CLOSE WINDOW

GT1338: dpal mchog dang po'i 'grel pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཤྲཱི་པ་ར་མཨཱརྱ་བི་ར་ནཱ་མ། བོད ་སྐད་དུ། དཔལ་མཆོག་དང་པའི་འགྲེལ་པ། བཅོམ་ལྡན ་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། རྡོ་རྗེ་འཛིན་པ་ཆེན་པོའི་ས།། ཐོག་མ་ཐམ ་མེད་དགེ་བ།། དཔལ་མཆོག་དང་པོའི་རྒྱུད་ལས་གསུངས།། ཆོས་ཀྱི་སྐུ་ལ་སོགས་བསྡུས་པ།། རྡོ་རྗེ་འཛིན་ཆེན་དད་པ་ཡི།། ཡང ་དང་ཡང་དུ་ཕྱག་འཚལ་ཏེ།། འགྲོ་བས་དེ་ནི་གནས་ཐོབ་ཕྱིར།། རབ་ཏུ་ཕྱེ་སྟེ་བཤད་པར་བྱ།། འདི་སྐད་བདག་གིས་ཐོས ་པ་ཞེས་བྱ་བ་ལ་སོགས་པ་ཚིག་ཉེ་བར་དགོད་པ་འདིའི་བརྗོད་པར་བྱ་བ་ནི་གང་ཞིག་ཡིན་འབྲེལ་པ་ནི་གང་ཞིག་ཡིན། དགོས་པ་ནི་ཅི་ཞིག་ཡོད། དགོས་པའི་དགོས་པ་ནི་ཅི་ཞིག་ཡིན་ཞེ ་ན། རྒྱུད་འདིའི་མིང་དཔལ་མཆོག་དང་པོ་ཞེས་བྱ་བ་ལ། དཔལ་མཆོག་དང་པོ་ནི་ཆོས་ཀྱི་སྐུ་ལ་སོགས་པའི་མཚན་ཉིད་དེ་ན་མཁའི་ཁམས་ཐམས་ཅད་ལྟར། རྟག་ཏུ་བཞུགས་པ ་སྐུ་དང་གསུང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་པ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དེའི་བརྗོད་པར་བྱ་བའི ་ངོ་བོ་ཉིད་དོ།། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཡིན་ནོ།། རྒྱུད་ཀྱིས་བརྗོད་པར་བྱ་བ་དང་། དེ་སྟོན་པར་བྱེད་པའི་མཚན་ཉིད་ནི་འབྲེལ་པ་ཡིན་ནོ།། དེ་ལྟ་བུའི ་བཅོམ་ལྡན་འདས་གདུལ་བྱ་རྣམས་འདོད་པ་བསྐྱེད་པ་ནི་དགོས་པ་ཡིན་ནོ།། འདོད་པ་བསྐྱེད་ནས་ཀྱང་། དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་འཐོབ་པར ་འགྱུར་བ་ནི། དགོས་པའི་ཡང་དགོས་པར་བཤད་པ་ཡིན་ནོ།། དེ་ལ་བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་འདོད་ཚོགས་ཀྱིས་འདོད་ཆགས་གདུལ་བར་བྱ་བའི་ཕྱིར། དམ་ཚིག་ནི་སེམས་དཔའ་ཆེན་པོར་བྱིན་གྱིས་བརླབས་པ་རྡོ་རྗེའི ་དཀྱིལ་འཁོར་ཆེན་པོའི་གསང་སྔགས་ལ་སོགས་པའི་ཚུལ་གྱིས་བཞུགས་པ་ཡིན་ནོ།། རང་བཞིན་གྱིས་བཟང་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་དཀྱིལ་འཁོར་དང་། གསོང་སྔགས་ཀྱིས་ཚུལ་གྱིས་བཅུ ་པ་ཡིན་ནོ།། ཁྲོ་བས་ཁྲོ་བ་སྤང་བར་བྱ་བའི་ཕྱིར། ཁམས་གསུམ་རྣམ་པར་རྒྱལ་བའི་ཚུལ་གྱིས་སོ།། ལོག་པར་ལྔ་བ་སྤང་བར་བྱ་བའི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་དང་སྔགས་ཀྱི་ཚུལ་གྱིས་སོ།། སེར ་སྣ་རབ་ཏུ་སྤང་བར་བྱ་བའི་ཕྱིར། བསམ་པོ་ཐམས་ཅད་ཡོང་སུ་རྫོགས་པར་བྱ་བའི་ཕྱིར། འཕགས་པ་ནམཁའི་སྙིང་པོའི་དཀྱིལ་འཁོར་དང་སྔགས་ཀྱི་ཚུ་ལ་གྱིས་སོ།། སྐུ་དང་གསུང་དང་ཐུགས་ཀྱི་མཚན་ཉིད་གཅིག་ཏུ་བྱ་བའི་ཕྱིར ་འཕགས་པ་རྡོ་རྗེ་ཁྲོ་ཚུར་གྱི་དཀྱིལ་འཁོར་གྱི་བསྔགས་ལ་སོགས་པའི་ཚུལ་གྱིས་སོ།། ཆོས་བདག་མེད་པ་དང་མ་བྲལ་ན་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་ན་ཐམས ་ཅད་འབྱོར་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་སྔགས་དང་ཚུལ་གྱིས་སོ།། དཀྱིལ་འཁོར་དུ་འཇུག་པ་མེད་པར་གསང་སྔགས་ཀྱི་ཚུལ་འགྲུབ་པར་མི་འགྱུར་རོ་ཞེས་བསྟན ་པར་བྱ་བའི་ཕྱིར། འཕགས་པ་རྡོ་རྗེའི་འཁོར་ལོའི་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ཚུལ་གྱིས་སོ།། མཆོད་པས་འགྲུབ་པར་འགྱུར་གྱི། ཚོགས་མེད་པར་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འཕགས་པ་ན་མཁའི་མཛོད་ཀྱི་དཀྱིལ ་འཁོར་དང་གསང་སྔགས་ཀྱི་ཚུལ་གྱིས་སོ།། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའི་དགེ་བའི་ཕྱོགས་རྣམས་ལ་ཕྱི་རོལ་གྱི་ལྷའི་བུ་ལ་སོགས་པའི་བདུད་རྣམས་ཆར་གཅོད་པར་ནུས་ན་འགྲུབ་པར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར། ་འཕགས་པ་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ཚུལ་གྱིས་བཞུགས་པ་ཡིན་ནོ།། དཀྱིལ་འཁོར་གཅིག་ཏུ་ཞུགས་པས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པར་འགྱུར་བར་བྱ་བའི་ཕྱིར་དང་། ཐམས་ཅད་ཀྱི་ངོ་བོ ་བདག་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བསྡུས་པའི་དཀྱིལ་འཁོར་གྱི་ཚུལ་དུ་བཞུགས་པ་ཡིན་ནོ་ཞེས་པའི་དཀྱིལ་འཁོར་དང་མ་མོ་དང་མིང་པོ་གསུམ་དང་སྲིང་མོ་བཞིའི་དཀྱིལ་འཁོར་ནི་དེ་ལ་མོས་པོའི་སེམས་ཅན་རྣམས་དགའ་བར་བྱ་བའི ་ཕྱིར། དེ་ལྟར་སྤྲུལ་པར་མཛད་ནས་དོན་གྱི་སྒོ་ནས་བསྟན་པ་ལ་འཇུག་པར་བྱ་བའི་ཕྱིར་རོ།། དེ་ལ་རྡོ་རྗེ་སེམས་དཔའ་ནི་ངོ་བོ་ཉིད་ཀྱི་སྐུ་ཡིན་ལ་དེ་ཉིད་ནི་ཆོས་ཀྱི་སྐུ་སྟེ། གཉིས་སུ་མེད་པའི་ཐུགས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་བཞིན ་གཤེགས་པའི་མཚན་དང་དཔེ་བྱད་དང་ལྡན་པ། སྐུ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་ནོ།། རྡོ་ཧཱུཾ་མཛ་དང་། རྡོ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན་ནི་སྤྲུལ་པའི་སྐུ་སྟེ། བྱ་བ་བསྒྲུབ་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ།། འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ།། འཕགས་པ་ན་མཁའི་སྙིང་པོ་དང་། ན་མཁའི་མཛོད་ནི་རྣམ་པར ་སྨིན་པའི་སྐུ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ།། འཕགས་པ་འཇམ་དཔལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་གཉིས་སུ་མེད་པར་བཞུགས་པའི་ངོ་བོ་ཉིད་ཀྱིས་ན་འདིར་གཉིས་སུ་མེད་པའི་ཐུགས་ཀྱི་མཚན ་ཉིད་ཡིན་པས། ངོ་བོ་ཉིད་ཀྱི་སྐུའི་ཁོངས་སུ་བཏོགས་སོ།། འཇིག་རྟེན་པའི་དཀྱིལ་འཁོར་རྣམས་ཀྱང་སྤྲུལ་པའི་ངོ་བོ་ཉིད་ཡིན་པས། བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའི་དབང་བསྐུར ་བས། ངོ་བོ་ཉིད་ཀྱི་སྐུ་རུ་འདོད།། རྡོ་རྗེ་རིན་ཆེན་དབང་བསྐུར་བས།། མཚན་དང་དེ་བཞིན་དཔེ་བྱད་དོ།། རྡོ་རྗེ་ཆོས་ཀྱི་དབང་བསྐུར་བས།། ལོང་རྗེས་སྤྱོད་རྫོགས་པའི་སྐུ་ཡང་ཡིན།། རྡོ་རྗེ་ལས་ཀྱི་དབང་བསྐུར་བས།། དེ་བཞིན ་སྤྲུལ་པའི་སྐུ་ཡིན་ནོ།། ཞེས་གསུངས་ཏེ། རྣམ་པར་སྣང་མཛད་ནི། སངས་རྒྱས་ཐམས་ཅད་གཅིག་ཏུ་སྡུད་པ་ཡིན་ན། ཇི་ལྟར་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དང་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ངོ་བོ་ཉིད་དུ ་རྣམ་པར་བཞག་ཅེ་ན། རྒྱུ་དང་འབྲས་བུའི་ཉེ་བར་གདགས་པའི་ཚུལ་གྱིས་དེའི་རྒྱུ་མཐུན་པ། དེ་སྐད་ཉེ་བར་བསྟན་ཏེ། གཟུགས་ཉིད་ནི་སྟོང་པའོ།། སྟོང་པ་ཉིད་ནི་གཟུགས་སོ་ཞེས་གསུངས་པས་ནཱ། ཉེས་པ་མེད་དོ།། དམ་ཚིག་གི ་ཕྱག་རྒྱའི་ངོ་བོ་ཉིད་ཀྱི་ངོ་བོ་ཉིད་དུམ་བུ་གཉིས་པ་ནི། བདེ་བ་ཆེན་པོའི་རྡོ་རྗེ་མཆོག་གི་དམ་ཚིག་དམ་པའི་དཀྱིལ་འཁོར་ཡི་གེ་བཅུ་བདུན་པའི་སྔགས་ལ་སོགས་པའི་ཚུ་ལ་ཡིན་ལ། དེ་བཞིན་དུ་དེ་བཞིན་གཤེགས་པ་དང་། རབ་ཏུ ་དགའ་བའི་རྡོ་རྗེ་དང་། ཁྲོ་བོ་དང་། འཇིག་རྟེན་དབང་ཕྱུག་དང་། ན་མཁའི་སྙིང་པོ་དང་། བསྡུས་པའི་དཀྱིལ་འཁོར་དང་། མིང་པོ་གསུམ་དང་། སྙིང་མོ་བཞི་དང་། ལྷ་དང་། ཀླུ་དང་། གསང་བའི་དཀྱིལ་འཁོར་གྱི་ཚུལ་དེ་ཉིད་ཡིན་ཏེ། ་ཡང་འདི་རྣམས་ཉིད་ཀྱི་རྟོག་པ་ལ་ལས་ཀྱི་སྒྲིབ་པའི་དབང་གིས། དུམ་བུ་དང་པོ་ལས་གསུངས་པ་མ་གྲུབ་པ་རྣམས་ལ་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་རོ།། བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་དང་། དེ་བཞིན་གཤེགས་པ་དང་། ་རྡོ་རྗེ་མེ་ལྷུར་རབ་ཏུ་འབར་བ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ན་མཁའི་སྙིང་པོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞི་ད་ང་།། ཀླུ་དང་སྡུག་བསྔལ་འདོན་པ་དང་། བསྡུས་པའི་དཀྱིལ་འཁོར་དང་། སྔགས་ལྔ་སོགས ་པིའི་ངོ་བོ་ཉིད་དེ། དེ་ཉིད་ནི་ཇི་ལྟར་མངོན་པར་འདོད་པར་འདོད་པའི་དཀྱིལ་འཁོར་དུ་ཞུགས་པ་རྣམ་ཀྱང་མྱུར་དུ་འགྲུབ་པར་འགྱུར་བ་དང་། དཔལ་རྡོ་རྗེ་སེམས་དཔའི་གསང་བ་ལྡིའི་དེ་ཁོ་ན་ཉིད་ཆེན་པོ་དམ་ཚིག་གསུམ་དང་། རྡོ་རྗེ་མེ་ལྟར ་རབ་ཏུ་འབར་བ་དང་། སྤྱན་རས་གཟིགས་དབང་ཕྱུག་དང་། ན་མཁའི་སྙིང་པོ་དང་། གསང་བའི་རས་རིས་དང་། དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ཚུལ་ཡིན་ནོ།། ཆོས་ཀྱི་ཕྱག་རྒྱའི་དོན་གྱི་ངོ་བོ་དང་། ་དངོས་གྲུབ་རྣམས་ཀྱང་མྱུར་དུ་བསྒྲུབ་པར་བྱ་བའི་ཕྱིར། སྒྲུབ་པའི་ཁྱད་པར་བསྡུས་པའི་ངོ་བོ་ཉིད་དུམ་བུ་གསུམ་པར་ཡང་བདེ་བ་ཆེན་པོ་རྡོ་རྗེ་ཆེན་པོའི་དཀྱིལ་འཁོར་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་དང་།། རྡོ་རྗེ་མེ་རབ་ཏུ་འབར་བ ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་།། ན་མཁྲིའི་སྙིང་པོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་གདོན་པ་དང་། བསྡུས་པའི་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་ཚུལ་ཡིན་ནོ།། ཡང ་གསང་བའི་དཀྱིལ་འཁོར་དང་། གསང་བལྔ་པའི་རས་རིས་ཀྱི་དཀྱིལ་འཁོར་དང་། སྡེ་བོ་བསྒྲས་དྨའི་དཀྱིལ་འིཁྱེར་གྱི་ཛིན་ཉིད་དདེ། བྱུ་པོ་སྦྱིད་ཐཱགྷྲ་པཱ་བྱ་བའི་ཕྱིར་དེས་དུ་གླེགས་པ་ཡིན་ནོ།། ལས་ཀྱི་ཕྱག་རྒྱུའི་དོན ་ཙྪག་ཧཱུ~ཾ་ཧཱུ~ཾ། རྒྱུ་ས་ན་རྫུ་བྱེ་། སྒྱུམས་ང་། ་རྗོན་པ་ན་སུ་རྒྱུ་ཆུ་གི་ཅིགས་དབབ་ང་། པནི་ན་ཀྱི་ད་། མང་པོ་གསུ་ཇུན། སྲིང་མི་བཞི་ང་། སྲུང་སྡུག་བསྔལ་གདན་པ་དང་། བས་པའི་དཀྱིལ་ལའི་དང་། བསྔགས ་སོགས་པའི་དབཏང་དང་། གསང་བའི་རིས་དང་། དཀྱིལ་འཁོར་ལྔ་བ་མྱུར་དུ་འགྲུབ་པའི་ཕྱིར། བསྒྲུབ་པའི་ཁྱད་པར་ཟད་ཀྱི་བཞུགས་པ་ཡིན་ན།། ཛ་བ་ཉིད་དང་རྣམ་པར་སྨིན་པ་དང་། ལོངས་སྤྱང་རྫུགས་པ་དང་། སྤྲུལ་པའི་སྐུར་རྣམྦྷ། ་པར་བཞག་པ་ནི། ཐམས་ཅད་དུ་ལྡུ་མ་ཁོ་ན་བཞིན་དུ་ལྟ་བར་བྱེའོ།། ངནི་སོང་གསུམ་དྲང་མ་དང་། འདོད་པའི་ན་སྤྱོད་པའི་ལཱྀ་དང་། གཟུགས་ན་སྤྱོད་པའི་ལྷ་རྣམས་རྣམ་པར་སྦྱོང་བར་བྱ་བའི་ཕྱིར། དུམ་དུ་ཙ་ནཾ་ལས་བཤད་པའི ་བསྒོམ་པ་འགྲོ་བ་ཐམས་ཅད་ཁྱད་པ་བྱེད་པ་སྔགས་བྱ་རྣམས་ཀྱིས་བྱའོ།། ཞེས་བསྟན་པའི་ཕྱིར། དུམ་དུ་བཞི་བསྟན་པ་ཡིན་ནོ་ཞེས་གཞན་དག་འཚོང་ངོ་དོ།། ཚུལ་འདི་ནི་རིགས་པའི་ཚུལ་ཡིན་ཏེ། རྒྱ་ཆེ་བ་ལ་སྲེད་པ་རྣམས་ནི ་སྤྲོས་པའི་ཡེ་ཤེས་ནས་བརྩམས་པ་ནི་དུམ་བུ་དེང་ཟེའོ།། བསྒྲུབ་པའི་ཁྱད་པར་ཅུང་ཟད་གཅིག་བསྟན་པོའི་སྒོ་ནིསུ་ཡང་དག་པར་སྟོན་པ་ནི་དུམ་བུ་གཉིས་པའོ།། དོན་གསལ་བར་བྱ་བ་ནི་དུམ་བུ་གསུམ་པར་སྟོན་ཏོ།། དུམ་བུ་གསུམ་པའི ་འདོད་པའི་དོན་ནི་དུམ་བུ་བཞི་པར་སྟོན་ཏེ། ཡང་དང་ཡང་དུ་དུམ་བུ་གཞན་གྱིས་དེའི་དོན་ཡང་དག་པར་མཚོན་པའི་ཕྱིར་རོ།། འདི་ཉིད་དུ་བཅོམ་ལྡན་འདས་ཉིད་ཀྱིས། དོན་འདི་ཉིད་ཡོངས་སུ་བཟུང་བར་མཛད་ནས། སླར་ཡང ་འདིར་སྟོན་པར་མཛད་ཅིང་། སྙིང་པོ་གསུངས་པར་གྱུར་པ་ནི། ཡང་དང་ཡང་བསྟན་པས་ཐེ་ཚོམ་དང་བྲལ་བ་ལ་རབ་ཏུ་འཇུག་ཅིང་། ཇི་ལྟར་མངོན་པར་འདོད་པ་འགྲུབ་པར་འགྱུར་བ་ཡིན་ནོ།། དེ་ཡང་སངས་རྒྱས་བྱང་ཆུབ་སེམས ་དཔའ་དག། ཡང་དང་ཡང་དུ་ལེགས་གསུངས་པ།། གསང་སྔགས་དེ་ལ་དམ་པ་མཆོག། ཟློས་པ་པོ་ན་འགྲུབ་པར་འགྱུར།། ཞེས་གསུངས་པ་དང་། འཇིག་རྟེན་པའི་བསྟན་བཅོས་ལ་ཡང་ཚུལ་འདི ་སྣང་སྟེ་ཆོ་ག་དེ་ཉིད་ཀྱིས་རང་གི་བློ་མཚན་ཉིད་གང་ལ་སྤྲོས་པར་བྱས་པར་འགྱུར་རོ།། དེ་བསེ་ན་འདིར་ཟློས་པའི་ཉེས་པའི་རྟོག་པ་མི་བྱའོ།། དེ་ལ་འདིར་བསྒྲུབ་པའི་ཁྱད་པར་ཅུང་ཟད་ཅིག་ཡོད་པ་འདི་ལྟ་སྟེ། དཀྱིལ་འཁོར་དང ་སྔགས་དང་། ཕྱག་རྒྱའི་ཁྱད་པར་ནི་དུམ་བུ་གསུམ་པར། ལྷ་མོ་བཞི་དང་ཡང་དག་པར་འདུས་པ་ལ་སོགས་པ་གསང་བའི་དཀྱིལ་འཁོར་ལྔ་པ་དང་། གཉིས་པོ་མ་ཧཱ་སུ་ཁ་ཞེས་བྱ་བ་ལ་སོགས་པ་སྤྱན་འདྲེན་པའི་སྔགས ་དང་། གསུམ་པོ་དང་བཞི་པོར་ཧཱུཾ་མ་ཧཱ་སུཾ་ཁ་ཞེས་བྱ་བ་ལ་སོགས་པ་དང་། གཉིས་པར་ཨོཾ་ཞེས་བྱ་བ་ལ་སོགས་བུམ་པའི་སྔགས་དང་གསུམ་པ་དང་། བཞི་པ་ཡི་གེ་ཧཱུ~ཾ་ཞེས་བྱ་བ་ལྀ་སོགས་པ་དང་། དེ་བཞིན་དུ་ཨོཾ་མ ་དྷུ་བིཛྲི་ཞེས་བྱ་བ་ལ་སོགས་པ་མཆོད་པའི་ལྷ་མོ་རྣམས་ཀྱི་སྔགས་དང་། ཡང་གསང་བའི་དཀྱིལ་འཁོར་དེ་ཁོ་ན་ཉིད་ཀྱིས་སྤྱན་དྲང་བའོ།། དེ་བཞིན་དུ་གཞན་དག་ཀྱང་རྒྱུད་ཀྱི་ནང་དུ་བལྟ་བར་བྱའོ།། དེ་ལྟར་ན་དུམ་བུ་དང ་བོར་ནི་དཀྱིལ་འཁོར་བཅོ་ལྔའོ།། གཉིས་པ་ནི་རྡོ་རྗེ་གསང་བའི་ཆོ་ག་དང་བཅས་པ་ཉི་ཤུ་རྩ་བདུན་ནོ།། གསུམ་པ་ནི་ཉི་ཤུ་རྩ་གཅིག་པོ།། བཞི་པ་ནི་དཀྱིལ་འཁོར་བཅོ་ལྔ་སྟེ། སྤྱིར་བསྡུས་ན་དཀྱིལ་འཁོར་བདུན་ཅུ་རྩ་བརྒྱད ་དུ་འགྱུར་རོ།། དེ་ནས་འདི་རྣམས་ཀྱི་གཞི་དང་དབྱིབས་ཀྱི་ཁྱད་པར་མདོར་བསྡུས་ནས་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། དེ་ལ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་བྱིན་གྱིས་བརླབས་པ་རྡོ་རྗེའི་དཀྱིལ་འཁོར་ཆེན་པོ་ནི་ཟུར་བཞི་ལ་སོགས ་པའི་གཟུགས་ཅན་ཏེ། དེའི་ནང་དུ་ཕྱིའི་དཀྱིལ་འཁོར་བཞི་ཟུར་པ་ལ་སྒོ་བཞི་པའི་དཀྱིལ་འཁོར་དེའི་ཕྱེད་ཀྱི་ཆེད་ལ་ཀ་ཁ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ཕྱི་རོལ་ནས་རྡོ་རྗེ་ཕྲེང་བ་ཟླུམ་པོས་ཡོངས་སུ་བསྐོར་བར་གནས་ལ། ་ལྷ་ཐམས་ཅད་ཀྱི་ས་གནས་སུ་སྡོང་བུ་དང་བཅས་པའི་སྣ་ཚོགས་པདྨའི་གདན་བྱས་ལ། དེའི་དབུས་སུ་སེམས་དཔའོ།། མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བ། གཡས་སུ་རྡོ་རྗེ་ཀི་ལི་ཀི་ལི། རྒྱབ་ཏུ་རྡོ་རྗེ་དྲན་པ་གཡོན་དུ་རྡོ་རྗེ་སེམས་པའོ།། མེའི ་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་སྦྲང་རྩི་བདེན་བྲལ་གྱི་ཕྱོགས་སུ་རྡོ་རྗེ་སྤྲིན། རླུང་གི་ཕྱོགས་སུ་རྡོ་རྗེ་སྟོན། དབང་ལྡན་གྱི་ཕྱོགས་ཀྱི་རིའུ་རྒྱ་ལ་རྡོ་རྗེ་དགུན་ནོ།། དཀྱིལ་འཁོར་འདིའི་རྒྱུ་བ་རྡོ་རྗེ་སྲེད་བུའི་ནང་གི་ཤྭར་ཕྱོགས་སུ་མི་བསྐྱོད་པ་གཡས ་དང་གཡོན་ལོགས་ན་ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་འཁོར་དུ་བཞུགས་པའོ།། ལྷོ་ཕྱོགས་སུ་རིན་ཆེནི་འབྱུང་ལྡན་ན་མཁའི་སྙིང་པོ་དང་། ནམ་པའི་མཛོད་ཀྱིས་འཁོར་གྱིས་བསྐོར་བའོ།། ནུབ་ཀྱི་ཕྱོགས་སུ་འོད་དཔག་མེད་པ ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བས་འཁོར་དུ་བྱས་པའོ།། བྱང་གི་ཕྱོགས་སུ་དོན་ཡོད་པར་གྲུབ་པ་རྡོརྗེ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན་གྱིས་འཁོར་དུ་བསྐོར་བའོ།། ་ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་སྒེག་མོ་དང་བཞད་པ་མོ་དང་། གླུ་མཁན་མ་དང་གར་མཁན་མ3། ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་གཟུགས་ལ་སོགས་པའི ་ཕྱག་རྒྱ་ཕྱག་ན་བསྣམས་པའོ།། ཤར་ཕྱོགས་ཀྱི་ཕྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་འཇིག་རྟེན་པའི་ལྷ་ཕྱེད་ལངས་པ། འདོད་པའི་ལྷལྔ་ཚངས་པ། ཁྱབ་འཇུག། ཀནྟི་ཀ། དབང་པོ་དྲག་པོ་ཆུང་མ་དང་བཅས་པའོ།། ལྷོ་ཕྱོགསུ ་ཉི་མ། ཟླ་བ། སྤེན་པ། མིག་དམར་ཆུང་མ་དང་བཅས་པའོ།། ནུབ་ཀྱི་ཕྱོགས་སུ་གཏུན་བ་ན་དང་། རླུང་དང་། མེ་དང་། ལུས་ངན་པོ་ཆུང་མ་དང་བཅས་པའོ།། བྱང་གི་ཕྱོགས་སུ་ཕག་དང་། གཤིན་རྗེ་དང་། ལག་འདྲེན ་དང་། དབང་པོ་ཆུ་ལྷ། ཆུང་མ་དང་བཅས་པར་གནས་པའོ།། སྒོ་རྣམས་སུ་ནི་སྟོབས་བཟང་དང་། སྦྲང་རྩི་ཅན་དང་། རྒྱལ་བ་དང་རྒྱལྔ་པ་ཐོབ་པ་ཆུང་མ་དང་བཅས་པའོ།། ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་པའི་དཀྱིལ་འཁོར་དང ་འདྲ་བ་ལས་དེའི་ནང་དུ་བཞི་ཆ་བྱའི་ཚད་ལ་ཀ་པཱ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ཟླུམ་པོ་དཀྱིལ་འཁོར་དེའི་ཉིས་འགྱུར་ནི་གཉིས་པའོ།། དེའི་ཕྱི་རོལ་ཏུ་དེའི་སུམ་འགྱུར་ནི་གསུམ་པ་སྟེ། དེ་ནི་འཁོར་གྱི་དཀྱིལ་འཁོར་རོ།། ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པའི་པདྨའི་སྟན་རྣམ་པར་བཞག་པ་ལ། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཇེད་སྤྲུལ་པའི་སྐུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། སངས་རྒྱས་ཀྱི་སྐུ་གཟུགས་བརྒྱད་ཀྱིས ་ཡོངས་སུ་བསྐོར་བའོ།། གཉིས་པ་དཀྱིལ་འཁོར་ཟླུམ་པོའི་ནང་དུ་ཤར་ཕྱོགས་ནས་བརྩམས་ཏེ། མི་བསྐྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཉིས་ཀྱི་དབུས་སུ་བཞུགས་པར་བྱའོ།། གསུམ་པའི་ཟླུམ་པོའི་ནང་དུ་ཤར་གྱི་ཕྱོགས་སུ་ཕྱག་ན་རྡོ་རྗེ ་དེ་བཞིན་དུ་མེ་ལ་སོགས་པའི་ཕྱོགས་མཚམས་རྣམས་སུ་འཇམ་དཔལ་དང་། ན་མཁའི་མཛོད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན ་དེར་བཞུགས་པར་བྱའོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་སྒེག་མོ་དང་། བཞད་མ་དང་། གླུ་མཁན་མ་དང་གར་མཁན་མའོ།། སྒོ་རྣམས་སུ་ནི་བུམ་པ་བཞི་བྱའོ།། ཡང་ཤར་ཕྱོགས་ཀྱི་སྒོར་དུ་ར་ས་དང་བཅས་པའོ།། ལྷོར་ནི་དབྱིག་དང ་གསེར་དང་རིན་པོ་ཆེ་དང་། གོས་ཀྱིས་བརྒྱན་པའི་སྣོད་རོ་དྲུག་གིས་ཡོངས་སུ་གང་བའོ།། ནུབ་ཏུ་ནི་སྟན་ཤིན་ཏུ་འཇམ་པོའོ།། བྱང་དུ་ནི་སངས་རྒྱས་ཀྱི་སྐུ་གཟུགས་རྣམ་པར་བཞག་པར་བྱའོ།། ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་དཀྱིལ ་འཁོར་དང་འདྲ་བ་ལས་དེའི་ནང་དུ་དེའི་ཕྱེད་ཀྱི་ཚེ་དེ་ཟླུམ་པ་རྡོ་རྗེ་ཐིག་གིས་བསྐོར་བ། དཱིཀྱིལ་འཁོར་བརྒྱད་པ་ལྟ་བུ། འབར་བའི་ཕྲེང་བ་ཡོངས་སུ་འཁྲུག་པས་ཁྱབ་པའོ།། དེ་ལྟར་ལྷོ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ ་དབུས་སུ་རྡོ་རྗེ་ཧཱུ~ཾ་མཛད་དའི་སྤྱན་སྔར་གཡས་བརྐྱང་པོས་བཞུགས་ཏེ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བསྣམས་པ། གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་སྡིགས་མཛུབ་མཛད་པར་བརྩམས་པའོ།། གཡས་སུ་ནི་ལྕགས་ཀྱུ་བསྣམས་པའོ།། ་རྒྱབ་ཏུ་རལ་གྲི་བསྣམས་པའོ།། གཡོན་དུ་ནི་ཞགས་པ་བསྣམས་པའོ།། མེ་ལ་སོགས་པའི་མཚམས་རྣམས་སུ་ནི་དབྱུག་པ་དང་། ཁ་ཊ་ག་དང་། གྲི་གུག་དང་། ཆུ་གྲི་བསྣམས་པའི་ཁྲོ་བོ་རྣམས་སོ།། ་ཕྱིའི་དཀྱིལ་འཁོར་གྱི་མཆིམས། སུཾ་ནི་སྒེག་མོ་ལ་སོགས་པའོ།། ནང་གི་སྣམ་བུ་དེ་ཉིད་ལ་ལྷ་ལ་སོགས་པ་ལས་དབང་ཕྱུག་ཆེན་པོ་ཆུང་མ་དང་བཅས་པ་སྟོན་ལ་རྡོ་རྗེ་སེམས་ད་པའི་དཀྱིལ་འཁོར་གྱི་ཚུལ་གྱིས་རང་རང་གི་ཕྱོགས་སུ་གནས་པར་བྱའོ།། ་ཤར་གྱི་སྒོར་ནི་མངའ་དང་གཞུའོ།། ལྷོར་ནི་རལ་གྲིའོ།། ནུབ་ནི་འཁོར་ལོའོ།། བྱང་དུ་ནི་མདུང་བསྒྲེང་ནས་གནས་པར་བྱའོ།། ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ཕྱེད་ཀྱི་ཚད་ལ་མཚམས་སྒོ་ལ་མངོན་པར་ཕྱོ་ཌ ་པ་གཉིས་ཏེ། ཀ་བ་བརྒྱད་ཀྱི་ཚུལ་དང་པདྨ་འདབ་མ་བརྒྱད་པས་བརྒྱན་པ་ལ་ལྷོ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདོན་ལ་དེའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ། དེའི་སྤྱན་སྔ་ནས་བརྩམས་ཏེ། ་པདྨ་རཱ་ག་དང་། གཏུམ་པའི་དབང་ཕྱུག་དང་། པདྨ་ཆེན་པོ་དང་པདྨ་ནག་པོ་དང་།། མི་མཇེད་ཀྱི་བདག་པོ་རྣམས་སོ།། མི་ལ་སོགས་པའི་འདབ་མ་རྣམས་ལེ་པདྨ་ཆེན་པོ་ས་འཛིན་དང་། ས་འཛིན་དང་། རྒྱ་མཚོ་དང་། ཉི་མ་དང་། རླུང་རྣམས ་ཞེམས་ནས་བསྒོ་བའི་ཚུལ་ངུ་བཞིན་ནོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་དབུམ་ཆེན་མོ་དང་། དཀར་མོ་དང་། སེར་མོ་དང་། དཀྱིལ་འཁོར་ལ་གནས་པ་རྣམས་ཏེ། གཱི་དཱི། བྷྲྀ། དྷཱི། ཞེས་བྱ་བ་རྣམས་སོ། ་ཤར་ཕྱོགས་ཀྱི་སྦྱོར་ནི་བུད་མེད་ཀྱི་གཟུགས་ཅན་ནོ།། ལྷོར་ནི་སྦྲུལ་ལོ།། ནུབ་ཏུ་ནི་ཕག་གོ།། བྱང་དུ་ནི་པདྨའི་གཟུགས་ཅན་ཡང་དག་པར་དགོས་པར་བྱའོ།། ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ།། དེའི་ཕྱེད་ཀྱིས་ནང་དུ་ནོར་བུ་རིན་པོ་ཆེ་ཟུ་རུ ་བརྒྱད་པ་རིན་པོ་ཆེའི་ཀ་བ་བརྒྱད་དང་ལྡན་པ། རིན་པོ་ཆེའི་ལྷ་ག་མས་ཡོངས་སུ་བསྐོར་བ། རྡོ་རྗེ་རིན་པོ་ཆེའི་ར་བས་བསྐོར་བ། མེ་ཏོག་གི་ཆུ་ན་འཕྱང་དང་། དར་དང་གདུགས་དང་། རྔ་ཡབ་ཀྱིས་ཉེ་བར་མཛེས་པར་གནས་པར་བྱའོ།། དེའི ་དེའི་དབུས་སུ་བཅོམ་ལྡན་འདས་ན་མཁའི་སྙིང་པོ་རྟ་དང་ལྡན་པའི་ཤིང་རྟ་ལ་ཆིབས་པས་བཞུགས་པའོ།། དེའི་མདུན་དུ་སྣ་ཚོགས་པདྨས་དབང་བསྐུར་པའི་རིན་ཚན་རྡོ་རྗེ་རིན་པོ་ཆེའི་ཅོད་པན་ཐོགས་པའོ།། གཡས་སུ་རིན་ཆེན་ནོརོ་སྦྱིན་གཏེར ་གྱི་བུམ་པ་ཕྱག་ན་བསྣམས་པའོ།། རྒྱབ་ཏུ་རིན་ཆེན་ཕྱག་ན་གླེགས་བམ་བསྣམས་པའོ།། གཡོན་དུ་རོའི་སྣོད་ཕྱག་ན་བསྣམས་པའོ།། མེ་ལ་སོགས་པའི་མཚམས་སུ་ནི་རིན་པོ་ཆེའི་གདུགས་དང་། རྒྱལ་མཚན་དང་། རྔ་བོ་ཆེ་དང་། ་རིན་པོ་ཆེའི་སྲོག་ཤིང་ཕྱག་ན་བསྣམས་པའི་ལྷ་མོ་རྣམས་བྱའོ།། ཕྱི་རོལ་གྱི་མཚམ་རྡྷ་སུ་ནི་བུམ་པ་དགང་བ་བཞིག་པར་བྱའོ།། ཤར་ཕྱོགས་ཀྱི་སྒོར་ནི་རིན་པོ་ཆེའི་ཅོད་པན་ནོ།། ལྷོར་ནི་གཏེར་གྱི་བུམ་པའོ།། ནུབ་ཏུ་ནི་རྒྱལ་མ་ཚན་ནོ།། བྱང ་དུ་ནི་རིའི་སྣོད་ངོ་།། ཕྱི་རོལ་དུ་ནི་རྒྱལ་མཚན་དང་བ་དན་ལོ་སོགས་པ་གནས་པར་བྱའོ།། ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ།། དེའི་ཕྱེད་ཀྱིས་དེའི་ནང་དུ་རྡོ་རྗེ་ཐིག་ཟླུམ་པོས་བསྐོར་བར་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ། ལྷ ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གང་ན་བྱས་པ་ཏེ། དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་རོ།། དེའི་མདུན་དུ་ནི་རྡོ་རྗེ་སྐུ་མཆོག་གོ།། གཡས་སུ་རྡོ་རྗེ་ལྗགས་སོ།། རྒྱབ་ཏུ་ནི་ཏིང་ངེ་འཛིན་རྡོ་རྗེའོ།། ་གཡོན་དུ་ནི་རྡོ་རྗེའོ།། མེ་ལ་སོགས་པའི་མཚམས་སུ་ནི་ཕྱག་རྒྱའི་དོན་དང་། ཡེ་ཤེས་དང་ལས་དང་། ཁུ་ཚུར་བཟང་མོ་ཞེས་བྱ་བའི་མཆི་བའི་ལྷ་མོ་རྣམས་སོ།། ཕྱིའི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ།། ཤར་ཕྱོགས་ཀྱི་སྒོར ་ནི་རྡོ་རྗེ་སྙེམས་མེའོ།། ལྷོར་ནི་རྡོ་རྗེ་ལྗགས་མའོ།། ནུབ་ཏུ་ནི་ཏིང་ངེ་འཛིན་རྡོ་རྗེ་མའོ།། བྱང་དུ་ནི་རྡོ་རྗེ་རྡོ་རྗེ་མའི་ཞེས་བྱ་བའི་ལྷ་མོ་ཡང་དག་པར་གནས་སོ།། ཕྱིའི་དཀྱིལ་འཁོར་ནི་སྔ་མ་དང་འདྲའོ།། དེའི་ནང་དུ་ནི་དེའི་ཕྱེད་ཀྱི་འཁོར་ལོ་རྩིབས་བརྒྱད ་པ། དཀྱིལ་འཁོར་བརྒྱད་པ་འདྲ་བའི་ཚུལ་ལ། འཁོར་ལོའི་སྟེང་དུ་ཤར་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཨ་ལ་སོགས་པའི་ཡི་གེ་ཕྲེང་བཞིར་མཐར་ཐུག་པའི་བར་དུ་བྲི་བར་བྱའོ།། དེ་ནི་འདིར་ཨ་ར་པ་ཙ་ན་ཞེས་བྱ་སྟེ། ་འདོད་པ་ཐམས་ཅད་ཐོབ་པར་བྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་ཨ་ནི་འདོད་པོ་ཞེས་བཤད་དོ།། ཡི་གེར་ནི་ཆགས་པ་ཞེས་བཤད་དོ།། ཡི་གེ་བ་ནི་དོན་དམ་པ་ཞེས་བཤད་དོ།། ཡི་གེ་ཙ་ནི་སྤྱོད་པ་ཞེས་བཤད་དོ།། ན་ཞེས་བྱ་བ་ནི་དངོས་པོ ་མེད་པ་ཞེས་བཤད་དོ།། འདོད་པ་དང་ཆགས་པ་དང་དོན་དམ་པ་དང་སྤྱོད་པ་དང་། དངོས་པོ་མེད་པ་ཉིད་དོ།། དེ་ལྟར་འདི་བསྒོམས་ནས་སྙིང་པོ་བསྒྲུབས་པས་འདོད་པ་ཐམས་ཅད་འཐོབ་པར་འགྱུར་རོ།། འདོད་པ་ཐམས་ཅད་ནི་དེ་བཞིན་ག ་པ་བསྐྱེད་པ་སྟེ། དེ་ནས་སྙིང་པོ་འདིས་དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་འཛིན་པ་ཉིད་མྱུར་དུ་འཐོབ་པར་འགྱུ་རོ།། དེ་ལ་ལྷ་ཐམས་ཅད་ཀྱི་གནས་སུ་ནི་སྣ་ཚོགས་པདྨ་ཡང་དག་པར་གནས་པ་ལ་འཁོར་ལོའི་ལྟེ་བར་བཅོམ་ལྡན་འདས་འཇམ་དཔལ ་ལོ།། དེའི་ངོས་རྣམས་སུ་དེ་བཞིན་གཤེགས་པའི་སྤྲུལ་པའི་གཟུགས་བརྒྱད་བྱའོ།། ཕྱི་རོལ་གྱི་མཚམས་རྣམས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲོགས་བམ་བཞི་བཞག་པར་བྱའོ།། ཤྭ་ར་ལ་སོགས་པའི་སྒོ་རྣམས་སུ་རལ་གྱི་དང་མདུད་དང་། ་ཐུང་དང་། ལྷུང་བཟེད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བྱོ་མ་བཞག་པར་བྱའོ།། ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཆུ་ལ་ཇི་ལྟ་བ་དང་འདྲ་བ་དེའི་ནང་དུ་དེའི་ཕྱེད་ཀྱིས་རྡོ་རྗེའི་ཐིག་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས ་བུར་བྱའོ།། ཐམས་ཅད་ཀྱི་གནས་སུ་ནི་སྣ་ཚོགས་པོདྷིའི་གདན་བྱའོ།། དེའི་དབུས་སུ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ།། ཕྱོགས་དང་མཚམས་རྣམས་སུ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པའོ།། ཕྱིའི་མཚམས་ཀྱི་ནང ་གི་མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་ནས་བསྐོར་ཏེ། ཞི་བ་མདུང་གིས་མཚན་པ་དང་། མོ་མོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞིའུ་དཀྱིལ་འཁོར་གནས་པར་བྱའོ།། ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་སེམས ་དཔའ་དང་། རྡོ་རྗེ་ཧཱུཾ་མཛད་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ན་མཁའི་སྙིང་པོ་ཡང་དག་པར་བཞག་པར་བྱའོ།། ནམ་པའི་མཇེད་ཀྱི་དཀྱིལ་འཁོར་ཐམས་ཅད་ནི་ན་མཁའི་སྙིང་པོའི་དཀྱིལ་འཁོར་དང་འདྲ་བ་ལས ་མཚམས་སུ་ནི་སྒེག་མོ་ལ་སོགས་པ་བཞག་པར་བྱའོ།། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་ལ་དབུས་སུ་ན་མཁའི་མཛོད་སྣ་ཚོགས་རྡོ་རྗེ་བསྣམསས་པའོ།། ཕྱོགས་དང་མཚམས་རྣམས ་སུ་ཕྱག་ན་རྡོ་རྗེ་ལ་སོགས་པ་རང་གི་མཚན་མ་བསྣམས་པ་བྱའོ།། ཕྱིའི་མཚམས་སུ་ནཽ་མེ་ཏོག་དང་། བདུག་སྤོས་དང་། མྱུར་མོ་དང་། བྱུག་པ་མའི་ལྷ་མོ་རྣམས་སོ།། ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་དོང་ཚེ་དང་གཽསེར་དང་མུ་ཏིག་བཞག ་པར་བྱའོ།། ཕྱིའི་དཀྱིལ་འཁོར་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་དེའི་ནང་དུ་དེའི་ཕྱེད་ཀྱི་ཚད་ཀྱི་ཕྱིའི་དཀྱོར་གཉི་ས་ཀྟོ་ཟུར་བཞི་པ་ལཾ་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའོ།། ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས ་པདྨོའི་གདན་ལྷོ་འབར་བའི་དཀྱིལ་འཁོར་གྱིས་བརྒྱན་པར་བྱས་ལ། དཀྱིལ་འཁོར་དབུས་མོའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ནོ།། ཕྱོགས་དང་མཚམས་རྣམས་སུ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་སོགས ་པ་བརྒྱད་པ་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ཅན་ནོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་རྡོ་རྗེ་མཆི་བའི་ཕྱག་རྒྱ་རྣམས་སོ།། སྒོ་རྣམས་སུ་ནི་རྩེ་ལྔ་པའི་ཁྲོ་བོ་རྣམ་རྡོ་རྗེ་བསྣམས་པའི་ཕྱག་ན་རྡོ་རྗེ་བཞག་པར་བྱའོ།། དཀྱིལ་འཁོར་ཐམས ་ཅད་ཀྱི་ཕྱི་དང་ནང་དུ་བཅས་པ་དང་པའི་དཀྱིལ་འཁོར་དང་འདྲ་བས་གནས་པ་ལས་ངོའི་དབུས་མའི་རིའུ་ཆ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ།། ཤེར་གྱི་རེའུ་ཆ་ལ་སོགས་པ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དང་། ན་མཁའི་སྙིང་པོ་དང་། འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་རྣམས་ཏེ། ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་སུ་བྱའོ།། མེ་ལྔ་སོགས་པའི་མཚམས་རྣམས་སུ་ནི་འཕགས་པ་འཇམ་དཔལ་དང་སེམས་བསྐྱེད་མ་ཐག་ཏུ་ཆོས ་ཀྱི་འཁོར་ལོ་བསྐོར་བ་དང་། ན་མཁྲིའི་མཛོད་དང་། རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་རྣམས་མཚ་མ་སོ་སུ་གནས་པ་རེ་བྱོའོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་ཞི་བ་མདུང་གིས་མཚན་པ་དང་། མ་མོ་དང་། ་མིང་པོ་གསུམ་དང་། སྲིང་མོ་བཞིའི་དཀྱིལ་འཁོར་སྔ་མ་བཞིན་དུ་བྱའོ།། ཕྱིའི་ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་སེམ་སཽ་དཔའ་དང་། རྡོ་རྗེ་ཧཱུཾ་མཛད་དང་། འཕགས་པ་སྤྱ་ནི་རེས་གཟིགས་དབང་ཕྱུག་དང་། ནེ་མཁའི ་སྙིང་པོའི་རིགས་བཞིའི་མཚན་མའི་ངོ་བོ་ཉིད་དུ་གནས་པར་བྱའོ།། སི་མོས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དཀྱིལ་འཁོར་དུ་རིགས་བཞིའི་མཚན་མ་དེ་ཉིད་ཡིན་པར་བསྟན་པས་ན། འདིར་སོམ་ཉི་མི་བྱའོ།། བསྡུས ་པའི་དཀྱིལ་འཁོར་རོ།། དཀྱིལ་འཁོར་ཀུན་ནས་ཟླུམ་པོ་རོམ་པ་གསུཾ་པོ་ལ་དཀྱིལ་འཁོར་དབུས་མའི་རིམ་པའི་ཉིས་འགྱུར་ནི། རིམ་པ་གཉིས་པའོ།། སུམ་འགྱུར་ནི། རིམ་པ་གསུམ་སྟེ་ཐམས་ཅད་ཀྱང་སྒོ་བཞིའ་བོ་ལ་མཚམས ་བཞི་པོར་མདུང་རྩེ་གསུམ་པས་མཚན་པ་གནས་པར་བྱའོ།། དེ་ལས་དབུས་སུ་དབང་ཕྱུག་ཆེན་པོའོ།། དེའི་ལོགས་ཤར་ལོ་སོགས་པ་རྣམས་སུ་ནག་པོ་ཆེན་པོ་དང་། དགའ་བའི་དབང་ཕྱུག་དང་དྲིལ་བུ་ཆེན་པོ་དང་གར་གྱི་དབང་ཕྱུག ་རྣམས་སོ།། མེ་ལ་སོགས་པའི་མཚམས་རྣམས་སུ་དྲག་པའི་ཐོད་པ་དང་གཏུམ་པའི་དབང་ཕྱུག་དང་ལག་པ་ཁ་ཊྭཱཾ་ག་དང་། བལ་རྣ་དབང་ཕྱུག་རྣམས་སོ།། རིམ་པ་གཉིས་པའི་ཤཱར་ལ་སོགས་པའི་ཕྱོགས ་རྣམས་སུ་དྲག་མོ་ལག་ན་མདུང་རྩ་གསུམ་པ་ཐོགས་པ། ལྷོར་ཚངས་མ་ཕྲེང་བ་ལག་ན་ཐོགས་པའི་རྒྱ་ཅན། ནུབ་ཏུ་ཁྱབ་འཇུག་མ་ལག་ན་འཁོར་ལོ་ཐོགས་པ། བྱང་དུ་གཞོན་ནུ་མ་ལག་ན་དྲིལ་བུ་ཐོགས་པའོ།། མཚམས་རྣམས་སུ་ནག ་མོ་དང་ནག་མོ་ཆེན་མོ་དང་ཟ་བྱེད་མ་དང་། སྲིན་མོ་རྣམས་ཏེ། ལག་ན་དྲིལ་བུ་དང་ཆུ་གྲི་དང་མཆེ་བ་དང་། ཁ་ཊྭཱཾ་ག་ཐོགས་པའོ།། ཞི་བ་མ་དང་བེའུ་རུན་བརྒྱ་དང་གཏུམ་མ་དང་འཇིག་བྱེད་མ་རྣམས་ཀྱང་དེ་ཉིད་དུ་བྱའོ།། ཤྭར་ལ་སོ། ་པའི་སྒོ་རྣམས་སུ་དབྱིག་པའི་དབང་ཕྱུག་དང་། མུཎྜའི་དབང་ཕྱུག་དང་། དྲིལ་བུ་རྣ་དང་དྲག་པོ་ཆེན་པོ་རྣམས་གནས་པར་བྱའོ།། ཞི་བའི་དཀྱིལ་འཁོར་རོ།། དཀྱིལ་འཁོར་ཟུར་བཞི་པ་སྒོ་བྱང་དུ་བལྟས་པར་གན་སཽ་པ་ར་ལ་དེའི་དབུས ་སུ་ནག་པོ་ཆེན་པོ་ཐོས་པ་དང་རུས་པའི་ཕྲེང་བ་ཐོགས་པ་ཁ་གདངས་པ་མཆེ་བ་ཅན་རིམ་པ་གསུམ་པ་ལ་འབྱུང་པོ་བརྒྱད་དང་རིམ་པ་བརྒྱད་ཀྱིས་ཀུན་ནས་ཕྲེང་དུ་བསྐོར་ནས་གནས་པའོ་ཤར་ལོ་སོགས་པའི་སྒོ་རྣམས་དེའི་བྱང་གི་ཕྱོགས་ནས ་བརྩམས་ཏེ། བསྐོར་ཕྱོགས་སུ་དྲག་པོ་ལ་སོགས་པའི་མཚན་མ་སྔར་བཤད་པ་ཕྱོགས་སུ་དགོད་པར་བྱའོ།། མཚམས་ཀྱི་དབང་ལྡན་ནས་བརྩམས་ཏེ། ནག་མོ་དང་ནག་མོ་ཆེན་མོ་དང་། ཟ་བྱེད་མ་དང་སྲིན་མོའི་མཚན་མ་སྔར ་བཤད་པ་དགོང་དོ།། སྒྲོ་རྣམས་སུ་ཞི་བ་དང་ཞིང་ཆེན་མོའོ།། གཡས་ཀྱི་ཕྱོགས་སུ་ནཱི་སྦྱར་བཤུད་པའི་མཚན་མ་རྣམས་ཏེ། དྷཱ་རུ་ཎ་ཌ་དང་། འཇིགས་བྱེད་མའོ།། གསོན་གྱི་ཕྱོགས་སུ་ནི་སྔར་བཤད་པའི་མཚན་མ་རྣམ་བཞག ་བར་བྱའོ།། མ་མོའི་དཀྱིལ་འཁོར་རཱྀ།། ཕྱིའི་དཀྱིལ་འཁོར་ཟུར་བཞི་པ་ལ་སྒོ་བཞི་པར་བྱས་ལཱྀ། དེའི་དབུས་སྨྱིགྷའུ་ལྟ་བུའི་དཀྱིལ་འཁོར་གཉིས་པ་ཕྱེད་ཀྱི་ཚོད་དུ་བྱས་ལཾ། དེའི་དབུས་སུ་སེང་གེའི་གདན ་བྱསོ་ནས། སེང་གེའི་གདན་དེ་ལ་མིང་པོ་གསུམ་རིམ་བཞོན་དུ་གནས་བསྟན་གཅིག་ལ་འདུག་པ་བྱའོ།། ཕྱིའི་དཀྱིལ་འཁོར་རྒྱུ་ཤིར་གྱི་སྦྱོར་གྲུབ་པ་རུ་ནི་རྫུ་འཕྲུལ་ལོ།། ནཱུབི་ཏུ་ནི་ཆེན་བོཊ།། བྷྲྀངྒ་དྷ་ནྟི་ཀྵེ་ཏྲེས་སོ།། ་མེའི་མཚམས་སུ་ནི་གཏུམ་པའོ།། བདེན་བྲལ་གྱི་མཚམས་སུ་ནི་ཁྲོ་བོའོ།། རླུང་གི་མཚམས་སུ་ནི་མཆོག་གོ། དབང་ལྡན་གྱི་མཚམས་སུ་ནི་གསོད་པ་གནས་པར་བྱའོ།། མང་པོ་གསུམ་གྱི་དཀྱིལ་འཁོར་རོ།། ་དཀྱིལ་འཁོར་ཀུན་ནས་ཟླུམ་པོ་ལ་སྒྲོ་བཞི་པ་ལ་མཚམས་བཞི་པོའི་རི་མོར་ཀ་བ་བཞི་བྱས་ལ། དཀྱིལ་འཁོར་གྱི་ལྟེ་བར་ཆ་བཞི་གནས་པ་ལ། དེ་ལ་ཤར་གྱི་ཆ་ལ་དགའ་མོ་མངའ་དང་གཞུ་འདྲེན་པར་བརྩོན་པས་རང་གི་སྒྲ ་ལ་མངོན་པར་ཕྱོགས་ཏེ་འདུག་པའོ།། ལྷོའི་ཆ་ལ་བསོད་མ་ཕུབ་དང་རལ་གྲི་འཛིན་པའོ།། ནུབ་ཏུ་ཕག་མོ་གཏེར་གྱི་བུམ་པར་ལག་ན་ཐོགས་པའོ།། བྱང་དུ་གྲུབ་མ་ཙེ་ཤ་ཀ་དང་གྲི་གུག་ལག་ན་ཐོགས་ཏེ་རང་གི་སྒོ་ལ ་ཏེ་མངོན་པར་འདུག་པར་བྱས་ཏེ། རླུང་རང་གི་མཚན་མ་ཐོགས་ཏེ་རང་གི་སྒོའི་དབུས་སུ་ལེགས་པར་གནས་པར་བྱའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུས་བུ་དཀྱིལ་འཁོར་བཅཝོ་ལྔ་རྣམ་པར་ཕྱེ་བ་ཡིན། ་དུམ་བུ་གཉིས་པར་དཀྱིལ་འཁོར་དང་པོ་འདྲ་བར་ཕྱི་ནས་བྱས་པའི་དཀྱིལ་འཁོར་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་རྣམ་པར་བཞག་ལ། དེའི་དབུས་སུ་རྡོ་རྗེ་སེམས་དཔའོ།། དེའི་མདུན་དུ་རྡོ་རྗེ་ཡིད་ལས་བྱུང་བའོ།། ་གཡས་སུ་རྡོ་རྗེ་ཀཱི་ལི་ཀཱི་ལའོ།། རྒྱབ་དུ་ཆགས་པའི་རྡོ་རྗེའོ།། གཡོན་དུ་རྡོ་རྗེ་སྙེམས་པའོ།། མེ་ལྷ་སོགས་པའི་མཚོམསྣ་རྣམས་སུ་ནི་མེ་ཏོག་དང་བདུག་སྤོས་དང་། མར་མཱཾ་དང་། དྲིའི་ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་གྱི་ཕྱིའི་མཆིས ་རྣམས་སུ་སྒེག་མོ་དང་། བཞད་པ་མོ་དང་། གླུ་མཁན་མ་དང་། གར་མཁན་མའོ།། ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་གནས་པར་བྱའོ།། གཉིས་པོའི ་དཀྱིལ་འཁོར་དང་པོའོ།། ། ཕྱི་དང་ནང་དུ་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བས་གནས་པ་ལཱ། དེའི་དབུས་སུ་རྡོ་རྗེ་སངས་རྒྱས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་ཅན ་ལ་རིན་པོ་ཆེ་ཅོད་པན་གྱི་དབང་ཕྱུག་མའོ།། དེའི་ཤར་ཕྱོགས་ཀྱི་ཆ་ལ་རྡོ་རྗེ་གོ་ཆ་ལྷོར་རྡོ་རྗེ་ཀཱི་ལི་ཀཱི་ལིའོ།། ནུབ་ཏུ་ནི་རྡོ་རྗེ་ཆགས་པའོ།། བྱང་དུ་ནི་རྡོ་རྗེ་སྙེམས་པའོ།། མཚམས་རྣམས་སུ་ནི་མེ་ཏོག་ལ་སོགས་པའོ།། ཕྱི་རོལ ་གྱི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ།། ཤར་ལ་སོགས་པའོ་སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་ཡང་དག་པར་གནས་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོའི་དཀྱིལ་འཁོར་དུམ་བུ་གཉིས་པར་བཤད་པ་ཡང ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་པོ་དང་འདྲ་བ་ཡིན་ཏེ། དེ་ལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་ཉིད་ནས་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་ཁྲོ་བ་དང་བཅས་པར་གནས་པ་ཡིན་ནོ།། རབ་ཏུ་དགའ ་བའི་རྡོ་རྗེའི་ཁྲོ་བོའི་དཀྱིལ་འཁོར་རོ།། ། དུམ་བུ་གཉིས་པར་བཤད་པའི་ཕྱི་དང་ནང་དུ་བཅས་པའི་རྡོ་རྗེ་སེམས་དཔའ་དཀྱིལ་འཁོར་དང་འདྲ་བར་བྱས་པ་ལ་དཀྱིལ་འཁོར་པདྨས་མཚན་པ་བྱས་ལ། དེའི་དབུས ་སུ་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གོ། དེབི་ཤར་ནཱས་བརྩམས་ཏེ། རྡོ་རྗེ་ཡིད་ལས་བྱུང་བ་དང་རྡོ་རྗེ་ཀཱི་ལི་ཀཱི་ལ་ལ་སོགས་པ་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་པདྨའི་མྱདའ་ལ་སོགས་པ་བསྣམས་ནས་བཞུན ་པར་བྱའོ།། འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་རོ།། ། དཀྱིལ་འཁོར་ཐམས་ཅད་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་ལས་རིན་པོ་ཆེ་ལྟ་བུར་བྱས་ལ། དེའི་དབུས་སུ་བཅོམ་ལྡན་འདས་ན་མཁའི་སྙིང་པོ་དེའི ་རོནས་བརྩམས་ཏེ། ཀླུ་མཽང་ལས་བྱུང་བ་ལ་མགས་པ་ཉིད་ནས། རྡོརྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་རིན་པོ་ཆེའི་མདའ་དེང་གཞུལ་སོགས་པ་བསྡམས་ནས་གནས་པར་བྱིའོ།། རིན་མ་ཆེའི་དཀྱིལ་འཁོར་རོ། ་དཀྱིལ་འཁོར་གྱི་ཕྱི་དང་མང་དུ་བཅས་བཅཝ་རྫ་སེམས་དཔའི་དཀྱིལ་འཁོར་དང་འདྲ་བ་དེའི་དབུས་མི་རེ་རུམ་ལ་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་རོ།། ཤར་ལ་སོགས་པའི་རིའུ་ཆུ་རྣམས་ལ། དེ་བཞིན་གཤེགས་པ ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། རྡོ་རྗེ་རིན་ཆེན་གྱི་དཀྱིལ་འཁོར་བཤད་མ་ཐག་པའོ།། མེ་ལ་སོགས་པའི་མཆིམས་རྣམས་སུ་ནི་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམས་སོ།། ཕྱིའི ་དཀྱིལ་འཁོར་གྱི་མཆི་མ་སྦྱི་མེའི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ལྷ་མ་ཡིན་དང་། ཀླུའི་དཀྱིལ་འཁོར་འོག་ནས་བཤད་པ་རྣམས་ལ་བྱའོ།། ཤར་ལ་སོགས་པའི་སྒོ་རྣམས་སུ ་ནི་ལྕགས་ཀྱུ་ལ་སོགས་པ་གནས་པར་བྱའོ།། བསྡུས་པའི་དཀྱིལ་འཁོར་རོ།། ། མིང་པོ་དང་སྲིང་མོའི་དཀྱིལ་འཁོར་ནི་སྔ་མ་བཞིན་དང་འདྲ་སྟེ། ཁྲུ་གང་ཙམ་གྱི་སྐས་བཞི་ལསཽ་བབ་པར་བསྐོར་བ། རྒྱར་ཁྲུ་བརྒྱད་པ་ཟུར ་བཞི་པ། ཤར་དུ་གྱེན་དུ་བལྟས་པའི་སྒོ་གཅིག་པའི་དཀྱིལ་འཁོར་དུ་གནས་པ་ལ། དེའི་དབུས་སུ་ཁྱབ་འཇུག་གི་འཁོར་ལོ།། དེའི་ཤར་ཕྱོགས་ལ་སོགས་པའི་ཆ་ལ་བདེ་མཆོག་དང་ཐག་བཟང་རིས་དང་ལག་བཟང་དང་། སྲིན ་པོ་ཞེས་བྱ་བའི་ལྷ་མ་ཡིན་གྱི་བདག་པོ་འཁོར་དང་བཅས་པ་རྣམས་སོ།། མཚམས་རྣམས་སུ་ནི་ལྷ་མ་ཡིན་གྱི་བུ་མོ་རྣམས་གནས་པར་བྱའོ།། ལྷ་མ་ཡིན་གྱི་དཀྱིལ་འཁོར་རོ།། ། ཟུར་བཞི་པ་ལ་སྒོ་བཞི་པའི ་པའི་དཀྱིལ་འཁོར་ལ་སྦྲུལ་གྱི་མཇུག་མའི་རི་མོས་མཚམས་བཞིར་མདུད་པར་བྱས་པ་གདེ་ཀ་བརྒྱད་སྒྲེང་བསྒོ་བཞི་སྒོ་ཁྱུད་དང་ལྡན་པ་ནི་ཀླུའི་དཀྱིལ་འཁོར་ཏེ། དེ་ལ་ཆུ་སྲིན་ལ་སོགས་པ་དང་། ཆུས་ཡོངས་སུ་གང་བའི་མཚོའི་དབུས ་སུ་ཀླུའི་རྒྱལ་པོ་མགོ་བརྒྱ་དཔའོ།། དེའི་ཕྱོགས་ལོགས་ཀྱི་ཕྱོགས་དང་མཚ་མོས་རྣམས་སུ་མཐའ་ཡས་དང་། ནོར་རྒྱས་དང་། འཛེག་པོ་དང་། ཀརྣོ་ཊ་དང་། པདྨ་དང་པདྨ་ཆེན་པོ་དང་། དུང་སྐྱོང་དང་། རིགས་ལྡན་གདེངས་ཀ་བདུན་བདུན ་དང་ལྡན་པ་སྐྱེས་བུའི་གཟུགས་སུ་གནས་པར་བྱའོ།། ཀླུའི་དཀྱིལ་འཁོར་རོ།། །། ཐམས་ཅད་ཀྱིལ་འཁོར་དང་པོ་དང་འདྲ་བར་བྱས་ལ་དཀྱིལ་འཁོར་གྱི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔེའོ།། དེའི་ཤར་ཕྱོགས ་ནས་བརྩམས་ཏེ། རྡོ་རྗེ་གོ་ཆ་ལ་སོགས་པ་ནས་རྡོ་རྗེ་དྲིལ་བུའི་མཐར་ཐུག་གི་བར་དུ་ཐམས་ཅད་ལྷ་མོའི་ཚུལ་གྱིས་བཞུགས་པར་བྱའོ།། རྡོ་རྗེ་སེམས་དཔའི་གསང་བའི་དཀྱིལ་འཁོར་རོ།། ། དུམ་བུ་གཉིས་པ་ཝ~ཾ་གསུངས ་པའི་རྩ་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་གཅིག་ཡིན་ནོ།། ཕྱི་དང་ནང་དུ་བཙོས་པ་ཐམས་ཅད་དཀྱིལ་འཁོར་དང་པོའི་ཚུལ་དུ་གནས་པོའི་དཀྱིལ་འཁོར་ལཱ། དེའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེའི་ཕྱོགས་ཐམས ་ཅད་དུ་འདོད་ཆགས་རྡོ་རྗེ་ལ་སོགས་པའོ།། དེའི་མཚ་མོས་རྣམས་སུ་ཤིན་ཏུ་དགའ་མ་དང་རབ་ཏུ་དགའ་མ་དང་། སྤྱན་དང་དཔལ་ཆེན་མེའོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ།། ཤར་ལ་སོ། ་པའི་སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགྶས་པའོ།། ཕྱི་མཆུ་མས་རྣམས་སྨྲ་ནི་བུམ་པ་ལ་སོགས་པ་དང་། ཏོག་རྣམས་གླནྟས་པའོ།། བཅོམ་ལྡན་འདས་ཀྱི་སྤྱན་སྦྱར་བུམ་པ་གཅིག་བཞག་པར ་བྱའོ།། དུམ་བུ་གཉིས་པ་ནས་གསུངས་པའི་རྒྱུད་ཕྱི་མིའི་དཀྱིལ་འཁོར་དང་པོའོ།། ཕྱིའི་དཀྱིལ་འཁོར་དང་པོ་དང་འདྲ་བར་བྱས་པ། དེའི་ནང་དུ་དེའི་ཕྱེད་ཀྱི་ཟླུམ་པོ་ལ་རྡོ་རྗེའི་ཐིག་དང་། ཀ་བེ་བརྒྱད་ཀྱིས་ཉེ་བ་རི་མཛྲེ་ད་ཁྱས་ལྔ་ཐམས་ཅད་ཀྱི ་གནས་སུ་སྣ་ཚོགས་པདྨའི་གདན་བཞག་པ་ལ་རྡོའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་སྤྱན་སྔར་བཅོམ་ལྡན་འདས་མི་བསྐྱེད་པ་བདུད་ལ་ས་རྣམ་པར་རྒྱལ་བར་མཛད་པ་གཡོས་སུ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན ་བྱང་ཆུབ་སེམས་དཔའ་ཕྱག་ན་རིན་ཆེན་ཅོད་པན་ལ་སོགས་པ་ལ་དབང་བསྒྱུར་བར་མཛད་པའོ།། རྒྱུ་བ་ཏུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པས་ཡོངས་སུ་བཀོད་པ་ལ་ཆོས ་ཀྱོ་འཁོར་ལོ་བསྐོར་བུར་མཛོད་པའོ།། གཡོན་དུ་བཅོམ་ལྡན་འདས་དོན་ཡོད་གྲུབ་པར་འདོད་ཆགས་ལཱྀ་སྤྱོད་པའི་སེམས་ཅན་རྣམས་འདུལ་བྱུར་མཛོད་པའོ།། མེ་ལྕེ་སོགསྡེ་པའི་མཚམས་རྣམས་སུ་རྡོ་རྗེ་སེམས་མ་དེང་རིན་ཆེན ་སེམས་མ་དང་། ཆོས་ཀྱི་སེམས་མ་དང་། ལས་ཀྱི་སེམས་མེ་རྣམས་སོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་རྣམས་སུ་སྒེག་མོ་ལ་སོགས་པའོ།། ཤར་ལ་སོགས་པའི་སྒོ་རྣམས་སུ་ནི་ལྕགས་ཀྱི་ལ་སོགས་པ་གནས་པར་བྱས ་དེ་བཞིན་ག་ཤེགས་པའི་དཀྱིལ་འཁོར་།། དཀྱིལ་ལ་ཎ་སེམས་ཎར་དང་འདྲ་བ་ལས་ཛའི་དབུས་སུ་རྫུ་འཁམམ་ཟླུམ་པོ་འབར་བ་དང་བཅས་པ་ཀ་བ་བརྒྱད་ཀྱྀ་བར་མཛེས་པ། ་བྱས་པ་ལ། དེའི་ཕྱི་རོལ་ཏུ་ཚེ་མཉམ་པའི་ཟླུམ་པོ་རིམ་པ་བདུན་པ་བྱས་ཏེ། ལྷ་ཐམས་ཅད་ཀྱི་སྣ་ཚོགས་པདྨའི་གནས་པ་ལ་འབར་བའི་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའོ།། དེའི་མདུན་དུ་རྡོ་རྗེ ་མཚོན་ཆའི་ཛིན་མ་གཽ་ཡོན་བརྐྱང་བས་གནས་པས་བཞུགས་པ། གཡོན་པའི་ཁྲི་བོའི་ཁུ་ཚུར་སྡིགས་མཛུབ་བྱེད་པ། གཡས་པའི་རྡོ་རྗེའི་ཁུ་ཚུར་གྱིས་རྡོ་ཛྷཻཾརྩཝ་ལྔ་པ་བསྣམས་པའོ།། གཡས་སུ་ན་མདུང་རྩེ་གསུམ་པཱ་ཥཱཛི་ནཱི་མཱའོ། ་རྒྱབ་ཏུ་ནི་རལ་གྲི་འཛིན་མའོ།། གཡོན་དུ་ནི་པདྨ་དང་ཐོད་པ་འཛིན་མའོ།། མེ་ལ་སོགས་པའི་མཚེམས་སུ་ནི་མདའ་གོཞུ་དང་ཁ་ཊེ་གྲཱ་དང་འཁོར་ལོ་དང། བ་དཱན་སྣ་ཚོགསེ་འཛིན་པའི་ལྷ་མོ་རྣམས་བཞག་པར་བྱའོ།། དེའི་ཕྱི་རོལ་གྱི་ཐིག ་དང་པོའི་ནང་དུ་རྡོ་རྗེ་གཙུག་ཏོར་ལ་སོགས་པོའི་གོ་རིམ་བཞིན་དུ་བཞུགས་པར་བྱ་སྟེ། དེ་བཞིན་དུ་ག་ཡོནི་བརྒྱང་བས་བཞུགས་ཤིང་གཡོན་པའི་ཁྲོ་བོག་ཁུ་ཚུར་རྒྱུ་སྨྲིག་འཛུབ་བྱེད་ཅིང་གཡས་པའི་རྡོ་རྗེ་ཚུར་གྱིས་རྡོ་རྗེ་གོ་ཙུག་ཏོར ་སྲོགས་པྲ་བྲིསྡམས་པར་བྱའོ།། དྲེ་བཞིན་དུ་གཉིས་པ་ལྭ་སྔགས་ཀྱྀ་ལྷ་མོ་ན་མོ་ས་ཕྱག་ན་རང་གི་ཕྱག་རྒྱ་དང་ལྡན་པར་བྱའོ།། གསུམ་པར་ནི་རྡོ་རྗེ་རྒྱལ་པོ་ལྡེ་མོ་བཞིའི་དབུས་ནི་བཞུགས་པ་རྡོ་རྗེ་རྩེ་ལྔ་པོ་བསྣམས་པའོ།། བཞི་པར ་ནི་རྡོ་རྗེ་རོལ་མ་ཆེན་པོ་བཅུང་ཟུད་བདུད་པར་བྱེད་རྙིང་རྡོ་རྗེ་སྒེག་མོ་རྣམས་གར་བྱེད་ཅིང་གླུ་ལནཱ་པའོ།། ལྔ་པར་ནི་རཱ་ཛྙཱ་ནཱ་ག་དང་པ་ཏཱི་ཏཱ་དང་། ཚོགས་དང་ཁྲོ་བོ་རྣམས་སོ།། དྲུག་པར་ནི་རྡོ་རྗེ་ཕོ་ཉ་དང་། རྡོ་རྗེ་གནད། ་སྦྱིན་དང་། རྡོ་རྗེ་སྲིན་པོ་དང་། རྡོ་རྗེ་མངག་གཞུག་རྣམས་སོ།། བདུན་པར་ནི་རྡོ་རྗེ་གཙུག་ཏོར་འམ། རྡོ་རྗེ་སྔོན་མཚམས་ཀྱིས་བརྙེས་པར་གྱུར་ཅིང་། ཆད་པ་བཅུད་པ་དང་། རྡོ་རྗེ་རྒྱལ་པོ་དང་། པྲ་ཏྲི་ཧེ་རས་གཡུལ་དུ་བཅོམ་པ་ལ་སོ། ་པོའི་རིམ་གྱིས་ཏེ། ལྷ་ཆེན་པོ་ལ་སོགས་པ་བཏུལ་བ་ནས་ཆུ་ལྷའི་མཐར་ཐུག་གི་བར་དུ་མ་མོའི་ཚོགས་དང་བཅས་པར་གནས་པ་རྣམས་སོ།། རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནས་རྡོ་རྗེ་མངག་གཞུག་གི་མཐར་ཐུག་གི་བར་ནི་འཇིག་རྟེན་ལས ་འདས་པ་ཉིད་ཡིན་ཏེ། འཇིག་རྟེན་གསུམ་གྱི་གསང་བའི་རྒྱུད་དང་། ལ་ལ་ནི་རྒྱུད་འདི་ཉིད་དུ་བལྟ་བར་བྱའོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་མེའི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་མིང་པོ་གསུམ་དང་སྲིང་མོ་བཞི་དང་ཀླུ་དང ་སྡུག་བསྔལ་གདོན་པའི་དཀྱིལ་འཁོར་དང་སྒེག་མོ་ལ་སོགས་པའོ།། སྒྲོ་རྣམས་སུ་ནཱི་ལྕགས་ཀྱུ་ལ་སོགས་པ་བཞུགས་པར་བྱའོ།། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་རོ།། ། ཕྱིའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའི་དཀྱིལ ་འཁོར་དང་འདྲ་བར་བྱས་ལ་དེའི་དབུས་སུ་དེའི་ཕྱེད་ཀྱི་ཚད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་གསུངས་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར་དང་འདྲ་བར་པདྨའི་དཀྱིལ་འཁོར་དུ་ཡང་དག་པར་གནས་པ་ལ ་དེའི་དབུས་སུ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ།། དེའི་མདུན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཕྱག་མཚོན་པདྨ་བསྣོམས་ཏེ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་དུ་ལྷོར་རིན་པོ་ཆེའི་པདྨ་བསྣམ་ག། ་པའི་སངས་རྒྱས་སོ།། རྒྱབ་ཏུ་རྡོ་རྗེའི་པདྨ་བསྣམས་པའི་སངས་རྒྱས་སོ།། གཡོན་དུ་པདྨ་གཉིས་བསྣམས་པའི་སངས་རྒྱས་ཏེ། དེ་དག་ཐམས་ཅད་ཀྱང་སྤྲུལ་པའི་སྐུའི་ཚུལ་ཅན་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། ་མཚམས་རྣམས་སུ་ན་ཞི་བ་དང་སྲེད་མེད་ཀྱི་བུ་དང་ཚངས་པ་དང་འདོད་པའི་གཟུགས་པདྨ་ཅན་ལ། དེ་བཞིན་གཤེགས་པའི་གཟུགས་ཅནྡ་ནོ།། ཕྱི་རོལ་གྱི་མཚམས་རྣམས་སུ་སྒེག་མོ་ལ་སོགས་པའོ།། སྒོ་རྣམས་སུ་ན་པདྨ ་སྒ་མ་ལ་སོགས་པའོ།། སྒོ་རྣམས་སུ་ནི་པིདྨིའི་ལྕགས་ཀྱུ་བཞུགས་པར་བྱའོ།། འཇིག་རྟེན་དབང་ཕྱུག་གི་དཀྱིལ་འཁོར་རོ།། ཕྱིའི་དཀྱིལ་འཁོར་དང་པོའི་དཀྱིལ་འཁོར་རོ།། ཕྱིའི་དཀྱིལ་འཁོར་དང་པོའི་དཀྱིལ་འཁོར ་དང་འདྲ་བར་བྱས་ལ་དེའི་དབུས་སུ་དེའི་ཕྱེད་ཀྱི་ཆེད་ཀྱི་རྡོ་རྗེ་རོན་ཆེན་གྱི་འཁོར་ལོ་ཟླུམ་པོ་ལ་རིན་པོ་ཆེའི་ཀ་བ་བརྒྱད་དང་ཡང་དག་པར་ལྡན་པ་མདོག་སྟོན་པོ།། ཟླ་བ་དང་ཉི་མ་དང་སྐར་མོ་ལ་སོགས་པའི་གཟུགས་རྣམས་ཀྱིས་ཏེ ་བར་མཛེས་པར་བྱས་ནས་གནས་པ་ལ་ལྷ་ཐམས་ཅད་ཀྱི་གནས་སུ་སྣ་ཚོགས་པདྨའི་གདན་བྱས་ལ་དེའི་དབུས་སུ་བཅོམ་ལྡན་འདས་ན་མཁའི་སྙིང་པོ་དེའི་མདུན་དུ་རིན་པོ་ཆེའི་ཅོད་པན་ཐོགས་ཏེ་དབང་བསྐུར་བ་ཞེས་བྱ་བའོ།། ་གཡས་སུ་གཏེར་གྱི་བུམ་པ་ཕྱག་ན་བསྣམས་པའོ།། རྒྱབ་ཏུ་གླེག་བམ་དང་རིན་པོ་ཆེ་བསྣམས་པར་མཛད་པའོ།། གཡོན་དུ་སྣ་ཚོགས་ནོར་བུ་བསྣམས་པའོ།། མེ་ལ་སོགས་པའི་མཚམས་རྣམསུ་རིན་པོ་ཆུང ་ཅོད་པན་དང་བུམ་པ་རྒྱལ་མཚན་དང་མཆོད་པ་ཐམས་ཅད་ཀྱིས་བཀང་བའི་སྣོད་ཕྱག་ན་བསྣམས་པའི་ལྷ་མོ་རྣམས་སོ།། ཕྱིའི་མཚམས་རྣམས་སུ་རིན་ཆེན་སྒེག་མོ་ལ་སོགས་པའོ།། སྒོ་རྣམས་སུ་རིན་ཆེན་ལྕགས་ཀྱུ་ཡང་དག་པར་གནས ་བར་བྱའོ།། རིན་པོ་ཆེའི་དཀྱིལ་འཁོར་རོ།། ། མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ཀླུའི་དཀྱིལ་འཁོར་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ།། སྡུག་བསྔལ་འཇིག་པའི་དཀྱིལ་འཁོར་ནི་ཟུར་བཞི་པའི་སྒོ་བཞི་པ་ལ་གནས་པ་ལ ་དེའི་དབུས་སྲིན་པོ་དང་། ཡི་དགས་དང་། འབྱུང་པོ་དང་། ཀླུ་དང་གནོད་སྦྱིན་དང་། ཕྲ་མེན་མ་དང་། རིམས་ལ་སོགས་པའི་གདོན་རྣམས་དང་། དམྱལོ་བ་རྣམས་ཀྱང་གནས་པར་བྱའོ།། སྡུག་བསྔལ་གྱི་དཀྱིལ་འཁོར་རོ།། །། ཕྱི་དང ་ནང་གི་དཀྱིལ་འཁོར་དང་པོ་དང་པོ་དང་འདྲ་བར་བྱས་ལ། དབུས་ཀྱི་རེའུ་ཆ་ལ་ཡང་དང་པོའི་དཀྱིལ་འཁོར། ཤར་ཕྱོགས་རེའུ་ཚལ་དེ་བཞིན་གཤེགས་པའི་དཀྱིལ་འཁོར། ལྷོ་ཕྱོགས་སུ་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར། ་ནུབ་ཏུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཀྱིལ་འཁོར། བྱང་གི་རེའུ་ཆལ་འཕགས་པ་ན་མཁའི་སྙིང་པོ་རྣམ་པོར་བཞག་པར་བྱའོ།། དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལྷ་མོ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་བའོ།། ་ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་སྲེད་མེད་ཀྱི་བུའི་གཟུགས་ཅན་ལ་ཟླ་བ་བསྣམས་པའོ།། ལྷོར་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་གཏུམ་པའི་དབང་ཕྱུག་གཟུགས་ཅན་རྡོ་རྗེའི་མདུང་བསྣམས་པའོ།། ནུབ་ཏུ་འཕགས ་བ་སྤྱན་རས་གཟིགས་དབང་ཕྱུག་ཚངས་པའི་གཟུགས་ཅན་རྡོ་རྗེའི་པདྨ་བསྣམས་པའོ།། བྱང་གི་དཀྱིལ་འཁོར་གྱི་དབུས་སུ་ན་མཁའི་སྙིང་པོ་འདོད་པའི་གཟུགས་ཅན་ཏེ། འདི་དག་ཐམས་ཅད་ཀྱང་འཁོར་དང་བཅས་པར་བཞུགས་པའོ།། མེ་ལ་སོ། ་པིའི་མཚམས་རྣམས་སུ་གཟུངས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེའི་དཔལ་མོ་དང་། རྡོ་རྗེ་སེར་མོ་དང་། རྡོ་རྗེ་སྒྲོལ་མ་དང་རྡོ་རྗེ་ན་མཁའ་འཁོར་ལོའི་རྡོ་རྗེའི་མདུང་རྩེ་གསུམ་ལ་སོགས་པ་དང་རྡོ་རྗེའི་པདྨ་དང་། རྡོ་རྗེའི་མེ་ཏོག་ཅན་གྱི་མདའ་དང་གཞུ་བསྣམས་ནས ་བཞུགས་པར་བྱའོ།། ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་ནི་སྒེག་མོ་ལ་སོགས་པ་རྣམས་སོ།། སྒོ་རྣམས་སུ་ནི་ལྕགས་ཀྱུ་ལ་སོགས་པ་རྣམས་སོ།། ཡང་ཕྱིའི་དཀྱིལ་འཁོར་གྱི་སྣམ་བུ་ལ་འདོད་པ་དང་། ཚངས་པ་དང་། ཚངས་པའི ་མཆོག་དང་། བིདེ་བྱེད་ལ་སོགས་པའི་འཁོར་དང་བཅས་པ་རྣམས་སོ།། ཡང་དུམ་བུ་དང་པོ་ལས་གསུངས་པའི་དཀྱིལ་འཁོར་གྱི་ཚུལ་དུ་བྱས་པ་ལ་དེ་ཉིད་ཀྱི་ཕྱིའི་དཀྱིལ་འཁོར་གྱི་ཁ་ཁྱེར་ལྀ་པི་བང་དང་རྔ་བོ་ཆེ་དང་ཀུ་མུ་ད་དང་། ཆ་ལང ་དང་བྷཱི་རི་དང་རྫ་ལྔ་དང་རྔ་དང་རྔ་རིངས་དང་རྔ་རྐེད་ཉག་སྟེ། རྡོ་རྗེརལ་ལོ་བཅུ་བརྡུང་པ་ལ་བརྩོན་པའི་ཚོགས་ཀྱིས་དབང་ཕྱུག་རྣམས་གནས་པར་བྱའོ།། སྡུས་པོའི་དཀྱིལ་འཁོར་རོ།། །། འདི་དག་ནི་དུམ་བུ་གཉིས་པའི་རྟོག་པ་ཐམས ་ཅད་ཀྱི་ཕྱི་མ་དང་། རྩ་བའི་རྒྱུད་ཀྱི་དཀྱིལ་འཁོར་བཅུ་སྟེ། རྟོག་པ་ཐམས་ཅད་ཀྱི་རྒྱུད་པ་ཕྱི་མ་དང་རྩ་བའི་རྒྱུད་རྫོགས་སོ་ཞེས་གསུངས་པས་ན་འདིར་སོམ་ཉི་མི་བྱའོ།། འདི་དག་ཉིད་མྱུར་དུ་འགྲུབ་པར་བྱ ་བའི་ཕྱིར་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་དམ་ཚིག་གསུམ་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་སྤྱན་རས་གཟིགས་དང་ནུ་མཁའི་སྙིང་པོའི་རྭས་རིས་དང་དཀྱིལ་འཁོར་དུ་རྣམ་པར་གནས་པ་འོདི་དག་ཐམས་ཅད་ནི་འཁོར་དང་བཅས་པ ་ཡིན་ཏེ་སྔར་བཤད་པའི་བདག་ཉིད་ཀྱི་དཀྱིལ་འཁོར་གྱི་བསྐོར་བ་ལས་རྡོ་རྗེ་མེ་ལྷུར་རབ་ཏུ་འབར་པོའི་ཆོ་ག་ལ་ནི་རྡོ་རྗེ་མཚོན་ཆ་དང་མདུང་རྗེ་ཆེན་པོ་དང་རལ་གྲི་དང་ཞགས་པ་འཛིན་པའི་ལྷ་མོ་མེད་ལ་དེ་བཞིན་དུ་རིམ་པ་བདུན་གྱི་ནང་དུ ་མིང་པོ་གསུམ་དང་སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་གྱིས་དཀྱིལ་འཁོར་མེད་པར་བལྟ་བར་བྱའོ།། གསང་བའི་ཆོ་ག་ཡང་གཞན་ཡིན་ནོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་ནི་སངས་རྒྱས་ཀྱི་སྐུ་གཟུགས ་བརྒྱད་མེད་པ་ལ་སྦྲང་རྩི་རྡོ་རྗེ་ལ་སོགས་པ་ནས་པདྨའི་དྲིལ་བུའི་མཐར་ཐུག་པ་དང་ལྡན་པའོ།། ན་མཁའི་སྙིང་པོའི་ཡང་སེམས་དཔའ་བཞི་མེད་པའོ།། ར་སཾ་རིས་ཀྱིས་ཆོ་ག་ཐམས་ཅད་ལ་ཡང་དེ་བཞིན་ནོ།། རས་ཀྱི་དཀྱིལ ་འཁོར་གྱི་ཆོ་ག་དྲུག་པོ་འདི་དག་ནི་རྒྱུད་ཀྱི་དུམ་བུ་གཉིས་པར་གསུངས་པ་ཡིན་ནོ།། །། དུམ་བུ་གསུམ་པར་ཡང་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང་འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་དང་ན་མཁྲིའི་སྙིང་པོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་ལས་འདོན་པ་དང་། བསྡུས་པའི་དཀྱིལ་འཁོར་རྣམས་དུམ་བུ་གཉིས་པ་ལས་གསུངས་པའི་དཀྱིལ་འཁོར་ལས་བལྟ ་བར་བྱའོ།། ཁྱད་པརེ་ནི་འདི་ཡོད་དེ་རྡོ་མལྟ་རབ་ཏུ་འབར་བའི་དཀྱིལ་འཁོར་ལ་ནང་གི་རིམ་པ་བདུན་གྱི་ཕྱི་རོལ་ཏུ་ཤྭར་ཕྱོགས་ལ་སོགས་པ་ནས་བརྩམས་ཏེ། འཇིག་རྟེན་གྱི་ཁམས་བརྒྱད་ལ་དེ་རྣམས་སུ་སངས་རྒྱས་རེ་རེ་ཞིང་བྱམས་པ་དང ་མཐོང་བ་དོན་ཡོད་ལ་སོགས་པ་བྱང་ཆུབ་སེམས་དཔའ་གཉིས་གཉིས་དབུས་ན་བཞུགས་པར་བྱའོ།། ཡང་འདི་ཉིད་མྱུར་དུ་འགྲུབ་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་དང་། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བ་དང ་འཕགས་པ་སྤྱན་རསྣ་གཟིགས་དབང་ཕྱུག་དང་། ན་མཁའི་སྙིང་པོ་དང་། གསང་བའི་དཀྱིལ་འཁོར་ལྷ་མོ་བཞི་དང་ཡང་དག་པར་འདུས་པ་ལ་སོགས་པའི་ཚུལ་གྱིས་ཡང་དག་པར་གནས་པར་བྱའོ།། རྡོ་རྗེ་ཁྲོ་བོའི་གསང ་བའི་དཀྱིལ་འཁོར་དུ་ནི་ཁྱད་པར་འདི་ཡིན་ཏེ། ཡི་གེ་ཧཱུཾ་བཞིས་སྤྱན་དྲང་བའོ།། ཧཱུཾ་ཨཱ་ར་ལེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་སྙིང་པའོ།། །། ཡང་གསང་བའི་རས་རིས་ལྔ་པོའི་ཆོ་ག་ནི་སྔ་མ་ཉིད་དང་། རྡོ་རྗེ་མེ་ལྟར་རབ་ཏུ ་འབར་བའི་རས་རིས་ཀྱིས་ཆོ་ག་ལ་ནི་ཁྱད་པར་འདི་ཡོད་དེ། རྡོ་རྗེ་མཚོན་མ་འཛིན་པ་ལ་སོགས་པས་སོ།། ཡང་དང་པོའི་དཀྱིལ་འཁོར་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལྷ་མོ་བཞི་དང་ཡང་དག་པར་འདུས་པའི་དཀྱིལ་འཁོར ་ལ་སོགས་པ་རྣམ་པར་གནས་སོ།། བསྡུས་པའི་དཀྱིལ་འཁོར་ཉིད་དོ།། དེ་ལྟར་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་ནི་གསུམ་པའི་ཡིན་ནོ།། བཞི་པར་ཡང་རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་དང་། ་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་རྣམས་ནི་དུམ་བུ་གཉིས་པར་གསུངས་པ་ཉིད་ཡིན་ནོ།། འཕགས་པ་སྤྱན་རས་གཟིགསྡེ་དབང་ཕྱུག་གི་ལས་ནི་ཏིང་ངེ་འཛིན་དང་བཅས་པ་ལ་སོགས་པར་བཞུགས་པའི་སངས ་རྒྱས་ཀྱི་སྐུ་གཟུགས་ཀྱི་གནས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྐུ་གཟུགས་བཞི་བཞུགས་པར་བྱའོ།། འཕགས་པ་ན་མཁའི་སྙིང་པོ་དང་། མིང་པོ་གསུམ་དང་སྲིང་མོ་བཞི་དང་། ཀླུ་དང་སྡུག་བསྔལ་ལས་འདོན་པ་དང ་བསྡུས་པའི་དཀྱིལ་འཁོར་རྣམས་ནི་དུམ་བུ་གཉིས་པོ་ལས་གསུངས་པའི་དཀྱིལ་འཁོར་ཉིད་ཡིན་ནོ།། རས་རིས་ཀྱི་དཀྱིལ་འཁོར་ལྔ་པ་ཡང་སྔ་མ་བཞིན་དུ་བལྟ་བར་བྱའོ།། དེ་ལ་ཡི་གེ་ཧཱུཾ་ལ་སོགས་པའི་ངོ་བོ་ཉིད་དང་། ཕྱག་རྒྱ་དང་ཕྱག་རྒྱ་ཆེན ་པོའི་ཚུལ་དང་བསྲུང་བ་དང་གོ་ཆ་དང་བསྐྲད་པ་དང་ཕུར་བུ་ལ་སོགས་པའི་རང་རང་གི་ངོ་བོ་དང་གསང་བའི་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་སྤྱན་དྲང་བ་དང་མཆོད་ཡོན་དབུལ་བ་དང་། ཕྱག་རྒྱ་བཞི་ལ་སོགས་པས་རྒྱས་གང་པོ་ཙོང་དབང ་བསྐུར་བ་ལ་སོགས་པའི་ཆོ་གའི་ཚུལ་དང་མག་ཡུས་ཕྱི་དང་ནང་གི་མཚན་ཉིད་ཅན་གྱི་སྦྱིན་བསྲེག་དང་། ཉེ་བར་བསྡུ་བ་སྟེ་ཕྱག་རྒྱ་གང་དང་གང་ལས་བྱུང་བ་དེ་དང་དེ་ཉིད་དུ་དགོངས་པ་དང་གཤེགས་སུ་གསོལ་བ་སྟེ། རང་གི་ལུས་ལ་དཀྱིལ་འཁོར ་ཆུད་པར་བྱ་བ་དང་། ཇི་སྐད་དུ་བཤད་པའི་གཤེགས་སུ་གསོལ་བའོ།། ཇི་སྐད་དུ་བཤད་པའི་དཀྱིལ་འཁོར་ལ་སོགས་པའི་གཟུགས་ཅན་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་ནི་དཔལ་མཆོག་དང་པོ་ཞེས་བྱ་བའི་སྒྲར་བརྗོད་དེ། དེ་ལ ་བིང་ཉིད་རྒྱུན་གྱི་ངོ་བོ་ཉིད་ཡིན་པ་ནས། དེ་བསྟོན་པར་བྱེད་པའི་སྒྲའི་རྒྱུན་ནི་རྒྱུད་ཅེས་བྱ་སྟེ། སྐྱེས་པའི་རབས་དང་འདྲའོ།། དེ་ནི་མདོར་བསྡུས་ནས་བཤད་པ་ཡིན་ནོ།། དེ་ལྟར་གྱུར་པའི་དཔལ་མཆོག་དང་པོའི་རྒྱུད་རྡོ་རྗེ་གདན་པ་ཆེན་པོའི་ངོ་བོ ་ཉིད་བློ་ལ་བཞག་ནས་བསྡུད་པར་བྱེད་པ། ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པས། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པའིདི་གསུངས་པ་ཡིན་ཏེ། འདིས་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་ཀྱི་གཞན་དག་ལས་བརྒྱུད་པ་ནི ་མ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ལ་སོགས་པ་རྣམས་ལ་སྟོན་པ་ཡིན་ནོ།། ཁྱོད་ཀྱིས་གང་གི་ཚེ་ཐོས་ཞེ་ན། དུས་གཅིག་ན་ཞེས་བྱ་བ་གསུངས་ཏེ། སྐད་ཅིག་མ་གཅིག་ལ་ཞེས་བྱ་བའི་དོན་ཏོ།། འདིས་ནི་རྣམ་པར་ཐར ་པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཉིད་ཀྱིས་དུས་གསུམ་གྱིས་བསྐལ་པར་སྤོབས་པ་ལ་སོགས་པ་ཐོས་པར་བྱ་བ་ཅུང་ཟད་ཡོད་པ་དེ་ཐས་ཅད་སྐད་ཅིག་མ་གོ་ཙོག་གིས་བདག་གིས་ཐོས་སོ་ཞེས་བདག་ཉིད་ཚྭ་མྱིའི་སྐྱེས་བུ་ཡིན་པར་སྟོན་ཏོ།། ་ཁྱེད་ཀྱིས་གང་ལས་གང་དུ་ཐོས་ཞེ་ན། གང་གི་ཚེ་བཅོམ་ལྡན་འདས་འདོད་པའི་ཁམས་ཐམས་ཅད་ཀྱི་གཞོན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པ་ཞེས་བྱ་བར་སྦྱར་ཏེ། དེའི་ཚེ་བཅོམ་ལྡན་འདས་ལས་བདག་གིས ་ཐོས་སོ་ཞེས་བྱ་བའི་དོན་ཏོ།། གཞན་གྱིས་མི་ཐུབ་པའི་བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ།། བཅོམ་ལྡན་འདས་དེ་ཡོན་ཏན་ཅི་ལྟ་བུ་དག་དང་ལྡན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི ་བྱིན་གྱིས་བརླབས་དང་དམ་ཚིག་དང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ ་རྣམས་སོ།། དེ་ཉིད་ནི་རྡོ་རྗེ་ཡིན་པས་ན། དྲི་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དངོས་པོ་དང་དངོས་པོ་མེད་པ་དང་ཡོངས་སུ་ཚོལ་བ་དང་བྲལ་བའི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཚུལ་ལོ།། དངོས ་པོ་ཐམས་ཅད་ཀྱིས་མི་ཕྱེད་པས་ན་རྡོ་རྗེའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དེའི་བྱིན་གྱིས་བརླབས་ནཱི་ནུས་པ་ཡིན་པས་ནཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་ཏེ། རྡོ་རྗེ་སེམས་དཔའ་ལ་སོ། ་པའི་ཚུལ་ལོ།། དེ་ཉིད་དོ་མི་ཚིག་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་དམ་ཚིག་སྟེ། མི་འདའ་བའི་དོན་ནི་དམ་ཚིག་གོ། དེ་བས་ན་དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་འདའ་བར་མི་མཛད་པས་ཕྱག ་རྒྱུརྒྱ་དམ་ཚིག་ཡིན་པར་བཤད། ཡིད་ཀྱི་གཟུགས་ནི་བསྟན་ཕྱིར་རོ།། ཞེས་གསུངས་པའི་ཕྱིར་རོ།། ངམ་ཚིག་དེ་རྣམས་ལ་མཁྱེན་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ངོ་བོ་ཉིད་མངོན་སུམ་དུ་བྱ་བ་ངེས་པའི་ཚུལ་ལོ།། དེ་ཉིད་ནི་བྱེ་བྲག་རྣམ ་པཐ་དད་པ་སྟེ། རབ་ཏུ་དགའ་བའི་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་གནས་སོ།། འདོད་ཆགས་ཀྱི་མདའ་རྣམ་པར་དག་པའི་གནས་འདོན་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའི་གནས་སྷོ་ཞེས་བྱ་བ་ལ་སོགས་པའང ་བས་ཕྱེ་བ་སྟེ། དེས་ན་དེ་ལྟ་བུའི་ཚུལ་དང་ཡང་དག་པར་ལྡན་ཞིང་བཅ་སྔོ་པའི་ཞེས་བྱ་བའི་དོན་ཏོ།། འདི་ནི་དེ་བཞིན་གཤེགས་པའི་རིགས་ཀྱིས་ངོ་བོ་ཉིད་མངོན་སུམ་དུ་མཛད་པས་དམ་ཚིག་མཁྱེན་པ་ཉིད་ད་དེ་ཚིག་གི་ངོ་བོ་ཉིད་ཡིན ་བསྟོ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་གྱིས་སེམས་པ་རེ་རེ་ཞིང་ཐམས་ཅད་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་གཟུགས་བརྙན་ལས་སྐྱེས་པའི་གཟུགས་བརྙན་ལྔས་སྐྱེས་པའི་རྒྱུ་ཆེན་ཉིད་ཀྱིས་ནཱ། མེ་ལོང་གི་དཀྱིལ་འཁོར་དྲུང་འདྲ ་བས་བཅོམ་ལྡན་འདས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དུ་ཡང་སྟོན་པར་མཛད་པ་ཡིན་ནོ།། ད་ལྟར་རེ་ཞོག་བཅོམ་ལྡན་འདས་ཉིད་དམ་ཚིག་མཁྱེན་པ་ཡིན་པས་ན། གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་ཀྱིས ་ཤིན་ཏུ་ཡང་དམ་ཚིག་ཤེས་པར་བྱའོ་ཞེས་བཤད་པར་གྱུར་པ་ཡིན་ནོ།། དེ་ནི་བཅོམ་ལྡན་འདས་དྲི་དམ་ཚིག་མཁྱེན་པ་འབྲའ་ཞིག་ཏུ་མ་ཟད་ཀྱི་དབང་བསྐུར་བ་ཡང་བརྙེས་པ་ཡིན་ནོ།། ཞེས་བསྟན་པའི་ཕྱིར་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་ཉིད་རིན་པོ་ཆེ་ཡིན་ལ་དེ་རྣམས་བསྒྲུབས་པའི་ཅོད་པན་ནི་དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་ཅོད་པན་ནོ།། ་དེས་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་ཁམས་ཀྱི་ངོ་བོ་ཉིད་ཀྱི་ཁམས་གསུམ་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་དམིགས་ཤིང་བདག་ཏུ་རྨོངས་པ་དང་། བདག་ཏུ་རྒྱལ་བ་དང་། བདག་ཏུ་མ། ་པ་དང་། བདག་ཏུ་ལྟ་བ་སྟེ་ཉོན་མོངས་པ་བཞི་དང་ལྡན་པའི་ཡིཡང་སྤངས་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་བརྙེས་པར་ཡང་དག་པར་བསྟན་པ་ནི་དབང་བསྐུར་བ་ཉིད་བརྙེས་པ་སྟེ། འདིས་ནི་རིན་པོ་ཆེའི་རིགས་ཐུགས་སུ་ཆུད་ཅིང་མཉམ་པ་ཉིད་ཀྱི ་ཡེ་ཤེས་བརྙེས་པར་སྟོན་པ་ཡིན་ནོ།། གསང་སྔགས་ཀྱི་སྒོ་ལ་སྤྱད་པ་སྤྱོད་པ་རྣམས་ཀྱིས་ཀྱང་། དབང་བསྐུར་བ་དང་ལྡན་པར་བྱའོ་ཞེས་སྟོན་ཏོ།། དེ་ཉིད་རྣལ་འབྱོར་ལ་དབང་ཐོབ་པར་བསྟན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས ་ད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་དངོས་པོའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་སྟེ། ལམ་གྱི་རྣམ་པའི་ཡིད་ཀྱི་རྣམ་པར་ཤེས་པའོ།། ་དེ་ཉིད་ནི་རྣལ་འབྱོར་ཆེན་པོ་སྟེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་གྱི་ངོ་བོ་ཉིད་དེ། རྣལ་འབྱོར་དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དབང་ཕྱུག་ཀྱང་དེ་ཉིད་ཡིན་ནོ།། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པ་རྣལ་འབྱོར་ཆེན་པོའི་དབང་ཕྱུག་ཅེས་བྱ་སྟེ། འདིས་ཀྱང་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཡོངས་སུ་མཁྱེན་པ་ཡིན་པས་སོ་སོར་རྟོག་པའི་ཡེ་ཤེས་བརྙེས་པ་ཡིན་ཏེ། བཅོམ་ལྡན་འང ་ནི་ཡིད་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པ་པདྨའི་རིགས་ཀྱི་ངོ་བོ་ཉིད་ཐུགས་སུ་ཆུད་པ་ཡིན་པར་སྟོན་ཏོ།། སྔགས་པ་རྣམས་ཀྱིས་ཀྱང་རྣལ་འབྱོར་ལ་གཽ་མས་པར་བྱའོ་ཞེས་སྟོན་པ་ཡིན་ནོ།། བྱ་བ་བསྒྲུབ་པ་དང་། ཐུགས་རྗེ་ཆེན་པོས ་ན་གྱི་དབང་ལ་འཇུག་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་མཚན་ཉིད་ཅན་གྱིས ་ཕྱག་རྒྱ་རྣམ་པ་བཞིའོ།། དེ་རྣམས་ཀྱི་ཕྱག་མཉམ་པ་ཉིད་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དང་།། ཀུན་རྫོབ་ཏུ་དབྱེ་བ་མེད་པ་ཁྱད་པར་དུ་འབྱེད་པར་བྱེད་པའི་དེ་ཉིད་དེ་ཐུགས་སུ་ཆུད་པ་ནི་བརྙེས་པའོ།། སྣ་ཚོགས་པ་ནི་སེམ ་ཅན་གྱི་ཁམས་མ་ལུས་པའི་རྒྱུ་དང་འབྲས་བུའི་མངོན་པར་འདོད་པ་མཐོང་བ་དང་། མ་མཐོང་བའི་འབྲས་བུ་ཐོབ་པར་མཇེད་པས་ན་སྣ་ཚོགས་པའི་བྱ་བ་མཛད་པ་སྟེ། སྣ་ཚོགས་པའི་བྱ་བ་མཛད་པ་ཉིད་དེ་དེ་རྒྱུར་གྱུར་པས་མ་ལུས་པ ་སྟེ། ཐམས་ཅད་ལུས་པ་མེད་པ་སྟེ་སེམས་ཅན་ཁམས་ཟད་ཀྱི་རེ་བ་དང་ཅེས་བྱ་བ་སྲེད་པའི་རྣམ་པ་ཐམས་ཅད་དོ།། དེ་ཡོངས་སུ་བསྐོང་པ་ནི་མངོན་པར་འདོད་པའི་དོན་རྫོགས་པར་མཛད་པའོ།། དེ་ཉིད་ཕྲིན་ལས་ཏེ། དེ་མཛད་པས ་ན་རེ་བ་ཐམས་ཅད་ཡོངས་སུ་བསྐོང་བའི་ཕྲིན་ལས་མཛད་པའོ།། འདིས་ཀྱང་བཅོམ་ལྡན་འདས་ཡིག་དང་རྣ་བ་དང་། སྣ་བ་དང་ལྕེ་དང་ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་དག་པའི་ངོ་བོ་ཉིད་མངོན་སུམ་དུ་མཛད་པས་བྱ། ་བ་བསྒྲུབ་པའི་ཡེ་ཤེས་བརྙེས་ཏེ། ལས་ཀྱི་རིགས་ཀྱི་ངོ་བོ་ཉིད་ཡིན་པར་སྟོན་ཏོ།། སྔགས་པ་རྣམས་ཀྱིས་ཀྱང་ཞི་བ་ལ་སོགས་པའི་ལས་རྣམས་ལ་གོམས་པར་བྱའོ་ཞེས་སྟོན་པ་ཡིན་ནོ།། དེ་ལྟ་བུ་དེ་སུ་ཞིག་ཡིན ་ཞེ་ན། ཐུགས་རྗེ་ཆེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྣམ་པར་སྣང་མཛད་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས། རྣམ་པར་སྣང་མཇེད་དེ། རྣམ་པར་སྣང་བར་བྱེད་པ་ཉིད་ཀྱི་ས་ན་རྣམ་པར་སྣང་མཇེད་དོ།། འདི་སྐད་སྟོན་ཏེ་ན་མཁའི་ཁམས ་ཐམས་ཅད་ལྟར་རྟག་ཏུ་བཞུགས་པ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅོམ་ལྡན་འདས་རྣམ་པར་སྣང་མཇེད་ཆེན་པོ་བྱང་ཆུབ་པའི་མཚནི་ཉིང་རྡོ་རྗེ་སེམས་དཔའ་གཞིའི་ས་ལ་རྣམ་པར་བཞུགས་པའི་བྱང་ཆུབ་སེམས་དཔའ་ལས་ལྷག་པ ་ཉིད་དོ།། དེ་བས་ན་འདི་ལྟར་ཆེན་པོ་ཉིད་དེ་ཐམས་ཅད་ཁྱབ་པས་ཕྱོགས་བཅུར་སྐད་ཅིག་མ་གཅིག་གི་ཤུགས་ཀྱིས་རྣམ་པར་སྣང་ཞིང་འབར་ལ། གཟུགས་ཐམས་ཅད་ཡང་དག་པར་སྟོན་པར་མཛད་པས་ན་རྣམ་པར་སྣང་མཛད་ཆེན ་པོ་ཞེས་བྱའོ།། དེ་ལྟ་བུའི་བཅོམ་ལྡན་འདས་དུ་ས་ཛ་སྲད་ཅིག་མ་གཅིག་གི་བར་དུ་བཞུགས་ཞེ་ན། རྟག་པ་ཞེས་བྱ་བ་གསུང་ཏེ། རྒྱུན་གྱི་རྟག་པ་ཉིད་ཀྱི་འཁོར་བ་ཇི་སྲིད་ཀྱི་བར་དུ་བཞུགས་སོ་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་ཞེ་ན། ཐུཊ ་རྗེ་ཆེན་པོའི་གཞན་གྱི་དབང་གི་སེམས་ཅན་གྱི་དོན་དུ་བཞུགས་སོ།། ཇི་ལྟར་ན་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་བརྗོད་པར་བྱ་ཞེ་ན། དུས་གསུམ་གྱིས་མཉམ་པ་ཉིད་ལ་བཞུགསོ་ཞེས་བྱ་བ་གསུངས་ཏེ། འདས་དང ་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་ནི་དུས་གསུམ་མོ།། དེ་དག་སྤྲུལ་པའི་སྐུས་ཡོངས་སུ་མྱ་ངན་ལས་འདས་པ་ལ་སོགས་པ་ཡང་དག་པར་སྟོན་པར་མཇེད་པས་དུས་གསུམ་གྱིས་མཉམ་པ་ཉིད་ལ་བཞུགས་པ་སྟེ། ཀུན་རྫོབ་ཏུ་བཅུ ་པ་ཞེས་བྱ་བའི་དོན་ཏོ།། ལོངས་སྤྱོད་རྫོགས་པའི་སྐུ་དང་། ཆོས་ཀྱི་སྐུ་དག་ནི་རྒྱུན་ཆད་པ་མེད་པས་འདས་པ་དང་མ་འོངས་པའི་དབྱེ་བ་ཡོད་པ་མ་ཡིན་ནོ།། ཅི་འདི་དག་གཞན་དུ་རྣམ་པར་དབྱེ་འམ་འོན་ཏེ་མ་ཡིན་ཞེ་ན། སྐུ་དང་གསུང་དང་ཐུགས ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་གསུངས་ཏེ། སྐུ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། སྐུ་ཐམས་ཅད་དེ་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུ་ཞེས་བྱ་བའི་དོན་ཏོ།། གསུང་ཐམས་ཅད་ནི་བཀའ་རྣམས་སོ།། ཐུགས ་ཐམས་ཅད་ནི་མེ་ལོང་ལྟ་བུ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་། བྱ་བ་བསྒྲུབ་པའི་ཡེ་ཤེས་རྣམས་སོ།། སྐུ་དང་གསུང་དང་ཐུགས་དེ་ཉིད་རྡོ་རྗེར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་གཉིས་སུ་མེད་པའོ།། དེ་ཡང་རེ་ཞིག་སེམས་དང ་སེམས་ཀྱི་ཚོགས་རྣམས་དེར་གཅིག་འགྱུར་པ་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་དཔྱོད་པར་མི་ནུས་པས་རྡོ་རྗེ་དང་འདྲ་བས་རྡོ་རྗེའོ།། བདག་པོ་དེ་ལས་ངེས་པར་བྱུང་བའི་ལོངས་སྤྱོད་རྫོགས་པའི་སྐུ་དག་དང་། གསུང་རྣམས་ཀྱང་དངོས ་པོའི་དོན་ཐམས་ཅད་ཀྱིས་མི་ཕྱེད་པས་ན་རྡོ་རྗེ་སྟེ་དེ་ལྟར་གསུམ་ཆར་ལ་ཡང་རྡོ་རྗེ་ཉིད་དུ་འདོད་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེའོ།། དེ་ཡང་ཇི་ལྟར་སྐུ་དང་གསུང་དང་ཐུགས་འདི་དག་རྡོ་རྗེར་གནས་པ་དེ་བཞིན་དུ་བློས་རྟོགས་པར་མཛད་ཅིང་དེ་བཞིན ་དུ་གཞན་དག་ལ་སྟོན་པར་མཛད་པ་ནི། ཐུགས་རྗེ་གཞན་གྱི་དབང་དུ་གྱུར་པ། དེ་བཞིན་གཤེགས་པའོ་ཞེས་གསུངས་ཏེ། སྟོན་པར་མཛད་པའི་ཡོན་ཏན་ཡང་དག་པར་སྟོན་པར་མཛད་པ་འདིས། དྲག་པའི ་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་སྔགས་ཀྱི་ཚུལ་འཇུག་པར་བྱ་བའི་ཕྱིར་བརྩོན་པར་འགྱུར་བ་དང་། དད་པའི་རྗེས་སུ་འབྲང་བ་རྣམས་རེ་ཞིག་སྟོན་པ་པོའི་ཡོན་ཏན་ཐོས་པས་འབད་ད། དང་བས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ།། ་ཞེས་བསྟེན་པ་ལ་འཇུག་པར་འགྱུར་བ་དང་། ཆོས་ཀྱི་རྗེས་སུ་འདྲོང་བ་རྣམས་ཀྱང་ཤེས་རབ་ལ་སྤྱོད་པར་གྱུར་པ་ཉིད་ཀྱིས་ཉེས་པ་དང་ཐམས་ཅད་བྲལ་བར་གྱུར་ཅིང་ཐུགས་རྗེའི་བདག་ཉིད་ཅན་བསླུ་བར་མི་མཇེད་པས་སྔགས་ཀྱི་ཚུལ་འདི ་བསྟན་པ་ཡིན་ནོ་ཞེས་ངེས་པ་སྐྱེས་པར་གྱུར་ན། པར་འགྱུར་ཏེ། ཉེས་པ་ཟས་པ་རྫུན་གྱིས་ཚིག། སྨྲ་བའི་མི་འགྱུར་རྒྱུ་མེད་ཕྱིར་ཞེས་བཤད་པ་སྟེ། དེ་ལྟར་གྱུར་པས་འདི་བཤད་པ་ཡིན་ནོ་ཞེས་ངེས་པ་བསྐྱེད་ནས། གང་དུ་བཞུགས་པས ་འདི་གསུངས་ཤེས་རྣལ་འབྱོར་གྱི་གནས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བསྟེན་པ་ཡིན་པས་ན་དེ་བཞིན་གཤེགས་པ ་ཐམས་ཅད་བཞུགས་ཤིང་ཞེས་བྱའོ།། ཅིའི་ཕྱིར་ཞེ་ན།། སྨྲས་པ་གང་གི་ཕྱིར་སྔགས་པས་སོ།། བསྔགས་པ་ཉིད་ཀྱིས་ན་བསྟོད་པའོ།། དེ་ལྟར་ན་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་དང་། བསྔགས་པ་དང་། ་བསྟོད་པ་སྟེ། དེ་བས་ན་དེ་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་བསྔགས་པའང་སྟོང་པ་དེ་ལྟ་བུའི་གནས་དེར་བཞུགས་སོ་ཞེས་བྱ་བར་སྦྱར་རོ།། ནོར་བུ་རིན་པོ་ཆེ་དང་བྱ་བ་ལ་སོགས་པ་ལ་ནོར་བུ་རྣམས་དང་། རིན་པོ་ཆེ་རྣས ་ནི་ནོར་བུ་རིན་པོ་ཆེ་སྟེ། ནོར་བུ་ནི་ཡིད་བཞིན་གྱི་ནོར་བུའོ།། རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པའོ།། ནཻརེ་བུ་དང་རིན་པོ་ཆེ་ཡང་ཡིན་ལ། ཆེན་པོ་ཡང་ཡིན་པས་ནོར་བུ་རིན་པོ་ཆེ་སྟེ། དེ་རྣམས་ཀྱི་སྤྲས་པ་ནི་རྣམ་པར་བརྒྱན་པའོ།། ་དེ་ནོར་བུ་དང་རིན་པོ་ཆེས་སྤྲས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁ་དོག་སྣ་ཚོགས་པ་ཡང་ཡིན་ཏེ། ཁ་དོག་སྣ་ཚོགས་པ་ཡང་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཁ་དོག་རྣམ་པ་དུ་མའོ།། དྲིལ་བུ་བཏགས་པ་ནི་དྲིལ་བུ་དང་སྦྲེལ་པའོ།། དྲིལ ་བུ་བཏགས་པ་ཡང་ཡིན་ལ་ངར་གྱི་བ་དུན་ལ་སོགས་རླུང་གིས་བསྐྱོད་ཡང་ཡིན་པས། དེ་སྐད་ཅེས་བྱ་སྟེ། མེ་ཏོག་གི་ཕྲེང་བ་ནི་མེ་ཏོག་བརྒྱུས་པའོ།། རྔ་མ་ནི་རྔ་ཡབ་བོ།། དྲ་བ་ནི་མཆོག་དབུས་ན་ཡོད་པའོ།། དྲི་བ་དྲ་ཕྱེད་པ་ནི ་མཆོག་ཐཱ་མཱན་ཡོད་པའོ།། ཟླ་བ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པའི་མེ་ལོང་གི་དཀྱིལ་འཁོར་ཏེ། དེ་རྣམས་རླུང་གིས་བསྐྱོད་པ་ནི་རླུང་གིས་བཏེག་ཅིང་གཡོ་བར་བྱས་པའོ།། དེ་ལྟར་ན་དེ་ལྟ་བུའི་དར་གྱིས་གྲོདྲ་ན་དང་། ་མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་དེ་རྣམས་ཀྱིས་གཞལ་ཡས་ཁང་དེ་རྣམས་ཉེ་བར་མཛེས་པར་བྱས་པའོ།། དེ་ལྟ་བུར་གྱུར་པ་དང་། གང་ན་བཞུགས་ཤེ་ན། འདོད་པའི་ཁམས་ཐམས་ཅད་ཀྱི་ཞེས ་བྱ་བ་ལ་སོགས་པར་གསུངས་སྟེ། འདོད་པའི་ཁམས་ཀྱང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས། འདོད་པའི་ཁ་ཐམས་ཅད་དེ་ཕྱོགས་བཅུའི་ན་མཁའི་ཁམས་མཐར་ཐུག་པ་ཅི་སྙེད་པའི་ཁམས་དེ་སྙེད་དང ་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོའི་གནྡྷ་ཛི་། དེ་སྙེད་དུ་བདག་ཉིད་ཀྱི་དངོས་པོ་ཆེད་མེད་པ་ཉིད་ཀྱི་བཞུགས་སོ།། ཞེས་བྱ་བའི་དོན་ཏོ།། དེ་ཡང་གཞན་རྣམོས་ཀྱིས་སྤྲུལ་པས་ན་གཞན་སྤྲུལ་ཏེ། ལོངས་སྤྱོད་དེ་རྣམས་ལ་དབང་སྒྱུར ་བར་ནུས་པ་དེ་ལ་གནས་པའི་ངང་ཚུལ་ཅན་གྱི་ལྷ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། གཞན་གྱི་སྤྲུལ་པ་ལ་ལོངས་སྤྱོད་པར་ནུས་པའི་ལྷ་དེ་རྣམས་ཉིད་ཀྱིས་རྒྱལ་པོ་ཡིན་པས་ན། གཞན་འ་ཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་སྟེ། བབཅོམ ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་འདོད་པའི་ཁམས་ཀྱི་དབང་ཕྱུག་ཆེན་པོ་གདུལ་བར་བྱ་བའི་ཕྱིར། བཙུན་མིའི་འཁོར་གྱི་རླུང་ན་བཞུགས་སྟེ། གཞན་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ལ་སོགས ་པེའི་ཡོན་ཏན་དང་ལྡན་པའི་གཞལ་ཡས་ཁང་ལོངས་སྤྱད་པར་བོས་པ་ཡིན་ནོ།། འདིས་ནི་གདུལ་བྱ་རྣམས་འདོད་པ་བསྐྱེད་པར་བྱ་བའི་ཕྱིར། གནས་ཕུན་སུམ་ཚོགས་པ་གསུངས་པ་ཡིན་ནོ།། ཅི་བཅོམ་ལྡན་འདས་འདི་གཅིག་པུ་ཞིག ་བཞུགས་སམ་ཞེ་ནི། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་གཙོ་བོ་སུ་ཞིག་ཡིན་ཞེ་ན། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་སྟེ། བྱང་ཆུབ་སྟོན་པར ་བྱེད་པའི་མཚན་མ་ནི་རྡོ་རྗེ་སྟེ། དེས་ཉེ་བར་མཚན་པའི་ཕྱག་མངའ་བས་ཕྱག་ན་རྡོ་རྗེའོ།། གཟིགས་པར་མཚན་པས་ན་སྤྱན་རས་གཟིགས་ཏེ། རང་བཞིན་གྱི་དག་པ་ལ་ས་སོར་རྟོག་པར་མཛད་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་བསྐྱབ་པ ་ལ་སོ་སོར་རྟོག་པར་མཛད་པའོ།། དེའི་དབང་ཕྱུག་ནི་གཙོ་བོ་སྟེ། སྦྱིན་རས་གཟིགས་དབང་ཕྱུག་གོ།། ན་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། དེའི་སྙིང་པོ་སྟེ། སྐྱེ་བའི་གནས་མངའ་བ་གང་ཡིན་པ་དེ་ནི་ན་མཁའི་སྙིང་པོའོ།། ཆོས་བདག ་མེད་པར་རྗེས་སུ་དྲན་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བྱ་བ་ནི་ཁུ་ཚུར་ཏེ། དེ་ལས་བྱུང་བ་ལཱུ་ཡང་ཉེ་བར་གདགས་པ་རྡོ་ཁུ་ཚུར་ཞེས་བྱའོ།། འཇམ་ཞིང་གཉེན་པའི་དཔལ་གང་ལ་ཡོད་པ་ནི་འཇམ་དཔལ་ཏེ། གཞོན་ནུའི་མདང་ས་དང ་ལྡན་པའི་ངོ་བོ་ཉིད་དང་ལྡན་པའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་ལ་གནསོ་བའི་རྒྱུ་མཐུན་པ་ཉིད་ཀྱི་ཉི་ས་བཅུ་དང་། ཉོན་པོ་ཅན་མ་ཡིན་པའི་རྨོངས་པའི་སྲ་བ་མངའ་བའི་ཕྱིར་རོ།། སེམས་བསྐྱེད་པའི་རྗེས་ཐོགས་ཉིད་ལ་ཆོས་ཀྱི་འཁོར་ལོ་སྡེ ་དཀྱིལ་འཁོར་བསྐོར་བའི་ངང་ཚུལ་གླང་ལ་སྤྱོད་ཀྱེ་བྱང་ཆུབ་སེམས་དཔའ་ཡང་ཡིན་ལ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་ཡིན་པོས་དེ་སྐད་ཅེས་བྱའོ།། ན་མཁའ་ནི་གོ་འབྱེད་དེ། དེ་ཉིད་ནི་རྫས ་སྣོད་ཀྱི་ཁང་པར་གྱུར་པ་གང་ཡིན་པ་དེ་ནི་ན་མཁའི་མཛོད་དོ།། བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་བདུད་ཐམས་ཅད་དེ། ལྷའི་བུ་དང་། ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་གི་བདུད་དོ།། དེ་རྣམས་རབ་ཏུ ་འཇོམས་ཤིང་བཟློས་པའི་ངང་ཚུལ་གང་ལ་ཡོད་པ་དེ་རྣམས་ནི་དེ་སྐད་ཅེས་བྱའོ།། དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་ཉིད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ན་དེ་དག་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་བྱེ་བ་ཕྲག་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་སྟེ། ཀུན་ནས་ཡོངས་སུ་བསྐོར་བ་དང་། མདུན་གྱིས་བལྟས་པ་སྟེ། མོས་པའི་ཁྱད་པར་ཕུལ་དུ་བྱུང་བས་བློ་ལ་འཇོག་པའོ།། ཅི་ཞིག་མཇེད་ནས་ཆོས་སྟོན་པར་མཛད་ཅེ་ན། ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་སྒོ་ཞེས་བྱ་བར་རྣམ་པར་སྦྱར་ཏེ། སྟོན་ཏེ་ཞེས་བྱ་བ་ནི་འཆད་པར་མཛད་དོ།། ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན་ཐོག་མར་དགེ་བ་ཞེས་པ་ལ་སོགས་པས་གསུངས་ཏེ། དང་པོར་ཐོས་པར་གྱུར་པ་ནི ་གནས་སྐབས་སུ་མོས་པ་དམ་པའི་རྒྱུར་གྱུར་པས་ན། ཐོག་མར་དགེ་བའོ།། ཁོར་དུ་བསམ་པའི་གནས་སྐབས་ན་དགའ་བའི་རྒྱུར་གྱུར་པས་ན་བར་དུ་དགེ་བའོ།། མཐའ་མར་བསྒོམ་པའི་གནས་སྐབས་ན་གྲོལ་བའི་རྒྱུར་གྱུར་པས་ན་ཐ་མར་དགེ། ་བའོ།། ཡང་ན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་བསྐྱེད་པར་བྱེད་པ་ཉིད་ཀྱིས་ཐོག་མ་དང་བར་དང་ཐ་མར་དགེ་བ་སྟེ་དགེ་བ་ནི་འཚེ་བ་མེད་པའོ།། བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཚིག་གི་ཚུལ་ཡིན་པས་ན་དོན་བཟང་པོའོ།། སྐད་བྲུཾར ་ཆགས་པ་ལ་སོགས་པ་དང་བྲལ་བས་ནི་ཚིག་འབྲུ་བཟང་བའོ།། གང་ཟག་དང་ཆོས་སུ་འཛིན་པ་དང་བྲལ་བས་ན་མ་འདྲེས་པའོ།། ཐེག་པ་མ་ལུས་པ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ཀྱི་མངོན་པར་འདོད་པའི་དོན་ཐོབ་པར་མཛད་པས ་ན་ཡོངས་སུ་རྫོགས་པའོ།། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་སྟོན་པའི་རང་བཞིན་ཡིན་པས་ན་ཡོང་སུ་དག་པའོ།། དེ་ཉིད་ཡང་དང་ཡང་དུ་མངོན་སུམ་དུ་བྱེད་པར་འགྱུར་བའི་བསྒོམ་པའི་ལམ་ནི་ཡོངས་སུ་བྱང་བའོ།། ཆོས་ཀྱང་ཡིན ་ལ་ཐམས་ཅད་ཀྱང་ཡིན་པས་ན་ཆོས་ཐམས་ཅད་ཏེ། རབ་ཏུ་དགའ་བ་ལ་སོགས་པའོ།། དེ་རྣམས་ཀྱི་རྣམ་པར་དག་པ་ཡིན་པས་ན། ཆོས་ཐམས་ཅད་རྣམ་པར་དྲག་པ་སྟེ། རབ་ཏུ་དགའ་བ་ལ་སོགས་པའི་སྐྱེ་བ་མེད་པ་མངོན ་སུམ་དུ་བྱས་པའོ།། ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ནི་ཐབས་ཏེ། གང་གི་རབ་ཏུ་དགའ་བ་ལ་སོགས་པ། ཐོས་པ་དང་། བསམ་པ་དང་། བསྒོམས་པའི་ཚུལ་གྱིས་རྣམ་པར་དག་པ་ཐོབ་པའོ།། མིང་དེ་སྐད་ཅེས་བྱ་བའི ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ་ལ་ཤེས་རབ་ནི་ཆོས་ཐམས་ཅད་བདག་མེད་པར་རྣམ་པར་འབྱེད་པའི་བློ་གྲོས་སོ།། དེ་ཉིད་ནི་བདག་ཉིད་ཀྱིས་ཕུན་སུམ་ཚོགས་པའི་ཕ་རོལ་ཏུ་སོན་ཅིང ་ཕྱིན་པ་ཡིན་པས་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཉོན་མོངས་པ་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་རྨོངས་པ་དང་བྲལ་བའི་ཆོས་ཐམས་ཅད་བདག་མེད་པའི་རྣམ་པར་ལྷུན་གྱིས་གྲུབ་པ་ཐོབ་པའི་བློ་གྲོས་ཞེས་བྱ། ་བའི་དོན་ཏོ།། དེའི་ཚུ་ལ་ནི་དགའ་བ་རྣམ་པར་དག་པའི་གནས་ལ་སོགས་པ་ཐོས་པ་དང་། བསམ་པ་དང་བསྒོམ་པའི་མཚན་ཉིད་ནི་ཚུལ་ཏེ་ཐོབ་པར་བྱེད་པའོ།། དེས་རྟོགས་པར་མཛད་ནས་དེ་ལྟ་བུའི་ཚུལ་ཏེ། ཡང་དག ་པར་སྟོན་ཏོ་ཞེས་བྱ་བ་གསུང་རྒ་སྟན་ཅིང་འཆང་བར་མཛད་པའོ།། ཆོས་ཐམས་ཅད་རྣམ་པར་དག་པའི་སྒོ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་ཡང་དག་པར་སྟོན་ཏོ་ཞེས་བྱ་བ་འདི་གང ་ཞིག་ཡིན་ཞེ་ན། འདི་ལྟར་རབ་ཏུ་དགའ་བ་རྣམ་པོར་དག་པོའི་གནས་ནས། རོ་རྣམ་པར་དག་པའི་གནས་ཀྱི་བར་དུ་གསུངས་པའོ།། འདི་ལྟར་ཁྲོས་བྱ་བ་ནི་གང་ཞེ་ན་ཞེས་བྱ་བའི་དོན་ཏེ། རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས ་པའི་རང་བཞིན་ཅན་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལ་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་གཉིས་སྙོམས་པར་འཇུག་པ་ལས་བྱུང་བའི་ཚིམ་པའི་ཁྱོད་པར་ནི་རབ་ཏུ་དགའ་བོའོ།། དེའི་རྣམ་པར་དག་པ་ནི་དགའ་བ་རྣམ་པར་དག་པ ་སྟེ། དོན་དམ་པ་ཉིད་དོ།། དེ་ཡང་རབ་ཏུ་དགའ་བ་ངོ་བོ་ཉིད་མེད་པ་ནི་རབ་ཏུ་དགའ་བ་རྣམ་པར་དག་པའོ།། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གཞིའོ།། འདི་ནི་ཞེས་བྱ་བ་ནི་གནས ་ནི་འདི་ཡིན་ནོ་ཞེས་སྟོན་པ་སྟེ། དེས་ན་གནས་ཀྱི་སྒྲ་གཉིས་པ་དང་འདི་སྦྱར་བར་བྱའོ།། འདི་ལྟ་སྐྱེ་ཞེས་བྱ་བ་ནི་སྔ་མ་དང་སྨྱུར་བར་བྱའོ།། བྱང་ཆུབ་སེམས་དཔའི་གནས་སོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་བྱང་ཆུབ་སེམས་དཔལ ་གནས་ཡིན་ཏེ། དེའི་དོན་ནི་འདི་ཡིན་ནོ།། གང་གི་ཚེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་འོང་བྱང་ཆུབོ་སེམས་དཔའི་དཀྱིལ་འཁོར་ལ་སོགས་པའི་ཚུལ་གནས་ཀྱི་རྣམ་པ་བཅུ་བདུན་པོ་ལ་སེམས་ཅན་རྣམས་གདུལ་བར ་བྱ་བའི་ཕྱིར་བསྟེན་པར་མཛད་པའི་བུམ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པའི་ཚུལ་དེ་ནི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་སམ། རབ་ཏུ་དགའ་བ་རྣམ་པར་དག་པའི་དོན་ཏུ་འམ། རབ་ཏུ་དགའ་བ་རྣམ་པར་དག་པའི་རྒྱུར ་རོ།། གསང་བསྔགས་ཀྱི་སྤྱད་པ་སྤྱོད་པ་རྣམས་ཀྱི་ནི། དེས་དཀྱིལ་འཁོར་ལ་སོགས་པ་ལ་དགོངས་པར་གྱུར་ན་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱི་རབ་ཏུ་དགའ་བ་རྣམ་པར་དག་པ་ཐོབ་པར་འགྱུར་རོ།། དྲི་བས་ན་རབ་ཏུ ་དགའ་བ་རྣམ་པར་དག་པ་ངོ་ན་གནས་སུ་འགྱུར་རོ།། ཡང་ན་ཐམས་ཅད་ལ་མཆོག་ཏུ་འགྱུར་བའི་དངོས་གྲུབ་ཟག་པ་མེད་པའི་བདེ་བ་དང་ཡོད་བདེ་བའི་ངོ་བོ་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་རབ་ཏུ་དགའ་བ་སྟེ། དེ་ཉིད་ནི་རབ ་ཏུ་དགའ་བ་རྣམ་པར་དག་པའོ།། དེ་ཉིད་ནི་གནས་ཡིན་པས་ན་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་སོ།། འདི་གང་གི་གནས་ཡིན་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱང་ཆུབ་སེམས་དཔའོ།། འདིས་ནི་འདི ་སྐད་སྟོན་པར་འགྱུར་ཏེ། གང་འདི་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བྱང་ཆུབ་སེམས་དཔའི་གནས་ཏེ། སེམས་ཅན་གདུལ་བར་བྱ་བའི་ཕྱིར་རྟེན་དུ་གྱུར་པའོ།། དེ་ཡང་གང་གི ་ཕྱིར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདིས་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ལེ་འདོད་ཆགས་ཀྱི་འདོད་ཆགས་རབ་ཏུ་སྤོང་བར་མཛད་པ་འམ། གསང་སྔགས་ཀྱི་སྒོའི་སྤྱད་པོ་སྤྱོད་པའི་བྱང་ཆུབ་སེམས ་དཔའ་རྣམས་ཀྱི་གནས་དེ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གནས་ཏེ། སེམས་ཅན་རྣམས་འདུལ་བའི་ཕྱིར་རྟེན་དུ་འགྱུར་བའོ།། གང་གི་ཕྱིར་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་དེས་རབ་ཏུ ་དཀའ་བ་རྣམ་པར་དག་པ་ལ་བརྟེན་ཏེ་བསྒོམ་པའི་སྟོབས་ཀྱི་གནས་དེ་ཉིད་ཐོབ་པར་འགྱུར་རོ།། དེ་བས་ན་རབ་ཏུ་དགའ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡིན་ལ་སོམ་ཉི་མི་བྱའོ།། དེ་ཡང་དེ་ཉིད་ལས། ཀུན་གྱི་དམ་པ་དངོས ་གྲུབ་མཆོག། དབང་ཕྱུག་ཆེན་པོ་ཐོག་མིའི་ལྷ།། རྡོ་རྗེ་འཛིན་པ་རྒྱལ་པོ་ཆེ།། རབ་ཏུ་དགའ་བ་མི་འགྱུར་མཆོག། ཅེས་གསུངས་པའི་ཕྱིར་རོ།། ཤིན་ཏུ་དགའ་བས་ན་རབ་ཏུ་དགའ་བའོ།། ཞེས་བཤད་དེ། གསང་བ་ལྔས ་སེམས་ཅན་རྣམས་སྨིན་པ་ལ་སྤྱོད་པར་མཛོད་དོ་ཞེ་ས་བྱ་བའི་དོན་ཏོ།། དེ་ལྟར་ན་རབ་ཏུ་དགའ་བ་རྣམ་བུར་དག་པའི་གནས་འདིས་ནི་རྡོ་རྗེ་སེམས་དངའི་དྲི་བོ་ཡིན་པར་བཤད་པ་ཡིན་ནོ།། བུད་མེད་དང་སྐྱེས་པའི་དབང་པོ་གཉིས ་སྙོམས་པར་འཇུག་པའི་བདེ་བ་དང་ཡི་བདེ་བའི་དུས་ཀྱིས་རྗེས་ཐོགས་ལ་ཕན་ཚུན་ཀུན་ཏུ་ཆགས་པ་ཉེ་བར་སྐྱེ་བར་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་རོ།། འདོད་ཆགས་ཀྱི་མངའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་འདོད་ཆགས་ནི་ཞེན་པའི་མཚན་ཉིད་ཅན་ནོ།། འདོད་ཆགས་ཉིད་མངའ་ཡིན་པས་ན་འདོད་ཆགས་ཀྱི་མངའ་སྟེ། སེམས་དང་སེམས་ལས་བྱུང་བ་ཕྲ་མོ་དམིགས་པའི་ཕྱིར་རོ།། འདོད་ཆགས་ཀྱི་མདའི་རྣམ་པར་དག་པ་ཞེ ་སྦྱར་ཏེ། ཕན་ཚུན་ཀུན་ཏུ་ཆགས་པ་ལས་འཁྱུད་པ་དང་། རེག་པར་བྱེད་ལ་རེག་པར་གྱུར་པ་ལས་ནི་ཕན་ཚུན་གཅིག་ལ་གཅིག་ཡོངས་སུ་མི་འདོར་བའི་ཆགས་པ་འབྱུང་ངོ་།། ཆགས་པར་གྱུར་པ་ལས་ནི་ཕན་ཚུན་ཉེ་བར ་སྦྱོར་བའི་ཕྱིར། རྒྱལ་པོ་ལ་སོགས་པའི་ལོངས་སྤྱོད་ཐམས་ཅད་ཀྱི་དབང་ཕྱུག་གི་བདག་པོ་ནི་འདོད་ཆགས་ཀྱིས་མངས་རྣམ་པར་བཅོམ་པ་ནི་བདག་ཏུ་འཛིན་པའི་རྣམ་པའི་ཤེས་རབ་ནི་ལྟ་བའོ།། ཕན་ཚུན་རེག་པ་ལས་ཀུན་ཏུ་བྱུང་བ ་མགུ་བི་ནི་དགའ་བའོ།། ཆགས་པས་ཟིལ་གྱིས་ནོ་ན་པ་རྣམས་ནི་མ་འོངས་པ་ནའང་འབྲལ་བར་མི་འགྱུར་བར་འདོད་པ་ནི་སྲེད་པའོ།། དབང་ཕྱུག་གི་གནས་ཀྱིས་མྱོས་པ་རྣམས་ཀྱི་རྭ་རྒྱལ་གྱི་ངོ་བོ་ཉིད་ནི་སྙེམས་པའོ།། བདག་ཏུ་བལྟ་བ་ལ ་ཞུགས་པ་རྣ་མས་ཀྱི་མེ་ཏོག་ལ་སོགས་པས་བདག་ཉིད་རྒྱན་པ་ནི་རྒྱུན་ནོ།། མགུ་བ་དང་དགའ་བའི་བདེ་བས་ཡིད་ཚིམ་པའོ།། མངོན་པར་སྦྱོར་བར་འདོད་པའི་མར་མེ་ལ་སོགས་པའི་སྣང་བའོ།། ང་རྒྱལ་གྱི་ཟིལ་གྱིས་ནོན་པ་རྣམས་མཐོ་བ་ལ ་ཉམས་པ་ནི་འཇིགས་པས་ཁྲུས་ལ་སོགས་པས་ལུས་ཀྱི་དྲི་བསོལ་བ་ནི་ལུས་བདེ་བའོ།། བདག་ཉིད་ཀྱི་བརྒྱན་གྱི་རྒྱུར་གྱུར་པ་རབ་ཏུ་དང་བ་ལ་སོགས་པ་ནི་གཟུག་སོ།། ཡིད་ཚིམ་པ་ཐོབ་པ་རྣམས་ཀྱི་གཅིག་ལ་གཅིག་སྨྲ་བ་ནི་སྒྲའོ།། ་སྣང་བ་ཡོད་པས་ན་གཅིག་གིས་གཅིག་མཐོང་བས་དྲིས་ཞུག་པ་ནི་དྲིའོ།། ལུས་ཀྱི་དྲི་མ་དང་བྲལ་ནས་ཕན་ཚུན་ཟས་སྙི་པ་ན་རིའོ།། དེ་ནས་རྗེསུ་མྱོང་བ་སྟེ། འདི་ནི་འཁོར་བར་འཇུག་པའི་རིམ་པ་ཡིན་ནོ།། གང་གི་ཚེ་རྡོ་རྗེ་ཡིད་ལས་རྒྱུ ་བ་ལ་སོགས་པ་ཉིད་འདོད་ཆགས་ཀྱི་མངའ་ཞེས་བཤད་པ་དེའིརྡོ་རྗེ་སེམས་དཔའི་བདེ་བ་མྱོང་བ་རྣམས་དེ་ཐོབ་པར་འདོད་པས་ཡང་དང་ཡང་དུ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ལ་ཀུན་ཏུ་ཞེ་ན ་པར་སྒོམ་པ་ནི་འདོད་ཆགས་ཏེ་དེ་སྐད་དུ། འདོད་ཆགས་དམི་ཚིག་ཡིན་པར་བཤད། ཆོས་ཀྱི་འདོད་པ་ཡིད་དུ་འོང་། ཞེས་གསུངས་པའི་ཕྱིར་རོ།། འདི་བསྒོམ་པས་ཀྱང་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པ་ནི་རེག ་པའོ།། རེག་པ་ལས་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཡང་དག་པར་སྐྱེས་པ་ལས་ཀྱེ་མའོ་སེམས་ཅན་འདི་དག་ནི་ངོ་བོ་ཉིད་ཀྱིས་སྡུག་བསྔལ་བ་སྟེ། བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པའི་ཁམས ་གསུམ་པ་རྣམས་ནི། ཟོ་ཆུན་གྱི་རྒྱུད་མ་ལྟར་འཁོར་བ་ལྟར་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་མ་མཐོང་བ་ཡིན་གྱིས་གང་དག་གིས་འདི་རྣམས་ལ་ལམ་ཡང་དག་པར་བསྟན་པར་བྱའོ།། ཞེས་བྱ་བའི་སྙིང་རྗེ་ཆེན ་པོའི་མཚན་ཉིད་ཅན་གྱི་སེམས་ནྡན་རྣམས་ལ་ཆགས་པ་ཉེ་བར་སྐྱེ་བར་འགྱུར་ཏེ། ཇི་ལྟར་རྟོགས་པའི་ཡེ་ཤེས་ཉིད་དང་མི་འབྲལ་བར་འདོད་པ་ནི་ཆགས་པ་སྟེ་སྡུག་པའོ།། སྙིང་རྗེ་ཆེན་པོ་གཞོན་གྱི་དབང་དུ་གྱུར་པས་སེམས ་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྤྲུལ་པས་ཐམས་ཅད་ལ་དབང་ཕྱུག་དང་། དབང་རྣམ་པར་དག་པ་ནི་དབང་ཕྱུག་སྟེ། དབང་ཕྱུག་ནི་ལོངས་སྤྱོད་མ་ལུས་པ་ཕན་སུམ་ཚོགས་པའོ། ་དབང་ནི་དེ་ལ་དཔུང་དུ་གྱུར་པ་ཉིད་དོ།། བསྒོམ་པ་ལ་ཀུན་ཏུ་ཞེན་པ་རྣམས་ཀྱི་ཡང་དག་པའི་དོན་རབ་ཏུ་འབྱེད་པའི་ཤེས་རབ་ནི་ལྟ་བའོ།། རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པའི་མགུ་བ་ནི་དགའ་བའོ།། སྡུག་པར་སེམས ་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་འདོད་པ་ནི་སྲེད་པའོ།། ཐམས་ཅད་དབང་ཕྱུག་དང་རྣམ་པར་དག་པ་ལ་ག་ན་སྨྲ་རྣས་སེན་རྗེས་ཀྱི་དོན་བྱ་བའི་ཕྱིར་བདག་ཉིད་ལས་གཉིས་སུ་མེད་པ་ཉིད་དུ་ཡང་དག་པར་སྟོན་པའི་དྲེགས ་པ་ནི་སྙེམས་པ་སྟེ། སྤྲོ་བའི་མཚན་ཉིད་ཅན་ནོ།། བདག་ཏུ་ལྟེ་བ་དང་བྲལ་བ་རྣམས་ཀྱི་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མཚན་ཉིད་ཅན་གྱི་རྒྱན་ནི་བརྒྱན་ནོ།། དེ་ནུས་ཀྱང་བར་ཚད་མེད་པའི་ལམ་གྱི་མཚན་ཉིད་ཅན་གྱི་ཤེས་རབ་ནི་ཡིད ་ཚིམ་པར་བྱེད་པའོ།། དེ་ནས་ཀྱང་སྤྱན་སྣའི་རང་བཞིན་ཅན་ནི་སྣང་བའོ།། སྐྱེས་བུ་ཚོན་བྱའོ་མཚནུ་སུམ་ཅུ་རྩ་གཉིས་ཀྱི་མནྨ་ཉྩིད་ནི་ལུས་བདེ་བའོ།། དཔེ་བྱད་བཟང་པོ་བརྒྱུད་ཅུ་ནི་གཟུགས་ཏེ། སྐུ་དེས་མངོན་པར་དད་པར ་བྱས་པའི་སེམས་ཅན་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་སྒྲ་ཐོས་པར་མཛོད་པ་ནི་སྒྲའོ།། དེའི་དོན་ལ་ལྷག་པར་མོས་པ་ནི་དྲིའོ།། ལྷ་དང་རོ་གཅིག་ཏུ་གྱུར་པའི་སེམས་ནི་རོའོ།། དེ་ནས་ཀྱང་རྡོ་རྗེ་སེམས་དཔའ་ལ་སོགས ་པའི་ངོ་བོ་ཉིད་ཀྱིས་རབ་ཏུ་དགའ་བ་མངོན་སུམ་དུ་བྱེད་དོ།། འདོད་ཆགས་ཀྱི་མདའ་ལ་སོགས་པའི་གནས་རྣམས་ཀྱིས་ཀྱང་རིམ་པོ་ཅི་ལྟ་བ་བཞིན་དུ་རྡོ་རྗེ་ཡིད་ལས་བྱུང་བ་དང་ཀཱི་ལི་ཀཱི་ལ་དང་། རྡོ་རྗེ་སྡུག་པ་དང་རྡོ་རྗེ་སྙེམས་པ་དང ་སྒེག་མོ་དང་གཞད་པ་མོ་དང་གླུ་མཁན་མ་དང་། རྡོ་རྗེ་དཔྱིད་དང་། རྡོ་རྗེ་སྤྲིན་དང་། རྡོ་རྗེ་སྐྱོན་དང་རྡོ་རྗེ་དགུན་དང་། གཟུགས་དང་སྒྲ་དང་དྲི་དང་རོ་ཝ~ཾ་ལྷ་མོའི་ངོ་བོ་ཉིད་དུ་ཡང་དག་པར་སྟོན་པ་ཡིན་ཏེ། རབ་ཏུ་དག ་བ་རྣམ་པར་དག་པའི་གནས་བཞིན་དུ་ཐམས་ཅད་ལ་ཡིད་བཤད་པར་བྱའོ།། བཅོམ་ལྡན་རྡོ་རྗེ་སེམས་དཔའི་འདོད་པའི་ཁམས་ཀྱི་དབང་ཕྱུག་གདུལ་བར་བྱ་བའི་ཕྱིར། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པའི་རབ་ཏུ་དགའ ་བའི་སྐུར་སྤྲུལ་པར་མཛད་པ་དང་། དེ་མཐོང་ནས་འདོད་པའི་ཁམས་ཀྱི་དབང་ཕྱུག་རང་གི་ཆུང་མའི་འཁོར་རྣམས་སྡུག་བསྔལ་བསྐྱེད་པའི་བླ་སྐྱེས་པ་དང་བཅོམ་ལྡན་འདས་ལ་ཡང་མངོན་པར་དད་པས་བཅོམ་ལྡན་འདས་ལ ་ཕྱག་བྱོས་སོ།། དེ་བས་ན་བཅོམ་ལྡན་འདས་ཀྱི་གཟུགས་རྣམ་པར་དག་པའི་གནས་སོ་སྙམ་ནས་བཅོམ་ལྡན་འདས་ཇི་ལྟར་ན་ཁྱེད་ཀྱི་ཕུན་སུམ་ཚོགས་པ་འདི་དག་ཐོབ་པར་འགྱུར་ཞེས་ཞུས་པ་དང་། དེའི་ཕྱིར་དེ་གསུམ ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་རབ་ཏུ་བཀོད་ནས་དེ་ཉིད་ལ་དམིགས་ཏེ། བཅོམ་ལྡན་འདས་ཀྱིས་རབ་ཏུ་དགའ་དུ་རྣམ་པར་དག་པའི་གནས་ལ་སོགས་པ་སྟོན་པར་མཛད་པ་གང་ཡིན་པོ་དེ་ནཱི་སྒྲའོ།། ་སྒྲ་དོས་ཐོས་པ་དང་དེའི་དོན་དེ་ལ་ལྷག་པར་མོས་པའི་ངོ་བོ་ཉིད་ཀྱིས་ཚུལ་ཁྲིམས་ནི་འདྲིའོ།། དེ་སྐད་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་འདོད་ཡོན་ལྔ་སྤྱོད་ཀྱང་ཞེས་གསུངས་པ་དང་། གཞན་ཡང་ཚུལ་ཁྲིམས་དྲི་ནི་བླ་ན་མེད་ཅེས ་གསུངས་པའི་ཕྱིར་རོ།། དེ་ཉིད་ལ་ལྷག་པར་མོས་པའི་ཤིན་ཏུ་མཐར་ཐུག་པ་ནི་རེའོ།། དེ་ནས་ཀྱང་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གི་མཚན་ཉིད་ཅན་གྱི་རྒྱན་ནོ།། དེ་ནས་ཀྱང་ངེས་པར་འབྱེད་པའི་ཆ་དང་ལྡན་པའི་ཆོས་རབ་ཏུ་རྣམ ་པར་འབྱེད་པ་ཅན་གྱི་མཚན་ཉིད་ཅན་གྱི་ཤེས་རབ་ནི་ཡིད་ཚིམ་པར་བྱེད་པའོ།། དེ་ནས་ཀྱང་སྣང་བ་ཐོབ་པ་དང་སྣང་བ་མཆོད་པ་དང་། དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱོགས་ཅིག་པ་ལས་བྱུང་བའི་བར་ཆད་མེད་པའི་ཏིང་ངེ་འཛིན་གྱི་མཚན ་ཉིད་ནི་སྣང་བའོ།། དེ་ཉིད་ལ་ཡང་སེམས་ཅན་དང་བདག་ཏུ་རྣམ་པར་རྟོག་པ་ལ་སོགས་པ་དེའི་དྲི་མ་དང་བྲལ་བའི་ལུས་ཀྱི་བདེ་བའི་རྒྱུར་གྱུར་པའི་ཕྱིར་ལུས་སོ།། དེ་ནས་བདག་མེད་པར་མཐོང་བ་ནི་ལྟ་བའོ།། དེའི་རྒྱུ་ལ་རང ་གུ་བ་ནི་དགའ་བའོ།། དེ་ནས་ཇི་ལྟར་མཐོང་བའི་དོན་ཡང་དང་ཡང་དུ་མངོན་སུམ་དུ་བྱེད་པར་མངོན་པར་འདོད་པ་ནི་སྲེད་པའོ།། མངོན་པར་འདོད་པར་གྱུར་པ་དེ་ལ་སྤྲོ་བའི་གྲགས་པ་ནི་བསྙེམས་པའོ།། སྤྲོ་བར་གྱུར་པ་དང་ཡང་དང ་ཡང་དུ་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་ལ་ཀུན་ཏུ་ཞེན་པར་བསྒོམ་པ་ནི་འདོད་ཚོགས་ཀྱི་མདའོ།། དེས་ཀྱང་རབ་ཀྱི་མཐར་ཐུག་པར་གྱུར་པ་དང་། དེ་ལ་སྤྱན་ལྟེ་སྟེ། ཤྲཱིའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན ་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ཏེ། དེ་ནས་ཕུང་པོ་ལྔའི་མཚན་ཉིད་ཅན་ཚུལ་ཁྲིམས་འཆལ་པ་ལ་སོགས་པའི་དྲི་མ་དང་བྲལ་བ་ཆོས་ཀྱི་སྐུ་ལ་སོགས་པའི་རང་རང་གི་ངོ་བོ་ཉིད་དེ་མངོན་སུམ་དུ་བྱེད་པ་ནི་རེག ་པའོ།། རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་མངོན་སུམ་དུ་བྱས་པ་དང་། དེ་ཡོངསུ་མི་སྤོང་བའི་ཆགས་པ་ནི་སྡུག་པའོ།། དེས་ན་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་རྨོངས ་པས་སྐབས་མི་ཕྱེད་པ་རང་བཞིན་གྱིས་འོད་གསལ་བའི་རྣམ་པར་ཐར་པ་ཐོབ་པས་ལྷུན་གྱིས་གྲུབ་པར་འཇུག་པ་ནི་ཐམས་ཅད་ལ་དབང་ཕྱུག་དང་། དབང་རྣམ་པར་དག་པ་ཐོབ་སྟེ། བདེ་བ་ཆེན་པོ་རབ་ཏུ་དགའ་བའི་བདེ་བས ་བརྒྱད་པའི་དབོང་ཕྱུག་ཏུ་གྱུར་པ་སྟེ། འདི་ནི་དེའི་སྒོའི་རིམ་པ་ཡིན་ནོ།། ཡུལ་སྤངས་པའི་ཐར་པས་སྐྲག་པ་རྣམས་ནི་ཚུལ་འདི་ཡིན་ཏེ། དེ་རྣམས་ཀྱིས་འཁོར་བའི་གཟུགས་མི་བརྟེན་པ་སྤངས་ནས། ལྟ་བས་མི་ངོམས ་པའི་གཟུགས་ཐོབ་སྟེ། བདེ་བ་ཆེན་པོ་མྱོང་བར་འགྱུར་རོ་ཞེས་ངེས་པར་དགོད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་ཇི་སྐད་དུ་བཤད་པའི་གཟུགས་ཡང་དག་པར་མཛད་པ་ནི་གཟུགས་སོ།། པི་བང་ལ་སོགས་པའི་སྒྲ་ནི ་པི་བང་གི་གཟུགས་ཙམ་གྱིས་དགའ་བ་བསྐྱེད་པར་མི་འགྱུར་ཏེ། དྲི་བས་ན་པི་བྱང་བརྡུང་པོ་ལ་བརྩོན་པ་ནི་སྒྲའོ།། དེ་མེད་པར་ཡང་མཱ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཕྱག་ན་དྲི་བསྣམས་པ་ནི་དྲིའོ།། བཟའ་བ་མེད་པར ་ཤིན་ཏུ་དགའ་བར་མི་འགྱུར་ཏེ། དེ་བས་རོའི་སྤྱོད་ཕྱག་ན་བསྣམས་པ་ནི་རོ་འོ།། མེ་ཏོག་གི་རྐྱེན་མེད་ན་དེ་དང་འདྲེ།། དེ་བས་ན་མེ་ཏོག་གི་གཟུགས་ནི་རྒྱན་ནོ།། བདུག་སྤོས་མེད་པར་ཡིད་ཚིམ་པར་མི་འགྱུར་ཏེ་དེ་བས་ན ་སྤོས་སོ།། མུན་པར་ནི་གཅིག་གི་གཅིག་མཐོང་བ་མེད་པས་དེའི་ཕྱིར་ནོར་བུ་རིན་པོ་ཆེ་ལ་སོགས་པའི་སྣང་བ་ཕྱུག་ན་བསྣམས་པའོ།། དྲི་བྱུག་པ་མེད་པར་ལུས་ཀྱིས་བདེ་བའི་རྒྱུར་མི་འགྱུར་ཏེ། དེ་བས་ན་དཱི་བྱུག་པའོ།། ལས ་བྱེད་པའི་བྲན་མོ་དང་སླས་ཀྱིས་ཚོགས་མེད་པར་རབ་ཏུ་དགའ་བར་མི་འགྱུར་ཏེ། དེ་བས་ན་སྒེག་མོ་ལ་སྲོག་སྤ་སྟེ། མིག་གིས་ཆགས་པ་དང་ལྟ་བ་དང་དགའ་བ་དང་སྲེད་པ་དང་། རབ་ཏུ་དགའ་བའི་སྤྲོས་པས་མཐོ་བའི་བསྙེམས་པའི ་ངོ་བོ་ཉིད་དེ།། གཞན་མ་ཡིན་པར་གྱུར་པ་ནི་འཁྱུད་པར་བྱེད་པ་སྟེ། ནམ་ཡང་ཡོངས་སུ་སྤང་བར་མི་བྱེད་ཅིང་འདི་རྣམས་ལ་རྣམ་པ་ཐམས་ཅད་དུ་དབང་དུ་གྱུར་པ་ཉིད་ཀྱིས་རབ་ཏུ་བདེ་བ་ཆེན་པོ་མྱོང་བར་འགྱུར་བས་འདོད ་ཆགས་ཀྱིས་མདའ་དང་། རེག་པ་དང་། སྔགས་པའི་འཚོང་བ་དང་ཐམས་ཅད་ལ་དབང་ཕྱུག་དང་དབང་རྣམ་པར་དྲག་པའི་རབ་ཏུ་དགའ་བའི་གནས་ཀྱིས་ཡང་དག་པར་སྟོན་པར་མཛད་པ་འདི་ནི་འདོད་ཆག་སྐུ་དང་ལྡན་པ་རྣམས ་འདོད་ཆགས་ཀྱི་འདོད་ཆགས་ཡང་དག་པར་སྤང་བའི་རིམ་པ་ཡིན་ནོ།། དེ་སྐད་དུ་དམ་ཚིག་ཆེན་པོ་ལས་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ལ་འཇུག་པར་བྱ་བའི་ཕྱིར། རྟག་ཏུ་འདོད་ལ་གནས་པ་ཡི།། ལྷ་ཡི་བུ་ནི ་འདི་རྣམས་དང་། འདོད་ཆགས་ཅན་ནི་གཞན་གྱི་ཕྱིར།། རབ་དགེའི་དཀྱིལ་འཁོར་བཤད་པ་ཡིན།། ཞེས་གསུངས་པ་དང་། གཞན་དག་ལས་ཀྱང་། བིན་དེའི་ནགས་ནི་ཉམས་དགའ་བའི།། ཝ་ཉིད་གྱུར་ཀྱང་མཆོག ་ཡིན་གྱི།། གོའུ་ཏ་མ་ཡུལ་རྣམས་སྤངས་པ་ཡི།། ཐར་པ་ནམ་ཡང་མི་འཚལ་ལོ།། ཞེས་འབྱུང་སྟེ་དེ་བས་ན་ཡོན་ཏན་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་གཏན་ཚིགས་གང་གི་ཕྱིར། ་རབ་ཏུ་དགའ་བ་རྣམ་པར་དག་པའི་གནས་འདི་ནི། འདི་ལྟ་སྟེ། བྱངཆུབ་སེམས་དཔའི་གནས་སོ་ཞེས་བྱ་བའི་རྒྱུ་བསྟན་པའི་ཕྱིར་གསུངས་པ་ཡིན་ཏེ། དེ་ཡང་འདི་ལྟར་ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་རྣམ་པར ་དག་པ་སྟེ་ཞེས་གསུངས་ཏེ་དེ་ཡང་གང་གི་ཕྱིར་རབ་ཏུ་དགའ་བ་ལྔ་སོགས་པ་ནས། རོའི་མཐར་ཐུག་པའི་རྣམས་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་ཡིན་དུ་ཟིན་ཀྱང་། ཤེས་རབ་ཡོངསུ ་དྲུག་པ་མྱེད་པར་འདི་དག་ཇི་ལྟར་ཐོབ་པར་འགྱུར་ཞེ་ན། དེའི་ཕྱིར་ཆོ་སྣ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གྱུར་པ་གང་ཡིན་པ་དེ་ཉིད་ནི་ཤེས་རབ ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ཏེ། ཆོས་རྣམས་ནི་ཆོས་ཉིད་ལས་མྱི་འགྱུར་བ་ཡིན་པའི་ཕྱིར། གང་གི་ཕྱིར་སྟོང་པ་ཉིད་ཀྱི་སྒྲས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཡིན་པར་བཤད་དེ། དེ་བས་ན་རབ་ཏུ་དགའ ་བ་རྣམ་པར་དག་པའི་གནས་འདི་ནི། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་གནས་སོ་ཞེས་བྱ་བ་ནས། རོ་རྣམ་པར་དག་པའི་གནས་འདི་ནི་འདི་ལྟ་སྟེ་བྱང་ཆུབ་སེམས་དཔེའི་གཽནས་སོ་ཞེས་བྱ་བའི་བར་དུ་གྲུབ་པར་གྱུར་པ་ཡིན་ཏེ། ་གང་གི་ཕྱིར་དེ་མངོན་སུམ་དུ་བྱས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། ད་ནི་ཕན་ཡོན་བསྟན་པར་བྱ་བའི་ཕྱིར། གང་ལ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཆོས་ཐམས་ཅད་ནི་རབ་ཏུ་དགའ་བ་ལ་སོགས་པའོ།། ་དེ་རྣམས་ཀྱི་ངོ་བོ་ཉིད་རྣམ་པར་དག་པ་ནི་སྔ་མ་དང་འདྲའོ།། དེ་ཉིད་ནི་གནས་སོ།། དེ་མངོན་པར་བསྒྲུབ་པ་ནི་མངོན་སུམ་དུ་བྱེད་ཅེས་བྱ་བའི་དོན་ཏོ།། སྒྲིབ་པ་ཐམས་ཅད་ཅེས་བྱ་བ་ནི། བསྟན་པའོ།། མཆོད་པ་དང ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པ་ཡིན་ཏེ། སྒྲིབ་པ་ནི་རྣམ་པ་ལྔ་སྟེ། འདོད་པ་ལ་བདུན་པཱི་དང་། གནོད་སེམས་དང་། གཉིད་དང་། ཆུ་ག་སྤ་དང་། རྒོད་པ་དང་། འགྱོད་པ་དང་། ཐེ་ཙོམ་གྱི་ངོ་བོ་ཉིད་དོ།། ་ཉོན་མོངས་པའི་སྒྲིབ་པ་ནི་འདོད་ཆགས་ཆེན་པོ་ལ་སོགས་པ་ཉོན་མོངས་པ་རྣམས་སོ།། ཆོས་ཀྱི་སྒྲིབ་པ་ནི་འཕགསཔའི་ལམ་སྐྱེ་བའི་གནས་སུ་གྱུར་པ་སྟེ། དམ་པའི་ཆོས་སྤོང་བ་ལ་སོགས་པའོ།། ་ལས་ཀྱི་སྒྲིབ་པི་ནྡ་མཚམས་མེད་པ་ལྔ་ལ་སོགས་པའོ།། འཛིན་པ་ན་ཆགས་པའོ།། འཛིན་པ་ནི་ཚིག་དང་དོན་གྱི་ཆུལ་མ་བརྗེད་པར་དེ་སེམས་ལ་ངེས་པར་འཇོག་པའོ།། ཀློག་པ་ནི་གླེགས་བ་མ་དུ་བྱས་ན་ས་ཀློག་པའོ།། ཁ་དོན ་དུ་བྱེད་པ་ནི་དམ་ཚིག་ཏུ་བཟུང་བ་དེ་ཡང་དང་ཡང་དུ་གོམས་པར་བྱེད་པའོ།། ཚུལ་བཞིན་དུ་ཡིད་ལ་བྱེད་པ་ནི་སེམས་པ་དང་བསྒོམ་པའོ།། ཆོས་ཐམས་ཅད་མཉམ་པ་ཉིད་རྡོ་རྗེ་ཏིང་ངེ་འཛིན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ཐོབ ་པྲའོ།། ཆོས་ཐམས་ཅད་ལ་དབང་ཕྱུག་ཏུ་འགྱུར་རོ།། དགའ་བ་ནི་ཏིང་ངེ་འཛིན་གྱི་རྒྱུར་གྱུར་པ་ནི་ཡིད་བབ་པའོ།། དྲི་ཉིད་འབྲིང་དང་ཆེན་པོ་ལ་སོགས་པའི་དབྱེ་བས?