམས་ཅད་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ ་སྟེ་དེ་རྣམས་འདུལ་བའི་མཆོག་ནི་འདུལ་བར་མཛད་པའི་དམ་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་ཞེ་ན། གང་གི་ཕྱིར་སེམས་ཅན་ཀུན་ལ་རྗེས་སྟོན་མཛད་ཅེས་བྱ་བ་གསུངས་ཏེ་སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སེམས ་ཅན་ཐམས་ཅད་དེ། ཚར་གཅད་པར་འོས་པ་དང་། ཕན་གདགས་པར་འོས་པ་རྣམས་སོ།། དེ་རྣམས་རྗེས་སུ་སྟོན་པར་མཛད་པ་ནི་རང་གི་བཀའ་ལ་ནི་ངེས་པར་སྦྱོར་བར་མཛད་པའོ།། དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་དེ་བཞིན ་གཤེགས་པའི་རིགས་བསྐྱེད་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་རང་བཞིན་བཟང་བ་རྣམས་གདུལ་བར་བྱ་བའི་ཕྱིར་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྐྱེད་ནས ་སེམས་ཅན་གྱི་ཁམས་རང་བཞིན་བཟང་བ་རྣམས་འདུལ་བའི་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཞི་བ་དེས་དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་ཅིང་གཏུམ་པའི་སེམས་ཅན་ཀུན་གྱི་དོན་བྱི་ཞིང་། དབང་ཕྱུག་ཆེན་པོ་ལ་སོགས་པའི ་འཇིག་རྟེན་གསུམ་འདུལ་བར་རབ་ཏུ་བསྒྲུབ་པར་མི་ནུས་སོ་ཞེས་བྱ་བ་སྟེ། འཇིག་རྟེན་གསུམ་པོ་དེ་གདུལ་བར་དེ་བཞིན་གཤེགས་པའི་ཏིང་ངེ་འཛིན་ཞི་བར་ནུས་པར་མ་གྱུར་པའོ།། ཅིའི་ཕྱིར་ནུས་པོར་མ་གྱུར་ཅེ་མ་གང་གི་ཕྱིར་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཞེ་སྡང་ལ་སོགས་པའི་ཉེས་བྱས་རྣམས་ཀྱིས་གདུག་ཅིང་མ་རུངས་པར་གྱུར་པ་རང་གི་སྟེ། རང་ཉིད་ཀྱི་རང་གི་སེམས་ཀྱི་སྤྱོད་པ་རང་བཞིན་དེས་འགྲོ་བ་འདི་དག་ཀུན་རྣམ་པར་སྣང་མཛད་ལ ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་ཞི་བ་སྟེ། ཞི་བའི་ཉམས་ཀྱིས་བཞུགས་པས་རབ་ཏུ་བསྒྲུབ་པར་བྱ་བ་མ་ཡིན་ནོ།། གདུག་ཅིང་གཏུམ་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ།། བདེ་བ་དེ་བར་གཤེགས་པ་སྟེ། དེ་བཞིན་གཤེགས་པ ་རྣམས་ཀྱི་སེམས་ཅན་རྣམས་ཀྱི་དོན་མཛད་པར་གྱུར་པ་གང་དག་གི་ཚེ་སྟེ་དུས་གང་གི་ཚེ་གདུག་ཅིང་གཏམ་པའི་སེམས་ཅན་གྱི་དོན་མཛད་པར་སྤྱོད་པར་མ་གྱུར་པ་དེའི་ཚེ། ཉིད་ཀྱི་དངོས་པོ་ཀུན་ཞེས་བྱ་བ་ཉིད་ཀྱི་རང་གི་སེམས་ཀྱི ་མཚན་ཉིད་ཀྱི་དངོས་པོ་ཀུན་ཞེས་བྱ་བ་ལ་རྡོ་རྗེ་སེམས་དཔའ་སྟེ་དེ་ལ་གསོལ་བ་བཏབ་པ་ནི་གསོལ་བ་བཏབ་པར་གྱུར་པ་སྟེ། གདུག་ཅིང་གཏུམ་པའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་རྡོ་རྗེ་རིགས་ཀྱིས་རང་བཞིན་དུ་མཛད ་ཅེས་བྱ་བ་གསོལ་བ་བཏབ་བོ།། ཚིག་ཇི་ལྟ་བུས་ཞེ་ན་སེམས་ཅན་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་སྔགས་འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི། ཨ་ཏིཥྛ་ས་མ་ཡ་བོཛྙཱ་ཧཱུཾ་ཞེས་བྱ་བའི་སྔགས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱིས་གསུངས་པ་ཙམ་གྱིས་སོ།། ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ།། རང་ཉིད་གཙོ་བོ་ན་རང་དབང་ཅན་ནོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལེ་ཞུགས་ནས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་རྣམས་ལ་སླར་འབྱུང་ཞིང་ཕྱིར་འཐོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མདུན་ན་གནས་ཞེས་བྱ་བ་ལ་སྤྱན་སྔ་ན་བཞུགས་པའོ།། སྐུ་གང་གིས་སྐྱིལ་མོ་ཀྲུང་ངུ་ནི་གང ་གིས་ཤེ་ན། ཁྲོ་བོ་ཆེན་པོ་རྒྱལ་པོའི་སྐུ་ཡིས་ནི་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ལེགས་ཞེས་བྱ་བ་སྨོས་ཏེ། ཁྲོ་བོ་ཆེན་པོ་ནི་རྡོ་རྗེ་མེ་ལྟར་འབར་བའོ།། ད་ནི་རྡོ་རྗེ་རིགས་ཀྱི་བདག་པོར་གྱུར་པ་ཉིད་ཀྱིས་ན་མཛེས་ཤིང་འབར་བས་ན་རྒྱལ་པོའོ།། ། ་དེདེའི་སྐུ་ནི་གཟི་མདངས་དང་ལྡན་པ་སྟེ། ཁྲོ་བོ་ཆེན་པོ་རྒྱལ་པོའི་སྐུ་ངེས་སྒེག་པའི་སྐུ་མདངས་གོསལ་ཏེ། ཁྲོ་བོའི་གཟི་མདངས་ཀྱི་ཞུགས་སོ།། ཞེས་བྱ་བའི་ཐ་ཚིག་གོ།། སེམས་དཔའི་སྐྱིལ་མོ་ཀྲུང་ནི་བཤང་ཟིན་ཏོ།། འབར་བ་ཉིད་ཕྲེང་བར ་དཀྲིས་པས་ནི་འབར་བའི་ཕྲེང་བ་སྟེ་དེ་ཉིད་འོད་ཡིན་ལ་དེས་གསལ་ཞིང་སྣང་བ་འདི་ལ་མངའ་བས་ན་དེ་སྐད་ཅེས་བྱའོ།། དེས་ཇི་ལྟ་བུས་སྣང་བར་བྱེད་ཅེ་ན། བསྲེག་པའི་བསྐལ་པ་གཞན་འདྲ་བ་འམ། ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་མཆོག་བསྡམས ་པ་རྣམ་པར་བསྲེག་པ་བསྐལ་པ་གཉིས་འདྲ་བའི་དང་པོའི་རྡོ་རྗེ་གསོར་ཞིང་སྙིང་པོ་གསུངས་སོ།། གཞན་ཡང་དེ་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། གཡོན་པའི་རྡོ་རྗེ་བསྙེམས་པཱུ་ཆེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར ་བོའི་དྲིལ་བུ་དང་བཅས་པ་དཀུར་འཇོག་པར་མཛད་པ་ནི་གཡོན་བསྐེམས་པའོ།། ངེས་ཤུགས་དང་བཅས་པས་ན་དྲག་པ་སྟེ། དེས་གསོར་བ་ནི་ཕྱག་གཡས་པས་དང་པོའི་རྡོ་རྗེ་གྱེན་དུ་འཕེན་པའོ།། ཁྱད་པར་ཇི་ལྟ་བུས་ངས་གསོར་ཞེ་ན ་བསྐྱོད་ཅེས་བྱ་བ་སྨོས་ཏེ། མྱུར་ཞིང་ཤིན་ཏུ་རིངས་པར་ཞེས་པའི་ཐ་ཚིག་གོ།། འབར་ནི་རྡོ་རྗེ་ཆེར་འབར་ཞེས་བྱ་བ་ལ་འབར་ཞིང་རབ་ཏུ་འབར་བའི་རྡོ་རྗེ་ནི་ཆེར་འབར་བའོ།། དེའི་མེ་སྟག་རྣམས་ཀྱིས་ཞེས་བྱ་བ་རྡོ་རྗེ་མེའི་མེ་སྟག་ཆུང་ངུ་རྣམས ་ཏེ་ངེས་སྒེག་པ་འདྲ་ཞེས་བྱ་བ་ནི་ཁམས་གསུམ་པ་ཐམས་ཅད་སྲེག་པའོ།། གསོར་བ་ནི་གྱེན་དུ་འཕེན་པའོ།། འབར་བ་ཆེན་པོ་ནི་ན་མཁའི་ཁམས་ཐམས་ཅད་ཁྱབ་པའི་རྡོ་རྗེ་འབར་བྱ་རབ་ཏུ་འབར་བའོ།། དེ་ཇི་ལྟ་ཞེ་ན་བསྐལ་པའི་མེ་དཔུང ་ལྟ་བུ་ཡིན་ཞེས་བྱ་བ་སྨོས་སོ།། གྲང་ཞིག་ཡིན་ཞེ་ན། དང་པོའི་རྡོ་རྗེ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་ན་གནས་པ་རྡོ་རྗེ་གང་ཡིན་པ་དེ་ནི་དང་པོའི་རྡོ་རྗེའོ།། ཁྲོ་གཉེར་བཅས་ཞེས་བྱ་བ་ནི་ཁྲོ་གཉེར་བཅས་པར་གནས ་པས་བཅས་སོ།། རྡོ་རྗེ་མཆོག་འཛིན་ནི་རྡོ་རྗེ་དམ་པ་སྣང་བ་སྟེ། དང་པོའི་རྡོ་རྗེ་བསྡམས་པ་ཞེས་བྱེ་བའི་ཐ་ཚིག་གོ། གསུངས་ཞེས་བྱ་བ་ནི་བཀའ་སྤེལ་པའོ།། ཅི་ཞིག་གསུངས་ཤེ་ན། དེ་ལ་འདི་ནི་དེ་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཧཱུཾ ་ཞེས་བྱ་བའི་སྙིང་པོ་གསུངས་པའོ།། རྡོ་རྗེ་འབར་བ་ཆེན་པོ་འདི་ལ་མངའ་བས་ན་རྡོ་རྗེ་འབར་པོ་ཆེན་པོའོ།། རྡོ་རྗེ་འབར་བ་ཆེན་པོ་ཡོང་ཡིན་ལ་མེ་ལྟར་འབར་བ་ཡང་ཡིན་ཞིང་དེ་ལྟ་བུས་ནི་ཉི་མ་དང་ལྡན་པས་ན་དེ་བས་ན་འོད་ལ་རྡོ་རྗེ་མེ་འབར ་བ་ཆེན་པོ་མེ་དང་ཉི་མ་ཞེས་བྱས་ཏེ། རྡོ་རྗེ་འབྱུང་བའི་རྡོ་རྗེ་ཧཱུཾ་མཛད་དོ།། དེའི་ངེས་པའི་ཡེ་ཤེས་ནི་སྙིང་པོའོ།། དེ་སྟོན་པར་བྱེད་པའི་སྒྲ་ཧཱུཾ་ཞེས་བྱ་བ་ལ་ཡང་། ཉེ་བར་བཏགས་པས་མེའི་སྙིང་པོ་ཞེས་བྱ་བའོ།། སྙིང་པོ་ཞེས་འདི་སྐད་སྟོན་པ ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་བ་བཏབ་པའི་ཚིག་གིས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་ལ། དེ ་ནས་དེར་གནས་ནས་དེ་རྣམས་ལས་རྡོ་རྗེ་མེ་ལྟར་འབྲར་བའི་སྐུ་སླར་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྔར་ཞུགས་སོ།། དེ་ནས་གདུག་ཅིང་གཏུམ་པ་རྣམས་ནི་ངེས་པར་རྡོ་རྗེ་རིགས་ཀྱིས་འདུལ་བ ་ཡིན་ནོ།། སྙམ་དུ་དགོངས་ནས་ཤིན་ཏུ་དགྱེས་པས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཧཱུཾ་ཞེས་བྱ་བ་གསུངས་སོ།། སྡིག་པོ་ཡང་ཡིན་ལྔ་ཀུན་ཡང་ཡིན་པས་སྡིག་པ་ཀུན་ཏེ། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཚུལ་ལོ།། དེ་ཉིད ་ནི་བུད་ཤིང་དང་འདྲ་བར་ཡེ་ཤེས་ཀྱི་མས་བསྲེག་པར་བྱས་པ་ཡིན་པས་སྡིག་པ་ཀུན་གྱིས་བུད་ཤིང་ངོ་།། དེ་རྣམས་ཟད་པ་ནི་ཟད་པའི་རྒྱུ་སྟེ། ཡེ་ཤེས་ཀྱི་མེའི་རང་བཞིན་ཅན་གྱི་ཡི་གེ་ཧཱུཾ་ངོ་།། སྡིག་པ་ཀུན་གྱི་བུད་ཤིང ་བད་པའི་སྙིང་པོ་ཕྱུང་བ་ལ་གཡོས་པ་ནི་གཡོས་པར་གྱུར་པར་གྱུར་པའོ།། ལྷ་ཆེན་ལ་སོགས་ལྷ་རྣམས་ནི།། གཡོ་བ་མེད་ཅིང་རྨོངས་པར་འགྱུར་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་དེས་འཇིག་རྟེན་གྱི་ཁམས་ཐམས་ཅད། ར་ཏུ ་གཡོས་པར་བྱས་ནས་ལྷ་ཆེན་པོ་ལ་སོགས་པ་ཡང་བརྒྱལ་ཞིང་། ཀུན་ཏུ་རྨོངས་པར་སྐྱེ་བར་གྱུར་པ་དེས་ན་དེ་རྣམས་གཡོ་བ་མེད་ཅིང་རྨོངས་པ་ཉིད་དུ་གྱུར་ཏོ།། རྡོ་རྗེ་འབར་བས་འཁྲུགས་པ་ཀུན་ཞེས་བྱ་བ་ལ་སོགས་པ ་ནི་གོ་བར་ཟད་ངོ་།། ལྷ་སོགས་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པ་ལ་སྤྱོད་པ་ནི་ལྷ་སྟེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་ལྷ་ལ་སོགས་སོ།། སྲིད་པ་གསུམ་པོ་ཀུན་ནི་ཕྱོགས་བཅུ་ན་གནས་པ་ཐམས་ཅད་དོ།། སངས ་རྒྱས་ཐམས་ཅད་ཅེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཡང་འདུས་པས་འཛུད་པར་གྱུར་པའོ།། དེ་ནས་འདུས་པར་གྱུར་པ་དེ་རྣམས་ཀྱིས་སངས་རྒྱས་ཀྱི་བྱང ་ཆུབ་བརྟན་ཞིང་མི་ཕྱེད་པར་མཛད་ནས། རྡོ་རྗེ་རིགས་ཀྱི་རང་བཞིན་གྱིས་གདུག་ཅིང་གཏུམ་པའི་སེམས་ཅན་ཐམས་ཅད་གདུལ་བའི་ཕྱིར་ཐབས་ཆེན་པོ་ཞེས་བྱས་ཏེ། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ།། དམོ་བ ་དགྲ་ཅེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་རང་བཞིན་དེ་ཉིད་ཀྱི་མཆོག་ཏུ་གྱུར་པའོ།། ཀྱང་ཞེས་བྱ་བ་ནི་ཞི་བ་ལ་སྩོགས་པའི་ཉམས་དང་ལྡན་པའི་རྫོགས་པའི་བྱང་ཆུབ་ལ་བལྟོས་ནས་ཀྱང་གི་སྒྲ་སྨོས་པ་ཡིན་ནོ།། ཐུགས་སུ་ཆུད་ཅེས་བྱ ་བ་ནི་རྡོ་རྗེ་རིགས་ཀྱི་རང་བཞིན་དུ་བདག་ཉིད་མངོན་སུམ་དུ་བྱས་པ་ནི་ཐུགས་སུ་ཆུད་པའོ།། དེ་ནས་རྡོ་རྗེ་འབར་བ་མཆོག་ལས་ཞེས་བྱ་བ་ནི་ཕྱག་གཡས་པའི་རྡོ་རྗེ་རྩེ་ལྔ་པ་འབར་བ་ལས་སོ།། འབར་བའི་ཕྱུང་བ་འཁྲུག་པའི་འོད ་ཅེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། རྡོ་རྗེ་འབར་བ་དེ་ལོ་མཁའ་འགྲོ་མའི་དཀྱིལ་འཁོར་ཕྱུང་སྟེ་ཞེས་བྱ་བར་སྦྱར་རོ།། དེ་ཉིད་ཁྱད་པར་བསྟོན་པའི་ཕྱིར་དྲག་པོའི་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དྲག་པོ་ཡང་ཡིན་ལ ་ཆེན་པོ་ཡང་ཡིན་པས་དྲག་པོ་ཆེན་པོ་སྟེ། མཆེ་བ་གཙིགས་པ་ལ་སོགས་པས་འཇིགས་སུ་རུང་བ་ཞེས་བྱ་བའི་ཐ་ཚིག་གོ། ཕྱག་རྒྱའི་གར་གྱིས་འབར་ཞེས་བྱ་བ་ནི་ཕྱག་རྒྱའི་གར་གྱི་འབར་བའོ།། དེ་ནས་ཕྱོགས ་བཅུར་ཁྱབ་པར་འཇུག་པས་ན་ཀུན་ཏུ་འཁྲུག་པའོ།། དྲུག་པོ་ཆེན་པོ་ཡང་ཡིན་ལ་ཕྱག་རྒྱ་གར་གྱིས་འབར་བ་ཡང་ཡིན་ཞིང་ཀུན་ཏུ་འཁྲུག་པ་ཡང་ཡིན་པས་ན་དྲག་པོ་ཆེན་པོ་སྟེ་ཕྱག་རྒྱའི་གར་གྱིས་འབར་ཞིང་འཁྲུག་ཅེས་བྱ་བའོ།། ་རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྡོ་རྗེ་རིགས་ཀྱི་བདག་པོ་རྣམས་སོ།། དེ་རྣམས་ཀྱི་གསང་བ་ཆེན་པོ་ནི་སྐྱེ་བོ་ཐམས་ཅད་ཀྱི་མངོན་སུམ་དུ་གྱུར་པའོ།། དེ་ཅི་ཞིག་ཅེ་ནོ། མཁའ་འགྲོ་མའི་དཀྱིལ་འཁོར་ཡིན་ཞེས་བྱ་བ ་སྟེ། མཁའ་འགྲོ་མའི་རྣལ་འབྱོར་པ་རྣམས་ཀྱི་འཁོར་ལོ་ཡིན་པས་ནི་མཁའ་འགྲོ་མའི་རྣལ་འབྱོར་དཀྱིལ་འཁོར་རོ།། དེ་ལ་རྡོ་རྗེ་མེ་ལྟར་འབར་བའི་ཏིང་ངེ་འཛིན་ནི་རྣལ་འབྱོར་ཏོ།། དེ་ལས་བྱུང་བའི་རྡོ་རྗེ་རིགས་ཀྱི་ལྷ་ན་མཁའ ་ལ་རྒྱུ་བ་ཐམས་ཅད་ནི་མཁའ་འགྲོའོ།། དེ་ཕྱུང་ནཱས་ཞེས་བྱ་བ་ནི་རྣལ་འབྱོར་མཁའ་འགྲོའི་དཀྱིལ་འཁོར་རྡོ་རྗེ་དེ་ལས་བྱུང་ཞིང་བཏོན་ནིས་ཆོ་ག་བཞིན་ཏེ། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དབྱིངས་ཀྱིས་སོ།། ནི་ཞེས་བྱ་བའི་སྒྲ ་ངེས་པར་བཟུང་བ་སྟེ། རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཀྱིའོ།། ལྷ་མོའི་དཀྱིལ་འཁོར་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ལྷ་མོའི་དཀྱིལ་འཁོར་གྱི་ཚུལ་གྱིས་སོ།། ལོགས་ཀུན་ཏུ་ནི་ཡང་དག་གོནས་ཞེས་བྱ་བ་ནི་བཅོམ་ལྡན་འད ་རྡོ་རྗེ་འཛིན་པ་ཆེན་པོའི་ཕྱོགས་དང་མཚམས་རྣམ་སུ་གནས་པའོ།། སྤངས་རྒྱས་ཐམས་ཅད་སྲས་བཅས་ལ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་ཐམས ་ཅད་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་རྡོ་རྗེ་གཙུག་ཏོར་ལ་སོགས་པའི་རང་བཞིན་ལྟ་བུར་རྡོ་རྗེ་རིགས་ཆེན་པོ་བྱུང་ཞིང་རྣམ་པར་སྟོན་པར་གྱུར་པའོ།། དེ་ནས་རྡོ་རྗེ་ལས་འོད་འབར་བའི་རྡོ་རྗེ་དེ ་ལས་སོ།། སྣ་ཚོགས་གཟུགས་མཆོག་གྲུབ་པའི་ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་ཚུལ་དུ་སེམས་ཅན་གྱི་ཁམས་ཐམས་ཅད་བསྐྱེད་པ་དང་། སེམས་ཅན་གདག་ཅིང་གཏུམ་པ་རྣམས་བཏུལ་བ་ནི་སྣ་ཚོགས་གཟུགས ་མཆོག་གྲུབ་པ་སྟེ་དེའི་དོན་དུ་བྱུང་བའོ།། ཕྱུང་ནས་ཀུནཱ~ཾ་ཏུ་བཞུད་པར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་དེ་ལས་ཕྱུང་ནས་ཕྱོགས་བཅུར་སོང་བ་ནི་ཀུན་ཏུ་བཞུད་པ་ཡིན་ནོ།། ཀུན་ཏུ་འབར་བ ་རྣམ་པར་འཁྲུག་ཅེས་བྱ་བ་ནི་ཐམས་ཅད་དུ་འབར་བྱའི་ནང་དུ་ཆུད་པས་ན་ཀུན་ཏུ་འབར་བའོ།། ཕན་ཚུན་དུ་རྣམ་པར་ཁྱབ་པས་ན་རྣམ་པར་འཁྲུག་པའོ།། རླུང་གིས་བསྐོར་བ་པོས་ཞེས་བྱ་བ་ནི་གོ་བར་ཟད་དོ།། སངས་རྒྱས ་ཐམས་ཅད་སྟེ། ཞེས་བྱ་བ་ལ་སོགས་པ་གང་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་སྲས་ཏེ། བྱང་ཆུབ་སེམས་དཔའ་དང་བཅས་པའི་འཇིག་རྟེན་གྱི་ཁམས ་མ་ལུས་པ་ན་བཞུགས་ཤིང་གནས་པར་མཛད་པ་རྣམས་ཧཱུཾ་ཞེས་བྱ་བ་དེས་ཡང་དག་པར་བསྐུལ་བ་སྟེ། འགྲོ་བའི་དོན་ལ་འདིར་གཤེགས་ཤིང་ཞེས་ཐུགས་སུ་ཆུད་པར་མཛད་ནས། འཇིག་རྟེན་ཀུན་གྱིས ་ཡོངས་སུ་བསྐོར་བ། ཞེས་བྱ་བ་གང་དེ་དག་རང་རང་གི་དཀྱིལ་འཁོར་གྱི་དཀྱིལ་འཁོར་བརྒྱ་བྱིན་ལ་སོགས་པའི་རང་བཞིན་ཅན་ལྟ་བུ་ནི་འཇིག་རྟེན་དེ་དག་ཀུན་གྱིས་སངས་རྒྱས་དེ་དག་ཡོངས་སུ་བསྐོར་ནས་བཞུགས ་པས་ན་འཇིག་རྟེན་ཀུན་གྱིས་ཡོངས་སུ་བསྐོར་བ་སྟེ་ཡོངས་སུ་བསྐོར་བའི་སངས་རྒྱས་དེ་ཐམས་ཅད་དེ་དགུག་ཅིང་སྤྱན་དྲངས་པའོ།། ཅིའི་ཕྱིར་ཞེ་ན། སེམས་ཅན་ཀུན་གྱི་དོན་དང་ནི་ཞེས་བྱ་བ་སྨོས་ཏེ། དྲག་ཅིང་དྲག་པོའི ་སྦྱོར་བས་སེམས་ཅན་གདུག་ཅིང་གཏུམ་པ་རྣམས་གདུལ་བར་བྱ་བའི་ཕྱིར་དང་ཞེས་པས་བསྡུ་བར་འོས་པའི་སེམས་ཅན་རྣམས་ཀུན་ཏུ་བསྡུ་བར་བྱ་བའི་ཕྱིར་དང་། སངས་རྒྱས་ཐམས་ཅད་དགུག་ཅིང་སྤྱན་དྲངས་པ་ཡིན ་ནོནོ།། བསྟན་པ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་རྣམ་པ་སྣ་ཚོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པའོ།། དེ་གྲུབ་པ་ནི་རྫོགས་པའོ།། དེ་བཞིན ་གཤེགས་པའི་བཀས་གདུལ་བྱ་རྣམས་མི་དགེ་བ་བཅུ་ཡོངས་སུ་སྤོང་ཞིང་དགེ་བ་བཅུ་ཉམས་སུ་ལེན་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེའི་དོན་དུ་སངས་རྒྱས་དེ་ཐམས་ཅད་ཡང་དག་པར་བསྒྱུར་ནས་སྤྱན་དྲངས་པ་ཡིན་ནོ།། ་འཇིག་རྟེན་གསུམ་དག་དེ་རྣམས་ཀྱང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་དང་། བསྟན་པ་ཐམས་ཅད་གྲུབ་པར་བྱ་བའི་ཕྱིར་དགུག་བྱར་མ་ཟད་ཀྱི་ཧཱུཾ་ཞེས་བྱ་བ་དེས་དབང་ཕྱུག་ཆེན་པོ་ལ ་ས་པ་ཁམས་གསུམ་གྱི་བདག་པོ་དེ་རྣམས་ཀྱང་ཀུན་ཏུ་རྒྱལ་བས་གཡོ་བ་མེད་པར་བྱ་ཞིང་།། རྒྱུ་དང་མི་རྒྱུར་བཅས་པ་སྟེ། གནས་དང་གཞལ་ཡས་ཁང་དང་རང་རང་གི་འཁོར་གྱི་ཚོགས་དང་བཅས་པར་དགུག་གོ། དེ་ནས་ཞེས་བྱ་བའི ་སྒྲ་ནི་འདས་མ་ཐག་པ་སྟེ། དེ་ལྟར་རྡོ་རྗེ་རིགས་བསྐྱེད་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་བཀུག་པའི་རྗེས་ཐོགས་ཉིད་ལ་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་མེ་ལྟར་འབར་བར་ཇི་སྐད་དུ་བཤད ་པའི་མཚན་ཉིད་ཅན་དེ་རྣམས་ལ་ཏེ། དབང་ཕྱུག་ཆེན་པོ་ལ་སོགས་པ་གཡོ་བ་མེད་པར་གྱུར་པ་སྟེ། དེ་རྣམས་ལ་ཐུགས་རྗེ་སྐྱེས་ནས་ཐུགས་རྗེ་དེས་བྱ་བ་ཐུགས་རྗེ་དང་ལྡན་པའི་ཐུགས་ཀྱི་འཆི་བ་སློང་བར་བྱེད་པའི་རིག་པ་གསུངས ་པས་ན། ཤི་བ་སློང་གསོ་བརྟན་པར་གསུངས་ཞེས་བྱ་སྟེ། ཤྲཱི་བ་སླར་གསོ་བའི་དོན་ལྔ་བཟློག་དཀའ་བའོ།། ཨོཾ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། ཧི་ཞེས་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་སྟེ། བཅོམ་ལྡན་འདས་མེ་ལྟར་འབར་བས ་ཁམས་གསུམ་གདུལ་བར་བྱ་བའི་ཕྱིར་གསུངས་པོ་ཡིན་ནོ།། དེ་ནས་དེ་གསུངས་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བའི་ཁྲོ་གཉེར་གྱི་ཕྱོགས་ནས་རྡོ་རྗེ་མེ་ལྟར་འབར་བའི་གཟུགས་འཛིན་པའི་ཉེ་བའི ་སྙིང་པོ་ཁྲོ་བོ་གཉིས་པ་ཕྱུང་ནས་དེས་རྡོ་རྗེའི་རིགས་ཐམས་ཅད་རང་གི་རྡོ་རྗེ་ལས་ཕྱུང་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པ་འཁོར་དང་བཅས་པ་བཏུལ་བ་ནས། རྡོ་རྗེ་མིང་བྱིན་ཏེ་འཇིག་རྟེན་གསུམ་གྱི་མཆོག་ཏུ ་བྱིན་གྱིས་བརླབ་པའི་བར་དུ་མཛད་པ་ཡིན་ནོ།། དེ་ལྟར་ན་དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། འཇིག་རྟེན་གསུམ་མཆོག་བྱིན་གྱིས་རློབ་ཅེས་བྱ་བའི་བར་གྱི་བཤད་པས་ནི་ཁྲོ་བོའི་དཀྱིལ་འཁོར་གྱི་རྒྱལ་མཆོག་ཅེས་བྱ་བའི་ཏིང ་ངོ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། དེ་ནས་བསྡུ་བ་སྔོན་དུ་འགྲོ་བ་ནི་གསུམ་པ་ཡིན་ནོ།། དེ་ལྟར་ཏིང་ངེ་འཛིན་གསུ་མོ་གསུངས་ནས་དམོ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་རྡོ་རྗེ་འཛིན་ཆེན་མཆོག། མགོན་པོ་ཡིས་ནི་གསོལ་བ་བཏབ་པ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱིས་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ཆོ་གུ་རྒྱས་པ་གསུངས ་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ།། རྡོ་རྗེ་འཛིན་པ་ཆེན་པོ་རྡོ་རྗེ་མེ་ལྟར་འབར་བའོ།། མཆོག་ནི་དམ་པའོ།། མགོན་པོ་ཡིས་ནི་དེ་བཞིན་གཤེགས ་པ་རྣམས་ཀྱིས་སོ།། གསོལ་བ་བཏབ་པ་ནི་གསོལ་བ་བཏབ་པར་གྱུར་པའོ།། ཅིའི་ཕྱིར་གསོལ་བ་བཏབ་ཅེ་ན་རྟོག་པ་འདི་ནི་བཤད་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འོག་ནས་རྗེས་ཐོགས་ཉིད་ལ་འཆད་པར་འགྱུར་བའི་རྡོ་རྗེ་རིགས་ཀྱི་རྟོག་པ ་འདི་བཤད་ཅིང་བསྟན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་རྗེས་སུ་སྟོན་པར་མཛད་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ལ་གསོལ་བ་བཏབ་པར་གསུངས་པ་ཡིན་ནོ།། ཅི་ཞིག་གསུངས་ཤེ་ན། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ཏུ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་སྔར་བཤད་པའི་ཡིན་ལ་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་གང་ཡིན་པ་དེ་ནི་དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ལོ།། དེ་ཅི་ཞིག་ཡིན་ཞེ་ན། འབར ་བའི་འཁོར་ལོ་ཞེས་བྱ་བ་གསུངས་ཏེ། འབར་བའི་འོད་ངོས་ཉེ་བར་མཚན་པའི་འཁོར་ལོ་སྟེ། དཀྱིལ་འཁོར་ལ་ནི་འབར་བའི་འཁོར་ལོ་སྟེ་ཞེས་བྱས་ཏེ། ནང་གི་དཀྱིལ་འཁོར་འབར་བ་དང་བཙོས་པ་ཞེས་སྟོན་པ་ཡིན་པས་དེ་རྣལ ་འབྱོར་པས་ཡང་དག་པར་བྲི་བར་བྱའོ།། དེའི་ནང་ནི་ནང་གི་དཀྱིལ་འཁོར་གྱི་ལྟེ་བར་རོ།། བཞག་པར་བྱ་བ་ལུགས་མ་འམ་བརྐོས་པ་ལ་སོགས་པའི་རང་བཞིན་ཅན་ནོ།། སྔོན་པོ་འབར་བའི་སྐུ་བཟང་པོ་ཞེས་བྱ་བ་ནི་རྡོ་རྗེ་སྔོན་པོ་འབྲེར་བ ་ལས་གྲུབ་པས་ཤིན་ཏུ་མཛེས་པའི་སྐུ་ནི་སྔོན་པོ་འབར་བའི་སྐུ་བཟང་པོ་ཞེ་ས་བྱས་ཏེ། འོད་ཟེར་སྔོན་པོ་འབར་བ་དང་ལྡན་པའི་སྐུ་ཞེས་བྱ་བའི་ཐ་ཚིག་གོ།། ཞལ་གྱི་མཆི་བ་ཆུང་ཟད་གཙིགས་ཞེས་བྱ་བཱ་ལ་སོགས་པ་ནི་བཤད་ཟིན་ཏོ།། ་བསྙེམས་བཅས་ཤས་ཆེར་འབར་བ་ལ་ཞེས་བྱ་བ་ནི་བསྙེམས་པ་དང་བཅས་པའི་ཤུགས་དང་ལྡན་པའི་འབར་བ་གང་ཡིན་པ་དེ་ནི་བསྒོམས་བཅས་ཆེར་འབར་བ་སྟེ། གཡོན་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པ་ཁ་བཀན་ཏེ་ཁ ་ནང་དུ་བསྟན་པ་ནི་འདིར་བསྙེམས་པའི་ཞེས་བྱ་བ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་འབྱུར་བ་གསོར་བ་ལ་བརྩོན་པ་ནཱི་དྭེ་ལ་འབྲད་པའོ།། འདི་སྐད་སྟོན་པ་ཡིན་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་དྲིལ་བུ་དང་བཅས་པས་ཇི་སྐད ་དུ་བཤད་པའི་བསྙེམས་ཚུལ་བྱས་ནས་ཕྱག་གཡས་པས་འབར་པ་དང་བཅས་པའི་རྡོ་རྗེ་གསོར་ཞིང་བྲི་བར་བྱའོ།། དེའི་ངོས་ནི་ཐམས་ཅད་ངུ་ཞེས་བྱ་བ་ནི་ཕྱོགས་དང་མཚམས་རྣམས་སུའོ།། རྡོ་རྗེ་རྣལ་འབྱོར་མའི་གཟུགས ་ཞེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་མ་ལྀ་སོགས་པའི་སྐུའོ།། རྡོ་རྗེ་རྣལ་འབྱོར་མའི་སྐུ་མཚོན་ཆ་ཅི་ཞིག་བསྣམས་པ་བྲི་ཞིན་རྡོ་རྗེ་མཚོན་ཆ་མདུང་ཆེན་དང་། རལ་གྲི་གྲོགས་པ་མཆོག་འཛིན་མ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་རྡོ་རྗེ་མཚོན་ཆ་མ་ནི་རྡོ་རྗེའི་མཚོན་ཆ་བསྣམས་པའོ།། རྩེ་གསུམ་པ་འཛིན་པ་ནི་རྩེ་གསུམ་པ་བསྣམས་པའོ།། རལ་གྲི་འཛིན་པ་ནི་རེལ་གྲི་བསྣམས་པའོ།། པདྨ་འཛིན་པ་ནི་ཞགས་པ་དང་ཐོ་བ་བསྣམས་པའོ།། མདའ ་འཛིན་མ་ནཱི་མདའ་བསྣམས་པའོ།། ཁ་ཊྭཱཾ་ག་མ་ནི་ཁ་ཊྭཱཾ་ག་བསྣམས་པའོ།། འཁོར་ལོ་འཛིན་པ་ནཱི་འཁོར་ལོ་བསྣམས་པའོ།། བ་དན་སྣ་ཚོགས་འཛིན་པ་ནི་ལྷ་མོ་རྡོ་རྗེ་དྲིལ་བུ་མ་བ་ངན་མའོ།། རྡོ་དྷཱ་རིགས་ཆེན་པོ་ནི ་ཞེས་བྱ་བ་ནི་རྡོ་རྗེ་གཙུག་ཏོར་ལ་སོགས་པའོ།། འབར་བའི་འཁོར་ལོའི་རྗེས་མཐུན་པ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་གསུང་རབ་འབ་རི་བའི་འཁོར་ལོའི་དཀྱིལ་འཁོར་དུ་རྡོ་རྗེ་རིགས་ཆེན་པོ་དཀྱིལ་འཁོར་ཆེན་པོ ་ལྟ་བ་དགོད་པ་དེ་བཞིན་དུ་འདིར་ཡང་དགོད་པ་བྱའོ།། གང་དུ་ཞེ་ན། ཐིག་བདུན་གྱི་ནི་ཞེས་བྱ་བ་སྨོས་སོ།། དེ་ཉིད་བསྟན་པ་ནི། དང་པོར་རྡོ་རྗེའི་ཕྱག་རྒྱ་བདག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། འབར་བའི་འཁོར་ལོས ་ཡོངས་སུ་བསྐོར་བའི་དཀྱིལ་འཁོར་དང་པོར་ནི་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་བྲིའོ།། དེ་བཞིན་དུ་དྲུག་པའི་བོར་ལ་རྡོ་རྗེ་ཕོ་ཉའི་མཆོག་དང་། གནོད་སྦྱིན་དང་། སྲིན་པོ་དང་། མདའ་གཞུ་པ་རྣམས ་བྲིའོ།། བདུན་པ་ནི་ཡང་དག་གནོན་རི་མོ་དེ་དགོད་པར་བྱ། རྡོ་རྗེ་འཆང་བ་ཆེན་པོའི་རྡོ་རྗེ་རིགས་སྣ་ཚོགས་པ་ཞེས་བྱ་བ་འདི་ཉིད་ཀྱི་དོན་བསྟན་པ་ནི། དབང་ཕྱུག་དམ་པ་དྲག་པོའི་ཚོ་གས།། གཏུམ་པ་ཆེན་པོ་འདུལ་བར་མཛད ་ཅེས་བྱ་བ་ཡིན་ནོ།། རི་མོ་བདུན་པའི་བཱར་དུ་རྡོ་རྗེ་གཙུགཽ་ཏྭོར་ལ་སོགས་པས་བཏུལ་བར་གྱུར་པའི་ལྷ་ཆེན་པོ་ལ་སོགས་པ་ནས་ལྷའི་བར་དུ་ཆུང་མ་དུང་བཅས་པར་བྲི་བར་བྱའོ།། ཕྱིའི་དཀྱིལ་འཁོར་གནས་སུ་ནི།། ལྷ་ལ་སོགས ་པ་ཀུན་གྱི་ཚོགས་ཞེས་བྱ་བ་ནི་ཕྱི་མའི་དཀྱིལ་འཁོར་གྱི་གནས་སུ་ནི་མེ་ལ་སོགས་པའི་མཚམ་སུ་ལྷ་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ལྷ་ཀུན་ནོ།། དེ་རྣམས་ཚོགས་ནི་དཀྱིལ་འཁོར་ཏེ། དེ་རྣམས་རང་གི་ཕྱོགསུཾ་དགོད ་པར་བྱའོ།། དེ་ཉིད་བཤད་པ་ནི། མདོར་ན་མིང་པོ་གསུམ་ལ་སོགས།། རང་གི་ཕྱོགས་སུ་དགོད་པར་བྱའོ།། ཞེས་བྱ་བ་ཡིན་ཏེ་རྒྱལ་བར་བྱེད་པ་དང་། སྦྲང་རྩིར་བྱེད་པ་དང་། དོན་ཐམས་ཅད་གྲུབ་པར་བྱེད་པ་ནི་མིང་པོ་གསུམ ་མོ།། དེ་ལ་སོགས་པ་ནི་སྔོན་དུ་བྱ་བའི་ལྷའི་ཚོགས་ཐམས་ཅད་མདོར་བསྡུས་ནས་རང་གི་ཕྱོགས་སུ་དགོད་པར་བྱའོ།། མཚམ་སུ་ལྷ་མོར་བཤད་པ་ཡི། ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའོ།། སྒྲོ་དབུས ་སུ་ཡང་དེ་རྣམས་ཉིད།། ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་ཚོགས་ནི།། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གང་བཞག་པ་དེ་དག་འདིར་དགོད་པར་བྱའོ།། རྡོ་རྗེ་ལྕགས་ཀྱུ་ཚེགས་བཅས་པའི།། ཁྲོ་བོ་གཽ་རིམ་ཇི་བཞིན་བ་ཞེ ་བ་ནི་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི།། སྒོ་སྲུངས་མ་རྣམས་དང་། སྒེག་མོ་ལ་སོགས་པའི་རྣམ་པར་འཇོམས་མ་ཁྲོ་བོ་དང་བཅས་པའི་དཀྱིལ་འཁོར་གྱི་ཚོགས་དེ་རྣམས་སུ་ཇི་སྐད་བཤད་པའི་སྙིང་པོས་དགོད་པོར ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ལྟར་འདིར་ཡང་ཆོ་ག་ཐམས་ཅད་དེ་བཞིན་དུ་བའོ་ཞེས་བྱ་བའི་ཐ་ཚིག་གོ། ་ཁྲོས་པས་རྡོ་རྗེ་གསོར་བ་དྲང་།། ཁྲོ་གཉེར་འཛུམ་དང་བཅས་པས་འདུད།། དེ་ནས་མེ་ཏོག་བླངས་ནས་ནི།། ཁྲོས་པས་བདག་པོ་ཆེ་ལ་གཏོར།། ཅེས་བྱ་བ་བྱས་ཏེ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་འཇུག་པའི ་ཆོ་གས་ཞུགས་པ་བདག་ཉིད་ལ་དབབ་པར་བྱའོ།། མེ་ཏོག་དོར་ལ་རྡོ་རྗེ་གསོར་བའི་ཕྱག་རྒྱ་བཅིངས་ཏེ། ཁྲོས་པར་གྱུར་པས་ཁྲོ་གཉེར་བསྡུས་པོ་དང་།། འཛུམ་པ་དང་བཅས་པས་བཅོམ་ལྡན་འདས་ལ་འདུད་ཅིང ་ཕྱག་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བྱར་ཟད་དོ།། རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེས།། ཡང་དག་པར་ནི་དགུག་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེ་འབེབས་པའི་བར་གྱི་དཀྱིལ་འཁོར་གྱི་ཚོགས་རྣམས་ཡང་དག་པ ་ཇི་ལྟ་བ་བཞིན་དུ་བཀོད་ལ། དཀྱིལ་འཁོར་གྱི་སྒོ་ལེགས་པར་ཕྱེ་སྟེ། བསྡུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ཡང་དག་པར་བསྟོད་ནས་རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེན་པོ་སྤྱན་འདྲེན་པའི ་སྔགས་དང་བཅས་པས་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་པོའི་འཁོརཱ་དང་བཅུས་པ་དཀྱིལ་འཁོར་དུ་སྤྱན་དྲང་ཞིང་དགུག་པར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། བཅོམ་ལྡན་འདས་ཀྱང་དེ་ཁོ ་ན་ཉིད་ཀྱིས་ངོ་བོས་བཞག་པར་བྱའོ་ཞེས་བྱ་བ་ནི་ཧཾ་ཞེས་བྱ་བས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྟན་པས་སོ།། འདི་སྐྱེད་སྟོན་པ་ཡིན་ཏེ། ཧཾ་ཞེས་བྱ་བ་ཟློས་ཤིང་བཅོམ་ལྡན་འདས་མེ་ལྟར་འབྱུར་བའི་དཀྱིལ་འཁོར་དུ་ཞུགས་སུ ་གསོལ་བར་བྱའོ།། དེ་ནས་དམ་ཚིག་བརྗོད་པར་བྱའོ།། ཞེས་བྱ་བ་ནི་དེ་ལྟར་སློབ་མ་ལ་བསྣུན་པའི་རྗེས་ཐོགས་ཉིད་ལ། དེ་སེམས་ཅན་མང་ལོ་བདེ་ཕྱིར་དང་ཞེས་བྱ་བ་ལ་སོགས་པ་དམ་ཚིག་བརྗོད་པར་བྱའོ།། དེ་ནས་བཅོམ ་ལྡན་འདས་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་དང་བཅས་པའི་མཛུབ་མོ་སྦྱོར་བར་བྱའོ་ཞེས་བྱ་བ་ནི་དེ་ལྟར་དཀྱིལ་འཁོར་བྲིས་ནས་ཇི་སྐད་དུ་བཤད་པའི་ཚོ་གས་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ཏེ།། བཅུག་ནས་རྡོ་རྗེ ་ཧཱུཾ་མཛད་ཡི་གེ་ཧཱུཾ་དང་བཅས་པས་སྡིགས་མཛུབ་བྱའོ་ཞེས་བྱ་བ་བསླབ་པར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་སྡིགས་མཛུབ་ཀྱི་ཕན་ཡོན་གསུངས་པ་ཡིན་ནོ།། དེ་ནས་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱ ་བའི་སྒྲའི་དོན་ཡིན་ནོ།། དཔུང་བསྐུར་བ་ལ་སོགས་པ་དེ་བཞིན་དུ་བྱའོ།། ཞེས་བྱ་བོ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཆོ་གས་སློབ་མ་རྣམས་ལ་དབང་བསྐུར་བ། དངོས་གྲུབ་ནི་རྡོ་རྗེ་བརྟུལ་ཤུགས་དང་། རྡོ་རྗེ ་རིགས་ཀྱི་བདག་པོའི་དེ་ཁོ་ན་ཉིད་བསྟན་པ་དང་། དམ་ཚིག་གསུམ་སྦྱིན་པ་དང་ལུང་བསྟན་པ་དང་། སྙིང་པོ་སྦྱིན་པ་དང་། ཕྱག་རྒྱ་བསླབ་པ་དང་། མཆོད་པ་དང་། གཟིངས་བསྟོད་པ་ལ་སོགས་པའི་འབྲས་བུ་བཤད་པ་དང་། ་དམ་ཚིག་བསྟན་པ་རྣམས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་མེ་ལྟར་འབར་བའོ།། དེའི་ལས་བཞི་ནི་ལས་ཀྱི་དབྱེ་བ་བཞི་པོ་གང་ཡིན་པ་དེ་དེ་རྣམས་ལ་བསླབ་པར་བྱ་ཞིང་བསྟན་པར་བྱའོ་དེ་དག་གང་ཞེ་ན། ་རྒྱས་གདབ་པ་དང་ཞེས་བྱ་བ་ལ་སྲོགས་པ་སྨོས་པ་ཡིན་ཏུ་དེ་ལ་རྒྱས་གདབ་པར་བསྒྲུབ་པར་བྱ་བའི་སྙིང་པོ་ལ་རྡོ་རྗེ་མདའ་བསྐྱེད་པའོ།། ཕྱག་རྒྱ་བཞི་པ་ནི་གདོན་གྱིས་ཟིན་པའོ་རྒྱུད་ལས་ཡོད་པའོ།། ཁཱ་ཊྭཱཾ་ག་འཛིན་པའི ་ཕྱག་རྒྱས་གདོན་གྱི་ཕྱག་རྒྱ་གཞིག་པའོ།། འཁོར་ལོ་འཛིན་པའི་ཕྱག་རྒྱས་གདོན་གྱིས་བཟུང་བའི་རྒྱུད་ལས་ཡོད་པའི་གདོན་བསད་པ་ནི་བསོད་པའོ།། བ་དན་སྣ་ཚོགས་འན་མོའི་ཕྱག་རྒྱས་གདོན་གྱིས་ཟིན་པའི ་སེམས་ཅན་རྣམས་ལ་ཡང་སྲོག་འབྱིན་པ་ནི་སེམས་ཅན་རྣམས་ལ་སླར་འཚོ་བར་བྱ་བའོ།། རྡོ་རྗེ་ཁྲོ་བོའི་ལས་བཞི་པོ་འདི་དག་གཟུང་བ་གདོན་གྱིས་གཟུང་ལ་བྱ་བ་ཡིན་ནམ་འོན་ཏེ་མ་ཡིན་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། ་གང་ལ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། སེམས་ཅན་གླང་ལ་མངའ་འཛིན་མ་ལ་སོགས་པའི་ཕྱག་རྒྱ་སྦྱར་བ་ན་འགྱུར་བསྐྱེད་པར་བྱེད་ན། སེམས་ཙོན་དེ་ནི་གདོན་གདུག་པས་ཟིན་པ་ཡིན་པར་ཤེས་པར་བྱའོ།། ་དེ་ནས་འཚོ་བོར་བྱེད་པའི་ཕྱག་རྒྱ་སྣ་ཚོགས་པ་བ་དན་འཛིན་པའི་ཕྱག་རྒྱས་སེམས་ཅན་དེ་འཚོ་བར་བྱོས་ལ། ཤིན་ཏུ་བསྲུངས་པོའི་ཕྱག་རྒྱས་སླར་ཡང་གནོད་པར་མི་འགྱུར་ཞིང་སེམས་ཅན་དྲིལ་གནོད་པར་མི་འགྱུར། ་ཞིང་སེམས་ཅན་དེ་ལ་གདོན་གྱིས་འགྲུབ་པ་ཡང་བྱེད་པར་མི་འགྱུར་བར་བྱ་བའི་ཕྱིར་དེ་ལ་བསྲུང་བར་བྱའོ།། འཚོ་བའི་ཕྱག་རྒྱ་གྲང་ཡིན་པོ་འདིས་སྲོག་བྱིན་ཏེ་བསྲུང་བར་བྱ་བཱ་དེ་ཇི་སྲིད་འཚོའི་བར་དུ་དེ་བྱའོ།། དེ ་ནས་བརྩམས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། དེ་ནས་འདིར་བསྒྲུབ་པོ་བཤད་བྱ་སྟེ་ཞེས་བྱ་བ་ནི་དེ་ནས་ཞེས་བྱ་བའི་སྒྲས་ནི་གནས་སྐབས་སོ།། འདིར་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ལྔའོ།། སྒྲུབ་པ་ནི་བསྒྲུབ ་པའི་ཐབས་ལས་སོ་བཤད་ཅེས་བྱས་ཏེ་ཞེས་བྱ་བ་ནི་བསྟན་པར་བྱ་བའོ།། ཇི་བཞིན་སྐུ་ནི་དགེ་འདུན་དུ་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་མེ་ལྟར་འབར་བའི་རསོ་རིས་ལ་སོགས་པ་ཇི་སྐད་དུ་བཤད་པའི ་མཚན་ཉིད་དང་ལྡན་པའི་སྐུ་གཟུགས་དགེ་ཞིང་སྡིག་པ་དང་བྲལ་བ་དེའི་མདུན་དུ་སྟེ། སྤྱན་སྔར་རྡོ་རྗེ་གསོར་བས་དང་པོ་གཏོགས་ཤིང་ཞེས་བྱ་བ་བསྒྲུབ་པའི་ཞག་ནས་བརྩམས་ཏེ། བཟླས་བརྗོད་སྟོང་ཕྱག་བརྒྱ་བྱའོ།། ནས ་བྱ་བ་བཟླས་བརྗོད་འབུམ་བྱ་བའོ།། དེ་ནས་ཅིར་འགྱུར་ཞེ་ན། འབུམ་ཚང་ནས་ཞེས་བྱ་བ་ལ་སོགས་པས་དེའི་གནས་སུ་གསུངས་པ་ཡིན་ནོ།། དེ་ལྟར་ཡི་གེ་ཧཱུ~ཾ་གི་སྒྲུབ་པ་གསུངས་ནས། ད་ནི་དེ་ནས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྒྲུབ་པོ་ནི་ཞེས་བྱ ་བ་ལ་སོགས་པས་ཡི་གེ་ཧཽའི་སྒྲུབ་པ་གསུངས་པ་ཡིན་ནོ།། འདི་ཡང་གོ་སླའོ།། དེ་ལྟར་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ཅན་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་གསུངས་ནས་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་གསུངས་པ་ཡིན་ནོ།། དེ་ནས་ཞོས ་བྱ་བའི་སྒྲ་ནི་དེ་བཞིན་ནོ།། ཕྱག་རྒྱ་རྣམས་ཀྱི་དམ་པ་སྒྲུབ་པ་ནི་དམ་པ་སྒྲུབ་པ་སྟེ། ཕྱག་རྒྱ་ཆེན་པོ་ཐམས་ཅད་མངོན་དུ་བྱ་བའི་ཐབས་སོ།། དེ་ཉིད་བསྟན་པ་ནི་ཇི་བཞིན་རབ་ཏུ་ཕྱག་རྒྱ་བཅིངས།། ཞེས་བྱ་བ་ཡིན་ཏེ་མཉམ་པར་གཞག་པའི་སྦྱོར་བ་ལ ་གནས་པའི་སྐབས་ནི་ཇི་བཞིན་དུས་ཏེ། དེའི་དུས་སུ་ཕྱག་རྒྱ་ཆེན་པོ་བཙོངས་ཏེ། བདག་ཉིད་བསྲེག་པར་བྱའོ།། ཞེས་བྱ་བ་རང་ཉིད་ཐལ་བར་བྱའོ་ཞེས་སེམས་བསྐྱེད་བརྗོད་ཀྱི་དོན་གྱི་རང་གི་ལྷའི་སྙིང་པོ་ཟློས་ཤིང་སྲིད་པ་འདི་ཉིད་དུ་ཞེས་བྱ་བ་ཚེ ་འདི་ཉིད་ལ་ཁྲོ་བོ་ཆེ་ཞེས་བྱ་བ་རྡོ་རྗེ་མེ་ལྟར་འབར་བའི་སྒྲུབ་པ་ཕྱག་རྒྱ་ཆེན་པོ་སྒོམ་པར་བྱེད་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ལྟར་རྡོ་རྗེ་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་གསུངས་ནས ་དཱ་ནི་དེ་ནས་ཞེས་བྱ་བ་ལྔ་སོགས་པས་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་གསུངས་པ་ཡིན་ནོ།། དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་ནི་ཞེས་བྱ་བ་ནི་རྡོ་རྗེ་མེ་ལྟར་འབར་བ་ལ་རྡོ་རྗེ་རིགས་ཐམས་ཅད་ཀྱི་དམ་ཚིག་འཛིན་པར་བྱེད་པའི་ཕྱག་རྒྱ་ནི་དམ ་ཚིག་གི་ཕྱག་རྒྱ་སྟེ། དེའི་སྒྲུབ་པ་ནི་དེ་བཞིན་ནོ།། དེ་ཉིད་བསྟན་པ་ནི། བདག་ནི་ཐམས་ཅད་བསད་བྱ་ཞེས།། བརྗོད་ཅིང་ཕྱག་ན་རྡོ་རྗེ་ཡིས་ཞེས་བྱ་བ་ནི། བདག་ནི་ཆོས་ཀྱི་དབྱིངས་ཐམས་ཅད་ཀྱི་རང་བཞིན་ཏེ། སྟོང་པ་ཉིད་བཅུ་དྲུག་གི་ངོ་བོ ་ཉིད་ཡིན་ནོ།། ཞེས་བྱ་བའི་ཐ་ཚིག་གོ།། བསད་པར་བྱའོ་ཞེས་བྱ་བ་རྡོ་རྗེ་འཆང་བ་ལ་སོགས་པའི་རང་བཞིན་ཐམས་ཅད་མི་སྣང་བར་བྱའོ་ཞེས་བྱ་བ་སྟེ། ཆོས་བདག་མེད་པ་བསྒོམས་པས་བསྒོམ་པའི་དུས་ཀྱི་དང་པོར་དེ་སྐད་བརྗོད ་ལ་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་མེ་ལྟར་འབར་བའི་དམ་ཚིག་གི་སྒྲུབ་པའི་ཕྱག་རྒྱ་བཅིངས་ལ། བཟླས་བརྗོད་བྱས་ནས་རྣལ་འབྱོར་འགྲུབ་པོར་འགྱུར་པ་སྟེ། རྡོ་རྗེ་མེ་ལྟར་འབར་བར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་དམ་ཚིག་གི་ཕྱག ་རྒྱ་བསྒྲུབ་པ་བསྟན་ནས། ད་ནི་དེ་ནས་ལས་ཀྱི་ཕྱག་རྒྱ་བསྒྲུབ་པ་ནཱི་ཞེས་བྱ་བ་ལས་ཀྱི་ཕྱག་རྒྱ་སྒྲུབ་པ་གསུངས་པ་ཡིན།། སྒྲུབ་པ་དེའི་རང་གི་ཚུལ་གསུངས་པ་ནི། རྣམ་པ་བཞི་པོ་ལ་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། འཕགས་པ་དེ་ཁོ ་ན་ཉིད་བསྡུས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་མཆོད་པ་ཆེན་པོ་དང་། དབང་བསྐུར་བ་དང་། ཆོས་དང་ལས་ཀྱི་མཆོད་པའི་མཚན་ཉིད་ཅན་གྱི་ལས་བཞི་པོ་གང་ཡིན ་པ་དེ་ནི་ཤིན་ཏུ་བྱེད་ཅེས་བྱ་བ་དབང་དུ་བྱེད་པའོ།། ཉིད་ཅེས་བྱ་བ་ངེས་པར་གཟུང་བ་སྟེ། དེ་ཉིད་སྒྲུབ་པའི་མཆོག་གི་ལས་བྱེད་པས་རྡོ་རྗེ་ལས་ཉིད་ཐོབ་པ་ཡིན་ནོ།། ཇི་ལྟར་ཞེ་ན། ཐམས་ཅད་བདེ་བའི་ཕྱིར་ཟློས་ན་ཞེས་བྱ ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་རྡོ་རྗེ་རིགས་རྟོགས་པའི་བར་དུ་བསྐྱེད་པ་ནི་ཐམས་ཅད་བདེ་བཱའོ།། དེའི་དོན་དུ་བཟླས་ན་རྡོ་རྗེའི་ལས་ཉིད་དྲི། རྡོ་རྗེ་མེ་ལྟར་འབར་བའི་ལས་ཀྱི་ཕྱག་རྒྱའོ།། དེ་ཐོབ་པ་ནི་རྙེད་པའོ།། སྐོལ་པ་ཆེན་པོ་ནི ་ཆོས་དང་ལས་དང་། དམ་ཚིག་དང་ཕྱག་རྒྱ་ཆེན་པོ་པའི་སྒྲུབ་པའོ།། དེ་ཉིད་ཆོ་ག་སྟེ། དེའི་རྒྱས་པ་ནི་དེའི་རྒྱུན་ནོ།། དྲི་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དོ།། འདིས་ནི་དོན་འདི་སྐང་སྟེན་པ་ཡིན་པར་ཤེས་པར་བྱ་སྟེ། རྡོ་རྗེ་ཐལ་མོ་དང ་རྡོ་རྗེ་བསྡམས་པ་བཅིངས་ཏེ་རྡོ་རྗེ་བསྡམས་པ་སྙིང་གར་དྲལ་བར་བྱའོ།། དེ་ནས་རྡོ་རྗེ་དབབ་པ་བསྐྱེད་ལ། དབབ་པའི་ཕྱག་རྒྱ་རུང་གི་སྙིང་གར་དྲལ་བར་བྱའོ།། དེ་ནས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་པོར་བྱའོ།། དེ་ནས་རང་། ་སྙིང་གར་གནས་པའི་རྡོ་རྗེ་དབབ་པ་ལེ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ལ། དེ་ཉིད་ཡིད་ལ་ཟློས་ཤིང་ཐ་མོས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་ཡི་གེ་ཧཱུཾ་དང་ཡཱི་གཻ་ཨ་ཡཾ་ཡེ་ཤེས་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ་ལ།། རླུང ་གི་སེམས་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་བྱའོ།། དེའི་སྟེང་དུ་ཡི་གེ་ཧཱུཾ་ཉིད་དང་ཀ་ལ་སོགས་པ་གསལ་བའི་ཡི་གེ་དང་བཅས་པ་ལས་ཟླ་བའི་དཀྱིལ་འཁོར་གཉིས་པ་ཡང་དེ་ཧཱུཾ་དང་བཅས་པ་ལས་རྡོ་རྗེ་འབར་བ་དེའི ་དབུས་སུ་ཡི་གེ་ཧཱུཾ་བསམས་ལ་གཉིས་སུ་མེད་པའི་ཐུགས་རྡོ་རྗེ་ཆེན་པོའི་མཚན་ཉིད་ལྟར་རྡོ་རྗེ་དེ་བཞིན་ནོ།། ཞེས་རྡོ་རྗེའི་ང་རྒྱལ་བསྒོམས་ལ། རྡོ་རྗེ་དེ་ལས་རྡོ་རྗེ་རིགས་རྣམས་སྤྲུལ་ཏེ། དེས་གདུག་པ་ཐམས་ཅད་བཏུལ ་ནས་དེ་ཡང་རྡོ་རྗེ་དེར་ཡིད་ཀྱིས་ཞུགས་པར་བྱའོ།། དེ་ནས་རྡོ་རྗེ་དེ་སེམས་དཔར་བྱིན་གྱིས་བརླབ་པའི་སྦྱོར་བསྟེ་རྡོ་རྗེ་སེམས་དཔར་བདག་ཉིད་བསམྦ་ལ། ཡི་གྲྀ་ཧཱུཾ་གིས་རྡོ་རྗེ་མེ་ལྟར་འབར་བར་གྱུར་པར་བསམ་མོ།། དེ་ནས་མཧཱས ་ས་ས་ཡ་སཱ་ཏྭེ་ཧཾ་ཞེས་ཟློས་ཤིང་དམ་ཚི་གོ་ཆེན་པོར་བདག་ཉིད་བསྒོམ་མོ།། དེ་ནས་རྡོ་རྗེ་མུ་ལྟར་འབར་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་མ་ཧཱ་ས་མ་ཡེ་ཧི། ཞེས་ཟློས་ཤིང་། རྡོ་རྗེ་མེ་ལྟར་འབར་བའི་སྐུ་དང་གསུང་དང ་ཐུགས་རྡོ་རྗེའི་ངོ་བོར་བདག་ཉིད་བསམས་ལ་ཕྱག་རྒྱ་དེ་ཉིད་དང་། ས་མ་ཡ་སརྦྦ་ཨ་དྷི་ཏིཥྛ་སཱ་མཾ་ཞེས་ཟློས་ཤིང་། སྙིང་ག་དང་དཔྲལ་བ་དང་། ལྐོག་མ་དང་སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཧཱུཾ་ཨཿཞེས་ཟློས་ཤིང་སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེ་འབར་བ་བསྐྱེད་པར་བྱའོ།། དེ་ནས་རྡོ་རྗེའི་དབུས་སུ་ཧཱུཾ་བསམས་ལ། བཛྲོ་ཧཾ་ཞེས་བསྒོམས་ནས་དེ་ཉིད་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་བྱ་བས་རྡོ ་རྗེ་མེ་ལྟར་འབར་བར་བདག་ཉིད་བསམས་ལ། དེ་ནས་དེ་ཉིད་དུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཅོམ་ལྡན་འདས་མེ་ལྟར་འབར་བར་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་རང་གི་དམ་ཚིག་གི་ཕྱག་རྒྱ ་བཅིངས་ཏེ། ཧཱུཾ་དྲྀ་ཤྱ་ཞེས་བྱ་བས་བལྟ་བ་བྱས་ལ་རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེན་པོའི་ཧཱུཾ་གིས་རང་གི་ལུས་ལ་བཅོམ་ལྡན་འདས་གཞུག་པར་བྱའོ།། དེ་ནས་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ། ས་མ་ཡ་སྟྭཾ་ཧི་ཞེས་ཟློས་ཤིང ་དཀྱིལ་འཁོར་བསྐྱེད་ལ་དེ་ཞུགས་པས་བཅོམ་ལྡན་འདས་དང་བདག་ཉིད་གཅིག་ཏུ་གྱུར་ནས། རྡོ་རྗེ་མོ་ལྟར་འབྲར་བར་བསྒོམསཱ་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཧཾ་ཧོ་ཞེས་ལནོ་གསུམ་བཟླ་བར་བྱའོ།། དེ་ནས་ཆོས་དང་ལུས་དང་ཕྱག་རྒྱ ་ཆེན་པོས་བཅོམ་ལྡན་འདས་རྒྱས་བཏབ་ལ། ཛཿཧཱུཾ་བཾ་ཧོཿཞེས་ཟློས་ཤིང་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་རང་གི་ལུས་ལ་སངས་རྒྱས་ཐམས་ཅད་བཅུག་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི ་དེ་བཞིན་གཤེགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་དེ་བསྒྲུབ་པར་བྱའོ།། དེ་ནས་དེ་ལས་བཤད་པའི་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་དེ་རྣམས་ལ་རྒྱས་བཏབ་ལ། དང་པོའི་རྡོ་རྗེ་བཅིངས་ཏེ། སྔ་མ་བཞིན་དུ་རྡོ ་རྗེ་སེམས་དཔའ་ལ་སོགས་པས་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་ཕྱག་རྒྱ་ལྔའི་ཅོད་པན་གྱི་དབང་དང་། རྡོ་རྗེ་ཕྲེང་བའི་དབང ་བསྐུར་བའི་ཕྱག་རྒྱས་རྡོ་རྗེ་རྩེ་ལྔ་པ་འབར་བའི་ཕྲེང་བས་དབང་བསྐོར་བ་བླངས་ལ་ཡི་གེ་གཉིས་ཀྱི་གོ་ཆེས་གོ་བགོ་བར་བྱའོ།། དེ་ནས་ཁྲོ་བོ་རྡོ་རྗེ་རྩེ་ལྔ་པས་བདག་པོ་དང་། མིང་གི་དབང་བསྐུར་བ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ ་ཤུགས་བླངས་པར་བྱའོ།། དེ་ནས་ཁྲོ་བའི་རྡོ་རྗེ་མཚོན་ཆ་ལ་སོགས་པ་གསང་བའི་མཆོད་པ་བཞིས་བདག་ཉིད་མཆོད་ལ་དེ་ཉིད་ཀྱི་རྡོ་རྗེ་བཟུང་ཞིང་ཆོས་ཀྱི་དྲིལ་བུ་དཀྲོལ་ལ་དམ་ཚིག་གིས་ནི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་ཧཱུཾ ་ལན་གསུམ་བཟླས་པར་བྱའོ།། དེ་ནས་རྡོ་རྗེ་གསོར་ཞིང་ཁྲོ་གཉེར་དང་བཅས་པས་སྡུད་པར་བྱའོ།། དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཀུན་མཆོག་ཀུན་གྲུབ་ཆེན་པོ་སྟེ། དབང་ཕྱུག་ཆེ་ཉིད་བདག་པོའི་མཆོགཽ། རྡོ་རྗེ་སེམས་དཔར་བདག ་གྱུར་ཅིག། དེ་སྐད་ཅེས་བརྗོད་ལ། རབ་ཏུ་བསྒྲུབ་པར་བྱའོ།། ལྕེ་ལ་རྡོ་རྗེ་དཀར་པོ་དེ་ལ་ཧཱུ~ཾ་བསམ་མོ།། དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་འབར་བའི་གནས་སུ་ཧཱུཾ་མཛད་སྒྲུབ་པར་བྱེད་པའི་ཡི་གེ་ཧཱུཾ་བྲིས་ལ་བདག་ཉིད་རྡོ་རྗེ་འབར་བ ་དང་། གཟུགས་བརྙན་ཙམ་དང་མཚུངས་པ་ར་བསམ་ཞིང་བཟླས་པའི་དོན་ལ། དམིགས་ཤིང་ཟླ་བ་གཅིག་གི་བར་དུ་བསྒོམ་པར་བྱའོ།། མདུན་དུ་ཡང་རས་རིས་ལ་སོགས་པ་ལ་བཅོམ་ལྡན་འདས་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ལ་མཆོད ་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་རྡོ་རྗེ་གསོར་བའི་ཕྱག་རྒྱས་ཡི་གཱི་ཧཱུ~ཾ་བཟླས་བརྗོད་འབུམ་བྱའོ།། དེ་ནས་ཟླ་བ་ཉ་བོའི་དུས་སུ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན། ནང་པར་རྡོ་རྗེ་མི་ལྟར་འབར་བ་དང་མཉམ ་པར་འགྱུར་རོ།། ཡང་ན་ཧི་ཞེས་བྱ་བ་དེ་བཞིན་དུ་བསྒྲུབས་ལ་ཟླ་བ་གཅིག་ཙ་མོ་བཟླས་ལ་དེའི་རྗེས་ལ་རས་རིས་ཀྱི་མདུན་དུ་སྟོང་ཕྲག་བརྒྱ་བཟླས་ནས་མཐར་ཡང་ཟླ་བ་ཉ་བ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་ཉི་མ་འཆར་བའི ་དུས་སུ་རྡོ་རྗེ་མེ་ལྟར་འབར་བ་དང་འདྲ་བར་འགྱུར་རོ།། དེ་ནས་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་ན་དེ་བཞིན་དུ་ཐམས་ཅད་བྱས་ལ། ཟླ་བ་གཅིག་ཙམ་དུ་བཟླས་བརྗེད་དཔག་ཏུ་མེད་པས་བཟླས་ནས་ཐམས་ཅད་བྱའོ་ཞེས ་བསྒོམ་མོ།། དེ་ནས་སྔ་མུ་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་གཞན་ཡོད་ཟླ་བ་གཅིག་ཙམ་བསྒོམས་ན་རྡོ་རྗེ་འཆང་བ་དང་འདྲ་བར་འགྱུར་རོ།། འོན་ཏེ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་འདོད་ན་དེ་བཞིན་དུ་ཐམས་ཅད་བྱས་ནས་རང ་གི་སྙིང་གར་གནས་པའི་རྡོ་རྗེ་ལ་ཧཱུ~ཾ་ཡིད་ཀྱིས་བྲིའོ།། དེཿས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་དང་དངོས་པོ་མེད་པའི་ངོ་བོ་ཡིན་པར་བསྒོམས་པ་དམ་ཚིག་གི་ཕྱག་རྒྱ་བཙོངས་ནས་ཟླ་བ་གཅིག་ཙམ་དུ་ཧཱུཾ་བཟླས་ལ།། དེ་ནས་བཅོམ ་ལྡན་འདས་དེ་བཞིན་དུ་མདུན་དུ་བཞག་ལ་ཟླ་བ་གཞན་ལ་བདག་གིས་ཐམས་ཅད་བསད་པར་བྱའོ་ཞེས་བརྗེད་ལ་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཟླས་བརྗོད་བྱའོ།། མཐར་དེ་བཞིན་དུ་མཚན་ཐོག་ཐག་བཟླས་བརྗོད་བྱས་ན་རྡོ་རྗེ་འཛིན་པ ་ཉིད་ཐོབ་པར་འགྱུར་རོ།། འོན་ཏེ་ལས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་ན་དེ་བཞིན་དུ་ཆོ་གྲཝ་ཐམ་ས་རྡོ་རྗེསུ་སྤྱད་ལ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པོའི་ཁམས་གསུམ་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་མཆོད ་པ་རྣམ་པ་བཅུ་དྲུག་གིས་མཆོད་པ་དང་། ཕྱག་བྱས་ལ་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་རང་གི་སྙིང་གར་གནས་པའི་སྣ་ཚོགས་རྡོ་རྗེ་ལ་ཧཱུཾ་བསམས་ནས་དེ་ཉིད་ཟློས་ཤིང་ཟླ་བ་གཅིག་ཙམ་གྱི་བར་དུ་བསྒོམ་པར་བྱའོ།། ་ཡང་བཅོམ་ལྡན་འདས་མདུན་དུ་བནག་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ། ཡང་ཟླ་བ་གཅིག་ཙམ་གྱི་མྱུར་དུ་བནྡྷས་བརྗོད་བྱས་ཏེ་མཚན་ཐོག་ཐུག་བཟླས་ཤིང་བསྒོམས་ན་དེའི་རྗེས་ལྷ་ཉི་མ་འཆརཱ་ཀཱར་རྡོ་རྗེ་ཧཱུཾ་མཛད ་དང་འདྲ་བ་ལས་ཐམས་ཅད་ནུས་པར་འགྱུར་རོ།། དེ་ལྟར་ན་དེ་ནས་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བ་ནས་བརྩམས་ཏེ་སྒྲུབ་པའི་ཆོ་ག་རྒྱུས་བྱའི་རྒྱུད་དོ་ཞེས་བྱ་བའི་བར་གྱིས་བཤད་པས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇིག་པ་ལ ་སོགས་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ།། ཡང་འདིའི་དོན་བརྗོད་པར་བྱས་ཏེ། བདག་དང་གནས་བསྲུང་བ་བྱོས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་རྡོ་རྗེ་མི་ལྟར་འབར་བའི་དཀྱིལ་འཁོར་མདུན་དུ་བསྐྱེད་ནས་མངོན་སུམ་པ་དང་འདྲ་བར ་བལྟས་ལ། གལ་ཏེ་འབྱོར་པ་ཡོད་ན་དེ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱ་བ་དང་། ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྡོམ་པ་གཟུང་བར་བྱའོ།། དེ་ནས་དེ་བཞིན་དུ་རྡོ ་རྗེ་ཐལ་མོ་ལ་སོགས་པ་ནས་དམ་ཚིག་གི་ཁུ་ཚུར་བཅིང་བའི་བར་གྱི་ཕྱག་རྒྱ་བཅིང་བ་ཐམས་ཅད་བྱས་ལ་དེ་ནས་ཡི་གེ་ཧཱུཾ་བྷྱོས་ཤིང་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པ་ནས་ལྷ་མོ་རྡོ་རྗེ་དྲི་ལྕི་བུ་མའི་བར་གྱི་དོམ་ཚིག་གིས་ཕྱག་རྒྱས ་བཅིངས་ལ་དེའི་སྙིང་པོ་ལན་གསུམ་བཟླས་ནས་ཨོཾ་བཛྲ་མུཿཞེས་བྱ་བས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་སྙིང་གར་གཞུག་གོ།། རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པའི་གཟུགས་ཀྱང་རང་གི་སྙིང་གར་གནས་པའི་རྡོ་རྗེ་འབར་བའི་ཡིད ་ཀྱིས་གཞུག་པར་བྱའོ།། དེ་ནས་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་དྲལ་བར་བྱའོ།། དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་འབར་བ་ལ་ཧཱུཾ་ཡིད་ཀྱིས་བྲིས་ལ་དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པ་བསྒོམ ་པར་བྱའོ།། དེ་ནས་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྷོར་འབར་བའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། དེ་ནས་ན་མཁའ་རབ་འབྱམ་གྱི་ཚད་ཙམ་རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་དུ་ན་མཁའ ་དང་མཉམ་པའི་སྦྱོར་བས་ཞུགས་ལ་རྡོ་རྗེ་འཁོར་ལོའི་ཕྱོག་རྒྱུས་རྡོ་རྗེ་མེ་ལྟར་རག་ཏུ་འབྲར་བའི་དཀྱིལ་འཁོར་བསྐྱེད་པར་བྱའོ།། དེ་ནུས་རྡོ་རྗེ་མེ་ལྟར་འབར་བའི་བདག་ཉིད་བསམས་ལ་འཇུག་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དེ ་ཉིད་ཀྱིས་མེ་ཏོག་གི་ཕྲེང་བ་བླངས་ལ། དཀྱིལ་འཁོར་དེར་ཡིད་ཀྱིས་འཇུག་པའི་གླུ་ལེན་ཅིང་འཇུག་པར་བྱའོ།། དེ་ནས་མེ་ཏྲོ་གཽ་དྲོར་བའི་གླུ་ལེན་ཅིང་རང་གི་མགོར་མེ་ཏོག་གི་ཕྲེང་བ་དོར་ལ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ།། དེ་ནས་དངོས ་གྲུབ་ཀྱི་བརྟུལ་ཤུགས་བཟུང་བའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྦྱང་ལ། དཀྱིལ་འཁོར་དེར་རང་གི་སྙིང་གོ་འམ་ཟླ་བར་ཡིད་ཀྱིས་གཞུག་པར་བྱའོ།། དེ་ནས་རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེན་པོ་དང་། ཧཱུཾ་གིས་བཅོམ་ལྡན་འདས་རྡོ་རྗེ་མེ ་ལྟར་འབར་བ་སྔ་མ་བཞིན་དུ་རང་གི་ལུས་ལ་བཅུག་ལ་དེ་ནས་སྔ་མ་བཞིན་དུ་འོད་ཀྱི་དཀྱིལ་འཁོར་བསྐྱེད་དེ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལོས་དང་ཕྱག་རྒྱ་ཆེན་པོར་རྒྱས་བཏབ་ལ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས ་པའི་རྡོ་རྗེ་རིགས་ཀྱི་རྣལ་འབྱོར་ཆེན་པོ་བྱས་ལ་དང་པོའི་རྡོ་རྗེ་བཅིངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པས་སྔ་མ་བཞིན་དུ་བདག་ཉིད་བྱིན་གྱིས་བརླབས་ལ། རྡོ་རྗེ་ཧཱུཾ་མཛད་དུ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པར་བྱའོ།། དེ་ནས་ཡི ་གེ་བརྒྱ་པས་བརྟན་པར་བྱས་ལ། སངས་རྒྱས་ལྔའི་ཅོད་པན་གྱི་དབང་བསྒྱུར་བའི་ཕྱག་རྒྱ་འམ། རྡོ་རྗེ་ཕྲེང་བའི་ཕྱག་རྒྱས་བདག་ཉིད་དབང་བསྐུར་ལ་ཡི་གེ་གཉིས་ཀྱི་གོ་ཆས་གོ་བགོ་བར་བྱའོ།། དེ་ནས་རྡོ་རྗེ་བདག་པོ་དང་མིང་གི་དབང ་བསྐུར་པ་བླངས་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཤུགས་བཟུང་ནས་ཁྲོ་བོའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱི་ཡང་དག་པར་མཆོད་ལ་བཅོམ་ལྡན་འདས་ལ་ཁྲོ་གཉེར་འཛུམ་པ་དང་བཅས་པས་བཏུད་པར ་བྱས་ལ་དེའི་རྗེས་ལ་ཕྱག་བནི་བྱས་ལ། དེའི་རྗེས་ལ་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་གཟུང་ཞིང་ཆོས་ཀྱི་དྲིལ་བུ་བཀྲོལ་ལ་དམ་ཚིག་གིས་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ནས་ཧཱུ~ཾ་ལན་གསུམ་བཟླས་པར་བྱའོ།། དེའི་རྗེས་ལ་ཨོཾ་བཛྲ་ཨཱཏྨ་ཀོ་ཧ་ཞེས་བྱ ་བོས་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེར་བསྒོམ་པར་བྱའོ།། ཨོཾ་སྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་ཟློས་ཤིང་གཟུགས་བརྙན་དང་འདྲ་ཞིང་སྟོང་པ་ཉིད་ཀྱི་ངོ་བོ་ཡིན་པར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་སརྦ་ས་མོ་ཧཾ་ཞེས་ཟློས་ཤིང་ཆོས་ཐམས ་ཅད་བདག་མེད་པའི་མཉམ་པ་ཉིད་ཀྱི་ཐབས་དང་ཤེས་རབ་ཀྱི་འབྲས་བུ་ལྷ་ཐམས་ཅད་ཀྱི་རང་བཞིན་ཡིན་པར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་སྙིང་གར་གནས་པའི་རྡོ་རྗེ་འབར་བ་ལ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ནས་སརྦོ་ཏ་ཏ་མ་མ་ཧཱ ་སིདྡྷ་མ་ཧེ་ཤེ་དྱ་ཧྲི་པ་ར་རཾ།། ས་མ་ཡོ་ཧཾ་བཛྲ་སཱཏྭ་སྟྭཾ་ཞེས་བརྗོད་ལ། ཉིན་རེའི་སྦྱོར་བས་བཟླས་བརྗོད་བྱའོ།། དཀྱིལ་འཁོར་གཞན་རྣམས་ཀྱི་སྔགས་ནི་བཟླས་བརྗོད་འབུམ་བྱའོ།། དེ་ལྟར་སྔོན་དུ་བསྙེན་པ་བྱ་བར་འགྱུར་རོ།། ཡང་ན་རང་གི ་སྙིང་གར་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་བསྐྱེད་ལ་རང་རང་གི་སྙིང་པོས་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་རང་གི་སྙིང་གའི་དཀྱིལ་འཁོར་དུ་རང་རང་གི་གནསུ་ཡིད་ཀྱིས་བཀོད་ལ། ་ཨོཾ་བཛྲ་ཨཱཏྨ་ཀོ་ཧཾ། ཨོཾ་སརྦ་ཤུདྡྷོ་ཧཾ། ཨོཾ་སརྦ་ས་མོ་ཧཾ་ཞེས་ཟློས་ཤིང་སྔ་མ་བཞིན་དུ་དོན་གསུམ་པ་བསྒོམ་པར་བྱའོ།། དེ་ནས་བཛྲ་ཛྭ་ལ་ཨན་ལཱརྐ་ཨཱཏྨ་མ་ཧཱ་ནཱ་ད་ལ་སྭ་བྷ་བོ་ཧཾ་སྭ་མཾ་ཞེས་བྱ་བས་རང་གི་སྙིང་གར་གནས་པའི་རྡོ་རྗེ་མེ་ལྟར ་འབར་བའི་ང་རྒྱལ་གྱིས་བདག་ཉིད་བསམས་ལ། ལྷ་ཐམས་ཅད་ཀྱི་ཐུགས་ཀ་ན་གནས་པའི་རྡོ་རྗེ་འབར་བའི་དབུས་སུ་ཡི་གེ་ཧཱུཾ་ཡིད་ཀྱིས་བྲིས་ལ་དེ་ཉིད་རྡོ་རྗེ་ཚིག་གམ་ཁྲོ་བོའི་ཚིག་གིས་ཟློས་ཤིང་ཇི་སྲིད་དཀྱིལ་འཁོར་དེ་ཉིན་རེ་བསྒོམ ་པའི་དུས་སུ་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་དང་བསྒོམ་པ་བྱའོ།། དེ་ལྟར་སྔོན་དུ་བསྙེན་པ་ལེགས་པར་བྱས་པར་འགྱུར་རོ།། དེ་ལྟར་སྔོན་དུ་བསྙེན་པ་བྱས་ནས་ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་གསུམ ་བསྒོམས་པ་ནས་བརྩམས་ཏེ། དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་ཉིན་རེའམ་ཟླ་རེ་འམོ་ལོ་རེ་ཞིང་དཀྱིལ་འཁོར་བྲི་བར་བྱའོ།། དེ་ཡང་གཙུག་ལག་ཁང་ངམ། གྲོང་ངམ་གྲོང་ཁྱེར་རམ། ཡུལ་ལྗོངས་ཀྱི་བྱང་དང་། ཤར་གྱི་མཚམས ་ཀྱིསའི་ཆར་བསམ་པར་བྱའོ།། དེ་ལ་དཀྱིལ་འཁོར་ཤར་ཕྱོགས་སུ་བྲིས་ནས་རྒྱལ་པོ་རྣམ་པར་རྒྱལ་པ་དང་། ཡུལ་གྱི་སྐྱེ་བོ་རྣམས་དང་། འཚེ་བ་མང་བར་འགྱུར་རོ་གྲོང་ཁྱེར་གང་གི་ལྷོ་ཕྱོགས་སུ་བྲིས་པར་གྱུར་ན་དེ་སྟོངས་པར ་འགྱུར་རོ།། གང་ལ་དམིགོས་ནས་བྲིས་པ་དེ་འཆི་བར་འགྱུར་རོ།། ནུབ་ཕྱོགས་སུ་བྲིས་ན་དཀྱིལ་འཁོར་གྱི་སློབ་དཔོན་འཆི་བར་འགྱུར་རོ།། བྱང་ཕྱོགསུ་བྲིས་ན་དེར་གང་ཞིག་ཞུགས་པ་དེ་འཆི་བར་འགྱུར་རོ།། མེའི་མཚམས་ཀྱི ་སར་བྲིས་ན་ཆར་མི་འབབ་པ་དང་། མེ་ཡིས་འཇིགས་པ་འབྱུང་བར་འགྱུར་རོ།། བདེན་བྲལ་དུ་ནི་བྲིས་ན་མུ་གཾ་འབྱུང་བར་འགྱུར་རོ།། རླུང་གི་ཚར་བྲིས་ན་ཆུ་ཆེན་པོ་འབབ་པར་འགྱུར་རོ།། དེ་བས་གྲོང་ཁྱེར་གྱི་དབང་ལྡན་གྱི་ཆར་བརྟེན ་ས་ཡོངས་སུ་བརྟག་པར་བྱའོ།། མཆོད་རྟེན་དང་ཉེ་བར་ཡང་མ་ཡིན་རླུང་གི་གནས་སུ་ཡང་མ་ཡིམ་མཆོད་རྟེན་གྱི་གནས་སུ་ནི་འཆི་བར་འགྱུར་རོ།། ཤིང་གི་གནས་སུ་འཆི་བའོ།། ཀླུའི་གནས་སུ་འཆི་བ་དང་། ཆུའི་དམུ་རྫིང ་འབྱུང་བར་འགྱུར་རོ།། ཇི་སྐད་བཤད་པའི་གནས་སུ་ནི་རྡོ་རྗེ་དང་རུས་པ་དང་གྱོ་མོ་དང་། ཕུབ་མ་དང་། སོལ་བ་ལ་སོགས་པ་བསལ་ལ་དཀྱིལ་འཁོར་བྲི་བར་བྱའོ།། གང་གི་ཕྱིར་རྡོ་རྗེ་དང་བཅས་པར་ནི་རླུང་འབྱུང་བར་འགྱུར་རོ།། ་རུས་པ་དང་བཅས་པར་ནི་གཟིར་གྱིས་འདེབས་སོ།། གསེག་མ་དང་བཅས་པའི་གནས་སུ་ལྐུགས་པ་ཉིད་དུ་འགྱུར་རོ།། ཕུབ་མ་དང་སོལ་བ་དང་བཅས་པའི་གནས་སུ་རིམས་འབྱུང་བར་འགྱུར་རོ།། ཇི་སྐད་དུ་བཤད་པའི་ཕྱོགས ་ཀྱི་ཆ་དེའི་ཆ་དེ་ཡང་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་ཏེ་རིགས་བཞིར་ཤེས་པར་བྱའོ།། དེ་ལ་དཀར་པོ་གང་ཡིན་པ་ནི་བྲམ་ཟེའི་རིགས་ཏེ། ས་ཕྱོགས་དེར་གང་རིག་པ་སྒྲུབ་པར་བྱེད་ན་གསང་བྱེད་དང་། ་ཕྲེང་བ་དང་། དབྱུག་པ་དང་། དབྱུ་གུ་དང་། སྤྱི་བླུགས་ལ་སོགས་པའི་རྫས་དང་། དེས་དེར་དཀྱིལ་འཁོར་བྲི་བར་བྱའོ།། དམར་པོ་ག་ཡིན་དེ་ནི་རྒྱལ་རིགས་ཏེ། གང་དོ་སྒྲུབ་པར་བྱེད་པས་ན་རོལ་གྲི་དང་མདུང་དང་མདུང་ཐུང་དང་། མདའ་བོ་ཚེ་དང ་འཕང་མདུང་དང་ལྕགས་མདའ་ལ་སོགས་པ་སྒྲུབ་པར་བྱེད་དེ་དེར་དཀྱིལ་འཁོར་བྲི་བར་བྱའོ།། སེར་པོ་གང་ཡིན་པ་དེ་ནི་རྗེའུ་རིགས་ཏེ་གང་ཞིག་དེར་བསྒྲུབས་པས་ནི་དགྲ་སྟེ་དང་། ཞགས་པ་དང་། རྟོག་སྤྱོད་ལ་སོགས་པ་སྒྲུབས་ཏེ། དེས་དཀྱིལ ་འཁོར་བྲི་བར་བྱའོ།། ནག་པོ་གང་ཡིན་པ་དེ་ནི་དམངས་རིགས་ཏེ། ས་ཕྱོགས་དེར་ནི་ཅི་གོ་ཤོས་ཀྱི་དཀྱིལ་འཁོར་བྲི་བར་བྱའོ།། ཚོན་སྣ་ལྔའི་སྲད་པུས་ཐིག་བཏབ་ལ་རི་མཱ་ཤིན་ཏུ་མི་སྦོམ་པ་ཤིན་ཏུ་མི་ཕྲ་བ་ཤིན་ཏུ་མི་འབྱེར་བ། རྒྱུན་མ་ཆུད ་པར་བྱའོ།། དེ་ལ་རཱི་མོ་ཕྲ་བས་ནི་ཟ་བྱེད་ཀྱི་ལས་བསྐྱེད་དོ།། སྦོམ་པོསཾ་ནི་ཀླུའི་གནས་བསྐྱེད་དོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ།། དེ་ལ་དང་པོར་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས་མངོན་པར་གང་འདོད་པའི་སའི ་དབུས་སུ་མི་རུས་ཀྱི་ཕྱེ་མ་ལ་སོགས་པས་དཀྱིལ་འཁོར་གྱི་བགེགས་བཟློག་ལ་བདག་དོང་སློབ་མ་ཞི་བའི་སྦྱིན་སྲེག་བྱའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་གྱིས་གདུག་པ་རྣམས་བསྐྲད་ལ་གནས་བསྲུང་བ་རྣམས་བྱས་ནས་ཡང་ཉུངས་ཀར་དང་ཆུ ་དང་། ཐལ་བ་དཀྱིལ་འཁོར་དེ་ཉིད་ལན་བདུན་བཟླས་པས་གཏོར་ལ་ས་ཕྱོགས་དེར་ཁྲུ་གང་ཙམ་མམ་འདོམ་གང་ཙམ་དུ་བརྐོས་ཏེ་བཟློག་ལ་སྒྲ་དང་ཕུབ་མ་དང་རུས་པ་དང་། གསེག་མ་དང་། ཐལ་བ་དང་། སོལུ་བ་ལྔ་སོགས་པ་བྷཱ་སྩལ་ལ ་སྦྱངས་ནས་སྤོས་ཆུའི་དྲི་ཞིམ་པོས་སྦགས་པའི་སྲས་བཀང་སྟེ། རྡོ་རྗེ་རྩེ་མོ་ཡོངས་སུ་བཟླས་པའི་དྲིའི་ཆུས་ཡང་དང་ཡང་ཆག་ཆག་བཏབ་ལ་ཀུན་ཏུ་བརྡུང་བར་བྱའོ།། དེ་ནས་ཤིན་ཏུ་མཉམ་པར་བྱས་པ་སྒོ་བཞི་དང་ལྡན་པའི་ཁང་པ ་བོབོཔོ་རྩེགས་མའི་ནང་དུ་ཆུད་པ་དང་། རྟ་བབས་བཞིས་མཛེས་པར་བྱས་པ་ཕྱོགས་བཞིན་སྐར་ཁུང་བཞི་ཡོངསུ་བསྐོར་བ་དེ་སློབ་མ་ཤན་ཏུ་བྱང་བས་པའི་རྣམ་ལཱྀ་ལ་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པ་ཤར་ཕྱོགས་ནས་བརྩམས ་ཏེ། བསྐྱང་ནུལ་བྱེད་དུ་བཅུག་ཅིང་དེ་ཉིད་ཡོངས་སུ་བཟླས་པའི་དྲིའི་དུང་ཆུས་བསང་གཏེར་བྱས་པ་དེ་ཉིད་བཟླས་པའི་རིན་པོ་ཆེ་དང་། སྨན་དྲང་འབྲུ་ཐམས་ཅད་སའི་དབུས་དང་ཕྱོགས་བཞིར་དགུག་པར་བྱའོ།། ས་ག་ནི་ཡོངས་སུ་སྦྱང་བའི ་ཆོ་གའོ།། རྩིག་པོ་ལ་སོགས་པ་ཤིན་ཏུ་བྱི་དོར་བྱས་པའི་ཆར་རྡོ་རྗེ་གནོད་སྦྱིན་གྱིས་བགགསོ་བསྐྲད་ལ་ཡུངས་ཀུར་དང་ཆུ་དང་ཐལ་བ་ལ་དེ་ཉིད་ཡོངས་སུ་བཟླས་པས་ས་ལ་གཏོར་ནས་ཡང་སློབ་མ་ཤིན་ཏུ་བྱང་བས་རྡོ་རྗེ་གནོད་སྦྱིན་བཟླས ་པའི་བའི་རྣམ་ལྔས་ཤར་ཕྱོགས་ནས་བརྩོམསོ་ཏེ་བྱུག་པར་བྱའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་དྲིའི་ཆུས་གཏོར་བར་བྱས་ལ་དེ་ཉིད་བཟླས་པའི་རིན་པོ་ཆེ་དང་སྨན་དང་འབྲུ་རྣམས་སྔ་མ་བཞིན་དུ་བཅུག་པར་བྱའོ།། དེ་ནས ་ཡང་སློབ་མ་ཤིན་ཏུ་བྱང་བས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པས་སྤོས་ཆུས་ཤར་ཕྱོགས་ནས་བརྩམས་ཏེ་བྱུག་ཏུ་གཞུག་གོ།། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རིག་པའི་ལྷ་མོ་རྣམས་ཀྱི་སྐུ་གཟུགས་ལུགས ་མའམ། འབུར་དུ་བརྐོས་པའམ། བྱས་པ་དང་བྲིས་པ་རྣམས་ཀྱིས་བརྒྱན་པར་བྱ་བ་དང་། མཐའ་མོར་ཚོན་གྱི་ཕྲེང་བས་ཉེ་བར་མཛེས་པར་བྱས་པ་དྲིལ་བུ་བཏགས་པོའི་རྟོག་བཟང་པོ་དང་། བླ་བྲེས་དང་། འཕན་གདུགས་མཆོག་གིས་རྣམ ་པར་བརྒྱན་པ་དྲ་བ་དང་དྲ་བ་ཕྱེད་པ། རྡོ་རྗེ་རིན་པོ་ཆེ་དང་། དར་དང་རྔ་ཡ་བ་དང་། མེ་ཏོག་གི་ཆུན་འཕྱང་དང་། ཕྲེང་གོས་སྣ་ཚོགས་དང་། ཕྲེང་བ་དང་། མར་མེ་མ་ལ་སོགས་པས་མཛེས་པར་བྱས་པ་མཚམས་བཞིར་གནས་པའི་སྤོས་སྣོད་ལས ་བདུག་པ་བཏུལ་བ་དང་། ཕྱི་རོལ་ཏུ་གླུ་དང་། ག་ར་ལ་སོགས་པ་བྱེད་དུ་བཅུག་པས་ཀྱང་ཡང་དག་པོར་མཆོད་ལ། ས་ལ་ལག་པ་བཞག་སྟེ་ཡི་གེ་ཧཱུཾ་དང་། ཡི་གེ་བརྒྱ་པ་ལན་བདུན་བཟླ་བར་བྱའོ།། ས་ཡོངས་སུ་གཟུང་བའི་ཆོ་གའོ།། །། དེ་ནས ་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ་རྡོ་རྗེ་མེ་ལྟར་འབར་བའི་ཁྲོ་བོར་སྙོམས་པར་ཞུགས་པས་བླངས་ལ་བགེགས་གཞོམ་པ་ལ་སོགས་པ་བྱས་ནས་མཆོད་པ་རྣམ་པ་ལྔ་དང་། མཆོད་ཡོན་དང་ལས་ཐམས་ཅད་པའི་སྤོས་ཆུ་ལ། སྔགས ་ཡོངས་སུ་བཟླས་ལ། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོར་མངོན་པར་སྤྲུལ་ལ་ཕྱག་བྱ་ལ་སོགས་པ་མངོན་དུ་འགྲོ་བས་སྡོམ་པ་བཟུང་ནས་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བས་རྣལ་འབྱོར་པས་དེ་བཞིན་བསྒྲུབས་ནས། ་ཆོག་ཐམ་ཅད་རྗེས་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གི་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླ།། དེའི་རྗེས་ལ་གཡོན་པའི་མིག་ཏུ་ཊ་ལ་ཟླ་བ་བྱ།། གཡས་པར་མ་བཀོད་ཉི་མའི་དཀྱིལ་འཁོར ་བསྐྱེད།། ཧཱུཾ་གིས་མིག་འབྲས་བསྐལ་པའི་མེ་ལྟ་བུར།། གནས་པ་འདིས་ནི་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་དང་ཧཱུཾ་ཟློས་པ་ལ་བརྩོན་ཞེང་ཡིད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བཱར་སྣང་གི་ཕྱོགས་སུ་གནས་ཏེ་རླུང་གི་དཀྱིལ་འཁོར་ལས་བྱུང་བའི ་འོད་ཟེར་རྣོན་པོ་རྣམ་པར་འཕྲོ།། དབུས་སུ་ས་བོན་རྣམ་བཀོད་པའོ།། རྡོ་རྗེ་བརྟུལ་ཤུགས་ཅན་གྱིས་བསམ།། རི་བོ་དང་བཅས་ས་གཞི་རྣམས་དང་ནི། ཆུ་ཚོགས་རྡོ་རྗེ་མེ་ཡི་ཐལ་བར་བྱས།། ནམ་མཁའི་ཕྱོགསུ་ཁཾ་ནི་རྣམ་བསམས་མ། རྣམ ་པར་སྣང་མཛད་ཆུ་ནི་རྣམ་པར་འབབས།། ཀུན་ན་སཱ་རྦ་རླབས་འཁྲུག་པར་གྱུར་པའོ།། རྒྱ་མཚོ་དཔག་ཏུ་མེད་པར་རྡོ་རྗེས་འགྱུར།། དེ་ཚེ་རྒྱ་མཚོར་མེ་ཡིས་བསྐོར་བ་ལ།། པདྨར་ཡོངས་སུ་གྱུར་པར་བརྟོག་པར་བྱ།། ཤེས་རབ་ཅེས་བཤད ་འཛམ་བུའི་གསེར་མཆོག་ཅན།། རུས་སྦལ་པདྨའི་རྩ་བར་བསམ་པར་བྱ།། འདིར་ནི་ལྟེ་བ་དག་ཏུ་སྤྲད་ཉིད་དུ་ཡི་ནི།། འཛམ་བུའི་གསེར་དུ་སྣང་བ་རྣམ་པར་བསམ། དེ་ནས་རྣམ་པར་སྣང་མཛད་ཁཾ་གི་ནི།། ངོ་བོ་ཉིད་དུ་བྱོན་ནས་ལེགས་པར ་བཞུགས།། གཅིག་ཏུ་གྱུར་པ་དེ་ལས་རི་རབ་ནི།། རིན་ཆེན་བཞི་ཡི་ཆར་ལྡན་ཡང་དག་བྱུང་ཞེས་བྱ་བ་དང་། ཧཱུཾ་སུ་ཧཱུཾ་ཞེས་བྱ་བ་ལས་ས་བོན་གྱི་ཡི་གེ་ལས་རི་རབ་བསྐྱེད་པར་བྱེད་པའོ་ཞེས་བསམ་མོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ ་བརྐྱང་བས་ས་ལ་རེག་པར་བྱས་ལ་རི་རབ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་བོ།། དེ་ནས་རི་རབ་ཀྱི་སྟེང་དུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་མེ་ལྟར་འབར་བར་བསྐྱེད་ལ་དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ ་མོ་ཀྲུང་གིས་འདུག་ལ་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ།། དེང་དུ་བདག་ཚེ་འབྲས་བུ་ཡོད་ཅེས་བྱ་བ་ལ་སོགས་པ་བརྗོད་ལ། ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ཏེ། དངོས་གྲུབ་འདི་ནི་སྩལ་དུ་གསོལ་ཞེས་བྱ་བའི་བར་དུ་བརྗོད་དོ།། དེ་ནས ་ཡང་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ་སྦྱོར་བ་དང་པོ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པར་བྱའོ།། དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཧཱུཾ་ཟློས་པ་ལ་བརྩོན་ཞིང་དཀྱིལ་འཁོར་བྲི་བའི་ཕྱིར། དེ ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདོག་ཉིད་ལ་གསོལ་བར་བསམ་མོ།། སེམས་ཅན་ཀུན་ལ་རྗེས་སྟོན་པས།། བཅོམ་ལྡན་ཁྱོད་ལ་གསོལ་པོ་ནི།། ཨུ་ཏིཥྚོ་ས་མ་ཡ་ཀྲོ་དྷ་ནི་སུཾ་བྷ་ཛ་མ་བཛྲ། དེ་ནས་རང་གི་དམ་ཚིག་གི་ཕྱག་རྒྱ་དང་། ཧཱུཾ་ཧཱུཾ ་བཛྲ་ཏིཥྛ་མ་ཧཱ་མཎྜལ་ཨུཏྤཱ་ཏ་ཡ་ཞེས་ཟློས་ཤིང་། དཀྱིལ་འཁོར་ཆེན་པོ་བཏེག་ལ་ཡིད་ཀྱིས་བར་སྣང་གི་ཕྱོགས་སུ་བཏེག་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་སྙིང་ཀ་དང་དཔྲལ་བ་དང་ལྐོག་མཱ་དང་སྤྱི་སྔོར་བདག་ཉིད་བྱིན་གྱིས ་བརླབས་ལ། ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཀྲོ་དྷ་དྲྀཥྚི་ཧ་ཞེས་བྱ་བ་མིག་གཉིས་སུ་བཀོད་ལ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས།། ཀུན་ཏུ་རྣམ་པར་བལྟས་ནས་ནི། ཧཱུཾ་ཞེས་ཀུན་ཏུ་ཟློས་བྱེད་ཅིང་།། བསྒྱིངས་པའི་ཚུལ་གྱིས་ཡོངས ་སུ་བསྐོར།། ཡི་གེ་ཨ་ལས་རྐང་པ་གཉིས་ཀྱིས་མཐིལ་དུ་སྣ་ཚོགས་རྡོ་རྗེ་བསམས་ལ། རྐང་མཐིལ་ནས་བཟུང་སྟེ། རི་རབ་ཀྱི་སྟེང་ནས་བརྩམས་ཏེ། ས་གཞི་བརྟན་པ་ལ་ཐུག་གི་བར་དུ་དཀྱིལ་འཁོར་གྱི་སའི་ཆ་རྡོ་རྗེའི་རང་བཞིན་དུ་བསམ་ཞིང ་ཁྲོ་བོའི་ལྟ་བས་ཀྱང་མཚམས་དང་ཕྱོགས་དང་། ནམ་མཁའ་དང་། འོག་དང་དཀྱིལ་འཁོར་བཅིང་བ་དང་། དྲ་བ་དང་ར་བ་དག་བྱའོ།། ཡང་ཧཱུཾ་ཟློས་ཤིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཕྱུང་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས ་པའི་ཁྲོ་བོས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་རྡོ་རྗེ་འབར་བ་འཁྲུག་ཅིང་། མི་བཟད་པའི་ཧཱུཾ་གི་སྒྲ་འཇིགས་པས་ཀུན་ཁེངས་ཤིང་སྡོང་བུ་ཅན་གྱི་པདྨའི་འདབ་མ་བཞིན་དུ་ཀུན་ནས་གཡོ་བར་བྱེད་པའོ།། རྡོ་རྗེ་འབེབས་པའི་སྦྱོར་བས་ནམ ་མཁའི་ཕྱོགས་ཐམས་ཅད་ནས་བབས་ལ་གར་ལས་བྱུང་བའི་མེ་ཏོག་གི་ཐལ་མོས་དེ་བཞིན་གཤེགས་པ་ཐམས་ཅད་ཡང་དག་པར་མཆོད་དེ། དཀྱིལ་འཁོར་གྱི་ལྟེ་བར་གཡོན་བརྐྱང་བའི་གནསོ་པས་འདུག་ལ་བསྐལ་པའི་མོའི་ཕུང་པོ་ལྟ ་བུ་ཁྲོབ་ཚོགས་བྱོན་པས་བདུད་ཐམས་ཅད་སྐྲག་པར་བྱའོ།། དེ་ནས་དགའ་བ་ཡོངས་སུ་གྱུར་པའི་ལུས་ཀྱི་ཤར་ཕྱོགས་སུ་འགྲོ་བར་བྱའོ།། དེ་ནས་གཡོན་བརྐྱང་བའི་གནས་པས་དེ་ཉིད་དུ་འདུག་སྟེ་དེ་བཞིན་དུ་བགེགས་ཐམས་ཅད་བསྐྲད ་པར་བྱའོ།། དེ་ནས་གནས་དེ་ནས་གནོད་སྦྱིན་གྱི་འགྲོས་ཀྱིས་ལྷོ་ཕྱོགས་སུ་སོང་ལ་གཡས་བརྐྱང་བའི་གནས་པོས་འདུག་སྟེ་དེ་བཞིན་བགེགས་རྣམས་རྗེས་སུ་བསྐྲད་པར་བྱའོ།། དེ་ནས་གནས་དེ་ནས་ལངས་ལ་གཡས་བརྐྱང་བ་དང ་གཡོན་བརྐྱང་བ་གཉིས་ཀྱིས་ནུབ་ཕྱོགས་སུ་སོང་ལ་ཟླུམ་པོའི་འདུག་སྟངས་བཅིངས་ཏེ་དེ་བཞིན་དུ་བགེགས་རྣམས་ཤིན་ཏུ་བསྐྲད་པར་བྱའོ།། དེ་ནས་གནས་དེ་ནས་ན་མཁའི་ཁམས་ཀྱི་གཏོས་མ་ལུས་པ་དང་མཉམ་པའི་འཇིག ་རྟེན་གྱི་ཁམ་སུ་བསྐྱོད་ཅིང་རྡོ་རྗེའི་འགྲོས་ཀྱི་སོ་བྱང་ཕྱོགས་སུ་འགྲོ་བར་བྱའོ།། དེ་ནས་གཡས་བརྐྱང་བ་དང་གཡོན་བརྐྱང་པ་དང་ས་གའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། མཐུན་པའི་རྐང་སྟབས་ཏེ་ལྔས་དེ་བཞིན་དུ་བགེགས ་བསྐྲད་པར་བྱས་ནས་རྡོ་རྗེ་འགྲོས་ཀྱིས་གནས་ཏེ། དེ་ནས་ཤར་ཕྱོག་སུཾ་འགྲོ་བར་བྱའོ།། དེ་ལྟར་སྟང་སྟབས་བཞིས་བགེགས་ཐམས་ཅད་བཅོམ་པར་གྱུར་པ་ཡིན་ནོ།། དཀྱིལ་འཁོར་གྱི་དུས་སུ་ཇི་ལྟར་བྱ་བ་དེ་བཞིན་དུ་འཁྲུལ་འཁོར་ལ ་སོགས་པ་གྲོ་ཞིག་པ་ལ་ཡང་སྦྱར་བར་བྱའོ།། དེ་ལྟར་འཁྲུལ་འཁོར་ལ་སོགས་པོས་བཅོམ་པར་གྱུར་པ་ཡིན་ནོ།། སྟང་སྟབས་ཀྱི་དུས་འདིར་ཡི་གེ་ཧཱུཾ་ཁྱོ་བོའི་ཚིག་གིས་རྒྱུན་མི་འཆད་པར་བཟླ་བར་བྱའོ།། དེ་ནས་སྒོ་དབྱེ་བའི་ཕྱག ་རྒྱས་སྒོ་བཞི་ཕྱེ་ལ་གསང་བའོ་དཀྱིལ་འཁོར་ཞལ་བཞི་པ་ཕྱག་བཞི་པ། རྡོ་རྗེ་རྒྱུའི་ངོ་བོ་ཉིད་སྔགས་དང་ཕྱག་རྒྱ་དང་བཅས་པ་འདིས་དགུག་པར་བྱའོ།། ཨོཾ་བཛྲ་མུཎྜ་ལཱ་ཧཱུཾ་ཛྫཿརྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མོ་དང་མཐེ་བོ་སྦྱར་བ ་ནི་རྡོ་རྗེ་འཁོར་ལོ་ཞེས་བྱ་བ་ནི་ཕྱག་རྒྱ་སྟེ། དཀྱིལ་འཁོར་དགུག་པའོ།། དེའི་རྗེས་ལ་ཨོཾ་ཙཀྲ་ཨེ་དྷི་ཏིཥྛ་སིདྡྷ་ཧཱུཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པོ་ཡང་དཀྱིལ་འཁོར་བྱིན་གྱིས་བརླབ་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མགོལ ་མའི་འཁོར་ལོ་བསྐོར་བ་ལྟར་ཡོངསུ་བསྐོར་བ་འདིའི་ཕྱག་རྒྱའོ།། དེ་ནས་སེང་ལྡེང་གི་རྡོ་རྗེ་ཕུར་པ་ཧཱུཾ་མཐའ་ཡས་དང་རྣམ་པར་རྒྱལ་བ་དང་། སྤྲིན་སྒྲ་དང་། གསུས་པོ་ཆེ་དང་། རྒྱལ་བ་ཞེས་བྱ་བ་སྟོད་ཁྲོ་བོ་ལྟ་བུར་བསམ་པར་བྱའོ།། དེ ་ནས་ཙན་དན་དམར་པོས་བྱུག་ཅིང་སྲང་བུ་དམར་པོས་དཀྲིས་ལ་མེ་ཏོག་གི་ཕྲེང་བ་དམར་པོ་བཏགས་ཏེ། ཧཾ་ཀྲོ་དྷ་ཡ་ས་ཧཾ་ཏྲི་ཤ་ཏཱ་ཏྲི་ཏ་ཏི་ཞེས་ལན་བརྒྱ་རྩ་བརྒྱད་བཟླས་ལ་གཡོན་པའི་ཁྲོ་བོ་ཁུ་ཚུར་གྱིས་བཟུང་ནས། ཕྱིའི་དཀྱིལ ་འཁོར་གྱི་མཚམས་བཞིར་རྡོ་རྗེ་ཐོ་བས་བརྡུང་བར་བྱའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་བགེགས་བསྐྲད་ལ་བསྲུང་བ་བྱས་ནས་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་གྱི་སྒོ་བཅད་དེ། རྡོ་རྗེ་བསྲུང་བས་བསྲུང་བའི་ལྷ་ཐམས་ཅད་ཡང་དག་པར་བསྲུངས་ལ་རྡོ ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་བུམ་པས་བསང་གཏོར་བྱ་བའི་ཕྱིར་སྒོར་བཞག་ནས་རྡོ་རྗེ་གནོད་སྦྱིན་བཟླས་པའི་རྡོ་རྗེ་གནོད་སྦྱིན་ཉིད་དང་ཟློས་ཤིང་སློབ་དཔོན་རང་ཉིད་དམ་གྲོགས་དང་བཅས་པས་སོ།། ཤར་ཕྱོགས་ནས་བརྩམ ་ཏེ་དཀྱིལ་འཁོར་གྱིས་བྱུག་པར་བྱའོ།། དེ་ནས་སློབ་དཔོན་གྱི་ལྷ་ཐམས་ཅད་ཀྱི་གནས་སུ་དྲི་ཞིམ་པོས་དཀྱིལ་འཁོར་བྱས་ལ་དཔལ་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པའི་སྙིང་པོ་ལག་པ་བདུག་པ་ལ་ལན་བདུན་བདུན་བཟླས་པར་བྱའོ།། དེ ་ནས་དཀྱིལ་འཁོར་དེ་རྣམས་སུ་རོང་གི་སྙིང་པོ་ཉིད་ཀྱིས་རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པ་བཀོད་པར་བྱའོ།། དེ་ནས་དེ་རྣམས་ལ་མཆོད་པ་རྣམ་པ་ལྔས་མཆོད་དེ། དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ནས་ཇི་སྐད་དུ་བཤད་པའི་མཚོན་ཉིད ་ཅན་གྱི་རྣམ་པར་རྒྱལ་བ་བུམ་པ་རིན་པོ་ཆེ་དང་། སྨན་དང་འབྲུ་ཐམས་ཅད་དང་ལྡན་པ། རས་སྔོན་པོ་ཟུང་ཅིག་གིས་མགུལ་པ་བཅིངས་ལ། མེ་ཏོག་ཕྲེང་བ་བཏགས་ལ་ཕྱི་རོལ་ཀུན་ཏུ་དྲིས་བྱུགས་པ། མེ་ཏོག་གི ་སིལ་མ་གཏོར་བ། དྲི་ཞིམ་པོ་དང་ལྡན་པའི་ལྕུག་མ་བཏགས་པ་ལོ་མ་བཟང་པོས་ཁ་བརྒྱན་པ་རྡོ་རྗེ་མེ་ལྟར་འབར་བས་ཀྱང་སྤོས་ཆུ་ཅུང་ཟད་བཅུག་ལ། ཆོ་ག་འདིས་ལྷག་པར་གནས་པར་བྱའོ།། རྡོ་རྗེ་གནོད་སྦྱིན་གྱིས་ཁྲོ་བོའི་མཆོད ་ཡོན་ལ་ལན་བརྒྱ་བཟླས་ལ་བུམ་པ་དེར་རྡོ་རྗེ་གུནོད་སྦྱིན་གྱི་ཁྲོ་བོ་ཧཱུཾ་ལསྐུ་བསྐྱེད་དེ། རང་གི་ཕྱག་རྒྱ་བཞིས་རྒྱུས་བཏབ་ལ་དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ཏེ། མཆོད་ཡོན་ཕུལ་ལ་མཆོད་པ་རྣམ་ལྷ་དང་། ཁྲོ་བོ་རྡོ་རྗེ་མཚོན ་ཆ་མ་ལ་སོགས་པོས་ཡང་དག་པར་མཆོད་ནས་རྡོ་རྗེ་ཕ་ནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་བཟུང་བའི་ཁྲོ་བོ་རྡོ་རྗེ་དང་། མེ་ཏོག་གི་ལྕུག་མ་ལསྣ་རྡོ་རྗེ་གནོད་སྦྱིན་ཁྲོ་བོ་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ།། དེ་ནས་མེ་ཏོག་རྣམས་བུམ་པ ་དེརརཱ་བཅུག་ལྔ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཉིད་ཀྱིས་བདུག་སྤོས་དབུལ་བར་བྱའོ།། དེ་ལྟར་ན་རྡོ་རྗེ་མེ་ལྟར་འབར་བའི་བུམ་པ་དེ་ལ་ཡང་རྡོ་རྗེ་གནོད་སྦྱིན་གྱི་ཆོ་ག་བཟླས་པར་བྱའོ།། དེ་ནས་ཉི་མ་གཉིས་པོ་ལྔ་ཐུན་གསུམ་དུ་བཟླས་བརྗོད་དེ ་བཞིན་དུ་བྱའོ།། བུམ་པ་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོ་དང་རྡོ་རྗེ་མེ་ལྟར་འབར་བ་དང་། མཱ་མ་ཀཱིས་ཉིན་རེ་ཞིང་མར་ལ་སོགས་པའི་སྐྱོན་སྲེག་བརྒྱ་རྩ་བརྒྱད་དེ་འདི་ནི་བསྙེན་པའི་སྦྱིན་སྲེག་གི་ཚེ ་གའོ།། །། དེ་ལྟར་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་བསྟོད་ལ་ཁྲོ་བོའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་དང་། མེ་ཏོག་ལ་སོགས་པས་ཡང་དག ་པར་མཆོད་དེ་སློབ་མ་རྣམས་ལྷག་པར་གནས་པར་བྱའོ།། དེ་ལ་རེ་ཞིག་དང་པོར་སློབ་མ་ལག་ན་མེ་ཏོག་ཐོགས་པས་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། དགའ་ཆེན་ཁྱོད་དགའ་སྟོན་པ་བས།། སློབ་དཔོན་ཁྱེད་ནི་དགོངས་སུ་གསོལ། ་བྱང་ཆུབ་སེམས་དཔའ་ཚུལ་བརྟན་པ།། མགོན་པོ་བདག་ནི་ཕྱག་འཚལོ།། དམ་ཚིག་དེ་ཉིད་སྦྲུལ་དུ་གསོལ།། སྡོམ་པ་རྣམས་ཀྱང་བདག་ལ་གསོལ།། དེ་ནས་སློབ་དཔོན་གྱིས་དེ་རྣམས་ཀྱི་སྙིང་གར་ས་མ་ཡ་ཨ་ཞེས་བྱ་བས་ཟླ་བའི་དཀྱིལ ་འཁོར་བསྐྱེད་ལ། དེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བ་བསམ་སྩོ་ལ་དེའི་སྙིང་གར་བཞག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། སུ་ར་ཏ་སྟྭ~ཾ་ས་མཱ་ཡཱ་སྟྭཾ་ཧཾ་བཛྲ་སིདྡྷ་ཡ་ཐ་སུ་ཁཾ། དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱེད་དུ་བཅུག་སྟེ་རྟོག་པ་རྣམས་ནི ་ལེགས་པར་བསྡུས་ན་ནི་ཤིན་ཏུ་བསམ་པ་བཟང་པོ་ལྡན་པར་ཉོན།། བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་ཡི།། བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ།། དབང་མོད་བདག་གིས་མཱི་དགེ་བགྱིས་པ་དང་།། རྗེས་སུ་ཡི་རང་ཡང་ནི་བགྱིད་སྩལ ་གང་།། དེ་དག་ཐམས་ཅད་བྱང་ཆུབ་མཆོག་གི་ནི།། སྤྱན་སྔར་མ་ལུས་དེ་ལྟར་སོ་སོར་བཤགས།། བདེ་གཤེགས་སྲས་ཀྱི་ཚོགས་གཉིས་ཟབ་པ་དང་།། རྒྱ་ཆེར་འགྲོ་བ་མ་ལུས་པ་ཡི་དོན།། གྲུབ་པར་བྱེད་དང་དེ་ལས་གཞན་ལའང་།། རྟག་ཏུ ་བདག་ནི་རྗེས་སུ་ཡི་རང་ངོ་།། ཐུགས་རྗེས་ཁྱབ་པའི་ཐུགས་དང་ལྡན་གྱུར་ཅིང་།། བློ་གློས་སྡིག་བྲལ་གཏི་མུག་ཚོགས་ཀུན་བཅོམ།། མ་ལུས་རིགས་ཀྱི་པདྨའི་ནང་ཞུགས་པ།། བདེ་བར་གཤེགས་པ་རྣམས་ལ་སྐྱབསུ་མཆི།། བློ ་མཆོག་རྣམས་ཀྱི་ཀུན་དགའ་ར་བ་སྟེ།། དམན་པའི་འཇིགས་དང་བྲལ་བས་རྒྱལ་བྱེད་ཚལ།། སྲིད་པའི་སྦྱོར་བ་ཟིལ་གྱིས་གནོན་པའི་མཆོག། གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི།། འདོད་ཆགས་ལ་སོགས་སྦྲུལ་གྱི་དུག་བཅོམ ་ཞིང་།། བློ་གྲོས་རྣམ་རྒྱས་ཐུགས་རྗེ་ཆེར་ལྡན་པའི།། བརྟུལ་ཤུགས་བཟང་པོའི་ཚོགས་ལ་སྐྱབས་སུ་མཆི།། སྲེད་དང་བྲལ་བ་རྣམས་ལ་བདག་ཕྱག་འཚལ།། རྒྱུ་ཡི་རྗེས་ལ་བདག་པོའི་ཡུལ་བདག་ཉིད།། འབྲས་བུའི་སྟོབས་ཀྱིས་དགྲ་ལས ་རྒྱལ་འགྱུར་བ།། སྙིང་རྗེ་རྩ་བཟུག་ཅིང་ཡང་དག་རྟོགས།། མཉམ་མེད་བྱང་ཆུབ་རྣམ་པར་གཟུང་བར་བགྱི། སེམས་ཅན་རྣམས་ནི་ཡོངས་སུ་སྨིན་པ་འམ་ཡང་ནི་ཡོངསུ་སྐྱོབ་པར་བྱ་ཕྱིར་རཱམ།། རང་གི་སེམས་ནི་དག་པར་བྱ་བའི་ཕྱིར།། འདི ་ངག་ཐམས་ཅད་རྩ་སོགས་བཞིན་དུ་བཏང་།། དེ་བཞིན་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་དང་།། བསམ་གཏན་ཤེས་རབ་བླ་ན་མེད་པ་ནི།། བདག་དང་གཞན་རྣམས་དག་པར་བྱ་བའི་ཕྱིར།། སྐད་ཅིག་རེ་རེ་ཞིང་ཡང་བསྒོམ་པར་བྱའོ།། ་བདེ་བར་གཤེགས་པ་སྔགས་ལ་མཁས་པ་ཡིས།། ཆོས་ནི་རྟག་ཏུ་ལྷུན་གྱིས་གྲུབ་པ་ནི།། འགྲོ་བ་རྣམས་ཀྱིས་ཐོབ་པར་བྱ་བའི་ཕྱིར།། ཁྱད་འཕགས་གནས་ལ་བདག་ནི་གནས་པར་བགྱི་ཞེས་ལན་གསུམ་བརྗོད་དོ།། བདག་གིས་དེ་སྐད་ཅེས ་བརྗོད་པའི་དགེ་བའི་རྩ་བ་འདིས་བདག་གི་བ་ཐམས་ཅད་ཡོངས་སུ་གཏང་བར་བགྱིའོ།། བདག་གིས་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བགྱིའོ།། བདག་གིས་སེམས་ཅན་ཐམས་ཅད་ཐེག་པ་ཐམས་ཅད་དང་། ཐབས ་ཀྱི་བྱེ་བྲག་ཐམས་ཅད་ཀྱི་བརྟུལ་ནས་མི་གནས་མྱ་ངན་ལས་འོདས་པའི་དབྱིངས་ལ་རབ་ཏུ་བཞག་པར་བྱའོ།། བདག་གིས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཀྱང་སེམས་ཅན་འགའ་ཡང་ཡོངས་སུ་མྱ ་ངན་ལས་འདས་པ་མེད་དོ་ཅེས་སེམས་བསྐྱེད་པར་བགྱིའོ།། བདག་གི་ཆོས་ཐམས་ཅད་སྐྱོ་བ་མེད་པ་ཉིད་དུ་རྗེ་སུ་རྟོགས་པར་བགྱིའོ།། བདུག་གིས་མ་ཡེངས་པའི་སེམས་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སེམས་ཀྱི་ཕ་རོལ ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱའོ།། བདག་གིས་ཐེག་པ་གཅིག་གི་ཚུལ་དུ་གནས་པར་ཡང་རྟོགས་པར་བགྱིའོ།། བདག་གིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་གནས་པར་སོ་སོར་རྟོགས་པར་བྱ་བའི་ཕྱིར་བསླབ་པར ་བྱའོ།། བདག་གིས་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། སོ་སོར་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སོ་སོར་རྟོགས་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བགྱིའོ།། དེ་བཞིན་དུ་བདག་གིས་སངས ་རྒྱས་ཀྱི་ཆོས་ཚད་མེད་པ་མ་ལུས་པའི་བར་ལ་མངོན་པར་གནས་པར་བྱ་བའི་ཕྱིར་མངོན་པར་བསྒྲུབ་པར་བགྱིའོ།། འདི་ཉིད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བཞིན་གཤེག ་པ་ཐམས་ཅད་ཀྱི་ཡབ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་སྟེ། འདི་ཉིད་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའོ།། དེ་དགེ་བའི་རྩ་བ་རྣམས ་ཀྱི་ཇི་ལྟ་བ་ཡང་དག་པར་རྫོགས་པར་བྱ་བའི་སྟོབས་ཀྱིས་བདག་སེམསུ་བསྐྱེད་པ་འདི་ལ་གནས་པས་ཀུན་ཏུ་བཟང་པོའི་སྤྱོད་པ་ཞེས་བྱ་བ་སྒྲོ་མཐའ་ཡས་པ་ལ་གནས་པ་མཐའ་མེད་པར་འགྱུར་བ་རྫོགས་པར་བྱས་ནས་གདུལ་བྱའི ་འགྲོ་བའི་ཚོགས་མ་ལུས་པ་རྣམས་ལ་སྤྱོད་པའི་རབ་ཏུ་དབྱེ་བའི་སྒྲོ་མང་པོ་བསྟན་པས་ཡང་དག་པར་དགུག་པར་བྱ་བ་དང་། ཡང་དག་པར་གཟེངས་བསྟོད་པ་ལ་ངེས་པར་སྦྱར་བར་བགྱིའོ།། དེ་ནས་སློབ་མའི་ལག་ཏུ་རྡོ་རྗེ་ཁྲོ་བོ་དྲིས་དྲྀ་མེ ་ཏོག་གིས་མེ་ཏོག། རྡོ་རྗེ་བདུག་པས་དེ་ལ་བདུག་སྤོས་སྦྱིན་ཞིང་། རྡོ་རྗེ་མར་མེས་མར་མེ་སྣང་བར་བྱའོ།། དེ་ནས་ཨུ་དུ་ཝཱ་ར་དང་ཨ་ཤྭཏྠ་ལས་བྱས་པའི་སོ་ཤིང་དྲིས་བྱུག་ཤིང་མེ་ཏོག་བཅིངས་པས་རྡོ་རྗེ་བཞང་པོའི་ཁྲོ་བོ་བཟླས་ཤིང ་བསྡུ་བར་བྱས་པ་སྦྱིན་པར་བྱའོ།། ཀུ་ཤ་ས་རརཱ་པ་ལ་རྡོ་རྗེ་རྣོན་པོའི་ཁྲོ་བོ་བཟླས་པ་སྦྱིན་ནོ།། དེ་ནས་བསྐྱོང་སྐུད་མདུད་པ་གསུམ་དང་ལྡན་པ་དཔུང་པ་གཡོན་པར་རང་ཉིད་ཀྱི་བཅིང་བར་བྱའོ།། ཨཱ~ཾ་བཛྲ་ཧཱ་ས་ཀྲོ་དྷ་ཧཱ་ཧཱ་ཧཱ་ཧཱ་ཧཱུ~ཾ་ཕཊ་ཅེས་བྱ་བ་ནཱི ་སོ་ཤིང་ལ་བཟླ་བའི་སྔགས་སོ།། ཨོཾ་བཛྲ་ཏིཥྛ་ཀྲོ་དྷ་ཙྪནྡ་ཙྪིནྡ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཀུ་ཤ་ལ་བཟླ་བའི་སྔགས་སོ།། ཨོཾ་རཀྵ་ཀྲོ་དྷ་རཀྵ་ཧཱུཾ་ཕཊ་ཅེས་བྱ་བ་ནི་བསྲུང་སྐུད་ལ་བཟླ་བའི་སྔགསོ་སོ།། ཨོཾ་པྲདྡྷ་མཻ་ཏྲི་བཛྲ་རཀྵ་བྷྱོ་ཞེས་བྱ་བ་བྱམས་པའི ་གོ་ཆོས་ཐམས་ཅད་ཡང་དགུ་པར་བསྲུང་བར་བྱའོ།། ཨོཾ་བཛྲ་སཏྭཱ་ཤི་ཤེ་ཧཱུ~ཾ་ཕཊ་ཅེས་བྱ་བ་རྡོ་རྗེ་སེམས་དཔའི་གཙུག་ཏོར་གྱི་ཕྱག་རྒྱ་དང་ལྡན་པས་ཀྱང་བསླང་བར་བྱའོ།། དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། བཞིན་བཟང་ལོངས་ལ་དེ་བཞིན་གཤེགས ་པ་ཐམས་ཅད་ལ་ཕྱག་འཚལ་ཅིག། ནད་པར་ཐར་པ་ཆེན་པོ་གྲོང་ཁྱེར་ཆེན་པོ་མཐོང་བར་འགྱུར་རོ།། སློབ་མ་ལྷག་པར་གནས་པའི་ཆོ་གའོ།། ཡང་མཆོད་པ་བྱས་ལ་བདུག་སྤོས་འདུལ་ཏོ་བཅོམ་ལྡན་འདས་ལྷག་པར་གནས་པར་བྱའོ།། ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བ་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལོ།། བདག་ལ་བརྩེ་བར་གྱུར་ནས་སུ།། སློབ་མ་རྣམས་ལ་བརྩེ་བ་དང་།། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར།། དཀྱིལ་འཁོར་བྲི་བར་འཚལ་ལགས་ན།། བཅོམ་ལྡན ་བདག་ནི་གུས་པ་ལ།། དེ་བས་གནང་བ་མཛད་པར་རོགས།། སངས་རྒྱས་མགོན་པོ་བརྩེར་ལྡན་དང་།། བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་།། གསང་སྔགས་ལྷ་གཞན་གང་ལགས་དང་།། འཇིག་རྟེན་སྟོང་བའི་ལྷ་རྣམས་དང་།། གང་ཡང ་འབྱུང་པོ་མཐུ་ཆེན་དང་།། གང་སུ་ལྷ་ཡི་སྤྱན་མངའ་བའི།། སེམས་ཅན་བསྟན་ལ་དགའ་བ་རྣམས།། བདག་ལ་དགོངས་པ་མཛད་དུ་གསོལ།། བདག་མིང་འདི་ཞེས་བགྱི་བ་ཡི།། སང་ནི་དཀྱིལ་འཁོར་བཟང་པོ་མིང་།། འདི་ཞེས་བགྱི་བ་ཅི་ནུས་ཀྱིས།། ་ཆོ་ག་བཞིན་དུ་འབྲི་ལགས་ན།། བདག་དང་སློབ་མར་བཅས་པ་ལ།། ཐུགས་ནི་བརྩེ་བར་དགོངས་ནས་སུ།། ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ།། བྱིན་གྱིས་བརླབ་པ་མཛད་དུ་གསོལ།། ཞེས་ལན་གསུམ་བརྗོད་ནས།། སྙིང་ནས་བཏང་བར་བྱའོ།། ་བསྟོད་པའི་ཆོ་ག་ཉིད་ཀྱང་བྱ།། དེ་ནས་ཆོ་ག་འདྲི་བྱའོ།། འདོད་ཆགས་བྲལ་བ་དང་ལྡན་པའི།། ཆོས་ནི་སློབ་མ་ལ་བཤད་པ།། བྱས་ནས་དང་པོ་བློ་ལྡན་གྱིས།། ཀུ་ཤའི་སྟན་ལ་ཉལ་དུ་གཞུག། རྨི་ལམ་སངས་རྒྱས་མཐོང་བ་ནི།། ཡོན་ཏན ་རྒྱ་མཚོ་མངོན་སུམ་བཞིན།། མཆོད་པ་དང་ནི་སྐུ་གཟུགས་མཐོང་།། དེ་ལ་མཆོད་པ་རྩོམ་པ་དང་། དགེ་སློང་དག་ལ་ཆོས་ཉན་དང་།། ཡང་ན་གཞན་ལ་ཉན་ཀྱང་རུང་།། ཆོས་ནི་རྣམ་པར་སྤྱོད་པ་དང་།། དེ་བཞིན་གླེགས་བམ་བཀླག་པ་དང་།། མི ་ལམ་དགེ་འདུན་མཐོང་བ་དང་།། ཡང་ན་དགེ་སློང་གཅིག་མཐོང་དང་།། དེ་དང་འགྲོགས་ཤིང་གཏམ་ཟེར་དང་།། ཡང་ན་དགེ་སློང་དངོས་པོར་འགྱུར།། གཙུག་ལག་ཁང་དག་མཐོང་བ་དང་།། དེ་བཞིན་དགེ་སློང་རྣམ་དག་མཐོང་།། རྒྱལ་བའི་སྲས ་རྣམས་མཐོང་བ་དང་།། དེ་བཞིན་ཕ་མ་བླ་མ་དང་།། མཛའ་བོ་རྣམ་པ་སྣ་ཚོགས་རྣམས།། རྨི་ལམ་དུ་ནི་མཐོང་བ་ཡིས།། རིག་སྔགས་དང་ནི་དངོས་གྲུབ་ཐོབ།། དེ་བཞིན་བསླབ་པ་འཛིན་པ་དང་།། ཀུན་དགའ་རྣམ་པ་སྣ་ཚོགས་དང་།། འབབ་ཆུ ་རྣམས་དང་རྒྱ་མཚོ་དང་།། རཱི་དང་གླང་པོ་ཆེ་དག་དང་།། མཐོང་ན་ཡང་ནི་དགེ་བར་གྲགས།། རྒྱ་ལྔ་པོ་དག་ནི་མཐོང་ན་ཤྲིས།། བདེ་གཤེགས་སྤྱོད་པ་མཐུན་པ་ཡིས།། དཀའ་ཐུབ་ཅན་དང་བྲམ་ཟེ་དང་།། ཕྱུག་པོ་སྐྱེས་བུ་དམ་པ་དང་།། བ་དང་རྟ་དང ་ང་པ་དང་།། སེང་གེ་དང་ནི་རི་དགས་རྣམས།། རྨི་ལམ་དུ་ནི་མཐོང་ན་ཤིས།། བཀྲ་ཤིས་པ་ཡིས་བྱ་རྣམས་དང་།། རིན་པོ་ཆེ་དང་དངུལ་དག་དང་།། ནོར་ནི་རྣམ་པ་སྣ་ཚོགས་དང་།། མདོར་ན་འབྱུང་འདུན་རྣམ་པ་དང་།། མཚོན་ཆ་རྣམས་དང ་འབྲུ་རྣམས་དང་།། འབྲས་བུ་རྣམས་དང་མེ་ཏོག་དང་།། རྒྱན་ནི་རྣམ་པ་སྣ་ཚོགས་དང་།། ཁ་ཟས་དང་ནི་གོས་རྣམས་དང་།། བྱིས་པ་དགྲ་ནི་གཞོན་ནུ་དང་།། བུད་མེད་གཟུགས་ནི་བཟང་མོ་དག། རྨི་ལམ་དུ་ནི་མཐོང་ན་བཟང་།། ཡང་ན་ཐོབ་ཅིང་རེག ་མ་དང་།། རྨི་ལམ་དུ་ནི་དབང་བསྐུར་དང་།། རྒྱལ་པོར་གྱུར་ཅིང་འབྱོར་པ་དང་།། དམག་དཔོན་དུ་ནི་གྱུར་པ་དང་།། གཡུལ་ལས་རྒྱལ་ཞིང་དགྲ་གསོད་དང་།། གཉེན་དང་ལྷན་ཅིག་འགྲོགས་པ་དང་།། ལྷ་རྣམས་ཀྱང་ནི་མཐོང་བ་དང་།། ཐེག་པ ་དག་ནི་ཤིང་རྟ་ཞོན།། དེ་བཞིན་རི་དང་ཡང་ཐོག་འཛེག། ངོ་མཚར་རྣམ་པ་སྣ་ཚོགས་དག། རྨི་ལམ་དུ་ནི་མཐོང་ན་དགེ། ཡམ་ཤིང་མེ་ལ་སྦྱིན་སྲེག་བྱེད།། བྱ་བ་བཟང་པོ་དག་ལ་འཇུག། ཆུ་ལ་བརྒལ་ཞིང་རི་ལས་བརྒལ།། རྐུན་པོ་དག་ནི་ཚར ་གཅོད་དང་།། སྟོབས་འགྱེད་པ་ལས་རྒྱལ་བ་དང་།། གྱད་སྟབས་རྡོབ་ཅིང་འགྱིང་བ་དང་།། རྩེད་མོ་སྣ་ཚོགས་རྨི་བ་དང་།། དེ་བཞིན་རྩལ་དང་སྦྱངས་བྱེད་དང་།། བཀྲ་ཤིས་དག་ནི་ཐམས་ཅད་ཀྱང་།། མཐོང་ན་རབ་ཏུ་དགེ་བར་བཤད།། གསང ་སྔགས་ཆེ་གཉན་པ་དང་།། དགའ་སྟོན་དགེ་བ་མཐོང་བ་དང་།། སྒྲུབ་པ་བཟང་པོ་རྩོམ་པ་དང་།། དེ་ལ་སོགས་པའི་ལྷ་རྣམས་ནི།། དགེ་བ་རྣམ་པ་དུ་མ་དག། བློ་ཡིས་རྣམ་པར་རྣམ་དཔྱང་ཞིང་།། དེ་ལས་བཟློག་པ་སྤང་བར་བྱ།། དགེ་བ་རྣམས་ནི ་སྒྲིབ་པར་འགྱུར།། མི་དགེ་བ་དག་ཤེས་ནས་སུ།། དེ་དག་མཁས་པས་སྤང་བར་བྱ།། དགེ་པ་ཡི་ནི་ལྟས་རྣམས་ནི།། རབ་དང་འབྲིང་དང་ཐ་མ་ལས།། གསང་སྔགས་དངོས་གྲུབ་རྣམ་གསུམ་པོ།། རབ་དང་འབྲིང་དང་ཐ་མོ་འགྲུབ།། མི་དགེ་བ ་ལ་ཞི་བ་ཡི།། སྦྱིན་སྲེག་ཞི་བའི་གསང་སྔགས་ཀྱིས།། བའི་མར་ལ་བརྒྱ་རྩ་བརྒྱད་བཟླས།། ཆོ་ག་ཇི་བཞིན་བྲི་བར་བྱ།། དེ་ནས་སློབ་མ་སྡིག་བྲལ་ཞིང་།། རྣམ་པར་དག་པ་དེ་དག་ལ།། རྗེ་སུ་བརྩེ་བར་བྱ་བའི་ཕྱིར།། ཅི་འདོད་པར་ནི། ་གཟུད་པར་བྱ།། དེ་ནས་མལ་ནས་ལངས་ལ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་དེ་བཞིན་དུ་བར་སྣང་གི་ཕྱོགསུ་བནག་ལ་ཚོན་སྣ་ལྔའི་སྲད་བུ་ལ་སྲད་བུའི་སྔགོས་དང་། ཧཱུཾ་ལན་བརྒྱ ་རྩ་བརྒྱད་བཟླ་བར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ས་གཞི་དྲིས་བྱུགས་ལ། མེ་ཏོག་གི་སིལ་མས་གཏོར་ནས་པར་སྣང་ལ་བཞུགས་པའི་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་པ་རྣམ་པ་ལྔ་དང་། གླུ་དང་རོལ་མོ་ལ་སོགས་པས ་ཡང་དུག་པར་མཆོད་ནས། མིག་གཡོན་དང་གཡས་སུ་ཛ་ལས་ཉི་མ་དང་ཟླ་བ་སེར་པོར་སྣང་བ་བསྐྱེད་ལ། རང་གི་ལིག་ན་གནས་པའི་རྡོ་རྗེ་འབར་བ་ལ་གནས་པའི་ཡི་གེ་ཧཱུཾ་ལས་གྲོགས་པོ་རྡོ་རྗེ་ལས་ཀྱི་ཁྲོ་བོར་ཕྱུང་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར ་གྱིས་ཆེན་སྣ་ལྔའི་སྲད་བུ་བླངས་ནས་སྔགས་ཀྱིས་སྦྱངས་པའི་ཐིག་ཆལ་དཀར་པོ་ལ་སྤངས་པ་ཛཾ་ཡིས་སྲང་བུ་དེ་རང་གི་ལག་ནས་གྲོགས་པོའི་ལག་ཏུ་བཏང་ལ་གྲོགས་པས་ཀྱང་ཛཿཛཿཛཿཞེས་ཡི་ག་ཛ་ལན་གསུམ་བཟླ་བར་བྱའོ།། ་དེ་ནས་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་འདུག་ཅིང་ཤར་ཕྱོགསུ་བལྟས་ལ་ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མ་ཏི་ཀྲ་མ་ཧཱུཾ་ཞེས་ཟློས་ཤིང་ཐིག་གདབ་པར་བྱའོ།། ཡང་སློབ་དཔོན་ལྷོ་ཕྱོགས་སུ་འདུག་སྟེ། བྱང་ཕྱོགས་སུ་བལྟས་ལ་ཚངས་པའི་ཐིག ་གཉིས་པ་གདབ་པར་བྱའོ།། དེ་ནས་མེའི་ཕྱོགས་སུ་བལྟས་ལ་ཕྱིའི་དཀྱིལ་འཁོར་གྱི་ཤར་ངོས་ཀྱི་ཐིག་གདབ་བོ།། རླུང་གི་ཕྱོགས་ནས་ལྷོ་ཕྱོགས་སུ་བལྟས་ལ་ནུབ་ངོས་སུ་ཐིག་གདབ་བོ།། དེ་ནས་དེ་ཉིད་དུ་འདུག་ལ་ཤར་ཕྱོགས་སུ ་བལྟས་ཏེ་བྱང་ཕྱོགས་སུ་ཐིག་གདབ་བོ།། དེ་ནས་ཡང་མེའི་ཕྱོགསུ་འདུག་ལ་ནུབ་ཏུ་བལྟས་ཏེ་ལྷོ་ཕྱོགསུ་ཟིན་གྲདབ་བོ།། དེ་བཞིན་དུ་ཁ་ཁྱོར་དང་ལྷའི་སྡུམ་བུའི་ཐིག་གདབ་པར་བྱ་ཞིང་། སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག ་གཉིས་ཀ་གཡོས་ནས་བསྐོར་བའི་ཚུལ་གྱིས་འགྲོ་བར་བྱའོ།། ཡང་མོའི་མཚམས་སུ་འདུག་ལ་རླུང་གི་བར་གྱི་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱའོ།། བདེན་བྲལ་མཚམས་སུ་འདུག་ལ་དབང་ལྡན་གྱི་མཚམས་ཀྱི་བར་དུ་ཐིག ་གདབ་པར་བྱའོ།། དེ་ནས་སྒོ་དང་སྒོ་ཁྱུད་དང་རྟ་བབས་ཀྱི་ཐིག་གདབ་པར་བྱས་ཏེ་ཕྱིའི་དཀྱིལ་འཁོར་གྱི་ཐིག་གདབ་པའི་ཆོ་གའོ།། དེ་ལྟར་ཕྱིའི་དཀྱིལ་འཁོར་ལེགས་པར་ཐིག་བཏབ་ནས་དེའི་དབུས་སུ་དཀྱིལ་འཁོར་གྱི་ལྟེ་བར་སེང ་ལྡེང་ལ་སོགས་པའི་རྡོ་རྗེ་ཕུར་བུ་ལ་སྔར་བཤད་པའི་ཕུར་བུའི་སྔགས་བིརྒྱ་རྩ་བརྒྱད་བཟླས་ལ་ཧཱུཾ་ཟློས་ཤིང་རྡོ་རྗེས་བརྡུང་བར་བྱའོ།། ཕུར་བུ་དེས་ཚོན་སྣ་ལྔའི་སྲང་བུ་བཏབ་ཏེ་བཏགས་ལ་དེས་དབང་ལྡན་གྱི་ཕྱོགས་ནས་བརྩམས ་ཏེ་གཡས་ནས་བསྐོར་ཞིང་ཆ་ཉི་ཤུའི་ཚད་ཀྱིས་ཐིག་བཏབ་ལ་ཐམས་ཅད་ཀྱི་ནང་དུ་རྡོ་རྗེ་འབར་བའི་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱ། དེ་ཉིས་འགྱུར་གྱིས་དངོས་པོ་འབར་བའི་འཁོར་ལོས་ཡོངས་སུ་བསྐོར་བར་ནང་དུ་ཐིག ་གདབ་བོ།། དེའི་ཉིས་འགྱུར་གྱིས་ནི་གཉིས་པའོ།། དེའི་བཞི་འགྱུར་གྱིས་ནི་གསུམ་པའོ།། དེའི་ལྔ་འགྱུར་གྱིས་ནི་བཞི་པའོ།། དེའི་བདུན་འགྱུར་གྱིས་ནི་དྲུག་པའོ།། དེའི་བརྒྱད་འགྱུར་གྱིས་ནི་བདུན་པའོ།། ཐིག་གིས་བ.རརླ་དུ ་མཆོད་པར་ཐིག་གདབ་པར་བྱའོ།། དེ་ནས་རྡོ་རྗེའི་ཐིག་དང་དཀྱིལ་འཁོར་གྱི་ཀ་བ་བརྒྱད་ཐིག་གིས་ལེགས་པར་ཐིག་བཏབ་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་གི་མཚམས་ལས་མེའི་ཕྱོགས་ནས་བརྩམས་ཏེ། མིང་པོ་གསུམ་དང་སྲིང་མ ་བཞི་དང་། གླུ་དང་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། དེ་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་ཧཱུཾ་བཞི་ཟློས་ཤིང་དཀྱིལ་འཁོར་གྱི་ལྟེ་བར་གནས་པའི་ཕུར་བུ་བཏོན་ལ་རང་གི་རྡོ་རྗེ ་འབར་བར་ཡིད་ཀྱིས་གཞུག་པར་བྱའོ།། དེ་ནས་ཕུར་བུ་ཁུང་བུ་ཕྱེ་མ་ལྔས་བཀང་ལ་མཉམ་པར་བྱའོ།། དེ་ནས་ཧི་ཞེས་བྱ་བ་མིག་གཡོན་དང་གཡས་སུ་ཉི་མ་དང་ཟླ་བ་བསྐྱེད་དེ་ཁྲོ་བོའི་ལྟ་བས་ཀུན་ཏུ་བལྟས་ཤིང་སྒོ་རྣམས་དབྱིའོ།། ད་ནི ་ལུང་ལས་བཤད་པའི་ཐིག་གིས་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ནས་སྲད་བུ་ཉིས་འགྱུར་དུ་བྱས་པས་ཐིག་ནི་གདབ་པར་བྱའོ།། ན་མཁའ་ཀུན་དང་ཆ་མཉམ་པས།། ཚད་ནི་ཚད་མེད་པ་ཉིད་ཡིན།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས ་ནི་རྣམ་པར་བརྒྱན།། ཁ་ཁྱེར་གྱིས་ནི་ཡོངས་བསྐོར་ཅིང་།། མཚམས་སུ་ལྷ་མོས་རྣམ་པར་བྱས།། དཀྱིལ་འཁོར་གྱིས་ནི་གྲཝ་རྣམས་དང་།། སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ།། ཟླ་བ་ཕྱེད་པ་ལ་གནས་པའི།། རྡོ་རྗེ་རིན་ཆེན་གྱིས་མཛེས ་བྱས།། མི་མཉམ་མེད་པས་ཟུར་བཞི་སྟེ།། དྲན་དང་དབང་པོ་སྒོ་བཞི་ཡིན།། བསམ་གཏན་གྱིས་ནི་རྟ་བབས་ཏེ།། ཏིང་ངེ་འཛིན་རྣམས་ཁྱམ་སུ་བཤད།། ཁྱམས་དེར་གནས་པ་རྡོ་རྗེ་བདག། གཟུངས་རྣམས་ལྷ་མོས་མཆོད་པ་ཡིན།། བསམ ་པ་ཐམས་ཅད་རྫོགས་མཛད་པས།། རྒྱན་རྣམས་ཀུན་གྱིས་རྣམ་པར་མཛེས།། དམ་ཆོས་མཆོག་གི་ཡན་ལག་ཀུན།། གདུལ་བྱ་བསྐྱོད་པ་སྣ་ཚོགས་མཆོག། རླུང་གིས་བསྐྱོད་པ་སྣ་ཚོགས་མཆོག། བ་དན་དྲིལ་བུ་སྒྲ་སྒྲོགས་ཡིན།། མེ ་ལོང་ཡེ་ཤེསྱ་རྟག་མེ་ཏོག། བྱང་ཆུབ་ཡན་ལག་མེ་ཏོག་ཕྲེང་།། མེ་ཏོག་ཕྲེང་བའི་རྒྱན་གྱིས་བསྐོར།། ཀུན་ཏུ་མི་ཟད་བདེ་བ་ནི།། བདེ་བོ་ཆེན་པོ་ཞེས་བཤད་དོ།། དེ་ལྟར་དཀྱིལ་འཁོར་ཐིག་བཏབ་ནས།། རིན་ཆེན་སྣ་ཚོགས་ཕྱེ་མ་འམ། ་ཁམས་སྣ་ཚོགས་ཀྱི་ཕྱེ་མ་འམ།། ནས་དང་འབྲས་ཀྱི་ཕྱེ་མ་འམ།། དེ་བཞིན་ཉུངས་ཀར་ཕྱེ་མ་ནི།། རྒྱ་སྐྱེགས་ཡུངས་དང་སྔོ་དང་འདྲ།། ཚོན་སྣ་བཞི་ཡིས་བཙོས་གྱུར་ཅིང་།། དྲི་ཞིམྱ་ཕྱེ་མ་དང་བསྲེས་ལ།། སྲང་བུ་དེ་རྣམས་དགང་བར་བྱ།། ་རིན་ཆེན་ཕྱེ་མས་རྒྱལ་སྐྱིད་ཐོབ།། ཁམས་ཀྱི་ཕྱེ་མ་གསེར་མང་རྙེད།། འབྲུ་ཡི་ཕྱེ་མས་འོབྲུ་མང་བསྐྱོད།། ཉུངས་ཀར་གྱིས་ནི་དོན་དེས་འགྲུབ།། དེ་ལ་ཕྱི་ཡིས་དཀྱིལ་འཁོར་ནི།། ཚེ་ནོ་སྣ་དམར་པོ་དང་ལྗང་གུ་དང་། སྔོན་པོ་དང་། སཱུརྱ ་པོ་དང་། དཀར་པོས་རི་མོ་ལྔ་བྱའོ།། རི་མོ་བདུན་ལ་ནི་ཁ་དོག་སེར་པོའི་རི་མོ་གཅིག་གིས་འབར་བའི་འཁོར་ལོ་བྱས་ཏེ། འབར་བའི་འཁོར་ལོ་ཇི་སྐད་བཤད།། ལྕགས་ཀྱི་འཁོར་ལོ་དམ་པ་ཡིན་ཞེས་གསུངས་པ་ཡིན་ནོ།། ལྷག་མ་ནི་གོ ་བར་ཟད་དོ།། མངོན་པར་སྦྱང་བ་ནི་སྔར་བཤད་པའི་ས་གཟུང་ངོ་།། ཚོན་རྩི་དང་པོ་དགྱེ་བ་དང་། དང་པོའི་རྡོ་རྗེ་དང་། ཧཱུཾ་གིས་བརྩམ་པར་བྱས་ཏེ། ཕྱིས་ཅི་བདེར་བྱའོ།། དེ་ནས་ཧི་ཟློས་ཤིང་འཁོར་ལོ་འབར་བའི་ལྟེ་བའི་ཕྱོགས ་སུ་སྣ་ཚོགས་པདྨའི་གདན་ལ་རྡོ་རྗེ་མེ་ལྟར་འབར་བའི་སྐུ་གཟུགས་ལུགས་མ་འམ། བརྐོས་པ་འམ། བྲིས་པ་བཞུགས་སུ་གསོལ་པ་འམ། ན་མཁའི་ཕྱོགས་པས་ཐམས་ཅད་། སྐུའི་གཟུགས་བརྙན་དང་གཅིག་ཏུ་བྱའོ།། ཧི་ཧཱུཾ་ཞེས་ཤོང ་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སུ་རྡོ་རྗེ་མཚོན་ཆ་འཛིན་མ།། གཡས་ལོགས་སུ་ཀཱི་ལི་ཀཱི་ལའི་གནས་སུ་མཐུ་ཆེན་འཛིན་མ། དེའི་རྒྱབ་ཏུ་རྡོ་རྗེ་དྲིན་མའི་གནས་སུ་མཛོད་འཛིན་མ། གཡོན་དུ་རྡོ་རྗེ་འདོད་པའི་དབང་ཕྱུག་མའི་གནས་སུ ་ཐོད་པའི་ཞགས་པ་འཛིན་མ། མེའི་མཚམས་སུ་མངའ་འཛིན་མ། བདེན་བྲལ་དུ་ཁ་ཊྭཱཾ་ག་འཛིན་མ། རླུང་གི་མཚམ་སུ་འཁོར་ལོ་འཛིན་མ། དབང་ལྡན་གྱི་མཚམས་སུ་བ་དན་སྣ་ཚོགས་འཛིན་མ། དགོད་པར་བྱའོ་དེ་ནས་འདི་རྣམས་ཀྱི་སྙིང ་པོཔོ་བབཤད་པར་བྱ་སྟེ། ཧཾ་བཛྲ་པྲ་ཧ་ནི་ཕཊ། ཧཾ་བཛྲ་ཤཱུ་ལ་གྲི་བྷི་ན་ཕཊ། ཨོཾ་བཛྲ་ཀོ་ཤཾ་ཙྪནཱི་ཕཊ། ཨོཾ་བཛྲ་ཨ་མ་ལ་བ་མེ་ཕཊ། ཧཾ་བཛྲ་གུ་ཧྱ་སིདྡྷ་པ་ར་མ་ཡོ་གི་ཤྭ་རེ་ཧྲཱིཿཧཱུཾ་བཛྲ་ཙཎྜ་ཤཱ་རི་ཁ་ཊྭཱཾ་གི། མ་ཧཱ་མ་ཧཱ་བཛྲ་ཀ་པཱ་ལི་མཱ་ལ་མ་ཀུ་རེ་ཏེ་རུ་ལུ ་རུ་ལུ་ལེ་ཎཱ་ཧཱུཾ། ཧཱུ~ཾ་བཛྲ་ཡ་ནི་ཛི་ཧཱུཾ་མ་ཧཱ་བཛྲ་བ་ཏེ་ཀོཛྫི། དེ་ལྟར་རྡོ་རྗེ་འབར་བའི་འཁོར་ལིར་ལྷ་རྣམས་བཀོད་པ་བྱས་ནས་དེ་ནས་རྡོ་རྗེ་ཤུགས་ཀྱིས་བྱུང་ལ། འབར་བའི་འཁོར་ལོ་རིམ་པ་བསྐོར་བ་དང་པོའི་ཐིག་གི་ནང་དུ་རྡོ་རྗེ་གཙུག ་ཏོར་མ། ཨོཾ་ཏྲཾ་བནྡྷ་ཧཾ་ཞེས་ཤར་ཕྱོགས་ནས་བརྩམས་ཏེ་གྲལ་རིམ་པ་བཞིན་དུ་བྲི་བར་བཞག་པར་བྱའོ།། དེ་ནས་རྡོ་རྗེ་ཧཱུཾ་མཛད་སྤྲུལ་པའི་ཁྲོ་བོ་བཞི། ཨོཾ་སརྦ་བཛྲ་ཨ་དྷི་པ་ཏི་ཏྲཱཾ་ཨ་བྷི་ཥིཉྩ་མི་བྷརྞྞ་བཱ་སྭ་ཞེས་བྱ་བ་དང་། དེ་ནས་ཨོཾ་སུཾ ་བྷཏ་ཏྲི་བཛྲེ་ན་ཙྪིནྟཾ་ཏི་ཧ་ཧཱ་ཧ་པ་ཙཱི་ཏྟེ་ཛྲྀ་ཙ་སྭཱ་ཧཱ་ཞེས་བྱ་བ་རོ་མཆོག་ནཱ་ལ་ནཱས་བྱིན་པའོ།། ནུ་མོ་བཛྲ་པཱ་ཎཱི་སྱ་ཨོཾ་ཊཀྐི་ཧཱུཾ་ཛཿཞེས་བྱ་བས་ཁྲོ་བོས་འདོད་པ། ཧོ་བཛྲ་པཱ་ཎི་ཧཱུ~ཾ་ཕཊ་ཅེས་བྱེ་བས་གཤིན་རྗེ་གཻ་ཤྩད། ཀ་ནི་དྷོ་ནརི་ས་ཧཱུཾ་ཕཊ་ཅེས་བྱ ་བས་ཁྲོ་བོ་ཀ་ནི་ཧི་མ་ཧཱ་ཨཾ་ཀུ་ཤེ་ཧོ་བྷ་ག་བཱན~ཾ་བཛྲ་ཧཱུཾ་ཛཿཞེས་ཁྲོ་བོའི་རྡོ་རྗེ་ལྕགས་ཀྱུ། ཨོཾ་བཛྲ་པཱ་ཤ་ཧྲཱིཿཞེས་བྱ་བས་ཁྲོ་བོ་རྡོ་རྗེ་ཞགས་པ། ཧེ་བཛྲ་ཀཱི་ལི་ཀཱི་ལ། ཛཿཧཱུཾ་བཾ་ཧོཿས་མ་ཡུ་སྟྭཾ་ཞེས་བྱ་བས་ཁྲོ་བོ་རྡོ་ཎཱཾ་ཀཱི་ལི་ཀཱི་ལ། ཧི་བཛྲ་ཨ་ན ་ཡ་སརྦ་བཛྲ་ཨུ་དྷི་བ་ཏི་སྟྭཾ་མ་ཧཱ་ས་རེ་མྨེ་ཤ་ར་ལ་གུ་ལཾ་གུ་བྷ་ག་བཱན་བཛྲ་ཨ་ཀྲོ་མཱཉྫུ་སརྦ་བི་ཛ་ཨ་ཀྲོ་ཏ་ཧེ་ཧ་ར་ཧཱུ~ཾ་ཕཊ་ཅེ་སྭཱ་བྱ་བས་ཁྲོ་བོ་བསྙེམས་པཾ། ཨོཾ་བཛྲ་མི་ཏྲ་ཏྲི་ནཿ9་ཨུ་9ོཾ་ཧཱུཾ་དྷཱ་ར་ཏི་ན་ཨུ་པ་ཏཱིཥྛ་དྲྀ་ཌྷོ་མོ་བྷྲཱུཾ་ཧཾ་ཨ་པྲ་ཏི་ཧ་ཏྲ ་མེ་བྷ་བ་ཤཱ་ཤཱ་ཏོ་མེ་བྷ་བ་ཧཽ་སརྦེ་བྷིཪྵ་ཙྪིནྡ་ཤྩོ་ཤེ་ར་ཡོ་མྲྀ་ཀུ་རུ་སིདྡྷ་སིང་ཧ་ཧ་ཧ་ཧི་ཞེས་བྱ་བས་ཁྲོ་བྷྱོ་རྡོ་རྗེ་བསྡམས་པ་ཨོཾ་རུ་ཏ་རུ་ཏ་ཧཱུཾ་ཕཊ་ཙེ་ས་བྱ་བས་ཁྲོ་བོ་རྡོ་རྗེ་ཁུ་ཚུར། ཨོཾ་བཛྲ་ལོ་ཀི་ཤྭ་ར་ཨ་ན་ཧི་ནཻ་དྷ་ནི་པ་ར་མཻ་ཤཱ་ར་ལ་གྷཱ་ལ ་གྷ་བྷ་ག་བཱན་བཛྲ་ཀྲ་མ་སརྦ་བི་བཛྲ་ཨ་ཀྲྀ་དྷ་ཨོཾ་ཧ་ར་ཧ་ར་ཧཱུཾ་ཕཊ་ཅེས་བྱ་བ་ཁྲོ་བོ་རྡོ་རྗེ་བསྙེམས་མ། ཨོཾ་བཛྲ་མི་ཏྲི་ཏ་ན་སུ་ཁ་ཏཱ་ན་ཨ་བྷྱ་ན་ཏ་ར་ཏེ་ན་ཨུ་པ་ཏིཥྛ་རེ་ཏཱ་སཏྭ་ཤོ་དྷ་ཡ། བྷ་ག་བཱན་བཛྲ་སུ་དྷ་ཡ་སརྦ་མ་ཧཱ་སཏྭ་ཧཱུཾ་ཕཊ་ཅེས་བྱ་བས ་རྡོ་རྗེ་སྟེ། བཛྲ་ཧོ་བཛྲ་བན་དྷ་ར་སརྦ་ཀཱ་མི་དྷེ་པ་ཏེ་མ་ཧཱ་བཛྲ་དྷ་རི་པྲི་ཡ་སརྦ་དུཥྚཱ་ན་སརྦ་པྲ་དུཥྚཱ་ན་ཧ་ན་ཙྪིནྡྲ་སོ་ཕྱཊ་ཡ་མརྨ་ནི་པྲ་ཧ་ར་པྲ་ཧ་ར་སྨ་ར་སྨ་ར་ཡཏྟ་ཏ་ཏྲི་ལ་ཀ་བི་ཛ་ཡེ་ཙིཙྪ་ཏཾ་པུ་ཏ་དྷྱཱ་ན་བཛྲ་དྷ་ར་མ་དྷེ་ན་ཨ་བེ་ཤ ་ཡ་སརྦ་ལཱ་ལཱ་ལཱ་ལཱ་ལི་ལཱ་ཡ་མ་ན་ཧ་ཧ་ཧ་ཧ་ཧཱ་མཱ་མ་སཏྭ་ས་མ་ཡ་ཨ་ནུ་བ་ཡ་ཧཱུཾ་ཕཊ་བྱ་བས་རྡོ་རྗེ་གཙུག་འཕྱང་ངོ་།། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་ཕྱག་འཚལ་བའོ།། ཨོཾ་བོཛྲ་མུཙྪ་ཡ་པྲ་མུཙྪ་ཡ་ཨ ་བྷི་ཤ་ས་མ་ཡཽ་ཙ་ན་ཙ་མ་ཧཱུཾ་ཕཊ་ཅེས་བྱ་བ་ནི་རྡོ་རྗེ་རྐང་གདུབ་པོ།། ཨོཾ་ཀུ་རུ་ཀུ་རུ་སུ་རུ་སུ་རུ་ཏི་ཚི་ཤི་ཏིཥྛ་བནྡྷ་བོནྡྷ་མ་ཧཱ་བ་ལ་ས་མ་ཡ་ཨ་ནུ་སྨ་རོ་ཧ་ནེ་ཧ་ན་ཕཊ་ཅེས་བྱ་བས་ནི་རྡོ་རྗེ་སྒྲོག་གོ།། ཨོཾ་བཛྲ་ཀྲ་མ་ཨཾ་ཀྲ་མ་སརྦ~ཾ་ཧཱུཾ་ཕཊ ་ཅེས་བྱ་བ་ནི་རྡོ་རྗེ་རྣོན་པོའོ།། ཨོཾ་ཧཱུཾ་ཧུ་ལུ་ཧུ~ཾ་ལུ་མ་ནི་ཛི་པ་ཤཱི་གྷྲཾ་ཨཱ་གཙྪ་ཡ་ཨ་གཙྪ་ཡ་སརྦ་ཀུ་རུ་སརྦ་ཏ་ཐཱ་གཽ་ཏ་སཏྭ་མ་ནུ་པཱ་ལ་ཡ་ཨ་ནི་ཨང་སྭ་ཨ་ན་ཡ་བཛྲ་ས་མཽ་ཡི་སཏྭཱ་ཡ་ཧཱུཾ་ཧྲ་ལུ་ཧུ་ལུ་ཞེས་བྱ་བ་ནི་རྡོ་རྗེ་ཤུགས་ཀྱི་བྲི་བ ་འམ་དགོད་པར་བྱའོ།། དེ་ལྟར་སྲད་བུ་དང་པོའི་རླུང་དུ་རྡོ་རྗེ་ཕྱག་རྒྱའི་དབང་པོ་རྣམས་བཀོད་ནས་གཉིས་པར་སྔགས་ཕྲེང་བ་རྣམས་ས་མ་ཡ་ཞེས་བྱ་བ་འདིས་བྲི་བར་བྱའོ།། དེ་རྣམས་ཀྱི་གཡོན་ལོགས་སུ་རྡོ་རྗེ་གླུ་མའི་གཟུགས ་ཅན་གྱི་ལྷ་མོ་པོ་ཝང་ལེན་པ་ལ་བརྩོན་པ། ཨོཾ་བཛྲ་བེ་ཏི་བེ་དེ་སཧཱ་ཞེས་བྱ་བའི་སྙིང་པོ་འདིས་དགོད་པར་བྱའོ།། ཡང་རྡོ་རྗེ་མགོན་པོ་བཙུན་མོ་དང་བཅས་པ་རྣམས་བྲི་བར་བྱའོ།། བཛྲ་ཨ་མཱ་ར་ཨོཾ་ར་ཏ་ནརྀ་ནཱ་མོ་ཞེས་བྱ་བ་ནི ་རྗེ་མགོན་པོ་རྣམས་ཀྱི་སྙིང་པོ་འོ།། ཨོཾ་བཛྲ་ཨ་ཏེ་པྲ་ཏེ་ཡ་ཧི་ཞེས་བྱ་བ་ན་དྭེ་རྣམས་ཀྱི་བཙུན་མོ་རྣམས་ཀྱིའོ།། དེ་ལྟར་གཉིས་པ་སྔགས་ཀྱི་ལྷ་རྣམས་བྲིས་ནས་གསུམ་པར་རྡོ་རྗེ་རྒྱལ་པོ་རྣམས་རྡོ་རྗེ་ལྷ་མོས་བསྐོར་བ་རྣམས ་བྲི་བར་བྱའོ།། བཛྲ་བ་བ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོ་རྣམས་ཀྱི་སྙིང་པོའོ།། ཨོཾ་བཛྲ་ཨ་ཏི་དེ་པ་དི་ཧེ་ཞེས་བྱ་བ་ནི་རྡོ་རྗེ་ལྷ་མོ་རྣམས་ཀྱིའོ།། དེ་ལྟར་སྦྲང་བུ་གསུམ་པའི་ནང་དུ་རྡོ་རྗེ་རྒྱལ་པོ་རྣམས་རྡོ་རྗེ་ལྷ་མོ་རྣམས་ཀྱིས་བསྐོར ་བ་བྲི་བར་བྱའོ།། བཞི་པ་རྡོ་རྗེ་རྣམ་པར་འཇོམས་པ་ཆེན་པོ་སྟེ་སྒེག་མོ་དང་། བཞད་མ་དང་། གླུ་མ་དང་། གར་མ་དང་། ཚོགས་ཀྱི་དབང་ཕྱུག་རྡོ་རྗེ་རོལ་མོ་རྣམས་བརྡུང་བ་ལ་བརྩོན་པ་རྣམས་ཀྱང་བྲི་བར་བྱའོ།། དེ་རྣམས་ཀྱི་སྙིང ་པོ་ཡི་གེ་ཧཱུ~ཾ་ཡིན་ནོ།། ལྔ་པར་ནི་རྒྱལ་ཕྲན་རྣམས་དང་སྒོར་སྤྲོ་བ་རྣམས་དང་། ཚོགས་དང་ཁྲོ་བོ་རྣམས་བྲི་བར་བྱའོ།། བཛྲ་བྷ་བྷ་ཞེས་བྱ་བ་ནི་རྒྱལ་ཕྲན་རྣམས་ཀྱི་སྙིང་པོའོ།། བཛྲ་བེ་ཏྲ་དྷ་ར་ཞེས་བྱ་བ་ནི་སྒོ་བ་རྣམས་ཀྱིའོ།། ཨོཾ་བཛྲ ་ཤཱ་ས་ཡ་ཧཱུ~ཾ་ཕཊ་ཅེས་བྱ་བ་ནི་ཚོགས་རྣམས་ཀྱིའོ།། བཛྲ་ཧཱུཾ་ཞེས་བྱ་བ་ནི་ཁྲོ་བོ་རྣམས་ཀྱིའོ།། དྲུག་པ་ནི་རྡོ་རྗེ་ཕོ་ཙྪ་གཏུམ་པོ་དང་། གླནོད་སྦྱིན་དང་། སྲིན་པོ་དང་། མངག་གཞུག་རྣམས་བྲི་བར་བྱའོ།། ཨོཾ་བཛྲ་ཨ་མ་ཧི་ཨ་ནཱ་ཡཱ་ས ་ཛ་ཞེས་བྱ་བ་ནི་རྡོ་རྗེ་ཕོ་ཉ་རྣམས་ཀྱི་སྙིང་པོའོ།། ཨོཾ་བཛྲ་ཡཀྵ་ཧཱུ~ཾ་ཨོཾ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་རྣམས་ཀྱིའོ།། ཧཾ་བཛྲ་རཀྵ་ས་ར་ཀ་མི་ཕཊ་ཅེས་བྱ་བ་ནི་སྲིན་པོ་རྣམས་ཀྱིའོ།། ཧི་བཛྲ་ཀྲྀ་ཏ་ཅེས་བྱ་བ་ནི་མངག་གཞུག་པ་རྣམས་ཀྱི་སྙིང ་པོའོ།། དེ་ནས་སྲད་བུ་བདུན་པའི་ནང་དུ་བཏུལ་བར་གྱུར་པའི་གཏུམ་པོ་ཆེན་པོ་དྲག་པོ་ལ་སོགས་པ་དབང་ཕྱུག་དམ་པ་རྡོ་རྗེ་གཙུག་ཏྲོར་ལ་སོགས་པ་དང་བཅས་པར་བྲི་བར་བྱའོ།། དེ་ལ་རྡོ་རྗེ་གཙུག་ཏོར་གྱིས་ཚྭར་བཅད་པ ་དྲདྲུག་པོ་ལ་སོགས་པ་ནས་ཆུ་ལྷའི་བྱར་དུ་བྲི་བར་བྱའོ།། རྡོ་རྗེ་སྨིན་མཚམས་ཀྱིས་ནི་ཟིལ་གྱིས་གནོན་ཏོ།། རིག་པ་མཆོག་གི་ནི་དམ་ཚིག་གིས་སུན་འབྱིན་ཏོ།། སྙིང་པོས་ནི་ངེས་པར་གནོན་ཏོ།། འཕགས་པ་གཤིན་རྗེ་གཤེད་ཀྱིས་ནི་བསྐྱོད་དོ།། ་ཁྲོ་བོ་ཀཱ་ནས་ནི་རྨོངས་པར་བྱས་སོ།། རྡོ་རྗེ་ལྕགས་ཀྱུས་ནི་བཀུགས། ཞགས་པས་ནི་བཅིངས། ཀཱི་ལི་ཀཱི་ལས་ནི་བཙི་རུ། རྡོ་རྗེ་བསྙེམས་པས་ནི་ཆོད་པས་བཅུད། རྡོ་རྗེ་བསྡམས་པས་ནི་རྒྱུས་བཏབ། རྡོ་རྗེ་ཁུ་ཚུར་གྱིས་ནི་རྒྱལ་བར་བྱས། རྡོ་རྗེ ་སྡེས་ནི་བཏུལ། གཙུག་འཕྱོང་གིས་ནི་བེ་ཙོམ། རྡོ་རྗེ་པུས་མྱོས་ནི་མདུད་པར་བྱས། རྡོ་རྗེ་རྐང་གདུབ་ཀྱིས་བརྒྱ་ལ། རྡོ་རྗེ་སྒྲོག་གིས་ནི་བཅིངས། རྡོ་རྗེ་འཁོར་ལོས་ནི་སྐྱེས་པར་བྱེད། རྡོ་རྗེ་རྐང་པས་ནི་མཉེས། ཕྱག་རྒྱ་རིག་པའི་ལྷག་པའི ་ལྕེས་རྒྱུ་སྣ་གདབ་བྱ་དང་འབེབས་པ་ཉིད།། རྡོ་རྗེ་མགོན་པོ་ལྷ་མོར་བཅས།། བོཏྟཱལ་བ་དང་ནི་བརྡེག་པ་མིན།། རྡོ་རྗེ་རྒྱལ་པོ་ལྷ་མོར་བཅས།། བརྟུལ་དང་སྐུད་པར་བྱེད་པ་དང་།། རྒྱལ་ཕྲན་གྱིས་ནི་མངོན་པར་བཅོཾ་མོ། སྒོ་བ་རྣམས་ཀྱིས་གཡུལ ་དུ་བཅོམ།། མི་བཟད་ཚོགས་ཀྱིས་རྗེསུ་བཏུལ། རྡོ་རྗེ་ཁྲོ་བོས་རྣམ་པར་བརླག། ཕོ་ཉ་ཕོ་ཉ་མོ་ཡིས་བཀུག། རྡོ་རྗེ་གནོད་སྦྱིན་སྲིན་པོ་དང་།། མངག་གཞུག་པ་ཡི་གསོད་དང་ཟང་།། སྐྲག་པར་བྱས་དང་ཟོས་པ་ཡིན།། ལས་རྣམས་ཀུན་ལ་རྡོ་རྗེ ་ཡི། རྣལ་འབྱོར་འཕྲ་མེན་མ་རྣམས་ཀྱིས།། ཡིད་ཀྱིས་རྒྱས་བཏབ་རྨོངས་བྱས་བཏུལ།། ཕྱག་རྒྱ་རིགས་ལྷག་ལྷ་རྣམས་ཀྱིས།། ཀུན་ཏུ་བརྡེགས་ན་བཟའ་བར་བྱེད།། དེ་ལ་ཕྱག་རྒྱའི་རིགས་པའི་ལྷག་པའི་ལྷ་རྣམས་ཀྱིས་སྔགས་བརྗོད ་པར་བྱའོ།། བྷོ་དྷི་ཏི་ཞེས་བྱ་བ་ནི་རྡོ་རྗེ་རྣལ་འབྱོར་གྱི་འཕྲ་མེན་མ་རྣམས་ཀྱི་སྙིང་པོའོ།། ཨོཾ་བཛྲ་ཨ་པ་རཱ་ཙ་ཏི་རུ་ཊ་མཊ་ཕོ་ཉ་མོ་རྣམས་ཀྱི་སྙིང་པོ། རྡོ་རྗེ་ཁ་ཊྭཱཾ་གའི་ཚོགས་ཆེན་མོས་ཀྱང་དྲག་པོ་ནས་ཆུ་ལྷའི་མཐར་ཐུག་པའི་བར་དུ་ཆུད ་མ་དང་བཅས་པ་ཉལ་བའི་ཚུལ་དུ་བྱས་པ་བྲི་བར་བྱའོ།། རྡོ་རྗེ་མདུང་གིས་ནི་སྐྲག་པར་བྱས།། རྡོ་རྗེ་རལ་གྲིས་ནི་བཅིང་།། རྡོ་རྗེ་ཞགས་པས་ནི་དྲངས།། རྡོ་རྗེ་དབྲུག་པས་ནི་བཅག། རྡོ་རྗེ་མདུང་གིས་ནི་ཕུག། རྡོ་རྗེ་མངས་ནི་ངེས་པར་བརྒྱལ ་བར་བྱེད།། རྡོ་རྗེ་ཁ་ཊྭཱཾ་གས་ནཱི་བཅོཾམྦ་པར་བྱས།། རྡོ་རྗེ་འཁོར་ལོས་ནཱི་དངོས་གྲུབ་ཀྱི་མཆོག་བསྒྲུབས་སོ།། རུ་ལུ་རུ་ལུ་ཞེས་བྱ་བ་ནི་རྡོ་རྗེ་ཁ་ཊྭཱཾ་གཱའི་ཚོ་གས་ཀྱི་སྙིང་པོའོ།། ཨོཾ་ཧྲིཿཕཊ་ཅེས་བྱ་བ་ནི་རྡོ་རྗེ་མདུང་གི་ཚོགས་ཀྱིའོ།། ཨོཾ་ཙྪིནྡྲ་བཛྲཱ། ་ཞེས་བྱ་བ་ནི་རྡོ་རྗེ་ཞུགས་པའི་ཚོགས་ཀྱིའོ།། བཛྲ་ཧཱུ~ཾ་བཾ་ཞེས་བྱ་བ་ནི་རྡོ་རྗེ་དབྱུག་པའི་ཚོགས་ཀྱིའོ།། བྷིནྡྷ་བཛྲ་ཞེས་བྱ་བ་ནི་རྡོ་རྗེ་མདུང་གི་ཚོགས་ཀྱིའོ།། བཛྲ་བཱ་ནཱ་ཞེས་བྱ་བ་ནི་རྡོ་རྗེ་གཞུའི་ཚོགས་ཀྱིའོ།། བཛྲ་པྲ་བརྟྟ་ཀ་ཞེས་བྱ་བ་ན ་རྡོ་རྗེ་འཁོར་ལོའི་ཚོགས་ཀྱི་སྙིང་པོའོ།། ཡིད་ལ་འདོད་པའི་ཆོ་གའི་སྦྱོར་བས་ལས་འདི་དག་ཐམས་ཅད་རབ་ཏུ་སྒྲུབ་པར་བྱེད་པར་འགྱུར་རོ།། དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་མེའི་མཚམས་སུ་ཁྲོ་བོའི་སྒེག་མོ་ར། ་བདེན་བྲལ་དུ་བཞད་མའོ།། རླུང་གི་མཚམས་སུ་གླུ་མ། དབང་ལྡན་གྱི་མཚམ་སུ་གར་མ། ཤར་ཕྱོགས་ཀྱི་སྒོའི་དབུས་སུ་ལྕགས་ཀྱུ་མ་ཁྲོ་བོ་དང་བཅས་པ་ལྷོ་སྒོར་རྡོ་རྗེ་ཞགས་པ་མ། ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ། བྱང་གི ་སྒོའི་དབུས་སུ་རྡོ་རྗེ་དྲིལ་བུ་མུ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་སྙིང་པོས་བྲི་བར་བྱའོ།། ཡང་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུ་དང་ཉེ་བའི་ནང་གི་གནས་ཀྱི་མེའི་མཚམས་སུ་མིང་པོ་གསུམ་གྱི་དཀྱིལ་འཁོར ་བདེན་བྲལ་གྱི་མཚམསུ་སྲིང་མོ་བཞིའི་དཀྱིལ་འཁོར། རླུང་གི་མཚམསུ་ཀླུའི་དཀྱིལ་འཁོར། དབང་ལྗོན་གྱི་མཚམསུ་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་འོག་ནས་བཤད་པའི་ཆོ་གས་བྲི་བར་བྱའོ།། དེ་ལ་རྡོ་རྗེ་མེ་ལྟར་འབར ་བསྐུ་མདོག་སྤྲོ་བ། ཞལ་ཁྲོ་བོ་དང་བཅས་པས་བནད་པ། མཆེ་བ་ཅུང་ཟད་གཙིགས་པ། གཡོན་པའི་རྡོ་རྗེ་ཁྲུ་ཚུར་ཁྲོ་བོའི་དྲིལ་བུ་དང་བཅས་པས་བསྙེམས་པའི་ཚུལ་གྱིས་འཆང་བ། ཕྱག་གཡས་པས་ཁྲོ་བོའི་རྡོ་རྗེ་བླངས་ཏེ། ་དྲེག་པས་གསེར་བར་བརྩོན་པ། སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་འབར་བའི་ཕྲེང་བ་ཅན་འོད་ཟེར་འབར་བ་ཀུན་ཏུ་འཁྲུག་པ། སངས་རྒྱསི་ལྔའི་རྡོ་རྗེ་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བ། ཁྲོ་གཉེར་དང་བཅས་ཤིང ་ཁྲོ་བོ་རྡོ་རྗེ་ལྟ་བས་གཟིགས་པའོ།། སྒེག་མོ་དང་རྡོ་རྗེ་ལྕགས་ཀྱུ་མ་སྐུ་མདོག་དཀར་མོ་རྡོ་རྗེ་མཚན་ཆ་དང་མདའ་བསྣམས་པ། བཞད་མ་དང་ཞགས་པ་མ་སྐུ་མདོག་དཀར་པོ། མདུང་ཆེན་པོ་བསྣམས་པ་དང་། ཁ་ཊྭཱཾ་ག་བསྣམས་པ ་གླུ་མ་དང་ལྕགས་སྒྲོག་མ་སྐུ་མདོག་དཀར་ལྗང་རལ་གྲི་བསྣམས་པ། གར་མ་དང་དྲིལ་བུ་མ་སྐུ་མདོག་གསེར་བཙོ་མའི་མདོག་ཅན་ཞགས་པ་བསྣམས་པ། བ་དན་སྣ་ཚོགས་བསྣམས་པ། འདི་དག་ཐམས་ཅད་ཀྱང་པདྨའི་གདན་ལ ་སེམས་དཔའི་སྐྱིལ་མོ་ཀྲུང་གི་བཞུགས་པ་མཆེ་བ་ཅུང་ཟད་གཙིགས་པ་ཁྲོ་བ་དང་བཅས་པས་བཞད་པའི་ཞལ་རས་ཙམ་ཁྲོ་གཉེར་དང་བཅས་པའི་ཁྲོ་བོ་རྡོ་རྗེ་བལྟ་བ་དང་ལྡན་པ། འོད་ཟེར་གྱི་ཕྲེང་བ་འབར་བ་ཀུན་ཏུ་འཁྲུག་པས་ཀྱང ་སངས་རྒྱས་ལྔའི་རྡོ་རྗེ་ཕྲེང་བའི་ཅོད་པན་གྱིས་དབང་བསྐུར་བའོ།། གང་དུ་ཁྱད་པར་གྱི་ཚིག་མེད་པ་དེར་རྡོ་རྗེ་མཚོན་ཆུ་འཛིན་མ་ཕྱག་གཡས་ཀྱིས་རྡོ་རྗེ་རྩི་ལྔ་པ་གསོར་བ་ལ་བརྩིན་པ། ཕྱག་གཡོན་པས་གདན་ལ་བསྙེམས་པས་བཞུགས ་པའོ།། མདུང་ཆེན་འཛིན་མ་ཕྱག་གཡས་ཀྱི་རྩེ་གསུམྲ་བསྣམས་པ། ཕྱག་གཡོན་གྱིས་གདན་ལ་བསྙེམས་པའོ།། གྲི་འཛིན་མ་ཕྱག་གཡས་ཀྱིས་རྡོ་རྗེ་ཁུ་ཚུར་གྱི་རལ་གྲི་བསྣམས་པ། གཡོན་པའི་ཁྲོ་བོའི་ཁུ་ཚུར་རང་གི་ཐུགས ་ཀར་འཛེག་པའི་སྡིགས་མཛུབ་མཛད་པ་ཞགས་པ་འཛིན་མ་གཡས་རྡོ་རྗེ་ཁུ་ཚུར་གྱིས་ཞགས་པ། ཕྱག་གཡོན་གྱིས་ཐོད་པ་བསྣམས་པའོ།། མདའ་འཛིན་མ་ཕྱག་གཡོན་གྱི་རྡོ་རྗེ་གཞུ་བསྣམས་པའོ།། གཡས་ཀྱི་མདའ་དང་བཅས ་པའི་གནུ་རྒྱུད་བཟུང་ནས་མདའ་འཕེན་པ། ཁ་ཊྭཱཾ་ག་འཛིན་པ་ཐོད་པའི་ཕྲེང་བའི་ཅོད་པན་སངས་རྒྱས་ཀྱི་གཙུག་གི་ནོར་བུས་བརྒྱན་པ་ཕྱག་གཡས་ཀྱིས་རྡོ་རྗེ་ལྔ་འབར་བ་རྩེ་མོར་བཏགས་པའི་ཁ་ཊྭཱཾ་ག་བསྣམས་པ། ཕྱག་གཡོན་གྱིས ་གདན་ལ་བསྙེམས་ནས་བཞུགས་པའོ།། འཁོར་ལོ་འཛིན་མ་ཕྱག་གཡས་ཀྱིས་གུང་མོས་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད་པའི་བསྟོད་པའི་ཚུལ་དུ་བསྣམས་པ། ཕྱག་གཡོན་གྱིས་གདན་ལ་བསྙེམས་པ། བ་དན ་སྣ་ཚོགས་འཛིན་མ་ཕྱག་གཡས་ཀྱི་དྲིལ་བུ་འདབ་མ་སྣ་ཚོགས་ཅན་བཏགས་པ་གཡོན་རྡོ་རྗེ་ཁུ་ཚུར་དྲིལ་བུ་དང་བཅས་པ་དཀུར་བསྟན་ཏེ། བསྙེམས་པར་བཞུགས་པའོ།། སྒེག་མོ་ལ་སོགས་པ་རྡོ་རྗེ་སེམས་དཔའི་དཀྱིལ ་འཁོར་ཆེན་པོའི་ཚུལ་ལས་འདིར་འཁོར་དང་བཅས་པས་བཞུགས་པའོ།། རྡོ་རྗེ་གཙུག་ཏོར་ལ་སོགས་པ་རྣམས་ཀྱི་ནི་རྡོ་རྗེ་ཁུ་ཚུར་གཉིས་ལས་བྱུང་བའི་ཕྱག་རྒྱ་ཆེན་པོའོ།། དེ་ལ་རྡོ་རྗེ་གཙུག་ཏོར་བཞི་ནི་སྐུ་མདོག་སྔོ་བྱ་གཡས ་པའི་ཁུ་ཚུར་གྱིས་རྡོ་རྗེ་གཙུག་ཏོར་བསྣམས་པ། གཡོན་པའི་ཁུ་ཚུར་གྱིས་མཛུབ་མོས་སྡིགས་མཛུབ་བྱེད་པ་ལ་བརྩོན་པའོ།། རྡོ་རྗེ་སྨིན་མཛད་མས་རིགས་པའི་རྒྱལ་པོ་བཞི་ནི་སྐུ་མདོག་དཀར་བ་ཕྱག་གཡས་པ་མཛོད་སྒྲ ་དཀར་པོ་བསྡམས་པ་གཡོན་པའི་ཁུ་ཚུར་གྱིས་མཛུབ་མོས་སྡིགས་མཛུབ་བྱེད་པ་ལ་བརྩོན་པའོ།། རིག་པ་མཆོག་སྐུ་མདོག་སྔོ་བ་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཚུལ་ཅན་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བསྣམས་པ། གཡོན ་པའི་རྡོ་རྗེ་ཁུ་ཚུར་གྱིས་སྡིགས་མཛུབ་བྱེད་པ་ལ་བརྩོན་པ། ཁྲོ་བོ་ཊིཀྐི་སུ་མདོག་སྡེ་ག་ཁུ་ཚུར་གཉིས་རྡོ་རྗེ་མངའ་འཕེན་ཞིང་བཞུགས་པའོ།། ཀཽ་ཤིན་རྫོག་ཤེད་སྐུ་མདོག་ནག་པོ་གཡས་པའི་ཁུ་ཚུར་གྱིས་རལ་གྲི་བསྡམས་པ ་གཡོན་པའི་མཛུབ་མོས་སྡིགས་མཛུབ་མཛད་པ། རྡོ་རྗེ་ལྕགས་ཀྱུ་མདོག་སྔོ་བ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་ལྕགས་ཀྱུ་བསྣམས་པ་གཡོན་པའི་ཁུ་ཚུར་གྱིས་མཛུབ་མོས་དེ་བཞིན་དུ་སྡིགས་མཛུབ་མཛད་པ། རྡོ་རྗེ་ཞགས་པ་སྐུ ་མདོག་སེར་པོ་གཡས་པའི་ཁུ་ཚུར་གྱིས་ཞགས་པ་བསྣམས་པ། གཡོན་པའི་མཛུབ་མོས་དེ་བཞིན་དུ་སྡིགས་མཛུབ་མཛད་པའོ།། རྡོ་རྗེ་ཀཱི་ལི་ཀཱི་ལ་སྐུ་མདོག་ལྗང་གུ་ཕྱག་གཉིས་ཁུ་ཚུར་དུ་བྱས་པས་རང་གི་ཐུགས་ཀར་རྡོ་རྗེ་རྩེ ་པའཁྱུད་པའི་ཚུལ་གྱིས་བཞུགས་པའོ།། རྡོ་རྗེ་བསྙེམསྡེ་བ་སྐུ་མདོག་སྟོ་བ་ཁུ་ཚུར་གཉིས་ཀྱི་རྡོ་རྗེ་གཉིས་བསྣམས་ཏེ། བསྙེམས་ཚུལ་གཉིས་མཛད་ནས། བཞུགས་ཤིང་དཔུང་པ་གཡོན་དུ་འདུད་པའོ།། རྡོ་རྗེ་བསྡམས་པ་སྐྱེ་མདོག ་སེར་པོ་གཡས་པའི་ཁྲུ་ཚུར་གྱིས་རྡོ་རྗེ་བསྣམས་ནས་གཡོན་པའི་ཁྱུ་ཚུར་གྱིས་ཀྱིས་བསྡིགས་པར་མཛད་པི་ལ་བརྩོན་པའོ།། རྡོ་རྗེ་ཁུ་ཚུརརཾ་སྐུ་མདོག་པདྨ་ལྟར་དམ+Wཱར་སྒྲ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཁྭ ་ཚུར་གྱིས་དམ་ཚིག་གི་ཕྱག་རྒྱ་འཆིང་བ་གཡོན་པའི་ཁུ་ཚུར་གྱིས་སྡིགས་མཛུབ་མཛད་པ་ལ་བརྩོན་པའོ།། རྡོ་རྗེ་སྡེ་སྐུ་མདོག་དཀར་དམར་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བསྣམས་པ། གཡོན་པའི་ཁུ་ཚུར་གྱིས་དེ་བཞིན་དུ ་སྔགས་མཛུབ་མཛད་པའོ།། གཙུག་འཕྱང་སྐུ་མདོག་དམར་པོ་མདའ་དང་གཞུ་བསྣམས་པ་རྡོ་རྗེའི་མདའ་འཕེན་པས་གདུག་པ་ཐམས་ཅད་གསོད་པའོ།། རྡོ་རྗེ་ཕྱག་མཚན་སྐུ་མདོག་སྔོ་བ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་བསྡམས ་།། ག་གཡོན་པའི་ཁུ་ཚུར་གྱིས་མཛུབ་མོས་གདུག་པ་ཐམས་ཅད་ལ་ཡང་དག་པར་བསྡིགས་ཏེ་གདུག་པ་མཛད་ཅེས་བཞུགས་པའོ།། རྡོ་རྗེ་རྐང་གདུབ་སྐུ་མདོག་དམར་པོ་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་རྐང་གདུང་བསྡམས་པ། ་གཡོན་པའི་ཁུ་ཚུར་གྱིས་གདུག་པ་ཐམས་ཅད་ཀུན་ཏུ་བསྡིགས་ནས་རྒྱལ་བར་མཛད་པའོ།། རྡོ་རྗེ་སྨྲིག་སྐུ་མདོག་དཀར་དམར་གཡས་དང་གཡོན་གྱི་ཁུ་ཚུར་གྱིས་རྡོ་རྗེ་ལྕགས་སྒྲོག་བསྣམས་པས་གདུག་པ་ཐམས་ཅད་བཅིང་བའི་ཚུལ ་གྱིས་བཞུགས་པའོ།། རྡོ་རྗེ་རྣོ་བ་སྐུ་མདོག་སྔོ་བ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་མཛུབ་མོས་གདུག་པ་ཐམས་ཅད་རབ་ཏུ་བསྡིགས་པའོ།། རྡོ་རྗེ་འབེབས་པ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བསྡམས་ནས་གསོར་བ། གཡོན་པའི་རྡོ་རྗེས ་ཚུར་གྱིས་གདུག་པ་ཐམས་ཅད་བསྡིགས་ཤིང་བཞུགས་པའོ།། འདི་དག་ཐམས་ཅད་ཀྱང་གཡོན་བརྐྱང་བའི་ཚུལ་གྱིས་བཞུགས་པ་འོད་ཟེར་འབར་བ་ཀུན་ཏུ་འཁྲུས་པ། མཆེ་བ་ཅུང་ཟད་གཙིགས་པ།། བ་དང་བཅས་པ་བཞད་པའི་ཞལཱ་རས་ཅན། ་ཁྲོ་གཉེར་དང་བནྡྷས་ཤིང་ཁྲོ་བོའི་ལྟེ་བ་དང་ལྡན་པའི་སངས་རྒྱས་ལྔ་དང་། རྡོ་རྗེ་ཕྲེང་བ་དབང་བསྐུར་བ་དང་ལྡན་པ་སྣ་ཚོགས་པདྨའི་གདན་ལ་བཞུགས་པའོ།། རིམ་པ་གཉིས་པ་ལ་སྔགས་རྣམས་ནི་གཡས་ཀྱི་ཁ་ཚུར་གྱིས་དམ་ཚིག་གི ་ཚུར་གྱིས་དམ་ཚིག་གི་ཁྲི་ཚོར་འཚོང་བ་གཡོན་གྱི་སྔ་མ་བཞིན་དུ་སྟེགས་མཛུབ་ལ་བརྩོན་པ། རྡོ་རྗེ་ཁུ་ཚུར་གཟུགས་ཅན་ནོ།། དེ་རྣམས་ཀྱི་ལྷ་མོ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་པི་ཝང་ཐིགས་ཏེ་བརྡུང་བ་དང་། རྡོ་རྗེ་ཕྲེང་བས་གཟུགས་ཅན ་དུ་གཡོན་ཕྱོགས་ཉིད་ན་གནས་པའོ།། རྡོ་རྗེ་མགོན་པོ་ནི་བྱང་ཆུབ་སེམས་དཔའ་གཟུགས་གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་གཟུང་སྟེ། སྟོན་ཏེ་མཆོད་པ་དང་གཡོན་པས་གདན་ལ་བསྙེམས་ཏེ་གནས་པའོ།། དེ་རྣམས་ཀྱི་ལྷ་མོ་ཉིད་དང ་དེའི་གཟུགས་འཆང་བ་ཉིད་ཀྱིས་གཡོན་ལོགས་ན་གནས་པོའོ།། ཡང་སྲད་བུ་གསུམ་པར་རྡོ་རྗེ་རྒྱལ་པོ་རྣམས་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་ཚུལ་ཅན་གསེར་གྱི་མདོག་འདྲ་བ་ལྷ་མོ་བཞིའི་དབུས་ན་གནས་པ་སྟེ། ལྷ་མོ་དེ་རྣམས་ཀྱང་དེའི ་ཚུལ་འཛིན་པ་ཉིད་དོ།། ཡང་སྲད་བུ་བཞི་པར་རྡོ་རྗེ་ཆེན་པོའི་འཇོམས་མ་རྣམས་ནི་སྒེག་པ་དང་། བཞད་པ་དང་། གླུ་ལེན་པ་དང་གར་བྱེད་པོ་རྡོ་རྗེའི་རོལ་ཆེན་པོ་བཅུ་ལེན་པའི་ཚོགས་རྣམས་དང་ལྷན་ཅིག་གནས་ཤིང་ཇི་ལྟར་མངོན་པར་འདོད ་པའི་གྲངས་དང་ལྡན་པར་ཤེས་པའོ།། ཡང་སྲད་བུ་རིམ་པ་ལྔ་པ་ལ་ལྔའི་ནང་དུ་རྒྱལ་ཕྲན་རྣམས་སྔར་བཤད་པའི་མཚན་ཉིད་དང་ལྡན་པ་ཤེས་པར་བྱའོ།། སྤྲོ་བ་རྣམས་ནི་མདོག་སྔོ་བ། གཡོན་པའི་རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ནས་གཡས་པས། ་རྡོ་རྗེ་དབྱུག་པ་འཛིན་པའོ།། རྡོ་རྗེ་ཚོགས་ནི་སྐུ་མདོག་སྔོ་བའོ།། གཡོན་པའི་མཛུབ་མོ་སྡིགས་མཛུབ་བྱེད་པར་བརྩོན་པ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་ཐོགས་ནས་མདུན་བསྡུ་བ་དང་ཕྱིར་འགྱེད་པའི་ཚུལ་གྱིས་གནས་པའི་ཁྲོ་བོ་རྣམས ་ནི་མདོག་སྣ་ཚོགས་པ་གཡས་པའི་ཁུ་ཚུར་རྡོ་རྗེ་དང་བཅས་པས་སྡིགས་མཛུབ་བྱེད་པ་ལ་བརྩོན་པོ། གཡོན་དཀུར་བརྟེན་པར་གནས་པའོ།། སྒོ་བ་ལ་སོགས་པ་འདི་དག་ཐམས་ཅད་གཡོན་བརྐྱང་བའི་གནས་པས་གནས་པ། སྤྱན་དམར ་ཞིང་འཇིག་སུ་རུང་བ། འོད་ཟེར་འབར་བ་ཀུན་ཏུ་འཁྲུག་པ། ཁྲོ་གཉེར་དང་བཅས་ཤཱིང་སྨིན་མ་བསྡུས་པ། ཞལ་གྱིས་མཆེ་བ་གཙིགས་པའོ།། རིམ་པ་དྲུག་པ་ལ་ཕོ་ཉ་རྣམས་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་འོད ་མའི་ལྕུག་མ་གཉིས་ཐོགས་པའོ།། གནོད་སྦྱིན་རྣམས་ནི་གཡོན་པའི་ཁུ་ཚུར་གྱིས་མཛུབ་མོས་སྡིགས་མཛུབ་བྱེང་པ་ལ་བརྩོན་པ་གཡས་པའི་ཁུ་ཚུར་གྱིས་དྲིལ་བུ་འཛིན་པའོ།། སྲིན་པོ་རྣམས་ནརྀ་གཡོན་པའི་ཁུ་ཚུར་གྱིས་མཛུག ་མོས་སྔགས་མཛུབ་བྱེད་པ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་མཆེ་བ་ཐོགས་པའོ།། མངག་གཞུག་པ་རྣམས་ནི་གཡོན་པའི་ཁུ་ཚུར་གྱིས་མཛུབ་མོས་སྡིགས་མཛུབ་བྱེད་པ། གཡས་རལ་གྲི་འཛིན་པའོ།། རིམ་པ་བདུན་པར་ནི ་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་པ་དགོད་དོ།། འདི་དག་ཐམས་ཅད་ཀྱང་གཡོན་བརྐྱང་བའི་གནས་པས་འདུག་ལ། འོད་ཟེར་འབར་བ་ཀུན་ཏུ་འཁྲུག་པ། གདོང་ལ་མཚ་བ་རྣམ་པར་གཙིགས་པ། དཔྲལ་བ་ཁྲོ་གཉེར་བ ་དང་བཅས་ཤིང་བནུམ་པ། མིག་དམར་ལ་འཇིག་སུ་རུང་བའོ།། རྡོ་རྗེའི་རིགས་ཐམས་ཅད་ཀྱང་རྡོ་རྗེ་ཕྲེང་བ་སངས་རྒྱས་ལྔ་དང་ལྡན་པའི་ཅོད་པན་གྱིས་དབང་བསྐུར་བ་ཡིན་ནོ།། སྲིན་པོ་ལ་སོགས་པ་ནི་ཀུན་ཏུ་གདུག་པའི ་གཟུགས་ཅན་ཐོད་པའི་ཕྲེང་བ་ཅོད་པན་ཡིན་པར་ཤེས་པར་བྱའོ།། རྡོ་རྗེ་ཕྲ་མེན་མ་བཞི་ནི་ཁ་དོག་སྣ་ཚོགས་པ་གཡས་ཀྱིས་ཁུ་ཚུར་གྱིས་རྩེ་གསུམ་པ་ཁ་ཊྭཱཾ་ག་དང་དབྱུག་པ་དང་། བ་དན་ཐོགས་པ་དང་། གཡོན་གྱིས་ཐོད་པ ་ཐོགས་ཤིང་གར་བྱེད་པའི་ཚུལ་གྱིས་གནས་པར་ཤེས་པར་བྱའོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཕྱི་དྲོའི་ཚེ་དགོངས་ཀའི་དུས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་རྡོ་རྗེ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱས་ཁྲོ་བོ་ཏི་རིན་ཏི་རི་བཙིར་ལ། ་དེ་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་བླངས་ཏེ། ཧཱུཾ་བཞི་ཟློས་ཤིང་། རྡོ་རྗེ་ཤུགས་ཀྱིས་འཇུག་པར་བྱའོ།། དེ་ལྟར་ལྷག་པ་དང་མཱ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་རྡོ་རྗེ་དྲིལ་བུ་དཀྲོ་ལ་ཞིང་དཀྱིལ་འཁོར་བསྐོར་བ་ལན་བདུན་བྱའོ།། དེ ་ནས་ཞུགས་ལ་དཀྱིལ་འཁོར་མ་ཚང་བ་ནི་བཀང་བར་བྱ། ལྷག་པཱ་ནི་གསལ་བར་བྱའོ།། དེ་ནས་མེ་ཏོག་དེ་ཡི་གེ་ཧཱུཾ་གིས་བཅོམ་ལྡན་འདས་ལ་ཕུལ་ལ་རང་གི་མགོ་ལ་བཅིང་བར་བྱའོ།། དེ་ནས་དབུས་སུ་གནས་གྱུར་ནས།། རྡོ ་རྗེ་སློབ་དཔོན་མཉམ་པར་གཞག། རྡོ་རྗེ་སྒོ་རྣམས་བཞི་པོ་ནི།། ཡིད་ཀྱི་དབྱེ་བ་ཉིད་དུ་བྱ།། བཛྲ་དོ་རོད་གྷཱ་ཊ་ས་མ་ཡ་ཕྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བ་ཕྱག་རྒྱ་དང་བཅས་པར་བྱའོ།། དེ་ནས་འདིའི་ཕྱག་རྒྱ་བཤད་པར་བྱ་སྟེ། རྡོ་རྗེ་མཛུབ ་མོ་ཡང་དག་སྦྱར།། བཀན་ཏེ་རབ་ཏུ་བསྡམས་ནས་སུ།། རབ་ཏུ་ཁྲོས་ནས་དབྱེ་བ་ནི།། སྒོ་དབྱེ་བ་ཡི་མཆོག་ཡིན་ནོ།། དེ་ནས་རྡོ་རྗེ་མེ་ལྟར་འབར་བའི་ང་རྒྱལ་གྱི་བསུ་བ་བྱས་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པས་བསྟོད་པར་བྱའོ།། ་དེ་ནས་རྡོ་རྗེ་མོ་ལྟར་འབར་བའི་མདུན་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལ་རྡོ་རྗེ་དྲིལ་བུ་དང་བཅས་པའི་རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེན་པོས་བཅོམ་ལྡན་འོངས་འཁོར་དང་བཅས་པའི་སྔགས་ཀྱི་དཀྱིལ་འཁོར་དུ་གཞུག ་བར་བྱའོ།། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཨ་ཧི་ཛ་སརྦ་བཛྲ་ཀུ་ལ་ནི་པྲ་བེ་ཤྲ་ཡ་ཧཱུཾ་སརྦ་མུཥྚ་ག་ད~ཾ་བནྡྷ་ན་ཏྲ་ཊ། སརྦ་ས་མ་ཨོཾ་ས་ཏ་ཡ་མཊ། སརྦ་དུཤྩན་ཧ་ན་པ་ཙ་བྷསྨིཾ་ཀུ་རུ་མ་ཧཱ་ཀྲོ་དྷ་ཨགྣི་བཛྲ་ན་ཧཱུཾ་ཕཊ། ཨ་ཨ་ཨ་ཨ། དེ་ནས ་རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་ལ་སྡིགས་པ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ། རྡོ་རྗེ་སྲུང་བས་སྲུང་བ་ཐམས་ཅད་ཡང་དག་པར་སྦྲེངས་ནས་ཧཱུ~ཾ་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ ་ལ། རྡོ་རྗེ་མེ་ལྟར་འབར་བ་ལ་སོགས་པ་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་རིམ་པ་འདིས་བསྒྲུབ་པར་བྱའོ།། རྡོ་རྗེ་མེ་ལྟར་འབར་བ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་འདི་སྐད་ཅེས་བརྗེད་པར་བྱའོ།། ཨོཾ་ཧཱུཾ་དྲྀ་ཤྱེ་ས་མ་ཡ་སྟྭཾ་ཧི། ས་མ ་ཡ་སྟྭཾ་ཨ་ཧཾ་\ུ0f7fཧཱུཾ་ཧོཿཧཾ་ཧི། དེ་བཞིན་དུ་བཛྲ་གྷརྞྞེ་ཙོད་ཀྱི་སོ་མ་ཡ~ཾ་སྟྭཾ་ཨ་ཧེཿཛྙཱ་བཾ་ཧོཿགྷརྠ་ཧིཿཞེས་བྱ་བའི་བར་དུ་རྡོ་རྗེ་དྲིལ་བུ་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་སྔགས་བརྗོད་ལ་རྡོ་རྗེ་དྲིལ་བུ་བསྒྲུབ་པར་བྱའོ།། དེ་ནས་ཆོས་དང་ལས ་དང་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱིས་རྒྱས་བཏབ་ལ་སངས་རྒྱས་ལྔའི་ཅོད་པན་གྱི་ཕྱག་རྒྱ་དང་རྡོ་རྗེ་ཕྲེང་བའི་དབང་བསྐུར་བའི་ཕྱག་རྒྱས་བཅོམ་ལྡན་འདས་འཁོར་དང་བཅས་པ་དབང་བསྐུར་ཏེ། ཕྱག་བྱས་པ་རིམ་པ་འདིས་མཆོད་པ ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་བྱའོ།། དང་པོར་རེ་ཤིག་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་བུམ་པ་ལ་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་དམ་ཚིག་གིས་ཕྱག་རྒྱས་ཡོངས་སུ་བཟུང་བའི་མེ་ཏོག་གི་བཅུག་མ་ལ་དེ ་རྣམས་ཀྱི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཕྱི་རོལ་ཀུན་ཏུ་བཞག་པར་བྱའོ།། དེ་བཞིན་དུ་བུམ་པ་གང་བ་ལ་ཡང་བཅོམ་ལྡན་འདས་ཀྱི་བུམ་པ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་དང་། རྡོ་རྗེ་མེ་ལྟར་འབར་བ་དེ་བཞིན་དུ་བཟླས་ལ། ཡང ་ཨོཾ་མ་ཧཱ་སུ་ཁེ་བཛྲ་ཨ་མོ་གྷ་ས་མ་ཡོ་ད་ཁ་སིདྡྷ་ཨ་བྷི་ཥིཉྩ་སརྦ་སུ་ཁ་སོ་མ་ནས་སྦྱི་ན། ཨ་ད་ད་ཀུ་རུ་ཀུ་རུ་ཛཿཧཱུཾ་བཾ་ཧོཿ་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ལོན་ཉི་ཤུ་རྩ་བརྒྱད་བཟླས་ལ་རྡོ་རྗེ་མེ་ལྟར་འབར་བའི་མདུན་དུ་བཞག ་པར་བྱའོ།། ཡང་གཉིས་པ་ཡི་གེ་ཧཱུཾ་བརྒྱ་རྩ་བརྒྱད་བཟླས་ལ་དང་པོ་འཇུག་པའི་སྒོར་བལྟས་པས་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བཞག་པར་བྱའོ།། རས་ཟུང་འབུམ་མམ་སྟོང་ངམ་བརྒྱ་འམ་རེ་རེ་ཞིང་ཟུང་རེ་རེ་འམ། ཐམས ་ཅད་ལ་ཟུང་ཅིག་དང་། བླ་རེ་དང་། གདུགས་དང་། རྒྱུལ་མཚན་དང་། བ་དན་སྣ་ཚོགས་པ་རིན་ཆེན་དང་། ཨོཾ་ཧཱུཾ་གཉིས་ཡོངས་སུ་བཟླས་ཏེ་དབུལ་བར་བྱའོ།། མེ་ཏོག་གི་ཤིང་བརྒྱ་འམ། ཤིང་བཞི་འམ། མེ་ཏོག་ཐམས་ཅད་མེ་ཏོག་གིས་རིག ་པས་དབུལ་བ་དང་། དེ་བཞིན་དུ་དྲིའི་ནི་རིག་པས་དྲི་ཟད་བདུག་སྤོས་ཀྱི་རིག་པས་བདུག་སྤོས་ཐམས་ཅད། ཨོཾ་ཨེ་ཀཱ་རོ་མུ་ཁ~ཾ་སརྦྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་བཟླས་པའི་སྙིང་ག་ཟས་ཐམས་ཅད་དང་མར་མེའི་རིག་པ་བཟླས་པས་མར་མེ་འབུམ ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་དབུལ་བར་བྱའོ།། ཡང་ན་བཛྲ་སྥ་ར་ཎ་ཁཾ་ཞེས་བྱ་བ་མཆོད་པའི་སྔགས་མངོན་པར་བཟླས་ལ། པི་ཝ་ང་ལ་སོགས་པ་རོ་མོའི་ཕྱག་རྒྱ་དང་། ཧཱུཾ་ཟློས་ཤིང་དབུལ་བར་བྱའོ།། མཆོད་པ་ལྷག་མ ་ནི་སྔར་བཤད་པ་ལས་ཤེས་པར་བྱའོ།། དེ་ནས་ཁྲོ་བོ་མཚོན་ཆ་མ་ལ་སྩོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཁྲོ་བོའི་ཁུ་ཚུརྱ་ལས་ཕྱུང་བས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆེད་དེ། ཡིད ་ཀྱི་མཆོད་པ་ཡང་སྡེ་མ་བཞིན་དུ་བྱས་ལ་ཕྱག་བཞི་བྱའོ།། དེ་ནས་ཕྱི་རོལ་ཏུ་གཏོར་མ་སྦྱིན་ནོ།། དེ་ནས་རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་མེ་དང་། མར་གྱི་སྦྱིན་སྲེག་སྔ་མ་བཞིན་དུ་བྱས་ལ། ཐབ་ཀྱི་དབུས་སུ་རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ ་འཁོར་གྱི་སྦྱོར་བ་ཡིད་ཀྱིས་བཀོད་ལ། ཡི་གེ་ཧཱུཾ་གིས་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ།། དེ་ནས་རྡོ་རྗེ་མཚོན་ཆ་མ་འཛིན་མ་ལ་སོགས་པའི་སྙིང་པོས་སྦྱིན་སྲེག་ལན་བདུན་བྱའོ།། དེ་ནས་མེ་ཏོག་དོར་ལ་དཀྱིལ་འཁོར ་དེ་ཧཱུཾ་ཟློས་ཤིང་བྲི་བའི་དཀྱིལ་འཁོར་དང་གཅིག་ཏུ་བྱའོ།། དེ་ནས་ཕྱག་འཚལ་བ་སྟོན་དུ་འགྲོ་བས་སྡོམ་པ་བཟུང་ལ། ཨོཾ་སརྦ་ཏཱ་ཐཱ་ག་ཏ་མཧཱ་བོ་དྷི་ཙིཏྟ་ཨ་པ་རཱ་ཡ་མོ་ཞེས་བྱ་བ་ལ་སོགས་པ་དེ་བཞིན་དུ་བྱང་ཆུབ་ཏུ་སེམས་ཆེན་པོ ་བསྐྱེད་པ་བྱས་ལ་སུ་ར་ཏ་སྟྭཾ་ཧོ་བཛྲ་སིདྡྷི་ཡ་ཐ་སུ་ཁཾ་ཞེས་བྱ་བས་དེ་བཞིན་དུ་རང་གི་སྙིང་གར་རྡོ་རྗེ་བསྐྱེད་ལ་ཤར་སྒོར་བལྟས་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ་ཧཱུཾ་དང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ ་ང་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་བླངས་ཏེ་བཛྲེ་བཛྲ་ཀརྨ་མུ་ཀ་ར་ཡ་ན་མ་ཤི་བཛྲ་རཱ་ག་ས་མ་ཡ་ན་མ་ཁ~ཾ་ཊྭཱ~ཾ་བཛྲ་པྲལ་པ་ར་ནཾ་མཿཤི་བོཛྲ་གྷནྡྷ་བལ་ཨ་ན་མཿཞེས་བརྗོད་དེ། དཀྱིལ་འཁོར་དུ་ཞུགས་འི་རྡོ་རྗེ་ལྕགས་ཀྱུ་མོའི་སྙིང་པོ་ཡང ་བརྗོད་ཅིང་རྡོ་རྗེ་ལྕགས་ཀྱུ་མས་བདག་ཉིད་བཀུག་པར་བསམ་པར་བྱའོ།། ཡང་ལྷོ་སྒོ་ནས་རྡོ་རྗེ་ཞགས་པ་མའི་སྙིང་པོ་ཡང་ཟློས་ཤིང་དེ་བཞིན་དུ་ཞུགས་ལ། རྡོ་རྗེ་ཞགས་པ་མ་ཡིས་བདག་ཉིད་བཅུག་པར་གྱུར་པར་བསམ་པར་བྱའོ།། དེ ་ནས་ནུབ་སྒོ་ནས་རྡོ་རྗེ་ལྕགས་སྒྲོག་མའི་སྙིང་པོ་ཟློས་ཤིང་དེ་བཞིན་དུ་ཞུགས་ལ་རྡོ་རྗེ་ལྕགས་སྒྲོག་མས་བདག་ཉིད་བཅིངས་པར་བསམ་མོ།། ཡང་བྱང་སྒོ་ནས་རྡོ་རྗེ་དྲིལ་བུ་མའི་སྙིང་པོ་ཟློས་ཤིང་དེ་བཞིན་དུ་ཞུགས་ལ་རྡོ་རྗེ་དྲིལ་བུ ་མས་བདག་ཉིད་དབང་དུ་བྱས་པར་བསམ་པར་བྱའོ།། ཡང་དེ་བཞིན་དུ་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། མ་ཧཱ་སུ་ར་ཏ་སུ་སིདྡྷི་སུ་ཏོ་ཥ་མེ་སུ་སུ་ཁོ་བཛྲ་སཏྭ་ཨཱ་དྱ་སིདྡྷ་མཱཾ། དེ་ནས་ཁྲོས་པས་རྡོ་རྗེ ་གསོར་ཞིང་ཁྲོ་གཉེར་དང་བཅས་པས་ཕྱག་བྱའོ།། དེ་བཞིན་ཁྲོ་བོས་གདུལ་བྱ་ལ། རྡོ་རྗེ་བསྙེམས་པ་འཆང་འགྱུར་ནས།། རྡོ་རྗེ་ཧཱུཾ་མཛད་སྡིགས་མཛུབ་ནི།། ཡི་གོ་ཧཱུཾ་གིས་རབ་ཏུ་སྦྱར།། རྡོ་རྗེ་འཆང་ཆེན་དགྱེས་གྱུར་ཅིག། གདུག་པ་འདུལ ་བས་རབ་ཏུ་དགྱེས།། དེ་ནས་དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ལ།། བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་སྟེ་དེ་ཁོ་ན་ཉིད་ལན་ཅིག་བརྗོད་པར་བྱའོ།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ་བ།། ཡེ་ཤེས་ཆེན་པོ ་ལས་ཆེ་བ།། རྡོ་རྗེ་སེམས་སོགས་དིང་གབ་མཛོད།། ཡང་འདི་སྐད་ཅེས་བརྗོད་དོ།། ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷི་མཱཾ། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་གཡོན་པ་ཁྲོ་བོའི་ཁུ་ཚུར་གྱིས་སེམས་མ་རྡོ་རྗེ་ཕྱེ་ལ་ཧཱུཾ་ཨ་ཞེས་ལན་བརྒྱ་ཟློས་ཤིང་བདག ་སྨ་རྒྱུག་། རླུ་ཤཱ་ཀྱིས་བྱངས་མཱན་དྷརྨྨ། ས་མམྦྷ་དྷཱཟླས་ངྒཱ་དང་གགྶགས་དུས་པ་ལས་གས་ས་ན་ངས ་གཉིས་སུ་རྡོ་རྗེ་བཀོད་ལ། ཧེ་བཛྲ་པཱ་ཤྱ་ཞེས་བྱ་བས་དཀྱིལ་འཁོར་བལྟོ་བར་བྱའོ།། དེ་ནས་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཕྱག་རྒྱ་རང་གི་སྙིང་གར་དགྲོལ་བར་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་བསྐོར་ཧཱུཾ་ཤིས་པ་བརྗོད་པའི ་ཚུལ་དུ་སྙིང་གར་བཞག་ལ་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྟོད་ནས་དེ་ནས་མཚོན་ཆ་རྡོ་རྗེ་མ་ལོ་སོགས་པ་མཆོད་པ་བཞིའི་ཁྲོ་བོ་དང་བཅས་པ་དང་། གླུ་དང་རོལ་མོའི་མཆོད་པས་ཀྱང ་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡང་དག་པར་མཆོད་ལ། ཕྱིའི་དཀྱིལ་འཁོར་གྱི་ནང་དུ་སྣ་ཚོགས་པདྨ་ཤར་སྒོ་རུ་བལྟས་པ་བྲིས་ནས་རྡོ་རྗེ་མེ་ལྟར་འབར་བའི་ཕྱག་རྒྱ་ཆེན་པོ་པདྨ་དེར་འདུག་ལ་མཆོད་ཡོན་བླངས་ཏེ་དྲི ་དང་མེ་ཏོག་ལ་སོགས་པས་བདག་ཉིད་མཆོད་ལ། ཁྲོ་བོའི་ཁུ་ཚུར་གྱིས་རྣམ་པར་རྒྱལ་བའི་བུམ་པ་ལ་ཆུ་བླངས་ལ། ཧཱུཾ་ཨོཾ་བཛྲ་ཨ་བྷི་ཥིཉྩ་ཞེས་བརྗོད་ཅིང་དེས་བདག་ཉིད་དབང་བསྒྱུར་བར་བྱ་ཞིང་ཆུ་དེ་བཏུང་བར་ཡང་བྱའོ།། དེ ་ནས་སངས་རྒྱས་ལྔའི་དབང་བསྐུར་བའི་ཕྱག་རྒྱ་དང་རྡོ་རྗེ་ཕྲེང་བའི་དབང་བསྐུར་ལ་ཕྱི་རོལ་གྱི་སངས་རྒྱས་ལྔའི་ཅོད་པན་རྡོ་རྗེ་ཕྲེང་བའི་དབང་བསྐུར་བར་བྱའོ།། དེ་ནས་ཡི་གེ་གཉིས་ཀྱི་ཆོ་གར་གོ་བགོས་ལ་རྡོ་རྗེ་ཐལ་མོས ་བཅོམ་ལྡན་འདས་ལ་ཕྱག་བྱས་ནས་རྡོ་རྗེ་དང་བདག་པོ་དང་མིང་གི་དབང་བསྐུར་བ་བཅོམ་ལྡན་འདས་ལ་བླང་བར་བྱའོ།། དེ་ནས་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཤུགས་བླངས་ལ་མཆོད་པ་རྣམ་པ་ལྔ་དང་རྡོ་རྗེ་མཚོན་ཆ་མ་ལ་སོགས ་བའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་བདུག་ཉིད་ལ་མཆོད་དེ། དེ་ཁོ་ན་ཉིད་དང་། ཆོས་དང་དྲིལ་བུ་དང་དམ་ཚིག་བཟུང་ལ་ཚིགས་སུ་བཅད་པཱ་ལྔས་རྗེསུ་གནང་བ་དང་། གཟེངས་བསྟོད་པ་དང་། ལུང་བསྟན་པ་ཐོབ་པ་དང་། ་རང་གི་སྙིང་པོ་དང་། ཕྱག་རྒྱ་བཞིའི་ཡེ་ཤེས་བཅོམ་ལྡན་འདས་ལ་ཕྱག་བྱས་ལ་དེ་ལས་དེ་དག་མནོས་ནས་ཡང་བདག་བྱིན་གྱིས་བརླབ་པ་དང་། འདི་ལྟར་མངོན་པར་འདོད་པའི་བཟླས་བརྗོད་བྱས་ནས། བཅོམ་ལྡན་འདས་ལ ་མེ་ཏོག་ལ་སོགས་པོས་ཡང་དག་པར་མཆོད་དེ། ཕྱིར་འབྱུང་བར་བྱའོ།། སློབ་དཔོན་གྱི་ཆོ་ག་རྫོགས་སོ།། །། དེ་ནས་སློབ་མ་འཇུག་པ་ལ་སོགས་ཆོ་ག་རྒྱས་པ་བཤད་དེ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ལ།། བསམ་པ་གཡོས ་པར་གྱུར་པ་ཡིས།། མགོ་བོ་ལེགས་པར་བཏུད་གྱུར་པས།། དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད། ཞུགས་ནས་དཀྱིལ་འཁོར་བསྐོར་ནས་མི།། ལན་གསུམ་བྱས་ཏེ་འདི་སྐད་བརྗོད་།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། འགྲོ་བ་ཀུན་ཀྱང ་འགྲུབ་པར་མཛོད།། དེ་ནས་དུས་ཀྱི་མཆོད་པ་ཡི།། བདེ་བ་ཆེན་པོ་ཡང་དག་མཆོད།། དེ་བཞིན་རྡོ་རྗེའི་དབང་བསྐུར་ལ།། སློབ་མ་བླངས་ཏེ་འཇུག་པར་བྱ།། དེ་ལ་སློབ་མ་བསླབ་པའི་གཞི་ལྔ་ཡོངས་སུ་བླངས་པ་འམ། དགེ་སྦྱོང་གི་སྡོམ ་པ་ཡོངས་སུ་བཟུང་བས་རིག་པའི་སྡོམ་པ་བླངས་ལ། སློབ་དཔོན་ལ་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། དགའ་ཆེན་ཁྱོད་བདག་སྟོན་པ་བས།། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ།། བྱང་ཆུབ་སེམས་དཔའི་ཚུལ ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལོ།། དེམ་ཚིག་དེ་ཉིད་སྩལ་དུ་གསོལ།། སྡོམ་པ་རྣམས་ཀྱང་བདག་ལ་སྩོལ།། དེ་ནས་གནོད་སྦྱིན་གྱི་ཁྲོ་བོ་ཡོངས་སུ་བཟླས་པའི་རས་སྔོན་པོ་སྟོད་གཡོགས་དང་སྨད་གཡོགས་བྱས་ནས། ཡང ་རྡོ་རྗེ་གནོད་སྦྱིན་དང་སྒོ་སྲུངས་བཞི་ཡོངསུ་བཟླས་པའི་དྲར་སྔོན་པོས་གདོང་གཡོགས་ལ་མེ་ཏོག་གི་ཕྲེང་བ་བཏགས་ཤིང་ཁ་དྲི་ཞོམ་པར་བྱས་ལ་ཕྱག་བཞི་སྔོན་དུ་འགྲོ་བ་དང་། སྡོམ་པ་འཛིན་དུ་གཞུག་གོ།། དེ་ནས་སྟོ་མ་བཞིན་དུ ་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་དུ་བཅུག་ལ། དེ་བཞིན་དུ་དེའི་སྙིང་གར་རྡོ་རྗེ་བསྐྱེད་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལྀ་ཡོན་གྱི་མཆོག་བླངས་ཏེ། རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག ་རྒྱས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ། སློབ་དཔོན་འཇུག་པའི་ཆོ་གས་རྡོ་རྗེ་ཤུགས་ཀྱིས་གཞུག་པར་བྱའོ།། དེ་ལ་རྡོ་རྗེ་ཤུགས་འདི་ཡིན་ཏེ། བདག་ཉིད་རྡོ་རྗེ་སྦྱོར་བ་ཡིས།། རྡོ་རྗེ་རྡོ་རྗེ་ཞེས་སྨྲས་།། ཀུན་ཏུ་འགྲོ་བ་གྲུབ་པའི་ཕྱིར།། ་རྡོ་རྗེ་ཤུག་སུ་ཡང་དག་བཤད།། དེ་ནས་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། མ་ཧཱ་ར་ཏ་སུ་ཏྲི་དྷ་སུ་ཏོ་ཥོ་མེ་སུ་སུ་ཁོ་བཛྲ་སཏྭ་ཨཱ་དྱ་སིདྡྷ་མཱཾ་ཞེས་སྨོས་ཤིག་ཡང་འདི་སྐད་ཅེས་བརྗོད་དོ།། དང་ཁྱོད་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་རིགསུ་ཞུགས་ཀྱིས་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་གྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ན་ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང ་རྣམས་ལ་སྨྲ་བར་མ་བྱེད་ཅིག། ཁྱེད་དམ་ཚིག་ཉམས་པར་གྱུར་ཏ་རེ།། དེ་ནས་སློབ་དཔོན་རང་ཉིད་ཀྱིས་ཁྲོ་བོ་ཏི་རིན་ཏི་རིའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མོའི་སྤྱི་བོར་བཞག་སྟེ། འདི་སྐད་ཅེས ་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམ་ཚིག་ཡིན་གྱིས་གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ།། དེ་ནས་ད་མོ་ཚིག་མཆོག་གི་ཕྱག་རྒྱ་དེ་ཉིད་མནའི་སྙིང་པོའི་ཆུ་ལན་ཅིག་བཟླས་ནས་སློབ་མ་འཐུང་དུ་བཅུག་ལ་འདི་སྐད ་ཅེས་བརྗོད་པར་བྱའོ།། དེ་ལ་མནའི་སྙིང་པོ་འདི་ཡིན་ཏེ།། རྡོ་རྗེ་སེམསྣ་དཔའ་དང་ཁྱོད་ཀྱི།། སྙིང་ལ་ཡང་དག་གཞུག་པཪྵ་མཛད།། གལ་ཏེ་ཚུལ་འདི་སྨྲས་ན་ནི།། དེ་མ་ཐག་ཏུ་དྲལ་ནས་གཤེགས།། ཨོཾ་བཛྲ་ཨུ་ད་ཀ་ཋ། དེ་ནས་སློབ་མ་ལ་འདི ་སྐད་བརྗོད་པར་བྱ་སྟེ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངེས་འོད་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་བྱ་དགོས་སོ།། ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག། མི་བདེ་བ་མ་སྦྱངས་པར་ཁྱོད་དུས་བྱས་ནས་སེམས་ཅན ་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་འདི་སྐོད་ཅེས་བརྗོད་པར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨོས་ཤིག། དེ་ནས་རྡོ་རྗེ་སློབ་དཔོན་གྱིས་མྱུར ་དུ་ཁྲོ་བོ་ཏ་རིན་ཏི་རིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་དུ་གཞུག་གོ།། འདི་ནི་རྡོ་རྗེ་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ཡིན་པར་གྲགས།། རྡོ་རྗེ་ཡེ་ཤེས་བླ་མེད་ནི།། དི་རིང་ཉིད་དུ་དབབ་པར་ཤོག། ཨོཾ་བཛྲ་ཨ་བེ་ཤ་ཨ ་ཞེས་ལན་བརྒྱའི་བར་དུ་ཟློས་སུ་གཞུག་གོ། ཡང་ཁྲོ་བོའི་ཁུ་ཚུར་བཅིངས་ལཱ་སེམས་མ་རྡོ་རྗེ་མའི་ཕྱག་རྒྱས་དྲལ་བར་བྱས་ཏེ། ཧཱུཾ་ཨ་ཨ་ཨ་ཨ་ནེས་ལན་བརྒྱ་ཟློས་སུ་གཞུག་གོ། ཡང་ན་རྡོ་རྗེ་འབེབས་པའི་ཕྱག་རྒྱས་བསྒྲུབས ་ཟིན་པའི་རྡོ་རྗེ་དྲིལ་བུ་དང་བཅས་པ་བཅིངས་ལ་རྐང་པ་གཡོན་པས་སློབ་མའི་རྐང་པ་གཡས་པ་མནན་ལོ། བཛྲཱི་ཨ་བེ་ཤ~ཾ་ཨ་ཞེ་སཱ་ལན་བརྒྱ་ཟློས་ཤིང་དབབ་པར་བྱའོ།། དེ་ནས་པྲ་ཏཱིཙྪ་བཛྲ་ཧ~ཾ་ཞེས་བྱ་བསྱཱ་མེ་ཏོག་གི་ཕྲེང་བ་དེ་དཀྱིལ ་འཁོར་ཆེན་པོར་དོར་བར་བྱའོ།། དེ་ནས་ཕྲེང་བ་བླངས་ལ། ཨོཾ་བཛྲ་པྲ་ཏི་གྲྀཧྞ་སཱ་མི་མཱཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བ་འདི་ཉིད་ཀྱི་མགོ་ལ་བཅིང་བར་བྱའོ།། དེ་ནས་སྙིང་པོ་འདས་གདོང་གཡོགས་དགྲོལ་བར་བྱའོ།། ཨོཾ་ས་ཏྭ་ས་ཡན་ཏེ་ཏ། ཙཀྵ་གྷ ་ཏ་ན་པ་ར། ཨུད་ཀ་ཏ་ཡ་པ་ཡཱ་ཏི་སརྦ་ཀྵོ་བཛྲ་ནཀྵཱ་ར་བུདྡྷ་རི། ཧེ་བཛྲ་པཱ་ཤྱ། དེ་ནས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། རྡོ་རྗེ་མེ་ལྟར་འབར་བའི་དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ།། རྡོ་རྗེ་མེ་ལྔར་འབོར་བ་ལ་སོགས་པའི་སྙིང་པོ་སློབ ་མ་ལ་བསྟན་པར་བྱའོ།། དེ་ནི་འདི་དག་ཡིན་ཏེ། ཧྲཱི་ཧཱུཾ་བཛྲ་པྲ་ཧ་ར་ཎི་མཊ། ཨོཾ་བཛྲ་ཤཱུ་ལ་གྲྀ་བནྡྷ་མཊ། ཨོཾ་བཛྲ་ཀ་ཤོ་ཙྪིནྡ་ཏྲི་པ་ཏ། ཧཱུཾ་བཛྲ་ཨ་པ་ལ་པདྨེ་མེ་ཅེས་བྱ་བ་ནི་རྡོ་རྗེ་མཚོན་ཆ་མ་དང་། རྡོ་རྗེ་མདུང་དང་། རྡོ་རྗེ་རལ་གྲི་མ་དང་། ་པདྨའིའོ།། དེ་ནས་འདི་རྣམས་ཀྱི་ཕྱག་རྒྱ་དོན་ཡོད་པ། ཐོགས་པ་མེད་པ། སྟོབས་དང་ཕ་རོལ་གནོན་པ་ཤིན་ཏུ་གྲུབ་པ། སེམས་ཅན་ཐམས་ཅད་མངོན་པར་རྒྱས་འདེབས་པར་སྤྱོད་པ་བསྐུལ་བར་བྱའོ།། ཧཱུཾ་བཛྲ་གུ་ཧྱ་སཏྭ་པ་ར་མ་ཡོ ་གཱི་ཤཱ་རི་ཧཱུཾ་བཛྲ་ཙཎྜེ་ཤྭ་རི་ཕཊ་ཀཽ་མ་ཧཱ་བཛྲ་ཀཱ་པ་ལ་མཱ་ལ་མ་ཀ་ཊ། རུ་ལུ་རུ་ལུ་ལེ་ཧི། ཨོཾ་བཛྲ་ན་ར་ཡ་ནི་བཛྲ་ཧཱུཾ་བཛྲ་པ་ཏཱ་ཀིཛྫ་ཀྲོ་དྷ་མ་ཧཱ་ཡོ་ག་དཾ་གཱི་ན། ལན་ཅིག་བཟླས་ལ་དགོད་པར་བྱའོ།། བཅོམ་ལྡན་འདས་ནི་དེ་ཁོ་ན་ཉིད་ཀྱི ་སྙིང་པོས་དགོད་པར་བྱའོ།། དེ་ལྟར་འདིས་དངོས་གྲུབ་རྣམས་ལ་དོན་ཡོད་པར་འགྲུབ་པར་འགྱུར་རོ།། དེ་ནས་འདིས་འཇུག་པའི་ཕྱག་རྒྱས་སློབ་མའི་སྙིང་གར་དགྲོལ་བར་བྱའོ།། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤྭེ་ཤྭ་ཏོ་མེ་བྷ་བ། ཧྲྀ་ང་ཡཾ་མེ། ་ཨཾ་དྷི་ཏཱིཥྛ་སརྦ་སིདྡྷིམླྀ་པྲཱ་ཡཙྪ་ཧཱུཾ་ཧྱ་ཧ་ཧ་ཧ་ཧོ།། དེ་ནས་ཡོན་གྱི་མཆོག་བླངས་ནས་སློབ་མྱ་སྣ་ཚོགས་པདྨའི་སྟེང་དུ་རྡོ་རྗེ་མེ་ལྟ་རོ་འབར་བའི་ཕྱག་རྒྱ་ཆེན་པོ་བཞག་ལ། མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་མཆོད་དེ། སློབ ་དཔོན་གྱི་དབང་བསྐུར་བའི་ཆོ་གོས་དབང་བསྐུར་རོ།། འདི་སྐད་ཀྱང་བརྗོད་པར་བྱས།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཆོག་འདིས་ན་སྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར།། རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཞིག། རྡོ་རྗེ་དྲལ ་བུའི་ཕྱག་རྒྱ་དག། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུས་ནས་བསྟན་པའམ།། དད་པ་མེད་པས་བགད་པར་འགྱུར།། དེ་ནས་སངས་རྒྱས་ལྔའི་ཅོད་པན་དང་།། རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱ་གཉིས་ཀྱིས་དེ་ལ་དབང་བསྐུར ་ལ་ལུགས་མ་འམ་བརྐོས་པ་འམ། བྲིས་པའི་ཕྱིའི་སངས་རྒྱས་ལྷའི་རྡོ་རྗེ་དང་ལྡན་པའི་ཅོང་པནཱ་གྱིས་དབང་བསྒྱུར་ལ། ཡི་གེ་གཉིས་ཀྱི་གོ་ཆ་བཀོན་པར་བྱའོ།། དེ་ནས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་བཤད་པའི་སྔགས ་ཀྱིས་རྡོ་རྗེ་དང་། བདག་པོ་དང་མིང་གི་དབྱུང་བསྐུ་བ་དང་། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཤུགས་དགེ་སྦྱིན་པར་བྱའོ།། སློབ་མས་ཀྱིང་རྡོ་རྗེ་ཐུལ་མོ་བསྐོར་བས་བཏྟཱ་དྷ་ཅིང་ཕྱོག་བྱས་ལ་མཻ་ཏིག་ལ་སོགས་པའི་དབང་བསྐུརརྱ་ལ་ཐང་བར་བྱེ་ཞིང ་ཡོན་ཡང་དབུལ་བར་བྱའོ།། དེ་ལྟར་ཡོན་ནི་འདི་ཡིན་ཏེ།། མི་ཆེན་ཡོན་དུ་ཕུལ་ནས་ནི།། སླར་ཡང་རིན་གྱི་བསྒྱུ་བྱ་བ།། རྡོ་རྗེ་སེམས་དཔའ་སྦྱོར་བ་ཡི།། ཡོན་འདི་ཡོན་གྱི་མཆོག་ཡིན་ནོ།། དེ་ནས་དེ་ལ་མཆོད་པ་ལྔ་དང་། ཁྲོ་བོའི་རྡོ་རྗེ་མཚོན་ཆོ་མ ་ལ་སོགས་པའི་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་མཆོད་ལ། དེ་ནས་དེའི་རྡོ་རྗེ་དེ་ཁོ་ན་ཉིད་ཀྱིས་སྦྱིན་པར་བྱའོ།། དེ་ནས་ཆོས་ཀྱི་དྲིལ་བུ་དཀྲོལ་དུ་གཞུག་གོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་རློབས་ཤིག། ཅེས་བསྟན ་པར་བྱའོ།། ཚིགསོ་སུ་བཅད་པ་ལྔས་རྗེ་སུ་གནང་བ་དང་སྙིང་པོ་ཡང་བྱིན་ལ་ཕྱག་རྒྱའི་ཡེ་ཤོས་ཇི་ལྟ་བ་བནོན་དུ་བསྟན་པར་བྱའོ།། དེ་ནས་དམ་ཚིག་བསྟན་པར་བྱས་ཏེ།། སེམས་ཅན་ཀུན་ལ་ཕན་འདོགས་དང་།། བསྟན་པ་ཐམས་ཅད་གྲུབ ་བྱའི་ཕྱིར།། གདུག་པ་བཏུལ་ནས་བསོད་ནམས་དག། ཐོབ་ཅེས་རྡོ་རྗེ་འཛིན་པོས་གསུངས།། དཀྱིལ་འཁོར་དུ་ཞུགས་ལ་བཅོམ་ལྡན་འདས་ཧཱུ~ཾ་མཛད་ཀྱི་སྡིགས་མཛུབ་སྦྱར་བར་བྱས་ཏེ། དེ་ནས་བཅོམ་ལྡན་འདས་གདུག་པ་ཐམས་ཅད ་དང་། བདུད་ཐམས་ཅད་དང་། ཁམས་གསུམ་ཐམས་ཅད་འདུལ་བ་ཉིད་དུ་བྱིན་གྱིས་བརླབས་པ་མཛད་དེ། དེ་ནས་ཁྲོ་བོའི་ལས་བཞི་པོ་རྒྱུས་གདབ་པ་དང་། ཕྱག་རྒྱ་གཞིག་པ་དང་། བསད་པ་དང་། འཆིང་བར་བྱ་བ་སྟེ། ཁྲ་བོའི་ལས་བནི ་བསླབ་པར་བྱའོ།། ཕྱག་རྒྱ་གང་ཞིག་ཅེས་བྱ་བ་ནས་བརྩ་མུས་ཏེ། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར་ཞེས་བྱ་བའི་བར་དུ་བརྗོད་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པ་དབུགས་བྱིན་པར་བྱའོ།། ་སློབ་མ་འཇུག་པ་ལོ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །། དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་།། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་གསུངས་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ ་དཔོན་གྱིས་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་རྒྱུན་བསྒྲུབ་པར་བྱེད་པའི་ཕྱག་རྒྱ་རྣམས་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲས་ནི་དེ ་མ་ཐག་པའི་དོན་སྟོན་པར་བྱེད་པའི་ཚིག་ཡིན་ཏེ། སྒྲུབ་པ་ཆེན་པོ་བྱས་ནས་གང་གི་ཚེ་གྲུབ་པར་མ་གྱུར་ན་དེའི་རྗེས་ཐོགས་ཉིད་ལའོ། དངོས་གྲུབ་མོ་གྲུབ་ཅེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་ཕྱག་རྒྱ་བཞིས་སྔར་བཤད་པའི ་བསྒྲུབ་པའི་ཚོགས་བསྒྲུབས་པས་ན་དབང་དུ་བྱས་པར་མ་གྱུར་པ་དེ་ནི་མ་གྲུབ་པའོ།། དེས་དངོས་གྲུབ་བསྒྲུབ་པ་ན་འགྲུབ་པ་ཡིན་ལ། མ་གྲུབ་པས་ན་མ་གྲུབ་པའོ།། ལས་ཀྱི་རྒྱུན་ཞེས་བྱ་བ་ནི་ལ་སོ་རྣམས་ཀྱི་རྒྱུན་ཏེ། ཐམས་ཅད ་བསྲེག་པ་ལ་སོགས་པའི་ལས་ཀྱི་རྒྱུན་རྣམས་སོ།། ལས་ཀྱི་རྒྱུན་དེའི་དམ་པ་ནི་མཆོག་གོ།། སུ་ཞིག་གོ་ཅ་ན། རྡོ་རྗེ་ཁྲོ་མཆོག་རྒྱལ་པོའི་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཁྲོ་བ་ནི་རྡོ་རྗེ་རིགས་ཀྱི་རང་བཞིན་ནོ།། དེ་རྣམས ་ཀྱིམཚིག་ནི་དམ་པའོ།། རྡོ་རྗེ་ཁྲོ་བོ་མཆོག་ཀྱང་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ན་རྡོ་རྗེ་ཁྲོ་མཆོག་རྒྱལ་པོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའོ།། ནི་ཞེས་བྱ་བའི་སྒྲས་ནི་ངེས་པར་བཟུང་བ་སྟེ། རྡོ་རྗེ་ཁྲོ ་བོའི་རྒྱལ་པོ་ཉིད། གོ་རིམ་བཞིན་དུ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སྒྲུབ་པའི་ཆོ་གས་སོ།། རབ་བཤད་ཅེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ། བཤད་པའོ།། འདིས་ནི་འདི་སྐད་སྟོན་པ་འགྱུར་ཏེ། གྲོང་གི་ཚེ་སྔར་བཤད་པའི་སྔོན་དུ་བསྙེན ་པ་བྱས་ནས། ཟླ་བ་ཉ་ལ་མཚན་ཐོག་ཐག་བཟླས་བརྗོད་བྱས་ཏེ་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པ་ན་འགྲུབ་པོར་མ་གྱུར་ན་དེའི་ཚེ་འོག་ནས་རྗེས་ཐོགས་ཉིད་ལ་འཆད་པའི་སྒྲུབ་པའི་ལས་བརྒྱ་པོ་བཀླགས་པ་ཙམ་གྱིས ་འགྲུབ་པར་འགྱུར་རོ།། ཐམས་ཅད་བསྲེག་པ་ལ་ནི་ཞེས་བྱ་བའི་རྒྱུ་བ་དང་། མོ་རྒྱུ་བ་ཐམས་ཅད་བསྲེག་པ་ནི་ཐམས་ཅད་བསྲེག་པའོ།། བསྐྲད་པ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ ་སུ་མཛད་ཀྱིས་སོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བས་སོ།། དེ་ཡང་སྐྱེ་ཚེ་དང་བཅས་པའི་ཡུངས་ཀར་གྱི་སྦྱིན་སྲེག་གཡས་པས་བྱ་བ་དང་། དེ་ཉིད་ཀྱིས་ཐམས་ཅད་བཅིང་བ་དང་། མི་འགུལ་བ་ཉིད་དང་། གཅིང ་ལོག་པར་སྟོན་པ་དང་། ཁྲོ་བོའི་རྡོ་རྗེ་ལྟ་བས་བསྡིགས་པ་དང་། ཕྱག་རྒྱ་ལྷོད་པར་བྱ་བ་དང་། མཛུབ་མོ་གཉིས་སྦྱར་བར་བྱ་བའི་མཚམས་དབྱེ་བ་དང་། དེ་དག་ཉིད་ཀྱིས་གདུ་བུར་བཅིང་བ་དང་། བཅིངས་ཏེ། བཙིར་བ་དང་། དེ་ནས་དྲལ ་དང་། གཡས་ནས་བརྡེག་པ་དང་། མཛུབ་མོ་གཉིས་སྦྱར་བ་དང་། གཡས་པའི་གུང་མོ་འགྱེད་པའི་ཚུལ་དང་། མཛུབ་མོ་འབར་བ་དང་། བཅད་པ་དང་། མཛུབ་མོ་གཉིས་སེན་མོ་གཅེར་ཏེ། བཅིང་པ་དང་། ལག་པ་གཉིས་ག ་བ་དང་། སོར་མོ་ཐམས་ཅད་དུ་གཏོར་བ་དང་། མོད་ལ་ཕྱག་རྒྱ་དགྲོལ་བ་དང་། གྲང་བས་འདོར་བ་ལ་སྡིགས་མཛུབ་བྱ་བ་དང་། གཡས་པའི་མཛུབ་མོ་གདེངས་ཀར་བྱས་ནས་སྡིགས་མཛུབ་བྱ་བ་དང་། གཡས་པ་སོས་བཟུང་བ་དང་། རྒོད་པ་དང ་རྒྱུག་པ་ལ་སོགས་པར་སྟོན་པ་དང་། མཛུབ་མོ་གཉིས་སུ་སེ་གྲོལ་གཏོག་པའོ།། འདི་སྐད་སྟོན་པ་ཡིན་ཏེ། སྐུ་མོ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་རྣལ་འབྱོར་བྱས་ལ། དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང་། ཆོས་ཀྱི་དྲིལ་བུ་བཀྲོལ་བར་བྱ།། དམ་ཚིག་གིས ་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླ།། དེ་ནས་བཅོམ་ལྡན་འདས་ཇི་སྐད་དུ་བཤད་པའི་སྦྱིན་སྲོག་གི་ཐབ་ཁུང་གི་གནས་སུ་ལེགས་པར་བཞུགས་སུ་གསོལ་ཏེ། ཆོ་ག་ཐམས་ཅད་རྫ་སུ་སྤྱད་པ་ཧི་ཧཱུཾ་ཞེས་ཟློས་ཤིང་རྡོ་རྗེ་ཧཱུཾ་མཛད ་ཀྱི་ཕྱག་རྒྱ་བཅིངས་ལ་གཡས་པས་བླུགས་གཟར་བླངས་ཏེ། ཡུངས་མེར་སྐྱེ་ཚེ་དང་བཅས་པའི་སྦྱིན་སྲེག་བྱ་ཞིང་བསྒྲུབས་པར་བྱ་བ་ཡང་བཅོམ་ལྡན་འདས་བསྐལ་པ་མེ་ལྟར་འབར་བའི་ཕུང་པོ་འདྲ་བའོ་ཞལ་དུ་ཡིད་ཀྱིས་གཞུག་པར་བྱས་ཏེ། ་དེ་ལྟ་བུས་ནི་ཐམས་ཅད་བསྒེག་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུ~ཾ་མཛད་བཅིངས་ཏེ་བསྒྲུབ་པར་བྱ་བ་བསྐྲད་པའི་བསམ་པས་མཛུབ་མོ་གཉིས་ཀྱིས་གཏོང་བ་ལྟར་བྱས་ཏེ། བསྒྲུབ ་བར་བྱ་བ་ཡང་རྡོ་རྗེ་རླུང་གི་དཀྱིལ་འཁོར་གྱིས་རྩ་བཞིན་དུ་ཁྱེར་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནཱ་ཐམས་ཅད་སྤྱོད་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་བསྐྱོབ་པར་བྱ་བོའི ་ཚིག་ཏུ་སྨྲ་ནུས་པར་བྱ་བའི་ཕྱིར། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛུབ་མོ་གཉིས་ཀྱིས་བདག་ཉིད་ཁར་བཙིར་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་གཞིག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བསྒྲུབ་པར་བྱ་བའི་སྟེང ་དུང་བ་དོན་གྱི་དཀྱིལ་འཁོར་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་མནན་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་རེས་སོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཡིད་ཀྱི་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ་བསྒྲུབ་པར ་བྱ་བ་ག། ད་ལོག་ཏུ་གཞུགས་པའི་བསམ་པས་མྱིག་འཛུམ་པ་བྱས་ཏེ། དེ་ལྟ་བུས་ཐམས་ཅད་གཉིད་ལོག་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཁྲོ་བོའི་ལྟ་བས་བསྒྲུབ་པར་བྱོས་པ་ལ་བལྟ་ཞིང་མཛུབ་མོ་གཉིས་ཀྱིས ་སྡིགས་མཛུབ་བྱས་ལ་མིག་ལས་བྱུང་བའི་རྡོ་རྗེ་འབར་བས་ཀྱང་བསྒྲུབ་པར་བྱ་བའི་ལུས་ལ་མཚམས་མེད་པར་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་རྒྱས་འདེབས་སོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ་བསྒྲུབ་པར་བྱ་བ་དང་ལྷན་ཅིག་གཅིག་ཏུ་བྱས་ཏེ་བསྒྲུབ་པར་བྱ་བ་རྨོངས་པར་བྱ་བའི་བསམ་པས་ཕྱག་ལྷོད་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་རྨོངས་སོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བསྒྲུབ་པར་བྱ་བ་གཟིར་བའི་བསམ་པས་རྡོ་རྗེ་ཧཱུཾ་མཛད ་ཀྱི་མཛད་མོ་གཉིས་ཕན་ཚུན་གཤིབས་ལ། དཔུང་གི་ཚོགས་ཡན་ལག་བཞི་གཞིག་པའི་བས་མོ་པས་སོ་སོར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་འཇིག་གོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བསྒྲུབ་པར་བྱ་བ་བཅིང་བའི་བསམ་པས་རྡོ་རྗེ ་མཛད་ཀྱི་ཕྱག་རྒྱ་མཛུབ་མོ་གཉིས་གདུ་བུར་བཅིང་བར་བྱས་ལ་བསྒྲུབ་པར་བྱ་བ་ཡང་རྡོ་རྗེ་ལྕགས་སྒྲོག་གི་ཁྲོ་བོས་བཅིང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བཅིངས་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བསྒྲུབ་པ ་བྱ་བ་གཟིར་བའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛུབ་མོ་གཉིས་གདུ་ཐར་བཅིང་བའི་ཚུལ་དུ་བྱས་ལ། དེ་བཙི་ར་བར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་བཅིང་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་བཅིང་བ་ཐམས་ཅད་དྲལ ་བོའི་བསམ་པས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་བཅིངས་ལ་དྲལ་བར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་དྲལ་བར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱོག་རྒྱ་བཅིངས་ཏེ་བསྒྲུབ་པར་བྱ་བ ་ལ་བསྣུན་པའི་བསམ་པས་གཡས་པའི་མཛུབ་མོ་གཡོན་པའི་མཐེ་ཆུང་ལ་བརྡེག་པར་བྱས་ཏེ། དེ་ལྟོ་བུས་ནི་ཐམས་ཅད་བརྡེག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱའི་མཛུབ་མོ་གཉིས་ཀྱི་རྩེ་མོས་གྱེན་དུ ་འབར་བ་འབྱིན་པའི་ཚུལ་དུ་བྱས་ལ། བསྒྲུབ་པར་བྱ་བའི་འོག་ན་རླུང་གི་དཀྱིལ་འཁོར་དེའི་འོག་ན་མེའི་དཀྱིལ་འཁོར་ལ་མེ་སྟག་རྣམ་པར་འཁྲུག་པའི་ཡི་གེ་ཧཱུཾ་མི་བཟད་པ་བསམས་ལ། དེས་བསྒྲུབ་པར་བྱ་བ་ཤིང་སྐམ་པོ ་བཞིན་དུ་འབར་བར་བསམོ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་འབར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་བསྒྲུབ་པར་བྱ་བ་བསྒྱེལ་པོའི་བསམ་པས་གཡས་པའི་མཛུབ་མོ་གཡོན་པའི་གུང་མོ་བསྒྲེང་བར་བྱ་ཞིང་། ་གཡས་པའི་མཛུབ་མོ་ལས་བྱུང་བའི་རྡོ་རྗེ་འབར་བས་བསྒྲུབ་སུ་སྐྱེས་པར་གྱུར་བར་བས་མ་ཀྱ་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྐྱིལ་ཏོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་དེའི་མཛུབ་མོ་གཉིས་ཀྱི་མེ་བྱུང་བའི་ཚུལ་དུ་བྱས་ཤིང་རང་གི་སྙིང་ག་ནས་ཀྱང ་རྡོ་རྗེ་འབར་བ་བྱུང་བས་བསྒྲུབ་པར་བྱ་བ་མཆེད[]ོཾ་དེ་ལྟ་བུས་ནཱི་ཐམས་ཅད་གཅོད་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བརྙིངས་ཏེ། བཅད་པའི་བསམ་པས་དེ་གཉིས་སྦྱར་བར་བྱ་ཞིང་། བསྒྲུབ་པོར་བྱ་བ་ཡང་རྡོ་རྗེ་ཧཱུ~ཾ་མཛད་ཀྱི་རལ ་གྲིས་གཏུབ་པར་བསམ་པར་བྱས་ཏོ།། དེ་ལྟ་བུས་ནི་ཐམས་ཅད་གཙང་ངོ་།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན་གཙར་ཏེ་རྩེ་མོར་བྱས་ལ། དེས་བསྒྲུབ་པར་བྱ་བ་བཀྲུས་པ་ལྟར་བྱི་ཞིང་རྩེ་མོ་ལས ་བྱུང་བའི་རྡོ་རྗེ་འབར་བས་བསྒྲུབ་པར་བྱ་བ་བཀས་པར་འགྱུར་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བཀས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ལོག་པ་གཉིས་ཀྱི་བསྒྲུབ་པར་བྱ་བ་ཕྱེ་མར་བྱ་བའི་བསམ་པས ་གཅིག་ལ་གཅིག་མཉེ་ཞིང་། བསྒྲུབ་པར་བྱ་བ་ཡང་བཅོམ་ལྡན་འདས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཉིས་ཀྱི་ནང་དུ་བཅུག་ནས་ཕྱེ་མར་བྱ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་ཕྱེ་མར ་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛོད་བཅིངས་ལ། སོར་མོ་ཐམས་ཅད་ཀྱིས་ཐམས་ཅད་དུ་གཏོར་བའི་ཚུལ་དུ་བྱ་ཞིང་བསྒྲུབ་པར་བྱ་བ་ཡང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་གཏོར་བར་བསམ་པར་བྱས་ཏེ། ད་ལྟ་བུས་ནི་གཏོར་བར ་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། བདུད་ཀྱི་དཔུང་ལ་སོགས་པ་རྣམ་པར་གཞིག་པའི་བསམ་པས་ཕྱག་རྒྱ་དེ་མོདོལ་གྱ་ཚོམ་དུ་དགྲོལ་ཞིང་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བདུད་ཀྱི་དཔུང་རྣམ་པོར་འཇོམས་པར་མཛད་པར ་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་རྣམ་པར་བཅོམ་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་རྡོ་རྗེ་མཛུབ་མོ་གཉིས་ཀྱིས་དྲང་བས་དྲང་བའི་ཚུལ་དུ་བྱས་ཤིང་བསྒྲུབ་པར་བྱ་བ་ལ་སྡིགས་མཛུབ་བྱས་ན་སྤྱི་བོ་ནས་བརྩམས ་ནས། རྐང་མཐིལ་གྱི་བར་དུ་བསྒྲུབ་པར་བྱ་བའི་ལུས་ལ་རིམས་ཀྱིས་ཀུན་ཏུ་གང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་རིམས་ཐམས་ཅད་ཀྱིས་གཟུང་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིང་སོ་ལ་བདག་ཉིད་རྡོ་རྗེ་གླུར ་བསམས་ཏེ། གཡས་པའི་མཛུབ་མོ་གདེངས་ཀའི་ཚུལ་དུ་བྱས་ལ། དེས་བསྒྲུབ་པར་བྱ་བ་ལ་སྔགས་མཛུབ་བྱ་ཞིང་། རྡོ་རྗེ་གླུས་བསྒྲུབ་པར་བྱ་བ་བཟུང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་དུག་ཐམས་ཅད་ཀྱིས་གཟུང་བར ་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། མཛུབ་མོ་གཡས་པ་སོས་བཟུང་ཞིང་བསྒྲུབ་པར་བྱ་བ་རྡོ་རྗེ་སྲིན་པོ་ལ་སོགས་པ་གདོན་གྱིས་བཟུང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་གདོན་ཐམས ་ཅད་ཀྱིས་བཟུང་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་དང་། བདག་ཉིད་ཡིད་ཀྱིས་གཅིག་ཏུ་བྱས།། བསྒྲུབ་པར་བྱ་བ་སྐྱོ་བར་བྱ་བའི་བསམ་པས་ངུ་བ་དང་། རྒོད་པ་དང་། རྒྱུ་བ་ལ་སོགསོ་པ་རབ་ཏུ་བསྟེན་པར ་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་སྐྱོ་བ་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་ཀྱིས་ཕན་ཚུན་སེ་གོལ་གྱི་སྒྲ་གཏོག་པའི་ཚུལ་དུ་བྱས་ཤིང་། བཅོམ་ལྡན་འདས་ཞབས་འདྲེན་པའི་ཁྲོ་བོས་ཀྱང ་བོབ་སྒྲུབ་པར་བྱ་བ་བཀུག་སྟེ། ཀུན་ཏུ་བསྡམས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་གསོད་པར་འགྱུར་རོ།། དེ་ལྟར་རྡོ་རྗེ་ཧཱུཾ་མཛད་ཀྱིས་ཐམས་ཅད་བསྲེག་པ་ལ་སོགས་པ་ལས་རྣམ་པ་ཉི་ཤུ་རྩ་ལྔ་བསྒྲུབ་པ་གསུངས་ནས ་ནཱི་རྡོ་རྗེ་ཁྲོ་བོའི་མཆོག་ནི་ཕྱག་རྒྱ་ལས་ཉི་ཤུ་རྩ་ལྔ་པོ་གཞན་དག་བསྒྲུབ་པ་ནི་ཐམས་ཅད་དགུག་པར་བྱ་བ་དང་། ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ ་བཅིངས་ལ་གཡོན་པའི་སྟེང་དུ་གཡས་པ་བཞག་པ་དང་ས་ལ་བཞག་པ་དང་། བསྐྱོད་པ་དང་གར་བྱེད་དུ་གཞུག་པ་དང་། སྒེག་པ་འབྱིན་པའི་ཚུལ་དང་། བརྒྱལ་ཏུ་གཞུག་པ་དང་། ཐམས་ཅད་དུ་བརྒྱལ་ཏུ་གཞུག་པ་དང་། ཧོ་ཧོ་ཞེས་རྒོད ་པ་དང་། དགུག་པ་དང་། འོང་དུ་གཞུག་པ་དང་། བཏང་བ་དང་། ཡོངས་སུ་བཟློག་ནས་བསྲུང་བ་དང་། དེ་ནས་འཕང་བ་དང་། མྱུར་དུ་འཕང་བ་དང་། དེ་བཞིན་དུ་བསྒྱུར་བ་དང་། དེ་བཞིན་དུ་དྲང་བ་དང་། རང་ཉིད་ང་རོ་འདོན་དུ་གཞུག་པ་དང་། རང་ཉིད ་ལ་དེ་དག་ཏུ་གཞུག་པ་དང་། སྙིང་བརྡུང་དུ་གཞུག་པ་དང་། རང་ཉིད་རང་གི་སྒྲསྐྲ་འབལ་བ་དང་། ཞེ་འགྲས་པར་བྱ་བ་དང་། རང་གི་གོས་ཤུར་གཞུག་པ་དང་། དེ་བཞིན་དུ་ཁྲོ་བས་འབར་བ་སྟོན་པའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ། གཡོན་པའི་མཛུབ་མོ་འཕྲེང་དུ་བཞག་ལ། དེའི་སྟེང་དུ་མཛུབ་མོ་གཡས་པ་བཞག་པའི་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ་བསྒྲུབ་པར་བྱ་བ་འདུག ་པའི་བསམ་པས་འདུག་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་འདུག་གོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བཞག་ཅིང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསྒྲུབ་པར་བྱ་བ་གནས་ཇི་ལྟ་བ་བཞིན་དུ་དགོད་པའི་བསམ་པས་བཞག་པར་བྱས་ཏེ། ་ལྟ་བུས་ནི་ཐམས་ཅད་དགོད་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་བསྐྱོད་པར་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བས་ཀྱང་རང་གི་གནས་ནས་བསྐྱོད་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས ་ནི་ཐམས་ཅད་བསྐྱོད་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ་རང་ཉིད་གར་བྱས་ཏེ་དེ་ལྟ་བུས་ནི་གར་ཐམས་ཅད་དུ་འཇུག་པར་འགྱུར་རོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་རྡོ་རྗེ་ཧཱུ~ཾ་མཛད ་བཅིངས་ཏེ། བསྒྲུབ་པར་བྱ་བ་དང་ལྷན་ཅིག་གཅིག་ཏུ་བྱས་ལ་རྡོ་རྗེ་གླུ་ལེན་དུ་གཞུག་པའི་བསམ་པས་ཕྱག་རྒྱ་དེ་ཁའི་ཕྱོགས་ནས་ཤིན་ཏུ་དྲང་བར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་གླུ་ཡིད་ཀྱིས་ལེན་དུ་གཞུག་པར་འགྱུར ་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཆུ་བོ་ཆེན་པོ་བསྐྱེད་པའི་བསམ་པས་རྒྱལ་བྱེད་དུ་གཞུག་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མཐའ་ན་གནས་ཀྱང་ཆུ་བོའི་དབུས་ནི་གནས་པ་ལྟ་བུར་བདག་ཉིད་མཐོང་ནས་ལོག་ངར་གཉིས ་རྐྱལ་པའི་ཚུལ་དུ་བྱེད་ཅིང་འདུག་སྟེ། དེ་ལྟ་བུས་ནི་ཐམས་ཅད་འདྲིར་གཞུག་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེ་ཐམས་ཅད་རྒྱལ་དུ་གཞུག་པར་བྱས་ཏེ། དེས་ནི་ཕྱོགས་བཞིའི་སྐམ་སྔར་གཏོགས་པ་རྣམས་སུ་ལྷུང་བ ་ལྟ་བུར་བདག་ཉིད་ཀྱིས་མཐོང་ལ་དེ་ནས་ལཾག་དར་གཉིས་ཀྱི་རྒྱལ་བའི་ཚུལ་དུ་བྱེད་པར་གྱུར་ཏེ། དེ་ལྟ་བུས་ནི་ཐམས་ཅད་རྩེད་མོ་བྱེད་དུ་འཇུག་པར་འགྱུར་རོ།། དེ་བཞིན་དུ་ཛ་དྷཱུ་ཧཱུཾ་མཛོད་བཅིངས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག ་གཅིག་ཏུ་བྱས་ནས་བསྒྲུབ་པར་བྱ་བ་དགོད་པའི་རྟ་གང་ཆེན་པོ་བྱས་ཏེ། དེ་ལྟ་བུས་ནི་ཧ་ཧ་ཞེས་དགོད་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་བསྐོར་བའི་བསམ་པས་ཕྱག་རྒྱ་བསྐོར་བར་བྱ་ཞིང་བཅོམ་ལྡན ་འདས་ཀྱིས་ཀྱང་བསྒྲུབ་པར་བྱ་བ་མགལ་མེའི་འཁོར་ལོ་བསྐོར་བར་མཛད་པར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་བསྐོར་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བའི་བསོམ་པས་དགུག ་བར་བྱ་ཞིང་བཅོམ་ལྡན་འདས་ཀྱིས་ཀྱང་བསྒྲུབ་པར་བྱ་བ་འདྲེན་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དྲངས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་བསྒྲུབ་པར་བྱ་བ་བཀུག་པའི་བསམ་པས་མདུན ་ན་དགུག་པར་བྱ་ཞིང་བཅོམ་ལྡན་འདས་ཀྱིས་ཀྱང་བསྒྲུབ་པར་བྱ་བ་བསྡམས་ཏེ་བྱོན་པར་བསམ་སྟེ། དེ་ལྟ་བུས་ནི་འགུགསོ་དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། བསྒྲུབ་པར་བྱ་བ་བཏང་པོའི་བསམ་པས་བཏང་བར་བྱ་ཞིང་བཅོམ ་ལྡན་འདས་ཀྱིས་ཀྱང་བསྒྲུབ་པར་བྱ་བར་བསྒོམས་པར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ནང་བསྒོམས་པར་འགྱུར་རོ།། སྔ་མ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡོངས་སུ་ཟློས་ཏེ། དེ་ནུབ་ཏུ་གཞུག་པའི་ཚུལ ་གྱིས་བསྒྲུབས་ཤིང་བསྒྲུབས་པར་བྱ་བ་ཡང་རི་ལ་སོགས་པའི་ཕྱོགས་ནས་ཚུ་ལ་ནུབ་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་ནུབ་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་བསྒྲུབ་པར་བྱ་བ་བརྡེག་པའི་བསམ ་པས་བརྡེག་པར་བྱསྭ་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་ཆུར་ནུབ་པ་ལས་ཐམས་ཅད་འབྱིན་པར་འགྱུརརོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེ་མྱུར་དུ་འཕང་བར་བྱ་ཞིང་བསྒྲུབ་པར་བྱ་བ་ལ་བཅོམ་ལྡན་འདས་ཀྱི་སོ་རིའི་ལུས་ལ་སོགས ་བས་འཕང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་འཕང་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ནས་བསྒྲུབ་པར་བྱ་བ་འོག་ནས་འདེགས་པའི་བསམ་པོས་མྱུར་དུ་འདེགས་པར་བྱ་ཞིང་། བཅོམ་ལྡན་འདས་ཀྱིས་བསྒྲུབ་པར ་བྱ་བ་འདེགས་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཉེ་བར་འདེག་སོ།། དེ་བཞིན་དུ་ཧཱུཾ་མཛད་བཅིངས་ལ་ཐད་ཀར་བསྐྱུངས་པར་བསམས་ཞིང་བསྒྲུབ་པར་བྱ་བ་བཅོམ་ལྡན་འདས་ཀྱིས་ཐད་ཀར་འཕངས་པར་བསམ ་པབར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསྙུངས་པར་འགྱུརརོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ལ་བསྒྲུབ་པར་བྱ་བ་འདོན་པའི་བསམ་པས་རང་ཉིད་ང་རོ་འདོན་པར་བྱས་ཏེ། དེ་ལྟ་བུས་ནི ་ཐམས་ཅད་ང་རོ་འདོན་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ནས། རང་ཉིད་དུ་བར་བྱས་ནས་དེ་ལྟ་བུས་ནི་ཐམས་ཅད་ངུར་གཞུག་པར་འགྱུར་རོ།། དེ་བཞིན་དུ་རྡོ་ཎཱཾ་ཧཱུཾ་མཛད་བཅིངས་ལ ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ཏེ། བསྒྲུབ་པར་བྱ་བ་རང་ཉིད་བརྡེག་པའི་བསམ་པས་བདག་ཉིད་བརྡེག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་དང་རང་ཉིད་བརྡེག་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད ་བཅིངས་ལ་ཡིད་ཀྱིས་དེས་རང་གི་སྙིང་གར་བརྡེག་ཅིང་བསྒྲུབ་པར་བྱ་བ་ཡང་རྡོ་རྗེ་འབར་བས་སྙིང་ལ་ཕོག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་བཅིངས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅངས་ལ་ཡིད་ཀྱིས་བསྒྲུབ་པར་བྱ། ་བ་དང་ལྷན་ཅིག་ཏུ་བྱས་ལ་རང་གི་སྒྲ་འབལ་བར་བྱས་ཏེ་དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་སྐྲ་འབལ་བར་བྱེད་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཡིད་ཀྱིས་བསྒྲུབ་པར་བྱ་བ་ཕན་ཚུན་འཐབ་པ་ལ་སྦྱར་བར་བྱས་ཏེ། དེ་ལྟ་བུས་ནི ་ཞེ་འགྲས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ཏེ་རང་གི་གོས་བཤུ་བར་བྱས་ཏེ་དེ་ལྟ་བུས་ནི་བསྒྲུབ་པར་བྱ་བ་གོས་བཤུས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད ་བཅིངས་ལ་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་གཅིག་ཏུ་བྱས་ལ་མནོར་སེམས་རིང་པོར་དགུ་ཡིད་ལ་བྱས་ནས་ཁྲོ་བས་རབ་ཏུ་འབར་བའི་ཚུལ་དུ་བྱས་ཏེ། དེ་ལྟ་བུས་ནི་ཁྲོ་བས་འབར་བར་འགྱུར་རོ།། དེ་ལྟར་རྡོ་རྗེ་ཁྲོ་མཆོག་གི ་ཕྱག་རྒྱ་ལས་གྲུབ་པ་གསུངས་ནས་ད་ནི་ཐམས་ཅད་དགུག་པ་དངོ་ཞེས་བྱ་བ་ལ་སོགས་པ་སྨོས་པས། རྡོ་རྗེ་ཁྲོ་བོ་ཆེན་པོ་སྣ་ཚོགས་དངོས་གྲུབ་ཀྱིས་ལས་བསྒྲུབ་པར་གསུངས་པ་ཡིན་ནོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ནས་གཡས་པའི་མཛུབ་མོ་ལྕགས་ཀྱུ་དང་། དེ་ཉིད་ཀྱི་གཞུག་པ་དང་། གཡས་པའི་སེ་གྲོལ་དང་། གཡོན་པའི་སེ་གོལ་དང་། མཛུབ་མོ་གཉིས་ཀྱིས་ལྕེ་ལ་བྱུགས་པ་དང་། བ་སྤུ་གཡས ་ནས་འཁྱིལ་བ་དང་། བོསྒྱེལ་བ་ལ་སོགས་པའི་ཚུལ་དུ་བྱ་བ་དང་། དུས་ཚིགས་ཟློས་པར་བསྒོམ་པ་དྲང་ཁྲོ་བོའི་རྡོ་རྗེ་ལྟ་བས་ཤིང་ལ་བལྟས་ཏེ་ཡིད་ལ་འདོད་པ་འབྱུང་བ་དང་། དེ་བཞིན་དུས་དང་བལྟ་བ་དང་སྨིན་མ་དང་། སོ་དང་། ་ཕུར་ཕྱག་རྒྱས་བརྡེག་པ་དང་། རྒྱལ་མཚན་བསྒྲེང་བ་དང་། འཇིག་བྱེད་ཀྱི་ལྟ་བ་ཁྲོ་བོ་དང་བཅས་མིག་མི་འཛུམ་པར་བལྟ་བ་དང་བཅས་པས་དེ་བཞིན་དུ་འབར་བའི་བཅིང་བ་དང་། ཕྱག་རྒྱ་བསྐོར་བ་དང་། མཛུབ་མོའི་རྡོ་རྗེ་སྤྱི་གཙུག ་ཏུ་བཞག་པ་དང་། དེ་བཞིན་དུ་སྙིང་ག་དང་། དེ་བཞིན་དུ་རྡོ་རྗེ་དཀྲོལ་བ་དང་། ཕྱག་རྒྱ་ཐད་ཀར་བརྡེག་པ་དང་། མཛུབ་མོའི་གདོང་སྤྱད་པའོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། ་གཡས་པའི་མཛུབ་མོ་ལྕགས་ཀྱུས་བསྒྲུབ་པར་བྱ་བ་དགུག་པར་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ལྕགས་ཀྱུའི་ཁྲོ་བས་དགུག་པར་བྱ་བ་འགུགས་པར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་ཐམས་ཅད་འགུགས་པར་འགྱུ་རོ།། དེ་བཞིན ་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་གཞུག་པའི་ཚུལ་དུ་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཞགས་པས་ཀྱང་བསྒྲུབ་པར་བྱ་བ་དེ་གཞུག་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཐམས་ཅད་བཅུག་པར ་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་གཡས་པའི་མཐེ་བོང་མཛུབ་མོ་གཉིས་ཀྱིས་སཽ་གོལ་གྱི་སྒྲ་གཏོགས་པར་བྱ་ཞིང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་བསྒྲུབ་པར་བྱ། ་བ་ཀུན་བཀང་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བཅིངས་པར་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་གཡོན་པའི་མཐུ་བོང་དང་མཛུབ་མོ་གཉིས་ཀྱིས་སཾ་གོལ་གྱི་སྒྲ་གཏོག་པར་བྱི་ཞིང་སྔར ་བཤད་པའི་ཆོ་གས་པྲ་སེ་ན་བསྒྲུབ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངསོ་ལ་མཛུབ་མོ་གཉིས་ཀྱིས་རང་གི་ལྕེ་ལ་ཡོངས་སུ་བྱུག་པར་བྱ་ཞིང་ཡིད་ཀྱིས་བསྒྲུབ་པར་བྱ་བ་དང་ལྷན་ཅིག་ཏུ་བྱས་ན་དེ་ལྟ་བུས་ནི་བདེ་བ་སྨེ ་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གཟུགས་ཐམས་ཅད་ཡང་དག་པར་སྟོན་པའི་བསམ་པས་དེའི་བ་སྤུ་གཡས་ནས་འཁྱིལ་པའི་ཚུལ་དུ་ལུས་ལ་བསྐོར་ནས་དེ་ལྟ་བུས་ནི་སྒྱུ་མ་ཐམས་ཅད་སྟོན་པར་འགྱུར་རོ།། ་དེ་བཞིན་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ལན་སྟོན་པའི་བསམ་པས་ལྟུང་བ་སློང་བའི་ཚུལ་དུ་བྱས་ན་དེ་ལྟ་བུས་ནི་ལན་སྟོན་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་མཛད་བཅིངས་ལ་དུས་ཚིགས་ཀྱི་འཁོར་ལོ་ཡོངས་སུ་ལྡོག་པར་བསྒོམས ་པས་ནི་དུས་ཚིགས་ཀྱི་འཁོར་ལོ་ཡོངསུ་ལྡོག་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ཁྲོ་བོ་རྡོ་རྗེ་ལྔ་པས་ཇི་སྙེད་པའི་ཤིང་ལ་བལྟས་ཏེ། དུས་མ་ཡིན་པར་ཡིད་ལ་འདོད་པའི་མེ་ཏོག་དང་། ལོ་མ་དང་། འབྲས་བུ་སྨིན ་པར་སྟོན་པར་བྱེད་པ་ཡིན་ཏེ། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངསྭ་ཏེ་ས་ལ་བཞག་ལ། འབྲུ་ཐམས་ཅད་འབྱུང་བར་སྟོན་པར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་འབྲུ་ཐམས་ཅད་སྟོན་པ་ཡིན་ནོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ་སྔར་བཤད་པའི་རིམས་སེལ་བའི་བསྒོམ་པ་དང་བྱམས་པའི་ལྟ་བས་རིམས་ཐམས་ཅད་བལྟ་བར་བྱའོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་སྨིན་མ་འགྱུར་བའི་ཚུལ་གྱིས་སྦྱར་བའི་དུག་ཐམས་ཅད་བསལ་བར་འགྱུར་རོ།། དེ་བཞིན ་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་སོ་བསྟན་པར་བྱ་ཞིང་། བཅོམ་ལྡན་འདས་ཁྲོ་བ་སྟོབས་པོ་ཆེ་གདོན་མི་ཟ་བོའི་ལུས་ལ་ཞུགས་ནས་གདོན་ཟ་བར་བསམ་པར་བྱས་ཏེ་དེ་ལྟ་བུས་ནི་གདོན་བསལ་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིང ་ལ་ཕུ་ཞེས་བྱ་བ་ཟློས་ཤིང་བདག་ཉིད་ཀླུ་ཟ་བའི་མདོག་དུ་བསམས་ལ་རྒྱུ་དང་མི་རྒྱུ་བའི་དུག་གི་སྟེང་དུ་ཡི་གེ་ཕུ་ཟླ་བའི་མདོག་ཅན་ཉིད་བསམ་པར་བྱ་ཞིང་སེམས་ཅན་གྱི་ལུས་སམ་དུག་བདུད་རྩིར་བྱས་པར ་བསམ་པར་བྱ་ཞིང་དེ་ལྟ་བུས་ནི་དུག་ཐམས་ཅད་ལས་ཐར་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱས་ཤིང་བདག་ཉིད་དཔལ་ཧེ་རུ་ཀར་བསམས་ཏེ་དེས་མཁའ་འགྲོ་མས་ཟིན ་པ་ལ་བསྣུན་པར་བྱ་ཞིང་མེ་ལྟར་འབར་བས་ཀྱང་མཁའ་འགྲོ་མའི་གདོན་ཐལ་བར་བྱས་པ་རཱ་བསམ་སྟེ། དེ་ལྟ་བུས་ནི་མཁའ་འགྲོ་མའི་གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེས་རྒྱལ ་མཚན་བསྒྲེང་བའི་ཚུལ་དུ་བྱས་ཤིང་ཕྱག་རྒྱ་བཅིངས་པ་ལས་དཔུང་གཱ་ཚིགས་ཡན་ལག་བཞི་ཕྱུང་སྟེ། དྲིས་རང་གི་དཔུང་ཡོངས་སུ་བསྲུངས་ན། དེ་ལྟ་བུས་ནི་གཡུལ་འགྱེད་པ་ཐམས་ཅད་ལས་ཐར་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ ་མཛད་བཅིངས་ལ་འཇིགས་བྱེད་ཀྱི་ལྟ་བོས་ཁྲོ་བ་དང་བཅས་པས་མོག་མི་འཛུམ་པར་བལྟ་ཞིང་ཕྱག་རྒྱ་བཅིངས་པ་ལ་དཔུང་གི་ཚོགས་ཡན་ལག་བཞི་པ་ཕྱུང་སྟེ། དེས་གཞན་གྱིས་དཔུང་བཅོམ་པར་བསམས་ན་དེ་ལྟ་བུས་ནི་གཞན་གྱི ་དཔུང་ཐམས་ཅད་བཅོམ་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མིག་མི་འཛུམ་པར་བལྟ་ཞིང་ཇི་ཙམ་མངོན་པར་འདོད་པའི་ཕྱོགས་སུ་བལྟས་ལ་མཚམས་བཅིང་བར་བྱའོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་རང་གི ་སྙིང་ག་ལས་རྡོ་རྗེ་འབར་བ་ཕྱུང་ནས་དེས་ཕྱོགས་བཅིང་བར་བྱའོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཕྱག་རྒྱ་དེ་བསྐོར་བ་དེ་ལྟ་བུས་ནི་དཀྱིལ་འཁོར་བཅིངས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་གཞིབ ་ཏེ། རྩེ་མོར་བྱས་ལ་ཡོངས་སུ་བཟློག་ནས་མཛུབ་མོའི་རྡོ་རྗེ་རྩེ་མོ་སྤྱི་གཙུག་ཏུ་བཞག་པར་བྱས་ཏེ། དེ་ལྟོ་བུས་ནི་ཤིན་ཏུ་བསྲུང་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངསྣ་ལ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ལ་རང་གི ་སྙིང་གར་པོ་ཞག་པར་བྱས་ཏེ། དེ་ལྟ་བུས་ནི་ཡོངས་སུ་སྐྱོབ་པར་བྱེད་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་གཞིབས་ཏེ་རྩེ་མོར་བྱས་ནས་རང་གི་སྙིང་གར་རྡོ་རྗེ་དགྲོལ་བར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད ་ཐར་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་ཕྱག་རྒྱ་ཐད་ཀར་བཞག་ནས་བཏེག་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བསླངས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོའི་གདོང་ཕན་ཚུན་དམ་དུ ་སྦེད་པར་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་དབང་དུ་འགྱུར་རོ།། དེ་ལྟར་རྡོ་རྗེ་ཁྲོ་བོ་ཆེན་པོ་སྣ་ཚོགས་འགྲུབ་པའི་ལས་བསྒྲུབ་པར་གསུངས་ནས། ད་ནི་ལྷ་ཐམས་ཅད་ལྟུང་བར་བྱ་བ་ལ་ནི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཁྲོ་བོ་ཆེན་པོ ་རྒྱལ་པོ་དོམ་པ་དངོས་གྲུབ་ཀྱི་ལས་བསྒྲུབ་པ་གསུངས་པ་ཡིན་ནོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱས་ཏེ། ལྟ་བས་སྟེང་ནས་འོག་ཏུ་ལྟུང་བར་བྱ་བ་དང་། ལོ་ག་ནས་བརྡེག་པ་དང་། ཡི་གེ་ཧཱུཾ་གིས་ཁྲོས་པ་དང་། འཇིགས ་པས་བལྟ་བ་དང་། ཁྲོས་པས་རྡོ་རྗེ་ཁ་ཊྭཱཾ་ག་བཅག་པ་དང་། སྙིང་གར་རྡོ་རྗེ་བསྒོམ་པ་དང་། རྡོ་རྗེ་རྩེ་གསུམ་པ་བཅག་པ་དང་། ཡི་གེ་ཧཱུཾ་གིས་གདུག་པའི་དཀྱིལ་འཁོར་གཏོར་བ་དང་། ཡ་ཧི་དང་གཡས་ལོགས་ནས་དབུལས་འབྱུང་བ་དང་། ་དེ་ཉིད་ཀྱིས་དེང་ཚེ་གསོར་བ་དང་། དེ་བཞིན་དུ་ཁྲོ་བོའི་ལྟ་བས་གཡས་པའི་ཁུ་ཚུར་གྱིས་མནན་ལ། གཡོན་པའི་གཟུང་བ་ནས་དྲང་བ་དང་། དོང་ཚེ་གཉིས་གསོར་བ་དང་། གཡོན་པའི་དྲིལ་བུ་བཞག་པ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱིས་དེ་བཞིན ་དུ་གཡས་པའི་ཁུ་ཚུར་གཡོན་པའི་ཁྲོ་བས་མནན་ལ་རྡོ་རྗེ་ཁུ་ཚུར་གྱི་མཐའ་བཀྲོལ་བར་བསམ་པ་དང་། གཡས་པའི་དྲིལ་བུ་བཅག་པ་དང་། འདོད་ཆགས་དང་བྲལ་བར་ལྷུང་བ་དང་། ཡིད་ཀྱིས་འཁོར་ལོ་དྲལ་བ་དང་རྩེ་གསུམ ་དྲལ་བ་དང་། རྡོ་རྗེ་ཧཱུཾ་མཛད་ཀྱིས་གཡོན་དང་གཡས་པའི་ཁུ་ཚུར་གྱིས་མནན་ལ་དེ་བཞིན་དུ་མཐར་གདུ་བུར་དགྲོལ་བར་བསམ་པ་དང་། རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་བ་ཆེན ་པོ་རྗེས་སུ་དྲན་པས་མདུན་དུ་སྒྲུབ་པའོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། སྔ་མ་བཞིན་དུ་རྡོ་རྗེ་མེ་ལྟར་འབར་བའི་སྦྱོར་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ཁྲོ་བོའི་ལྟ་བས་སྟེང་ནས་འོག་ཏུ་ལྟུང་བའི་ཚུལ་དུ་བྱ་ཞིང་བལྟ་བ་ལས ་བྱུང་བའི་བཅོམ་ལྡན་འདས་ཀྱིས་ཀྱང་བསྒྲུབ་པར་བྱ་བ་ལྟུང་བར་བྱས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ལྷ་ཐམས་ཅད་ལྷུང་པོར་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། དེ་ཉིད་ཀྱིས་འོག་ནས་བརྡེག་པའི་ཚུལ་དུ ་བྱ་ཞིང་བཅོམ་ལྡན་འདས་ཕྱག་ན་ལྕགས་ཀྱུ་བསྣམས་ཏེ། ཀླུ་རྣམས་འདྲེན་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་ཀླུ་ཐམས་ཅད་འབྱིན་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གནོད་སྦྱིན་རྗེསུ་འབྲང་བར་བྱ་བའི་བསམ ་པས་ཡི་གེ་ཧཱུཾ་ཁྲོ་བོའི་བསམ་པས་བཟླས་ཤིང་བཅོམ་ལྡན་འདས་རྡོ་རྗེ་རྗེས་སུ་སྤྱོད་པའི་ཁྲོ་བོས་གནོད་སྦྱིན་བཀུག་སྟེ། དེ་ལྟ་བུས་ནི་གནོད་སྦྱིན་རྗེསུ་འབྲང་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་དེ། སྲིན་པོ་མཐོང་བ་འམ། སྲིན་པོ་གདོན ་གྱིས་ཟིན་པ་ལོ་ཤིན་ཏུ་འཇིགས་པའི་ལྟ་བས་བལྟ་ཞིང་བཟླས་པས་བལྟ་བ་ལོས་བྱུང་བའི་རྡོ་རྗེ་འབར་བས་སྲིན་པོ་བཅོམ་པར་གྱུར་པར་བྱས་ཏེ། དེ་ལྟ་བུས་ནི་སྲིན་པོ་སྐྲག་པར་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ། ་བདག་ཉིད་དཔལ་ཧེ་རུ་ཀར་བསམས་ལ་ཁྲོ་བོའི་ལྟ་བས་བལྟ་ཞི་ལྟ་བའི་ཕྱག་རྒྱ་ལས་འབར་བའི་རྡོ་རྗེ་ཕྱུང་ལ་དེས་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་ཁ་ཊྭཱཾ་ག་བཅག་པར་བསམ་པར་བྱ་ཞིང་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ ་མཁའ་འགྲོ་མའི་གདོན་གྱིས་ཟིན་པའི་ལུས་ལ་ཞུགས་པས་མཁའ་འགྲོ་མ་ལ་སོགས་པའི་གདོན་རྣམས་བསྲེག་པར་གྱུར་པ་དང་། འབྱེར་པར་གྱུར་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་མཁའ་འགྲོ་མ་ལ་སོགས་པའི་གདོན ་ཐམས་ཅད་བཏུལ་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་རང་གི་སྙིང་གར་རྡོ་རྗེ་འབར་བར་བསྒོམ་ཞིང་རྡོ་རྗེ་འབར་བ་ལོས་བྱུང་བའི་རྡོ་རྗེ་རིགས་ཀྱི་དཔུང་ཐམས་ཅད་སྐྲག་པར་མཛད་པར་བྱ་སྟེ། དེ་ལྟ་བུས་ནི་བདུད་ཀྱི་དཔུང ་ཐམས་ཅད་བཅོམ་པར་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དཔལ་ཧེ་རུ་ཀར་བདག་ཉིད་བསམས་ཏེ། མ་མོའི་ཚོགས་མཐོང་བ་དང་། མ་མོའི་གདོན་གྱིས་ཟིན་པ་ལ་དཔལ་ཧེ་རུ་ཀའི་ཕྱག་རྒྱ་བཅིངས ་པ་ལས་བྱུང་བའི་བཅོམ་ལྡན་འདས་ཀྱི་མ་མོའི་ཚོགས་ཀྱི་ཕྱག་རྒྱ་རང་བཞིན་རྡོ་རྗེ་རྩེ་གསུམ་པ་བཅག་པར་གྱུར་ཅིང་མ་མོའི་ཚོགས་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུསྣ་ནི་མ་མོའི་ཐམས་ཅད་བཏུལ་བར་འགྱུར་རོ།། དེ་བཞིན ་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལེ་རང་གི་སྙིང་ག་ནས་ཁྲོ་བོ་སྟོབས་པོ་ཆེ་ཕྱུང་སྟེ། དེས་གདུག་པའི་དཀྱིལ་འཁོར་རྣམ་པར་མཐོང་བ་བསམ་པོར་བྱས་ཏེ། དེ་ལྟ་བུས་ནི་གདུག་པའི་དཀྱིལ་འཁོར་རྣམ་པར་མཐོང་བར་འགྱུར་རོ།། དེ་བཞིན་དུ ་རྡོ་རྗེ་ཧཱུ~ཾ་མཛད་བཅིངས་ལ་ཧཱུཾ་ཞེས་བྱ་བ་ལས་རྡོ་རྗེ་འབར་བ་སྤྲོས་ལ་གདུག་པ་ཐམས་ཅད་ཀྱི་སྟེང་དུ་དབབ་པར་བྱས་ཏེ། དེ་ལྟ་བུས་ནི་གདུག་པ་ཐམས་ཅད་བཏུལ་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཧཱུཾ་ཞེས་བྱ་བས་ཁམས་གསུམ་པ ་ཐམས་ཅད་དབང་དུ་བྱས་ཏེ། དེ་ལྟ་བུས་ནི་ཐམས་ཅད་བཏུལ་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཙོངས་ལ་མི་འཇིགས་པ་སྦྱིན་པའི་ཚུལ་གྱིས་གཡས་ལོགས་སུ་བཞག་ཅིང་རང་གི་སྙིང་པོ་ལས་རྡོ་རྗེའི་རིགས་རྣམས་ཕྱུང་སྟེ། དེས ་བསྒྲུབ་པར་བྱ་བ་རྒྱལ་པོའི་འཇིགས་པ་ལས་བཟློག་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འཛེགས་པ་མེད་པར་ཡང་དག་པར་སྐྱོབ་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་དེས་དོང་ཆེ་གྱེན་དུ་འཕེན་ཤིང་གསོར་བའི་ཚུལ་དུ་བྱས་ལ ་བཅོམ་ལྡན་འདས་ནོར་བུ་བཟང་པོ་ཡང་རྣལ་འབྱོར་པས་རང་དབང་དུ་བྱ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ནོར་བུ་བཟང་པོ་དབང་དུ་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ། ཁྲོ་བོའི་ལྟ་བས་བལྟ་ཞིང་ཟློས་ལ་བཅོམ ་ལྡན་འདས་མེ་ལྟར་འབར་བས་རྣམ་ཐོས་སྲས་ལས་ནོར་ཐམས་ཅད་བསྣམས་ཏེ་བྱོན་པོར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རྣམ་ཐོས་སྲས་ལས་ནོར་བུ་ཐམས་ཅད་འཕྲོག་པར་འགྱུ་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གཡོན་པའི་རྡོ་རྗེ ་ཁུ་ཚུར་ཐད་ཀར་བཞག་ལ་གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་བཟུང་སྟེ། ལྕགས་སྒྲོག་སྦྲེལ་བ་མ་བཀྲོལ་བར་གཡོན་པའི་མཛུབ་མོས་བཟུང་ནས་དྲང་བར་བྱ་ཞིང་རྣམ་ཐོས་སྲས་ཀྱི་གཟུགས་རྐང་པ་གཡོན་པས་མནན་ལ། བཅོམ་ལྡན་འདས ་ཀྱིས་ཀྱང་རྣམ་ཐོས་སྲས་མནན་ནས་དཔལ་ཕྲོགས་ཏེ། རྣལ་འབྱོར་པ་ལ་གསལ་བར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རྣམ་ཐོས་སྲས་མནན་ནས་དཔལ་ཕྲོགས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མཛུབ་མོ་གཉིས་ཀྱི ་དོང་ཚེ་འཕེན་ཅིང་གསོར་བའི་ཚུལ་དུ་སྟོན་ཅིང་ཡིད་ལ་འདོད་པའི་ཡང་དག་པར་སྦྱོར་བར་བྱས་ཏེ། དེ་ལྟ་བུས་ནི་ལྷའི་བུ་མོ་ཐམས་ཅད་རྩེ་ར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གཞོན་ནུ་མའི་ལག་པ་གཡོན་ན་གནས་པའི་དྲིལ ་བུ་རྡོ་རྗེ་འབར་བས་ཡིད་ཀྱིས་བཅག་ལ་གཞོན་ནུ་མ་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་བསྒོམས་པར་བྱས་ཏེ། དེ་ལྟ་བུས་ནི་གཞོན་ནུ་མ་དང་རྩེ་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ཏེ་གཡས་པའི་མཛུབ་མོ་གདོང་རང་གི་མཐེ་བོའི་སྟེང ་དུ་བཞག་ལ་འོག་ཕབ་སྟེ་མཛུབ་མོ་གཡོན་པ་མནན་ཏེ། མཐེ་ཆུང་གཉིས་ཀྱི་ལྕགས་སྒྲོག་དྲལ་བའི་ཚུལ་གྱིས་དབྲོག་པའི་ཚུལ་དུ་བྱ་ཞིང་རྐང་པས་བརྒྱ་བྱིན་གྱིས་གཟུགས་བརྙན་ཇི་སྐད་བཤད་པའི་ཚུལ་གྱིས་མནན་ལ་བཅོམ ་ལྡན་འདས་རྡོ་རྗེ་མེ་ལྟར་འབར་བས་ཀྱང་བསྐུལ་བ་བསྲེག་པ་ལྟ་བུའི་རྡོ་རྗེ་ལྕགས་ཀྱུས་བདེ་སོགས་མའི་སྙིང་ཕུག་སྟེ། རླུང་གི་དཀྱིལ་འཁོར་ལ་བསྐྱོད་ནས་འགུགས་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་བརྒྱ་བྱིན་མནན་ནས་བདེ ་སོགས་མ་ཕྲོག་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཕྱག་རྒྱ་བཅིང་བ་ལས་རྡོ་རྗེ་འབར་བ་ཕྱུང་སྟེ། གཞོན་ནུ་མཱའི་ལག་པ་གཡས་པ་ན་གནས་པའི་དྲིལ་བུ་ཡིད་ཀྱིས་བཅག་པར་བྱས་ཏོ།། དེ་ལྟ་བུས་ནི་གཞོན་ནུ་མ་ཚར་བཅད་པར་འགྱུརརོ།། ་དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཡིད་ཀྱིས་ཚངས་པའི་མདུན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱི་སྦྲུལ་ལ་འདོད་པོའི་ལོངས་སྤྱོད་དང་ལྡན་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་ཚངས་པ་ལྟུང་བ་བྱས་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ ་ཧཱུཾ་མཛད་བཅིངས་པ་ལས་འབར་བའི་རྡོ་རྗེ་ཕྱུང་སྟེ། ཡིད་ཀྱིས་ཁྱབ་འཇུག་གི་འཁོར་ལོ་དྲལ་བར་བྱས་ཏེ་དེ་ལྟ་བུས་ནི་ཁྱབ་འཇུག་ཐུལ་བར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་ཕྱག་རྒྱ་བཅིང་ས་ལ་ཛྲཱྀཾ་ཛྷ་འབར་བ་ཕྱུང་སྟེ། དེས་དབང་ཕྱུག ་ཆེན་པོའི་ལག་པ་ན་གནས་པའི་རྩེ་གསུམ་པ་བཅག་པར་བྱས་ཏེ། དེ་ལྟ་བུས་ནི་དབང་ཕྱུག་ཆེན་པོ་ལས་རྒྱལ་བར་འགྱུ་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་གཡས་པའི་མཛུབ་མོ་གདོང་རང་གི་མཐེ་བོའི་སྟེང་དུ་བཞག་ལ་གཡོན་པའི་མཛུབ ་མོའི་གདོང་ཡང་དེ་བཞིན་དུ་བཞག་ནས་གཡས་པའི་ཁུ་ཚུར་གྱིས་གཡོན་པའི་ཁུ་ཚུར་བཟུང་ལ་དེ་བཞིན་དུ་མཐར་གདུ་བུ་དགྲོལ་བའི་ཚུལ་གྱིས་བསམ་པར་བྱ་ཞིང་། འདོད་པའི་དབང་ཕྱུག་གི་གཟུགས་བརྙན་རྐང་པ་གཡོན་པས་མནན་པར་བྱ ་ཞིང་བཅོམ་ལྡན་འདས་མེ་ལྟར་འབར་བ་བསག་པའི་བསྐལ་པ་ལྟ་བུའི་རྡོ་རྗེ་ལྕགས་ཀྱུས་དགའ་བ་མའི་སྙིང་ཕྱུང་སྟེ། རྡོ་རྗེ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ནུས་བཀུག་པར་མཛད་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་འདོད་པའི་དབང་ཕྱུག ་མནན་ནས་དགེའ་བ་མ་འཕྲོག་པར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མདུན་དུ་རྡོ་རྗེ་རྩེ་ལྔ་པ་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་རྡོ་རྗེ་འགྲུབ་བོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མདུན་དུ་ཀུན་ཏུ་བཟང་པོ་ལ་སོགས་པ་བྱིང ་ཆུབ་སེམས་དཔའ་ཆེན་པོར་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་འགྲུབ་བོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་བཅིངས་ལ་མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་དེ་བཞིན་གཤེགས ་པ་ཐམས་ཅད་མཉེས་པར་བྱེད་དོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ་མདུན་དུ་རྡོ་རྗེ་འཛིན་པ་ཆེན་པོ་བསྒོམ་པར་བྱས་ཏེ། དེ་ལྟ་བུས་ནི་རྡོ་རྗེ་འཆང་ཆེན་པོ་རྗེ་སྱ་སྱཱ་མཉེས་པ་དང་། དགུག་པ་དང་། གཞུག་པ་དང་། དམ་ཚིག ་གིས་བཅིངས་པ་དང་། དབང་དུ་བྱ་བའི་སྒྲུབ་པར་འགྱུར་རོ།། ལན་ཅིག་བཟླས་པ་སྒྲུབ་པ་ནི་ཞེས་བྱ་བ་ལ་སོགས་པ་ལས་རྒྱལ་པོ་འདི་དག་འགྲུབ་པར་བྱེད་པའི་ཕྱག་རྒྱ་ནི་ཡི་གེ་ཧཱུཾ་ཟློས་ཤིང་བཅིང་བར་བྱས་ལ། དེའི་འོག་ཏུ་ནི་ཧྲཱིཿཞེས ་བྱ་བ་ལྷན་ཅིག་སྦྱར་བར་བྱས་ཏེ། ཧྲཱིཿཧཱུཾ་ཞེས་ཟློས་པས་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ།། དཔལ་མཆོག་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབྱུང་བ་ཞེས་བྱ་བ་ལས་རྡོ་རྗེ་མེ ་དང་། ཉི་མ་ལྟར་རབ་ཏུ་འབར་བའི་རྟོག་པ་བཤད་པ་རྫོགས་སོ།། །། དེ་ལྟར་ཁྲོ་བས་སྦྱང་བའི་ཕྱིར་རྡོ་རྗེ་མེ་དང་ཉི་མ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་གྱིས་རྟོག་པ་གསུངས་ནས་ད་ནི་ལོག་པར་ལྟ་བའི་གཉེན་པོར་གྱུར་པ་འཕག ་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྟོག་པ་གསུངས་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་ཡིན་ཏེ། དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལའོ།། འདིར ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ།། ཏིང་ངེ་འཛིན་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏིང་ངེ་འཛིན་ཐམས་ཅད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ཡང་འདི་ཉིད་ཀྱི་འོག་ནས་གང་ཞིག་ལ་གཟིགས་པས་དེ་བཞིན་གཤེགས་པ་ཁམས་གསུམ་མ་ལུས་པ་ཐམས ་ཅད་ཀྱི་དབང་ཕྱུག་ཉིད་དུ་གྱུར་པ་ཞེས་གསུངས་པ་ཡིན་ནོ།། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ།། གང་ལས་བྱུང་ཞེ་ན། རྣམ་དག་མཆོག་གི་ཆོས་ཉིད་ལས་ཞེས་བྱ་བ་གསུངས་ཏེ་ཐམས་ཅད་ཀྱི་རང་བཞིན་གྱིས་རྣམ་པར་དག་པ་ལ་གཟིགས ་པ་ནི་ཆོས་ཐམས་ཅད་ཀྱིས་ཆོས་ཀྱིས་མཆོག་གོ།། རྣམ་པར་དག་པའི་ཆོས་ཀྱི་མཆོག་དེ་ལས་འབྱུང་བ་གྲང་ཡིན་པ་དེ་ནི་ཏིང་ངེ་འཛིན་ཐམས་ཅད་ཅེས་བྱའོ།། ཏིང་ངེ་འཛིན་དེ་གང་ཞིག་ཡིན་ཞེ་ན། སྤྱན་རས་གཟིགས་དབང་ཕྱུག་ཆེན་པོ་ནི་ཞེས ་བྱ་བ་གསུངས་ཏེ། རང་གི་སྙིང་པོ་མཆོག་ལས་སྙོམས་ཞུགས་ཞེས་བྱ་བར་སྦྱར་རོ།། ཇི་ལྟར་པདྨ་དམར་པོ་འདི།། ཚོན་གྱིས་ཉེས་པས་མི་གོས་པ།། དེ་བཞིན་ཁམས་གསུམ་དག་པ་ནི།། གནས་ཀྱི་ཉེས་པས་མི་གོས་སོ།། ཞེས་རྟོག་པ་མཛད་པས ་ན་སྤྱན་རས་གཟིགས་པའོ།། དེ་ལ་མངར་བརྙེས་པས་དབང་ཕྱུག་གི་གཙོ་བོའི་གཟུགས་ཐམས་ཅད་སྟོན་པར་མཛད་པས་ན་མཁའི་ཁམས་ལ་ཁྱབ་པར་མཛད་པས་ན་ཆེན་པོའོ།། སྤྱན་རས་གཟིགས་དབང་ཡང་ཡིན་ལ། ཆེན་པོ་ཡང་ཡིན ་པས་སྤྱན་རས་གཟིགས་དབང་ཆེན་པོའོ།། ནིའི་སྒྲ་ན་ངེས་པར་གཟུང་བ་དང་། རིམ་པ་ཐ་དད་པའོ།། རྡོ་རྗེ་སེམས་དཔའ་གཙོ་ཆེན་ཡིན།། ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ཉིད་གཙོ་བོ་ཆེན་པོ་འཇིག་རྟེན་དབང་ཕྱུག་ཆེན་པོ་ཡིན་ནོ་ཞེས་པའོ།། ཅི་ཞིག ་མཛད་ནས་ཁྱད་པར་ཇི་ལྟ་བུ་ཞིག་མཁྱེན་ནས་རང་གི་སྙིང་པོ་ལ་སྙོམས་པར་ཞུགས་ཤེ་ན་གདུག་པ་ཐམས་ཅད་གདུལ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གདུག་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་གདུག་པ་ཐམས་ཅད ་དེ་དྲག་པ་ལ་སོགས་པའོ།། དེ་རྣམས་གདུལ་བ་ནི་ཚར་བཅད་པ་དང་ཕན་གདགས་པའོ།། དོན་དེའི་ཕྱིར། རང་གི་རིགས་ནི་ཆེན་པོ་བསྐྱེད་ཅེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རང་གིས་རིགས་རྡོ་རྗེ་མེ་ལྟར་འབར་བའོ།། རང་གི ་དཀྱིལ་འཁོར་རང་གི་རྡོ་རྗེ་ལས་ཕྱུང་བ་ནི་བསྐྱེད་པ་ཡིན་ལ། ནཱ་མཁའ་ཐམས་ཅད་ཁྱབ་པས་ན་ཆེན་པོའོ།། ཅིའི་ཕྱིར་བསྐྱེད་ཅེ་ན་སངས་རྒྱས་ཀུན་གྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཁྲོ་བོ་ཆེན་པོ ་ནི་སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེན་པོ་སྟེ། རྡོ་རྗེ་མ་ལྟར་རབ་ཏུ་འབར་བའོ།། དེ་ནི་གང་གི་ཕྱིར་གདུག་ཙོང་གཏུམ་པའི་སེམས་ཅན་འདུལ་བའི་ཐབས་ཏེ་རྒྱུ་ཡིན་ནོ།། འདི་ཅིའི་ཕྱིར་རྒྱུ་ཡིན་ཞེ་ན་ཐམས་ཅད་མེད་པས་ན་ཞེས་བྱ་བ་གསུངས་ཏེ། སེམས་ཅན ་གདུག་ཅིང་གཏུམ་པ་འདུལ་བའི་ཐབས་ཀྱི་རྒྱུ་གཞན་མེད་པས་ན། རང་གི་རིགས་ཆེན་བསྐྱེད་པ་ཡིན། རང་གི་སྙིང་པོ་མཆོག་སྙོམས་ཞུགས་ཞེས་བྱ་བ་ཡིན་ནོ།། ཅིའི་ཕྱིརརུ་དེ་ལྟར་ཞུགས་ཤེ་ན། མ་དགྲོ་པའི་ཞེས་བྱ་བ་གསུངས་ཏེ། ་གང་གི་ཕྱིར་སེམས་ཅན་གྱི་ཁམས་མ་དག་པ་ཡིན་པས་སོ།། རྒྱུ་ཅི་ཞིག་གིས་ཤེ་ན། འདོད་ཆགས་ལ་སོགས་ཀུན་བསགས་པས་ཞེས་བྱ་བ་གསུངསོ་ཏེ། འདོད་ཆགས་ལོ་སོགས་པ་ཡང་ཡིན། ཀུན་ཀྱང་ཡིན་པས་ན་འདོད་ཆགས་ལ ་སོགས་པ་ཀུན་ཏེ། དེ་རྣམས་བསགས་པའི་ཐོག་མ་མེད་པའི་དུས་ནི་འབྱུང་བས་ཤས་ཆེར་བསགས་པའོ།། འདོད་ཆགས་ལ་སོགས་པ་བསགས་པ་དེས་ན་གང་གི་ཕྱིར་སེམས་ཅན་གྱིས་ཁམས་ནི་མ་དག་པར་གྱུར་པ་དེའི་ཕྱིར་སྙོམས་པར ་ཞུཞུགས་པར་མཛད་པ་ཡིན་ནོ།། དེ་རྣམས་ལ་རབ་ཞེན་པར་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དེ་རྣམས་ལ་རབ་ཏུ་ཞེན་པར་བྱེད་ཅིང་། བུད་མེད་བསྟེན་པ་དང་། སྲོག་གཅོད་པ་ལ་སོགས་པའི་ཚུལ་དུ་ཞེན་ཅིང་ཤིན་ཏུ་མི་ལྡོག ་པས་རྗེས་སུ་འབྲེལ་པར་སྐྱེས་བུའི་དམ་པ་སྟེ། སྐྱེས་བུའི་མཆོག་གིས་མཁྱེན་ཅིང་ཐུགསུ་ཆུད་པ་ཡིན་ནོ།། ཇི་ལྟར་ན་དེ་རྣམས་རབ་ཏུ་ཞེན་པ་ཡིན་ཞེ་ན། གང་གི་ཕྱིར། མི་འདུལ་བས་ན་སངས་རྒྱས་ཀྱང་།། མཆོག་ཏུ་མངའ་ན་མི་མཛད།། ་དེ་ནས་འདུལ་བར་བྱ་བའི་བྱོར།། སངས་རྒྱས་ཀྱང་མངའ་མི་མཛད་ཅིང་།། བདགྲོ་བོར་མ་གྱུར་པ་ཡིན་ནོ།། ཅིའི་ཕྱིར་ན། མི་འདུལ་བསྟན་ཞེས་བྱ་བས་ཏེ་ཞི་བའི་ཚུལ་གྱིས་མི་འདུལ་བ་སྡུ་རྒྱུ་དེའི་ཕྱིར་རོ།། མཆོག་ཏུ་ཞེས་བྱ་བ་ནི་ཤྲཱིནྟ ་ཏུའོ།། དེ་ལྟར་སངས་རྒྱས་ཀྱང་འདུལ་བ་ལ་མངའ་མི་མཛད་པས་ན། འཇིག་རྟེན་རྣམས་ལ་ཞེས་བྱ་བ་ལ་སོགས་པ་སྨོ་ས?་ཏེ། རྨོངས་པས་ཤིན་ཏུ་ཟིལ་གྱིས་མནན་པར་གྱུར་པའི་སེམས་ཅན་རྣམས་ལ་ཕན་པར་བྱཱ་བཥྚི་ཕྱིར། ་འཇིག་རྟེན་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྙོམས་པར་ཞུགས་པ་ས་ན་གནས་པོར་མཛད་པ་ཡིནོ།། ཅི་ཞིག་ལ་སྙོམས་པར་ཞུགས་ཤྭེ་ནཱ། རང་གི་སྙིང་པོ་མཆོག་ལ་ཞེས་བྱ་བ་སྨོས་ཏེ། རང་གི་བདག་ཉིད་ཀྱི ་སྙིང་པོ་བཟང་པོ་མཆོག་སྟེ་དི་ལའོ།། འདི་སྐད་སྟོན་པ་ཡིན་ཏོ།། རྡོ་རྗེ་སེམས་དཔའི་ཚུལ་དང་དེ་བཞིན་གཤེགས་པ་དང་། རྡོ་རྗེའི་རིགས་སྒེག་པ་དང་། ཞི་བ་དང་ཁྲོ་བོའི་ཉམས་ཀྱིས་འདུལ་བའི་སེམས་ཅན་གྱི་ཁམས་འདུལ་བ་ལ་རབ་ཏུ ་བཞག་ནས། སྙིང་རྗེའི་ཉམས་ཀྱིས་འདུལ་བའི་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ཡིན་ནོ།། དེ ་ལ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་འདི་ཉིད་རྣམ་པར་འགྲེལ་པ་ཡིན་ཏེ། འདི་ནཱི་ཞེས་བྱ་བ་འོག་ནུས་བཤད་པ་ཐུགས་ལ་བཞག་ནས་འདི་སྐད་གསུངས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཏིང་ངེ་འཛིན་ནི ་འཇིག་རྟེན་དབང་ཕྱུག་གི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་སོ་སོར་རྟོག་གོ།། དེས་ཀྱང་ཏིང་འཛིན་གཞན་ཟིལ་གྱིས་མནན་ནས་མཛེས་ཤིང་འབར་བས་ན་རྒྱལ་པོའོ།། འདི་ཉིད་ནི་ཆོས་ཐམས་ཅད་རང་བཞིན་གྱིས ་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་བྱིན་གྱིས་བརླབ་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས ་བྱུང་བ་རྣམས་དང་པདྨའི་རིགས་སོ།། དེ་རྣམས་ཀྱི་ཆོས་ཉིད་ནི་དེ་བཞིན་ཉིད་དོ།། དེའི་ཡེ་ཤེས་ནི་ངེས་པའོ།། དེ་ཉིད་ནི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་བསྐྱེད་ཅིང་གཞིག་པར་མི་ནུས་པས་རྡོ་རྗེ་དང་འདྲ་བའི་ཕྱིར་རྡོ་རྗེའོ།། གང་གིས་དེ་བྱིན ་གྱིས་བརླབ་ཅིང་འཇིག་རྟེན་དབང་ཕྱུག་གི་སྐུ་བྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་དེ་སྐད་ཅེས་བྱས་ཏེ། གང་གི་ཏིང་ངེ་འཛིན་གང་ཞིག་ལ་རྣམ་པར་གཟིགས་ཤིང་མངོན་སུམ་དུ་མཛད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས ་བྱ་བ་རྣམ་པར་སྣང་མཛད་ལ་སོགས་པ་ཁམས་གསུམ་པ་མ་ལུས་པ་ཞེས་བྱ་བ་ནི་སྲིད་པ་གསུམ་མཐའ་དག་དང་ཐམས་ཅད་ཀྱིས་བདག་པོ་ཞེས་བྱ་བའིའོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུག་སུ་ཆུད་པ་ནི་མངོན་སུམ ་དུ་མཛད་པ་སྟེ། སེམས་ཅན་ཐམས་ཅད་གདུལ་བར་བྱ་བའི་ཕྱིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་ཚད་མེད་པར་མཛད་དོ།། ཞེས་བྱ་བའི་ཐ་ཚིག་གོ།། ད་ནི་ཏིང་ངེ་འཛིན་བསྒོམ་པའི་མན་ངགྲ་བསྟན་པར་བྱ་བའི་ཕྱིར། བསྙེམས ་བས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པོའི་པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བཟུང་སྟེ། དེས་བསྙེམས་པའི་ཚུལ་དུ་མཛད་ནས་ཕྱག་གཡས་པའི་མཐེ་བོང་དང་མཛུབ་མོས་རང་གི་ཐུགས་ཀའི་ཕྱོགས་དེའི་འདབ་མ་ལྀ་ཁ་འབྱེད་པར ་མཛད་པས་རྟོག་ཅིང་གཟིགས་པར་མཛད་པ་ཡིན་ནོ།། ཅི་ཞིག་གིས་གཟིགས་ན། རང་བཞིན་གྱིས་བྱ་བ་སྨོས་ཏེ། རང་གི་ངོ་བོ་ཉིད་ནི་རང་བཞིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ།། རང་བཞིན་དེས་གཟིགས་པ་ནི་ཆོས་ཐམས་ཅད ་རང་བཞིན་གྱིས་རྣམ་པར་དག་པའོ།། ཞེས་བསྒོམ་པར་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ།། ཇི་ལྟར་གཟིགས་པར་མཛད་ཅེ་ན། ཅི་ནུས་པའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་གསུངས་ཏེ། རང་གི་ནུས་པ་དང་རྗེས་སུ་མཐུན་པར་བསྒོམ་པ་ནི་ཅི ་ནུས་པའི་ཏིང་ངེ་འཛིན་ཏེ།། ཅི་ནུས་པའི་ཏིང་ངེ་འཛིན་དེས་པདྨའི་འདབ་མ་རྣམ་པར་དབྱེ་བར་མཛད་ཅིང་གཟིགས་པ་ཡིན་ནོ།། དེ་ནི་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གཟིགས་པའི་ཚུལ་རྣམ་པར་འགྲེལ་པ ་ཡིན་ཏེ། ཇི་ལྟར་སྒྲུབ་པའི་ལག་ན་གནས་པའི་པདྨ་དམར་པོ་འདི་ཁ་དོག་དམར་པོ་དང་རྗེས་སུ་མཐུན་པ་ཉིད་ཀྱིས་སོ།། ཚོན་གྱི་ཉེས་པ་ནི་ཚོན་གྱི་སྐྱོན་ཏེ་རྗེས་དང་གཞོན་དང་འདྲེས་པ་ཡོངས་སུ་སྤང་བར་མ་གྱུར་པའོ།། དེས ་མ་གོས་པ་ནི་མ་འདྲེས་པ་སྟེ། པདྨ་དམར་དུ་ཟིན་ཀྱང་མ་འདྲེས་པའི་ཆོས་དང་ལྡན་པས་མཐེ་ཆུང་ལས་བྱུང་བའི་ཆུ་དང་འདབ་མ་ལ་སོགས་པའི་ཉེས་པ་རྣམ་པ་སྣ་ཚོགས་ཀྱི་ཇི་ལྟར་པདྨ་དེ་ལ་གོས་པར་མི་གྱུར་པ་དེ་བཞིན ་དུ་ཁམས་གསུམ་དག་པ་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཆོས་བདག་མེད་པའི་ཆགས་པའི་བྱང་ཆུབ་སེམས་དཔའ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དྲི་མ་དང་བྲལ་བ་ཡིན་ནོ།། རྒྱུ་གང་གིས་ནི། ་ཏིང་ངེ་འཛིན་འདི་ལ་གཟིགས་ཤིང་མངོན་སུམ་དུ་མཛད་པའི་རྒྱུ་དེས་རྒྱལ་པོ་སྟེ། དེ་བཞིན་གཤེགས་པ་རྣམས་དབང་ཕྱུག་ཉིད་དུ་གྱུར་པ་སྟེ། འཇིག་རྟེན་དབང་ཕྱུག་ཉིད་དུ་གྱུར་པ་ཡིན་ནོ།། དེ་ཡིས་ཞེས་བྱ་བ་ནི་རྒྱུ་དེས་སོ།། རྡོ་རྗེ ་སེམས་དཔའ་ནི་རྡོ་རྗེ་འཆུང་ཆེན་པོའོ།། སྤྱན་རས་གཟིགས་ནི་ཚུལ་དེས་སོ་སོར་རྟོག་ཅིང་གཟིགས་པར་མཛད་པས་དབང་ཕྱུག་ཅེས་བྱ་བ་གཙོ་བོར་གྱུར་པ་སྟེ། དེ་ལྟ་བུར་གྱུར་ཅིང་ཉེ་བར་བསྐྱེད་པའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིང་སཱ་ལ། ཡ་ཐ་རཀྟ་མི་དམར་པདྨ་དཾ་གཱ་ཏོ་ཤེ་རྣལ་ལི་བྱད་བ་ས་ཏཱི་བྷེ་ཤ་བཱི་བཱི་ཏཾ་པཱ་ཤུདྡྷོ་ཏྲཱི་ཏཏྟ་ཀཾ་ཞེས་བྱ་བའི་སྙིང་པོ་བཟློས་ཤིང་ལོ་འདི་བསྒོམ་པའི་སྟོབས་ཀྱི་སེམས་ཅན་གྱི་དོན ་མཛད་པའི་ཕྱིར། བཅོམ་ལྡན་འདས་འཇིག་རྟེན་ཉིད་དུ་ཇི་ལྟར་འགྱུར་བ་དེ་བཞིན་དུ་སྙིང་པོ་འདི་ཉིད་བསྒོམས་ཞིང་རྣམ་པར་གཟིགས་པའི་སྟོབས་ཀྱིས་རྡོ་རྗེ་སེམས་དཔའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་གྱུར་པ ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མཐུག་པ་སྟེ། བཤད་མ་ཐག་པ་བའི་སྙིང་པོའོ།། རང་བཞིན་གྱིས་དགུ་པའི་ཆོས་ཉིད་ཀྱིས་ཏིང་ངེ་འཛིན་སྟོན་པར་བྱེད་པའི་སྙིང་པོ་འདི་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་སྒོམ་པ་དགུ་པ་ཞེས ་བྱ་སྟེ། དེ་ཁོ་ན་ཉིད་ཀྱིས་སྒོམ་པས་བསྒོམས་ཤིང་ཡང་དང་ཡང་དུ་མངོན་སུམ་དུ་མཛད་པར་གྱུར་པ་ཡིན་ནོ།། དེའི་ཚེ་རྒྱལ་པོ་རྡོ་རྗེ་འཆང་ཆེན་པོ་པདྨ་ཆེན་པོར་འཆང་བར་གྱུར་ཅིང་། དེ་ལྟར་སྣང་བ་ཡིན་ནོ།། གསེར་སྦྱངས་པ་ནི་རིན་པོ་ཆེ་གཞན ་དང་མི་འདྲེས་པ་དང་། དྲི་མ་དང་བྲལ་བའོ།། རིའི་དབང་པོ་ནི་རི་རབ་བོ།། དེས་ཀྱང་གཞན་དག་ཟིལ་གྱིས་མནན་ནས་མཛེས་ཤིང་འབར་བས་གནས་པས་ན་རྒྱལ་པོའོ།། གསེར་སྦྱངས་རིའི་དབང་པོ་ནི། རྒྱལ་པོ་ཆེན་པོ་བྱ་བ་ལ་དེ་དང་བཅོམ་ལྡན ་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཟི་མདངས་དང་མཉམ་ཞིང་མཚུངས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གཡོན་ན་བསྙེམས་བཅས་པདྨ་མཆོག། ཅེས་བྱ་བ་ལ་སོགས་པ་ལ་གཡོན་ནཱ་ཞེས་བྱ་བ་ནི་གཡོན་པའི་པདྨའི ་ཁུ་ཚུར་བསྙེམས་པོ་དང་བཅས་པས་འཛིན་པས་ན། གཡོན་པ་བསྙེམས་བཅས་པདྨ་ཞེས་བྱ་བ་ལ་མཆོག་ནི་འཇིག་རྟེན་དབང་ཕྱུག་སྟེ། གཡོན་ན་བསྙེམས་པ་དང་བཅས་པའི་པདྨོ་ཡང་ཡིན་ལ་མཆོག་ཀྱང་ཡིན་པསོ་ཞེས་མཚམས་སྦྱར་རོ།། ། ་ཕྱག་གཡས་པས་ཐུགས་ཀའི་ཕྱོགས་སུ་པདྨའི་འདབ་མ་འབྱེད་པར་མཛད་པའོ།། མཆོག་ཏུ་གཟིགས་པས་ཉེ་བར་མཚོན་པས་ན། མཆོག་གིས་རྣམ་པར་གཟིགས་ཞེས་བྱ་སྟེ། དེ་ལྟ་བུའི་ཚུལ་གྱིས་གཟིགས་པའོ།། དེ་ནས་ཞེས་བྱ་བ་ལ ་སོགས་པ་ལ། དེ་ལྟར་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་པདྨའི་འདབ་མ་ལ་གཟིགས་པའི་ཚུལ་གྱིས་བཞུགས་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་ཀྱིས་ཕྱག་ན་གནས་པའི་པདྨའི ་འདབ་མ་རྣམས་ལ་པདྨ་ཆེན་པོ་འཛིན་པ་རྣམས་ཕྱུང་ངོ་།། དེ་སུ་ཞིག་ཡིན་ཞེ་ན། སངས་རྒྱས་ལ་སོགས་ཏེ་ཇི་ལྟར་འོག་ནས་བཤད་པ་རྣམས་ཕྱུང་ནས་སེམས་ཅན་རྣམས་འདུལ་བའི་མཆོག་དམ་པ་དག་མཛད་པར་འགྱུར་རོ།། དེ་ནས ་ཕྱོགས་བཅུར་སེམས་ཅན་རྣམས་སྐལ་པ་ཇི་ལྟ་བ་བཞིན་དུ་སངས་རྒྱས་ཉིད་བཙལ་བ་ལ་སོགས་པས་མ་ལུས་པར་ཡང་དག་པར་སྦྱངས་ནས་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོའི་དབྱིབས་ཀྱིས་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི ་དཀྱིལ་འཁོར་དེར་བཞུགས་ཤིང་གནས་པར་མཛད་དོ།། གང་ལ་པདྨ་བཟང་པོ་འདབ་མ་བརྒྱད་པོ་འདི་ཡོད་པ་འདི་ནི་པད་བཟང་སྟེ། པདྨ་བཟང་པོའི་དཀྱིལ་འཁོར་དེར། ཕྱོགས་བཅུ་ནས་བྱོན་པའི་སངས་རྒྱས་རྣམས་པདྨ་དེར་ཞུགས་པ ་ཡིན་ནོ།། དེ་ལྟར་དེ་ནས་ཏིང་ངེ་འཛིན་ཐམས་ཅད་ནི་རྣམ་དག་མཆོག་གི་ཆོས་ཉིད་ལས་ཞེས་བྱ་བ་ནས་བརྩམས་ཏེ་པདྨ་བཟང་པོ་དེ་ལ་བཞུགས་ཞེས་བྱ་བའི་བར་གྱི་བཤད་པས་ནི་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། དེ་ནས་བསྡུ ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ།། དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ།། ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་འདུལ་བའི་ཚུལ ་དུ་མཆོག་གིས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱིས་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་གསུངས་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ་བཤད་པའི་ཚུལ་གྱིས་སེམས་ཅན་གྱི་ཁམས་རྣམས་སྐལ་པ་ཇི་ལྟ་བ་བཞིན ་སངས་རྒྱས་ཉིད་བཅཝལྔ་བ་ལ་སོགས་པས་ཐམས་ཅད་ཡང་དག་པར་སྦྱངས་པས་དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་རང་གི་པདྨའི་རིགས་ཀྱི་དཀྱིལ་འཁོར་གྱིས་རྟོག ་པ་བཤད་པར་བྱ་བའི་ཕྱིར་གསོལ་བ་བཏབ་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལའོ།། སེམས་ཅན་ཐམས་ཅད་ལུང ་དང་རྟོག་པ་ལ་རབ་ཏུ་འཇོག་པར་མཛད་པས་ན་ཐམས་ཅད་འདུལ་མཛད་དོ།། འདི་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ།། ཤིན་ཏུ་དག་པའི་ཆོས་འཛིན་པ་ཞེས་བྱ་བ་ནི་བག་ཆགས་དང་བཅས ་པའི་ཉོན་མོངས་པ་དང་བྲལ་བ་པདྨའི་རིགས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤིན་ཏུ་དག་པའི་ཆོས་ཏེ། དེའི་བདག་ཉིད་ཀྱིས་ཚུལ་གྱིས་འཛིན་པར་མཛད་པས་ན་ཤིན་ཏུ་དག་པའི་ཆོས་འཛིན་པའོ།། དེ་སུ་ཞིག་ཡིན་ཞེ་ན། རྡོ ་རྗེ་ཆོས་ཏེ་འཇིག་རྟེན་དབང་ཕྱུག་གོ།། རང་ཉིད་ནི་བདག་ཉིད་དོ།། གཟུགས་ཐམས་ཅད་ཀུན་ཏུ་སྟོན་པས་ཕྱོགས་བཅུར་མཛེས་ཤིང་འབར་བས་ན་རྒྱལ་པོའོ།། འཇིག་རྟེན་དབང་ཕྱུག་བཀའ་སྩལ་ཏོ།། ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གིས ་ཉེ་བར་མཚོན་པའི་དཀྱིལ་འཁོར་ནི་འཇིག་རྟེན་དབང་ཕྱུག་ཅེས་བྱ་སྟེ། དེ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོས་བཀའ་སྩལ་ཅིང་ཞེས་གསུངས་པ་ཡིན་ནོ།། དཀྱིལ་འཁོར་ཆེན་པོ་ནི ་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་སྟེ་དེ་དག་གི་ཕྱིའི་དཀྱིལ་འཁོར་གང་ཡིན་པ་དེ་ནི་ཕྱིའི་དཀྱིལ་འཁོར་ཆེན་པོ་སྟེ་ཞེས་བྱའོ།། ནང་གི་དཀྱིལ་འཁོར་རང་བཞིན་ཇི་ལྟ་བུར་བྲི་ཞེ་ན། པདྨ་ཞེས་བྱ་བ་གསུངས་སོ།། དེ་འདབ་མ ་དུ་ཞིག་ཏུ་ཞེ་ན། འདབ་མ་བརྒྱད་པ་ཞེས་བྱ་བ་གསུངས་ཏེ། འདབོ་མ་བརྒྱད་པ་བྱའོ་ཞེས་བྱ་བའི་ཐ་ཚི་གོ་སྟེ། ནང་གི་དཀྱིལ་འཁོར་ནི་པདྨ་འདབ་མ་བརྒྱད་པ་བྲི་བ་ཡིན་ནོ།། དེའི་ཞེས་བྱ་བ་ནང་གི་དཀྱིལ་འཁོར་གྱི་དབུས་ཞེས་བྱ་བ་ལྟེ་བའི ་གས་སུ་སྤྱན་འཛུམ་པ་ཞེས་བྱ་བ་འཛུམ་བག་ཅན་གཅིག་འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྣ་ཚོགས་པདྨའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གི་བཞུགས་པར་དགོད་པར་བྱའོ།། ་སྐུ་མདོག་ཇི་ལྟ་བུ་ཞེ་ན། དག་པའི་གསེར་གྱི་པདྨ་ནི་ཞེས་བྱ་བ་གསུངས་ཏེ། གསེར་ཤིན་ཏུ་སྦྱངས་པའི་མདོག་འདྲ་ཞིང་རྡོ་རྗེའི་པདྨ་བསྣམས་པ་ཉིད་ཀྱི་ཕྱིར་དང་། པདྨ་ལྟར་གོས་པ་མི་མངའ་བའི་ཕྱིར་དེ་ནི་པདྨའི་རང་བཞིན་ཅན་ཡིན ་པས་ན་པདྨའོ།། གཡོན་པ་བསྙེམས་ཚུལ་གྱིས་གཟིགས་མཛད་ཅེས་བྱ་བ་ནི་གཡོན་པ་པདྨའི་ཁུ་ཚུར་པདྨ་དང་བཅས་པས་བསྙེམས་ཚུལ་དུ་བཞུགས་ཤིང་ཕྱག་གཡས་པ་ཐུགས་ཀའི་ཕྱོགས་སུ་པདྨའི་འདབ་མ་འབྱེད་པ ་ལ་གཟིགས་པས་ན། གཡོན་བསྙེམས་ཚུལ་གྱིས་གཟིགས་མཛད་ཅེས་བྱའོ།། རྒྱུན་རྣམས་ཀུན་གྱིས་རྣམ་པར་སྨྲས།། ཞེས་བྱ་བ་ནི་རྣམ་པར་བརྒྱན་པའོ།། སྤྱི་བོར་སངས་རྒྱས་ཀུན་མཆོག་བཞུགས་ཞེས་བྱ་བ་ནི་དེ་བཞིན ་གཤེགས་པ་འོད་དཔག་ཏུ་མེད་པའི་སྐུ་ནི་སངས་རྒྱས་ཀྱི་སྐུ་སྟེ་སངས་རྒྱས་ཀྱི་མཆོག་གོ།། སྤྱི་བོར་བཞུགས་པ་ནི་དེའི་དབུས་སུ་བཞུགས་པ་སྟེ། འཇིག་རྟེན་དབང་ཕྱུག་གི་དབུ་ལ་སངས་རྒྱས་ཀྱི་སྐུ་བཞུགས་པ་དགོད་པར ་བྱའོ།། དེའི་ཞེས་བྱ་བ་ལ་སོགས་པ་ལ་འཇིག་རྟེན་དབང་ཕྱུག་དེའི་ཕྱོགས་དང་མཚམས་རྣམསུ་སངས་རྒྱས་ཀྱི་སྐུ་གཟུགས་བརྒྱད་བྲི་བར་བྱའོ།། དེ་སུ་ཞིག་ཡིན་ཞེ་ན། ཏིང་ངེ་འཛིན་བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས ་ཏི། ཤར་ཕྱོགས་སུ་རྡོ་རྗེ་འདོད་ཆགས་མའི་གནས་ནི་ཏིང་ངེ་འཛིན་བཟང་པོ་ཞེས་བྱ་བའི་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བྱའོ།། ལྷོར་ཀཱི་ལི་ཀཱི་ལའི་གནས་སུ་ནི་པདྨ་ཆེན་པོ་ཞེས་བྱའོ།། ནུབ་དུ་རྡོ་རྗེ་དྲན་མའི་གནས ་སུ་ཏིང་ངེ་འཛིན་ཅེས་བྱའོ།། བྱང་དུ་རྡོ་རྗེ་བསྙེམས་མའི་གནས་སུ་ནཱི་རྣམ་པར་གཟིགས་པ་ཞེས་བྱ་བའི་སངས་རྒྱས་ཀྱི་སྐུ་གཟུགས་བྲི་བར་བྱེའོ།། དེ་རྣམས་ཀྱི་ཞེས་བྱ་བ་ནི་ཏིང་ངེ་འཛིན་བཟང་པོ་ལ་སྩོགས་པའི་གཡོན ་ལོགས་རྡོ་རྗེ་སྦྲང་རྩི་མོ་ལ་སོགས་པའི་གནས་སུ་རིགས་ཀྱི་ལྷ་ཉིད་བྲི་བར་བྱའོ།། ཞེས་བྱ་བ་པདྨའི་ལྷོ་ཆེན་པོ་དང་། པདྨའི་ཁྱབ་འཇུག་དང་། པདྨོའི་ཚངས་པ་དང་། པདྨའོ་འདོད་པའི་ལྷའི་གཟུགས་ཏེ་འདི་ཉིད་བསྟན་པ་ནི་ནི ་བ་སྲེད་མེད་ཀྱི་བུ་ཚངས་པ། འདོད་པའི་གཟུགས་ཅན་ཞེས་བྱ་བ་སྨོས་པ་ཡིན་ནོ།། དེ་ལ་ཞི་བ་ནི་དབང་ཕྱུག་ཆེན་པོའི་གཟུགས་འཛིན་པའི་འཇིག་རྟེན་དབང་ཕྱུག་གོ།། སྲེད་མེད་ཀྱི་བུ་ནི་སྲེད་མེད་ཀྱི་བུའི་གཟུགས་འཛིན ་པའོ།། ཚངས་པ་ཚངས་པའི་གཟུགས་འཛིན་པའོ།། འདོད་པའི་གཟུགས་ཅན་ནི་འདོད་པའི་ལྷའི་གཟུགས་ཅན་ནོ།། སྤྱི་བོར་གསོར་ཞིང་མགྲིན་འདེགས་པ་ཞེས་བྱ་བ་ནི་རྟ་མགོ་ལྗང་ཁུ་མ་འདིར་ཅི་འདོད་པ་རྟའི་གཟུགས་ཅན་ནོ།། འདོད ་པའི་རྟ་ཞེས་བྱ་བའོ།། ཏིང་ངེ་འཛིན་བཟང་པོ་ལ་སོགས་པ་འདི་དག་ཐམས་ཅད་ཕྱག་མཚན་པདྨ་བསྣམས་པ་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར། པདྨ་ཅན་ཞེས་བྱ་བ་སྨོས་པ་ཡིན་ནོ།། རྟ་མགྲིན་ལྕགས་ཀྱུ་བཅིངས་ནས་ནི། ཆོས་ཀྱི ་ཚིག་གིས་སྤྱན་དྲང་བྱ་ཞེས་བྱ་བ་ནི་རྟ་མགྲིན་གྱི་ལྕགས་ཀྱུའི་མཚན་ཉིད་འོག་ནོས་བཤད་པ་བཅིངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་བ་ལོ་ཀི་ཏཽ་ཤྭ་རཱ་ཞེས་བྱ་བ་ལ་སོགས་པ་སྤྱན་དྲང་བའི་སྔགས་འོག་ནས་བཤད་པའི་ཆོས་ཀྱི་ཚིག་གི ་བཟླས་ཤིང་བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲངས་ལ་དཀྱིལ་འཁོར་དུ་ཞུགས་པ་ནི་ཡང་དག་པར་སྤྱན་དྲངས་པ་ཡིན་ནོ།། དེ་ནས་པདྨའི་རིགས་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས ་ནི། ཆོ་ག་རྒྱས་པ་བྱ་བ་ཡིན་ཞེས་བྱ་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གསོ་བཅོམ་ལྡན་འདས་འཁོར་དང་བཅས་པ་དམ་ཚིག་གི་ཕྱག་རྒྱས་བསྒྲུབས་ལ། ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས ་རྒྱས་བཏབ་ཏེ། དབང་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ་མཆོད་ཡོན་ཕུལ་ལ་སྔོན་དུ་སོང་བའི་བུམ་པ་ལ་སོགས་པས་ཡང་དག་པར་མཆོད་ལ་སྡོམ་པ་ཇི་ལྟ་བ་བཞིན་དུ་ལེགས་པར་བླངས་ནས་རང་གི་སྙིང་གར་རྡོ་རྗེ་པདྨ ་བསྐྱེད་དེ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་ལ་དབང་བསྐུར་བའོ།། འདིར་ནི་ཆོ་ག་རྒྱས་པ་ཡིན་ལ་དེ་བྱས་ནས་ཅི་ཞིག་བྱ་ཞེ་ན། པདྨ་ཆེན་པོའི་ཕྱག་རྒྱ་ཡིས།། པདྨའི་དཀྱིལ་འཁོར་ལ་འཇུག་བྱ།། ཞེས་བྱ་བ་གསུངས་ཏེ།། ་པདྨ་ཆེན་པོ་པདྨ་དང་བཅས་པ་བཅིངས་ལ་དེ་ཉིད་ཀྱིས་མེ་ཏོག་ཕྲེང་བ་བླངས་ལ་རྡོ་ཤུག་ཀྱིས་ཞུགས་ཏེ། འཇུག་པའི་གླུ་ལེན་པའི་པདྨའི་དཀྱིལ་འཁོར་དུ་འཇུག་པར་བྱའོ།། པདྨ་ཆེན་པོ་མེ་ཏོག་བཅས།། མ་ཡེངས་ཡིད་ཀྱིས་ཕྱག་བྱའོ།། ་ཞེས་བྱ་བ་ནི་པདྨ་ཆེན་པོའི་ཕྱག་རྒྱ་མེ་ཏྲོག་དང་བཅས་པ་བཅིངས་པ་དཀྱིལ་འཁོར་དུ་ཞུགས་ཏེ། བཅོམ་ལྡན་འདས་ལ་ཡིད་གཞན་དུ་མ་ཡེངས་པས་ཕྱག་བྱའོ།། དཀྱིལ་འཁོར་ཞུགས་ནས་ཏིང་ངེ་འཛིན། བཟང་པོ་ལོས་བྱུང ་གཟུངས་འདི་བརྗོད་པར་བྱ་ཞེས་བྱ་བ་ནི་དེ་ལྟར་ཇི་སྐད་དུ་བཤད་པའི་ཆོ་གས་དཀྱིལ་འཁོར་དུ་ཞུགས་ནས་རང་བཞིན་གྱིས་དག་པའི་ཏིང་ངེ་འཛིན་ལས་བྱུང་བའི་གཟུངས། ཨོཾ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས ་སྤྱན་སྔར་འདུག་སྟེ་བརྗོད་པར་བྱའོ།། དེ་ནས་མཛུབ་མོ་ལྕགས་ཀྱུ་བཅིངས།། ཆོས་ཀྱི་ཚིག་གིས་ལེགས་སྤྱན་དྲངས།། ཞེས་བྱ་བའི་སྔར་བཤད་པའི་ཆོ་གས་དཀྱིལ་འཁོར་བྲིས་ལ་སྒོ་དབྱེ་བ་བྱས་ནས། བསྡུ་བ་དང་མཚན་བརྒྱ་རྩ ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ཉིད་ལ་མཛུབ་མོ་གཉིས་ལྕགས་ཀྱུས་བཅིངས་ལ་རྔ་སྒྲ་ལྟར་ཟབ་པའི་དབྱངས་དང་ལྡན་པའི་མཚན་ཉིད་ཅན་གྱི་ཆོས་ཀྱི་ཚིག་གིས་སྔགས་བརྗོད་ཅིང་བཅོམ་ལྡན་འདས་འཁོར་དང ་བཅས་པ་སྤྱན་དྲང་ཞིང་གཤེགས་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། འཇིག་རྟེན་འཛིན་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷའི་གཟུགས་ཐམས་ཅད་ནི་འཇིག་རྟེན་ཏེ། དེ་གཟུག་ས། ་ཐམས་ཅད་སྟོན་པའི་ཡེ་ཤེས་ཀྱིས་འཛིན་པར་མཛད་པས་ན་འཇིག་རྟེན་འཛིན་ཏེ། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ།། འཇིག་རྟེན་ཀུན་མཆོག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ ་འཇིག་རྟེན་དང་འཇིག་རྟེན་ལྔས་འདས་པའི་ལྷའི་གཟུགས་ནི་འཇིག་རྟེན་ཐམས་ཅད་དེ། དེའི་མཆོག་གི་པདྨའི་རིགས་ཀྱི་བདག་པོའོ།། ཏིང་འཛིན་ཆོ་གས་ངེས་པར་མཛད་ཅེས་བྱ་བ་ནི་པདྨའི་རིགས་ཀྱི་ལྷ་རྣམས་ཀྱི་སེམས་རྩེ ་གཅིག་པ་ཉིད་ནི་ཏིང་ངེ་འཛིན་ཏེ། དེ་རྣམས་ཐོབ་པར་བྱེད་པའི་ཐབས་རྣམ་པ་སྣ་ཚོགས་པ་དེ་ལ་ངེས་པར་འགྱུར་བའི་ཡེ་ཤེས་མངའ་བས་ན་ཏིང་འཛིན་ཆོ་གས་ངེས་པར་མཛད་ཅེས་སྒྲུབ་པའི་འཇིག་རྟེན་དབང་ཕྱུག་འགྲུབ་པར ་མཛད་པའོ།། དེ་ནས་དེ་བཞིན་སློབ་མ་རྣམས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་སློབ་དཔོན་གྱིས་འཇུག་པའི་ཚིག་བཤད་མ་ཐག་ཉིད་ཀྱིས་སློབ་དཔོན་ཞུགས་ལ། དེ་བཞིན་དུ་སློབ་དཔོན་གྱི་སློབ་མ་བཅུག་ལ། དེ་རྣམས་ཀྱི་ཆོ་ག ་རྒྱས་པར་བྱས་ནས་སློབ་དཔོན་གྱིས་དེ་རྣམས་ལ་ཡེ་ཤེས་བསླབ་པར་བྱ་བ་ཡིན་པས་ན།། དངོས་གྲུབ་ཐམས་ཅད་སྦྱིན་བྱེད་པའི།། ཡེ་ཤེས་དག་ནི་བསླབ་པར་བྱ།། ཞེས་གསུངས་སོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པར་བྱེད་པའི ་ཡེ་ཤེས་སློབ་མ་རྣམས་ལ་བསླབ་པར་བྱའོ།། ཏིང་འཛིན་སྙིང་པོ་འདི་ཡིས་ནི།། སྒྲུབ་པ་ཆེན་པོ་གདོད་ནས་བྱུང་།། ཞེས་བྱ་བ་ནི་ལྷ་ཐམས་ཅད་ཀྱི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་བཟླས་པའི་སྙིང་པོ་ནི་ཏིང་ངེ་འཛིན་གྱིས་སྙིང་པོའོ།། ཏིང ་ངེ་འཛིན་གྱི་སྙིང་པོ་དེའི་བསྒྲུབ་པར་བྱ་བ་ཆེན་པོ་ནི་འདིའི་དངོས་གྲུབ་ཀྱི་མཆོག་སྒྲུབ་པར་བྱེད་པའི་ཆོ་གའོ།། བསྐལ་པ་བཟང་པོ་ལ་སོགས་པའི་སྔོན་དུ་ཡང་དེ་ལྟར་བྱུང་བའི་ཚུལ་གྱིས་གནས་པས་ན་གདོད་ནས་བྱུང་བའི་སྒྲུབ་པ་ཆེན ་པོ་ཡིན་ནོ།། འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད་ཅེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་ནི་འཇིག་རྟེན་ཀུན་ཏེ་པདྨའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གོ།། དེའི་ངོ་བོ་ཉིད་ཡིན་པས་ན་འཇིག་རྟེན་དབང་ཕྱུག་ཉིད་དོ།། འདིས་ནི་རྒྱུ་ལས ་འབྲས་བུ་ཉེ་བར་བཏགས་པའི་སྒོ་ནས་བསྒྲུབས་ལོ།། འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད་ཅེས་བྱ་བའི་སྒྲས་བཤད་དོ།། བཤད་པར་བྱ་ཞེས་བྱ་བའི་ནི་བསྟན་པར་བྱའོ།། ཇི་ལྟར་ཞེ་ན་གོ་རིམ་བཞིན་དུ་ཞེས་བྱ་བ་གསུངས་ཏེ། སྒྲུབ་པའི ་ཐབས་ཀྱི་རིམ་པས་སྔོན་དུ་བསྙེན་པ་བྱ་བས་ཡིན་གྱིས་དང་པོ་ཉིད་ནི་མ་ཡིན་ནོ།། བུད་མེད་རྣམས་ཀྱི་ནང་དུ་ཞུགས་ཞེས་བྱ་བ་ནི་མཆོད་པོ་རྣམ་པ་བཅུ་གཉིས་ཀྱི་ལྷ་མོ་དང་ཁྲོ་གཉེར་མ་ལ་སོགས་པ་ནི་བུད་མེད་དོ།། པདྨའི་ཞི་བ་དང་། ་པདྨའི་སྲེད་མེད་ཀྱི་བུ་དང་། པདྨའི་ཚངས་པ་དང་། པདྨའི་འདོད་པའི་གཟུགས་ནི་འཇིག་རྟེན་གདུགས་པ་ཞེས་བྱ་བར་གྲགས་ཏེ་དེ་རྣམས་ཀྱི་ནང་དུ་ཚུད་པའོ།། གང་ཡང་རུང་བར་འདུག་ནས་ནི་ཞེས་པ་བ་ནི་དེ་ཡིད་དང ་རྗེས་སུ་མཐུན་ཞིང་འདུ་འཛི་མེད་པའི་གནས་སུ་འདུག་པའོ།། པདྨ་ཆེན་པོས་ཡོངས་སུ་ཟུང་སྟེ་ཞེས་བྱ་བ་ནི་པདྨའི་འདབ་མ་ཆེན་པོ་ལྕེ་ལ་རྡོ་རྗེ་དཀར་པོ་བསམས་ཏེ། བཟླ་བར་བྱ་བའི་སྔགས་ཡིད་ཀྱིས་བྲི་བཱ་དང་། རང་གི ་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་ཡང་བྲིས་ནས་བཟླས་པར་བྱ་བ་ཟློས་ཤིང་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ།། ཞེས་བསྒོམ་པར་བྱའོ།། ཉིན་རེ་ཅི་ནུས་བསྒྲུབ་པར་ཞེས་བྱ་བ་ནི་སྒོམ་པའི་རིམ་པ་འདིས ་ཉེན་རེ་ཞིང་རང་གི་ནུས་པ་དང་རྗེས་སུ་མཐུན་པས་ཇི་སྙེད་སྐྱོ་བོར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། ཇི་བཞིན་དུས་དང་ཞེས་བྱ་བ་ནི་སྔ་དྲོ་དང་ཉི་མ་གུང་དང་། ཕྱི་དྷོ་དང་མཚན་ཕྱེད་ལའོ།། སྟོབས་ཇི་བཞིན་ཞེས་བྱ ་བ་ནི་རང་གི་ནུས་པ་དང་རྗེས་སུ་མཐུན་པས་སོ།། ཆོ་ག་འདིའི་ཞེས་བྱ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། དེ་ནས་ཕྱག་རྒྱ་བསྒྲུབ་པ་ནི། ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིགཱི་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་མ་དང་། ལས་ཀྱི་ཕྱག ་རྒྱལ་ནི་ཕྱག་རྒྱ་ཞེས་བྱ་སྟེ། དེའི་སྒྲུབ་པ་བཤད་པར་བྱའོ་ཞེས་བྱ་བ་དོན་གྱིས་སྦྱར་རོ།། ཕྱག་རྒྱ་བཅིངས་ཏེ་ཏོང་འཛིན་གནས་ཞེས་བྱ་བ་འདོད་པོའི་ལྷོའི་ཕྱག་རྒྱ་ཆེན་པོ་བཅིངས་ནས་དེའི་རང་བཞིན་ནི་འརྩམ་པར་བྱའོ།། དང ་གྲུབ་ཆེན་པོ་ཉིད་ཐོབ་བོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་རྫོགས་པའི་དངོས་གྲུབ་ཆེན་པོ་ཉིད་དོ།། དེ་ཐོབ་པར་ནི་དེའི་རང་བཞིན་དུ་བསམ་པར་བྱའོ།། དམ་ཚིག་དམ་ཚིག་མཆོག་གི་སྟེ་ཞེས་བྱ་བ་ནི་རང་གི་ལྷའི་དུམ ་ཚིག་ནི་ཕྱག་རྒྱའི་དམ་ཚིག་གོ།། དམོ་ཚིག་དདམ་ཚིག་གིས་ཞེས་བྱ་བ་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་བདག་ཉིད་ཐོབ་པར་འགྱུར་བའོ།། ལས་ནི་ལས་མཆོག་ཕྱག་རྒྱས་སོ་ཞེས་བྱ་བ་ནི་རང་གི་ལྷོའི་ལས་ཀྱི་ཕྱག་རྒྱ་ནི་ལས ་ཏེ། ལས་དེ་ལས་མཆོག་གིས་ཞེས་བྱ་བ་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ནས་བདག་ཉིད་ཀྱིས་ཐོབ་པར་འགྱུར་ཆོས་ཀྱི་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱའི་སྒྲུབ་པ་ནི་སྒྲུབ་པ ་ཆེན་པོ་སྟེ། བཤད་མ་ཐག་པ་འདི་ཉིད་དོ།། དེ་སྟོན་པར་བྱེད་པ་སྒྲའི་ཚོགས་ནི་རྒྱུད་ཅེས་བྱའོ།། འདི་སྐད་སྟོན་པ་ཡིན་ཏེ། བདག་བསྲུང་བ་དང་། གནས་བསྲུང་བ་བྱས་ལ། རང་གི་ལྷ་མདུན་དུ་བཞག་སྟེ། པདྨའི་དྲིལ་བུ་ཐིགས ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་པར་བྱའོ།། དེ་ལ་འདིར་རེ་ཞིག་དང་པོར་ཕྱག་བྱེ་བ་ལ་སོགས་པ་སྔོན་དུ་འགྲོ་བས་རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་བསྡམས་པ་རང་གི་སྙིང་གར་དྲལ་བར ་བྱའོ།། རྡོ་རྗེ་འབེབས་པའི་ཕྱག་རྒྱས་བདག་ཉིད་ལ་དབབ་པར་བྱས་ལ། ཕྱག་རྒྱ་དེ་ཉིད་སྙིང་གར་ཇི་ལྟ་བཞིན་དུ་དགྲོལ་བར་བྱའོ།། དེ་ནས་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་དེ་བཞིན་དུ་བཅིང་ངོ་།། དེ་ནས་རང་གི་སྙིང་གར་གནས་པའི ་རྡོ་རྗེ་པདྨ་ལ་བཟླས་པ་བྱ་བའི་སྔགས་བསམས་ལ། དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་རང་གི་སེམས་བཟླས་པ་བྱ་བའི་སྔགས་ཀྱི་ངོ་བོར་བསམས་ལ་དེ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང ་བཅས་པ་ལ་ཟླ་བའི་དཀྱིལ་འཁོར་དུ་བདག་ཉིད་བསམ་པར་བྱའོ།། དེའི་སྟེང་དུ་ཡང་བཟླ་བར་བྱ་བའི་སྔགས་བསམས་ལ། ཀ་ལ་སོགས་པ་གསལ་བར་བྱས་པའི་ཡི་གེ་དང་བཅས་པ་ལ་ཟླ་བའི་དཀྱིལ་འཁོར་གཉིས་པ་དོ་ཡང་བཟླས་པའི་སྙིང་པོ ་དང་བཅས་པ་ལས་དང་པོའི་རྡོ་རྗེ་དོ་ཉིད་འགྲོ་བ་འདུལ་བའི་རྣལ་འབྱོར་པས་རྡོ་རྗེ་པདྨར་པོས་མ་མོ།། གཞན་དག་གིས་རང་གི་ལྷའི་མཚན་མ་དང་། དེའི་དབུས་སུ་བཟླས་པར་བྱ་བའི་སྔགས་ཡིད་ཀྱིས་བསམ་ལ་བདག་ཉིད་རང་གི་ཕྱག་རྒྱའི་ངོ ་བོར་བསམས་ཤིང་ཕྱག་རྒྱའི་ཚུལ་ལས་པདྨའི་རིགས་ཐམས་ཅད་དང་སྤྲོས་ལ་དེས་གདུལ་བར་བྱ་བ་ཐམས་ཅད་གདུལ་བར་བྱས་ནས་དེ་རྣམས་ཕྱག་རྒྱའི་གཟུགས་དེར་ཡིད་ཀྱིས་བཅུག་ལ། སེམས་དབང་བྱིན་གྱིས་རློབ་པའི་སྦྱོར་བས་ཕྱག ་རྒྱའི་གཟུགས་དེ་རྡོ་རྗེ་སེམས་དཔར་བྱིན་གྱིས་རློབ་པའི་སྦྱོར་བས་ཕྱག་རྒྱའི་གཟུགས་རྡོ་རྗེ་སེམས་དཔར་བདག་ཉིད་བསམོས་ལ་རྡོ་རྗེ་སེམས་དཔར་དེ་རང་གི་སྔགས་ཟློས་ཤིང་རང་གི་ལྷའི་གཟུགས་སུ་བསམ་པར་བྱ་སྟེ། དེ་ནས་མུ་ཧཱ་སོམ ་ཡ་སཏྭ་ཧཾ་ཞེས་བརྗོད་དེ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ས་མ་ཡོ་ཧོ་ཞེས་བརྗོད་ལ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཾ་ཞེས་བྱ་བས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་སྤྱི་བོར་བྱིན་གྱིས ་བརླབ་བོ།། དེ་ནས་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། མདུན་དུ་སྣ་ཚོགས་པདྨའི་སྟེང་དུ་རང་གི་ལྷའི་སྔགས་མཐར་ཡི་གེ་ཨ་དང་བཅས་པ་ལས་ལྷའི་མཚན་མ་བསམ་པར་བྱའོ།། དེ་ནས་རང་གི་ལྷའི་སྔགས་ཟློས་ཤིང་རང་གི་ལྷའི ་མཚན་མ་ཕྱག་རྒྱའི་ངོ་བོར་བདོག་ཉིད་བསམ་པར་བྱའོ།། དེས་ཡང་རིང་གི་ལྷའི་སྔགས་ཟློས་ཤིང་ཕྱག་རྒྱ་དེས་རང་གི་ལྷའི་སྐུར་བདག་ཉིད་བསམ་པར་བྱའོ།། དེ་ནས་རྡོ་རྗེ་པདྨའི་ལྕགས་ཀྱུ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དེ་ཉིད ་དུ་རང་གི་ལྷའི་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་དང་རང་གི་ལྷའི་སྔགས་དང་། དྲྀ་ཤྱ་ཀྱེ་ཞེས་བརྗོད་ལ་བལྟ་བར་བྱའོ།། དེ་ནས་རྟ་མགྲིན་གྱི་ལྕགས་ཀྱུ་དང་བཟླས་པར་བྱ་བའི ་སྔགས་ཀྱིས་རང་གི་ལུས་ལ་བཅུག་ལ། རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡ་སྟྭཾ་ཞེས་བརྗོད་དོ།། འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ས་མ་ཡ་སྟྭཾ། ཨ་ཧཾ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་དང་། རང་གི་སྔགས་ལན་གསུམ་བརྗོད་ལ་རང་གི ་ལུས་ཀྱི་ནང་དུ་གཏོགས་པ་དང་ལྷན་ཅིག་ཏུ་གྱུར་པར་བདག་ཉིད་བསམ་པར་བྱའོ།། དེ་ནས་ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་དེ་བཞིན་གཤེགས་པ་ཐམས་ཅད་རང་གི་ལུས་ལོ་བཅུག་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་རབ་ཏུ ་བསྒྲུབས་ནས་རང་གི་ལྷ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་དང་། ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏབ་སྟེ། དང་པོའི་རྡོ་རྗེ་བཅིངས་ནས་བདག་ཉིད་དེ་བཞིན་དུ་བྱིན་གྱིས་བརླབ་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ།། དེ་དབང ་བསྐུར་བའི་ཕྱག་རྒྱས་དབང་བསྐུར་ལ་རྡོ་རྗེ་པདྨ་དང་། བདག་པོ་དང་། མིང་གིས་དབང་བསྐུར་བ་བླངས་ལ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཤུགས་བླང་བར་བྱའོ།། དེ་ནས་པདྨའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཞིས ་བདག་ཉིད་མཆོད་ལ་པདྨ་ཆེན་པོའི་མེ་ཏོག་བཅས་པ་བཅིངས་ཏེ་ཡིད་བསྡུས་ཏེ་ཕྱག་རྒྱའོ།། དེ་ནས་དེ་ཁོ་ན་ཉིད་དང་། ཆོས་དང་དྲམ་ཚིག་གསུམ་བླངས་ལ་རང་གི་སྔགས་ལན་གསུམ་བཟླ་བར་བྱའོ།། དེ་ནས་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག ་དབང་ཕྱུག་ཆེན་པོ་བདག་པོའི་མཆོག། འཇིག་རྟེན་མགོན་ཁྱེད་བདག་གྱུར་ཅིག། ངོ་སྐད་ཅེས་བརྗོད་ནས་རབ་ཏུ་བསྒྲུབས་ཏེ། དེ་བཞིན་དུ་ལྕེ་དང་། རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་རང་གི་སྔགས་རྣམ་པར་བསམས་། ཆོས་ཀྱི་ཚིག་ཟློས ་ཤིང་ཡིད་ཀྱིས་སེམས་ཅན་གྱིས་ཁམས་ཐམས་ཅད་པདྨའི་རིགས་ཀྱི་རང་བཞིན་དུ་བྱས་ལ་འགྲོ་བ་ཐམས་ཅད་འདུལ་བའི་ལྷའི་དཀྱིལ་འཁོར་གྱི་དབུས་སུ་འདག་སྟེ། ཆོས་ཐམས་ཅད་རིང་བཞིན་གྱིས་དག་པར་ཉིན་རེ་ཞིང་བྱ་བའི་སྦྱོར་བ ་ཟླ་བ་གཅིག་ཙམ་གྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་ཡང་བཟླས་བརྗོད་འབུམ་བྱས་ལ་མཐར་མཚན་ཐོག་ཐག་བསྒོམ་པར་བྱ་སྟེ། དེ་ལྟ་བུས་ནི་འཇིག་རྟེན་དབང་ཕྱུག་ཉིད་ཐོབ་པར་འགྱུར་རོ།། ཆོས་ཀྱི་ཕྱག་རྒྱ་སྒྲུབ་པའོ།། དེ་ནས་ཕྱག་རྒྱ་ཆེན་པོ ་སྒྲུབ་ན་སྔ་མ་བཞིན་དུ་ཆོས་ཐམས་ཅད་རྗེས་སུ་སྤྱད་ནས་ཕྱག་རྒྱ་ཆེན་པོ་བཅིངས་ལ། ཟླ་བ་གཉིས་ཀྱིས་བར་དུ་བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་བསྒོམས་ལ་མཐར་མཚན་ཐོག་ཐག་བསྒོམས་ན་ནང་པར་འཇིག་རྟེན་དབང་ཕྱུག་དང་། ་འདྲ་བར་འགྱུར་རོ།། དེ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་སྒྲུབ་ན་དམ་ཚིག་ཕྱག་རྒྱ་བཅིངས་ཏེ་ཆོ་ག་ཐམས་ཅད་རྗེསུ་སྤྱད་ནས་མཐར་མཚན་ཐོག་ཐག་བསྒོམས་ན་དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་རོ།། དེ་ནས་ལས་ཀྱི་ཕྱག་རྒྱ ་བཤད་པར་བྱ་སྟེ། དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་རང་གི་སྙིང་གར་ཧྲཱིཿལས་སྣ་ཚོགས་པདྨ་བསམས་ལ་ལས་ཀྱི་ཕྱག་རྒྱ་བཅིང་སྟེ། ཟླ་བ་གཉིས་ཀྱི་བར་དུ་བསྒོམས་ལ་མཐར་མཚན་ཐོག་ཐག་བསྒོམས་ན་ནང་པར་འཇིག ་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་རོ།། ད་ནི་ཡང་དཀྱིལ་འཁོར་གྱི་ཚེ་ག་ཐམས་ཅད་བརྗོད་པར་བྱའོ།། བདག་དང་གནས་བསྲུང་བར་བྱས་ལ། རྡོ་རྗེ་འཁོར་ལོ་ཕྱག་རྒྱས་འགྲོ་བ་འདུལ་བའི་དཀྱིལ་འཁོར་སྦྲུལ་གལ་ཏེ་འབྱོར་པ་ཡོད་ན་མེ་ཏོག ་ལྔ་སོགས་པས་ཡང་དག་པར་མཆོད་དོ།། སྒོ་བཞི་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལོ་ཕྱག་བཞི་ལྔ་སོགས་པ་སྟོན་དུ་འགྲོ་བས་སྔ་མ་བཞིན་དུ་སྡོམ་པ་གཟུང་བར་བྱའོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་ལ་སོགས་པ་ནས་དམ ་ཚིག་གི་ཁུ་ཚུར་བཅིང་བའི་བར་གྱི་ཕྱག་རྒྱ་བཅིངས་ལ་ཐམས་ཅད་བྱའོ།། དེ་ནསོ་སརྦ་ཤུདྡྷཿཞེས་བརྗོད་ཅིང་འཕགས་པ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་ནས། ལྷ་མོ་པདྨོའི་དྲིལ་བུ་མའི་བར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། དེའི ་སྙིང་པོ་ཡང་ལན་གསུམ་བརྗོད་ཅིང་ཨོཾ་བཛྲ་མུཿཞེས་བྱ་བ་བརྗོད་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་རང་གི་སྙིང་གར་གྲོལ་བར་དགྲོལ་ཞིང་། ལྷ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་ཡང ་ཀྱིས་གཞུག་པར་བྱའོ།། དེ་ནས་སྡིག་པ་དྲལ་བའི་ཕྱག་རྒྱས་སྡིག་པ་ཐམས་ཅད་དྲལ་བར་བྱའོ།། དེ་ནས་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ལ་བཟླས་པར་བྱ་བའི་སྔགས་བསམས་ལ། དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས ་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་སྔར་གྱི་ཆོ་ག་རྣམས་རྗེས་སུ་སྤྱད་ལ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་བཅིངས་པར་བྱའོ།། དེ་ནས་ན་མཁའ་ཐམས་ཅད་དང་མཉམ་པའི་རང་གི་སྙིང་གའི་ཟླ་བར་ཡིད ་ཀྱིས་ན་མཁའ་དང་མཉམ་པའི་སྦྱོར་བས་ཞུགས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རང་གི་དཀྱིལ་འཁོར་བསྐྱེད་ནས་འཇུག་པའི་ཕྱག་རྒྱ་བཅིངས་ཏེ་འཇུག་པར་བྱའོ།། དེ་ནས་རང་གི་སྤྱི་བོར་མེ་ཏོག་དོར་བར་བྱའོ།། དེ་ནས་དངོས་གྲུབ་ཀྱི་བརྟུལ ་ཤུགས་བླང་བའི་བར་གྱི་ཆོ་ག་རྣམས་རྗེས་སུ་སྦྱང་ལ་དཀྱིལ་འཁོར་དེ་རང་གི་སྙིང་གིའི་ཟླ་བའི་ནང་དུ་ཆུད་པར་བསམ་པར་བྱའོ།། དེ་ནས་སྔ་མ་བཞིན་དུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རང་གི་ལུས་ལ་བཅུག ་ལ་དམ་ཚིག་གི་ཕྱག་རྒྱས་རབ་ཏུ་བསྒྲུབས་ནས། ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་འགྲོ་བ་འདུལ་བའི་རྣལ་འབྱོར་ཆེན་པོ་བྱས་ལ། སྔ་མ་བཞིན་དུ་དང་པོའི་རྡོ ་རྗེས་བདག་ཉིད་བྱིན་གྱིས་བར་བས་ནས་ཡི་གེ་བརྒྱ་པས་བརྟན་པར་བྱས་ལ་སྔ་མ་བཞིན་དུ་དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཤུགས་བླང་བའི་བར་གྱི་ཆོ་ག་རྣམས་རྗེསུ་སྤྱད་པར་བྱའོ།། དེ་ནས་པདྨའི་མཚོན་ཆོ་མ་ལ་སོགས་པ་ཕྱག་རྒྱའི་མཆོད ་པ་བཅུ་གཉིས་ཀྱིས་བདག་ཉིད་མཆོད་ལ་པདྨ་ཆེན་པོ་བཅིངས་ཏེ། བཅོམ་ལྡན་འདས་ལ་དེ་བཞིན་དུ་ཕྱག་བྱས་ནས་ཕྱག་བཞི་བྱའོ།། དེ་ནས་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་བཟུང་ནས་བཟླས་པ་བྱ་བའི་སྔགས་ལན་གསུམ་བརྗོད་པར་བྱའོ།། ་དེ་ནས་ཨོཾ་བཛྲ་ཨཱཏྨ་ཀོ་ཧ~ཾ་ཞེས་བརྗོད་དེ་ལྷ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་དུ་བདག་ཉིད་བསམ་པར་བྱའོ།། ཨོཾ་སརྦ་ཤུདྡྷོ་ཧཾ་ཞེས་བརྗོད་དོ།། གཟུགས་བརྙན་དང་མཚུངས་ཤོང་སྟོང་པའི་རང་བཞིན་ཅན་དུ་བསམ་པོར ་བྱའོ།། ཨོཾ་སརྦ་ས་མོ་ཧཾ་ཞེས་བརྗོད་དེ་ཆོས་བདག་མེད་པའི་ཡེ་ཤེས་ལས་འབྱུང་བའི་ལྷ་ཐམས་ཅད་ཀྱི་རང་བཞིན་བདག་ཡིན་པར་བསྒོམ་པར་བྱའོ།། དེ་ནུས་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨའི་དབུས་སུ། ཡ་ཐ་རཀྵ་མི་དཾ་པད་མཾ། རཱ་ག་ཧེ ་ན་ལི་བྱ་སྟེ། བ་ཤ་དོ་ཤེ་ཤཱ་བི་བཱི་དྷེ། ཏ་ཐཱ་ཤུདྡྷ་མ་ཏྲི་དྷཱ་ཏུ་གཾ་ཞེས་བྱ་བ་ཡིད་ཀྱིས་བྲིས་ལ། ཆོས་ཀྱིས་དམ་ཚིག་གིས་བཟླས་ཤིང་བཟླས་བརྗོད་འབུམ་བྱའོ།། དེ་ནས་དཀྱིལ་འཁོར་ཐམས་ཅད་སྔགས་རེ་རེ་ཞིང་བཟླས་པརྗོད་འབུམ་བྱའོ།། དེ ་ལྟར་བྱས་ན་སྔོན་དུ་བསྙེན་པ་བྱིས་པར་འགྱུར་རོ།། ཡང་ན་རེང་གི་སྙིང་གར་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་སྤྲུལ་ལ། འཕགས་པ་འཇིག་རྟེན་དབང་ཕྱུག་ལོ་སོགས་པ་ནས་པདྨའི་དྲིལ་བུ་མའི་བར་དུ་རང་གི་སྙིང་པོས་བཀོད་ལ། སྔ་མ་བཞིན་དུ ་སྙིང་པོ་གསུམ་བརྗོད་ཅིང་དོན་གསུམ་བསྒོམས་ལ། བདག་ནི་རང་ཉིད་འགྲོ་བ་འདུལ་བའི་དཀྱིལ་འཁོར་ཆེན་པོའི་ངོ་བོ་ཉིད་ཡིན་ནོ་ཞེས་རྣམ་པར་བསམས་ལ། ཡ་ཐ་རཀྟ་མི་དཾ་པད་མཾ་ཞེས་བྱ་བའི་སྔགས་ལྷ་ཐམས་ཅད་ཀྱིས་ཐུགས ་ཀ་ན་གནས་པའི་རྡོ་རྗེ་པདྨ་བཀོད་དེ། ཆོས་ཀྱིས་ཚིག་གིས་ཟློས་ཤིང་ཇི་སྲིད་བསྒོམ་པའི་དུས་སུ་ཉིན་རེ་ཞིང་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བུར་དུ་བསྒོམ་པར་བྱའོ།། དེ་ལྟ་བུས་ནི་སྔོན་དུ་བསྙེན་པ་ཤིན་ཏུ་ཡང་བྱས་པར ་འགྱུར་རོ།། དེ་ནས་ཞག་འདུན་གྱི་བར་དུ་དཀྱིལ་འཁོར་འདིའི་ཏིང་ངེ་འཛིན་གསུམ་བསྒོམ་པ་ནས་བརྩམས་ཏེ་བསྒོམ་པར་བྱའོ།། དེ་ནས་དཀྱིལ་འཁོར་འདི་ཀུན་ཏུ་བྲིའོ།། དེ་ལ་དང་པོར་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས་མངོན་པར་འདོད ་པའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱིས་སྦྱོར་བ་བྱས་ལ། རྡོ་རྗེ་གཙུག་ཏོར་ལ་སོགས་པ་རང་གི་ལུས་ལ་བཀོད་དེ། མི་རུས་ཀྱི་ཕྱེ་མའི་སྦྱིན་སྲེག་གིས་དཀྱིལ་འཁོར་གྱིས་བགེགས་བཟློག་ལ་ཞི་བའི་སྦྱིན་སྲེག་གིས་གདོན་དང་སློབ ་མ་རྣམས་ཞི་བར་བྱའོ།། དེ་ནས་སྔ་མ་བཞིན་དུ་ས་ཡང་དག་པོར་སྦྱང་བའི་ཆོ་ག་དང་ས་ཡོངས་སུ་གཟུང་བུའི་ཆོ་ག་རྗེས་སུ་སྦྱང་ལ། དཀྱིལ་འཁོར་གྱིས་སའི་དབུས་སུ་འདུག་སྟེ། རྡོ་རྗེ་མེ་ལྟར་འབར་བའི་ཁྲོ་བོར་སྙོམས་པར་ཞུགས་པ་ལས་ལངས ་ནས་བགེགས་བསོལ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བྱས་ལ། མཆོད་པ་རྣམ་པ་ལྔ་དང་། མཆོད་ཡོན་དང་། ལས་ཐམས་ཅད་པའི་ཆུ་སྣོད་ལ་སྔགས་ཡོངས་སུ་བཟླས་ཏེ། རྡོ་རྗེ་འཁོར་ལོས་འགྲོ་བ་འདུལ་བའི་དཀྱིལ་འཁོར་མདུན་དུ་སྦྲུལ་ལ། ་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བ་བྱས་ལ་སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དེ་ཁོ་ན་ཉིད་དང་། ཆེས་དང་། དམ་ཚིག་བཟུང་བ་ནས་སྔ་མ་བཞིན་དུ་རི་རབ་བསྐྱེད་ལ ་རི་རབ་ཀྱི་སྟེང་དུ་རྡོ་རྗེ་འཁོར་ལོས་དཀྱིལ་འཁོར་གྱི་སའི་དབུས་སུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བདག་ཉིད་སྤྲོ་བ་བསྐྱེད་པ་ལ་སོགས་པ་སྔར་བཤད་པའི་ཆོ་ག་ཐམས་ཅད་བྱས་ནས་ལུས་ཐམས་ཅད་ཀྱིས་ཕྱག་བྱས་ལ། ཏིང་འཛིན ་གསུམ་བསྒོམ་པར་བྱའོ།། དེ་ནས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྙིང་པོ་བཟླ་བར་བྱའོ།། དེ་ནས་དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་དཀྱིལ་འཁོར་བྲི་བའི་ཕྱིར། རྡོ་རྗེ་པདྨའི་རིགས་ཆེན་པོ། སངས་རྒྱ་སྲོ་ཀུནི་མཆོག་བཤད་དུ ་གསོལ་ཞེས་བྱ་བས་བདག་ཉིད་ལ་གསོལ་བ་བཏབ་པར་བསམ་པར་བྱའོ།། དེ་ནས་དམ་ཆོག་གྲི་ཕྱག་རྒྱ་དང་། ཡ་ཐ་རཀྟ་མི་དཾ་པད་མཾ། རཱ་ག་ཧོ་ཤེ་ནཱ་ལི་བྷྱ་སྟེ། བཱ་ས་དོ་ཤཽ་ཤཱ་པཱི་བཱི་དེ་ཏ་ཐཱ་ཤུདྡྷ་ཏྲི་དྷཱ་ཏུ་ཀཱ་མ། བཛྲ་ཏིཥྛ་མཎྜ་ལ་ཨུ་ཐཱ་པ་ཡ ་ཞེས་བརྗོད་ལ་དཀྱིལ་འཁོར་བཏེག་སྟེ་བར་སྣང་གི་ཕྱོགས་སུ་བཞག་ལ་རང་གི་སྔགས་དང་། རང་གི་དོམ་ཚིག་གི་ཕྱག་རྒྱས་སྙིང་ག་དང་དཔྲལ་པ་དང་ལྐོག་མར་བདག་ཉིད་བྱིན་གྱིས་བརླབས་ལ། ཡང་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། བཛྲ་དྲྀཥྚི ་མཊ་ཅེས་བྱ་བ་མིག་གཉིས་སུ་བཀོད་ལ་ཡ་ཞེས་བྱ་བས་རང་གི་རྐང་མཐིལ་གཉིས་སུ་སྣ་ཚོགས་རྡོ་རྗེ་བསམས་ལ། རྐང་མཐིལ་གཉིས་གནོན་པའི་རི་རབ་ནས་བརྩམས་ཏེ། ས་གཞིའི་གཏན་པ་ལ་ཐུག་པའི་བར་གྱི་ས་ཕྱོགས་ཐམས་ཅད་རྡོ་རྗེའི ་རང་བཞིན་ཅན་དུ་བྱས་ཏེ། ཕྱག་རྒྱ་ལ་གནས་དེ་བཞིན་ལངས།། ཀུན་ཏུ་རྣམ་པར་བལྟས་ནས་ནི།། སྙིང་པོ་ཀུན་ཏུ་ཟློས་བྱེད་ཅིང་།། བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར།། རྡོ་རྗེ་བལྟ་བས་ཀྱང་ཕྱོགས་དང་མཚམས་དང་། ན་མཁའ་དང་། འོག་དང་། ་དཀྱིལ་འཁོར་བཅིང་བ་དང་ར་བ་དང་དྲ་བ་བྱའོ།། ཡང་རྡོ་རྗེ་མེ་ལྟར་འབར་བའི་སྙོམས་པར་ཞུགས་པས་ལངས་ལ་བགེགས་གཞོམ་པ་ལ་སོགས་པ་བྱའོ།། དེ་ནས་དཀྱིལ་འཁོར་ནི་སྒོ་བཞི་ཕྱེ་ལ་གསང་བའི་གཟུགས་ཅན་གྱི་དཀྱིལ ་འཁོར་ཇི་ལྟ་བ་བཞིན་དུ་སྤྱན་དྲངས་ནས་སྔ་མ་བཞིན་དུ་ཕུར་བུ་གདབ་པར་བྱའོ།། དེ་ནས་སྔ་མ་བཞིན་དུ་ཐམས་ཅད་བྱས་ལ་སློབ་མ་ལ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པ་བྱའོ།། དེ་ནས་ཉི་མ་གཉིས་པ་ལ་མལ་ནས་ལངས་ལ་སྔ་མ་བཞིན ་དུ་རྣལ་འབྱོར་ཆེན་པོ་བྱས་ནས་ཡང་དཀྱིལ་འཁོར་ཐམས་ཅད་སྔ་མ་བཞིན་དུ་བཏེག་སྟེ། བར་སྣང་གི་ཕྱོགས་སུ་སྔ་མ་བཞིན་དུ་ཐིག་གདབ་པའི་སྔགས་དང་། ཚོན་སྣ་ལྔའི་སྲད་བུ་ལ་བདག་པོ་ལྔ་ཡོངས་སུ་བླངས་ལ། ཉི་མ་འཆར་བའི་དུས་སུ་དཀྱིལ ་འཁོར་དྲིས་བྱུག་ཅིང་མེ་ཏོག་བསིལ་མ་བཀྲམ་པ་བྱས་ལ། ཛ་ལས་མིག་གཡོན་དང་གཡས་སུ་ཟླ་བ་དང་ཉི་མ་སེར་པོ་སྣང་བ་བསྐྱེད་ནས། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿ་ཞེས་ཟློས་ཤིང་རང་གི་སྙིང་གར་གནས་པའི་རྡོ་རྗེ་པདྨ་ཡས་སྒྲུབ་པའི་གྲོགས ་མཆོག་པདྨའི་གར་གྱི་དབང་ཕྱུག་གི་གཟུགས་སུ་ཡོད་ཀྱིས་ཕྱུང་ལ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཚོན་སྣ་ལྔའི་སྐུད་པ་བླངས་ལ་དང་པོ་སྔགས་ཀྱི་སྦྱངས་ཤིང་དྲི་དང་བཅས་པའི་ཚོན་དཀར་པོའི་ནང་དུ་སྤངས་ལ་ཛཿཞེས་བྱ་བས་སྲང་བུ ་གྲོགས་པོའི་ལག་ཏུ་བཏང་ལ་སྔ་མ་བཞིན་དུ་ཕྱིའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། དེའི་དབུས་སུ་སྔ་མ་བཞིན་དུ་ཀ་བ་བརྒྱད་ཀྱི་ཚུལ་གྱིས་པདྨ་འདབ་མ་བརྒྱད་པ་པདྨའི་ཕྲེང་བས་བསྐོར་བས་ཐིག་བཏབ་ལ་ཚོན་སྣ་ལྔའི་ཕྱེ་མས་ཕྱི ་དང་ནང་གི་དཀྱིལ་འཁོར་ཐམས་ཅད་སྔ་མ་བཞིན་དུ་བྲི་བར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་སྣ་ཚོགས་པདྨ་ལ་འཇིག་རྟེན་དབང་ཕྱུག་གི་སྐུ་ལུགས་མ་འམ། བརྐོས་པའམ། བྲིས་པ་སྐུ་མདོག་གསེར་བཙོ་མ་འདྲ་བ། ཕྱག་གཡོན་པ་པདྨའི་ཁུ ་ཚུར་གྱིས་པདྨ་བསྣམས་ཤིང་དཀུར་བརྟེན་ནས་དེ་ལ་གཟིགས་པའི་ཚུལ་གྱིས་ཕྱག་གཡས་པས་མཐེ་བོང་དང་དེའི་མཛུབ་མོས་དེའི་འདབ་མ་ཕྱེ་བ་མཛད་པ། རྒྱན་ཐམས་ཅད་ཀྱིས་སྤྲས་པ། པདྨའི་ཕྲེང་བ་དང་། བཅོམ་ལྡན་འདས་འོད་དཔག་ཏུ ་མེད་པ་དང་ལྡན་པའི་ཅོད་པན་དང་། དུར་དཔྱངས་ཀྱིས་དབང་བསྐུར་བས་དབང་བསྐུར་བ་འཛུམ་པས་གཟིགས་པ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་རང་གི་སྙིང་པོ་དགོད་པར་བྱའོ།། དེའི་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་ཤུར་གྱི ་པདྨའི་དཀྱིལ་འཁོར་གྱིས་ཏིང་ངེ་འཛིན་བཟང་པོ་ཞེས་བྱ་བས་སངས་རྒྱས་ཀྱི་གཟུགས་ཅན་སྣ་ཚོགས་པདྨ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡོན་པས་རྡོ་རྗེ་པདྨ་བསྣམོས་ཤིང་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེའི་གཡས ་ལྕོགས་ཀཱི་ལི་ཀཱི་ལའི་གནས་སུ་དེ་བཞིན་གཤེགས་པ་པདྨ་ཆེན་པོ་ཞེས་བྱ་བ་ཐུགས་ཀའི་ཕྱོགསུ་པདྨའི་ཁུ་ཚུར་གཉིས་ཀྱི་རྡོ་རྗེ་པདྨ་གཉིས་བསྣམས་ནས་བཞུགས་པའོ།། དེའི་རྒྱབ་ཏུ་རྡོ་རྗེ་དྲན་མའི་གནས་སུ་དེ་བཞིན་གཤེགས་པའི་ཏིང་ངེ ་འཛིན་ཅེས་བྱ་བ་ཕྱག་གཡོན་པས་རྡོ་རྗེ་པདྨ་བསྣམས་ཤིང་ཏིང་ངེ་འཛིན་ལོ་སྙོམས་པར་ཞུགས་པའོ།། དེའི་གཡོན་ལོག་སུ་རྡོ་རྗེ་བསྙེམས་མའི་གནས་སུ་དེ་བཞིན་གཤེགས་པ་ཀུན་ཏུ་གཟིགས་པ་ཞེས་བྱ་བ་སངས་རྒྱས་ཀྱི་ཚུལ་ཅན་པདྨའི ་ཁུ་ཚུར་གཉིས་ཀྱིས་རིན་པོ་ཆེ་པདྨ་སྩོལ་བའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་སྦྱོར་བས་བཞུགས་ཤིང་། སྣ་ཚོགས་པདྨ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ།། འདི ་དག་ཐམས་ཅད་ཀྱང་འཇིག་རྟེན་དབང་ཕྱུག་གི་གཟུགས་འཛིན་པོར་བྲི་བར་བྱའོ།། དེ་ཡང་ཡོངས་སུ་འཇིག་རྟེན་དབང་ཕྱུག་གཟུགས།། སངས་རྒྱས་ལ་སོགསོ་རིགས་ཀྱི་ལྷ་ཞེས་གསུངས་པ་ཡིན་ནོ།། དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི། སརྦ་ཏ་ཐཱ་ག ་ཏ་པདྨ་ཛཿཧཱུཾ་བཛྲ་པདྨ་མ་ཧེ་པདྨ་པདྨ་བི་ཧོཛྫ་པདྨ་མ་ནོ་རུ་ཛ་ཞེས་བྱ་བ་ཡིན་ནོ།། ཡང་དཀྱིལ་འཁོར་འདི་ཉིད་ཀྱི་རྡོ་རྗེ་སྦྲང་རྩི་མའི་གནས་སུ་འཕགས་པ་དོན་ཡོད་པའི་ཞགས་པ་ལྷ་ཆེན་པོའི་གཟུགས་འཛིན་པ། སྐུ་མདོག་དཀར་པོ་ཕྱག་བཞི་པ། ཕྱག ་གཡས་པ་གཉིས་ཀྱིས་རྩེ་གསུམ་འཆང་ཞིང་མཆོག་སྩོལ་བ། གཡོན་གཉིས་ཀྱིས་ཞགས་པ་དང་པདྨ་བསྣམས་པ། བདེན་བྲལ་གྱི་མཚམས་སུ་ཁྱབ་འཇུག་གི་གཟུགས་འཛིན་པ་སྐུ་མདོག་ནག་པོ། ཕྱག་གཡས་གཉིས་ནི་འཁོར་ལོ་དོང ་དབྱུག་པ་བསྣམས་པ། གཡོན་གཉིས་ན་བ་དན་དང་དུང་བསྣམས་པ། རླུང་གི་མཚམས་སུ་འཇིག་རྟེན་དབང་ཕྱུག་ཚངས་པའི་གཟུགས་ཅན་སྐུ་མདོག་དཀར་པོ་ཞལ་བཞི་དང་ཕྱག་བཞི་མདུའ་བ། གཡས་གཉིས་ན་ཕྲེང་བ་དང་དབྱུག་པ་བསྣམས ་པ། གཡོན་གཉིས་ན་པདྨ་དང་སྤྱི་བླུགས་བསྣམས་པའོ།། དབང་ལྡན་གྱི་མཚམས་སུ་འཇིག་རྟེན་དབང་ཕྱུག་འདོད་པའི་གཟུགས་འཛིན་པ་ཞལ་གཉིས་པ། དེ་ལ་ཕྱག་གཡོས་གཉིས་ཀྱི་མདའ་དང་ལྕགས་ཀྱུ་བསྣམས་པ། གཡོན་གཉིས་ཀྱི། ་གྲཞུ་དང་པདྨ་བསྣམས་པའོ།། ཞལ་དང་པོ་ནི་འདོད་པའི་ལྷའི་གདོང་འདྲ་བ། སྤྱི་བོ་ནུ་རྟ་མགོ་ལྗང་གུའི་མགྲིན་པ་བཏེག་སྟེ་འཚེར་བར་བྱེད་པའི་ཚུལ་ཅན་ནོ།། དེ་ནས་འདི་རྣམས་ཀྱི་སྙིང་པོ་ནི་ཧཱུཾ་པདྨ་བཛྲ་ན་དེ་ཤེ་ཤྭ་ར་ཧཱུཾ་ཕཊ། ཧེ་མ་ཧེ་པདྨ་བི་ཤྭ་མུརྟི ་སིདྡྷྱ་ཧཱུཾ་ཕཊ། ཧི་པདྨ་པདྨ་ཧཱུཾ་ཨཿཧོ་པདྨ་ཨ་ཤ་ཨ་ཀྲ་མ་ཧཱུཾ་ཛ་ཞེས་བྱའོ།། སྒྲོག་མོ་ལ་སོགས་པ་ནས་པདྨའི་དྲིལ་བུ་མའི་བར་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པོའི་སྙིང་པོ་ཉིད་ཀྱིས་དགོད་པར་བྱའོ།། འདིར་ཁྱད་པར ་ནི་འོད་ཡིན་ཏེ། འདི་ལྟ་སྟེ་ཕྱག་མཚན་རྣམས་པདྨས་མཚན་པ་ཡིན་ནོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་ཕྱི་རོལ་ཏུ་སྔ་མ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱིས་སྦྱོར་བས་དཀྱིལ་འཁོར་གྱི་སྒོ་ཕྱེ་ལ། དེ་བཞིན་དུ་ཐམས་ཅད་བྱས་ནུས་བསྡུ་བ་བྱའོ།། ་དེ་ནས་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ལ་སྤྱན་འདྲེན་པའི་ཕྱག་རྒྱ་དྲིལ་བུ་དང་བཅས་པའི་སྔགས་འདིས་བཅོམ་ལྡན་འདས་འཁོར་དང་བཙོས་པ་ཐམས་ཅད་སྤྱན་དྲངས་ལོ་དཀྱིལ་འཁོར་དུ་གཞུག་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ ་ཨ་བ་ལོ་ཀི་ཏེ་ཤྭ་ར་པདྨ་ཧསྟ་ཨ་ཡ་ཏི་ཤཱི་གྷྲཾ། ཨེ་མེ་བཛྲེ་མུ་ཏྲ་བ་ཏྲྀ་ཛཱ་ཀྲྀ་ཥྱ་ས་མ་ཡེ་པདྡྷ་པ་ཤི་ཀ་རོ་མི་ཏ་ཛཿཧཱུཾ་བཾ་ཧོཿཤོ་དྷ་ཡ་སརྦ་སིད་ཐ་ཡ་པདྨི་མ་ཧཱ་ཛ་ད་ར་སུམ། དེ་ནས་འདིའི་ཕྱག་རྒྱ་བཤད་པར་བྱ་སྟེ། རྡོ་རྗེ་བསྣམས་པ་བཅིངས་ལ་མཛུབ ་མོ་གཉིས་གཞིབས་ཏེ། ལྕགས་ཀྱུར་བྱས་ལ་མཐེ་ཆུང་གཉིས་ཤིན་ཏུ་བརྐྱང་བ་ནི་རྒོད་མའི་ཁ་གདངས་པ་ཞེས་བྱ་བ་ཡིན་ཏེ། ཁ་བསྐྱོད་པའི་ཚུལ་དུ་བྱ་བ་འདི་ནི་པདྨ་ལྕགས་ཀྱུ་ཞེས་བྱ་སྟེ། འདིས་མཛུབ་མོ་གཉིས་ཀྱིས་སྤྱན་དྲང་བར་བྱའོ།། ་དེ་ནས་པདྨའི་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་བགེགས་སྒྱུད་པཱ་ལ་སོགས་པ་བྱས་ལ། རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ། རྡོ་རྗེ་བསྲུང་བས་བསྙུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ་ཚིགས་སུ་བཅད་པ་དང་། སྔགས ་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་སྔོན་ཕུལ་ནས་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒྲུབ་པར་བྱའོ།། དེས་ཆོས་དང་ལས་དང་། ཕྱག་རྒྱ་ཆེན་པོས་རྒྱས་བཏབ་ལ། ཨོཾ་བཛྲ་དྷརྨ་ཨ་བྷི ་ཥིཉྩ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དམ་ཚིག་གི་ཕྱག་རྒྱ་དང་འོད་དཔག་ཏུ་མེད་པའི་དབང་བསྐུར་བས་དབང་བསྐུར་རོ།། དེ་ནས་མཆོད་ཡོན་ཕུལ་ལ་བུམ་པ་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། པདྨའི་མཚོན་ཆ་ལ་སོགས ་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས་ཀྱིས་ཡང་དག་པར་མཆོད་ལ། པདྨ་ཆེན་པོ་མེ་ཏོག་དང་བཅས་པ་བཅིངས་ལ། ཡིད་མ་ཡེངས་པར་ཨོཾ་པདྨ་སུ་ལཾ་ཞེས་བྱ་བ་ཟློས་ཤིང་ཕྱག་བྱའོ།། དེ་ནས་ཕྱག་བནི་བྱས་ནས་ཕྱི་རོལ་ཏུ་གཏོར་མ་ལ་སོགས་སྦྱིན་པ ་བྱའོ།། དེ་ནས་པདྨའི་གནོད་སྦྱིན་དང་། རྡོ་རྗེ་མེ་དང་། ན་བཟའ་དཀར་མོས་སྦྱིན་སྲེག་གིས་ཆོ་གས་སྦྱིན་སྲེག་བྱས་ལ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱིས་དབུས་སུ་བཅོམ་ལྡན་འདས་མེ་ཏོག་གིས་མཆོད་ལ་བཞུགས་སུ་གསོལ། ་བཅོམ་ལྡན་འདས་ཀྱི་སྔགས་ཀྱིས་མར་གྱི་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་བར་བྱའོ།། ཏིང་ངེ་འཛིན་བཟང་པོ་ལ་སོགས་པ་ལ་ནི་རང་གི་སྙིང་པོས་སྦྱིན་སྲེག་བདུན་བདུན་དབུལ་བར་བྱའོ།། དེ་ནས་ཡང་ལྷ་ཐམས་ཅད་ཀྱི་སྙིང་པོ་ཟློས་ཤིང་མེ་ཏོག་། ་དཀྱིལ་འཁོར་དེ་བྲི་བའི་དཀྱིལ་འཁོར་དང་ལྷན་ཅིག་ཏུ་གཅིག་ཏུ་བྱའོ།། དེ་ནས་ཕྱག་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བླངས་ལ། དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་ནས། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་བཛྲ་སིདྡྷྱ་དྷཱ་ཡ་སུ་ཁཾ་ཞེས་བྱ་བ ་དང་། པདྨའི་ཁུ་ཚུར་གྱིས་རྡོ་རྗེ་པདྨ་བླངས་ལ་རང་གི་སྙིང་གར་བཞོག་སྟེ། རང་གི་སྙིང་གོའི་ཟླ་བ་ལ་རྡོ་རྗེ་པདྨ་བསྐྱེད་ནས་ཤར་ཕྱོགས་ཀྱི་སྒོར་བལྟས་ཏེ་ཕྱི་རོལ་ན་གནས་བུམ་པའི་ཆུས་བདག་ཉིད་དབང་བསྐུར་ལ། རྡོ་རྗེ་ཐལ་མོ་ཁོང་སྟོང་གི་གུང་མོ་དང ་མཐེ་བོང་མཐེ་ཆུང་ཁ་ཕྱེ་ལ་འདབ་མ་བཞི་པ་མེ་ཏོག་དྲང་བཅས་པ་བཅིང་བར་བྱའོ།། དེ་ནས་དེས་མེ་ཏོག་གི་ཕྲེང་བ་བླངས་ལ་འཇུག་པའི་གླུའི་མཆོད་པ་བླངས་ལ་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་འཇུག་པར་བྱའོ།། དེ་ནི་འདི་ཡིན་ཏེ། ཀྲ་ཙིད་ཨ་ཏཱི ་རོ་དེ་ཏ་ནུ་ཨུ་གྲ་ཛཱི་ན་སུ་ཧ་རི་མ། པྲ་བ་དྲཱ་སི་ཀཱ་བིདྡྷ་ཏཱིཥྚ་ཙཀྲ་དྷ་ར་མུརྟི་ས་མནྟོ་ཨཱ་གཱཙྪ་བི་ནཱི་ཡ་དཾ། ཀྲྀ་ཙིཏྟ་ནི། སོཉྩ་ཤཱནྣ་པ་པུ་ར། ཀ་ར་དི་ཀ་མི་ལཱ་ས་ནཾ་སྱ་པེ། ཀྲ་ཙིཏྟི་དི་བཏྟེ། ཀཱ་མ་སཱ་མ་ཡཱཾ་པྲ་སིདྡྷ་མཱ་ཧཱ་པདྨ་ར་ཛོ་ཧོཿཞེས་བྱ་བ་དང་པདྨའི་ལྕགས ་ཀྱུ་མ་ཟློས་ཤིང་འཇུག་པར་བྱའོ།། ཡང་ལྷོ་ཕྱོགས་ཀྱི་སྒོ་ནས་པདྨའི་ཞགས་པ་མའི་སྙིང་པོ་ཟློས་ཤིང་འཇུག་པར་བྱའོ།། དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་པདྨའི་ལྕགས་སྒྲོག་མིའི་སྙིང་པོ་ཟློས་ཤིང་འཇུག་པར་བྱའོ།། ཡང་བྱང་ཕྱོགས་ཀྱི་སྒོ ་ནས་པདྨ་དྲིལ་བུ་མའི་སྙིང་པོ་ཟློས་ཤིང་འཇོག་པར་བྱའོ།། ཡང་ཤར་ཕྱོགས་ཀྱིས་སྒོ་ནས་ཞུགས་ལ་ཡིད་ཀྱིས་མ་ཡེངས་པར་ཕྱག་བྱའོ།། དེ་ནས་དེའི་འོག་ཏུ་ཨོཾ་བི་ཤོ་དྷ་ཡ་ཙིཏྟ་མེ་སརྦ་དྷརྨེ་ཤྱ་བཛྲ་ཎི་ཞེས་བརྗོད་པར་བྱའོ།། དེ་ནས་དཀྱིལ ་འཁོར་ལ་བསྐོར་བ་ལན་གསུམ་བྱས་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ་བ།། ཡེ་ཤེས་ཆེན་པོ་ལས་ཆེ་བ།། རྡོ་རྗེ་སེམས་ཐོགས་བདག ་གྲུབ་མཛོད།། ཡང་འདི་སྐད་ཅེས་བརྗོད་དོ།། ཛཿཧཱུ~ཾ་བཾ་ཧོཿཔྲ་སིདྡྷེ་མི། དེ་ནས་རྡོ་རྗེ་ཆུ་འཐུངས་ལ་བདག་ཉིད་ལ་དབབ་པར་བྱའོ།། དང་པོར་རེ་ཞིག་ས་མ་ཡ་སྟྭཾ་ཞེས་བརྗོད་དེ། དམ་ཚིག་གི་ཕྱག་རྒྱ་བཅིང་ངོ་།། དེ་ནས་ཨོཾ་པདྨ་ས་ཡོ་ཏ་ཨ་ཏིཥྛ་ཨ་ཞེས ་ཟློས་ཤིང་སེམས་མ་རྡོ་རྗེ་མའི་སྦྱོར་བ་བྱས་ནས་ཨ་ཞེས་བྱ་བ་ལན་བརྒྱ་བཟླ་བར་བྱའོ།། དེ་ནས་འཇིག་རྟེན་དབང་ཕྱུག་གི་སྙིང་པོ་ལན་བརྒྱ་བཟླས་ནས་དབབ་པར་བྱའོ།། དེ་ནས་འཇིག་རྟེན་དབང་ཕྱུག་གི་སྙིང་པོས་མེ་ཏོག་དོར་རོ།། དེ་ནས་དེ་བླངས་ལ ་དེ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ།། དེ་ནས་དེ་ཉིད་ཀྱིས་གདོང་གཡོགས་དགྲོལ་ལོ།། དེ་ནས་དེ་ཉིད་ཟློས་ཤིང་ཤར་ཕྱོགས་ནས་བརྩམས་ཏེ། དཀྱིལ་འཁོར་བལྟ་བར་བྱའོ།། དེ་ནས་འཇུག་པའི་ཕྱག་རྒྱ་བཙངས་ལ། ཏིཥྛ་བཛྲ་ཞེས་བྱ་བ་ལ ་སྔོགས་པས་རང་གི་སྙིང་གར་དཀྲོལ་ལོ།། དེ་ནས་འགྲོ་བ་འདུལ་བའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བདེ་བས་བཞིན་རས་དང་བཞོན་ཡིད་ཙམ་འཛུམ་པ་ཡེ་ཤེས་ཀྱིས་རྡོ་རྗེ་བླངས་པས་བཅོམ་ལྡན་འདས་ལོ་བལྟ་ཞིང་མཆུ་མཉམ་པར་བཞག་སྟེ། ་ཇི་སྲིད་བཅོམ་ལྡན་འདས་ཀྱིས་མཐོང་བ་སྩལ་ནས་རང་གི་དངོས་གྲུབ་སྩོལ་བར་མཛད་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད་པའི་ཚུལ་དུ་རང་གི་སྙིང་གར་བཞག་སྟེ། མཚན་བརྒྱ་རྩ་བརྒྱད་ཀྱིས ་བསྟོད་ནས་པདྨའི་མཚོན་ཆ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ཡང་དག་པར་མཆོད་ལ་གླུ་དང་རོལ་མོ་ལ་སོགས་པའི་མཆོད་པས་ཀྱང་ལེགས་པར་མཆོད་པར་བྱའོ།། དེ་ནས་བདག་ཉིད་ལ་དབང་བསྐུར་བ་ལ ་སོགས་པའི་ཚི་ག་ཐམས་ཅད་སྔ་མ་བཞིན་དུ་རྗེས་སུ་སྤྱད་པར་བྱའོ།། སློབ་དཔོན་གྱི་ཆོ་ག་རྫོགས་སོ།། །། དེ་ན་སྡེ་སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་བཤད་པར་བྱས་ཏེ། རྡོ་རྗེ་མཆོད་ཡོན་བསྐོར་བཅིངས་ན།། སྙིང་ནས་བསམ ་ཡས་བཞིན་གྱིས་ནི།། མགོ་བོས་ལེགས་པར་ཕྱག་བྱས་ན།། དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད།། ཞུགས་ནས་དཀྱིལ་འཁོར་ལན་གསུམ་ནི།། བསྐོར་བ་བྱས་ཏེ་འདི་བརྗོད་བྱ།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། འགྲོ་བ་ཀུན་ཀྱང་འགྲུབ ་པར་མཛོད།། དེ་ནས་དུས་ཀྱིས་མཆོད་པ་ཡིས།། བདེ་བོ་ཆེན་པོ་ཡང་དགུ་མཆོད།། དེ་བཞིན་པདྨའི་དབང་བསྐུར་ཞིང་།། སློབ་མ་བླངས་ཏེ་འཇུག་པར་བྱ།། དེ་ནས་སློབ་མ་བསླབ་པའི་གཞི་ལྔ་ཡོངས་སུ་བཟུབ་པའམ། དགེ་ཚུལ་ལམ་དགེ་སློང ་གི་སྡོམ་པ་ཡོངས་སུ་བཟུང་བ། རིག་པའི་སྡོམ་པ་དོན་དུ་གཉེར་བས་སློབ་དཔོན་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དགའ་ཆེན་ཁྱོད་ལ་བདག་སྟོན་པས།། སྒྲིབ་དཔོན་ཁྱེད་ནི་དགོངས་སུ་གསོལ།། བྱང་ཆུབ་སེམས་དཔའི་ཚུལ ་བསྟན་པ།། མགོན་པོ་ཆེན་པོ་བདག་འཚལ་ལོ།། དམ་ཚིག་དེ་ཉིད་སྩལ་དུ་གསོལ།། དེ་ནས་པདྨའི་གནོད་སྦྱིན་ཡོངས་སུ་བཟླས་པའི་རས་ཀྱིས་སྨད་གཡོགས་དང་སྟོད་གཡོགས་བྱས་ལ། ཡང་པདྨའི་གནོད་སྦྱིན་དང་སྒོ་སྲུངས་མ་རྣམས ་བཟླས་པའི་དར་གྱིས་གདོང་གཡོགས་བཅིངས་ཏེ། མེ་ཏོག་གི་ཕྲེང་བ་བཏགས་ཤིང་གདོང་དྲི་ཞིམ་པར་བྱས་ལ་སློབ་མ་ཕྱག་བཞི་བྱེད་དུ་གཞུག་གོ།། དེ་ནས་སྔ་མ་བཞིན་དུ་སྡོམ་པ་འཛིན་དུ་གཞུག་གོ།། དེ་ནས་སྔ་མ་བཞིན་དུ་རང ་གི་ཆོ་གས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་བྱེད་དུ་བཅུག་ལ། དེའི་སྙིང་གིར་རྡོ་རྗེ་པདྨ་བསྐྱེད་དེ། བུམ་པའི་ཆུ་ས་དབང་བསྐུར་ལ། ཡོན་གྱི་མཆོག་བླངས་ནས་འཇིག་རྟེན་དབང་ཕྱུག་ཏུ་བྱིན་གྱིས་བརླབས་ལ། པདྨ་ཆེན་པོ་མེ་ཏོག་དང ་བཅས་པ་འོ་ཆིང་དུ་གཞུག་གོ།། དེ་ནསཱ་དེས་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུས་ལ། སློབ་དཔོན་གྱི་འཇུག་པའི་ཆོ་གའི་ཚུལ་ལྷུར་རྡོ་རྗེ་ཤུགས་ཀྱི་དཀྱིལ་འཁོར་དུ་ཞུགས་པར་བྱའོ།། དེ་ནས་ཞུགས་ནས་དེ་སྐད་ཅེས་བརྗོད་དོ།། བི་ཤེ་ད་ཡཱ་ཙིཏྟ ་མ་མེ་སརྦ་དྷརྨེ་ཤྱ་ཛ་ན་ཞེས་སྤྲོས་ཤིག། དེ་ནས་འཇུག་པ་ལ་སོགས་པའི་ཚིག་ཐམས་ཅད་བྱའོ།། སློབ་མ་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྫོགས་སོ།། །། དེ་ནས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་གསུངས་ནས་ད་ནི་དམ་ཚིག ་དང་དབང་བསྐོར་བ་མ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་དངོས་གྲུབ་ཀྱི་ཡ་ས་བསླབ་པར་བྱའོ་ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར།། དེ་ནས་དངོས་གྲུབ་མ་གྲུབ་པའི་ཕྱིར། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དེ་ནས་ཞེས་བྱ ་བའི་སྒྲ་ནི་དེ་མ་ཐབ་པ་སྟོན་པར་བྱེད་པའི་ཚིག་ཡིན་ཏེ། འདི་སྐད་དུ་བཤང་པའི་ཆོ་གས་ཆོས་ཀྱི་ཕྱག་རྒྱའམ། ཕྱག་རྒྱ་ཆེན་པོ་འོམ། དམ་ཚིག་གི་ཕྱག་རྒྱ་འམ། ལས་ཀྱི་ཕྱག་རྒྱ་མཚན་ཐོག་ཐག་བཟླས་པ་འམ། བསྒོམ་པའི་བར་གྱིས ་བསྒྲུབས་པ་ན་གང་གི་ཚེ་འགྲུབ་པར་མ་གྱུར་ན་དེའི་རྗེས་ཐོགས་ལ་རྣལ་འབྱོར་པས་ཕྱག་རྒྱ་ཆེན་པོ་ལྔ་སོགས་པ་བསྒྲུབ་པར་བྱ་བའི་དོན་ཉིད་དུ་མ་སྣ་འདི་དག་བཤད་པར་བྱའོ་ཞེས་བྱའོ།། དངོས་གྲུབ་མ་གྲུབ་པའི་ཏིང་ངེ་འཛིན་ཞེས་བྱ ་བ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་ཕྱག་རྒྱ་བཞི་བསྒྲུབས་ན། གང་གི་ཚེ་མུ་གྲུབ་པ་དེའི་ཚེ་ནི་མ་གྲུབ་པ་ཡིན་ལ། སྠི་བ་པོ་ཐམས་ཅད་ལ་སོགས་པ་གཞིག་པ་ལ་སོགས་པ་ནུས་པ་གང་ཡིན་པ་དེ་ནི་གྲུབ་ཅེས་བྱའོ།། དངོས་གྲུབ་ཀྱང་ཡིན ་ལུ་མ་གྲུབ་པ་ཡང་ཡིན་པས་ན་དངོས་གྲུབ་མ་གྲུབ་པའོ།། དེའི་ཏིང་ངེ་འཛིན་ནི་དངོས་གྲུབ་མ་གྲུབ་པའི་ཏིང་ངེ་འཛིན་ཏོ།། ལས་འདྲེན་མ་ནི་ལས་རྣམ་པར་སྣ་ཚོགས་ཀྱི་རྒྱུན་ནོ།། དང་པོར་ནི་ཐོག་མར་རོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ ་བའོ།། ནི་ཞེས་བྱ་བ་ནི་དྭེཧཱ་བཟུང་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པ་ཉིད་དོ།། གོ་རིམ་བཞིན་དུ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་སྔོན་དུ་འགྲོ་བས་སོ།། རབ་བཤད་བྱ་ཞེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ། བཤད་པོར་བྱའོ་ཞེས་པའོ།། འདི་ལྟ་སྟེ་ཞེས ་བྱ་བ་ནི་བཤད་ཟིན་ཏོ།། སྒྲིབ་པ་ཐམས་ཅད་ནི་ཉོན་མོངས་པ་ལ་སོགས་པ་སྒྲིབ་པ་ཐམས་ཅད་དང་སྡིག་པ་ནི་སྔོར་བཤད་པའི་མཚོན་ཉིད་ཅན་ནོ།། རྨི་ལམ་ངན་པ་ནི་བཤད་ཟིན་ཏོ།། ལྷས་ངན་ནི་གནོད་པ་སྐྱེད་པར་བྱེད་པ་སྟེ་འདུག་པའི་སྒྲ་སྒྲོགས ་པ་ལ་སོགས་པའི་ཡམས་དང་འཚེ་བ་དང་ནད་འགྲོ་བ་དང་། ཉོན་མོངས་པ་དང་། དུས་མ་ཡིན་པར་འཆི་བ་ནི་བཤད་ཟིན་ཏོ།། འཇིགས་པ་ནི་ངན་སོང་དུ་འགྲོ་བ་ལ་སོགས་པ་བྱེད་པའོ།། སྐྲག་པ་ནི་རོ་ལངས་ལ་སོགས་པ་འཇིགས་པའི་གཟུགས ་མཐོང་བའོ།། རྩོད་པ་ནི་ཚིག་མི་སྙན་པར་བརྗོད་པའོ།། འཐབ་པ་ནི་གཡུལ་འགྱེད་པའོ།། སྒྲིམ་པ་ནི་བྱིས་པ་ཆུང་ངུ་ལ་འཚེ་བའོ།། ད་མར་ནི་རྒྱལ་ཕྲན་ནམ་བློན་པོ་རྒྱལ་པོའི་དབང་འོག་ཏུ་མ་འདུས་པའོ།། ཉོན་མོངས་པ་ནི་འདོད ་ཆགས་པས་གཟིར་བའོ།། ངལ་བ་ནི་ལམ་གྱིས་དུབ་པས་ཉེན་པའོ།། སྡུག་བསྔལ་ནི་ལུས་ཀྱི་མི་བདེ་བ་ཉམས་སུ་མྱོང་བའོ།། ཡིད་མི་བདེ་བ་ནི་སེམས་ཀྱིས་མི་བདེ་བ་མྱོང་བའོ།། དབུལ་བ་ལ་སོགས་པ་ནི་གོ་བར་ཟད་དོ།། འདི་དཀ ་ཞི་བར་ཇི་ལྟར་འགྱུར་ཞེ་ན། པདྨ་ཆེན་པོ་བཞི་པས་སོ།། ཞེས་བྱ་བ་གསུངས་སོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། པདྨ་ཆེན་པོ་བཅིངས་ལ་ཡིད་ཀྱི་སྦྱིན་སྲེག་བྱའོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ ་འཇིག་རྟེན་དབང་ཕྱུག་སྦྱོར་བ་བྱས་ལྔ་དེ་ཁོ་ན་ཉིད་དྲང་ཆོས་དང་། དམ་ཚིག་གཟུང་ནས་མདུན་དུ་བཅོམ་ལྡན་འདས་སྤྱན་དྲོངས་ཏེ། མཆོད་པ་ཐམས་ཅད་ཀྱིས་ཇི་ལྟ་བ་བཞིན་དུ་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། པདྨ་ཆེན་པོའི ་ཕྱག་རྒྱ་བཅིངས་ལ། ཡིད་ཀྱི་རོང་བཞིན་གྱི་མ་ཐབ་མེ་སྟག་ཀུན་ཏུ་འཁྲུག་པའི་འབར་བའི་དབུས་ན་བཞུགས་ཤིང་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དེའི་ལྕགས་ཀྱུ་ལ་ཡི་གེ་ཧཱུཾ་བསམས་ནས་པདྨ་ཆེན་པོ་ཡོད་ཀྱིས་སྒྲིབ་པ་ཐམས་ཅད ་དོང་། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། ཡམས་དང་། གནོད་པ་དང་། ནད་འགོ་བ་དང་། ཉོན་མོངས་པ་དང་། དུས་མ་ཡིན་པར་འཆི་བ་དང་། འཇིགས་པ་དང་། སྐྲག་པ་དང་། རྩོད་པ་དང་། འཐབ་པ་དང་། སྒྲིམ་པ་དང་། ད་མ་ར་དང ་ཉོན་མོངས་པ་དང་། ངལ་བ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། དབུལ་བ་དང་། བརྙས་པ་དང་། རེག་པ་ངན་པ་དང་། སྐལ་པ་ངན་པ་དང་། ནད་མྱོང་བ་དང་། ནོར་བརླག་པ་རྣམས་སྦྱིན་སྲེག་བྱས་ནས་དེ་རྣམས་འཇིགས་པར ་གྱུར་ཏོ།། དེ་ལྟར་པདྨ་ཆེན་པོ་ཞི་བས་ལྷ་བསྒྲུབ་པ་བསྣུན་ནས་ད་ནི་རླུང་དང་མཁྲིས་པ་ཞེས་བྱ་བ་ལ་སོགས་པས་པདྨ་ཆེན་པོ་སྨན་གྱིས་ཕྱག་རྒྱས་བཟུང་བ་ལས་བསྒྲུབ་པ་གསུངས་པ་ཡིན་ནོ།། དེའི་མཚན་ཉིད་བཤད་པར་བྱ་སྟེ། ་སེམས་ཀྱིས་ཞི་བར་བྱའོ་ཞེས་བྱ་བ་ཡིན་ནོ།། འདི་སྐད་སྟོན་པར་འགྱུར་ཏེ། སྔ་མ་བཞིན་དུ་འཇིག་རྟེན་དབང་ཕྱུག་གི་རྣལ་འབྱོར་བྱས་ལ་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་བཟུང་སྟེ་པདྨ་ཆེན་པོ་བཅིངས་ལ་བདག་དང་གཞན་གྱི་ཀློ་ནང ་ཐམས་ཅད་གསོ་བའི་བསམ་པ་ལུས་ལ་འཕགས་པ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོས་ལུས་ཐམས་ཅད་ཁྱབ་པརོ་བཞུགས་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་དེ་ཞི་བར་འགྱུར་རོ།། དེ་བཞིན་དུ་དེ་བཅིངས་ལ་འཇིག་རྟེན ་དབང་ཕྱུག་གིས་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་པས་ཤིན་ཏུ་བསིལ་བར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མཁྲིས་པ་སེལ་ཏོ།། དེ་བཞིན་དུ་ཁྲག་ཞི་བར་བྱ་བའི་བསམ་པས་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། འཇིག ་རྟེན་དབང་ཕྱུག་གིས་ཁྱབ་པར་བསམས་ནས་དེ་ལྟ་བུས་ནི་ཁྲག་སེལ་ཏོ།། དེ་བཞིན་དུ་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། འཇིག་རྟེན་དབང་ཕྱུག་འབར་བའི་གཟུགས་ཅན་བསམས་ན། དེ་ལྟ་བུས་ནི་བད་ཀན་གྱི་གསོ་བ་ཡིན་ནོ།། ་དེ་བཞིན་དུ་འདུས་པ་བསལ་བའི་བསམ་པས་བསྒྲུབ་པར་བྱ་བའི་ལུས་ལ་འཇིག་རྟེན་དབང་ཕྱུག་གིས་ཁྱབ་ནས་ཀུན་ཏུ་འབར་ཞིང་གསལ་བར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་འདུ་བའི་ནད་བསལ་བ་ཡིན།། ་དེ་བཞིན་དུ་མ་ཞུ་བ་བསལ་བའི་བསམ་པས་འཇིག་རྟེན་དབང་ཕྱུག་མེ་ལྟ་བུས་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་ནས་འབར་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མ་ཞུ་བ་བསལ་བར་གྱུར་ཏེ།། དེ་བཞིན་དུ་བསྒྲུབ་པར་བྱ་བའི་སྤྱི ་པོ་ནས་བརྩམས་ཏེ། རྐང་པའི་མཐིལ་གྱིས་བར་དུ་འཇིག་རྟེན་དབང་ཕྱུག་གིས་ཁྱབ་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་རིམས་གསོ་བ་ཡིན་ནོ།། དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་གིས་བསྒྲུབ་པར་བྱ་བའི་ལུས་ལ་ཁྱབ་པར ་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་སྦྱར་བའི་དུག་གསོ་བའོ།། དེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བསྒྲུབ་པར་བྱ་བའི་སྤྱི་བོ་ནས་བརྩམས་ཏེ། རྐང་པའི་མཐིལ་གྱི་བར་དུ་ཁྱབ་པར་བསམ་ཞིང་། དུག་གིས ་སྐྱེས་བུ་ནག་པོར་སྐྱེས་ལ་ཞན་པ་ལྟ་བུ་ཞིག་བསྒྲུབ་པར་བྱ་བའི་ལུས་ལ་བྲོས་པར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་དུག་གིས་ནད་གསོ་བ་ཡིན་ནོ།། དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་འཇིག་རྟེན་དབང་ཕྱུག་བཅུག་སྟེ། བསྒྲུབ ་བོར་བྱ་བའི་འཇིག་རྟོན་དབང་ཕྱུག་ཏུ་གྱུར་པར་བསམ་པར་བྱས་ཏེ། དེ་ལྟ་བུས་ནི་མཛེ་དང་འབུམ་བུ་ཕྲོ་མོ་དང་། གཡན་པ་དང་། རྐ་བ་ཤུ་དང་། སྐྲན་དང་། ཆུའི་དམུ་རྫིང་དང་། མཚན་པར་རྡོལ་བ་དང་། ཟ་བྱེད་དང་། ཁྲག་ཟད་པ་དང་། ཁུ་བོ ་ཟད་པ་དང་། ནད་ཐམས་ཅད་དང་། གནོད་པ་དང་། གདོན་དང་། ཕྲ་མེན་མ་རྣམས་གསོ་བར་འགྱུར་བ་ཡིན་ནོ།། དེ་ལྟར་པདྨ་ཆེན་པོ་སྨན་གྱི་ཕྱག་རྒྱ་འཛིན་པ་ལས་སྒྲུབ་པར་གསུངས་ནས་དེ་ནི་ཐམས་ཅད་རྡོ་རྗེར་བྱ་བ་དང་ཞེས་བྱ་བ་ལ ་སོགས་པས་པདྨ་ཆེན་པོའི་ཐམས་ཅད་བསྲུང་བའི་ལས་གསུངས་པ་ཡིན་ནོ།། དེ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། བསམ་པསོ་བསྲུང་བར་བྱའོ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སྔ་མ་བཞིན་དུ་རྡོ་རྗེ་འཇིག་རྟེན་དབང་ཕྱུག་གི ་རྣལ་འབྱོར་བྱས་ལ་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་བཟུང་སྟེ། པདྨ་ཆེན་པོ་བཅིངས་ལ་འཇིག་རྟེན་དབང་ཕྱུག་བསྒོམ་པའི་སྙིང་པོ་ཟློས་ཤིང་ཐམས་ཅད་རྡོ་རྗེར་བྱ་བའི་བསམ་པས་ཐམས་ཅད་རྡོ་རྗེར་བྱས་པའི་བསྲུང་བར ་འགྱུར་རོ།། སྦྱོར་བ་སྒྱུ་མ་ཕྱི་མ་ཐམས་ཅད་ལ་སྒོམ་པའི་སྙིང་པོ་བཟླས་ནས་ལས་འགྲུབ་པར་འགྱུར་བར་ཤེས་པར་བྱའོ།། དེ་བཞིན་དུ་ཐམས་ཅད་བྱས་ནས་ཆོས་བསྐྱེད་པའི་བསམ་པས་ནི་ཆོས་བསྲུང་བར་འགྱུར་རོ།། ཆོ་ག་བསྐྱེད ་པའི་བསམ་པས་ནི་ཚི་གའི་བསྲུང་བར་འགྱུར་རོ།། དེ་བཞིན་དུ་གཙུག་ཏོར་དང་གཙུག་ཕུད་དང་། མཚམས་དང་ཕྱོགསཽ་དང་། དཀྱིལ་འཁོར་དང་། སཽ་དང་ན་མཁའ་དང་། རྡོ་རྗེའི་གདན་དང་། ཁང་པ་ཆེན་པོ་དང་། རྡོ་རྗེ་ར་པ་དང་། མོ ་འབར་བ་དང་། ཐལ་བའི་ར་བ་དང་། རྡོ་རྗེ་དང་། རི་བོ་དོན་ཡོད་པ་ལ་སོགས་པ་དང་། སྲད་བུས་ཡོངས་སུ་བསྐོར་བ་དང་། ཕུར་བུས་གདབ་པ་དང་། ཟས་དང་བཏུང་བ་དང་། གོས་དང་རྒྱན་དང་། ཕྱག་རྒྱ་དང་བསྲུང་བ་བསྐྱེད་པའི་བསམ་པས ་དེ་དག་ཏུ་འགྱུར་རོ།། དེ་ལྟར་པདྨ་ཆེན་པོ་ཐམས་ཅད་བསྐྱུད་པས་ལས་ཐམས་ཅད་འགྲུབ་པར་གསུངས་ནས། ད་ནི་ཚེ་དང་ཞེས་བྱ་བ་ལ་སོགས་པ་པདྨ་ཆེན་པོ་མཆོག་གྲུབ་པ་ལས་སྒྲུབ་པ་གསུངས་པ་ཡིན་ནོ།། དེ་ནས་འདིལ ་མཚན་ཉིད་བཤང་བར་བྱ་སྟེ། རྣམ་པར་སྦྱར་བར་བྱའོ་ཞེས་བྱ་བས་སྒྲུབ་བོ་ཞེས་བྱ་བ་འདིས་དོན་འདི་སྐད་སྟོན་པ་ཡིན་ཏེ། སྔ་མ་བཞིན་དུ་འཇོག་རྟེན་དབང་ཕྱུག་གི་སྦྱོར་བ་བྱས་ལ་དེ་ཁོ་ན་ཉིད་དང་། ཆོས་དང་དུམ་ཚིག་བཟུང་ནས་པདྨ་ཆེན ་བོ་བཅིངས་ཏེ། བདག་ཉིད་ཀྱི་བཅིང་བའི་འཇིགས་པ་ལ་སོགས་རྣམ་པར་སྦྱང་བར་བྱའོ་ཞེས་བྱ་བས་མངའ་བསྐྱེད་ལ། བསྒོམ་པའི་སྙིང་པོ་ཟློས་ཤིང་བདག་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པའི་ཚེ་དང་ལྡན་པའི ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བསམས་ཏེ། དེ་ལྟ་བུས་ནི་ཚེ་འགྲུབ་པར་འགྱུར་རོ།། དེ་བཞིན་བདག་ཉིད་དུ་འཇིག་རྟེན་དབང་ཕྱུག་ཏུ་གྱུར་པའི་འཇིག་རྟེན་དབང་ཕྱུག་གི་ཁྭ་དོག་དང་ལྡན་པར་བསམས་ན་དེ་ལྟ་བུས་ནི་ཁ ་དོག་འགྲུབ་བོ།། དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་ཏུ་གྱུར་ཅིང་། དེའི་སྟོབས་དང་ལྡན་པས་བསམས་ན། དེ་ལྟ་བུས་ནི་སྟོབས་འགྲུབ་བོ།། དེ་བཞིན་དུ་ཐམས་ཅད་བྱས་ལ། བང་ག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་གྱུར་ཅིང་འཇིག་རྟེན་དབང ་ཕྱག་གི་གཟི་བརྗིད་དང་ལྡན་པར་བསམས་ན། གཟི་བརྗིད་འགྲུབ་བོ།། དེ་བཞིན་དུ་དེའི་མདངས་དང་། ལང་ཚོ་དང་། བརྩོན་འགྲུས་དང་། སྤྲོ་བ་དང་། ནད་མེད་པ་དང་། དཔལ་དང་སྐལ་བ་བཟང་པོ་དང་། ནོར་དང་། འབྲུ་དང་། དབང་ཕྱུག་དང་། འབྱོར ་པ་དང་། དངོས་གྲུབ་དང་། འཕེལ་བ་དང་། བློ་དང་། རྙེད་པ་དང་། བཀྲ་ཤིས་དང་། མིང་དང་། གྲགས་པ་དང་། སྙན་པ་དང་། ཏིང?་ངེ་འཛིན་དང་། ཤེས་རབ་དམ་པ་འགྲུབ་པ་ལ་ཡང་ཅི་རིགས་སུ་སྦྱར་བར་བྱའོ།། ཆོས་ཀྱང་ཡིན་ལ་ཐམས་ཅད་ཀྱང ་ཡིན་པས་ན་ཐམས་ཅད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་དང་། པདྨའི་རིགས་སོ།། དེ་རྣམས་ཀྱི་སྒྲིབ་པ་མེད་པའི་ཡེ་ཤེས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ངེས ་པར་འགྱུར་བའོ།། དེ་ལས་བྱུང་བ་པདྨའི་རིགས་ནི་མི་ཕྱེད་པས་ན་རྡོ་རྗེ་དང་འདྲ་བས་ན་རྡོ་རྗེའོ།། དེ་སྟོན་པར་བྱེད་པའི་སྒྲའི་ཚུགས་ནི་རྟོགས་པའོ།། དེ་ཉིད་སྒྲུབ་པར་བྱ་བ་དང་། སྟོན་པར་བྱེད་པའི་ཆོ་གའོ།། དེའི་རྒྱས་པ་ནི་རྒྱུན་ནོ།། དཔལ་མཆོག ་དང་པོའི་རྒྱ་ཆེར་བཤད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྱུང་བ་ཞེས་བྱ་བ་དུམ་བུ་གཉིས་པའི་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་རྒྱུད་ཀྱི་རྩ་བའི་རྒྱུད་ལས་གསུངས་པའི་འགྲོ་བ་འདུལ་བའི་རྟོག་པ་བཤད་པ་རྫོགས་སོ།། །། དེ་ལྟར ་ལོག་པར་ལྟ་བའི་གཉེན་པོར་གྱུར་པར་འགྲོ་བ་འདུལ་བའི་དཀྱིལ་འཁོར་གསུངས་ནས། ད་ནི་དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་ན་མཁའ་མི་འགྱུར་ཆེ།། ཞེས་བྱ་བ་ལ་སོགས་པས་སེར་སྣའི་གཉེན་པོར་གྱུར་པ་ནོར་བུའི་རིགས་གསུངས ་པ་ཡིན་ནོ།། དེ་ནས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟོན་པའི་ཚིག་ཡིན་ཏེ། དང་པོ་སྦྱོར་བའི་རྗེས་ཐོགས་ཉིད་ལའོ།། འདིར་དང་པོའི་སྦྱོར་བ་ནི་དཔལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པ་ཉིད་ཡིན་མོ།། ཐམས་ཅད་ན་མཁའ ་ཞེས་བྱ་བ་ནི་ཐམས་ཅད་ཀྱང་ཡིན་ལ་ནམཁའ་ཡང་ཡིན་བསྟན་ཐམས་ཅད་ན་མཁའ་སྟེ། ནམཁའ་དང་མཉམ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་གྱི་སེམས་དང་སེམས་ལས་བྱུང་བ་དང་། ནོར་བུའི་རིགས་སོ།། དེ་འདི་ལམ་པར ་བས་ན་ཐམས་ཅད་ན་མཁའོ།། ནམ་མཁའ་ཐམས་ཅད་ཡིན་པ་ཉིད་ཀྱིས་ནཱ་མི་འགྱུར་ཆེ་སྟེ་བརྟན་ཞིང་རྟག་པའོ།། ཐམས་ཅད་དབང་བསྐུར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཐམས་ཅད་ནི་ནོར་བུའི་རིགས་ཡིན ་ཏེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་གདུལ་བྱ་རྣམས་ཀྱི་དོན་དུ་གཉེར་བར་བྱ་བ་ཡིན་པས་ན་ཀུན་གྱིས་དོན་ཏེ། ནོར་བུའི་རིགས་ལ་སོགས་པ་ཐམས་ཅད་ཀྱི་དོན་ཉིད་ཀྱི་རང་བཞིན་དུ་གྱུར་པས་ཀྱང་ཀུན་གྱི་དོན་ཏོ།། ་ཀུན་དདུང་ཞེས་བྱ་བ་ནཱི་ན་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་མཐུས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལ་དབང་ཐོབ་པ་ནས་ཀུན་དབང་ངོ་།། རིན་ཆེན་ཐམས་ཅད་འཛིན་ཅེས་བྱ་བ་ལ། རིན་པོ་ཆེ་ཐམ ་ཅད་ནི་རིན་པོ་ཆེའི་རིགས་ཏེ། དེ་ཐུགསུ་ཆུད་པའི་ཚུལ་གྱིས་དེའི་བདག་ཉིད་ཀྱི་རང་བཞིན་གྱིས་འཛིན་པར་མཛད་པས་ན་རིན་ཆེན་ཐམས་ཅད་འཛིན་ནོ།། དེ་ལྟ་བུས་ནི་རྡོ་རྗེ་འཆང་བ་ན་མཁའ་ཉིད་དུ་གྱུར་ཏོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག ་མཛད་ནས་ཤེ་ན་ཏིང་ངེ་འཛིན་གྱིས་ཞེས་བྱི་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་པདྨ་དམར་པོའི་འོང་།། འདམ་གྱིས་ཉེས་པས་མི་གོས་པ།། དེ་བཞིན་ཁམས་གསུམ་དག་པ་ནི།། གནས་ཀྱིས་ཉེས་པས་མོ་གོས་སོ་ཞེས་བྱ་བ ་སྒོམ་པའི་སྙིང་པོ་འདིའི་དོན་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཏིང་ངེ་འཛིན་གྱིས་ཤིན་ཏུ་ལྷག་པར་ཡང་བྱིན་གྱིས་བརླབས་ཞེས་བྱ་བ་དེ་བརྟན་པར་བྱ་བའོ།། དག་པ་ཆེན་པོས་རབ་སང་མཛད་ཅེས་བྱ་བ་ནི་པདྨ ་འདབ་མ་དབྱེ་བ་སྒོམ་པའི་རང་བཞིན་ཅན་གྱི་བདག་པོ་ཆེན་པོས་རབ་ཏུ་སྣད་པར་མཛད་པས་སོ།། ཆོས་རྣམས་ལ་ནཱི་རྣམ་གཟིགས་པས་ཞེས་བྱ་བ་ནི་པདྨའི་རིགས་ཀྱི་རང་བཞིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་གྱི ་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ལ་རྣམ་པར་གཟིགས་ཤིང་སོ་སོར་རྟོག་པས་མཛད་པས་སོ།། ཅིའི་ཕྱིར་ན་མཁའ་ཉིད་དུ་གྱུར་པ་ཡིན་ན། ཀུན་གྱི་དབང་དོན་ཞེས་བྱ་བ་གསུངས་ཏེ། སེམས་ཅན་གྱི་ཁམ་ཐཾད་དང་བདག་ཉིད་དང ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་རབ་ཏུ་གྲུབ་པའི་དོན་ནི་ཀུན་དོན་དབང་ཕྱུག་གོ། ན་མཁའ་ཉིད་དུ་གྱུར་པ་དེ་ཡང་ཁྱབ་པ་ཇི་ལྟ་བུ་ཞེ་ན། གདོད་ནས་བྱུང་ཞེས་བྱ་བ་གསུངས་ཏེ། སྒྲ་བཤད་པའི་ཚུལ་གྱིས ་ད་ལྟར་བྱུང་བའི་ངོ་བོས་བཞུགས་པས་ནཱ་གདོང་ནས་བྱུང་བའོ།། ནམ་མཁའ་ཉིད་དུ་གྱུར་པ་ཡིན་ཞེས་བྱ་བ་ནི་ན་མཁའི་ངོ་བོ་ཉིད་ནི་ནམ་མཁའ་ཉིད་དེ། འཇིག་རྟེན་ན་གླགས་པའི་ཚུལ་གྱིས་ན་མཁའི་འོད་ཟེར་གྱི་རང་བཞིན་ཉིད་དུ་གྱུར་པའོ།། ་ན་མཁའ་ཉིད་དེ་ཁྱབ་པར་ཇི་ལྟ་བུ་ཞེ་ན། ཉི་ཟླ་དང་ནི་གཟའ་སྐར་ཅན་ཞེས་བྱ་བ་སྨོས་ཏེ། ནམཁའ་གང་ལ་ཉི་མ་དང་། ཟླ་བ་དང་། གཟའ་དང་། སྐར་མ་ཡོད་པར་འཇིག་རྟེན་གྲགས་པའི་ན་མཁའ་ཉིད་དུ་གྱུར་པས་ན་ཉི་ཟླ་དང་། གཟའ་སྐར་དང ་བཅས་པའི་ན་མཁར་གྱུར་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལྔ་དེ་ལྟར་བཤད་མ་ཐག་པའི་སྒོམ་པའི་སྟོབས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཉི་མ་དང་། ཟླ་བ་དང་། སྐར་མ་ཅན་གྱི་ན་མཁའ་གཅིག་ཏུ་གྱུར་པའི་རྗེས་ཐོག ་ཉིད་ལ་སྒོམ་པའི་རང་བཞིན་ཅན་གྱི་ཤེས་རབ་ཀྱི་མཐར་ཐུག་པ་ལས་ཟུང་བའི་ངེས་པའི་མཆོག་གིས་རྡོ་རྗེ་རིན་ཆེན་གྱིས་རྣམ་པར་ཐུགས་རྩེ་གཅིག་པ་ཉིད་ཀྱི་རྡོ་རྗེ་མཛད་ཅིང་མི་བྱེད་པ་ཉིད་དུ་མཛད་ནས་དེ་ནས་ཡང་ན་མཁའི་རྡོ་རྗེ་དེ་ལས ་རིན་ཆེན་དུ་གྱུར་པའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལས་བཻ་ཌཱུརྱ་སྔོ་འདྲ་བས་ཞེས་བྱ་བ་མདོག་སྔོ་ལྷུང་ངོ་།། ན་མཁའི་སྙིང་པོ་ནི་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུའི་ཡང་དག་འབྱུང་བ་ནི་དེ་ལྟར་འབྱུང་བའོ།། རྡོ་རྗེ་རིན་ཚན་བསྣམས་པ་ནི ་ནོར་བུ་རིན་པོ་ཆེ་བསྣམས་པ། དབྱེ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པར་བྱའོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། བཅོམ་ལྡན་འདས་ཐོག་མ་འདི་ཞེས་བྱ་བ་ནི་བཤད་མ་ཐག་པའི་ནམ་མཁའི་སྙིང་པོ་ནི་བདུད་བཞི་བཅོམ་པས ་ན་བཅོམ་ལྡན་འདས་སོ།། ད་ལྟར་བྱུང་བའི་ཚུལ་གྱིས་རྟག་ཏུ་ཞུགས་པས་ན་ཐོག་མའོ།། མཛོད་སྤུ་ཀུན་གྱིས་གནས་ན་བཞུགས་ཞེས་བྱ་བ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐྱེས་བུ་ཆེན་པོའི་མཛོད་སྤུ་ནི་མཛོད་སྤུ ་ཀུན་ནོ།། དེའི་གནས་ནི་ཐིག་ལེའི་ཕྱོགས་མཛད་སྤུ་གནསུ་གྱུར་པའོ།། དེར་ཡང་དག་པར་གནས་པ་ནི་དེ་ན་གནས་པའོ།། གང་གི་སྟོབས་ཀྱིས་ན་མཛོད་སྤུ་ཐམས་ཅད་ཀྱི་གནས་སུ་ཡང་དག་པར་གནས་ཤེ་ན། ཏིང་འཛིན་ལ་ནི་རྣམས་གཟིགས ་པས།། འཇིག་རྟེན་དབང་ཕྱུག་བདག་པོ་ཉིད་ཅེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་སོ་སོར་རྟོག་པའི་རྣམ་པར་གཟིགས་པས་སོ།། རྣམ་པར་གཟིགས་པ་དེ་ལས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དེས ་བཔར་བསྐྱེད་པའོ།། ཏིང་ངེ་འཛིན་དེ་ལས་ནི་གཙོ་བོ་འཇིག་རྟེན་དབང་ཕྱུག་ཉིད་དེ་དེས་བདག་པོར་གྱུར་པ་ཉིད་ནི་རིགས་ཐམས་ཅད་ཀྱི་རྒྱལ་པོ་ཉིད་དེ་དེ་བས་ན་འཇིག་རྟེན་གྱི་དབང་ཕྱུག་གི་བདག་པོ་ཉིད་དུ་གྱུར་པས་ན་བཅོམ་ལྡན་འདས་སྤྱི ་གཙུག་ཀུན་གྱི་གནས་ན་ཡང་དག་པར་ཞུགས་པ་ཡིན་ནོ།། དེར་ཞུགས་ནས་ཅི་ཞིག་མཛད་ཅེ་ན། སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། སྲས ་བཅས་ནི་བྱམས་པ་ལ་སོགས་པའོ།། རྡོ་རྗེ་འཆང་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ།། དེ་ལྟ་བུའི་སངས་རྒྱས་ཐམས་ཅད་དང་རྡོ་རྗེ་འཆང་ཆེན་པོ་ནི་མཆོག་སྟེ་དམཱ་པའོ།། རྡོ་རྗེ་རིན་ཆེ་ནི་དེ་ཡིས་ནི་ཕྱག་ན་གནས་པའི་རྡོ་རྗེ ་རིན་ཆེན་དེས་སོ།། ནི་ཞེས་བྱ་བའི་སྒྲས་ནཱི་ངེས་པར་བཟུང་བ་སྟེ། རྡོ་རྗེ་རིན་ཆེན་དེ་ཉིད་ཀྱིས་སོ།། དེ་ཚེ་དེ་ལ་དབང་བསྐུར་རོ་ཞེས་བྱ་བ་ནི་དུས་དེའི་ཚེ་དབང་བསྐུར་བར་གྱུར་པའོ།། ཅིའི་ཕྱིར་ཞེ་ན་རིགས་ཀུན་གྱིས་དབང་བསྒྱུར་ཕྱིར་དང་ཞེས་བྱ་བ ་གསུངས་ཏེ། རིགས་ཀུན་གྱི་ནོར་བུའི་རིགས་རྣམས་སོ།། དེ་ནས་དབང་བསྐུར་བ་ནི་རིགས་ཀུན་གྱིས་དབང་བསྐུར་བ་སྟེ་དེའི་འོག་ཏུའོ།། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པ་རིན་པོ་ཆེའི་རིགས་ཀྱི་ངོ་བོར་བསྐྱེད་པར་མཛདདོ།། ་ཞེས་བྱ་བའི་ཐ་ཚིག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་རིན་པོ་ཆེའི་རིགས་དེར་སྐྱེས་པ་ལ་དགོས་པ་ཅི་ཡོད་ཅེ་མ། བསམ་པ་ཐམས་ཅད་རྫོགས་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རིགས་འཛིན་ལ་སོགས་པའི ་དངོས་གྲུབ་ལ་སྲེད་པ་སྐྱེ་བོ་ནི་གདུལ་བྱ་རྣམས་ཀྱི་བསམ་པ་ཐམས་ཅད་དེ། དེ་ཡོངས་སུ་རྫོགས་པ་ནི་རིག་འཛིན་ལ་སོགས་པའི་དངོས་གྲུབ་ཐོབ་བོ།། དོན་དེའི་ཕྱིར་དབང་བསྐུར་བ་དེས། སངྱས་རྒྱས་སྲས་དང་བཅས་པ་ཐམས་ཅད་དང་། ་རྡོ་རྗེ་འཆང་ཆེན་པོའི་དབང་བསྐུར་ཞིང་རིན་པོ་ཆེའི་རིགས་ཀྱི་རང་བཞིན་དུ་མཛད་པས་ན། ཀུན་མཆོག་ཀུན་ལ་དབང་བསྐུར་ནས། ཤེས་པར་བརྗོད་པ་འདི་གསུངས་སོ།། ཞེས་བྱ་བ་དང་། ཨོཾ་སརྦ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་གསུངས ་བ་ཡིན་ནོ།། དེ་ནས་བཟང་པོ་འདི་གསུངས་ཤིང་། ལེགས་པར་ཞེས་བརྗོད་དབང་བསྒྱུར་བས་ཞེས་བྱ་བ་ནི་སྙིང་པོ་བཟང་པོ་འདི་གསུངས་པའི་རྗེས་ཐོགས་ཉིད་ལ་ཤེས་པ་བརྗོད་པའི་རང་བཞིན་ཅན་གྱིས་དབང་བསྐུར་བའི་རྒྱུས་ན་དབང་འགྱུར ་བའོ།། རྡོ་རྗེ་རིན་ཆེན་དེ་ལས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ན་མཁའི་སྙིང་པོ་ཕྱག་ན་གནས་པ་དེ་ལས་སོ།། ཆོས་ཀྱི་གཙོ་བོ་འབྱུང་བར་འགྱུར་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་ནི་ཆོས་སོ།། དེ་ལས་བྱུང་བ་དང་དེ་སྟོན་པར་བྱེད་པ ་དང་། དེ་ཐོབ་པར་བྱ་བའི་དབང་བསྐུར་བ་ལ་སོགས་པའི་སེམས་དཔའ་ནི་ཆོས་ཀྱི་གཙོ་བོ་སྟེ། དེ་དག་སྙིང་པོ་གསུངས་པའི་རྗེས་ཐོགས་ཉིད་ལ་དེ་ལས་བྱུང་བ་ཡིན་ནོ།། བྱུང་ནས་དེ་རྣམས་ཀྱིས་ཅི་ཞིག་མཛད་ཅེ་ན། བྱུང་ནས་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཆོས་ཀྱི་གཙོ་བོ་དེ་རྣམས་ནི་རྡོ་རྗེ་རིན་པོ་ཆེ་ཆེན་པོ་དེ་ལས་བྱུང་ནས་འགྲོ་བ་སེམས་ཅན་གྱི་ཁམས་མ་ལུས་པ་ཐམས་ཅད་དང་། རིན་པོ་ཆེའི་རིགས་ཀྱི་རང་བཞིན་དུ་བསྐྱེད་པར་དབང་བསྐུར་རོ།། ཇི་ལྟར་ཞེ་ན་ཅི ་རིགས་པར་ནི་ཞེས་བྱ་བ་སྨོས་ཏེ། ཕྱོགས་བཅུར་རིན་པོ་ཆེ་རིགས་ཀྱི་དཀྱིལ་འཁོར་བསྐྱེད་ནས། དེ་རྣམས་དཀྱིལ་འཁོར་དུ་བཅུག་པའི་ཆོ་གས་བཅུག་སྟེ་ཞེས་བྱ་བའི་ཐ་ཚིག་གོ།། འགྲོ་བ་ཐམས་ཅད་དབང་བསྐུར་བ་ཇི་ཙམ་གྱི་དབང ་བསྐུར་ཞེ་ན། རྡོ་རྗེ་སྨན་གྱི་དབང་བསྐུར་བས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཀུན་ནི་འཕགས་པ་ན་མཁའི་སྙིང་པོ་ལ་སོགས་པའི་ནོར་བུའི་རིགས་ཀྱི་ལྷ་རྣམས་སོ།། དེ་རྣམས་ཀྱིས་དབང་བསྐུར་བ་ནི་དབང་བསྐུར་བ་ཐམས་ཅད་དེ།། དེ་རྣམས ་རྫོགས་པར་བྱ་བ་ཉིད་དུ་གྱུར་པའོ།། སླར་ཡང་དཀྱིལ་འཁོར་ཚུལ་གྱིས་ཞུགས་ཞེས་བྱ་བ་ནི་དེ་ལྟར་རྡོ་རྗེ་རིན་པོ་ཆེ་དེ་ལ་སོགས་པ་ཆོས་ཀྱི་གཙོ་བོ་དེ་རྣམས་བྱུང་ནས་སེམས་ཅན་གྱི་དོན་མཛད་དེ་ཕྱོགས་བཅུ་ནས་སླར་བྱོན་ཏེ་དཀྱིལ ་འཁོར་གྱི་ཚུལ་གྱིས་བཅོམ་ལྡན་འདས་འཕགས་པ་ན་མཁའི་སྙིང་པོས་བསྐོར་ནས་བཞུགས་པ་ཡིན་ནོ།། འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྷ་མོའི་དཀྱིལ་འཁོར་གྱི་ཚུལ་གྱིས་འདོད་ཆགས་ཀྱིས ་འདོད་ཆགས་སྤངས་པའི་གདུལ་བྱ་རྣམས་ཀྱི་དོན་མཛད་ནས། གཏི་མུག་ཟིལ་གྱིས་གནོན་པའོ།། སེམས་ཅན་གྱི་ཁམས་རྣམས་ལ་འཇིག་རྟེན་དབང་ཕྱུག་དུ་གྱུར་ནས་སོ་སོར་རྟོག་པ་མཛད་པ་ཡིན་ནོ།། དེ་ནས་སེར་སྣའི་གཉེན ་པོར་གྱུར་པ་ནོར་བུའི་རིགས་ནི་ཉི་མ་དང་ཟླ་བ་དང་། སྐར་མའི་གཟུགས་ཅན་གྱི་ནུ་མཁར་གྱུར་པ་རྡོ་རྗེ་རིན་ཆེན་བསྐྱེད་དེ། དེ་ལས་བྱང་ཆུབ་སེམས་དཔའ་ན་མཁའི་སྙིང་པོའི་སྐུར་ཞུགས་ནས་དེ་ཐམས་ཅད་མཛད་དེ ་རང་གི་སྙིང་པོ་གསུངས་ནས་ཉིད་ཀྱི་ཕྱག་ན་གནས་པའི་རྡོ་རྗེ་རིན་པོ་ཆེ་ལས་རང་གི་དཀྱིལ་འཁོར་གྱི་ལྷའི་ངོ་བོར་གྱུར་ནས་དེས་སེམས་ཅན་གྱི་ཁམས་ཐམས་ཅད་ནོར་བུའི་རིགསུ་བཅུག་ནས་ནོར་བུའི་རིགས་ལས་ནོར་བུའི་རིགས ་ཀྱི་རང་བཞིན་དུ་མཛད་ནས་སླར་བྱུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐིག་ལེའི་གནས་སུ་བཞུགས་ནས་དེ་ཐམས་ཅད་མཛད་དོ།། ཡང་ནོར་བུའི་རིགས་ཀྱིས་ཚུལ་གྱིས་ཕྱོགས་བཅུ་ནས་བྱོན་པའི་དཀྱིལ་འཁོར་གྱི ་ཚུལ་གྱིས་བཞུགས་པ་ཡིན་ནོ།། དེ་ལྟར་དེ་ནས་ཞེས་བྱ་བ་ནུས་བརྩམས་ཏེ། དཀྱིལ་འཁོར་གྱིས་ཀྱང་བཞུགས་པ་ཡིན་ནོ།། ཞེས་བྱ་བའི་བར་གྱིས་བཤད་པས་ཏིང་ངེ་འཛིན་གཉིས་པ་གསུངས་པ་ཡིན་ནོ།། དེ་ནས་བསྡུ་བ་སྔོན་དུ ་འགྲོ་བ་ནི་གསུམ་པ་ཡིན་པར་ཤེས་པར་བྱའོ།། དེ་ལྟར་ནོར་བུའི་རིགས་ཀྱི་ཏིང་ངེ་འཛིན་གསུམ་གསུངས་ནས། ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ཀྱིས་བཟླས་བརྗོད་དང་བསྒོམ་པར་བྱའོ་ཞེས་བྱ་བའི་ཆོ་ག ་བསྟན་པའི་ཕྱིར་བདེ་གཤེགས་ཀུན་གྱིས་བྱིན་གྱིས་བརླབས་པས་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱིས་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པ་ལ་སོགས་པའི་ལས་ཀྱི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ།། རྡོ་རྗེ་རིན ་ཆེན་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་འབྱུང་བའི་རྒྱུར་གྱུར་པ་དང་། རྡོ་རྗེ་རིན་ཆེན་གྱིས་ཉེ་བར་མཚན་པ་ཡིན་པའི་ཕྱིར་རྡོ་རྗེ་རིན་ཆེན་ནི་འཕགས་པ་ནཱ་མཁའི་སྙིང་པོའོ།། འདིའི་གོང་ན་མཆོག་ཏུ་གྱུར་པ་གཞན་མེད་པས་བླ་ན་མེད་པའོ།། ་བཅོམ་ལྡན་འདས་འཕགས་པ་ན་མཁའི་སྙིང་པོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཏེ་རྟོག་པ་དེ་གསུངས་པ་ཡིན་ནོ།། རྟོག་པ་དེ་གསུངས་པ་གང་ཡིན་ན། རྟོག་པ་འདིའི་ལས་ཅི་ཞིག་ཡིན་ཞེ་ན། ཤིན ་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིན་ཏུ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའོ།། དབང་ཕྱུག་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དབང་ཕྱུག་ཆེན་པོ་སྟེ། ཁམས་གསུམ་པའི་ཆོས་ཀྱི་རྒྱལ་པོ་ནོར་བུའི་རིགས་ཀྱི་རང་བཞིན ་ཅན་གྱི་རྡོ་རྗེ་འཆང་བའོ།། དེ་ངོ་བོ་ཉིད་ཡིན་པས་ན་དབང་ཕྱུག་ཆེན་པོའོ།། ཤིན་ཏུ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཤིན་ཏུ་དབང་ཕྱུག་ཆེན་པོའོ།། དེ་ཡོངས་སུ་རྫོགས་པར་གྱུར་པ་ནི་དངོས་གྲུབ་མཆོག་སྟེ། དེ་གསོལ་བར ་མཛད་པས་ན། ཤིན་ཏུ་དབང་ཕྱུག་ཆེན་པོའི་དངོས་གྲུབ་མཆོག་སྩོལ་ལོ།། ནོར་བུའི་རིགས་ཀྱི་དཀྱིལ་འཁོར་ལ་སོགས་པ་སྒྲུབ་པ་དང་། བསྒྲུབ་པར་བྱ་བའི་རྟོག་པ་ཞེས་བྱའོ།། དེ་གསུངས་པ་ནི་རྟོག་པ་དེ་བཀའ་སྩལ་པའོ།། དཀྱིལ ་འཁོར་ཆེན་པོའི་རྡོ་རྗེ་སེམས་དཔའ་ཕྱིའི་དཀྱིལ་འཁོར་རོ།། གང་གི་ཕྱི་རོལ་དེ་དང་འདྲ་བ་དེ་ཕྱིའི་དཀྱིལ་འཁོར་ཆེན་པོ་སྟེ་ཞེས་བྱའོ།། ནི་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། ཕྱི་རོལ་ནི་དཀྱིལ་འཁོར་ཆེན་པོ་དང་འདྲ་བ་ཉིད་ཡིན་ནོ།། ་ནུ་མཁའི་འཁོར་ལོར་ཞེས་བྱ་བ་ནང་གི་དཀྱིལ་འཁོར་ན་མཁའ་དང་འདྲ་བ་ལ་ནོར་བུའི་དབྱིབས་ཟུར་བརྒྱད་པ་དང་འདྲ་བར་འདུག་པའོ།། དེ་ཉིད་ཀྱིས་ན་མཁའི་མདོག་ཅན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའི་མདོག ་ནི་བཻ་ཌཱུརྱའི་མདོག་སྟེ། མདོག་སྔོན་པོ་ཞེས་བྱ་བའི་ཐ་ཚིག་གོ།། ཉི་མ་དང་ཟླ་བ་ནི་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་གྱིས་སོ།། སྐར་མ་དང་གཟའ་རྣམས་ཀྱིས་ནི་བརྒྱན་པར་བྲི་ཞེས་བྱ་བ་ནི་ན་མཁའི་ངོས་ལ་ཤྭར་ཅིང་འཇིག་རྟེན ་གྲགས་པའི་སྐར་མ་དང་གཟའ་རྣམས་ཀྱིས་ཀྱང་བརྒྱན་ཅིང་མཛེས་པར་བྱ་བའི་ནཱ་མཁའི་དཀྱིལ་འཁོར་དྲི་ཡང་དག་པར་བྲི་བར་བྱའོ།། དེའི་དབུས་སུ་ཞེས་བྱ་བ་ནི་དབུས་ནི་དཀྱིལ་འཁོར་གྱི་ལྟེ་བོའི་དབུས་སུའོ།། ན་མཁའི་སྙིང་པོ་ནི་ཞེས་བྱ ་བ་ནི་འཕགས་པ་ན་མཁའི་སྙིང་པོའོ།། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ་ན་མཁའི་སྙིང་པོ་ཉིད་དོ།། བདག་ཉིད་ཐམས་ཅད་དགྱེས་པོར་བཞག་ཅེས་བྱ་བ་ནི་བདག་ཉིད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བདག་ཉིད་ཐམས་ཅད་དེ། བཅོམ ་ལྡན་འདས་འཕགས་པ་ན་མཁའི་སྙིང་པོའི་སྒྲ་ཐམས་ཅད་དོ།། དེ་དགྱེས་པ་ནི་ཡིད་བདེ་བ་དང་ལྡན་པ་གང་ཡིན་པ་དེ་ལ་བདག་ཉིད་ཐམས་ཅད་དགྱེས་པ་ཞེས་བྱ་བ་སྟེ། དེ་བཞག་ཅིང་དགོད་པར་བྱའོ།། དག་པའི་བཻ་ཌཱུརྱའི་མདོག་འདྲ་ཞེས་བྱ་བ་ནི ་རིན་པོ་ཆེ་བཻ་ཌཱུ་ཌྱན་གནོག་གི་དྲི་མ་ཐམས་ཅད་དང་བྲལ་བ་ནི་དག་པའི་བཻ་ཌཱུརྱ་སྟེ། དེ་དང་འདྲ་བའི་མདོག་འདི་ལ་མངའ་བས་ན་དག་པའི་བཻ་ཌཱུརྱའི་མདོག་འདྲོ་ཞེས་བྱའོ།། ཡང་དེའི་འོད་ཟེར་འབར་བ་སྣ་ཚོགས་འོ་ཁྲུག་ཅེས་བྱ་སྟེ། གང་གི་འོད ་ཟེར་ཁ་དོག་སྣ་ལྔ་པས་སྣ་ཚོགས་དེ་ཉིད་ཀུན་ཏུ་འཁྲུག་ཅིང་ཕན་ཚུན་ཁྱབ་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་དེ་ཉིད་གཡོན་པས་རིན་ཆེན་ཐུགས་ཀར་གཏོད་ཅེས་བྱ་བ་ཕྱག་གཡེན་པས་རྡོ་རྗེ་རིན་ཆེན་གྱི་ཐུགས་ཀའི་ཕྱོགས་སུ ་གཏོང་བའི་ཚུལ་གྱིས་བསྣམས་པ་འདི་ལ་མངའ་བས་ན་གཡོན་པའི་རིན་ཆེན་ཐུགས་ཀར་གཏོད་ཅེས་བྱ་བ་ལ་གཡས་པས་ནོར་ཆེན་རབ་སྩོལ་བ་ཞེས་བྱ་བ་དེ་ཕྱག་གཡོས་པོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་སོགས་པའི་ནོར་འདོད། ་པ་རྣམས་ལཱ་ན་མཁའ་ཁྱབ་པའི་ནོར་གསོལ་བ་འདི་ལ་མངའ་བས་ན་དེ་སྐད་ཅེས་བྱའོ།། དེའི་ཞེས་བྱ་བ་ནི་ན་མཁའི་སྙིང་པོའོ།། ངོས་སུ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་དུའོ།། སེམས་ཅན་མཆོག་ཅེས་བྱ་བ་ནི་སེམས་དཔའི་དམ་པ ་ཡིན་ནོ།། བཞི་པོ་གཟུངས་བཅས་དུམ་པ་ཞེས་བྱ་བ་ནི་སེམས་དཔའ་མཆོག་བཞི་པོ་རདྲུགི་རིག་པའི་ལྷ་མོ་དང་བཅས་པ་དམ་པར་གྱུར་ཅིང་ཕུལ་དུ་ཐུང་བ་དགོད་པར་བྱའོ།། དཱ་ང་སྐུར་བ་དང་ཞེས་བྱ་བ་ནི་གོ་བར་ཟད་དོ།། དཀྱིལ་འཁོར ་ཆེན་པོའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆེན་པོ་བཤད་པའི་ཚུལ་གྱིས་ཆོ་ག་རྒྱས་པ་ཇི་བཞིན་བྱ་ཞེས་ཤུགས་ཀྱིས་སྦྱང་བར་བྱ་སྟེ། དཀྱིའཁོར་ཇི་ལྟ་བ་བཞིན་དུ་ཟིསྔོ་ལ་སྒོ་དབྱེ་བ་བྱས་ནས་བསྡུ་བར་བྱའོ།། ་དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ལ། སྤྱན་དྲང་བའི་ཕྱག་རྒྱས་སྤྱན་དྲངས་ནས་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་སྡོམ་པ་བླངས་ཏེ། འཇུག་པའི་ཕྱག་རྒྱ་བཅིངས་ནས་བོང་གོ་ཉིད་དབང་བསྐུར་བ་བྱ ་བ་འདིར་ནི་འདིར་ཆོ་ག་རྒྱས་པ་ཡིན་ནོ།། ནོར་བུའི་ཁུ་ཚུར་གྱིས་ཞུགས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཐེ་བོང་གཉིས་མཉམ་པོར་གཞིབས་ཏེ་མཐེ་བོང་གཉིས་ཀྱི་རྩེ་མོ་ལ་མཛུབ་མོ་གཉིས་ཀྱི་གདོང ་བཞག་པ་འདི་ནི་ནོར་བུའི་ཁུ་ཚུར་གྱིས་ཞུགས་པའོ།། ནམ་མཁའ་ལས་བྱུང་ཞེས་བྱ་བ་ནི་ན་མཁོའི་སྙིང་པོ་ན་ན་མཁའ་སྟེ། དེ་ལས་བྱུང་བའི་དམ་ཚིག་ནི་ནམ་མཁའ་ལས་བྱུང་བའོ།། ནམ་མཁའ་ལས་བྱུང་བ་དམ་ཚིག་དེ་མཆོག་ཡིན ་བས་ན་དམ་པའོ།། ཞུགས་ནས་དམ་ཚིག་བརྗོད་པར་བྱ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་ཞུགས་ནས་བཅོམུ་ལྡན་འདས་ལ་ཕྱག་བྱས་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ཁྱོད་ནི་ན་མཁའ་ལས་བྱུང་བ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་ནམ ་མཁའ་སྟེ། དེ་ལས་ཁྱོད་བྱུང་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ།། ཐམས་ཅད་ཀྱི་ནི་ལྔ་པ་ཡིན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་དང་། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་པདྨའི་རིགས་ནི་ཐམས་ཅད་དེ། དེའི་ལྔ་པ་ཞེས་བྱ་བ ་ལྔ་པའི་གྲངས་བཀོད་པར་བྱེད་པའོ།། ཨོཾ་སཽདྡྷི་ཧཱུཾ་བྷུ་ཞེས་བྱ་བ་ནི་སའི་འཇིག་རྟེན་གྱི་རང་བཞིན་གྱི་དངོས་གྲུབ་ཀྱི་བར་རོ།། བྷུ་བ་ཞེས་བྱ་བ་ནི་བར་སྣང་གི་དངོས་གྲུབ་ཀྱི་བར་དུའོ།། སྭ་ཞེས་བྱ་བ་ནི་མཐོ་རིས་ཀྱི་འཇིག་རྟེན་གྱི་ངོ་བོ་ཉིད ་ཀྱི་དངོས་གྲུབ་ཀྱི་བར་རོ།། བཛྲོ་རཏྣ་ཞེས་བྱ་བ་ནི་འཕགས་པོ་ན་མཁའི་སྙིང་པོ་འདི་དབང་བསྐུར་བའི་རིན་པོ་ཆེའི་འབྱོར་པ་དང་ལྡན་པའི་ལྷ་མོའི་རབ་ཏུ་གྲུབ་པས་སོ།། བཱ་བཱ་ཞེས་བྱ་བ་ནི་གཏེར་གྱི་རིན་ཆེན་དཔལ་གྱི་ལྷ་མོ ་གྲུབ་པསོ།། ཊ་བ་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་ནོར་བུ་ཆེན་པོའི་ཕུན་ཚོགས་པའི་ལྷ་མོ་གྲུབ་བོ།། ཏྲཾ་ཞེས་བྱ་བ་ནི་རིག་པའི་རྒྱལ་པོ་བླ་ན་མེད་པ་ཞེས་བྱ་བའི་མཆོད་པའི་ལྷ་མོའི་རང་བཞིན་གྲུབ་པས་ཀྱང་འགྲུབ་པར་མཛོད་ཅེས ་གསོལ་བ་འདེབས་སོ།། འདི་ནི་ཞེས་བྱ་བ་ནི་བཱ་ཤདུ་མ་ཐག་པའི་དམ་ཚིག་གི་སྔགས་སོ།། བཟླས་པ་ཙམ་གྱིས་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་སྟེ། མཚན་ཐོག་ཐག་བཟླས་པ་མ་ཡིན་པ་སོ།། ན་མཁའ་སྙིང་ཞེས་བྱ་བ་ནི་ན་མཁའི ་སྙིང་པོ་ལ་སོགས་པའི་དངོས་གྲུབ་རྣམས་ནི་དངོས་གྲུབ་ཐམས་ཅད་དེ། དངོས་གྲུབ་དེ་ཐམས་ཅད་ལའོ།། ཕུན་ཚེགས་ཀུན་ལེའང་ཤིན་ཏུ་ནི་ཞེས་བྱ་བ་ནི་རིག་པའི་ལྷ་མོ་རྣམ་པ་སྣ་ཚོགས་པའི་འཇིག་རྟེན་དང་འཇིག་རྟེན་དང ་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་རྣམས་ནི་ཕུན་སུམ་ཚོགས་པ་ཀུན་ཏེ། དེ་རྣམས་ལ་ཤིན་ཏུ་ཞེས་བྱ་བ་མཉམ་པར་འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད་ཅེས་བྱ་བ། བཅོམ་ལྡན་འདས་ན་མཁའི་སྙིང་པོ་གྲུབ ་པར་གྱུར་པའོ།། དེ་ནས་ནོར་བུའི་ཁུ་ཚུར་ཆེན་པོའི་གཡས་པའི་ལྕགས་ཀྱུས་དགུག་པར་བྱའོ།། ཞེས་བྱ་བའི་དཀྱིལ་འཁོར་བྲིས་ནས་སྒོ་དབྱེ་བ་བྱས་ལ་བསྡུ་བ་བྱ་བ་དང་། མཚོན་བརྒྱ་རྩ་བརྒྱད་པའི་རྗེས་ཐོགས་ཉིད་ལའོ།། དེ ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དགུག་པར་བྱས་པའི་རྗེས་ཐེགས་ཉིད་ལ་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་དགུག་པ་བྱས་པའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་བྱོན་ནས་དོན་ཞེས་བྱ་བ་ནོར་བུའི ་རིགས་ཆེན་པོའི་རང་བཞིན་ན་མཁའི་སྙིང་པོ་གྲུབ་པར་གྱུར་པ་ནི་ནོར་བུའི་རཱིག་སྣ་ཆེན་པོ་གྲུབ་པར་གྱུར་པའི་ཚུལ་གྱིས་འགྲུབ་བྱར་གྱུར་པའོ།། དེ་ཁོ་ན་ཉིད་མཆོག་གི་སྙིང་པོས་ལན་ཅིག་ཅེས་བྱ་བ་ནི། ཁྱེད་ནི་ན་མཁའ་ལས ་བྱུང་བ།། ཐམས་ཅད་ཀྱི་ནི་ལྔ་པ་ཡིན་ཞེས་བྱ་བ་ནས། བྷ་བི་ད་ཧ་ཏྲྀ་ཞེས་བྱ་བའི་བར་ནི་དེ་ཁོ་ན་ཉིད་ཀྱི་མཆོག་གི་སྙིང་པོ་སྟེ། དེ་སློབ་དཔོན་གྱིས་སློབ་མ་དཀྱིལ་འཁོར་དུ་ཞུགས་པ་ན་ལན་ཅིག་ཟློས་སུ་གཞུག་པོ།། དེ་ནས་འབྱོར་པའི་མཆོམ ་ཅེས་བྱ་བ་ནི་ལྷ་མོའི་འབྱོར་པའི་རང་བཞིན་ནོ།། རྟག་པར་བརྟན་པའི་དཔལ་ནི་ལྷ་མོ་དཔལ་མོའི་རང་བཞིན་ནོ།། ཕུན་སུམ་ཚོགས་པ་ནི་ལྷ་མོ་ཤིན་ཏུ་ཕུན་སུམ་ཚོགས་པའི་རང་བཞིན་ནོ།། མཆོད་པ་ཆེན་པོ་ནི་ལྷ་མོ་མཆོད་པའི་རང་བཞིན ་ནོ།། དངོས་གྲུབ་རྣམས་ནི་ནཱ་མཁའི་སྙིང་པོ་ལ་སོགས་པའི་རང་བཞིན་ནོ་མཆོད་ན་དམ་པའོ།། འཐོབ་ཅེས་བྱ་བ་ནི་སློབ་མ་རྣམས་ཀྱིས་འཐུབ་པར་འགྱུར་བའོ།། བདེ་བར་གཤེགས་པ་ཤིན་ཏུ་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་ཐམས ་ཅད་ནོར་བུའི་རིགས་ཆེན་པོའི་དངོས་གྲུབ་བརྙེས་པ་དེ་བཞིན་དུ་སློབ་མ་དཀྱིལ་འཁོར་དུ་བཅུག་ནས་དམ་ཚིག་གི་སྔགས་བཟླས་ན་འཐོབ་པའོ།། ཡང་འདིའི་དོན་བརྗོད་པར་བྱ་སྟེ། གནས་དང་བདགོ་བསྲུང་བ་བྱས་ན། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས ་འཕགས་པ་ན་མཁའི་སྙིང་པོའི་དཀྱིལ་འཁོར་མངོན་སུམ་དང་འདྲ་བ་མདུན་དུ་བསྐྱེད་ལ། གལ་ཏེ་འབྱོར་ན་མེ་ཏོག་ལ་སོགས་པས་དངོས་སུ་མཆོད་ནས་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ་ཕྱག་བཞི་ལ་སོགས་པ་སྔོན་དུ་འགྲོ་བས ་སྡོམ་པ་གཟུང་བར་བྱའོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་ཐལ་མོ་ལ་སོགས་པ་ནས་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིངས་པའི་བར་གྱི་ཕྱག་རྒྱ་བཅིང་བ་ཐམས་ཅད་བྱའོ།། དེ་ནས་སྡིག་པ་དྲལ་བའི་བར་གྱི་ཆོ་ག་རྗེས་སུ་སྤྱང་ལ། རང་གི་སྙིང་གའི་ཟླ ་བ་ལ་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་བཟླས་པར་བྱ་བའི་སྔགས་ཡིད་ཀྱིས་བྲིས་ནས་དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པ་རོ་བྱའོ།། དེ་ནས་རང་གི་ལྷའི་སྙིང་པོ་དེ་དབྱངས་ཀྱི་ཡི་གེ་བཅུ་དྲུག་དང་བཅས་པ ་ལས་རང་གི་སེམས་ཟླ་བའི་དཀྱིལ་འཁོར་ལྟ་བུར་བསམྦུ་པར་བྱའོ།། དེའི་སྟེང་དུ་ཡང་རང་གི་སྙིང་གཱ་ལ་སོགས་པ་ནས་ཀྵ་ཡཱ་བར་གྱི་གསལ་བའི་ཡི་གོ་དང་བཅས་པ་ལ་ཟླ་བའི་དཀྱིལ་འཁོར་གཉིས་པའོ།། ཡང་དྭེ་རཏྣ་གི་སྙིང་པོ་དྲང ་བཅས་པ་ལ་དང་པོའི་རྡོ་རྗེ་དེ་ཉིད་རང་གི་ལྷའི་མཚན་མའི་ཕྱག་རྒྱའི་གཟུགས་སུ་བསམ་པར་བྱའོ།། རང་གི་ལྷའི་མཚན་མའི་ཕྱག་རྒྱའི་ནང་དུ་རང་གི་ཕྱག་རྒྱ་རིང་རྒྱལ་བསྒོམ་པར་བྱའོ།། དེ་ནས་སེམས་དཔར་བྱིན་གྱིས་རློབ་པའི ་སྦྱོར་བས་རླུང་གི་ལྷའི་ཕྱག་རྒྱ་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ་ཡང་རང་གི་ལྷའི་སྙིང་པོ་ཟློས་ཤིང་རྡོ་རྗེ་སེམས་དཔར་རང་གི་ལྷའི་སྐུར་བསྒོམ་པར་བྱའོ།། དེ་ནས་ས་མ་ཡ་ཧོ་ཧ~ཾ། ཞེས་བརྗོད་དོ་དེ་ནས་རང་གི་ལྷའི་དམ་ཚིག་གི ་ཕྱག་རྒྱ་བཅིངས་ལཾ་ས་མ་ཡོ་ཧཾ་ཞེས་བརྗོད་དོ།། ས་མ་ཡ་སཏྭ་ཨ་དྷི་ཏཥྛ་སྭ་མཱཾ་ཞེས་བརྗོད་ཅིང་།། སྙིང་ག་དང་དཔྲལ་བ་དང་ལྐོག་མ་དང་སྤྱི་བར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་ལྔའི ་སྙིང་པོ་ཨའི་མཐའ་ཅན་བརྗོད་ནས་མདུན་དུ་སྣ་ཚོགས་པདྨ་ལས་རང་གི་ལྷའི་མཚན་མའི་ཕྱག་རྒྱ་བསམས་ལ་སྙིང་པོ་ཟློས་ཤིང་ཕྱག་རྒྱའི་ང་རྒྱལ་བསྒོམ་པར་བྱའོ།། དེ་ནས་རང་གི་སྙིང་པོ་བརྗོད་དེ། ཕྱག་རྒྱ་དེ་རང ་གི་ལྷའི་སྐུར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་དེར་རིན་ཆེན་ལྕགས་ཀྱུ་མ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་རང་གི་ལྷ་དགུག་པོ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ་རང་གི་དམ་ཚིག་གི་ཕྱག་རྒྱ ་དང་། རང་གི་སྙིང་པོ་བརྗོད་ཅིང་ཏཱི་ཤྱ་ཞེས་ཀྱང་བརྗོད་ལ་བལྟ་བར་བྱའོ།། དེ་ནས་དྲིལ་བུ་དང་སྤྱན་དྲང་བའི་ཕྱག་རྒྱས་སྤྱན་དྲུངས་ལ་རང་གི་ལྷ་རང་གི་སྔགས་ཀྱི་ལུས་ལ་བཅུག་ལ་རང་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ ་ཡ་སྟྭཾ་ཞེས་བརྗོད་ཅིང་འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ས་མ་ཡ་སྟྭཾ་ཧཱ་མ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ་དང་རང་གི་ལྷའི་སྙིང་པོའི་མཐར་ལན་གསུམ་བརྗོད་ལ་རང་གི་ལྷར་བསྲུབ་པར་བྱའོ།། དེ་ནས་ཆོས་དང་ལོས་དང་ཕྱག་རྒྱ་ཆེན་པོས ་རྒྱས་བཏབ་ལ་རང་གི་སྙིང་གའི་ཟླ་བར་ཡིད་ཀྱིས་ཞུགས་ལ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་བསྐྱེད་ལ་འཇུག་པའི་ཆོ་གས་མེ་ཏོག་གི་ཕྲེང་བ་བླངས་ཏེ། ཞུགས་ནས་རང་གི་མགོ་བོར་མེ་ཏོག་གི་ཕྲེང་བ ་དོར་བར་བྱའོ།། དེ་ནས་དངོས་གྲུབ་ཀྱིས་རྡོ་རྗེ་བརྟུལ་ཞུགས་བླང་བའི་བར་གྱི་ཆོ་ག་རྣམས་བྱས་ལ། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ནོར་བུའི་རིགས་ཆེན་པོའི་རྣལ་འབྱོར་ཆེན་པོ་བསྒྲུབ་པར་བྱའོ།། དེ ་ནས་དང་པོའི་རྡོ་རྗེ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ནས་ཡི་གེ་བརྒྱ་བྱས་བརྟན་པར་བྱས་ལ། དེ་ཁོ་ན་ཉིད་དང་ཆོས་དང་དམ་ཚིག་བཟུང་བའི་བར་གྱི་རང་གི་ཆོ་ག་རྣམས་རྗེས་སུ་སྤྱད་དེ་སྔ་མ་བཞིན་དུ་སྙིང་པོ་གསུམ་བརྗོད ་ནས་དོན་གསུམ་རྣམ་པར་བསྒོམ་སྟེ། རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལོ་བཟླས་པར་བྱ་བའི་སྙིང་པོ་ཡིད་ཀྱིས་བྲིས་ལ་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་བདག་པ་མཆོག། རྡོ་རྗེ་སྙིང་ཁྱོད ་བདག་གྱུར་ཅིག། ཅེས་བརྗོད་ལ་ཉིན་རེ་བྱ་བའི་སྦྱོར་བས་ལྷ་ཐམས་ཅད་ཀྱི་བཟླས་བརྗོད་འབུམ་འབུམོ་བྱའོ།། དེ་ལྟར་ན་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། ཡང་ན་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྙིང་གར་དཀྱིལ་འཁོར་སྤྲུལ་ལ་ལྷ ་ཐམས་ཅད་ཀྱིས་སྙིང་པོ་ཟློས་ཤིང་། ཡིད་ཀྱིས་བཀོད་ལ་སྔ་མ་བཞིན་དུ་སྙིང་པོ་གསུམ་ཟློས་ཤིང་དོན་གསུམ་བསྒོམ་ལ་བདག་ནི་འཕགས་པ་ན་མཁའི་སྙིང་པོའི་དཀྱིལ་འཁོར་གྱི་རོང་བཞིན་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ནས་ལྷ ་ཐམས་ཅད་ཀྱི་ཐུགས་ཀའི་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་དེར་བཅོམ་ལྡན་འདས་འཕགས་པ་ནཱ་མཁའི་སྙིང་པོ་ཡིད་ཀྱིས་བྲིས་ལ་དེ་ཉིད་ཟློས་ཤིང་དོན་དམ་པར་ལྷ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་ཇི་སྲིད་ཉིན་རེ་ཞིང་དཀྱིལ་འཁོར་གྱི ་རང་བཞིན་དུ་བདག་ཉིད་བསྒོམ་པའི་དུས་སུ་མངོན་སུམ་ཉིད་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ལྟ་བུས་ནི་ལྷག་པར་ཡང་སྔོན་དུ་བསྙེན་པ་བྱས་པར་འགྱུར་རོ།། དེ་ནས་ཏིང་ངེ་འཛིན་གསུམ་བསྒོམ ་པ་ནས་བརྩམས་ཏེ་དེ་ནས་ཉིན་རེ་དཀྱིལ་འཁོར་བྲི་བར་བྱའོ།། དེ་ལ་དང་པོ་རེ་ཞིག་ཡོ་བྱད་ཐམས་ཅད་དང་ལྡན་པས་མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ་རྡོ་རྗེ་མེ་ལྟར་འབར་བར་སྙོམས་པར ་འཇུག་པས་ལངས་ཏེ། བགེགས་བསལ་བ་ལ་སོགས་པ་བྱས་ལ་མཆོད་པ་རྣམ་པ་ལྔ་དང་མཆོད་ཡོན་དང་ལས་ཐམས་ཅད་པའི་ཆུ་སྣོད་ལ་བཟླས་བརྗོད་བྱས་ནས་རྡོ་རྗེ་ལས་ནོར་བུ་རིན་པོ་ཆེའི་རིགས་ཀྱི་དཀྱིལ་འཁོར་སྤྲུལ་ལ། ་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་བཞིན་དུ་སྡོམ་པ་བཟུང་སྟེ། སྔ་མ་བཞིན་དུ་རྣལ་འབྱོར་ཆེན་པོ་བྱས་ལ། དེ་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱོད་ལ། དེ་ཁོ་ན་ཉིད་དང་། ཆོས་དང་། དམ་ཚིག་བཟུང་ནས་ཇི་ལྟ་བ་བཞིན་དུ་རི ་རོ་བསྐྱེད་དེ། དེའི་སྟེང་དུ་རྡོ་རྗེ་འཁོར་ཕེ་འཁོ་རྗེ་ལ། དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ་སྔར་བཤད་པའི་སྐྱོ་བ་བསྐྱེད་པོ་ལ་སོགས་པའི་ཆོ་ག་རྣམས་བྱས་ལ་ལོས་ཐམས་ཡང་ཀྱིས་ཕྱག་བྱས་ནས་ཏིང་འཛིན་གསུམ་དེ་བཞིན་དུ་བསྒོམ ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ན་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་བཅིངས་ལ་དེའི་སྙིང་པོ་ཟློས་ཤིང་དབང་ཕྱུག་ཆེན་པོ་དངོས་གྲུབ་མཆོག། རྟོག་པ་ཐམས་ཅད་བཤོད་དུ་གསོལ་ཞེས་བྱ་བས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་དཀྱིལ་འཁོར་བྲི་བར་བྱ་བའི་ཕྱིར་བདག་ཉིད་ལ་ས་གསོལ་བ་བཏབ་པར་བསམ་པར་བྱའོ།། དེ་ནས་སྔ་མ་བཞིན་དུ་རང་གི་དམ་ཚིག་གི་ཕྱག་རྒྱས་རང་གི་སྙིང་པོ་ཟློས་ཤིང་དཀྱིལ་འཁོར་བཏག་ལ་བར་སྣ ་ཕྱོགསུ་བཞག་ནས་དེ་ཉིད་དང་རང་གི་སྙིང་པོས་སྙིང་ག་དང་དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བདག་ཉིད་བྱིན་གྱིས་བརླབས་ནས་ཡང་ཕྱག་རྒྱ་ཆེན་པོ་བཅིངས་ལ། བཛྲ་དྲྀཥྚ་མཊ་ཅེས་བྱ་བ་མིག་གཉིས་སུ་བཀོད་ལ། ཨ་ཞེས་བྱ་བ་ལས་རང་གི་རྐང ་མཐིལ་གཉིསུ་སྣ་ཚོགས་རྡོ་རྗེ་བསམས་ལ་རྐང་མཐིལ་གཉིས་ཀྱིས་མནན་པའི་རི་རབ་ཀྱི་སྟེང་ནས་བརྩམས་ཏེ་ས་གཞི་བརྟན་པ་ལ་ཐུག་གི་བར་དུ་རྡོ་རྗེའི་རང་བཞིན་དུ་འགྱུར་རོ།། ཕྱག་རྒྱ་ལ་གནས་དེ་བཞིན་གནས།། ཀུན་ཏུ་རྣམ་པར་བལྟས ་ནས་ནི།། སྙིང་པོ་ཀུན་ཏུ་ཟློས་བྱེད་ཅིང་།། བསྒྱིངས་པའི་ཚུལ་གྱིས་ཡོངས་སུ་བསྐོར།། ལྷག་མ་རྣམས་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ།། དེ་ནས་ནོར་བུ་མཆོད་པའི་གཟུགས་ཅན་རྡོ་རྗེ་ལས་ལྟ་བུའི་སྒྲུབ་པའི་གྲོགས་མཆོག་རང་གི་སྙིང་པ ་ནས་ཡིད་ཀྱི་ཕྱུང་ལ་སྔར་བཤད་པའི་ཆོ་གས་ཕྱིའི་དཀྱིལ་འཁོར་ཐིག་གདབ་པར་བྱའོ།། དེ་ནས་དུམ་བུ་དང་པོ་ལས་བཤད་པའི་ཐི་ག་གདབ་པའི་ཆོ་གས་ནང་གི་དཀྱིལ་འཁོར་ནོར་བུ་ཟུར་བརྒྱད་པའི་དབྱིབས་ནྡན་ནོར་བུའི་ཀཱ་བཱ་བརྒྱད་དང ་ལྡན་པསྟེ། རིན་པོ་ཆེའི་མྱུ་གུས་ཡོངས་སུ་བསྦྱོར་བ་རྡོ་ཛྙཱ་རིན་པོ་ཆེའི་རབཱ་དང་རྩེ་མོ་དང་ལྡན་པའི་ཐིག་ལེགས་པར་བཏབ་ལ། དེ་བཞིན་དུ་ཁྲོ་བོ་རིབལྟ་བས་སྒོ་རྣམས་བསྐྱེད་ལ་ཆེན་རྩི་དགྱེ་བར་བྱའོ།། དཀྱིལ་འཁོར་གྱི་ཕྱི་ནང་བཅས་བྱ ་འམ། དེའི་ནང་གི་དཀྱིལ་འཁོར་གྱི་ས་གཞི་ཚོན་རྩི་སྔོན་པོས་ནམཁའི་མེ་ཏོག་ལྟར་སྔོ་བ་བྱས་ལ་ཉི་མ་དང་ཟླ་བ་དང་། སྐར་མས་བརྒྱན་པར་བྱའོ།། དེ་ནས་ནིང་གི་དཀྱིལ་འཁོར་གྱི་ལྟེ་བའི་ཕྱོགསུ་བཅོམ་ལྡན་འདས་ནོམཁའི་སྙིང་པོ ་བཻ་ཌཱུརྱ་སྣ་ཚོགས་པདྨའི་སྟེང་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡོན་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རང་གི་ཐུགས་ཀའི་ཕྱོགསུ་རྡོ་རྗེ་རིན་པོ་ཆེ་བསྣམས་ནས་གཏོད་པའི་ཚུལ་གྱིས་འཛིན་པ་ལ་བརྩོན་པས་ཕྱག ་གཡས་པས་རིན་པོ་ཆེའི་མཆོག་གསོལ་པ། རིན་པོ་ཆེའི་ཅོད་པན་དབང་བསྐུར་བ་འོད་ཟེར་འབར་བ་སྣ་ཚོགས་ཀུན་ཏུ་འཁྲུག་པ། ཐུགས་རབ་ཏུ་དགྱེས་པའི་ཚུལ་ཅན་དགོད་པར་བྱའོ།། དེའི་མདུན་དུ་འདོད་ཆགས་རྡོ་རྗེ་མའི་གནས་སླ ་དབང་བསྐུར་བའི་རིན་པོ་ཆེའི་ཅོད་པན་གྱིས་དབང་བསྐུར་བ་ཕྱག་གཡས་ཀྱིས་རིན་པོ་ཆེའི་ཅོད་པན་བསྣམས་པ། གཡོན་པས་གདན་ལ་བསྙེམས་པའི་ཚུལ་གྱིས་བཞུགས་པའོ།། དེའི་གཡས་ལོགསུ་ཀཱི་ལོ་ཀཱི་ལའི་གནས་གཏེར་རིན་པོ་ཆེའི ་བུམ་པ་བསྣམས་པའོ།། རྡོ་རྗེའི་རྒྱབ་ཏུ་རྡོ་རྗེ་དྲནཱ་མའི་གནསུ་ནོར་བུ་ཆེན་པོ་ཕྱག་གཡས་པ་ན་རྡོ་རྗེ་རིན་པོ་ཆེ་བསྣམས་པ་གཡོན་པས་རང་གི་ཐུགས་ཀར་གླེགས་བམ་བསྡམས་པའོ།། གཡོན་དུ་རྡོ་རྗེ་བསྙེམས་པའི་གནས་སུ་བླ་ན་མེད་པ ་ཞེས་བྱ་བ། ཕྱག་གཡོན་པ་ནོར་བུས་མཚན་པའི་སྣ་ཚོགས་རྡོ་རྗེ་དྲིལ་བུ་བསྒོམས་ནས་དཀུར་བརྟན་པར་བཞུགས་པ་ཕྱག་གཡས་པས་རང་གི་ཐུགས་ཀར་སྣ་ཚོགས་ནོར་བུ་རང་གི་ཐུགས་ཀར་གཏོད་པའི་ཚུལ་གྱིས་འཛིན་ཅིང་བཞུགས ་བའོ།། མེའི་མཚམས་སུ་ལྷ་མོ་རྣམ་པར་འབྱོར་མི་ཞེས་བྱ་བ་རིན་པོ་ཆེའི་ཅིང་པན་འཆང་བའོ།། བདེན་བྲལ་མཚམསུ་དཔལ་མོ་རིན་པོ་ཆེའི་བུམ་པ་བསྣམས་པའོ།། རླུང་གི་མཚམསུ་ལྷ་མོ་ཤིན་ཏུ་ཕུན་སུམ་ཚོགས་མ་ཞེས་བྱ་བ་ཡིད ་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་དབུ་རྒྱན་བསྣམས་ནས་བཞུགས་པའོ།། དབང་ལྡན་རྫི་མཚམས་ལྷ་མོ་མཆོད་མ་ཞེས་བྱ་བ་རིན་པོ་ཆེའི་བཞིན་ཟླུམ་པ་རྒྱུན་ཐམས་ཅད་ཀྱིས་ཡོངས་སུ་བརྒྱུན་ཅིང་བསྣམས་ནས་བཞུགས་པ་བྲི ་བར་བྱའོ།། རིན་པོ་ཆེའོ་སྒེག་མོ་ལ་སོགས་པ་ནུས་རིན་པོ་ཆེའི་དྲིལ་བུ་མའི་བར་དུ་ནཱི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལས་གསུངས་པའི་སྙིང་པོས་རང་རང་གི་མཚན་ནོར་བུས་མཚན་མ་ཐོགས་པ་བྲི་བར་བྱའོ།། དེ་ནས་བཅོམ་ལྡན ་འདས་ན་མཁའི་སྙིང་པོ་ལ་སོགས་པའི་སྙིང་པོ་བཤད་དེ། ཨོཾ་སརྦ་བཛྲ་ཨཱ་དྷི་པ་ཏི་སྟྭ~ཾ་ཨ་བྷི་ཥིཉྩཱ་མི་བྷུ་བྷཱ་བ་སྱཱ་བཛྲ་སྱཱཏྭཱ་ནྣ་ཧཱུཾ། བཛྙཱ་རཏྣ། བཛྲ་དྷརྨཱ་བཾ། བཛྲ་ཀརྨ་ཧོཿབཛྲ་ཨཱ་བྷི་ཥིཉྩ་མ་ཧཱ་བཛྲཱ་ནཱི་དྷ་རི་ཧཱུཾ། བཛྲཱ་མ་ཎི་རཏྣོ་དྷུ་ཛ་གྲ་ཀྵེ་ཡཱུ་རེ་བཾ་མཧཱ ་བཛྲ་མ་ཧཱ་མ་ཧེ་ཧོ།། ཞེས་བྱ་བ་འདི་ནི་བཅོམ་ལྡན་འདས་ན་མཁའི་སྙིང་པོ་ནས་བརྩམས་ཏེ་མཆོད་པའི་ལྷ་མོའི་བར་གྱི་སྙིང་པོ་ཡིན་ནོ།། འདི་དག་ཐམས་ཅད་ཀྱང་མར་གད་ཅིང་རྙོག་པ་མེད་པའི་རིགས་ཅན་རྡོ་རྗེ་རིན་ཆེན་གྱི་རང་གི་ཅོད་པན་གྱིས ་དབང་བསྒྱུར་བ་རིན་པོ་ཆེའི་མཚན་མ་བསྣམས་པ་སྣ་ཚོགས་པདྨ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་རབ་ཏུ་དགྱེས་པར་བཞུགས་མ་ན་མཁའི་སྙིང་པོ་ནས་བརྞྞ་མཱ་སྱ་ཏེ། ནོར་བུའི་དྲིལ་བུའི་བར་དུ་བྷཱི་བར་བྱའོ།། དེ་ལྟར་དྭཀྱིལྱ་འཁོར་བྲིས ་ནས་ཕྱི་དྲོའི་དུས་སུ་སྔར་བཤད་པའི་ཧཱུཾ་མཛད་ཀྱི་སྦྱོར་བས་སྒོ་དབྱེ་བ་བྱས་ལ། བསྡུ་བ་དང་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ནས། བཅོམ་ལྡན་འདས་ན་མཁའི་སྙིང་པོའི་མདུན་དུ་སེམས་དཔའི་སྐྱིལ་མོ་ཀློང་གི་འདུག་སྟེ། ནོར་བུའི་དམ ་ཚིག་གི་ཁུ་ཚུར་རིན་པོ་ཆེའི་དྲིལ་བུ་དང་བཅས་པའི་གཡས་པའི་མཛུབ་མོ་ལྕགས་ཀྱུ་དང་སྔགས་འདིས་བཅོམ་ལྡན་འདས་འཁོར་དང་བཅས་པ་དཀྱིལ་འཁོར་དུ་གཞུག་པར་བྱའོ།། ཨོཾ་བྷུ་ཡ་ཧི་ཛ་བུ་པ་པྲ་ཐི་ཤ་ཧཱུཾ་སྭ་གྲམ ་བཾ་བ་བཛྲ་སིདྷྱ་ཏྲཾ། དེ་ནས་ནོར་བུའི་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་བགེགས་བྱས་ལཱ~ཾ་བ་ལ་སོགས་པ་བྱས་ལ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་རྣམས་བཅད་དེ། རྡོ་རྗེ་གྲོ་ཆས་བསྲུང་བ་ཐམས་ཅད་གོ་བགོས་ལ་འཕག་པའི་རྣམ་པའི་སྙིང་པོའི་སྔགས ་ཀྱིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་མཆོད་ཡོན་ཕུལ་ཏེ་རང་གི་དམ་ཚིག་གིས་ཕྱག་རྒྱས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ།། ཨོཾ་སརྦ་བཛྲ་ཨ་དྷི་པ་ཏཱི་སྟྭཾ་ཨ་བྷི་ཥིཉྩ་མི་བྷར་བྷུ་བ་སྭ་ཌི་ཤྱ་ས་མ་ཡ་སྟྭཾ་ཏཾ་ཛཿཧཱུཾ་བཾ་ཧོཿ ་ཨོཾ་བཛྲ་ཨཱ་དྷི་པེ་ཏི་སྟྭཾ་ཨ་བྷི་ཥཱིཉྩ་མཱི་བྷུ་ར་བྷཱ་བ་སྭཿཞེས་ལན་གསུམ་བརྗོད་པར་བྱའོ།། དེ་བཞིན་དུ་བཛྲ་གྷཎྚེ་ཧོཿཧྲཿས་མ་ཡ་ཛྙཱ་ས་མ་ཡཏྟཾ། ཨ་ཛཿཧཱུཾ་བཾ་ཧོཿབཛྲ་གྷཎྜེ་ཧོཿཞེས་བྱ་བའི་བར་དུ་ལན་གསུམ་བཟླས་ལ། བཅོམ་ལྡན་འདས་ལྷ་མོ ་དྲིལ་བུ་མའི་བར་དུ་རང་གི་དམ་ཚིག་གིས་བསྒྲུབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བའི་ཕྱག་རྒྱས་བཅོམ ་ལྡན་འདས་འཁོར་དང་བཅས་པ་ལ་དབང་བསྐུར་ནས་ཡང་མཆོད་པོན་ཕུལ་ལ་ཐེམ་པ་གང་བ་དང་། ཅི་སྙེད་པའི་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པ་རྣམས་དང་། རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པ་ཕྱག་རྒྱའི་མཆོད་པ་བཅུ་གཉིས ་ཀྱིས་རིན་པོ་ཆེའི་ཁུ་ཚུར་གཉིས་ལས་བྱུང་བས་ཡང་དག་པར་མཆོད་ལ། ཨོཾ་པ་ར་མ་སུ་ཁ་ཨ་ཤ་ཡ་སུ་ལ་ལི་ཏ་བི་ལ་ས་ན་མི་ཏེར་ན་མ་མི་བྷ་ག་བཱན་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལྀ་ན་ཐཱ་ཞེས་བྱ་བ་གླུ་དང་ཟློས་ཤིང་བཅོམ ་ལྡན་འདས་ལ་མགོ་བོས་ཕྱག་བྱས་ལ་ཕྱག་བཞི་བྱའོ།། དེ་ནས་ཕྱི་རོལ་ཏུ་གཏོར་མ་བྱིན་ལ་ཉེན་རེག་བྱས་ནས་ནོར་བུའི་གནོད་སྦྱིན་དང་། རྡོ་རྗེ་མེ་དང་འདོད་པའི་རྡོ་རྗེ་མས་ཆོ་ག་བཞིན་དུ་སྦྱིན་སྲེག་བྱས་ལ་ཐབས་ཀྱི་དབུས་སུ་དཀྱིལ་འཁོར ་འདི་བཅོམ་ལྡན་འདས་ན་མཁའི་སྙིང་པོ་ཟློས་ཤིང་མེ་ཏོག་གིས་བཞུགས་སུ་གསོལ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོས་མར་གྱིས་སྦྱིན་སྲེག་བརྒྱ་རྩ་བརྒྱད་དབུལ་ལོ།། ལྷག་མ་རྣམས་ལ་ནི་རང་གི་སྙིང་པོ་ཟློས་ཤིང་སྲེག་བླུགས ་བདུན་བདུན་དབུལ་ལོ།། དེ་ནས་ཡང་དཀྱིལ་འཁོར་དེ་མེ་ཏོག་དང་ལྷ་ཐམས་ཅད་ཀྱི་སྙིང་པོ་ཟློས་ཤིང་བྲིས་པའི་དཀྱིལ་འཁོར་དང་གཅིག་ཏུ་གྱུར་པར་བསམ་མོ།། དེ་ནས་ཕྱག་བཙལ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྡོམ་པ་བླངས ་ལ་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་ནས། རང་གི་སྙིང་གར་རིན་པོ་ཆེ་བསྐྱེད་ལ་ཤྭར་སྒོར་བལྟས་ཏེ་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་བདག་ཉིད་དབང་པོསྐུར་ལ་རྡོ་རྗེ་ནོར་བུའི་དམ་ཚིག་གི་ཁུ་ཚུར་གྱི་ཕྱག་རྒྱ ་བཅིངས་ཏེ། དེ་ཉིད་ཀྱི་མེ་ཏོག་གི་ཕྲེང་བ་བླངས་ལ་འཇུག་པའི་གླུ་ལེན་པའི་རྡོ་རྗེ་ནོར་བུའི་དཀྱིལ་འཁོར་དུ་འཇུག་པར་བྱའོ།། དེ་ནི་འདི་ཡིན་ཏེ། དབང་ཕྱུག་དམ་པ་དབང་བསྐུར་ཐམས་ཅད་བདག་ཉིད་ལ། མི་ཟད་གཏེར་གྱི་དམ་པ ་ལེགས་གྲུབ་མཛོད།། རྒྱལ་མཛད་ཀུན་མཆོག་རྣམ་རྒྱལ་བསྒྲེང་མཛད་པ།། རྡོ་རྗེ་རིན་ཆེན་དཔལ་མཆོག་མཆོག་བདག་མཛོད།། རིན་པོ་ཆེའི་ལྕགས་ཀྱུ་མའི་སྙིང་པོས་བདག་ཉིད་དགུག་པར་བྱའོ།། དེ་ནས་དེ་བཞིན་དུ་རིན་པོ ་ཆེའི་ཞགས་པའི་སྙིང་པོ་ཟློས་ཤིང་ལྷོ་ཕྱོགས་ཀྱི་སྒོ་ནས་འཇུག་པར་བྱའོ།། དེ་ནས་རིན་པོ་ཆེ་ལྕགས་སྒྲོག་མའི་སྙིང་པོ་ཟློས་ཤིང་ནུབ་ཕྱོགས་ཀྱི་སྒོ་ནས་འཇུག་པར་བྱའོ།། དེ་ནས་དེ་བཞིན་དུ་རིན་པོ་ཆེ་དྲིལ་བུ་མའི་སྙིང་པོ་ཟློས་ཤིང་བྱང ་ཕྱོགས་ཀྱི་སྒོ་ནས་འཇུག་པར་བྱའོ།། ཡང་ཤར་ཕྱོགས་ཀྱི་སྒོ་ནས་ཞུགས་ལ་ཨོཾ་པ་ར་མ་སུ་ཁ་ཨ་ཤེ་ཞེས་བྱ་བ་ལ་སོགས་པ་ཟློས་ཤིང་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་བྱས་ལ་དམ་ཚིག་བརྗོད་པར་བྱའོ།། ཁྱོད་ནི་ན་མཁའ་ལས ་བྱུང་བར། ཐམས་ཅད་ཀྱི་ནི་མཆོག་འགྱུར་ཡིན།། ཨོཾ་སིདྡྷྱ་མ་ཧཱ་བཛྲ་རཏྣ་བྷ་བ་ཏྲུ་ཊ་ཏྲཾ་དེ་ནས་དཀྱིལ་འཁོར་བསྐོར་བ་ལན་གསུམ་བྱས་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ།། འདོད་ཆགས་ཆེན་པོ ་བདེ་བ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ་བ།། ཡེ་ཤེས་ཆེན་པོ་ལས་ཆེ་བ།། རྡོ་རྗེ་སེམས་ཐོགས་བདག་གྲུབ་མཛོད།། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ།། ཕཿཧཱི་བཾ་ཧོཿཔྲ་སིདྡྷི་མཿདེ་ནས་རྡོ་རྗེ་ཆུ་འཐུངས་ལ་ཨ་ཞེས་ལན་བརྒྱ་ཟློས་ཤིང་བདག་ཉིད ་ལ་དབབ་པར་བྱའོ།། དེ་ནས་གཡས་པའི་ཁྲོ་བོ་ཁུ་ཚུར་གྱིས་རྡོ་རྗེ་ནོར་བུ་དྲལ་ཞིང་ཨ་ཞེས་བྱ་བ་འཕགས་པ་ན་མཁའི་སྙིང་པོ་དང་བཅས་པ་ལན་བརྒྱ་ཟློས་ཤིང་དབབ་པར་བྱའོ།། དེ་ལྟར་བདག་ཉིད་ལ་གདབབ་པ་བྱས་ནས། རང་གི ་སྙིང་པོས་མེ་ཏོག་དོར་བར་བྱའོ།། དེས་ནི་བླངས་ཏེ་ནུ་མཁའི་སྙིང་པོ་ཉིད་ཀྱིས་རང་གི་མགོ་ལ་བཅིང་བར་བྱའོ།། དེ་ནས་དེ་ཉིད་ཀྱིས་གདོད་གཡོགས་དགྲོལ་བར་བྱའོ།། དེ་ནས་དེ་ཉིད་ཟློས་ཤིང་དཀྱིལ་འཁོར་བལྟ་བར་བྱའོ།། དེ་ནས་འཇུག ་བའི་ཕྱག་རྒྱ་བཅིངས་ལ་ཏཽཥྛ་བཛྲ་ཞེས་བྱ་བ་ལ་སོགས་པ་རང་གི་སྙིང་ཀར་དགྲོལ་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་བསྒོམས་པ་དང་བཅས་པས་དཔྲལ་བར་འཇོག་པས་ལྟ་བའི་རྒྱུ་བཞིན་འཛུམ ་པ་དང་བཅས་པས་བཅོམ་ལྡན་འདས་ལ་བོལྟ་ཞིང་ཇི་སྲིད་བཅོམ་ལྡན་འདས་ཀྱིས་མཐོང་བར་སྩལ་ནས་རང་གི་དངོས་གྲུབ་ཐམས་ཅད་སྩོལ་བར་མཛད་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ།། དེ་ནས་རྡོ་རྗེ་ཐལ་མོ་བསྐོར་བ་ཤིས་པ་བརྗོད ་པའི་ཚུལ་དུ་རང་གི་སྙིང་གར་བཞག་ལ་མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་ལ་བསྟོད་པར་བྱའོ།། དེ་ནས་རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པས་གསང་བའི་མཆོད་པ་བཞིས་བཅོམ་ལྡན་འདས་ལ་ཡང་དག་པར་མཆོད་ལ། ་བདག་ཉིད་དབང་བསྒྱུར་བ་ལ་སོགས་པའི་ཆོ་གུ་ཐམས་ཅད་སྔ་མ་བཞིན་དུ་རྗེས་སྤྱད་པར་བྱའོ།། སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྫོགས་སོ།། །། དེ་ནས་སློབ་མ་འཇུག་པ་ལ་སོགས་པའི་ཆོ་གེ་འབྱུང་སྟེ། རྡོ་རྗེ་མཆོད་ཡོན་བསྐུར ་བབཅིངས་ནས་སྙིང་ནས་བསམ་པ་ཐག་པ་ཡིས།། མགོ་ཟས་ཡང་དག་ཕྱག་བྱའོ།། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་ཡིན། ཞུགས་ནས་དཀྱིལ་འཁོར་ལན་གསུམ་ནི།། བསྐོར་བ་བྱས་ནས་བརྗོད་པར་བྱ།། འདིད་ཆགས་ཆེན་པོ་བདེ་བ ་འགྲོ་བ་ཀུན་ལས་འགྲུབ་པར་མཛོད།། དེ་ནས་དུས་ཀྱི་མཆོད་པ་ཡིས།། དེ་བཞིན་གཤེགས་པ་ཡང་དག་མཆོད།། དེ་བཞིན་ཉིད་དབང་རྡོ་རྗེ་ནི།། བཟུང་སྟེ་སློབ་མ་གཞུག་པར་བྱའོ།། དེ་ནས་སློབ་མ་བསླབ་པའི་གཞི་ལྔ་འམ། དགེ་ཚུལ ་ལམ་དགེ་སློང་གི་བསླབ་པ་དང་ལྡན་པས་སློབ་དཔོན་ལ་ཕྱག་བཙལ་བ། དགའ་ཆེན་བདག་ཉིད་སྟོན་པ་པས་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ།། དེ་ནས་ནོར་བུའི་གནོད་སྦྱིན་ཡོངསུ་བཟླས་པའི་གོས་ཀྱི་སྟོད་གཡོགས་དང་སྨད ་གཡོགས་བྱས་ལ། ཡང་ནོར་བུའི་གནོད་སྦྱིན་དང་སྒོ་སྲུང་མོའི་སྙིང་པོ་བཟླས་པའི་དར་བྷི་གདོང་གཡོགས་ཏེ། མེ་ཏོགྨ་གཱི་ཕྲེང་བ་བཏགས་པ་དང་། ཁྲོ་དྲི་ཤྲིམ་པར་ཡང་བྱས་ལཱ། སློབ་པ་ཕྱག་བན་བྱེད་དུ་ཡང་གུ་ཙུག་གོ།། དེ་ནསཱ་སྠཱ་མྱཱ་བིཞིན་དུ ་རང་གི་དམ་ཚིག་འཛིན་དུ་གཞུག་གོ་དྷེ་ནཱས་དེ་བཞིན་དུ་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་དུ་བཅུག་ལ། གཡས་པའི་རིན་པོ་ཆེའི་ཁུ་ཚུར་གྱིས་རྡོ་རྗེ་རིན་པོ་ཆེ་བླངས་མོ་དེའི་སྙིང་གར་བཞག་ནས།། སློབ་མའི་སྙིང་གཱར་རྡོ་རྗེ་རིན་པོ་ཆེ་བསྐྱེད ་ནས། སུ་རཱ་ཏེ་ས་མ་ཡ་སྟྭཾ་ཧོཿབཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས་བརྗོད་པར་བྱའོ།། དེ་ནས་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ལ། ཡོན་གྱི་མཆོག་བླངས་ཏེ་འཕགས་པ་ན་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱས་དེ་འཕགས ་པ་ན་མཁའི་སྙིང་པོར་བསྐྱེད་དེ། དང་པོའི་རྡོ་རྗེས་བཛྲ་སཏྭ། བཛྲ་རཏྣ། བཛྲ་དྷརྨཱ། བཛྲ་ཀརྨ་ཞེས་བྱ་བས་བྱིན་གྱིས་བརླབས་ལ་ནོར་བུའི་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་མེ་ཏོག་དང་བཅས་པ་འཆིང་དུ་གཞུག་གོ།། དེ་ཉིད་ཀྱིས་མེ་ཏོག་གི་ཕྲེ ་བ་འཛིན་ཏུ་བཅུག་ལ་སློབ་དཔོན་འཇུག་པའི་ཆོ་ག་དང་། རྡོ་རྗེ་ཤུགས་ཀྱིས་འཇུག་པའོ།། དེ་ནས་བཅུག་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ཁྱེད་ནི་ན་མཁའ་ལས་བྱུང་བས།། ཐབས་ཀུན་གྱི་ནི་མཆོག་འགྱུར་ཡིན། ཨོཾ་སིདྡྷ་སུ་སིདྡྷ་མ་ཧཱ ་བཛྲ་རཏྣ་བྷ་བ་ཏྲཊ་ཏྲཾ་ཞེས་སྨོས་ཤིང་དེ་འཇུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་འདིར་རྗེསུ་སྤྱད་པར་བྱའོ།། དེ་ལྟར་སློབ་མ་བཅུག་ནས་དབང་བསྐུར་ཏེ། ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་བསྒྲུབ་པར་བསྒྲུབ་པར་བྱའོ།། ཞེས་བྱ ་བ་འདྲི་བརྟན་པར་བྱ་བའི་ཕྱིར། དེ་ནས་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དབང་བསྐུར་བའི་རྗེས་ཐོགས་ཉིད་ལའོ།། དེའི་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ། གང་གི་ཕྱིར་སྒྲུབ་པར་བྱེད ་པར་ཆོས་ཀྱི་ཕྱག་རྒྱ་ལ་སོགས་པ་འབྱུང་བར་མི་འགྱུར་བས་རྒྱུ་དེའི་ཕྱིར་བསྒྲུབ་པ་བབྱུང་ངོ་།། ཞེས་བྱོའོ་རྡོ་རྗེ་རིན་ཆེན་ནི་ནརྀ་མཁའི་སྙིང་པོ་སྟེ། དེའི་ཕྱག་རྒྱའི་མཆོག་ནི་དམ་བྱ་སྟེ། རྡོ་དྷཱ་རིན་ཆེན་གྱི་ཕྱག་རྒྱའི་མཆོག་ནི་དམ་པ ་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱུའི་མཆོག་དེས་དཔག་ཏུ་མེད་པ་བཟླས་པས་འགྲུབ་ཅེས་བྱའོ།། ན་མཁའ་དོང་མཉམ་པའི་ཡེ་ཤེས་ཀྱི་རང་བཞིན་ཅན་བཅོམ་ལྡན་འདས་ན་མཁའི་སྙིང་པོ་ཟློས་ཞེས་བྱ་བོ་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པ ་བོཔོས་བསྒྲུབ་པར་བྱའོ།། ཇི་སྙེད་པ་ཡིས་རབ་ཏུ་གྲུབ་ཅེས་བྱ་བ་ནི་འཕགས་པ་ན་མཁའི་སྙིང་པོའི་རྒྱན་ཇི་སྙེད་པས་རྣམ་པར་རྒྱལ་བ་ལ་རབ་ཏུ་བསྒྲུབ་པའོ།། འདི་ཡིས་ཞེས་བྱ་བ་ལ་སོགས་པོ་ནི་གོ་སླའོ།། དེ་ལྟར་ཀུན ་མཆོག་གྲུབ་པ་ཡིན་ཞེས་བྱ་བ་ནི་བཤད་མ་ཐག་པ་ཇི་ལྟར་གྲུབ་དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལུས་ཀྱི་ཕྱག་རྒྱ་སྒྲུབ་པ་རྣམས་ནི། ཆོས་ཀྱི་ཕྱག་རྒྱས་བསྒྲུབས་པས་ཀྱང་། ་ཀུན་གྱི་མཆོག་དངོས་གྲུབ་ཆེན་པོ་རྣམས་འགྲུབ་པར་འགྱུ་རོ་ཞེས་སྟོན་ཏོ།། ཕྱག་རྒྱ་ཆེན་པོ་བསྒྲུབ་པར་ཤེས་པར་བྱ་ཞེ་ན། ཕྱག་རྒྱ་བསྒྲུབ་པ་ནི་དགོའ་བའི་བྱ་བསོ།། ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ཆེན་པོ་བོསྒྲུབ་པ་ནི། རབ་ཏུ་དགའ་བའི ་སེམས་ཀྱིས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དམ་ཚིག་སྒྲུབ་པ་ཡང་དེ་བཞིན་ནོ།། ཞེས་བྱ་བ་ནི་ཇི་ལྟར་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བྱ་བའི་སེམས་ཀྱིས་བྱ་བ་དེ་བཞིན་དུ་དམ་ཚིག་གི་ཕྱག་རྒྱ་ཡང་སྒྲུབ་པ་པོ་ཞེས་བྱ་བའི་ཐ་ཚིག་གོ།། དམ་ཚིག་གི ་ཕྱག་རྒྱ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་འདོད་པའི་ཆོ་ག་ཐམས་ཅད་རྗེསུ་སྤྱོད་ལ་རིན་པོ་ཆེ་དམ་ཚིག་གི་ཁུ་ཚུར་བཅིང་བར་བྱའོ།། དེ་ནས་རང་གྲི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་བཟླས་པ་བྱའོ།། ཞེས་བྱ་བའི་ཐ་ཚིག་གོ།། དེ ་བཞིན་དུ་ཟས་གྲུབ་ན་ཞེས་བྱ་བ་ནི་དགའ་བའི་བྱེ་བ་ལས་ཀྱི་ཕྱག་རྒྱ་བཅིངས་ལྔ་བཟླས་བརྗོད་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། རབ་ཏུ་མཆོད་ཅིང་ཞེས་བྱ་བ་ནི་རིན་པོ་ཆེ་མཚོན་ཆ་མོ་ལྔ་སོགས་པའི་མཆོད་པའི་ཕྱོག་རྒྱ་བཅུ་གོཉིས་ཀྱིས་བདག་ཉིད། ་ངམ་མདུན་ན་བཞུགས་པའི་ལྷ་ལ་ཡང་དག་པར་མཆོད་དེ། དེ་རྣམས་ཡིད་ཀྱིས་བདག་གམོ་ལྷ་ལ་རྒྱུན་ཏུ་མཆོད་ཅིང་བསྒྲུབ་པར་བྱས་ཏེ། དེ་ལྟར་ལས་ཀྱི་ཕྱག་རྒྱས་དངོས་གྲུབ་ཀྱི་མཆོག་འགྲུབ་པར་འགྱུར་རོ།། སྒྲུབ་པ་ཆེན་པོའི་རྒྱུད་དོ། ་ཞེས་བྱ་བ་ནི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ།། དེའི་སྒྲུབ་པ་ནི་སྒྲུབ་པ་ཆེན་པོའོ།། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་དོ་འདིས་ནི་འདི་སྐད་སྟོན་ཏེ། གནས་དང་བདག ་བསྲུང་བ་བྱས་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་ས་དཀྱིལ་འཁོར་སྤྲུལ་ལ། ཕྱག་བྱ་བ་ལ་སོགས་པ་རང་གི་ནུས་པ་དང་། རྗེ་སུ་མཐུན་པར་བྱས་ནས་རྡོ་རྗེ་ཐལ་མོ་དང་རྡོ་རྗེ་ཐལཱ་མོ་དང་རྡོ་རྗེ་བསྡམས་པ་བཅིང་བར་བྱའོ།། དེ་ནས་རྡོ་རྗེ་བསྣམ ་པ་སྙིང་ག་རོ་དྲལ་བར་བྱའོ།། དེ་ནས་རྡོ་རྗེ་འབེབས་པ་བསྐྱེད་ལྔ་རང་གི་སྙིང་གོར་ཕྱག་རྒྱ་དགྲོལ་བར་བྱའོ།། དམ་ཚིག་གི་ཁུ་ཚུར་རྡོ་རྗེ་བཅིང་པོར་བྱའོ།། དེ་ནུས་སྡིག་པ་དྲལ་བ་བཅིངས་ལ་སྡིག་པུ་རྣམས་དྲལ་བར་བྱའོ།། དེ་ནས་རང་གི་སྙིང ་གར་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་དེའི་དབུས་སྤུ་རང་གི་སྙིང་པོ་ཡིད་ཀྱིས་བྲིས་ལ། དེ་ཉིད་ཡིད་ལ་ཟློས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ།། དེ་ནས་སྙིང་པོ་འདི་ཉིད་ན་མཁའི་ཕྱོགས་སུ་བྲིས་མ་སྩོ་ལ་དེ་དབྱངས་ཀྱི་ཡི་གེ ་བཅུ་དྲུག་དང་བཅས་པ་ལས་རང་གི་སེམས་ཟླ་བའི་རྣམ་པར་བསམ་པར་བྱའོ།། དེའི་སྟེང་དུ་དེ་ཡང་སྙིང་པོ་ཀ་ལ་སོགས་པ་དང་བཅས་པ་ལ་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམ་མོ།། ཡང་དེའི་རང་གི་སྙིང་པོ་དང་བཅས་པ་ལས ་དང་པོའི་རྡོ་རྗེ་དེ་ཉིད་རྡོ་རྗེ་རིན་ཆེན་ལ་སོགས་པ་རང་གི་ལྷའི་མཚན་མ་དེའི་དབུས་སུ་བཟླས་པར་བྱ་བའི་སྙིང་པོ་རྣམ་པར་བསམ་སྟེ། དེ་ཉིད་ཡིད་ལ་ཟློས་ཤིང་རང་གི་ལྷའི་ཕྱག་རྒྱའི་ང་རྒྱལ་བསྒོམས་ཏེ། ཕྱག་རྒྱའི་གཟུགས་ལས ་ནོར་བུའི་རིགས་ཐམས་ཅད་སྤྲུལ་ལ་དེས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ཐམས་ཅད་ནོར་བུའི་རིགས་སུ་བསྐྱེད་དེ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་ནོར་བུའི་རིགས་ཆེན་པོ་དཀྱིལ་འཁོར་དུ་བཅུག། ་ལ། དཀྱིལ་འཁོར་གྱི་ཚུལ་གྱིས་བཀོད་དེ། རང་གི་མཚན་མ་དེར་ཡིད་ཀྱིས་བཅུག་ལ། དེ་ཡང་སེམས་དཔར་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔར་བདག་ཉིད་བསམས་ལ་རྡོ་རྗེ་སེམས་དཔའ་དེ་ཉིད་དུ་རང་གི་སྙིང་པོ་ཟློས་ཤིང་རང་གི ་ལྷའི་སྐུར་བསྒོམས་ལ། མ་ཧཱ་ས་མ་ཡ་སཏྭཱ་ཧཾ་ཞེས་བརྗོད་དོ།། དེ་ནས་རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། ས་མ་ཡོ་ཧོ་ཞེས་ཀྱང་བརྗོད་དོ།། དེ་ནས་ས་མ་ཡ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་བྱ་བ་དང་། རང་གི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱི ་སྙིང་ཀ་དང་དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་དེ་བཞིན་དུ་ཡེ་ཤེས་སེམས་དཔའ་རིན་པོ་ཆེའི་ལྕགས་ཀྱུ་མ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱས་ལ་རང་གི་ལྷའི་དམ ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། རང་གི་སྙིང་པོའི་མཐར་དྲྀ་ཤྱ་ཞེས་ཟློས་ཤེས་བལྟ་བར་བྱས་ལ་སྔར་བཤད་པའི་སྤྱན་དྲང་བའི་ཕྱག་རྒྱ་རང་གི་སྙིང་པོ་དང་བཅས་པ་ས་རང་གི་ལུས་ལ་བཅུག་ལ། རང་གི་ལྷའི་དམ་ཚིག་གི་ཕྱག་རྒྱ་བཅིང ་ལ་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་། འོད་ཀྱི་དཀྱིལ་འཁོར་བསྐྱེད་ལ་ས་མ་ཡ་སྟྭཾ་ཨ་ཧཾ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་མཐར་རང་གི་སྙིང་པོ་དང་བཅས་པ་བཟླ་བར་བྱའོ།། དེ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་བཅིངས་ལོ་ཛཿཧཱུཾ་བཾ་ཧོཿ ་ཞེས་བརྗོད་ཅིང་། ཡིད་ཀྱིས་ལེགས་སོ་ཞེས་བྱ་བའི་སྦྱོར་བས་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་གསུངས་པའི་ཚུལ་གྱིས་རང་གི་ལུས་ལ་སངས་རྒྱས་ཐམས་ཅད་བཅུག་སྟེ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབས ་ནས་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོས་རྒྱས་བཏོབ་ལ་དང་པོའི་རྡོ་རྗེ་སྔ་མ་བཞིན་དུ་བྱིན་གྱིས་བརླབས་ཏེ། དབང་བསྐུར་བའི་ཕྱག་རྒྱ་རྣམས་ཀྱིས་དབང་བསྐུར་ནས་རྡོ་རྗེ་རིན་པོ་ཆེ་དང་། བདག་པོ་དང་མིང་གིས་དབང་བསྐུར་བ ་བླངས་ལ། དངོས་གྲུབ་ཀྱི་རྡོ་རྗེ་བརྟུལ་ཞུགས་བླང་བར་བྱའོ།། དེ་ནས་རིན་པོ་ཆེའི་མཚོན་ཆ་མ་ལ་སོགས་པས་གསང་བའི་མཆོད་པ་བཞིས་བདག་ཉིད་ལ་མཆོད་ལ། དེ་ཁོ་ན་ཉིད་དང་ཆོས་དང་ལས་དང་དམ་ཚིག་བཟུང་ན་ས།། ་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་བདག་པོའི་མཆོག། རྡོ་རྗེ་སྙིང་ཁྱོད་བདག་གྱུར་ཅིང་ཞེས་བརྗོད་ལ། རང་གི་ལྕེ་ལ་རྡོ་རྗེ་དཀར་པོ་བསམ་ཞིང་རང་གི་སྙིང་པོ་ཡང་རྣམ་པར་བསམ་ལ་ཡང་སྙིང་པོ་དེར་རང་གི ་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལ་བསམས་ནས་དེ་ཉིད་ཟློས་ཤིང་ཇི་སྲིད་ཟླ་བ་གཅིག་ཙམ་ལོན་པ་དེ་ཉིད་ཀྱི་བར་དུ་ཉིན་རེ་བསྒོམ་པར་བྱའོ།། དེ་ནས་རང་གི་ལྷའི་རྒྱན་དང་ཆ་ལུགས་དང་འདྲ་བར་བྱས་ལ་ཟླ་བ་གཅིག་ཙམ ་བསྒོམས་ཏེ་མཐར་མཚན་ཐོག་ཐག་བསྒོམས་ན་ནང་པར་རང་གི་ལྷའི་གཟུངས་དང་། ཇི་སྐད་དུ་བཤད་པའི་ཡོན་ཏན་རྣམས་དང་ལྡན་པར་འགྱུར་རོ།། གལ་ཏེ་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་འདོད་ན། ཇི་སྐད་དུ་བཤད་པའི་ཆོ་ག ་ཐམས་ཅད་རྗེས་སུ་སྤྱད་ལ། ཕྱག་རྒྱ་ཆེན་པོ་བཅིངས་ཏེ། རང་གི་སྙིང་གར་གནས་པའི་རྡོ་རྗེ་རིན་པོ་ཆེ་ལྔ་རང་གི་ལྷའི་སྙིང་པོ་བསམ་སུ་ལཱ། ཡིད་རབ་ཏུ་དགའ་བས་དེ་བཞིན་དུ་བྷཱ་བ་གཅིག་ཙམ་གྱི་བར་དུ་བསྒོམས་ལ། མཐར ་ཟླ་བ་ཉ་ལ་མཚན་ཐོག་ཐག་བསྒོམས་ན་ནོང་པར་སྔར་བཤད་པའི་འབྲས་བུ་ཐོབ་པར་འགྱུར་རོ།། གལ་ཏེ་དམ་ཚིག་གི་ཕྱག་རྒྱས་བསྒྲུབ་ན་ནི་དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེསུ་སྦྱང་ལ་དྲིམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། མཐར་མཚན ་ཐག་ཐག་བསྒོམས་ན་དེ་ལྟ་བུས་ནི་སྔར་བཤད་པའི་འབྲས་བུ་ཐོབ་པར་འགྱུར་རོ།། གལ་ཏེ་ལུས་ཀྱི་ཕྱག་རྒྱ་བསྒྲུབ་པར་འདོད་ན། དེ་བཞིན་དུ་ཆོ་གྲ་ཐམས་ཅད་རྗེསུ་སྦྱང་ལ། རིན་པོ་ཆེའི་མཚོན་ཆ་མོ་ལ་སོགས་པའི་མཆོད་པའི་བྱ ་རྒྱ་བཅུ་གཉིས་ཀྱི་ཡང་དག་པར་མཆོད་ནས་རང་གི་སྙིང་པོས་སྣ་ཚོགས་རྡོ་རྗེ་བསྐྱེད་ནས་དེའི་སྟེང་དུ་རང་གི་ལྷའི་ལས་ཀྱི་ཕྱག་རྒྱ་བཅིངས་ལ། ཇི་སྲིད་མཚན་མ་ཐོབ་པར་གྱུར་པ་དེ་སྲིད་ཀྱི་བར་དུ་སྔར་བཤད་པའི་ཚུལ་གྱིས་བསྒོམ ་པར་བྱའོ།། དེ་ནས་དེ་བཞིན་དུ་ཟླ་བ་ཧའི་དུས་སུ་མཚན་ཐོག་ཐག་བསྒོམ་པར་བྱའོ།། དེ་ནས་ན་དཱ་པཱདྨ་སྦྱར་བཤད་པའི་ཡོན་ཏཱནྡ་རྣམས་དང་ལྡན་པའི་རྡོ་རྗེ་སྙིང་པོ་དང་འདྲ་བར་འགྱུར་རོ།། དེ་ལྟར་སློབ་མ་གཞུག་པ་ལ་སྩོགས་པའི ་ལས་ཀྱི་ཆོ་ག་རྣམས་བསྟན་ནས་ད་ནི་དམ་ཚིག་དང་དབང་བསྐུར་བ་ཐོབ་པོ་ཉིད་ལ་སློབ་དཔོན་གྱི་ལས་རྒྱ་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ།། ཞེས་བྱ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུང ་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟོན་པར་བྱེད་པའི་ཚིག་ཡིན་ཏེ། སྔོན་དུ་བསྙེན་པ་བྱས་ནས་མཚན་ཐོག་ཐག་བཟླས་པས་ཇི་ལྟར་མངོན་པར་འདོད་པའི་དོན་བསྒྲུབ་པ་ན། གང་གི་ཚེ་འགྲུབ་པར་མ་གྱུར་པ་དེའི་ཚེ་རྗེས ་ཐོགས་ཉིད་ལ་འབྱོར་པ་ཐམས་ཅད་དགུག་པ་ལ་སོགས་པའི་ལས་འདི་དག་ཐམས་ཅད་རྣལ་འབྱོར་པས་བསྒྲུབ་པས་བྱ་བ་ཡང་ཡིན་ནོ།། གང་གི་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ། གང་གི་ཕྱིར་ལས་ཀྱི་བསྒྲུབ་པ་འདིས་འཕགས་པ་ན་མཁའི ་སྙིང་པོ་ཉིད་དུ་འགྱུར་བའི་རྒྱུ་དེས་ན་འབྱོར་པ་ཐམས་ཅད་དགུག་པ་བསྒྲུབ་པ་ལ་སོགས་པའི་ལུས་རྣམས་ཀྱི་རྒྱུན་ཏེ་རབ་འབྱམ་དག་པ་སྟེ། མཆོག་ཏུ་གྱུར་པ་རབ་ཏུ་བཤད་སྟེ། ཤད་པར་བྱའོ་ཞེས་བྱའོ།། དངོས་གྲུབ་ཆེན་པོ ་ཀུན་གྲུབ་པ། གོ་རིམ་ཇི་བཞིན་རབ་བཤད་བྱ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། འདི་ལྟ་སྟེ་ཞེས་བྱ་བ་ནི་ཉེ་བར་སྟོན་པའི་དོན་ཏོ།། འབྱོར་པ་ཐམས་ཅད་དགུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་དབང་བསྐུར་བ་ཐམས་ཅད་དགུག་པ་ནི་སྦྱོར ་བུ་ཐམས་ཅད་དགུག་པའོ།། དབང་བསྐུར་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དང་། ལྷ་མོ་ཆེན་པོ་སྤྱན་དྲང་བ་ཞེས་བྱ་བའི་ཐོ་ཚིག་གོ།། དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་བསྐུར་བའི་དབྱེ་བས་རྣམ་པ་སྣ ་ཚོགས་པ་ཡོད་པས་ན་དེའི་ཕྱིར་ཐམས་ཅད་ཅེས་བཤད་དོ།། གཞུག་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། འདི་དག་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བས་སོ་ཞེས་བྱ་བ་གསུངས་ཏེ། དེ ་ནས་འདིའི་མཚན་ཉིད་བཤད་པར་བྱ་སྟེ། རྡོ་རྗེ་ཐལ་མོ་ལས་བྱུང་བའི་རྡོ་རྗེ་རིན་པོ་ཆེ་དབང་བསྐུར་བའི་གནས་སུ་བཞུགས་པས་ན་མཁའ་ལས་ཐམས་ཅད་བསྒོམས་པས་སོ།། འདིས་ནི་འདི་སྐད་སྟོན་པ་ཡིན་ཏེ། ་བཞིན་དུ་དེ་ཁོ་ན་ཉིད་དང་། ཆོས་དང་དམ་ཚིག་བཟུང་བའི་མཐར་ཐུག་པའི་ཆོ་ག་རྣམས་རྗེསུ་སྤྱད་ལ་ཏྲཾ་ཞེས་བྱ་བ་ཟློས་ཤིང་། རྡོ་རྗེ་རིན་ཆེན་གྱིས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འབྱོར་པ་ཐམས་ཅད་དགུག་པའི་བསམ་པས ་མཛོད་སྒྲའི་གནས་གཞག་ནས་བཅོམ་ལྡན་འདས་ཀྱི་སྙིང་པོ་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་འབྱོར་པ་ཐམས་ཅད་དགུག་པ་སྒྲུབ་པའོ།། དེ་བཞིན་དུ་ཐམས་ཅད་བྱས་ལྔ་སྦྱོར་བ་ཐམས་ཅད་དགུག་པའི་བསམ་པས་བཟླས་བརྗོད ་བྱས་ཏེ། དེ་ལྟ་བུས་ནི་སྦྱོར་བ་ཐམས་ཅད་གཞུག་པ་བསྒྲུབ་བོ།། དེ་བཞིན་དུ་ཐམས་ཅད་བྱས་ལ་འབྱོར་པ་ཐམས་ཅད་བཅིང་བའི་བསམ་པས་བཟླས་ཤིང་། དེ་ལྟ་བུས་ནི་འབྱོར་པ་ཐམས་ཅད་འགྲུབ་པའོ།། དབང་དུ་བྱ་བའི ་བསམ་པ་ས་ནི་དབང་དུ་བྱེད་དོ།། དབྲོག་པའི་བསམ་པས་ནི་དབྲོག་པའོ།། ཉེ་བར་སོགས་པའི་བསམ་པས་ནི་བསགས་པའོ།། ལེན་པའི་བསམ་པས་ནི་ལེན་ཏོ།། འདྲེན་པའི་བསམ་པས་ནི་འདྲེན་ཏོ།། འགུགས་པའི ་བསམ་པས་ནི་འགུགས་སོ།། གཏོང་བའི་བསམ་པས་ནི་གཏོང་ངོ་།། འཇིག་པའི་བསམ་པས་ནི་འཇིག་གོ།། འཕེན་པའི་བསམ་པས་ནི་འཕེན་ཏོ།། འདེགས་པའི་བསམ་པས་ནི་འདེགསོ།། འབེབས་པའི་བསམ་པས་ནི་འབེབ་སོ།། ་བརྡེགས་པའི་བསམ་པས་ནི་བརྡེག་གོ།། སྦྱང་བའི་བསྡམ་པས་ནི་སྦྱང་ངོ་།། རྙེད་པའི་བསམ་པས་ནི་རྙེད་པ་སྒྲུབ་བོ།། རིན་གྱིས་གྲུབ་པའི་བསམ་པས་ནི་རིན་གྱིས་སྒྲུབ་བོ།། འཚོ་བར་བསྒྲུབ་པའི་བསམ་པས་འཚོ་བ་སྒྲུབ་བོ།། ཀུན་ཏུ ་འགྱེད་པའི་བསམ་པས་འགྱེད་པ་སྨྲའོ།། འབྱོར་པའི་བསམ་པས་ཀུན་སྒྲུབ་པའི་བསམ་པས་ནི་ཉེ་བར་དག་པར་སྒྲུབ་བོ།། བརྟན་པར་བྱ་བའི་བསམ་པས་ནི་བརྟན་པར་བྱེད་པར་སྒྲུབ་བོ།། རྡོ་རྗེར་བྱེད་པའི་བསམ་པས་ནི་རྡོ་རྗེ ་བྱེད་དོ།། འབྱོར་བ་ཐམས་ཅད་སྒྲུབ་པའི་བསྒོམ་པས་ནི་འབྱོར་པ་ཐམས་ཅད་སྒྲུབ་པའོ།། འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པའི་བསམ་པས་ནི་འབྱོར་པ་ཐམས་ཅད་ཀྱི་མཆོག་སྒྲུབ་པར་འགྱུར་རོ།། དཔལ་ཐམས་ཅད ་དགུག་པ་དང་། ཞེས་བྱ་བ་ལ་སོགས་པ་ལྷ་མོ་གཏེར་གྱི་རིན་པོ་ཆེ་ནི་དཔལ་ཏེ། དེ་ཡང་གདུལ་བྱའི་བསམ་པའི་ཁྱད་པར་གྱི་དབྱེ་བ་མཐའ་ཡས་པས་ན་དཔལ་ཐམས་ཅད་ཅེས་བྱའོ།། དེ་དགུག་པ་ལ་སོགས་པ་ནི་སྔ་མ་བཞིན ་དུའོ།། དེ་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་དཔལ་གྱིས་སོ་ཞེས་བྱ་བ་གསུངས་ཏེ་བདག་ལ་བྱིན་གྱིས་བརླབ་པ་ལོ་སོགས་པའི་ཆོ་གླུ་ཐམས་ཅད་དེ་བཞིན་དུ་རྗེ་སུ་སྤྱོད་ལ་རྡོ་རྗེ་ཐལ་མོ་ལས་བྱུང་བའི་རྡོ་རྗེ་རིན་ཆེན ་གྱི་དམ་ཚིག་གི་ཕྱག་རྒྱ་ཡི་གེ་ཏྲྀ་གིས་རང་གིས་དབང་བསྐུར་བའི་གནས་སུ་ཡང་དག་པར་བཞག་ལ། ཡང་དཔལ་ཐམས་ཅད་འགུགས་པའི་བསམ་པས་དཔལ་ཐམས་ཅད་འགུགས་པ་སྒྲུབ་པར་འགྱུར་རོ།། དཔལ ་ཐམས་ཅད་གཞུག་པའི་བསམ་པས་ནི་དཔལྔ་ཐམས་ཅད་འཇུག་པ་འགྲུབ་བོ།། འཆིང་བའི་བསམ་པས་ནི་འཆིང་བའོ།། དབང་དུ་བྱ་བའི་བསམ་པས་ནི་དབང་དུ་བྱེད་དོ།། འཕྲོག་པའི་བསམ་པས་ནི་འཕྲོག་གོ།། ཉེ་བར ་གསོག་པའི་བསམཱ་པས་ནི་ཉེ་བར་གསོག་གོ།། ལེན་པའི་བསམ་པས་ནི་ལེན་ཏོ།། འདྲེན་པའི་བསམ་པས་ནི་འདྲེན་ཏོ།། འོང་དུ་གཞུག་པའི་བསམ་པས་ནི་འོད་དུ་གཞུག་གོ།། ཁྱེར་དུ་གཞུག་པའི་བསམ་པས་ནི་ཁྱེར་དུ་གཞུག་གོ།། འཇིག ་པའི་བསམ་པས་ནི་འཇི་གོ། ཨང་སུཾ་འཇོག་པའི་བས་མ་དྨའི་ག་སུ་འཇོག། འཛུད་པའི་བསམ་པས་ནི་འཛུད་དོ།། ཀུན་ཏུ་བསྣུན་པའི་བསམ་པས་ནི་བརྡེག་གོ།། སྦྱོང་བའི་བསམ་པས་ནི་སྐྱོང་ངོ་།། རྙེད་པའི་བསམ་པས་ནི་རྙེད་པ་འགྲུབ་བོ།། ཉེ་བར་སྒྲུབ ་པའི་བསམ་པས་ནི་སྒྲུབ་བོ།། འཚོང་བའི་སྒྲུབ་པའི་བསམ་པས་ནི་འཚོང་བ་སྒྲུབ་བོ།། འགོད་པའི་བསམ་པས་ཡང་དག་པར་འགོད་དོ།། ཉེ་བར་སྦྱོར་བའི་བསམ་པས་ནི་ཉེ་བོར་སྦྱོར་རོ།། བརྟན་པར་བྱེད་པའི་བསམ་པས་ནི་བརྟན་པར་བྱེད ་དོ།། རྡོ་རྗེར་བྱ་བའི་བསམ་པས་ནི་རྡོ་རྗེར་བྱེད་དོ།། སྒྲུབ་པའི་བསམ་པས་ནི་སྒྲུབ་བོ།། མཆོག་སྒྲུབ་པའི་བསམ་པས་ནི་མཆོག་སྒྲུབ་པར་འགྱུར་རོ།། ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་དང་ཞེས་བྱ་བ་ལ་སོགས་པ་ལ་ལྷ་མ ་ནོར་བུ་ཆེན་མོ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་དོ།། དེ་ནས་དགུག་པ་ལ་སོགས་པ་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེན་ཕུན་སུམ་ཚོགས་པའོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་རྡོ་རྗེ ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་ལ་མཛོད་སྤུའི་གནས་སུ་བཞག་སྟེ། ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པའི་བསམ་པས་བཅོམ་ལྡན་འདས་ཀྱིས་སྙིང་པོ་བཟླས་པར་བྱས་ཏེ། དེ་ལྟ་བུས་ནི་ཕུན་སུམ་ཚོགས ་པ་ཐམས་ཅད་དགུག་པར་སྒྲུབ་པར་འགྱུར་རོ།། ཕུན་སུམ་ཚོགས་པ་ཐམས་ཅད་གཞུག་པའི་བསམ་པས་ནི་གཞུག་པའོ།། བཅིང་བའི་བསམ་པས་ནི་བཙང་བའོ།། དབང་དུ་བྱང་བའི་བསམ་པས་ནི ་དབང་དུ་བྱེད་དོ།། དེ་བཞིན་དུ་ཕུན་སུམ་ཚོགས་པ་ཐམས་ཅད་བདག་གི་དམ་པར་སྒྲུབ་པའི་བསམ་པས་ནི་དམ་པར་སྒྲུབ་པའི་བར་དུ་འགྱུར་རོ།། མཆོད་པ་ཐམས་ཅད་དགུག་པ་དང་ཞེས་བྱ་བ་ལ་སོགས ་བྱ་བཅོམྦུ་ལྡན་འདས་རིག་པའི་རྒྱལ་པོ་མྦ་ན་མྱེད་པའི་ལྷ་མོ་ནི་འཇིག་རྟེན་ལས་འདས་པའི་མཆོད་པ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་མཆོད་པ་ཐམས་ཅད་དེ། དེ་དགུག་པ་ལ་སོགསོ་བ་ནི་དེ་བཞིན ་ནོ།། འདི་དགེ་ཐམས་ཅད་ཇི་ལྟར་འགྱུར་ཞེ་ན། རྡོ་རྗེ་རིན་ཆེནི་མཆོད་པས་སོ།། ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཐམས་ཅད་བྱས་ལ་ཡི་གེ་ཏཱཾ་ཟློས་ཤིང་རྡོ་རྗེ་ཐལ་པོ་ལས་བྱུང་བ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས ་ནས་མཆོད་པ་ཐམས་ཅད་དགུག་པ་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུ་བསྒྲུབ་པོར་བྱའོ།། རང་གི་རྒྱལ་མཆོག་ལན་ཅིག་གྲུབ་ཅེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱའི་རང་གི་མཆོག་སྟེ། དེ་ཡང ་ཡི་གེ་ཧཱུ~ཾ་ཟློས་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཕགས་པ་ན་མཁའི་སྙིང་པོའི་ཚུལ་འཛིན་པར་མཛད་པ་རང་དབང་དུ་བྱས་ལ་འབྱོར་པ་ཐམས་ཅད་དགུག་པ་ལ་སོགས ་པའི་ལས་བརྒྱ་པ་བསྒྲུབ་པ་ལ་ངེས་པར་སྦྱར་བར་བྱའོ།། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྦྱོར་བ་དང་། དཔལ་དང་ཕུན་སུམ་ཚོགས་པ་དམ་པ་དང་། མཆོད་པ་རྣམས་ཐོབ་པར ་འདུན་པ་ནི་བསམ་པ་ཐམས་ཅད་དོ།། དེའི་རྫོགས་པ་ནཱི་མངོན་རྒྱུ་མྦྷ་དུ་བྱས་པའོ།། དེའི་དོན་གྱིས་བཅོམ་ལྡན་འདས་ན་མཁའི་སྙིང་པོ་རྡོ་རྗེ་རིན་ཆེན་རྟོག་པ་ཡང་ཡིན་ལ་ཚིག་ཡང་ཡིན ་བསོན་བསྣམ་བྱ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་རྟོག་པའི་ན་གེ་སྟེ། དེ་རྒྱུས་པ་ནི་སྒྲུབ་པ་དང་། བསྒྲུབ་པར་བྱ་བ་སྣ་ཚོགས་ཀྱི་རྐྱེན་ནོ།། དཔལ་མཆོག་དང་པོའི་རྒྱུ་ཆེར་བཤད་པ ་ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པཱ་ཐུང་ནས་བྱ་བ་ལས།། འདུགས་པ་ནུམ་སྟེད་བའི་དྷྲྀག་པའི་ཤི་བླ་རྨུགས་སོ།། ས ་ས་མཚར་མར་བྱོར་འིགྲོ་ཐོསས།། ཚེ་བས་མོར་བསགས་པའི་རྡེག་གྱིབ་མ་ལུས་ཐན།། དགེ་འདིས་དུས་བུའི་མེ་ལྕེ་ནུ་མོས་མལ་བཞིས་འ་མ་བྱང་ཆུབ་ཕྲེང་བའི་གལང་བྱས་ཅནན་རློན་གྱི་གྲོངམ་མ ་