་མགུ་བ་དང་། མཆོག་ཏུ་དགའ ་བྱའི་སྒྲར་བཤད་དོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ན་གཟུགས་ལ་སོགས་པ་ནི་གཟུགས་ལ་སོགས་པ་ནས་རྡོ་རྗེ་བསྙེམས་པའི་བར་གྱི་ཏི་ངོ་ངེ་འཛིན་ཐོབ་པས་ཞེས་བྱ་བའི་དོན ་ཏོ།། དེ་ལྟར་རེ་ཞིག་བློ་ཅོམ་ལྡན་འདས་རྣམ་པར་སྨོད་མཛད་ཀྱི་རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་སྟོན་པས་དཀྱིལ་འཁོར་སྤྲུལ་པར་བྱ་བའི་ཕྱིར་བསྐུལ་བ་དང་། དེའི་ཕྱིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་གསུངས་པ་ནི་དེ་ནས་ཤེས་བྱ་བ་ལ་སོགས་པས་སྟོན་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་བར་མ་ཆད་པ་སྟེ། བསྐུལ་བའི་རྗེས་ཐོག་སོ་ཉིད་ལ་ཞེས་བྱ་བའི་དོན་ཏོ།། སྐལ་པ་ཕུན་སུམ་ཚོགས་པ ་དང་ལྡན་པའི་ཕྱིར་བཅོམ་ལྡན་འདས་ཏེ། བྱང་ཆུབ་སེ་མོས་དཔའི་ལམ་འབྲས་བུ་དང་བཙས་པ་ཐུགས་སུ་ཆུད་པའི་ངོ་བོ་ཉིད་དུ་གྱུར་པས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འོ།། དཀྱིལ་འཁོར་པའི་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་མ་ལུས་པའི་ངོ་བོ་ཉིད་དུ་གྱུར་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་པ་ཡང་ཡིན་ས་ལ་ཐེག་པ་ཆེན་པོའི་མངོན་པར་རྟོགས་པ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཐེག་པོ་རྐྱེན ་མངོན་པར་རྟོགས་པའོ།། དེ་ཉིད་ཀྱི་དཀྱིལ་འཁོར་ཐམས་ཅད་པ་སྟེ་གང་གི་ཕྱིར་དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཡོངས་སུ་གྱུར་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། འདིས་ཀྱང་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་རྡོ་རྗེ་དང་པོའོ།། ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་རབ་ཏུ་དགའ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་པར་བཤད་པ་ཡིན་ནོ།། རྡོ་རྗེ་དབྱིངས་ཀྱང་ཡིན་ལ་མཐའ་དག་ཀྱང་ཡིན ་པས་ན་རྡོ་རྗེ་དབྱིངས་མཐུའ་དག་སྟེ། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དོ།། དེ་དག་གི་སེམས་དཔའི་མཆོག་ནི་རྣམ་པར་སྣང་མཛད་ཅེས་བྱ་བའི་དོན་ཏོ།། ཁམས་གསུམ་མཐའ་དག་ནི ་ཁམ་གསུམ་རྣམ་པར་རྒྱལ་བ་སྟེ། འདིས་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་པའོ།། འཇིག་རྟེན་གསུམ་པོ་མ་ལུས་པ་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་འདུལ་བའི་ངོ་བོ་ཉིད་དོ།། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་ནི ་ནམཁའི་སྙིང་པོ་ཉིད་དོ།། ལྕུག་ན་རྡོ་རྗེ་ཐམས་ཅད་བཻ་དམྱི་ཚིག་ཆེན་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་མ་ལུས་བྱའི་ངོ་བོ་ཉིད་དོ།། དཾ་ལྟར་གྱུར་པ་འདི་གོ་གྷ་ཅིག་པུ་ཞིག་ཡིན་ན་མ་འོན་ཏེ་མ་སྦྱིན་ཞེ་ན། རྡོ་རྗེ་གསང་བཱིའི་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཞེས་བྱ་བ་གཙུག་ཏོར་ལ་སོགས་པ་སྟེ། དེ་ཉིད་ནི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེ་གསང་བའི་སེམས་ཅན་ཆེན་པོ་དུ་མས་གཡོག་བྱས་པའོ།། དོན་ཅི་ཞིག་སྟོན་པོར ་མཛད་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་དག་པ་རྣམ་པར་དག་པའི་གནས་ལ་སོགས་པའི་མཚན་ཉིད་ཅན་ཞེས་བྱ་བའི་དོན་ཏོ།། ་དྲི་ལས་གཞན་ཡང་གང་རྡོ་རྗེ་དབྱིངས་སུ་བདེ་བ་ཆེན་པོ་དོན་ཡོད་པའི་སྒྲར་བཤད་པ་དེ་ནི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཡིན་པར་བཤད་ལ་དེའི་དམ་ཚིག་ནི་རྒྱུ་སྟེ། དེ་སྐད་ཅེས་བྱ་བའི་རང་གི་དེ་ཁོ་ན་ཉིད་ཀྱི་སྙིང་པོ་གང ་ཡིན་པ་དེ་སྨྲས་པའོ།། དེ་ལ་རང་གི་བདག་ཉིད་ཀྱི་དེ་ཁོ་ན་ཉིད་སྟེ་རབ་ཏུ་དགའ་བ་རྣམ་པར་དགེ་བའི་ཚུལ་ལོ།། དེ་ཉིད་ནི་སྙིང་པོ་སྟེ་དེ་སྨྲས་སོ་ཞེས་བྱ་བ་ནི་དེ་སྟོན་པར་བྱེད་པ་སྒྲོ་གསུངསོ་ཞེས་བྱ་བའི་དོན་ཏོ།། ་དེ་ཡང་དེ་བཞིན་གཤེགས་པའི་ཞི་བའི་ཚུལ་རྣམ་པར་སྤངས་ནས་རྡོ་རྗེ་སེམས་དཔའ་སྐུ་ལ་སོགས་པ་སྲེག་པའི་གཟུགས་སུ་འཇོག་པར་མཛད་ཅིང་བཅངས་ལ། དེས་འདུལ་བ་རྣམས་ལ་གཟུགས་ལ་སོགས་པའི་དངོས་གྲུབ་གྱུར ་ནི་དདྨོའོ། ཁྱབ་སྟེ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་བདེ་བ་ཆེན་པོ་རྡོ་རྗེ་འབེབྲ་པས་བཞུགསྡེ་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་རྡོ་རྗེ་ཞེས ་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་གསང་བའི་རྡོ་རྗེ་ཡང་ཡིན་པས་དེ་སྐད་ཅེས་བྱ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ངོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལ་དམི ་པའི་ཏིང་ངེ་འཛིན་མིང་དེ་སྐད་ཅེས་བྱ་བ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པས་བཞུགས་པ་ནི། ཞི་བའི་ཚུལ་སྤངས་ནས་རྡོ་རྗེ་སེམས་དཔའི་སྐུ་དང་གཅིག་ཏུ་གྱུར་ནས་བཞུགས་སོ་ཞེས་བྱ་བའི་དོན་ཏོ།། འོག་མིན་དུ ་མངོན་པར་རྫོགས་པར་སངས་རྒྱསོ་ལྷའི་རྒྱལ་པོའི་གནས་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་བསྐོར་ནས་བཞུགས་སོ་ཞེས་བྱ་བའི་དོན་ཏོ།། འདིས་ནི་སྔགས་པ་རྣམས་ཀྱི་དམ་ཚིག་པའི་སྦྱོར་བ་དང་དཀྱིལ་འཁོར ་གྱི་མཆོག་གི་ཏིང་ངེ་འཛིན་སྟོན་པ་ཡིན་ནོ།། རབ་ཏུ་དགའ་བ་རྣམ་པར་དག་པ་ལ་སོགས་པ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་གསང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་བཞུགས་སོ ་ཞེས་བྱ་བའི་བར་འདིས་དཀྱིལ་འཁོར་གྱི་མཆོག་གི་ཏིང་ངེ་འཛིན་སྟོན་ཏོ།། ཏིང་ངེ་འཛིན་གཉིས་པོ་དེ་དག་མངོན་སུམ་དུ་བྱས་ནས་བདེ་བ་ཆེན་པོའི་གནས་ལ་གནས་བྲིའི་བསྔགས་པས་བསྡུ་བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས ་ཅད་ལོས་རྡོ་རྗེ་འཛིན་པ་ཆེན་པོའི་དབང་བསྐུར་བ་བླངས་ལ་རྡོ་རྗེ་གཟུགས་ལ་སོགས་པའི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་ནས་བཅུག་སྟེ། བཅིངས་ནས་དབང་དུ་བྱས་ནས། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་རང ་གིས་ལོས་རྣམས་ལ། བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་ངེས་པར་སྦྱར་བ་ནི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ལྟར་ན་ཏིང་ངེ་འཛིན་གསུམ་པོ་དེ་དག་ནི་དཀྱིལ་འཁོར་གྱི་བརྟུལ་ཞུགསོ་ལ་གནས་པའི ་སློབ་དཔོན་གྱིས་ངེས་པ་ཁོ་ནར་སྙོམས་པར་འཇུག་པར་བྱས་ཏེ། རྣལ་འབྱོར་གྱི་གསང་བ་ལས་དང་པོའི་སྦྱོར་བ་དང་དཀྱིལ་འཁོར་གྱི་མཆོག་དང་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་རྣམས་ལ་སྙོམས་པར ་འཇུག་པར་བྱའོ་ཞེས་གསུངས་པའི་ཕྱིར་རོ།། དེ་ནས་རྒྱུད་ཕྱི་མ་ལས་གསུངས་པའི་ཚུལ་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པས་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཏེ། དཀྱིལ་འཁོར་གསུངས་པ་ཡིན་ནོ།། ་དེ་ཡང་དེ་ནས་ཞེས་བྱ་བའི་སྒྲ་ནི་བཱརླ་ཆོད་པ་སྟེ། གསོལ་བ་བཏབ་པའི་རྫུས་ཐོགས་ལ་ཞེས་བྱ་བའི་དོན་ཏོ།། གསང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་གསང་བ་ཆེན་པོ་སྟེ། དེ་ཉིད་རྡོ་རྗེ་ཡིན་པས་ན་གསདྲ་བ་ཆེན་པོའི་རྡོ་རྗེའོ།། ་གསང་བ་ཆེན་པོའི་རྡོ་རྗེ་ཉིད་དྲིམ་ཚིག་ཡིན་པས་ན་གསང་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་སྟེ། དོམ་ཚིག་ནི་དཀྱིལ་འཁོར་རོ།། དེ་འབྱུང་བར་དཀྱིལ་འཁོར་བྱིན་གྱིས་རློབ་པའི་ཡེ་ཤེས་གང་ལས་འབྱུང་བའི་ཡེ་ཤེས་གང་ཡིན ་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ནི་ཕྱག་རྒྱ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་སྟེ། དཀྱིལ་འཁོར་གྱི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། དམ་ཚིག་ཀྱང ་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ། བཅོམ་ལྡན་འདས་བྱང་ཆུབ་པའི་མཚན་ཉིད་ཅན་རྡོ་རྗེ་སེམས་དཔའོ།། དེའི་དེ་ཁོ་ན་ཉིད་ནི་རབ་ཏུ་དགའ་བོའི་ངོ་བོ་ཉིད་ལ་སོགས་པའི་སྟོན་པའོ།། དེ་ཉིད་རྡོ་རྗེ་སྟེ་རྡོ་རྗེས་བྱིན ་གྱིས་བརླབ་པའི་དཀྱིལ་འཁོར་རོ།། མིང་དྲི་ཉིད་ཅེས་བྱ་བའི་དཀྱིལ་འཁོར་གང་ཡིན་པ་དེ་གསུངས་པ་ནི། བཀའ་སྩལ་ཏོ་ཞེས་བྱ་བ་བ་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་གཏན་ཚིགས་འདིའི་ཕྱིར་ཞེས་བྱ་བའི་དོན་ཏོ།། ་གང་གི་ཕྱིར་དཀྱིལ་འཁོར་དུ་འཇུག་པ་ནི་མེད་པར་སེམས་ཅན་རྣམས་སངས་རྒྱས་ཀྱི་བྱང་ཆུབ་མཐོང་བབ་སྐལ་པ་ཙཱ་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་ཡང་དག་པར་བཤད་པར་བྱ་སྟེ། ཡང་དག་པ་དང་བཅས་པ ་རབ་ཏུ་ཕྱེ་བ་བཤད་པར་བྱའོ་ཞེས་བྱ་བའི་དྲོན་ཏོ།། ཅི་ཞིག་ཅ་ན་དཀྱིལ་འཁོར་ཆེན་པོ་སྟེ། དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་སྟེ། ཕྱག་རྒྱ་ཚོན་པའི་གཙོ་བོ་ཡིན་གྱི། གཟུངས ་ལ་སོགས་པའི་ཕྱག་རྒྱ་གཙོ་བོར་གྱུར་པ་ནི་མ་ཡན་ནོ་ཞེས་བྱ་བའི་དོན་ཏོ།། དབྱིབས་ཇི་ལྟ་བུ་ཞེ་ན་དམ་པ་ཞེས་བྱ་བ་སྟེ། མཆོག་ཅེས་བྱ་བའི་དོན་ཏོ།། མིང་ཇི་སྐད་དུ་ཞེས་བྱ་བ་ཞིག་ཅེ་ན། དེ་ཉིད་དང་པོ་དམ་ཚིག་སྟེ། རྡོ་རྗེ ་བྱིནི་བརླབ་ཞེས་བྱ་བའོ།། ཞེས་བྱ་བ་སྟེ། མིང་དེ་སྐད་ཅེས་བྱ་བ་ཞེས་བྱ་བའི་དོན་ཏོ།། དབྱིབས་ཇི་ལྟ་བུ་ཞེ་ན། གྲུར་བཞིར་བགྱི་ཞིང་ཞེས་བྱ་བ་སྟེ། གྲཝ་བཞི་དང་ལྡན་པ་ཞེས་བྱ་བའི་དོན་ཏོ།། ཁྱམས་རྣམས་ཀྱིས་ཡོངས་སུ་བསྐོར་བ ་ཞེས་བྱ་བ་ནི་གཞལ་ཡོས་ཁང་གི་ཕྱི་རོལ་ཀུན་ནསོ་བསྐོར་ཕྱོགས་སུ་ཁྱམས་ཀྱི་སོ་བསྐོར་བ་ལ་ནི་ཁྱམས་རྣམས་ཞེས་བྱའོ།། རྡོ་རྗེ་དང་། རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ་པདྨ་དོང་། སྣ་ཚོགས་རྡོ་རྗེ་ནི་རྡོ་རྗེ་ཀུན་ནོ།། སྣ་ཚོགས་པའི་བདན ་རྒྱ་རྩེ་མོར་དྲིལ་བུའི་མཆོག་བཏགས་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་ཕྱིའི་དཀྱིལ་འཁོར་བྲིས་ནས། དེ་གང་དུ་དཀྱིལ་འཁོར་གཉིས་པ་དེའི་ཕྱེད་ཀྱི་ཆེད་ལ། ཕྱིའི་དཀྱིལ་འཁོར་དང ་འདྲ་བར་སྒོ་བཞི་དང་ལྡན་པར། ཀ་བ་བརྒྱད་ལ་སོགས་པའི་གཟུགས་ཅན་དུ་ཡང་དག་པར་བྲིས་ལ། དེ་ཉིད་ཕྱི་རོལ་ཏུ་རྡོ་རྗེ་ཕྲེང་བ་ཟླུམ་པོས་བསྐོར་བར་བྱའོ།། དེ་ནས་ལྷ་ཐམས་ཅད་ཀྱི་གནས་སུ་པདྨའི་གདན་བྲི་བོར་བྱའོ།། སངས་རྒྱས ་སྐུ་ནོ་ཞེས་བྱ་བ་ནི། རྡོ་རྗེ་སེམས་དཔའི་སྐུ་གཟུགས་ཏེ། སངས་རྒྱས་རྡོ་རྗེ་འཛིན་ཕྱིར་བཤད། ཅེས་གསུངས་པའི་ཕྱིར་རོ།། རྡོ་རྗེ་ཕྲེང་བ་ལ་སོགས་ཀྱིས་སྤྲས་ཤིང་ཞེས་བྱ་བ་ནི་རྡོ་རྗེའི་ཕྲེང་བས་མཛེས་པར་བྱས་པོའོ།། སོགས་པའི ་སྒྲས་ནི་པདྨ་དང་རིན་པོ་ཆེ་དང་སངས་རྒྱས་ཀྱི་ཕྲེང་བ་གཟུང་བར་བྱ་སྟེ། རྡོ་རྗེ་སེམས་དཔའི་གཟུགས་ཅན་ཡིན་པའི་ཕྱིར། དབང་བསྐུར་བའི་ངོ་བོ་ཉིད་ནི་ཕྲེང་བ་ཡོན་ཏེ། དཀྱིལ་འཁོར་གཉིས་པར་དེ་བཞིན་གཤེགས་པའི་སྐུ་བསྟན་པས་འདིར ་མཉི་མི་དྷའོ།། མདུན་དུ་རྡོ་རྗེ་སེམས་དཔའ་ནི་ཞེས་བྱ་དོནནི་རྡོ་རྗེ་ཡིད་ལས་བྱུང་བ་སྟེ། ཕྱག་གི་ཡོན་ན་གསུམ་བསྒོམས་པ་ཕྱག་གཡོས་ཀྱི་མཐེ་བོ་དང་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་མདའ་འདྲེན་པ་ལ་བརྩོན་པར་མཛད་པའོ།། གཡས་སུ ་རྡོཉྫ་བྷྲ་མ~ཾ་ཀཱི་ལ་དཀར་སེར་རྡོ་རྗེ་དམར་པོ་བསྣམས་པ་ཡན་ལག་ཀུནི་གྱིས་ཡོངསུ་འཁྱོད་ཅེས་བྱ་བ་སྐུ་ཀུན་གྱིས་ཡོངསུ་འཁྱུད་པའོ།། དེའི་ཕྱིར་ཞེ་ན། རྡོ་རྗེ་གཟུགས་ཏེ་ཞེས་བྱ་བ་སྟེ། རྡོ་རྗེ་རྩེ་ལྔ་པའི་གཟུགས་ཅན་ནོ།། ་མདོག་ཇི་ལྟ་བུ་ཞེ་ན། ཉི་མ་འོད་ཅེས་བྱ་བ་སྟེ། ཉི་མའི་འོད་ཀྱི་མདངས་དམར་པོར་སྣང་བའོ།། རྒྱུབ་ཏུ་ནི་རྡོ་རྗེ་འདོད་པ་ཆུ་སྲིན་གྱི་རྒྱལ་མཚན་གྲོགས་པ། སྐུ་མདོག་ལྗང་སེར་དང་ལྡན་པར་ཅི་རིགས་པར་བློ་དང་ལྡན་པས་བཞག་པར་བྱའོ།། གཡོན་དུ ་རྡོ་རྗེ་སྙེམས་པཾ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་བསྙེམས་པའི་ཚུལ་གཉིས་འཛིན་པ་གཙོ་མའི་གསེར་གྱི་འོད་འདྲ་བ་དགོད་པར་བྱའོ།། མཚམས་རྣམ་སུ་ནི་སྤྱི་གཙུག་ཏུ་ཐལ་མོ་ཁ་ཕྱེ་བས་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་དྲི་འཛིན ་པ་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པའི་སྐུ་མདོག་དང་མཐུན་པ་རྡོ་རྗེ་སྦྲང་རྩི་ལ་སོགས་པ་བཞག་པར་བྱའོ།། ཕྱིའི་དཀྱིལ་འཁོར་གྱི་མཚོ་རྣི་སུཾ་ན་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་པི་བང་དང་། རྡོ་རྗེ་ཐོགས་པའི་ལག་པས་གར་བྱེད ་པའི་སྒེག་མོ་ལ་སོགས་པ་བྲི་བར་བྱའོ།། ཤེར་ཕྱོགས་ཀྱི་སྒོར་རྡོ་རྗེ་གཟུགས་ཕྱག་ན་མེ་ལོང་བསྣམས་པོ་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཐམས་ཅད་ཀྱི་གཟུགས་བརྙན་སྐྱེད་པའི་རྒྱུར་གྱུར་པའོ།། ལྷོར་ནི ་སྠ་པི་བང་བརྡུང་པ་ལ་བརྩོན་པའོ།། ནུབ་ཏུ་ནཱི་དྲི་སྟེ། དྲིའི་སྣོད་ཕྱག་ན་བསྣམས་པའོ།། བྱིང་དུ་ནི་རོའི་སྣོད་ཕྱག་ན་བསྣམས་པའོ།། ནང་གཱ་སྒྲ་རྣམས་པབ།། ནང་གི་སྒོ་རྣམས་ལ་དེ་བཞིན་དུ་བསྟི་བར་བྱའོ།། དེ་ལྟར་མེ ་ལོང་དང་པི་བོང་དང་དྲིའི་སྣོད་དང་། རོའི་སྣོད་ཀྱི་མཚན་མ་རྣམས་ནི་དམ་ཚིག་ཆེན་པོ་དང་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་རྒྱུད་རྣམས་ལས་སྟོན་པས་འདིར་སོམ་ཉི་མི་བྱའོ།། མི་བསྐྱོད་པ་ལ་སོགས ་པའི་དེ་བཞིན་གཤེགས་པ་རྣམས་ལ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་གྱིས་བསྐོར་བ་སྔ་བཤད་པའི་ཚུལ་དུ་བྲི་བར་བྱའོ།། ཕྱིའི་དཀྱིལ་འཁོར་གྱི་སྣང་གི་སྣམ་བུ་ལ་འདོད་པའི་ཁམས་ཀྱི་དབང ་ཕྱུག་དང་ཆེངས་པ་དང་ཁྱབ་འཇུག་དང་ཀརྣི་དང་དབང་པོ་དང་བདེ་བྱེད་ཆུང་མ་དང་བཅས་པར་ཀུན་ཏུ་བྲི་བར་བྱ་སྟེ། གང་གི་ཕྱིར་མཆོག་གི་སྒྲས་ནི་ཁྱབ་འཇུག་དང་ཀཪྴི་ཀ་དང་དབང་པོ་ཡིན་པར་མངོན་པར་འདོད་དོ།། ལྷོ་ཕྱོགས་སུ་ནི་ཟླ་བ ་དང་ཉི་མ་དང་སྤེན་པ་དང་མིག་དམར་དང་ཆུང་མ་དང་བཅས་པ་རྣམས་སོ།། ནུབ་ཕྱོགས་སུ་ནི་གཏུན་དང་རླུང་མེ་ལྷ་དང་ལུས་ངན་པོ་ཆུང་མེ་དང་བཅས་པའོ།། བྱང་གི་ཕྱོགས་སུ་ནི་ཕག་དང་གཤིན་རྗེ་དང་ཚོགས་ཀྱི་བདག་པོ་ཆུབ་མ ་དང་བཅས་པའོ།། སྒོ་རྣམས་སུ་ནི་སྟོབས་བཟང་དང་སྦྲང་རྩིས་མྱོས་པ་དང་རྒྱལ་བ་དང་རྒྱལ་བ་ཐོབ་པ་ཆུང་མ་དང་བཅས་པ་བྱི་བར་བྱའོ།། རྡོ་རྗེ་སེམས་དཔའོ་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་རྡོ་རྗེ་ཧཱུཾ་ཟློས་ཤིང་བྲི་བར་བྱའོ།། ་སྒྲོ་ནི་ཐམས་ཅད་ཀྱང་ཆ་བརྒྱད་པར་བྱའོ།། དེ་ལྟར་དཀྱིལ་འཁོར་ལེགས་པར་བྲིས་ནས་ཐོ་མ་རྣམས་སྤོས་ཆུས་བྱུགས་ལ་མེ་ཏོག་སིལ་མ་བཀྲམ་སྟེ། བུམ་པ་དང་བུམ་པ་གང་བ་བཞག་ལ་མཆོད་ཡོན་མངོན་པར་ཟློས་པ་བྱས་ནས། ་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་ལྕགས་ཀྱུ་གཉིས་སུ་བྱས་ལ། མཁྲིག་མ་གཉིས་རྡོ་རྗེ་བཅིངས་པ་གཉིས་བསྣོལ་ལ། རྡོ་རྗེ་སེ་གོལ་བརྡབ་པ་བྱས་པས་དཔལ་རྡོ་རྗེ་སེམས་དཔའི་སྦྱོར་བ་དང་། སངས་རྒྱས་ཐམས་ཅད་བསྡུ་བར ་བྱའོ།། དེ་ནས་མྱུར་དུ་ཕྱག་རྒྱ་ཆེ།། རྡོ་རྗེ་སེམས་དཔའི་རྟེན་བྱེད་ཅིང་།། མཚན་བརྒྱ་རྩ་བརྒྱད་དམ་པ་ཡིན།། ལན་གཅིག་པར་དུ་བརྗོད་པར་བྱ།། དཔལ་མཆོག་དང་པོའི་སེམས་དཔའ་སྟེ། ཞེས་བྱ་བ་ལ་སོགས་པའོ།། རྡོ་རྗེ་ཅན ་ནི་མདུན་གནས་ཏེ། སེམས་དཔའི་སྐྱིལ་ཀྲུང་གིས་ལེགས་གནས། བདེ་ཆེན་རྡོ་རྗེ་བཟང་པོ་མཆོག། བདག་པོ་ལན་ཅིག་ཐོག་མ་ཡང་འགུག། ཡི་གེ་ཧཱུཾ་ཉིད་དང་དང་པོའི་རྡོ་རྗེ་མཉམ་པར་བཞག་པ་དང་། དབུས་མའི་རྡོ ་རྗེ་ལྕགས་ཀྱུ་གཉིས་དང་དགུག་པའི་སྦྱོར་བས་སྙིང་པོ་དང་རང་གི་ལྕགས་ཀྱུས་དགུག་པར་བྱའོ།། དེ་ནུས་རྡོ་རྗེ་མཆོད་ཡོན་དབུལ་བར་བྱ་སྟེ། ཡི་གེ་ཧཱུཾ་ཉིད་དང་རྡོ་རྗེའི་མེ་ཏོག་ཁ་ཕྱེ་བའི་མཆོད་ཡོན་གྱི་ཕྱག་རྒྱ་བཅོམ་ལྡན་འདས ་འཁོར་དང་བཅས་པའི་ཐུགས་ཀའི་ཟླ་བའི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་ལ། ཛཿཧཱུ~ཾ་བཾ་ཧོ། ཞེས་བརྗེད་ལ། ཧཱུཾ་གེ་མཐར་བཅོམ་ལྡན་འདས་འཁོར་དང་བཅས་པ་ལེགས་པར་བཞག་ལ་དེ་ཉིད་བརྗོད་ཅིང་རྡོ་རྗེའི་ལྟ་བས ་བལྟས་ལ། ཡི་གེ་ཧཱུཾ་གིས་ལྗགས་ལ་རྡོ་རྗེ་བཟང་པོ་བསྐྱེད་དོ། བཅོམ་ལྡན་འདས་འཁོར་དང་བཅས་པའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བཀོད་ལ། ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསྐྱེད ་པ་གར་ལས་བྱུང་བ་ནི་ལས་ཀྱི་ཕྱག་རྒྱ་སྟེ། ཐམས་ཅད་ལོ་བསྟན་པར་བྱའོ།། བདེ་བའི་ཐུགས་མཆོག་ཀུན་ལ་རྗེས་སུ་ཆགས།། རྡོ་རྗེ་སེམས་ཁྱོད་རབ་ཏུ་བདེ་བའི་མཆོག། བདེ་བ་ཆེན་པོ་བསྟན་ཞིང་མཐོ་བར་མཛོད།། སྐུ ་པར་བྱེད་ཅིང་མྱུར་དུ་འདུད་པར་བགྱི་ཞེས་བྱ་བའི་རྡོ་རྗེའི་གླུ་ལེན་པ་དང་། བ་དན་གསུམ་པ་རྩེ་གསུམ་ཅན།། བསྒྱིངས་བཅས་མཐའ་ནས་དགྲོལ་བ་དང་།། མདུན་དུ་བསྐོར་ཞིང་གློག་ལྟར་གདེག། དེ་ནི་རྡོ་རྗེ ་གར་ཞེས་བཤད།། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་གཡོན་པ་བཀུར་བསྟན་ནུས། གཡས་པས་འདེགས་པའི་ཚུལ་གྱིས་སྙིང་གར་འཇོག་པ་ནི་ལས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མདའ་འཕེན་པའི་ཚུལ་དུ་བྱེད་པ་ནི ་རྗེ་ཡིད་ལས་བྱུང་བ་རྡོ་རྗེ་ཁུ་ཚུར་གཉིས་པོ་དེ་ཉིད་ཀྱིས་རང་ལ་འཁྲུད་པ་ནི་ཀཱི་ལི་ཀཱི་ལིའོ།། རྡོ་རྗེ་ཁུ་ཚུར་གཉིས་པ་དེ་ཉིད་ཀྱིས་རྒྱལ་མཚན་བསྒྲེང་བའི་ཚུལ་དུ་བྱེད་པ་ནི། རྡོ་རྗེ་འདོང་པོའིའོ།། ཁུ་ཚུར་དེ་ཉིད་བཀན་ཏི་བཞུག་པ་གཉིས ་ནི་བཅོམ་ལྡན་འདས་ཀྱི་ལས་ཀྱི་ཕྱག་རྒྱ་གཉིས་ལྟ་བུ་ནི་རྡོ་རྗེ་སྙེམས་པའི་འོ།། རྡོ་རྗེ་ཐལ་མོ་གཉིས་བསྐོར་ལ། སྙིང་གའི་ཕྱོགས་སུ་བྱུག་པ་ལྟར་བྱ་བ་ནི་རྡོ་རྗེ་དགུན་གྱིའོ།། འདུད་པ་བྱས་ནས་སྤྱི་བོར་བཞག་ནས་ཕབ་སྟེ། མཐོར ་བ་ལྟར་བྱས་པ་ནི་རྡོ་རྗེ་སྦྲང་རྩིའི་འོ།། དེ་ཉིད་ཐུར་དུ་ལྡུགས་པ་ལྟར་བྱེད་པ་ནི་རྡོ་རྗེ་སྦྱིན་ནོ།། དེ་ཉིད་ལས་མཐེ་བོ་བསྣམས་ནས་བསྐོར་བ་ནི་རྡོ་རྗེ་སྟོན་གྱིའོ།། དེ་ཉིད་ཤིན་ཏུ་བརྐྱང་ནས་བྱུག་པ་ནི་རྡོ་རྗེ་དགུན་གྱིའོ།། མི་བསྐྱོད་པ་ལ་སོ། ་པའི་ས་གནོན་པའི་ཕྱག་རྒྱ་ནི་རྒྱུད་ཕྱི་མ་ལས་བལྟ་བར་བྱའོ།། རྡོ་རྗེ་མདའ་ནི་རྡོ་རྗེ་སེམས་དཔའ་ལས་ཀྱི་ཕྱག་རྒྱ་ཉིད་དོ།། འཕགས་པ་འཇམ་དཔལ་ལ་སོགས་པ་བྱང་ཆུབ་སེམོས་དཔའ་བདུན་གྱི་ཕྱག་རྒྱ་ནི་དེ་རྣམས་ཉིད་ཀྱི་དཀྱིལ་འཁོར ་ལས་ཤེས་པར་བྱའོ།། ཕྱི་རོལ་གྱི་མཚམས་རྣམས་སུ་རྡོ་རྗེ་ཐལ་མོ་སྐོར་བ་སྙིང་གར་བསྐོར་བ་ནི་སྒེག་མོའི་ཕྱག་རྒྱའོ།། དེ་ཉིད་བསྐོར་ནས་བསྐོར་ཏེ། སྤྱི་བོར་བཞག་པ་ནི་བཞད་པ་མིའི་ཕྱག་རྒྱའོ།། དེ་ཉིད་ལས་གཡོན་པའི་མཛུབ་མོ་བཀུག ་པ་ཡུ་བར་བྱས་ལ་གཡོན་པའི་མཛུབ་མོ་བཀུག་པས་པྲྀ་བྱང་བརྡུད་པའི་ཚུལ་དྲུ་བྱེད་པ་ནི་རྡོ་རྗེ་གླུ་མཁོན་མའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར་བྱས་ནས་སྤྱི་བོར་རྡོ་རྗེ་ཐལ་མོ་བཅིང་བ་ནི་རྡོ་རྗེ་གར་མཁན་མའི་ཕྱག་རྒྱའོ།། ་རྡོ་རྗེ་བསྡམས་པའི་མཐིལ་ལ་བལྟ་བ་ནི་རྡོ་རྗེ་གཟུགས་ཀྱིའོ།། རྡོ་རྗེ་བསྡམས་པ་ནི་མཛུབ་མོ་གཡོན་པ་ཡུ་བར་བྱས་པ་ལ་མཛུབ་མོ་གཡས་པས་བཀུག་ནས་བརྡུང་པ་ནརྀ་སྒྲའི་འོ།། རྡོ་རྗེ་བསྡམས་པ་བརྐྱང་བས་སྙིང་གར་བྱུག་པ་ན ་དྲིའོ།། བཀན་ལ་རོའི་སྣོད་ལྟར་བྱ་བ་ནི་རོ་རྡོ་རྗེའི་ཕྱག་རྒྱའོ།། དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་སངས་རྒྱས་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུབ་བྱའོ།། མ་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས ་ནི་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས། དབང་བསྐུར་པོར་བྱའོ།། དེ་ནས་བུམ་པ་གང་བ་དང་མེ་ཏོག་ལ་སོགས་པ་ཅི་སྐྱེད་པ་རྣམས་ཀྱིས་ཡུང་དག་བླར་མཆོད་པར་བྱཱ་བཱ་སྟེ། དེ་ལྀ་སོགས་པར་བྱ་བར་བལྟ་བར་བྱའོ།། དེ་ལྟར་དཀྱིལ ་འཁོར་རྫོགས་པར་བྱས་ནས། དེ་ནས་དཀྱིལ་འཁོར་འདིར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། འདིར་ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་རོ།། འཇུག་པ་ལ་སོགས་པའི་ཆོ་ག་ནི་དབབ ་བ་དང་དབང་བསྐུར་བ་དང་། སྙིང་པོ་འཛིན་དུ་གཞུག་པ་རྣམས་ནི་སྩོགས་པ་ཞེས་བྱ་བའི་སྒྲས་སྟོན་ཏོ།། འཇུག་པས་ཅིར་འགྱུར་ཞེ་ན། རྡོ་རྗེ་སེམས་དཔའ་ཉིད་ཀྱི་བར་ཐོབ་འགྱུར་ཏེ། དེ་ནི་དེ་ལ་དང་པོ་ཉིད་དུ ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ལ་དང་པོ་ཉིད་དུ་ཇི་སྐད་དུ་བཤང་ངོའི་ཆོ་གས་ཞུགས་པའི་སློབ་དཔོན་ནི། རྡོ་རྗེ་སེམས་དཔའི་གཟུགས་སུ་བྱིན་གྱིས་བརླབས་ལ། ཕྱག་བཞི་བྱ་བ་སྔོན་དུ་འགྲོ་བས་སྡོམ་པ་གཟུང་ལ། སྒོར ་བཞགོ་པའི་བུམ་པའི་ཆུ་ཡི་གེ་ཧཱུཾ་མངོན་པར་བཟླས་པས་དབང་བསྐུར་ཏེ། གོས་དམར་པོ་ལ་སོགས་པ་བགོའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཆེན་པོའི་སློབ་དཔོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔའི་དཀྱིལ ་འཁོར་གྱི་སློབ་དཔོན་དུ་བྱིན་གྱིས་རློབ་པར་འགྱུརརོ་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་ཐམས་ཅད་ཀྱི་སློབ་དཔོན་དང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཞེས་བྱ་བའི་དོན་ཏོ།། དམ་ཚིག་ཐད ་ཤེས་པ་དང་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱི་སློབ་དཔོན་དུའོ།། ཆོས་ཐམས་ཅད་རིག་པ་དང་ཞེས་བྱ་བ་ནི་པདྨབ་རིགས་ཀྱི་སློབ་དཔོན་དུའོ།། ལས་ཐམས་ཅད་བསྒྲུབ་པ་དང་ཞེས་བྱ་བ་ནི། རིན་པོ་ཆེའི་རིགས་ཀྱི་སློབ་དཔོན་ནོ།། དངོས ་གྲུབ་ཐམས་ཅད་གྲུབ་པ་དང་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་ལ་སོགས་པའི་དཀྱིལ་འཁོར་གྱི་སློབ་དཔོན་ཉིད་དུ་འགྲུབ་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པ་དང ་ཞེས་བྱ་བ་ནི་ངེས་པ་ཐམས་ཅད་དང་ལྡན་པར་མཛད་དོ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་དེ་ལྟར་འགྱུར་བ་དེས་ན་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་པདྨ་དང་། ལས་ཀྱི་རིགས་ཀྱིས་དབང་བསྐུར་བ ་མོས་ཅད་ཐོབ་པར་འགྱུར་བ་དང་། འདི་ལ་རིགས་ཐོམས་ཅད་ཤེས་པ་དང་ལྡན་པ་མངོན་དུ་ཕྱོགས་པར་འགྱུར་རོ།། མཆོད་པ་ཐམས་ཅད་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་དང་བཅས ་པའི་འཇིག་རྟེན་གྱིས་མཆོད་པར་འོས་པ་ཞེས་བྱ་བའི་དོན་དོ།། བྱིན་གྱིས་བརླབས་པ་ལ་སོགས་པའི་གནས་ཀྱིས་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་གཏོ་ཁཱ་འགྱུར་བར་སྟོ ་པ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི། རྡོ་རྗེ་ཁུ་ཚུར་གྱི་དཀྱིལ་འཁོར་གྲུབ་པའི་ཡེ་ཤེས་སྟེན་ཏེ། འདིའི་སྙིང་ལ་ཞུགས་ཤིང་དོན་ཡོད་པའི་ཕྱིར་ཞེས ་བྱ་བ་ནི་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ནི་དང་པོའི་རྡོ་རྗེ་རྡོ་རྗེའི་ཕྱག་རྒྱ་སྟེ། དེའི་མཚན་ཉིད་ནི་འདི་ཡིན་ནོ།། ལྔ་པོ་གྲང་བསྡུས་པ་བཅིངས་ནས་ནི། དགུང ་སྒྲེང་སྲིན་ལག་ནང་དུ་བཞུག། མཐེ་བོང་མཐེ་ཆུང་སྙམ་རྡོ་རྗེ།། དེ་ནི་དང་པོའི་རྡོ་རྗེ་མཆོ་དོ།། ཅེས་བྱ་བའོ།། རྡོ་རྗེའི་ལྟ་བ་ནི་ཀུན་ཏུ་ཆགས་ཤིང་རབ་ཏུ་དགའ་བས་མིག་མདངས་པའོ།། སྙིང་པོ་ལན་གཅིག་བརྗོད་ནས་ཞེས་བྱ ་བ་ནི་ཡི་གེ་ཧཱུཾ་ལག་སོ།། བསྒྲུབ་པར་བྱའོ། ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་ཉིད་ཀྱིས་དམ་ཚིག་གི་ཕྱག་རྒྱས་བཞག་པར་བྱའོ་ཞེས་བྱ་བའི་དོན་ནོ།། རྡོ་རྗེ་རྣམ་པར་བསྒྲེང་བའི་ཞེས་བྱ་བ་ནི་རྣམ་པར ་སྒེག་པའི་དགའ་བའི་རྡོ་རྗེ་ཞེས་བྱ་བའི་དོན་ཏེ།། འདི་ཡང་རྡོ་ཊཱི་གར་དང་བཅས་པའི་མཆིང་པས་རྣམ་པར་འགྱུར་ཞིང་མཛུམ་པ་དང་བཅས་པའི་མིག་གིས་འདུད་པའི་ཕྱག་བྱས་པས། རྡོ་རྗེ་སེམས་དཔའ་ཡང་དེ་བཞིན་གཤེགས་པ ་ཐམས་ཅད་རྗེ་སུ་མཉེས་པར་ཕྱག་བྱའོ།། རྡོ་རྗེ་ཐལ་མོས་རྡོ་རྗེའི་གར་བྱེད་ཅིང་བསྐོར་བས་སྙིང་གར་མེ་ཏོག། ཐོགས་ཏེ་བདག་ཉིད་འཇུག་པར་བྱའོ།། ཞེས་བྱ་བ་ནི་རྡོ་རྗེ་སེ་མོས་དཔའི་སྦྱོར་བས། བཛྲ་བཛྲ་ཞེས་སྨྲས་ཤིང་། ཡི་གེ ་ཧཱུཾ་ཡང་བཟློས་བཞིན་དུ་འཇུག་པོར་བྱའོ།། དེ་བཞིན་དུ་འདུག་ནས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི། སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་ལེ། དེ་བཞིན་དུ་ཕྱག་རྒྱ་ཆེན་པོ་བཅིངས་ལ་ཡི་གེ་ཧཱུཾ་བཟློས ་ཤིང་ཇི་སྲིད་བཅོམ་ལྡན་འདས་ཇི་སྲིད་ཇི་སྐད་དུ་བཤད་པའི་མཚན་མ་སྟོན་པར་མཛད་པ་དེ་སྲིད་ཀྱི་བར་དུ་བྱའོ་ཞེས་བྱ་བའི་དོན་ཏོ།། བྱ་བ་ཐམས་ཅད་ནི་འདིར་ཡི་གེ་ཧཱུཾ་ཉིད་ཀྱིས་བྱ་བ་ཡི་ན་ནོ།། རབ་ཏུ་དགའ་བའི་དམ་ཚིག་གི ་ཕྱག་རྒྱ་ནི་ལྔ་པོའི་བསྡུས་པའི་ཕྱག་རྒྱའོ།། གང་ཡང་དེ་བཞིན་གཤེགས་པ་ལ་སོགས་པ་ལ། མོས་པོ་དེ་རྣམས་ཀྱིས་ཀྱང་རང་གི་དམོ་ཚིག་གི་ཕྱག་རྒྱ་རྣམས་དང་། རང་གི་དཀྱིལ་འཁོར་དུ་འཇུག་པའི་ཆོ་གས་འཇུག་པར་བྱ། ་ཞིང་དབང་བསྐུར་བ་ལ་སོགས་པའི་ཆོ་ག་རྣམས་ཀྱང་ཕྱག་རྒྱ་རྣམས་ཀྱིས་རྒྱས་གདབ་པར་བྱ་སྟེ། ཕྱག་རྒྱ་རྣམས་ནི་རྒྱས་འདེབས་པར་བྱེད་པ་ཡིན་ནོ།། དེ་ཡང་ཅི་སྟེ་ཞེ་ན་གཟུགས་བརྙན་གྱི་ཚུལ་དུ་དེ་བཞིན་གཤེགས་པ་ལ་སོགས་པའི ་ཕྱག་རྒྱ་གདུལ་བྱ་རྣམས་ལ་བསྐྱེད་པར་བྱེད་པ་ཡིན་ནོ།། བདེ་བ་ཆེན་པོ་རྡོ་རྗེའི་དམི་ཆོག་ཅེས་བྱ་བ་ནི་བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བདེ་བ་ཆེན་པོ་སྟེ། ཟག་པ་མེད་པའི་རྒྱུན་དང་ལྡན་པའི་བདེ་བ་དང་། ཡིད་བདེ་བ ་ཡིན་ལ། དེའི་རྒྱུ་མཐུན་པ་ལས་འབྱུང་བའི་རྡོ་རྗེ་སེམས་དཔའུ་སྐུ་ལ་རྡོ་རྗེའི་སྒྲར་བཤད་དེ། དཔེར་ན་བདེ་བར་སྨྲ་བ་ལས་བདེན་པར་སྨྲ་བ་པོ་ཞེས་ཟེར་བ་ལྟ་བུའོ།། དེའི་དམ་ཚིག་ནི་དཀྱིལ་འཁོར་རོ།། རྡོ་རྗེ་ཆོས་ཀྱི་ཞེས་བྱ་བ ་གོསོཔ་ལ་གཟུང་བ་དང་འཛིན་པཱའི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་ཀྱི་གསང་བ་ནི་རྡོ་རྗེ་ཆོས་ཡིན་ལ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་ཁོ་ན་ཉིད་དེ། དེ་རྒྱུར་གྱུར་པས་སེམས་ཅན་གྱི་ཁཾས་མ་མྲཤྲཱི་ལུས་པ་མེད་པར་ཕྱག་རྒྱས ་རྒྱས་བཏབ་པར་བྱེད་པ་འདི་ནི་དམ་ཚིག་གོ། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་ལྔ་པོ་བསྡུས་པ་བཅིངས་ལ་བྱིན་གྱིས་བརླབ་པ་བྱ་སྟེ་བཟླས་བརྗོད་བྱའོ་ཞེས་བྱ་བར་སྦྱར་རོ།། རྡོ་རྗེ་བྲི་བའི་ཕྱག་རྒྱ་ནི་འཕགས་པ་རྡོ་རྗེ་དམི་ཆོག ་གཽ་ཕྱག་རྒྱའོ།། ཕྱག་རྒྱ་བཀྲོལ་ལ་ཞེས་བྱ་བ་ནི་དལ་བར་གྱུར་ན། ཕྱག་རྒྱ་དམ་པ་བིཅིང་བར་མ་བྱས་པ་ཡང་བཟླས་བརྗོད་བྱའོ་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་དུ་ཞུགས་པ་ཙམོ་གྱིས་ཞེས་བྱ་བ་ནི། སྔོན་དུ་བསྙེན ་དུ་བསྙེན་པ་མེད་པར་ཏེ། རིམ་པ་འདི་ནི་ཡེ་ཤེས་འདས་པར་གྱུར་པའི་ཡིན་ནོ།། གཞན་དག་གི་ནི་མཚན་མ་ཐོབ་པར་གྱུར་ནས། ལས་རྣམས་འགྲུབ་པར་འགྱུར་བ་ཡིན་ནོ།། འདོད་ཆགས་ལ་སོགས ་པའི་བདེ་བ་ཐམས་ཅད་ཕུལ་བས་སོ་ཞེས་བྱ་བ་ལ་འདོད་ཆགས་ཐོག་མར་བྱས་པའི་བདེ་བ་ཐམས་ཅད་གང་ཡིན་པ་དེ་ནི་འདོད་ཆགས་ལ་སོགས་པའི་བདེ་བ་སྟེ། འདིར་འདོད་ཆགས་ལ་སོགས་པའི་སྒྲས་ནི་རྡོ་རྗེ་སེམས ་དཔའ་ལ་སོགས་པ་སྟོན་ཏེ། འདོད་ཆགས་དམ་ཚིག་ཡིན་པར་བཤད། ཆོས་ཀྱི་འདོད་པ་ཡིད་དུ་འོང་ཞེས་རྒྱུད་ཕྱི་མའི་ལས་སྟོན་པའི་ཕྱིར་རོ།། དེ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམ་པས་དུབ་པར་གྱུར་ན།། ཕྱག ་བཞི་ཡང་དང་ཡང་དུ་བྱ་བས་ངལ་བ་བཙལ་བ་ནི་བདེ་བ་ཐམས་ཅད་ཕུལ་བ་སྟེ། ཕྱག་བཞི་མཆོད་པ་ཕུལ་པོས་འགྲུབ་པར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ།། དེ་ཡང་འདི་ནི་རང་གི་སེམས་བརྟན་པར་བྱ་བ་ཡིན་ཏེ། ་ས་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱས་པ་འགྱུར་རོ།། ད་སྐད་དུ། དེའི་རྗེས་སྒྲུབ་པིའི་བོར་བས་རྗེས་སུ་མཉེས་པ། རྡོ་རྗེ་སེམས་དཔའ་ཉིད་ནི་ཡིན་པར་བཤད་ཅེས་བཤད་པ་ལ་རྡོ་སེམས་དཔའ་ལ་སོགས་པའི ་བསྒོམ་པས་བདེ་བར་གྱུར་ན། བདེ་བ་འདིས་སེམས་ཅན་ཐམས་ཅད་བདེ་བར་གྱུར་ཅིག་ཅེས་བྱ་བ་ནི་ཕུལ་བ་ཡིན་ནོ།། རྡོ་རྗེ་སེམས་དཔའ་དང་འཁྱུད་ཅིང་འོ་བྱེད་པས་སོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་མདུན་དུ་བཞུགས་སུ ་གསོལ་ཏེ་བཅིངས་ལ། འཁྱུད་ཅིང་འོ་བྱའོ།། འཁྱུད་པ་དང་འོ་བྱེད་པ་ལ་སོགས་པའི་ཕྱག་རྒྱ་ནི། འདི་ཉིད་ཀྱི་འོག་ནས་འཆད་དོ།། ཡང་ན་ཁམས་གསུམ་རྣམ་པར་རྒྱལ་བའི་མཆོག་ལས་བཏུས་པའི་བཟླས་པའི་རྣམ་པ་ཡིན་པར ་བསྟན་ཏེ། གཟུགས་དེ་ལ་ཞུགས་བཞིན་ནམ་ཞེས་བཤད་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས། དེ་བསམ་པས་ཡི་གེ་ཧཱུཾ་ཉིད་དཔག་ཏུ་མེད་པར་བཟླས་པས་བྱང་ཆུབ་སེམས་དཔའ་ཐམས་ཅད ་རྗེ་སུ་མཉེས་པར་བྱས་པར་འགྱུར་རོ།། རྡོ་རྗེ་ཐམས་ཅད་ནི་རྡོ་རྗེ་ཡིད་ལས་བྱུང་བ་ལ་སོགས་པ་སྟེ། དེ་རྣམས་ཀྱི་ནི་ཨོཾ་མ་ནོར་བྷ་བ་བཛྲ་ཞེས་བྱ་བ་ལ་སོགས་པ་རང་གི་སྙིང་པོ་བཟླས་པས་ནང་གཽ་དབང་དུ་གྱུར་པ་ཉིད་དུ་བྱས། ་པ་ནི་རྗེ་སུ་མཉེས་པར་བྱས་པར་འགྱུར་རོ།། ལྷ་ཞེས་བྱ་བ་ལ་སོགས་པ་ལ། བརྒྱ་བྱིན་ལ་སོགས་པའི་གཟུགས་བརྙན་གྱིས་འདུན་དུ་དེ་རྗེསུ་ཚོགས་པར་བྱ་བའི་བསམ་པས་ཡི་གེ་ཧཱུཾ་བཟླས་བརྗོད་འབུམ་བྱས་ན། དེ་ནས་དེ ་རྗེ་སུ་ཆགས་པས་བདག་ཉིད་ཀྱི་ཐམས་ཅད་ཉེ་བར་སྟོབ་པར་འགྱུ་རོ།། གནོད་སྦྱིན་མོ་ལ་སོགས་པ་ཡང་ཆུང་མ་ལ་སོགས་པའི་གཟུགས་ཀྱིས་བདག་ཉིད་སྟོབ་པར་བྱེད་དོ།། བདག་བསྲུང་བ་ལ་ནི་ཡུངས་ཀར་ཧཱུཾ་ལས་རྡོ་རྗེ ་རྩེ་ལྔ་པའི་གཟུགས་སུ་བསྐྱེད་ལ་རང་གི་སྤྱི་བོར་བཞག་ལ། རྡོ་རྗེ་འབར་བའི་ནོང་དུ་བདག་ཉིད་ཆུད་པར་བསམ་ན་བདག་ཉིད་བསྲུང་བར་བྱས་པར་འགྱུ་རོ།། གཞན་བསྲུང་བ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩི་ལྔ ་པར་བླངས་ལ། ཕ་རོལ་གྱི་ཡན་ལག་དང་ཉིང་ལག་ཐམས་ཅད་དུ་རྡོ་རྗེ་བྱ་བའི་བསམ་པས་ཧཱུཾ་བཟློས་ཤིང་རྡོ་རྗེ་བསྐོར་བར་བྱ་སྟེ། དེ་ལྟ་བུས་ནི་གཞན་བསྲུང་བར་འགྱུར་རོ།། འོན་ཏེ་སྐྱེ་བོའི ་ཚོགས་བསྲུང་བར་བྱེད་པར་འདོད་པ་དེས། ཡིད་ཀྱིས་རྡོ་རྗེ་བསམ་ལ། དེ་རྣམས་ཀྱི་ཡན་ལག་དང་ཉིད་ལག་རྣམས་སུ་དེ་བཞིན་དུ་བསྐོར་ཞིང་ཕུར་བུ་དང་མཚམས་དང་། དཀྱིལ་འཁོར་གྱི་རཱ་བ་ལ་སོགས་པའི་ཆུ་ལྀ་དུ ་བྱས་པས་བསྲུང་པོར་བྱའོ།། དེ་བཞིན་དུ་མིག་གཉིས་སུ་ཡི་གེ་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ། སྔ་མ་བཞིན་དུ་མཚམས་ལ་སོགས་པ་བཅིང་བར་བྱའོ།། དེ་བཞིན་དུ་རེངས་པར་བྱ་བ་ལ་ནི་སེང་གེ་ལ་སོགས་པའི་མདུན་དུ་རྡོ་རྗེ ་སེམས་དཔའ་བསམ་པར་བྱའོ།། རྨུགས་པར་བྱ་བ་ལ་ནི་བསྒྲུབ་པར་བྱ་བའི་ལྷོ་གཟུང་བའི་ཚུལ་གྱིས། རྡོ་རྗེ་བསྣམས་པར་རྡོ་རྗེ་གཟུང་ལ། དེ་བཙིར་བའི་ཚུལ་དུ་བྱས་ནི་ལྐུགས་པར་འགྱུར་ཏེ། ཚིག་འཕྲོག་པར ་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། རྨོངས་པར་བྱ་བའི་ནི་བསྒྲུབ་པར་བྱ་བ་དང་། གཅིག་ཏུ་བྱས་ལ་མིག་འཛུམ་སྤྱི་བཟླས་པ་བྱའོ།། ཐམས་ཅད་བསད་པ་ལ་ནི་ལགྲོ་པ་གཡོས་དང་གི་ཡོན་ལ་ཡང་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ ་ལག་པ་གཡོན་པའི་རྡོ་རྗེ་ལ། བསྒྲུབ་པོར་བྱ་བའི་མིང་བློས་བསམས་ཏེ། ལོག་པ་གཡས་པའི་རྡོ་རྗེ་བསྣུན་ནོ་ཐམས་ཅད་གསོད་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་རྣཾས ་རྒྱས་གདབ་པ་ལ་ནི། ཕྱག་ན་རྡོ་རྗེས་བཅོམ་ལ། དབང་པོ་ཉི་མ་གཞན་གྱི་དབང་དུ་འགྱུར་ཏེ། ཇི་ལྟར་ངེས་མཐོང་དུ་ཟིན་ཀྱང་ཅི་ཡང་མི་དྲན་པ་དང་། དེ་བཞིན་དུ་རྣ་བ་ལ་སོགས་པས་ཀྱང་། ནི་ཐོས་པ་དང་། དྲི་མི་ཚོར་བ ་དང་། རོ་མི་ཚོར་བ་དང་། རེག་པ་མྱོང་བར་མི་འགྱུར་བ་དང་། སེམས་ཀྱིས་ཀྱང་ཅི་ཡང་ཤེས་པར་མི་འགྱུར་རོ།། དེ་དགང་གིས་འགྱུར་ཞེ་ན། རྡོ་རྗེ་མཁའ་འགྲོ་མའི་ཕྱག་རྒྱས་སོ།། ཞེས་བྱ་བ་གསུངས་ཏེ། མདའ ་འཛིན་མིའི་ལས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་དེ་ནི་རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་དཀྱིལ་འཁོར་རྒྱས་འདེབས་པའི་ལས་ཅན་ཡིན་པར་བསྟན་པའི་ཕྱིར་རོ།། འདྲི་ཡང་ཁྲོ་བོ་ཆེན་པའི་ཁུ་ཚུར ་གཉིས་ཀྱིས་གར་བྱསོ་ལ། སྟོད་པ་དང་བཅས་པ་མདའ་འཕེན་པའི་ཚུལ་ཡོན་ནོ།། སྙིང་ཐམས་ཅད་ཅེས་བྱ་བ་ལྔ་སོགས་པ་ལ་ལྷའི་སྦྱོར་བས་བསྒྲུབ་པར་བྱ་བཱིའི་ལུས་ལ། ཡིད་ཀྱིས་ཞུགས་ལ། སྙིང་གི ་པདྨ་དང་། མིང་ལ་སོགས་པའི་དབང་པོ་དྲངས་ལ། དེ་རང་གི་ལག་གིས་བཏོན་ཏེ། རཏྣ་གི་སྒྱིང་གར་བཞག་ནོས་གཅིག་ཏུ་འདྲ་ས་པར་གྱུར་བར་བསམ་པར་བྱ་སྟེ། དེ་ལྟ་བུས་ནི་སྙིང་ཐམས་ཅད་འདྲེན་ཅིང ་འབྱིན་པར་འགྱུར་རོ།། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། བདག་ཉིད་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་ན་མཁའི་ཁོངས་ཐམས་ཅད་ཁྱབ་པོར་བསམ་ལ། སྤྲིན་ལ་སོགས་པའི་བགེག་ཐཾང ་ཁར་བཅུག་ནས། བསྙེམས་པ་དང་བཅས་པར་ཧཱུཾ་བཟློས་པར་བྱའོ།། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་མྱུར་ཞིང་མྱུར་བ་ཉིད་དུ་གར་ལས་བྱུང་བའི་རྡོ་རྗེ་ཁུ་ཚུར་གཉིས ་བཅིངས་ལ་ཁ་ཕྱེ་སྟེ། དེ་ཉིད་ཞལ་ཤིན་དུ་འཇིགས་པ་དྲང་དབུ་སྐྲ་གྱེན་དུ་བརྫེས་པ། དབུ་འོག་ནས་བསྟོད་པའི་ཚུལ་གྱིས་བྷཽ་ཞེས་བྱ་བ་བརྗོད་པར་བྱ་སྟེ། ནོར་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལས། དོང་རྩེ ་དགུག་པ་ལ་སོགས་པའི་ཚུལ་གྱིས་བཟླས་བཛྲོད་བྱ་བ་ནི། ནཻར་ཐམས་ཅད་དགུགས་པ་ཡིན་ནོ།། ནོར་དྲང་འབྲུ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཧཱུཾ་ལས་འབྱུང་བའི་ལག་པ་གཡས་པའི་མཛུབ་མོའི་རྩེ་མོ་དང་། ་གཡོན་པའི་ཧཱུཾ་གི་གཞུ་རྒྱུད་སྤེན་པའི་ཚུལ་ནི་རྡོ་རྗེ་རྣལ་འབྱོར་མའི་ཕྱག་རྒྱ་སྟེ། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱིའི་དཀྱིལ་འཁོར་དུ་འདིས་ནོར་དང་འབྲུ་ཐམས་ཐམས་ཅད་འགུགས་པ་ཡིན་ནོ།། ཐམས་ཅད་ཅེས་བྱ་བ་ལ་སོ། ་པ་ལ་རྡོ་རྗེ་སྒྲིབ་ཕྱག་རྒྱ་བཅིངས་ལ། རང་གི་མདུན་དུ་ཧཱུཾ་གི་གླུ་བྱས་པ་དེ་དབང་དུ་འགྱུར་རོ།། རྡོ་རྗེ་ཡིང་ལས་བྱུང་བའི་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་མངའི་ཕྱག་རྒྱ་སྟེ། འདིས་ནི་ཐམས་ཅད་དབྱིགས་པ་དང་། རྗེ་སུ་ཆགས་པར་འགྱུརརོ།། ་ཀཱ་ལི་ཀཱི་ལིའི་ཕྱག་རྒྱས་ཕྱོགས་བཅུ་པ་དེ་བཞིན་གཤེགས་པ་ཐམས་ཅད་འཁྱུད་པས་ན་ཐམས་ཅད་མཉེས་པར་འགྱུར་རོ།། གནོད་སྦྱིན་མིའི་གཟུགས་བརྙན་ལ་སོགས་པ་ལ་ཡང་འཁྱུད་ནས་བསྒྲུབ་པར་བྱའོ།། སྡུག་པའི་བཅང ་བ་བསྟན་པ་ལ་ནི་རྡོ་རྗེ་སྡུག་པའི་ཕྱག་རྒྱས་སྙིང་ཧྲཱིནྡར་བར་བྱའོ།། སྨྲས་པ་ནི་རྡོ་ས་པའི་ལས་ཀྱི་ཕྱག་རྒྱས་མ་རུངས་པ་རྣམས་རབ་ཏུ་བསྒྲུབ་པར་བྱའོ།། འབར་བའི་ལྟ་བ་གཉིས་ཀྱིས་དབྲོག་པ་ནི་ལྟ་བས་དབྲོག་པའོ།། རྡོ་རྗེ་ཁུ་ཚུར་སྣང ་གར་བཞག་པ་ནི་གོས་ལིའོ།། སྣང་བར་བྱ་བ་ལ་རྡོ་རྗེ་ཐོགས་ལ་རྩེ་མོ་འབར་བ་འཕྲོ་བའི་ཚུལ་གྱིས་བསྐོར་བ་བྱ་བ་ཡིན་ནོ།། ལུས་བདེ་བར་བྱ་བ་ལ་ནི་རྡོ་རྗེ་བསྡམས་པས་རང་གི་མཚན་མ་གཟུང་ནས་བཟླས་བརྗོད་བྱ་སྟེ། འདྲི་ནི་བཅོམ ་ལྡན་འདས་ཀྱིས་གཡོགས་ཏེ་བྱ་བ་ཡིན་ནོ།། ཞེས་གསུངས་པ་ཡིན་ནོ།། རྡོ་རྗེ་མཆོག་གི་གཟུགས་ཀྱི་ཕྱག་རྒྱ་ནི་གར་ལས་བྱུང་བའི་རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་མཛུབ་མོས་འཁྱུད་དེ། མཐེ་བོང་གཉིས་ཀྱི་མཇུག ་མོ་དང་སྦྱར། མཐེ་ཆུང་གཉིས་ཀྱང་སྦྱར་བར་བྱ་བ་ནི་འདི་ནི་རྡོ་རྗེའི་གཟུགས་ཀྱི་མཆོག་སྟེ། འདི་བཅིངས་ལ་རྡོ་རྗེ་ཡིད་ལས་བྱུང་བར་ལྷག་པར་མོས་པས་ཐམས་ཅད་དུ་གཟུགས་ཐམས་ཅད་སྣང་བར་བྱའོ།། སྒྲ་ཐམས་ཅད་ཅེས་བྱ་བ ་པ་ལ་སོགས་པ་གར་ལས་བྱུང་བའི་རྡོ་རྗེ་བསྡམས་བཱ་ལས་གཡོན་པའི་མཛུབ་མོའི་རྩེ་མོ་བཀུག་པ་ནི་ཡུ་བ་ཡིན་ལ། གཡས་པའི་མཛུབ་མོས་དེ་ལ་བརྡུང་བ་སྟེ། འདིར་སྒྲ་ཐམས་ཅད་ཐོས་པར་བྱའོ།། གར་ལས་བྱུང་བའི་རྡོ་རྗེ ་ལག་མཐིལ་ཉེད་ཅིང་དབུག་འབྱིན་པ་དང་བཅས་པའི་ཧཱུཾ་གི་གླུས་དྲི་ཞིམ་པོ་ཚོར་བར་བྱའོ།། རྡོ་རྗེ་བསྡམས་པས་བཟུང་ལ་མངོན་པར་འདོད་པའི་གནས་སུ་བཞག་པ་ནི་རྡོ་རྗེ་སྤོ་བར་བྱའོ།། ལག་པ་གཉིས་ཀྱིས་སེ་གོལ་བརྡེབས ་ཤིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྐུ་མདོག་དམར་པོསུ་བསྒྲུབ་པར་བྱ། ཀུན་ཏུ་གང་བར་བསམ་ལ། ཡི་གེ་ཧཱུཾ་གིས་གླུ་ལེན་པར་བྱེད་པ་ནི་གདབ་པའོ།། གར་བྱེད་དུ་འཇུག་པ་ལ་ནི་རྩཝའི ་སྦྱོར་བས་བསྒྲུབ་པར་བྱ་བའི་ལུས་ལ་ཡིད་ཀྱི་སེ་ཞུགས་ཏེ་རང་ཉིད་གར་བྱེད་ཅིང་བཟླས་པ་བྱའོ།། ཐམས་ཅད་གླུ་ལེན་དུ་གཞུགས་པ་ལ་ནི་དེ་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་ཡི་གེ་ཧཱུཾ་ལས་རང་གི་རྩཝ་ལས་རྡོ་རྗེ་བསྐྱེད ་དེ་གླུ་ལེན་དུ་གཞུགས་པའི་བསམ་པས་ལྕེ་བསྐྱོད་ཅིང་ཧཱུཾ་གི་ལུས་བཟླས་བརྗོད་བྱའོ།། སྒོར་གཞུག་པ་ལ་ནི་དྲི་ཚབ་ཀྱིས་རྡུལ་ཕྲ་རབ་ཡི་གེ་ལས་རྡོ་རྗེ་རྩཝ་ལྔ་པའི་འབར་བའི་ངོ་བོ་ཉིད་དུ་བསྐྱེད་ལ། ཧཱུཾ་དེ་ཉིད་ཡོངསུ་བནྡྷ་ས ་ལ། གདོན་ལ་སོགས་པས་ཟིན་པ་རྣམས་ཆུ་དེ་འཐུང་དུ་བཅུག་ན་ཐམས་ཅད་སྨྲ་བར་འགྱུར་རོ།། བབས་ནས་ལན་སྟོན་པ་ལ་ནི་རྡོ་རྗེ་དབབ་པ་ལས་རྡོ་རྗེ་བཅིང་བའི་རང་གི་སྲིན་ལག་དང་མཐེའུ་ཆུང་གཽ་བར་དུ་མཐེ་བོང ་བཅུག་ལ་བསྐྱོད་པ་འདི་དང་། ཡི་གེ་ཧཱུཾ་གི་བཟླས་པས་ཐམས་ཅད་བབས་ནས་ལན་སྟོན་ཕ་ལ་ནི་སྦྱོར་རོ།། གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི། གམ་ལས་བྱུང་བའི་བ་དན་གསུམ་པ་གཉིས་བྱས་ལ། མཐེའུ ་ཆུང་གཉིས་གཤིབས་ཏེ། མཛུབ་མོ་རྡོ་རྗེར་བྱ། གུང་མོ་གཉིས་འདུད་དེ་བཟློག་ནས་དབང་བསྐུར་བའི་གནས་སུ་མཛུབ་མོའི་རྩེ་མོ་གཉིས་སྦྱར་ལོ་བཞག་ནས་འདིར་ཡི་གི་མུས་གདོན་ཐམས་ཅད་ལས་ཐར་བར་བྱའོ།། ་གདོན་ཐམས་ཅད་འཛིན་དུ་གཞུག་པ་ལ་ནི་ཚོགས་ཀྱི་བདག་པོ་བཀུག་སྟེ། དེའི་མདུན་དུ་རང་གི་རྡོ་རྗེ་གསོར་ཞིང་ཧཱུཾ་ཞེས་བྱ་བ་བཟླས་ལ། ཆེ་གེ་མོ་གདོན་གྱིས་འཛིན་དུ་ཆུག་ཤིག་ཅེས་བསྐུལ་བར་བྱའོ།། རིམས་ཐམས་ཅད་འཛིན ་དུ་གཞུག་པ་ལ་ནི་རྡོ་རྗེ་བསྡམས་པ་བརྐྱང་ལ་སྙིང་གར་འདར་བར་བྱ་ཞིང་རྡོ་རྗེ་རིམས་ཀྱི་གདོན་གྱིས་འཛིན་དུ་གཞུག་པ་ནི་རིམས་ཐམས་ཅད་འཛིན་དུ་གཞུག་པ་སྟེ། རྡོ་རྗེ་བཅིངས་པས་ན་མཁའ་ལས་རིམས་བླངས་ཏེ ་བསྒྲུབ་པར་བྱ་བའི་སྙིང་ལེ་བཅུག་པ་ནི་འཛིན་དུ་བཞུག་པའོ།། རིམས་ཐམས་ཅད་བསལ་བཱ་ལ་ནི་རྡོ་རྗེ་ལྟ་བས་བྱབ་ཅིང་རིམས་ཐམས་ཅད་བསལ་བར་བྱའོ།། རྩར་བ་ལ་ནི་ཁྲོད་པས་མིག་མི་འཛུམ་པར་ལྟ་བས་བལྟ ་བར་བྱ་བ་ནི་རྡོ་རྗེ་ལྟ་བའི་དུག་གི་ཕྱག་རྒྱའོ།། བྱུབ་པ་ནཱ་གོ་སླའོ།། དུག་ཐམས་ཅད་བཟའ་བ་ལ་ནི་དང་པོའི་རྡོ་རྗེའི་མཛུབ་མོའི་གཉིས་སྦྱར་ལ་རྐང་པའི་སོར་མོ་བསྒྱུར་བར་བྱེད་ཅིང་། དུག་གི་སྟེང་དུ་བཞག་ལ། ཡི་གེ་ཧཱུཾ་གིས ་བདུད་རྩིས་དུག་བདུད་རྩིར་གྱུར་པར་བསམ་པ་ནི། རྡོ་རྗེའི་བདུད་རྩི་སྟེ། འདིས་དུག་ཐམས་ཅད་བཟའ་བར་བྱའོ།། བདུད་ལ་སོགས་པ་ཞེས་བྱ་བ་ལ་བགྲགས་ཐམས་ཅད་བསྐྲད་ཅིང་གཞིག་ཡི་ནི་འཁྲུགས་པས་དཔག་ཏུ ་མེད་པར་བཟླས་པ་བྱས་ཏེ། མ་རུངས་པ་ཐམས་ཅད་བསད་པ་ལ་སོགས་པ་ནི་བརླག་པའོ།། མཁ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་གསོར་ཞིང་རྡོ་རྗེ་འབར་བས་མཁ་འགྲོ་མའི་གདོན་རྣམས་བསྲེགས་པར ་གྱུར་པར་བསམ་ཞིང་ཧཱུཾ་ཞེས་བྱ་བ་བརྗོད་ན་མཁའ་འགྲོ་མའི་གདོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་རྡོ་རྗེ་འཕེན་པའི་ཚུལ་དུ་འཕངས ་ན་གདོན་ཐམས་ཅད་ལ་སོགས་པའི་ཕྱག་རྒྱ་རྣམས་འཇིག་པར་འགྱུར་རོ།། མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱོག་རྒྱས་གཡོན་པའི་མཛུབ་མོ་ཐད་ཀར་ཕྱེད་དུ་བཞག་སྟེ། གཡས་པའི་མཐེའུ་ཆུང་བརྐྱང ་ལ། ཕྱག་རྒྱ་སྟེང་དུ་བཏེག་ནས་བཞག་པ་འདི་ནི་རྡོ་རྗེ་ཁ་ཊྭཱཾ་གའི་ཕྱག་རྒྱའོ།། མ་མོ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལས་ཁྲོས་པས་རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གྱིས་ལྟུང་བར་བྱེད་པའི་ཚུལ་དུ་སྡིགས་མཛུབ་བྱེད་ཅིང་ཧཱུཾ་ཕཊ་ཅེས ་བཟློས་པ་འདི་ནི། རྡོ་རྗེ་ཁྲོ་བོའི་ཕཊ་ཀྱི་ཁྲོ་བོ་སྟོང་གི་ཕྱག་རྒྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྡོ་རྗེར་བཤད་དོ།། མ་མོའི་གནས་སུ་ཁྲོས་པས་རྡོ་རྗེ་གསོར་ཞིང་བཟླས་བརྒྱུད་འབུམ་བྱས་ན་མཁོ་འགྲོ་མ་ཐམས ་ཅང་དབང་དུ་གྱུར་ནས་ཅི་བགྱིས་ཞེས་བྱ་བའི་མངག་གཞུག་མར་འགྱུར་རོ།། ཁྲོས་བྱས་ཧ་ཧ་ཧ་ཧ་ཧཱུཾ་ཞེས་བཟློས་ཤིང་རྡོ་རྗེ་ཁུ་ཚུར་གཉིས་བཟློག་སྟེ། ཁའི་གྷར་བཞག་པ་འདི་ནི་རྡོ་རྗེ་དྲག་པོའི་ཧ་ཧ་ཞེས་བྱ་བའི་གད་བརྐྱངས།། ་སོ།། གཞན་གྱི་དཔུང་ཐམས་ཅད་གཞོམོ་པ་ལ་ནི་ལག་པ་གཡས་པ་ཨོཾ་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་འབར་ཕྲེང་བ་ཀུན་ཏུ་རྣམ་པར་བས་མ་ལ་ལག་པ་དེ་ཉིད་ཀྱིས་རྡོ་རྗེ་ཁུ་ཚུར་བཅངས་ལ་མངོན་པར་བཟླས་ཏེ། བསྐལ ་པའི་མེ་ལྟར་འབར་བའི་ཁུ་ཚུར་དེ་ཉིད་ཀྱིས་ཡང་དང་ཡང་དུ་འཕང་བར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་སྲིན་ལག་དང་མཐའུ་ཆུང་བསྙམས་ལ་ཕྱེ་སྟེ། བརྐྱང་ནས་བ་དན་གྱི་རྩེ་མོ་ལྟ་བུར་བྱས་ལ་གྱེན་དུ ་བསྒྲེང་བ་དེ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་སྟེ། འཐབ་པ་ཐམས་ཅད་ལས་ཐར་པར་བྱེད་པའོ།། རྡོ་རྗེ་བསྡོམས་པ་བཅིངས་ལ་འཕེན་པས་འཕར་བ་ནི་རྡོ་རྗེ་འཇིགས་བྱེད་དོ།། ལྕགས་སྒྲོག་དང་འཁྲུལ་འཁོར་ཐམས་ཅད་སྒྲོལ ་བ་ན་རྡོ་རྗེ་ཧཱུཾ་མཛོད་ཀྱི་ཕྱག་རྒྱ་རྡོ་རྗེ་གཽར་ལས་བྱུང་བས་འཕངས་པས་ཏེ། འདི་ནི་ཁབ་ལོང་ངོ་།། དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་མཐེ་བོང་དང་མཐེའུ་ཆུང་གི་རྩེ་མོ་བཞི་ལས་མེ་སྟག་རྣམ་པར་འཕྲོ་བའི་ཚུལ་དུ་བྱ ་བ་འདི་ནི་རྡོ་རྗེ་མེ་ཤེལ་ལོ།། དེ་བཞིན་གཤེགས་པའི་སྐུའི་མཆོག་གི་ཕྱག་རྒྱ་བཅིངས་ལ་སྙིང་གར་བཞག་པ་ལ་ཁྲོ་བོའི་ལྟེ་བསྡུ་ལྟ་བ་ནི་ཆུ་མེད་པར་ཆུ་ཡང་དག་པར་བསྐྱེད་པ་སྟེ། འདི་ནི་རྡོ་རྗེ་ཆུ་ཤེལ་ལོ།། རྡོ་རྗེ་བསྣོམས ་པ་ལས་མཐེ་བོང་གཡས་པ་བསྒྲེང་ལ་གཡོན་པའི་མཛུབ་མོ་ལྕགས་ཀྱོར་བྱ་བ་ནི་པྲ་སེ་ན་ཐམས་ཅད་དབབ་པའོ།། ལག་ངར་རྡོ་རྗེར་མཉམ་བཞག་སྟེ། མཐེའུ་ཆུང་གཉིས་ནི་ལྕགས་ཀྱུར་ཅིང་།། མཛུབ་མོ་གཉིས་ནི་སྡིགས ་མཛུབ་བསྒྲེང་།། ཁམས་གསུམ་རྣམ་པར་རྒྱལ་ཞེས་བྱའོ།། ཞེས་བྱ་བ་འདོན་རྡོ་རྗེ་ཁུ་ཚུར་ལས་བྱུང་བ་ཡིན་ཏེ། རྡོ་རྗེ་ཧཱུཾ་མཇེད་འདིས་ལན་གློན་པ་ཐམས་ཅད་སྟོན་པ་ཡིན་ནོ།། དང་པོའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་ན་མཁའ ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བསྐྱེད་པའི་ཚུལ་དུ་བྱ་བ་ནི་རྫུ་འཕྲུལ་ཐམས་ཅད་བསྟན་པའོ།། ཏིང་ངེ་འཛིན་གྱི་མཆོག་ནི་བཅོམ་ལྡན་འདས ་འོད་དཔག་ཏུ་མེད་པའི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ། དེས་ཆོ་འཕྲུལ་ཐམས་ཅད་བསྟན་པར་བྱའོ།། རྫུ་འཕྲུལ་དང་ཆོ་འཕྲུལ་དག་གི་ཁྱད་པར་ནི་ན་མཁའ་ལ་འགྲོ་བ་ནི་རྫུ་འཕྲུལ་ལོ།། འོད་ཟེར་རབ་ཏུ་འགྱེད་པ་ལ་སོགས ་པ་ནི་ཆོ་འཕྲུལ་ཡིན་ནོ།། རྡོ་རྗེ་ཁུ་ཚུར་གཉིས་གློག་གྱུ་བ་འདེབས་པའི་ཚུལ་དུ་ན་མཁའ་ལ་བསྐོར་བར་བྱ་བ་འདི་ནི་རྡོ་རྗེའི་རྫུ་འཕྲུལ་རྣམ་པར་འཕྲུལ་པའོ།། རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་ལ ་གཅིག་ལ་གཅིག་མ་འདུད་པ་བྱས་ལེ་གཅུ་ཞིང་གཅུ་པར་བྱ་བ་འདི་ནི་ལྷ་ཐམས་ཅད་དབབ་པར་བྱེད་པའི་རྡོ་རྗེ་བསྐོར་བར་བྱེད་པའི་ཕྱག་རྒྱའོ།། ཀླུའི་གཟུགས་བརྙན་བྱས་ལ་ཀླུ་ཡོད་པའི་མཚོར་ཞུགས་ཏེ། ཀླུ་དེ ་ཉིད་གཡོན་བརྐྱང་བྱས་མནན་ལོ་བཟླས་བརྗོད་བྱས་ན། རྗེསུ་འབྱུང་བར་འགྱུར་རོ།། རྡོ་རྗེ་བཀའ་བསྒོ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལུང་བསྒོ་བར་བྱེད་པའོ།། ལྷ་ཆེན་པོ་གཡོན་བརྐྱང་བའི་གནས་པས་མནན་ལ་ཁྲོས་པས་བཟླས ་བརྗོད་བྱས་ན་འབྱུང་པོ་ཐམས་ཅད་གདུལ་བ་ཡིན་ནོ།། དང་བིའི་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ། མཛུབ་མོ་བསྒྲེང་བས་བཟློག་པ་ནི་རྡོ་རྗེ་སྲིད་སྲུང་གི་ཕྱག་རྒྱ་སྟེ། སེར་བ་ཐམས་ཅད་བཟློག་པར་བྱེད་པའོ།། རྡོ་རྗེ་ཐལ་མོ་ལས ་མཛུ་མ་གཉིས་བཤིབ་ལ་དཔྲལ་བར་བཞག་ནུས། སོར་མོ་ལྷག་མ་རྣམས་འོད་ཟེར་འགྱེད་པའི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་ཁྲོ་གཉེར་ཅན་གྱི་ཕྱག་རྒྱ་སྟེ་གློག་འབབ་པ་ཐམས་ཅད་ཟློག་པར་བྱེད་པའོ།། ཆར་དབབ་པ་དང་ཆར་བཅད་པ་དུང ་སྤྲིན་བསྐྱེད་པ་ནི་གོ་སླའོ།། དང་པོའི་རྡོ་རྗེ་ནི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་བལྟ་བས་བལྟ་བ་ནི་སྤྲིན་གཞོག་པ་སྟེ། རྡོ་རྗེ་ན་མཁའི་སྦྱིན་ནོ།། དང་པོའི་རྡོ་རྗེ་ཕྱག་རྒྱ་བཅིངས་ལ་ཐེ་བོང་གཉིས་གདེངས་ཀ་བསྒྱིངས་པའི་ཚུལ་དུ་བསྟན་པ་བྱས་པ་འདི་ནི་རྡོ་རྗེ ་ཀླུའི་ཕྱག་རྒྱའོ།། ཟངས་མིའི་བུབ་སྤྲོས་ཆུས་ཡོངསུ་གང་བ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ལ། ཇི་སྲིད་ཆུ་ལུད་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱ་སྟེ། འདྲི་ནི་གཏེར་ཤེས་པར་བྱ་བའི་ཕྱག་རྒྱའོ།། དང་པའི་རྡོ་རྗེའི་ཕྱག་རྒྱ་དབང་བསྐུར་བ ་གནས་སུ་བཞག་ལ་གཏེར་རྐོ་བཱིའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་འཛེར་གྱི་ཕྱག་རྒྱའོ།། འདི་ཉིད་ནོར་ལེན་པའི་ཚུལ་གྱིས་དཔྲལ་བར་བཞག་པ་ནི་གཏེར་ཐམས་ཅད་རྙེད་པའོ།། མདུན་དུ་རྒྱལ་སྲིད་ཐོབ་པ་ཉིད་ཀྱི་ཚུལ་དུ་དཔྲལ་བར་བཞག་པ་འདི ་ནི་རྡོ་རྗེ་དབང་བསྐུར་བ་སྟེ། འདིས་རྒྱལ་སྲིད་ཐམས་ཅ་དེ་ཐོབ་པར་འགྱུར་རོ།། མདུན་ཉིད་དུ་ས་རྣམས་ཐོབ་པའི་ཚུལ་དུ་དཔྲལ་བར་བཞག་པ་འདྲི་ནི་རྡོ་རྗེ་དབང་བསྐུརཱ་བ་སྟེ། འདིས་ས་ཐམས་ཅད་ཀྱི་བདག་ཉིད་དུ་འགྱུར་རོ།། ་རྡོ་རྗེ་འཁོར་ལོ་ནི་འོག་ནས་བཤད་པའི་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དེས་དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱའོ།། དང་པོ་རྡོ་རྗེའི་ཕྱག་རྒྱ་ནི་བདེ་བ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱའོ།། རབ་ཏུ་དགའ་བའི་རྡོ་རྗེ་ཞེས་བཤད་པ་ནི་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱའོ།། གང་ལག་པ་གཡས་པའི་མཛུབ་མོ་ལྕགས་ཀྱུར་བྱ་བ་ནི་རྡོ་རྗེ་བསྙེམས་པའི་ལྕགས་ཀྱུའི་ཕྱག་རྒྱའོ།། དང་པོའི་རྡོ་རྗེའི་ཕྱག་རྒྱ་ཉིད་ནི་རྡོ་རྗེ་གྲུབ་པའི་ཕྱག་རྒྱའོ།། ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོར་བསམ་ལ། ཟླ་བའི་གཟུགས་ལ་གནས་ནས་ནི། ན་མཁའི་སྟེང་དུ་འདུག་ནས་སུ།། ལག་ཏུ་རྡོ་རྗེ་བསྒོམས་ན་ནི།། རྡོ་རྗེ་རིག་པའདྲེན་པོར་འགྱུར་ཞེས་བྱ་བ་འདི་ནི་རྡོ་རྗེ་རིག་པ་འཛིན ་པའི་ཕྱག་རྒྱའོ།། རིག་པ་ཐམས་ཅད་ཀྱི་མཆོག་གི་ཕྱག་རྒྱ་ནི་དང་པོའི་རྡོ་རྗེ་ཉིད་རྡོ་རྗེ་ཕྲ་མོའི་སྦྱོར་བ་ཤིན་ཏུ་མཉམ་པར་བཞག་ལ་བསྒོམ་པར་བྱའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་བསྒོམ་པ་ལ་ནི་ཐུགས་ཀྱི་ཕྱག་རྒྱས་སོ་ཞེས་བྱ་བ་ནི ་གང་ཐུགས་ཀྱི་རྡོ་རྗེ་འདི་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྒྲུབ་པར་བྱའོ།། རྡོ་རྗེ་སེམས་དཔའ་ཕྱག་རྒྱ་ཆེན་པོ་ནི་གོ་སླའོ།། བྱང་ཆུབ་མཆོག་གི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་དེས་སངས་རྒྱས་ཉིད་བསྒྲུབ་པར་བྱའོ།། །། དཔལ ་མཆོག་དང་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལས་རབ་ཏུ་དགའ་བའི་རྡོ་རྗེའི་དཀྱིལ་འཁོར་གྱི་འགྲེལ་པ་མདོར་བཤད་པ་རྫོགས་སོ།། ། རང་བཞིན་མཉམ་ཞིང་ཆ་མཉམ་པ་ལ་སྤྱད་པའི་སེམས་ཅན་རྣམས ་རྗེས་སུ་བཟུང་བར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་དཀྱིལ་འཁོར་སྟོན་པར་མཛད་པར་བཞེད་པས་དེ་རྣམས་ཞེས་བྱ་བ་ལ་སོགས་པར་ཉེ་བར་དགོད་པར་མཛད་པ་ཡིན་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། རབ་ཏུ་དགའ་བའི ་དཀྱིལ་འཁོར་གྱིས་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ།། ཡང་ཞེས་བྱ་བའི་སྒྲས་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞི་བའི་ཆོས་ཉིད་ནི་དེ་བཞིན་ཉིད་དུ་རོ་གཅིག་པའི་ཡེ་ཤེས་ཏེ། ཟད་པ་དང་མི་སྐྱེ་བ ་ཤེས་པའི་མཚན་ཉིད་ཅན་ནོ།། དེ་ཉིད་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་སྟེ། དེ་མངོན་པར་བསྒྲུབ་ཅིང་མངོན་སུམ་དུ་མཛད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་གིས་འགྱུར་བ་འདི་ཉིད་སྟོན་པར་མཛད་ཅིང ་གསུངས་པའོ།། རྡོ་རྗེ་རྣམས་ཀྱི་མཉམ་པ་ཉིད་ཡིན་པས་ན་རྡོ་རྗེ་མཉམ་པ་ཉིད་དེ། གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དོ།། དེ་བས་ན་རྡོ་རྗེའི་སྒྲས་ནི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པ་ཉིད་ཡིན་པར་མངོན ་པར་འདོད་ལ། དེའི་མངོན་པར་རྫོགས་པ་བྱང་ཆུབ་པ་ནི་མངོན་སུམ་དུ་བྱེད་པའོ།། དེ་ཉིད་ནི་བྱང་ཆུབ་བོ།། གཏན་ཚིགས་གང་གི་ཕྱིར་ཞེ་ན། རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་ཏེ། གླང་གི་ཕྱིར་དེ་བཞིན་ཉིད་དང་སྟོང ་པ་ཉིད་དང་། འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་པ་རྡོ་རྗེ་དེ་ནི་རོ་གཅིག་པའི་ཡེ་ཤེས་ཏེ། དེ་ཐོབ་པས་སྲོག་ཆགས་དང་སྲོག་ཆགས་མ་ཡིན་པ་རྣམས་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་གཉིས་སུ་རྟོག་པ་རྣམས་ཀྱི ་མི་ཕྱེད་པས་ན། རྡོ་རྗེ་ལྟར་སྲ་བ་ཡིན་ཏེ། དེ་བས་ནི་རྡོ་རྗེ་སྲ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་པ་ཡིན་ནོ།། དོན་ཞེས་བྱ་བའི་སྒྲས་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་བྱ་བར་བཤད་ལ། དོན་རྣམས་ཀྱི་མཉམ་པ ་ཉིད་ནི་དོན་གྱི་མཉམ་པ་ཉིད་དོ།། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། ཡང་ན་བདག་གི་རྣམ་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི་དོན་ཡིན་ལ། དེ་དེའི་མཉམ་པ་ཉིད་ཡིན་པས་ན། དོན་གྱི་མཉ ་པ་ཉིད་དེ་སྔ་མ་བཞིན་ནོ།། དེ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་སྔ་མ་དང་འདྲའོ།། དེ་ཉིད་ནི་བྱང་ཆུབ་ཆེན་པོ་ཡང་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དོན་གཅིག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་སྟེ། དོན་གཅིག་པ་ནི་དེ་བཞིན་ཉིད་ཡིན་ལ། ་དོན་གཅིག་པའི་དངོས་པོར་གྱུར་པས་ན་དོན་གཅིག་པོ་ཉིད་ཅེས་བྱ་སྟེ། དེ་རྒྱུར་གྱུར་པས་དོན་གྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་བྱང་ཆུབ་ཆེན་པོའོ།། ཆོས་ཞོ་བྱ་བ་ནི་ལུང་གི་ཆོས་ཏེ། ཐེག་པ་གསུམ་ལ ་པ་བཤད་པའི་ཚུལ་ལམ་ཡང་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ནི་ཆོས་སོ།། དེ་རྣམས་ཀྱི་མཉམ་པ་ཉིད་ནི་སྔ་མ་བཞིན་དུ་བལྟ་བར་བྱའོ།། འདིའི་མངོན་པར ་པར་བྱང་ཆུབ་པ་ཡང་སྔ་མ་བཞིན་དུ་བཤད་པར་བྱ་སྟེ་དེ་ཉིད་ན་བྱང་ཆུབ་ཆེན་པོའོ།། གཏན་ཆགས་གང་གི་ཕྱིར་ཞེ་ན། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གཟུང་པོ་དང་འཛིན་པའི་རྣམ་པར ་རྟོག་པོ་དང་བྲལ་བ་ཉིད་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ།། ཐམས་ཅད་ནི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་ཆགས་རྣམས་ཏེ། དེ་རྣམས་ཀྱི་མཉམ་པ་ཉིད་ནི་ཐམས་ཅད་ཀྱི་མཉམ་པ་ཉིད་ན་དངོས་པོ་མེད་པའི ་ངོ་བོ་ཉིད་དོ།། དེའི་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྟོགས་པར་གྱུར་པའོ།། དེ་ཉིད་ནི་བྱང་ཆུབ་ཆེན་པོ་སྟེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་བལྟོས་ན་བྱང་ཆུབ་ཀྱང་ཡིན་ལ། ཆེན་པོ་ཡང་ཡིན་པས་ན་བྱུང ་ཆུབ་ཆེན་པོ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ།། གཏན་ཚིགསོ་གང་གི་ཕྱིར་ཞེ་ན། ཐམས་ཅད་ལ་རྣམ་པ་མི་རྟོག་པའི་ཕྱིར་ཞེས་བྱ་བ་གསུང་སོ་ཏེ། མིག་ལ་སོགས་པའི་རྣམ་པར་རྟོག་པ་མེད་པོ་ཉིད ་ཀྱི་ཕྱིར་ཞེས་བྱ་བའི་དོན་ཏོ།། ཡང་ན་དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་ལོས་ཀྱིས་རིགས་རྣམས་ལ་རྡོ་རྗེ་དང་དོན་དང་ཆོས་དང་ཐམས་ཅད་ཀྱི་སྒྲས་བཤད་ལ། དེ་རྣམས་ཀྱིས་མཉམ་པ་ཉིད་དེ། དེ་ཉིད ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡིན་ལ། བྱང་ཆུབ་ཆེན་པོ་ཡང་དེ་ཉིད་ཡིན་ཞེས་སྔ་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ།། ཡེ་ཤེས་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ་ཞེས་བྱ་བ་ནི། བྱང་ཆུབ་མཆོག་གི་ཕྱག་རྒྱ ་བཅིངས་པ་ཞེས་བྱ་བའི་དོན་ཏོ།། དོན་གྱི་གན་སོ་འདྲི་ཉིད་ཅེས་བྱ་བ་ནི། རྡོ་རྗེ་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ལ་སོགས་པ་ཚིག་བཞི་པོའི་དོན་སླར་ཡང་རྒྱ་ཆེར་སྟོན་ཅིང་ཡང་རྣམ་གྲངས་གཞན ་གྱི་འཆད་པར་མཛད་པའོ།། འཛུམ་པ་ཞེས་བྱ་བའི་ཅུང་ཟད་པོཤད་པ་སྟེ། དེ་དང་བཅས་པས་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ།། ཆོས་ཐམས་ཅད་ནི་ཚིག་བཞིར་གསུངས་པའོ།། དེ་རྣམས་ཀྱི་མཉམ་པ་ཉིད་ནི ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ། དེ་ལ་དམིགས་པའི་ཚུལ་གྱི་ཐུགས་ནི་སྙིང་སྟེ། དེ་སྟོན་པར་བྱེད་པའི་ཡི་གེ་ལ་ཡང་ཉེ་བར་གདགས་པས་སྙིང་པོ་ཞེས་བྱ་སྟེ། དེ་གསུངས་པ་ནི་བཀའ ་སྩལ་པའོ།། བཞད་པ་ཆེན་པོས་བཞད་ཅིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་ཀྱིས་དེ་བཞིན་གཤེགས་པའི་ཆ་ལུགས་ཀྱི་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མཐོང་བ་དང་། ་དགའ་ཞིང་རབ་ཏུ་མགུ་བ་སྐྱེས་ནས་བཞད་པ་ཆེན་པོ་བཞད་པ་མཛད་དོ།། དེ་བཞིན་གཤེགས་པ་ཡང་ཡིན་ཐམས་ཅད་ཀྱང་ཡིན་པསཱ་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་ཉིད་ནི་རྡོ་རྗེ་ཡིན་ལ། དེ་རྣམས་ཀྱི་དཀྱིལ ་འཁོར་ཏེ། དེ་བྱིན་གྱིས་རློབ་པ་ནི་བསྟན་པར་བྱས་པ་དེ་ལ་དམིགས་པའི་སེམས་རྩེ་གཅིག་པ་གང་གིས་ཁྱད་པར་དུ་བྱས་པ་གང་ཡིན་དེ་ལ་ནི་མིང་འདི་ཉིད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས ་དཀྱིལ་འཁོར་ཚོན་པོ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ།། མིང་འདི་སྐད་ཅེས་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད ་རྡོ་རྗེའི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་སོགས་པ་མཚན་ཉིད་ཅན་ནོ།། དེ་ཉིད་ནི་རྡོ་རྗེ་སྟེ། དེ་སྟོན་པར་བྱེད་པ་ཉིད་ཀྱིས་ན་དེ་མིང་དེ་ཉིད་ཅེས་བྱ་བའི་དཀྱིལ་འཁོར་ཆེན་པོ་གང་ཡིན་པ་འདི་གསུངས ་ཞེས་བྱ་བ་ནི་བཀའ་སྩལ་པའོ།། དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དེ་ཐམས་ཅད་དུ་སྒོ་ནི་བརྒྱད་ཆར་བྱའོ།། འདིར་སྒྲུབ་པ་ཐམས་ཅད་ཡི་གེ་ཨ་ཉིད་ཀྱིས་བྱའོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དྲི་བཞིན ་ཧཱུཾ་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱ་བཅིང་པ་ལས་བྱུང་བའི་དང་པོའི་རྡོ་རྗེ་ཉིད་བཅིངས་ལ། བཛྲ་བཛྲ་ཨེ་ཞེས་ཟློས་ཤིང་ཆོ་ག་ཇི་ལྟ་བ་བཞིན་དུ་འཇུག་པར་བྱའོ།། རྣམ་པར་མི་རྟོག་སྦྱོར་བ་ཡིས།། ཞེས་བྱ་བ་ནི་ཆོས་བདག་མེད་པ་བསྒོ། ་པས།། སློབ་མ་རྣཾས་ལ་སྦྱིན་ཞེས་བྱ་བ་ནི་འབྱོར་བ་ཅི་ཡོ་ལླ་ཁ་སྦྱིན་ཞེ་བ་དོནཏོ།། མཆེན་མེ་བཞི་ཞེས་བྱ་བ་ནི་རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་སྐ་ལོ་པྲ་ཇི་ལྟ་བ་བཞིན་དུ་མེ་ཏོག་གང་ལ་བབས་པ་དེ་ལ་མཚན་མ་དཾ་བ་སྦྱིན་པར ་བྱའོ།། དཀྱིལ་འཁོར་དུ་ཞུགས་པ་ཙམ་ཉིད་ཀྱིས་ལས་རྣམས་འགྲུབ་པར་འགྱུར་ཞེས་བྱ་བ་འདི་ནི་ཡེ་ཤེས་པིབས་པར་གྱུར་པ་རྣམས་ཀྱི་ཡིན་པར་ཐམས་ཅད་དུ་བལྟ་བར་བྱའོ།། དེ་བཞིན་གཤེགས་པ་ཐམས ་ཅོད་ཀྱི་བདེ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བསྒོམས་པའི་བདེ་བ་སྟེ། དེས་དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་དཔའ་ལ་སོགས་པ་བེབས་པས་སོ།། བདག་ཕུལ་བ་ནི་ཕྱག ་བཞིའི་སྦྱོར་བས་སོ།། མེ་ཏོག་ལ་སོགས་པ་ལ་བཟླས་པ་ནི་རྡོ་རྗེ་སྦྲང་རྩི་དང་། རྡོ་རྗེ་སྤྲིན་དང་། རྡོ་རྗེ་སྟོན་དང་། རྡོ་རྗེ་དགུན་རྣམས་ཀྱི་སྔགསོ་བརྗོད་པ་སྟེ། དེས་སངས་རྒྱས་ཆོས་དང་དགེ་འདུན་ནི། དམ་ཚིག་ཆེན་པོ་གསུ ་འདི་ཡིན། ཞེས་འོག་ནས་བཤད་དེ། དེ་ལྟ་བུས་དཀོན་མཆོག་གསུམ་ལ་མཆོད་པར་བྱའོ།། ཐམས་ཅད་ལ་བྱམས་པ་ཁྱབ་པར་སྤྲོ་སྡེ་བཟླས་པ་ནི་བྱམས་པའི་བཟླས་པའོ།། ས་གནོན་གྱི་ཕྱག་རྒྱ་བཅིང ་ལ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལྷག་པར་མོས་པར་བྱས་པའི་བཟླས་པ་ནི་བརྟན་ཞིང་ངེས་པའི་བཟླས་པའོ།། ནམ་མཁའི་སྙིང་པོའི་ཏིང་ངེ་འཛིན་ལོ་གནས་ཏེ། རྡོ་རྗེ་རིན་ཆེན་གྱི་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིངས་ལ། རྒྱན་ཐམས ་ཅད་ཀྱི་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་མཆོད་ལ། བདག་ཉིད་ཀྱིས་རང་ཉིད་ཀྱིས་རང་ཉིད་ལ་རྣམ་པ་ཐམས་ཅད་བཅིང་བར་བྱའོ།། ལག་པ་གཡོན་པས་པདྨ་གཟུང་ལ་རང་ལ། རང་གི་སྙིང་གར་བཞག་སྟེ། ལག་པ ་གཡས་པས་དབྱེ་བར་བྱ་བ་འདི་ནི་རྡོ་རྗེ་པདྨ་པ་ལ་བལྟ་བའོ།། འཕགས་པ་རྡོ་རྗེ་ཉིད་ནི་རྡོ་རྗེ་ལས་ཀྱི་མཆོག་གོ། ཡེ་ཤེས་ཀྱི་ཁུ་ཚུ་རཱི་ནཽ་བྱང་ཆུབ་ཀྱི་མཆོག་གོ།། དེ་བཞིན་གཤེགས་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། ད་ནི་ཁྲོ ་བས་ཁྲོ་བ་སྤང་པོར་བྱ་བོའི་ཕྱིར། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་སྔ་མ་བཞི་ནོ།། མ་རུངས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་རྩ ་མ་རུངས་པ་ཐམས་ཅད་དེ། ལྷ་ཆེན་པོ་ལ་སོགས་པའོ།། མ་རུངས་པ་ཐམས་ཅད་འདུལ་བར་མཛད་པས་ན། མ་རུངས་པ་ཐམས་ཅད་བདུལ་བ་སྟེ་འདུལ་བར་མཛད་ཅིང་། དེས་ཁྲོ་བ་སྤོང་བར་མཇེད་པས་འདུལ་བའོ།། ་དེ་ནི་རྡོ་རྗེ་ཧཱུཾ་མཇེད་གཟུགས་ཅན་གྱི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའོ།། ཡང་ཞེས་བྱ་བ་ནི་སླར་ཡང་ཞེས་བྱ་བའི་དོན་ཏོ།། ཆོས་ཀྱང་ཡིན་ལ་ཐམས་ཅད་ཡིན་པས་ཆོས་ཐམས་ཅད་དེ། འདོད་ཆགས་ལ་སོགས་པའོ།། དེ ་རྣམས་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ།། དེས་རྣམ་པར་རྒྱལ་བ་ནི་མཉམ་པ་ཉིད་བསྒོམས་པས། ཞེ་སྡང་ལ་སོགས་པ་ངེས་པར་བསྩལ་པ་ཞེས་བྱ་བའི་དོན་ཏོ།། རྣམ་པར་རྒྱལ་བ་དེའི་བསྡུ་བ་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པ་སྒྲུབ་པ་གང་གིས་མངོན་སུམ་དུ་བྱེད་པར་འགྱུར་བ་གང་ཡིན་པ་དེ་ལ་མིང་འདི་ཉིད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་དེ་གསུངས་པའོ།། འདོད་ཆགས་ཀྱི་ཞེས་བྱེ་བ་ལ་སོགས་པ་ལ། ་དེ་ལོ་འདོད་ཚོགས་ནི་ཀུན་ཏུ་ཞེན་པའི་མཚོནི་ཉིད་ཅན་ནོ།། དེའི་སྤྲོས་པ་ནི་ཁ་དོག་དང་དབྱིབས་དང་རེག་པ་དང་ཉེ་བར་སྦྱོང་བའི་མཚོན་ཉིད་ཅན་ནོ།། སྤྲོས་པ་ཡོད་པ་མ་ཡིན་པས་ན་སྤྲོས་པ་མེད་པ་སྟེ། འདོད ་ཆགས་ཀྱི་སྤྲོས་པ་རྣམས་མཉམ་པ་ཉིད་དུ་བསྒོམས་པས་འདོད་ཆགས་ཉེ་བར་མི་དམིགས་སོ་ཞེས་བྱ་བའི་དོན་ཏོ།། འདོད། ཆགས་ཀྱི་སྤྲོས་པ་མེད་པའི་ངོ་བོ་ཉིད་ནི་འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་དོ།། ་དེས་ཞེ་སྡང་སྤྲོས་པ་མེད་པ་ཉིད་དོ།། དེ་ཡང་ཞེ་སྡང་ནི་སེམས་ཅན་ལ་གནོད་པར་བྱ་བར་འདོད་པ་སྟེ། དེའི་སྤྲོས་པ་ནི་མནར་སེམས་རིང་པོ་དགུ་དང་། བཅུ་པོ་གནས་མ་ཡིན་པ་ལ་ཁྲོ་བའོ།། སྤྲོས་པ་ཡོད་པ་མ ་ཡིན་པས་ན། སྤྲོས་པ་མེད་པ་སྟེ། མནར་སེམྦྷན་གྱི་དངོས་པོ་དམིགས་སུ་མེད་པའོ།། འདི་སྐད་སྟོན་པར་འགྱུར་ཏེ། གང་ལ་རྗེས་སུ་ཆགས་པ་དེ་ལ་ཁོང་ཁྲོ་བར་འགྱུར་ཏེ། རྗེས་སུ་ཆགས་པའི་དངོས་པོ་དམ ་སུ་པར་མེད་པས་ཁོང་ཁྲོ་བའི་དངོས་པོ་ཡང་ཉེ་བར་དམིགས་པར་མི་འགྱུར་རོ།། དེ་བས་ན་འདོད་ཆགས་ཀྱི་སྤྲོས་པ་མེད་པ་ཉིད་ཀྱིས་ཞེ་སྡང་གི་སྤྲོས་པ་མེད་པ་ཉིད་དུ་འགྱུར་རོ།། ཞེ་སྡང་གི་དངོས་པོ་ཉེ་བར་མི་དམིགས་པས་གཏི། ་མུག་གི་དངོས་པོ་དམིགས་པར་མི་འགྱུར་ཏེ། དེ་བས་ན་གཏི་མུག་གི་སྤྲོས་པ་མེད་པ་ཉིད་དུ་འགྱུར་རོ།། དེ་ཡང་གཏི་མུག་ནི་མ་རིག་པ་སྟེ་དེའི་སྤྲོས་པ་ནི་དབང་ཕྱུག་རྒྱུར་འདོད་པ་ལ་སོགས་པར་ཡོངསུ་བཏགས་པའོ།། གཏ ་མུག་གི་དངོས་པོ་དམིགསུ་མེད་པས་ཀྱང་ཆོས་ཐམས་ཅད་དམིགསུ་མེད་པ་ཡིན་ཏེ། དེ་བས་ན་གཏི་མུག་གི་སྤྲོས་པ་མེད་པ་ཉིད་ཀྱིས་ཆོས་ཐམས་ཅད་སྤྲོས་པ་མེད་དོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་ནི་ཁམས་གསུམ་ན་སྤྱོད་པའི ་སེམས་སམ་སེམས་ལས་བྱུང་བ་རྣམས་སམ། བྱང་ཆུབ་ཀྱི་ཕྱོགས་ཀྱིས་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ།། དེ་རྣམས་ཀྱི་སྤྲོས་པ་ནི་དབྱེ་བར་ཡོངསུ་བཏགས་པའོ།། འདོད ་བའི་ཁམས་ན་སྤྱོད་པ་ལ་སོགས་པའི་ཚུལ་གྱིས་ཆོས་ཐམས་ཅད་ལ་མ་སྤྲོས་པས་ན་སྤྲོས་པ་མེད་པ་སྟེ། སྔ་མ་བཞིན་ནོ།། ཆོས་ཐམས་ཅད་དམིགསུ་མེད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྤྲོས་པ་མེད་པ ་ཉིད་དུ་རིག་པར་བྱའོ་ཞེས་བྱ་སྟེ། གང་ཆོས་ཐམས་ཅད་དམིགས་སུ་མེད་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་ན་འདི་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱིས་རྣམ་པར ་རྒྱལ་བ་བསྡུ་བ་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པར་འགྱུརརོ།། འཇིག་རྟེན་གསུམ་ལས་རྣམ་པོར་རྒྱལ་བའི་རྡོ་རྗེའི་ཕྱོག་རྒྱ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ།། པདྨའི་གདོང་ཁྲོ་གཉེར་དང་བཅས་པ་ལ་སོགས ་པས་སྙིང་པོའི་ཡན་ལོག་འདི་གསུང་སོ་ཞེས་པར་སྦྱར་རོ།། ཁྲོ་བར་སྟེན་པར་བྱེད་པའི་དཔྲལ་བའི་གཉེར་མ་ནཱི་ཁྲི་གཉེར་གྱི་སྒྲར་བཤད་དོ།། ཁྲི་གཉེར་དང་བཅོས་ཤིང་སྨིན་མ་བཏེག་དང་ལྡན་པས་ཁྲོ་གཉེར་དྲང ་བཅས་ཤིང་སྨིན་མ་བཏེག་པའོ།། བར་དུ་མྱུར་བར་གཡོ་བའི་མིག། མིགོ་གི་རྫི་མ་འདྲེན་པ་ནི།། འབར་བའི་ལྟ་བ་ཡིན་པར་བཤད།། ཅེས་བྱ་བ་ནི་འབར་བར་ལྟ་བ་སྟེ། དེས་ན་ཁྲོ་གཉེརརེ་དང་བཅས་ཤིང་སྨིན་མ ་བཏེག་པ་དང་། འབར་བར་ལྟ་བ་དང་པདྨོའི་གདོང་ཁྲོ་ཞིང་རྒོད་དེ་མཆེ་བ་ཅུང་ཟད་གཙིགས་ནས་ཞལ་སྟོང་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ནས་རྡོ་རྗེ་ཁྲི་སྟེ་ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་ཕྱུང་ནས་བཞུ ་ས་བྱ་བར་སྦྱར་རོ།། བདག་ཉིད་དངོས་པོ་ཅི་ལྟ་བུ་ཞེ་ན་ཕྱག་ན་རྡོ་རྗེ་དང་འདྲ་བའི་དངོས་པོའི་བདག་ཉིད་ཅན་ནོ་ཞེས་བྱ་བའོ།། ཁ་དོག་ལ་སོགས་པ་ཅི་ལྟ་བུ་ཞེ་ན། ཁ་དོག་སྣ་ཚོགས་པ་ལ་སོགས་པ་སྟེ། ་དོག་སྣ་ཚོགས་པ་ལ་སོགས་པ་སྟེ། ཁ་དོག་སྣ་ཚོགས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའོ།། རྒྱན་ནི་གདུ་བུ་དང་རྣ་ཆ་དང་དཔུང་རྒྱན་དང་ཅོད་པན་ལཱ་སྩོགས་མཚོནཱ་ཆ་ནི་རྡོ་རྗེ་ལ་སོགས ་པའོ།། དེ་ལྟར་ན་ཁུ་དོག་དང་རྒྱུན་དང་མཚོན་ཆ་རྣམ་པ་སྣ་ཚོགས་པ་འཆིང་བར་མཛད་པས་ན་ཁ་དོག་དང་རྒྱན་དང་མཚོན་ཆ་རྣམ་པ་སྣ་ཚོགས་བསྣམས་པའོ།། རྗེ་མཆེ་བ་གི་ཙི་ཌ་པ་ནི་རྡོ་རྗེ་མཆེ་བ་ལྷ་བར་བྱུང་བའོ།། མཆེ་བ ་ནོར་གཙིགས་པ་ཉིད་ཀྱི་ཚེམས་ཀྱི་སྨོས་ཏེ་མ་མཆུ་གནོན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟ་བུའི་ཚམོས་ཀྱིས་སྨོས་རྣོན་པོ་མི་ཟད་པ་དང་ཁྲོ་གཉེར་བསྙེར་བ་དང་། སྨིན་མ་འབར་བ་དང་། དབུ་སྐྲ་དང་། ཨག་ཙོམ ་རྣམས་འབར་ཞིང་འཇིག་སུ་རུང་བའི་ཞལ་གངྒ་ལ་མངའ་བ་དེ་ལ་ནཱི་རྣམ་པར་འགྱུར་བའི་མཆེ་བ་གཙིགས་པ་ཚེམས་ཀྱི་སྒྲོས་ནོན་པ་སྨིན་མ་མི་ཟད་ཅིང་ཁྲོ་གཉེར་བསྐྱེར་བ་སྤྱན་དྲང་དབུ་སྐྲ་དང་ཨག་ཙམ་འབར་བ་ཞལ ་འཇིགས་པ་ཞེས་བྱའོ།། ཐུགས་རྗེ་ཆེན་པོའི་ཐབས་དེས་བསྐྱེད་པའི་ཁྲོ་གཉེར་ཡིན་པས་ན་ཐུགས་རྗེ་ཆེན་པོའི་ཐས་ཀྱི་ཁྲོ་སྟེ། དེ་ཉིད་ནི་རྡོ་རྗེ་ཡིན་ལ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཧཱུཾ་མཛད་ལ་སེམས་རྩེ་གཅིག ་པའོ།། ཕྱོགས་བཅུའི་འདོད་པ་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ལ་ཁམས་གསུམ་ཞེས་བྱ་བའི་སྒྲར་བཤད་དེ། དེར་གནས་པའི་ལྷ་ཆེན་པོ་ལ་སོགས་པ་གདུལ་བར་མཛད་པས་ན་ཁམས ་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ་བ་སྟེ། རྣམ་པར་རྒྱལ་བ་དེ་དཀྱིལ་འཁོར་གང་དུ་མཛད་པ་དེ་ན་དཀྱིལ་འཁར་གང་དུ་མཇེད་པ་དེ་ནི་དཀྱིལ་འཁོར་ཆེན་པོའོ།། ཡང་ན་ཁམས་གསུམ་པོ་མཐའ་དག་ལས་རྣམ་པར་རྒྱལ ་བ་ཞེས་བྱ་བ་ལ་ཁམ་གསུམ་རྣམ་པར་རྒྱལ་བའི། རྡོ་རྗེ་ཧཱུཾ་མཇེད་སྟེ། དེས་བྱིན་གྱིས་བརླབས་པའི་གཞལ་ཡས་ཁང་ལ་མིང་དེ་ཉིད་ཅེས་བྱ་སྟེ། དཀྱིལ་འཁོར་མིང་དེ་སྐད་ཅེས་བྱ་བར་གསུངས་སོ།། རྡོ་རྗེ་ནི་བཅོམ་ལྡན་འདས་ཧཱུཾ་མཛད ་ཉིད་དེའི་དཀྱིལ་འཁོར་རོ།། འདུལ་བ་ཆེན་པོའི་འདུལ་བྱེད་པ་ཞེས་བྱ་བ་ལ། ཆེན་པོ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་སྟེ། དེ་རྣམས་འདུལ་བས་འདུལ་བར་མཛད་པ་འམ་དེ་རྣམས་ཀྱིས་འདུལ་བའི་ཁྲོ་བོ་འདི་ཉིད་ཀྱིས་འདུལ ་བས་ན་འདུལ་བ་སྟེ། ཁྲོ་བ་སྤངས་པར་མཛད་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ན་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ནི་འདུལ་བ་ཆེན་པོ་ཡིན་ལ་དེ་ཉིད་དཀྱིལ་འཁོར་གང་དུ་འདུལ་བ་དོར་གྱུར་པ་དེ་ནི་འདུལ་བ་ཆེན་པོ་འདུལ་བྱེད་པའོ།། དཀྱིལ ་འཁོར་དང་པོ་ནི་རྡོ་རྗེ་སེམས་དཔའི་ཕྱིའི་དཀྱིལ་འཁོར་ཏེ། བརྒྱད་ཆ་བའི་སྒོ་དང་ལྡན་པར་བྲིས་ལ་ནང་དུ་དེའི་ཕྱེད་ཀྱི་ཆེད་ཀྱིས་རྡོ་རྗེའི་ཕྲེང་བ་ཟླུམ་པོ་དང་ལྡན་པའི་འཁོར་ལོ་ལ་རྡོ་རྗེ་ཀ་བརྒྱད་དང་ལྡན་པར་བྲི་བར་བྱའོ།། ལྷ་ཐམས ་ཅད་ཀྱི་གནས་སུ་ནི་སྣ་ཚོགས་པདྨའི་གདན་བྱས་ལ་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རྡོ་རྗེ་ཧཱུཾ་མཛོད་ཀྱི་ཕྱག་རྒྱས་བཞུགས་པ་ཇི་སྐད་དུ་བཤད་པའི་གཟུགས་དང་ལྡན་པར་བྲི་བར་བྱའོ།། དེ་བཞིན ་དུ་གཞན་དག་ཀྱང་སྔར་བཤད་པ་ཉིད་ཡིན་ཏེ། འདིར་ཡི་གེ་ཧཱུ~ཾ་ཉིད་ཀྱིས་དཀྱིལ་འཁོར་བྲི་བ་ལ་སོགས་པ་བྱའོ།། རྡོ་རྗེ་བསྣམས་པ་ནང་དུ་བཅིངས་ལ་སོར་མོ་རྣམས་འབར་བ་ནང་དུ་བསྣོལ་ལ། མཐེ་བོའི ་རྡོ་རྗེ་བསྒྲེང་བ་འདི་ནི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་སྟེསྟི་འདིས་བཛྲ་བཛྲེ་ཧཱུཾ་ཞེས་ཟློས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ།། ལག་པ་གཉིས་ཀྱིས་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ་ནི་ལག་པ་གཉིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས ་ལ་ཞེས་བྱ་བའི་དོན་ཏོ།། ལྔ་པོ་བསྡུས་པའི་ཕྱག་རྒྱ་བཅིངས་ལ། བཟློག་སྟེ་ཁའི་གྲཝར་མཆེ་བ་བསྟན་པ་འདི་ནི་རྡོ་རྗེ་ཁྲོ་བོར་ཐར་བྱེད་དོ།། ཞེས་བྱ་བ་ནི་ཁྲོ་བོའི་ལྟ་བ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅས་པས་ཐམས་ཅད་རྒྱས ་གདབ་པར་བྱའོ།། རྡོ་རྗེ་ཕྲ་མོའི་རྩེ་མོ་ལྔ་པ་རྡོ་རྗེ་ཁྲོ་ཚུར་གྱིས་ཁྲོས་པར་གྱུར་པས། བསྒྲུབ་པར་བྱ་བ་གཞིག་པའི་བསམ་པས་བྱ་སྟེ། འདིས་ནི་ཐམས་ཅད་གཞིག་པར་འགྱུརརོ།། ངེས་པར་གནོན་པ་ནི་ལྟུང་བར་བྱ་བ་སྟེ། ཡུངས ་ཀར་ལ་སོགས་པའི་ཡི་གེ་ཧཱུཾ་ལེས་རྡོ་རྗེ་རྩཝ་ལྔ་པ་བསམ་ལ་དེ་དང་ཁྲོས་པར་གྱུར་པས་བསྒྲུབ་པར་བྱ་བ་ལྟུང་བར་བྱ་བའི་བསམ་པས་ཕྱོགས་དེར་བརྡེག་པར་བྱའོ།། རྡོ་རྗེ་ཧཱུཾ་མཇེད་ཀྱི་ཕྱག་རྒྱའི་གཡས་པའིའོ་མཛུབ་མའོ ་ལྕགས་ཀྱུས་གཡོན་ལོགས་ནས་གཡོན་པའི་མཛུབ་མོ་དྲང་བར་བྱས་ཏེ། འདི་ནི་རྡོ་རྗེ་ཀླུའི་ཁྲོ་བོའི་ཕྱག་རྒྱ་ཕྲ་མོ་འབིགས་པར་བྱེད་པའོ།། འདིས་ནི་གདན་ཐམས་ཅད་དགུག་པར་བྱའོ།། སྙིང་འབྱིན་པ་དང་གདུག་པ་ཐང ་ཆེར་བཅད་པ་ནི་གོ་བར་ཟད་དོ།། རལ་གྲི་ལ་སོགས་པའི་ཕྱེ་མའི་སྦྱིན་སྲེག་ནི་ལྕགས་ཕྱེའི་སྦྱིན་སྲེག་གོ།། རང་གི་ས་བོན་ནི་སྒྲ་ཇི་བཞིན་པར་ཡང་འདོད་མོད་ཀྱི། གཞན་དག་ནི་རྡོ་རྗེ་ཅན་བགྱིའོ།། མ་ཡིན་པར་འཆད་དོ།། རྡོ་རྗེ་ཧཱུཾ་མཛད ་ཀྱིས་ནོས་པའི་ཚུལ་དུ་བྱེད་པ་སྟེ། ཧ་ཧ་ཧ་ཧ་ཞེས་བཟླས་པས་གནོད་སྦྱིན་ཐམས་ཅད་སྐྲོད་པར་འགྱུར་རོ།། རྡོ་རྗེ་ས་ལ་བརྡེབས་ཤིང་བཟླས་པས་སོ་ཞེས་བྱ་བ་ནི་གོ་སླའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་མཛུབ་མོ་ལྕགས་སྒྲོག་ཏུ་བཅིངས་ལ ་སྤྱི་བོར་གཏོགས་ནས་ལྟུང་བར་བྱ་བ་འདིས་ལྷ་ཐམས་ཅད་བསྡུ་བར་བྱའོ།། སྲིད་པ་གསུམ་པོ་འདུལ་བར་བྱེད་པ་ནི་རྡོ་རྗེ་ཧཱུཾ་མཛད་དེ། ཧྲི་ཞེས་བྱ་བོ་བས་གཡེན་བརྐྱང་པོའི་གནས་པས་གནས་ལ་རྐང་པ་གཡོན་པས ་རྣམ་ཐོས་སྲས་ཀྱིས་གཟུགས་བརྙན་མནན་ལ། རྡོ་ཎཱཾ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ཏེ་ཁྲོས་པས་བཟླས་ན་རྗེསུ་འབྲིང་བར་འགྱུར་རོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་གཡས་དང་གཡོན་གྱི་ཁུ་ཚུར་གྱིས་མནན་ལ། གཡོན ་པིའི་མཛུབ་མོའི་ཕྲ་སྐམ་གྱིས་གཟུང་ལ་དྲང་བར་བྱ་བ་ནི་རྡོ་རྗེ་སྐྱེས་བུ་སྟེ། འདིས་ལུས་ངན་པོ་མ་ནཱ་ན་དཔལ་དབྲོག་པར་བྱའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། འདོད་པའི་ལྷའི་མདུན་དུ་བཟླས་བརྗོད་བྱའོ།། ལྔ་པོ ་བསྡུས་པ་ནི། རྡོ་རྗེ་རབ་ཏུ་དགའ་བའི་ཕྱག་རྒྱ་སྟེ། དེས་ཚངས་པ་ལྟུང་བར་བྱའོ།། རྡོ་རྗེ་ཧཱུཾ་མཇེད་ཀྱི་ཕྱག་རྒྱས་གཡོན་པོའི་ཁྲོ་བ་འི་ལྕི་བ་དང་། འཁོར་ལོའི་ཚུལ་དུ་བརྐྱང་ལ་གཡས་པོའི་ཁྲོ་བོའི་མཛུབ་མོ་ཡང་དང ་ཡང་དུ་བརྔུབ་པ་འདི་ནི་རྡོ་རྗེ་འཁོར་ལོ་དྲལ་བའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱས་ལག་པ་གཡོན་པའི་མདུང་རྩེ་གསུམ་པ་ལག་པ་གཡས་པའི་མཛུབ་མོས་བརྡབ་པ་འདི་ནི་དབང་ཕྱུག་ཆེན་པོ་འདུལ ་བའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་མཛུབ་མོ་གཉིས་ཀྱིས་ལྕགས་ཀྱུ་ནི་རྡོ་རྗེ་ཁྲོ་བོའི་ཚོགས་ཀྱི་སྲིན་མོའོ།། རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེ་ཁྲོ་བོ་གདུག་པའི་དམ་ཚིག་འཇིག་པར་བྱེད་པའོ།། རྡོ་རྗེ་ཁྲོ་བོའི་ཁུ་ཚུར་གཉིས་དང་མིག་བསྐུལ་བས ་དེའི་བསམ་པས་རྡོ་རྗེ་ལྟུང་བར་བྱ་བ་ནི། ཐམས་ཅད་ལྟུང་བའོ།། རྡོ་རྗེ་ཧཱུཾ་མཛད་དང་བསྲུང་བའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་ཁྲོ་བོ་བསླང་བའོ།། གུར་ལས་བྱུང་བའི་རྡོ་རྗེའི་ཁྲོ་བའི་ཁུ་ཚུརརེ་གཉིས་ཀྱིས་བཟུང་ནས་དྲངས་ལཾ་གཞན་དུ ་བཞུག་པ་ནི་རྡོ་རྗེ་ཁྲོས་པའི་རྣལ་འབྱོར་མའི་ཕྱག་རྒྱའི།། ཁྲོ་བོའི་ཁུ་ཚུར་གཉིས་ཀྱིས་བླངས་ནས་ཕོགས་པ་ནི་ཐམས་ཅད་འཕྲོག་པའོ།། ཁྲོ་བོའི་ལྟ་བས་ལྟེ་བ་ནི་གོ་བར་ཟད་དོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཁ་ཕྱེ་སྟེ ་གདོང་འཇིག་སུ་རུང་ཞིང་སྐྲ་གྱེན་དུ་བརྫེས་པ་མགོ་འོག་ནས་བསྟོད་དེ་བཏག་ཅིང་བྷྱོ་ཞེས་བྱ་བ་ནི་སྨྲ་བ་འདི་ནི་རྡོ་རྗེ་ཁྲོ་བོའི་གནོད་སྦྱིན་མ་སྟེ་འདྲིས་བདུད་ཀྱི་དཔུང་ཐ་མ་སྲ་ཅད་གཱསོད་པར་བྱེད་དོ།། རྡོ་རྗེ་ཁུ་ཆུར་གཉིས་བཅིངས ་ལ་མཐེའུ་ཆུང་གཉིས་ཁའི་གྲཝ་གཉིས་སུ་བཞག་སྟེ། མཛུབ་མོ་གཉིས་ཀྱི་ལྕོགས་ཀྱུ་མཆེ་བ་ལྟར་བྱ་བ་འདི་ནི་རྡོ་རྗེ་ཁྲོ་བོ་མ་རུངས་པའི་སྲིན་མོའི་ཕྱག་རྒྱའོ།། སྦྱིན་སྲེག་ནི་གོ་སླའོ།། གཞག་པ་དང་དེ་སྲེག་པ་འང་གོ ་ཟླ་བ་ཡིན་ནོ།། རྡོ་རྗེ་ཧཱུཾ་མཛད་བཟློས་ཤིང་ནུབ་པའི་ཚུལ་གྱིས་ས་ཐམས་ཅད་ནུབ་པར་བྱའོ།། རྡོ་རྗེ་མེ་ལྟར་རབ་ཏུ་འབར་བའི་ཕྱག་རྒྱ་ཆེན་པོ་དང་། རྡོ་རྗེ་གསོར་བའི་མཚན་ཉིད་ཅན་ནི་རྡོ་རྗེ་འཇིག་པའི་ཕྱག་རྒྱའོ།། འདི་ཉིད་དང་ཧྲཱི་ཞེས ་བྱ་བས་འཇིག་རྟེན་གསུམ་པོ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱ་སྟེ། ཧཱུཾ་ཧཾ་ཞེས་བྱ་བའོ།། རྡོ་རྗེ་ཧཱུཾ་མཇེད་ཀྱི་མཛུབ་མོ་གཉིས་རྩེ་མོར་སྦྱར་བ་ནི་རྡོ་རྗེ་སེམས་དཔའི་ཁྲོ་བོའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་སོར་མོ ་ཐམས་ཅད་འབར་བའི་དབུས་སུ་མཐེ་བོང་བཞག་པའི་རྡོ་རྗེ་འདི་ནི་བདེ་བཆེན་པོའི་རྡོ་རྗེའི་དམ་ཚིག་གི་ཁྲོ་བའོ།། ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་འགྲེལ་པའོ།། ། ད་ནི་གཏི་མུག་གི་གཉེན ་པོར་གྱུར་པ་པདྨའི་རིགས་སྟོན་པར་བཞེད་པས། དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཤེས་བྱ་བའི་སྒྲ་ནི་སྔ་མ་བཞིན་ནོ།། ངོ་བོ་ཉིད་ཀྱིས་དག་པ་ཡིན་ལ་ཆོས་ཉིད་ཀྱང་ཡིན་པས་ན་ངོ་བོ་ཉིད་དག་པའི ་ཆོས་ཉིད་དེ་དེ་བཞིན་ཉིད་དོ།། དེ་ཐོབ་པ་ནི་དེ་བཞིན་ཉིད་དུ་རོ་གཅོག་པའི་ཡེ་ཤེས་ཐོབ་པར་གྱུར་ཏོ།། ཡང་ཞེས་བྱ་བའི་སྒྲ་ནི་སྔ་མ་ལས་ལྟོས་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་གསུངས་ཏེ་ཞེས་བྱ ་བར་སྦྱར་རོ།། དེ་ལ་ཆོས་ཐམས་ཅད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའོ།། དེ་རྣམས་ཀྱི་མཉམ་པ་ཉིད་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་དེ། ཆོས ་ཐམས་ཅད་མཉམ་པ་ཉིད་ལ་སྤྱན་རས་གཟིགས་པ་ནི་མངོན་སུམ་དུ་མཛད་པ་སྟེ། དེ་ལ་དབང་ཕྱུག་ཏུ་གྱུར་པས་ན་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་སྤྱན་རས་གཟིགས་དབང་ཕྱུག་གོ།། དེའི ་ཡེ་ཤེས་ནི་དཀྱིལ་འཁོར་ལ་སོགས་པའི་ངེས་པའོ།། དེ་ཉིད་ནི་ཕྱག་རྒྱ་སྟེ། མིང་དེ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་གསུངས་པའོ།། འདོད་ཆགས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན ་པས་འདོད་ཆགས་ཐམས་ཅད་དེ། སྔར་བཤད་པའི་སེམས་ཅན་སྨིན་པ་དང་གྲོལ་བ་དང་ཀུན་ཏུ་ཞེན་པ་འམ་སེམས་ཅན་ལ་དམིགས་པ་དང་ཆོས་ལ་དམིགས་པའི་ཐུགས་རྗེ་ཆེན་པོ་ནི་འདོད་ཆགས་སོ།། དེའི་རྣམ་པར ་དག་པ་ནི་དགེ་བ་བཅུའི་ལས་ཀྱི་ལམ་མ་འདྲེས་པ་དང་། དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། འདོད་ཆགས་ཐམས་ཅད་རྣམ་པར་དག་པར་གྱུར་པའི་ངོ་བོ་ཉིད་ཡིན་པས་ན་འདོད་ཆགས་ཐམསྣ་ཅད་རྣམ ་པར་དག་པ་ཉིད་དེ། དེ་ནི་ཞེ་སྡང་རྣམ་པར་དག་པའི་ཕྱིར་འབྱུང་བར་འགྱུར་ཏེ། རྒྱུའི་ངོ་བོ་ཉིད་དུ་གནས་པར་འགྱུར་རོ།། གང་དག་གནས་པར་འགྱུར་ཞེ་ན། འཇིག་རྟེན་ན་ཞེས་བྱ་བ་སྟེ་འཇིག་པས་ན་འཛིནྟི་ཏེ། སེམས་ཅན་གྱི་ཁམས ་ཉིད་དོ།། འདི་དག་ཀྱང་སྔ་མ་ཁོ་ན་བཞིན་དུ་བལྟ་བར་བྱའོ།། མ་རིག་པའི་རྣམ་པ་ཐམས་ཅད་ནི་དྲི་མ་སྟེ། དེའི་རྣམ་པར་དག་པ་ནི་དོན་དམ་པར་བདག་ལ་སོགས་པ་དམིགས་སུ་མེད་པའོ།། བདག་མི་དམིགས་པ་དེ་ལས ་ནི་སྡིག་པའི་སེམས་འབྱུང་མི་སྲིད་པས་དེའི་ཕྱིར་སྡིག་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ།། ཆོས་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་རྣམས་ཀྱི་རྣམ་པར་དག་པ་ནི་གཟུང་བ་དང་འཛིན་པ་རྣར་དག་པ་རྣར་རྟོག་པ ་མེད་པའོ།། དེ་བས་ན་དེའི་སེམས་ཅན་ཐམས་ཅད་རྣམ་པར་དག་པའི་རྒྱུར་འགྱུརརོ།། ཡང་ན་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་ནི། ཆོས་ཐམས་ཅད་དོ།། ཤེས་པ་ཐམས་ཅད་ནི་ཤེས་པ་བཅུ་སྟེ། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང ་དང་འགོག་པ་དང་ལམ་དང་། ཀུན་རྫོབ་དང་གཞན་གྱི་སེམས་དང་ཆོས་དང་ཟད་པ་དང་མི་སྐྱེ་བ་ཤེས་པ་རྣམས་སམ། ཡང་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འམ། མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་སོ་སོར་རྟོག་པ ་དང་། བྱ་བ་གྲུབ་པའི་ཡེ་ཤེས་རྣམས་སོ།། ཡང་བྱ་བ་གྲུབ་པའི་ཡེ་ཤེས་ནི་དགེ་བའི་རྩ་བ་ཐམས་ཅད་སྤྲུལ་པའི་རྒྱུར་གྱུར་པ་ཡིན་པས་ན་ཤེས་པ་ཐམས་ཅད་དེ། དེའི་རྣམ་པར་དག་པ་ནི་དེ་བཞིན་ཉིད་དེ། དགེ་བ་བཅུ་ཀུན་སློང ་བ་དང་། དོན་དམ་པར་གཉིས་སུ་མེད་པའོ།། དེ་རྣམ་པར་དག་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པར་འགྱུར་ཏེ། གང་དེ་རྣམས་ཀྱི་རྣམ་པར་དག་པ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཡིན་ནོ་ཞེས་བྱ་བའི་དོན་ནོ།། ། ་སྤྱན་རས་གཟིགས་པ་ནི་ལྟ་བ་སྟེ་སེམས་ཅན་ཡོངསུ་བསྒྲུབ་པ་ལ་གཟིགས་པ་དང་། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཆོས་ཉིད་ལ་གཟིགས་པ་སྟེ། དེ་ལ་དབང་ཕྱུག་ཏུ་གྱུར་པའོ།། དེ་ཉིད་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། བྱང ་ཆུབ་ཆེན་པོའི་ངོ་བོ་ཉིད་ཀྱི་སེམས་དཔའ་ཡིན་པས་ན་བྱང་ཆུབ་སེམས་ཆེན་པོའོ།། འདོད་ཆགས་ལ་སོགས་པའི་དྲི་མས་མི་གོས་པ་ནི་ཇི་སྐད་དུ་བཤད་པའི་རྣམ་པ་བཞི་བའོ།། འགྲོ་བ་ཐམས་ཅད་ནི ་ཁམས་གསུམ་པ་ཐམས་ཅད་དོ།། དེར་སྣ་ཚོགས་པ་སྟེ། ཐ་དད་པའི་གཟུགས་ཐམས་ཅད་སྟོན་པའོ།། འགྲོ་བ་ཐམས་ཅད་ཀྱི་གཟུགས་སྣ་ཚོགས་པ་དེ་ཉིད་ནི་འཁོར་བའི་ཉེས་པ་རྣམས་ཀྱིས་མི་གོས་པས་པདྨ་སྟེ། དེ་སྐད་ཅེས ་བྱ་བའི་སྙིང་པོ་གསུང་སོ་ཞེས་པའོ།། དེ་ཡང་སྙིང་པོ་ནི་གཟུགས་ཐམས་ཅད་སྟོན་པའི་ངེས་པའི་ཡེ་ཤེས་ཡིན་ལ་དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་ཉེ་བར་གདགས་པས་སྙིང་པོ་ཞེས་བྱའོ།། ཆོས་ཐམས་ཅད་ནི་འགྲོ་བ་འདུལ ་བའི་དཀྱིལ་འཁོར་ལ་སོགས་པའི་ངོ་བོ་ཉིད་དོ།། དེ་རྣམས་ལ་གཟིགས་པ་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཡོངསུ་ཤེས་པའོ།། དེ་ཉིད་ནི་ཡེ་ཤེས་ཏེ་དེའི་དབང་ཕྱུག་ཡོན་ལ་དེའི་ཕྱག་རྒྱ་ནི་དཀྱིལ་འཁོར་ལ་ས། ་པ་སྟེ། མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་སྟེ། དཀྱིལ་འཁོར་གྱི་བྱ་བའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པ་ལ་མངོན་དུ་ཕྱོགས་པར་མཛད་ཅེས་བྱ་བའི་དོན་ཏོ།། དཀྱིལ་འཁོར ་ནི་ལྷ་རྣམས་ཀྱིས་གནས་ཏེ་སྔར་བཤད་པའི་ཡི་གེ་ཧྲི་ཉིད་ཀྱིས་འདིར་བྱ་བ་ཐམས་ཅད་བྱའོ།། དཀྱིལ་འཁོར་དུ་འཇུག་པ་ན་ཡང་པདྨ་ཆེན་པོ་སྙིང་གར་བཅིངས་ཏེ་བཛྲ་བཛྲ་ཧཱཾ་ཞེས་ཟློས་ཤིང་འཇུག་པོར་བྱའོ།། འདི་ཡང་རྡོ་རྗེ་ཐལ་མོ ་ཁོང་སྟོང་དང་བཅས་པ་ལས་གུང་མོ་དང་མཐེ་བོང་ཁ་ཕྱེ་ལ་འདབ་མ་བཞི་པ་བྱའོ།། རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་བརྐྱང་ནས་བསྙམས་ཏེ་བཀུག་ནས་སྨིག་རྒྱུ་ལྟ་བུར་བྱས་ནས་ཁྲོ་གཉེར་དུ་བཞག་ལ་འདིས་ཐམས་ཅད ་བསད་པར་བྱའོ།། གདོན་པར་ཚུལ་གྱིས་ལག་པ་གཡོན་པ་བསྐུམས་ལ་ལག་པ་གཡས་པ་རང་གི་མགོ་བོའི་སྟེང་དུ་བཞག་པ་ནི་པདྨ་ཆེན་པོའི་ཕྱག་གིའོ།། གཡོན་པ་དཀུར་བསྟན་པས་པདྨ་གཟུང་ལ། ལག་པ་གཡས་པས ་སྙིང་གའི་ཕྱོགསུ་ཁ་འབྱེད་ཅིང་རྣམ་པར་བལྟ་ལ། རྡོ་རྗེ་ལྟ་བས་ལྟེ་བར་བྱེད་པ་འདི་ནི་པདྨ་ཆེན་པོ་རྣམ་པར་གཟིགས་པའི་ཕྱག་རྒྱའོ།། རྡོ་རྗེ་སེམས་དཔའ་བསྟན་པས་ལ། སྙིང་གར་རབ་ཏུ་བརྐྱང་བ་ཡི།། སོར་མོ་ཐམས་ཅད་རབ་ཟླུམ་པའི།། ། ་པདྨའི་ཉི་མོ་ཞེས་བྱར་བཤད།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་བ་དན་གྱི་ཚུལ་དུ་བྱ་བ་ནི། པདྨ་ཆེན་པོ་རླུང་གི་ཕྱག་རྒྱའོ།། པདྨའི་རིགས་ཀྱི་འགྲེལ་པའོ།། །། དེ་ནོ་སེར་སྣ་གཉེན་པོར་གྱུར་པ་རིན་པོ་ཆེའི་རིགས་སྟོན་པར་བཞེད་པས ་དེ་ནི་ས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉོན་མོངས་པ་ཅན་དང་ཉོན་མྱོངས་པ་ཅན་མ་ཡིན་པའི་ཀུནྡོ་ཏུ་རྨོངས་པ་དང་བྲལ་བས་ཁམྦྷས་གསུམ་གྱི་བདག་པོར་གྱུར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཞེས ་བྱ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་སྟེ། ཆོས་ཀྱི་ཅོད་པན་གྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ཐོབ་པའི་ཕྱིར། མི་ཤེས་གང་གིས་མཉམ་པར་གྱུར་པ་དེ་ནི་དབང་བསྐུར་བ་ལས་བྱུང་བའི་ཡེ་ཤེས་སོ།། ་དེ་ཉིད་ནི་སྙིང་པོ་སྟེ། བསྐྱེད་པའི་གནས་སུ་གྱུར་པ་གང་ཡིན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ནི་དབང་བསྐུར་བ་ལས་ཐུང་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་ཚུལ་ཏེ། དེ་བཤད་པའོ།། དབང་བསྐུར་བ་སྦྱིན་པ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་སྤྱན་དྲངས་པར་གྱུར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབང་བའི་ཕྱག་རྒྱ་རྣམས་ཀྱི་གང་དབང་བསྐུར་བ་བཏབ་པ་དང་། སློབ་མ ་རྣམས་ལ་དཀྱིལ་འཁོར་དུ་གང་སྦྱིན་པར་གྱུར་པའོ།། ནོར་ནི་དབྱིག་དང་གསེར་ལ་སོགས་པའོ།། ཆོས་སྦྱིན་པ་ནི་མདོ་སྡེ་ལོ་སོགས་པ་རྣམས་ཟང་ཟིང་མེད་པའི་སེམས་ཀྱིས་ཇི་ལྟ་བ་བཞིན་དུ་སྟོན་པའོ།། ཟང་ཟིང་གི་སྦྱིན་པ་ནི ་ཟས་དང་སྐོམ་དང་མལ་ཆ་དང་སྟན་ལ་སོགས་པའི་རྣམ་པའོ།། དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེ་ནི་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་དེ་འབྲས་བུའོ།། དེ་རྣམས་ཀྱི་དམ་ཚིག་ནི་རྒྱུ་སྟེ། སྙིང་པོ་གང་ངེས་པར་གྱུར་པས་རིན ་པོ་ཆེའི་རིགས་བསྐྱེད་པ་དེ་ནི་སྙིང་པོ་ཡིན་ལ། དེ་སྟོན་པར་བྱེད་པའི་སྒྲིབ་སྙིང་པོ་སྟེ། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ལ་ཡང་སྙིང་པོ་ཞེས་བྱའོ།། དཀྱིལ་འཁོར་ནི་སྔར་བསྟན་པ་ཉིད་དང་འདྲའོ།། འདིར་བྱ་བ་ཐམས་ཅད ་ལ་ཡི་གེ་ཏྲཾ་ཞེས་བྱ་བ་བཟླས་པར་བྱའོ།། བཛྲ་བཛྲ་ཏྲཾ་ཞེས་ཟློས་ཤིང་དམ་ཚིག་གི་ཕྱག་རྒྱ་སྙིང་གོར་བཅིངས་ལ་འཇུག་པར་བྱའོ།། དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ་རྡོ་རྗེ་ཐལ་མོ་ལས་མཐེ་བོ་དང་མཛུབ་མོའི་སོར་མོ་བཞི་ཁ་ཐུར ་དུ་བརྐྱང་ལ། དེ་དབུས་སུ་དབང་བསྐུར་བའི་གནས་སུ་བཞག་པ་ནི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བའོ།། ཕྲེང་བ་དང་རིན་པོ་ཆེའི་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིངས་པའི་ཚུལ་ལོ།། རྡོ་རྗེ་རིན་ཆེན་གྱི་དབང་དམ་ཚིག་ཕྱག་རྒྱ་ཉིད་ལས ་གུང་མཽ་དང་སྲིན་ལག་དང་མཐེའུ་ཆུང་གི་སོར་མོ་བརྐྱང་ལ་སྦྱིན་ལག་དང་མཐེའུ་ཆུང་གི་སོར་མོ་བརྐྱང་ལ་སྲིན་ལག་དང་། མཐེའུ་ཆུང་ཕན་ཚུན་སྦྱར་བ་ནི་རིན་པོ་ཆེའི་རྒྱལ་མཚན་མཆོག་གིའོ།། རིན་པོ་ཆེའི་ཁུ་ཚུར་གཉིས ་རིན་པོ་ཆེའི་སྲོག་ཤིང་འཛིན་པའི་ཚུལ་དུ་བྱ་བ་ནི་རིན་པོ་ཆེའི་སྲོག་ཤིང་གི་ཕྱག་རྒྱའོ།། རིན་པོ་ཆེའི་རིགས་ཀྱི་འགྲེལ་པའོ།། །། སྐུ་དང་གསུང་དང་ཐུགས་གཅིག་ཏུ་བྱས་པ་ནི་མཚན་ཉིད་ཀྱི་དེ་བཞིན་ཉིད་དུ་རོ་གཅིག ་པ་ཡིན་ལ། དེ་དྲན་པས་ཕྱག་རྒྱ་འགྲུབ་པར་འགྱུར་རོ།། ཞེས་བསྟན་པར་བྱ་བོའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ཡིན་པས་ན་དེ་བཞིན་གཤེ ་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། བདེན་ཞིང་དེ་ཉིད་མི་བསླུ་གང་།། དེ་ནི་རྡོ་རྗེ་ཁུ་ཚུར་ཅེས།། ཡེ་ཤེས་ཕྱག་རྒྱ་ལྡན་སྦྱོར་ཉིད།། ཐོབ་པ་དོན་གསུམ་ཡིན་པར་བཤད་ཅེས་གསུངས་པ་འདི་ནི་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་བསྡུས་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ། དེ་ཐོབ་པ་ནི་མངོན་སུམ་དུ་མཛད་ཅེས་བྱ་བའི་དོན་ཏོ།། དེ་ཐོབ་པར་སྟོན་པར་བྱེད་པའི་དམ་ཚིག་གི་ཁུ་ཚུར་དེ་འཛིན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཁུ་ཚུར་འཛིན་པའོ།། དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་སྟེ། དངོས་པོའི་དོན་ཇི་ལྟར་གནས་པ་དེ་བཞིན་དུ་ཐུག་སུ་ཆུད་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་སྔར་བཤད་པ་ཡིན་ནོ།། དེའི་བྱིན་གྱིས་བརླབས་པ་ནི་འཁོར་བ་ཇི་སྲིད་པའི་བར་དུ་བསྟན་པར་མཛད་པའོ།། དེ་ཉིད་ནི་རྡོ་རྗེ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་པའི་ཚུལ་འདྲི་བཤད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེ་འོ།། དེ་ཡོངསུ་འཛིན་པ་ནི་གཞན་དང་མ་འདྲེས་པས་ཀུན་ནས་དེ་རྗེ་སུ་དྲན་པའོ།། གནས་སྐབས་དེ་ཉིད་དུ་གསུངས ་ཀྱི་ཕྱག་རྒྱ་ཡོངསུ་འཛིན་པ་ནི་ལྕེ་ལྔ་རྡོ་རྗེ་དཀར་པོ་བསམ་ལ་སྔགས་ཐམས་ཅད་བརྗོད་པའོ།། སོ་སོ་ཡང་དག་པར་རིག་པ་བཞི་ཐོབ་པ་ནི་ཆོས་ཐམས་ཅད་ཐོབ་པའོ།། རང་གི་སྙིང་གའི་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་བསམ ་པ་ནི་ཐུགས་ཀྱི་ཕྱག་རྒྱ་ཡོངསུ་འཛིན་པའོ།། རང་གི་སྙིང་གའི་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བསམས་ལ་ལས་ཀྱི་ཕྱག་རྒྱ་བཅིངས་ནི་རྔ་རྗེའི་ཕྱག་རྒྱ་བཙངས་པ་ནི་རྡོ་རྗེའི་ཕྱག་རྒྱ་ཡོངསུ་འཛིན་པའོ།། དེ་ལྟར་ནི་ཕྱག་རྒྱ་བཞི ་པོ་འདི་དག་གིས་ནི་དངོས་གྲུབ་ཀྱི་ཐབས་བཤད་པ་ཡིན་ནོ།། དམ་ཚིག་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་ཡོངསུ་འཛིན་པ་ཞེས་བྱ་བ་ནི། དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་བཅིངས་ལ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་སྲ་བའི་ཕྱག་རྒྱ་ཐམས་ཅད་ཀྱི་དངོས་གྲུབ ་ཀྱི་ཕྱིར་ཏེ། དམ་ཚིག་ནི་རྒྱུ་ཡིན་པས་རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཐམས་ཅད་དེ། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་བདི་ཐམས་ཅད་ཀྱིས་ཀུན་ཏུ་རྒྱུས་བཏབ་པའོ་ཞེས་བྱ་བར་སྦྱར་རོ།། ་ཕྱག་རྒྱ་ཆེན་པོ་དང་། ཕྱག་རྒྱ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་ཉིད་དུ་ཞེས་བྱ་བ་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་དོ།། རྡོ་རྗེ་སེམས་དཔའ་དེའི་དངོས་གྲུབ་མཆོག་གི་རྒྱུར་རྒྱས་བཏབ་པའོ།། རྡོ་རྗེ་ཁུ་ཚུར་གྱི་རྣམ་པར་ཐུགས་རྩེ་གཅིག་པ་ནི་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཡེ་ཤེས་ཀྱི་ཕྱག་རྒྱ་ལྔའི་རྡོ་རྗེའི་ཏིང་ངེ་འཛིན་སུམ་ཁྲི་ལྔ་སྟོང་ཇི་སྙེད་གཅིག་བསྟན་པ་ཡང་འདིར་བསྡུས་པ་ཡིན་ནོ།། ཕྱག་རྒྱ་ཐམས ་ཅད་ཉིད་ནི་རྡོ་རྗེ་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། མིང་དེ་ཉིད་ཅེས་བྱ་བའི་དཀྱིལ་འཁོར་གང་ཡིན་པ་དེ་གསུངས་པའོ།། དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དང་འདྲའོ།། ་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་མདུན་དུ་ནི་རྡོ་རྗེ་སྙེམས་མ་སྟྭཾ། རྡོ་རྗེ་སེམས་དཔའ་གཉིས་པའི་གཟུགས་ཅན་ནོ།། རྡོ་རྗེ་ལྕགས་སྒྲོག་ནི་རྡོ་རྗེ་སྨྲ་བའི་གཟུགས་ཅན་ནོ།། ཏིང་ངེ་ཛིན་རྡོ་རྗེ་ཡང་ཏིང་ངེ་འཛིན་མཆོག་གི་ཕྱག་རྒྱུ་རྡོ་རྗེ ་ལྔ་པ་བསྣམས་པའོ།། རྡོ་རྗེ་རྡོ་རྗེ་ནི་སྣ་ཚོགས་རྡོ་རྗེ་བསྣམས་པའི་རྡོ་རྗེ་ལས་སོ།། དེ་བཞིན་དུ་ལྷོའི་མཚམས་ཏེ། མེ་ལ་སོགས་པའི་མཚམས་རྣམས་སུ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་པདྨ་དང་། སྣ་ཚོགས་རྡོ་རྗེ་འཛིན་པོའི་རྡོ་རྗེའི་ཁུ ་ཆུར་དང་། དམ་ཚིག་གི་རིན་པོ་ཆེའི་ཁུ་ཚུར་དང་། དམ་ཚག་ག་རན་པ་ཚྭའུ་ཁུ་ཚུར་དང་། དམ་ཚིག་གི་པདྨའི་ཁུ་ཚུར་དང་དམ་ཚིག་གི་ལས་ཀྱི་ཁུ་ཚུར་རིམ་པ་ཇི་ལྟ་བ་བཞིན་དུ་བྱའོ།། དཀྱིལ་འཁོར ་གྱི་ཕྱིའི་མཚམས་རྣམས་སུ་ནི་སྒེག་མོ་ལ་སོགས་པའོ།། སྒོ་རྣམས་སུ་ནི་རྡོ་རྗེ་སྙེམས་མ་ལ་སོགས་པ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་སྨྲ་བ་དང་། རྡོ་རྗེ་ཏིང་ངེ་འཛིན་དང་། རྡོ་རྗེ་ལས་ཀྱི་མཚན་མ་འཛིན་པའི་ལྷ་མོ་དེའི་དབྱིབས་དང་མཐུན་པ་ཉིད ་དུ་བྲི་བར་བྱའོ།། འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཨ་ཞེས་བྱ་བ་བརྗོད་ཅིང་བྱའོ།། དེའི་འོག་ཏུ་སྤྱན་དྲང་བ་ལ་སོགས་པ་ཐམས་ཅད་བྱས་ལ་དམ་ཚིག་གི་ཁུ་ཚུར་བཅིངས་ཏེ། བཛྲ་བཛྲ་ཨ་ཞེས་བྱ་བ་བརྗོད་ཙོང་འཇུག་པར་བྱའོ།། ་རྡོ་རྗེ་བསྣམས་པ་བཅིངས་ལ་རླུང་གི་སྲིན་ལག་དང་། མཐེའུ་ཆུང་གི་བར་དུ་མཐེ་བོ་བཅུག་ལ་མཛུབ་མོ་བཀུག་ལ་བཙི་ར་བ་འདི་ནི་དམ་ཆོག་གི་ཁུ་ཚུར་གྱི་མཚན་ཉིད་རྡོ་རྗེ་ཁུ་ཚུར་གཉིས་ཕན་ཚུན་ཁ་སྦྱོར་ལ་སྙིང་གར་བཞག་ན་པོ་ཅི ་ནིསྟེང་གིའི་རྡོ་ཁུ་ཧུ་ཧཱུ~ཾ་ཕྱག་བརྒྱའོ།། རྗེ་ཆེན་བྷྲཱུཾ་ཁུ་ཚུར་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་སྒྲོག་ཏུ་བཙིང་བེ་བྱས་ལ། མཐེ་བོང་གཉིས་གཤིབས་ལ་སྙིང་གར ་བཞག་པ་འདི་ནི་རྡོ་རྗེ་འདོད་པའི་ཁུ་ཚུར་རོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མངའ་འཕེན་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་ཆགས་པའི་ཁུ་ཚུར་རོ།། རྡོ་རྗེ་གཞང་བའི་དམ་ཚི་གོ་གི་ཕྱག་རྒྱ་ནི་རྡོ་རྗེ་བཞད་པའི་ཁུ་ཚུར་ཏེ། དེས་ཐང ་དབང་དུ་བྱའོ།། རྡོ་རྗེ་བཅིང་བ་ཉིད་ནི་རྡོ་རྗེ་བསྡམས་པ་སྟེ། དེས་ཐམས་ཅད་བཅིངས་པར་བྱའོ།། ཡང་རྣམ་པ་གཞན་གྱིས་ཀྱང་ཐམས་ཅད་བཅིང་བ་བསྟན་པ་ནི། ཐམས་ཅད་བསྡམས་པ་ལ་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཁུ་ཚུར་གྱིས་སོ་ཞེས་བྱ་བ་སྟེ། དེ་ཡང ་འདི་ཡིན་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མཛུབ་མོ་དང་མཐེ་བོ་ལྕགས་སྒྲོག་ཏུ་བྱ་བའོ།། རྡོ་རྗེ་དགུན་གྱི་ཕྱག་རྒྱ་ནི་རྡོ་རྗེ་ཞལ་ཞལ་གྱིས་ཁུ་ཚུརཱ་ཏེ། དེས་ཐམས་ཅད་ལྐུགས་པར་བྱའོ།། རྡོ་རྗེ་བསྡམས་པ་བཅིངས་ལ་དེས་བསྒྲུབ ་པར་བྱ་བ་གཟུང་ནས་མདུན་དུ་བཙིར་བ་འདི་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་རོ།། གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་རྡོ་རྗེ་གཟུང་ལ་བསྒྲུབ་པར་བྱ་བ་བཱཙིར་བའི་བསམ་པས་བཙིར་བ་འདི་ནི་རྡོ་རྗེ་ངེས་པར་བཙི་ར་བའི་ཁུ་ཚུར་རོ།། རྡོ་རྗེ ་ཁུ་ཚུར་གཉིས་བཅིང་སཱ་ལ། དྲལྔ་བྱ་འདི་ནི་རྡོ་རྗེ་དྲིལ་བའི་ཁུ་ཚུ་ར་ཏི་རལ་གྲི་དང་ལྡན་པས་སོ།། རྡོ་རྗེ་བསྡམས་པ་ནང་དུ་བྱཱ་ཙིང་སྱཻ་ལ་ར་གི་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མྦྷ་ཐི་བི་བཞག་པ་འདྲི་ནི། རྡོ་རྗེ་འབེབས་པའི ་ཁུ་ཚུར་རོ།། རྡོ་རྗེ་གར་གྱི་ཕྱག་རྒྱ་ནི་རྡོ་རྗེ་གར་གྱི་ཁུ་ཚུར་རོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་སེ་པི་བྲང་བརྡུང་བའོ་ཚུལ་དུ་བྱེད་པ་ནི། རྡོ་རྗེ་བརྡུང་པའི་ཁུ་ཚུར་རོ།། སྙིང་གའི་ཟླ་བ་ལ། རྡོ་རྗེ་རྩཝ་ལྔ་པ་འོད་ཟེར་གྱི་ཕྲེང་བ་ཀུན་ཏུ་འཁྲིགས ་པ་དང་ལྡན་པ་བསམ་ལ། རྡོ་རྗེ་འབར་བ་དེས་ཕྱོགས་བཅུའི་བསྒྲུབ་པར་བྱ་བ་ཐམས་ཅད་རེངས་པར་བྱ་བ་འདི་ནི་རྡོ་རྗེ་དམིགས་པའི་ཁུ་ཚུར་རོ།། གཞན་གྱི་དཔུང་ཐམས་ཅད་རྨོངས་ཤིང་ལྐུགས་པར་བྱ་བ་ནི་གཞན་གྱི་དབང་དུ ་བྱ་བའོ།། རྡོ་རྗེ་རྔ་བོ་ཆེའི་ཁུ་ཚུར་གྱིས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལ་བསྟན་པར་བལྟས་པ་དང་། ཕྱག་རྒྱ་བཅིངས་པ་དེ་ལས་རྡོ་རྗེ་ཁྲོ་བོ་འབར་བའི་ཕྲེང་བ་ཀུན་ཏུ་འཁྲིགས ་པའི་འོད་དང་ལྡན་པའི་གཟུགས་ཅན་ཕྱུག་ལ། དེས་གཞན་གྱི་དཔུང་རྨོངས་པར་བྱ་ཞིང་བརྒྱལ་བར་བྱ་སྟེ་འདི་ནི་རྔ་བོ་ཆེའི་ཁུ་ཚུར་རོ།། དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་གྱི་ལག་མཐིལ་གཉིས་མཐེ་བོང་གཟུང་ལ་ཕྱག་རྒྱ་ཐམས་ཅད་དགྲོལ ་བར་བྱ་བ་སྟེ། འདི་ནི་རྡོ་རྗེ་ཐར་པའི་ཁུ་ཚུར་རོ།། རྡོ་རྗེ་ཧེ་རུ་ཀའི་ཁུ་ཚུར་ནི་རྡོ་རྗེ་ཧཱུཾ་མཛོད་ཀྱི་རྡོ་རྗེ་ཁུ་ཆུར་ཏཱི། དེས་མཁའ་གྲོ་མ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པར་བྱའོ།། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ལས་དེ་ཉིད་མ་ཁྲིག་མ་བསྣོལ་ཏེ་བརྡང ་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེ་ཁུ་ཚུར་རོ།། རྡོ་རྗེ་ཚུར་གཉིས་མདུན་དུ་ཁ་སྤྲད་ལ་བཙིར་བ་ནི་རྡོ་ཁུ་ཚུ་རོ། ཁུ་ཚུའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཡན་ལག་དང་ཉིང་ལག་རྣམ་སུ་བྱུག་པ་ནི་རྡོ་རྗེར་བྱ་བའོ།། རྡོ་རྗེ་ཁུ་ཚུར་གཉིས་ཁར་བཞག་པ ་འདི་ནི་རྡོ་རྗེ་མ་མོའི་ཁུ་ཚུར་ཏི། འདིས་ཐམས་ཅད་རྒྱས་བཏབ་པར་བྱའོ།། དམ་ཚིག་གི་རྡོ་རྗེའི་ཁུ་ཚུར་གྱིས་བསྒྲུབ་པར་བྱ་བ་ཕྱེ་མར་རླག་པའི་བསམ་པ་སོ་ས་ལ་བཙིར་བེ་ནི་རྡོ་རྗེ་བཟུང་པོའི་ཁུ་ཚུར་རོ།། རྡོ་རྗེ་བྷུ་ཚུར ་གཉིས་བཅིངས་ལ་རྣམ་པར་གཞིག་པའི་ཚུལ་དུ་བྲོ་བ་འདི་རྡོ་རྗེ་གདུག་པའི་ཁུ་ཚུར་རོ།། རྡོ་རྗེ་བསྡམས་པ་བཙོངས་ལོ། གཉིས་སུ་བྱས་ནས་ལག་པ་གཡས་པ་བསྡམས་ལ། དེ་ཡང་གཉི་སུ་བྱས་ཏེ། ཁུ་ཚུ་རེ་གཉིས ་བཅིངས་ལ་གཡས་པའི་མཐེ་བོང་གི་སྟེང་དུ་གཡོན་པའི་ཁུ་ཚུར་བཞག་པ་འདི་ནི་དབང་པོའི་རྡོ་རྗེའི་ཁུ་ཚུར་རོ།། ཆུའི་ནང་དུ་གནས་ཤིང་ཞེས་བྱ་བ་ལ་སོགས་པར་ཇི་ལྟ་ར་འགྱུར་ཞེ་ན། རྡོ་རྗེ་གནོན་པའི་ཁུ་ཚུར་གྱིས་སོ།། ཞེས་བྱ ་བ་ལ། དང་པོའི་རྡོ་རྗེའི་ཕྱག་རྒྱའི་མཛུབ་མོས་གུང་མོ་མནན་ལ་མཐེ་བོང་དང་སྦྱར་ཏེ། མིང་གྲི་འབྲས་བུ་ལྟ་བུར་བྱས་ནས་སྲིན་ལག་དང་། མཐ་ཆུང་མཉམ་པོར་བརྐྱང་པ་བཙོངས་ནས། འགྲོ་བས་ཆུ་སྟེང་དུ་བཏེག་སྟེ། རང་གི་ཕྱག ་རྒྱ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རྣམས་ཀྱིས་ཚོགས་པར་བྱ་ས་ལ་ཆུའི་ནང་དུ་གནས་ཏེ། འཆགས་པར་བྱ་སྟེ། འདྲི་ནཽ་རྡོ་རྗེ་གནོན་པའི་ཁུ་ཚུར་རོ།། རྡོ་རྗེ་གཉིས་བཅིངས་ལ་གཡོན་པའི་མཛུབ་མོ་དྲང་མཐེ་བོའི་བུ་གར ་གཡས་པའི་མཛུབ་མོ་བཅུག་པ་འདི་ནི་སྣ་ཚོགས་རྡོ་རྗེའི་ཁུ་ཚུ་རོ་ཏེ། འདིས་གཟུགས་མང་བོརཱ་བསྟན་པར་བྱའོ།། འདི་ཉིད་མོས་པའི་ཁྱད་པར་གྱིས་མི་སྣང་བར་འགྱུར་ཏེ། དེས་ན་འདི་ནི་མཱི་སྣང་བའི་ཁུ་ཚུར་རོ།། 2 ་པ་ནུ་མཁྱུའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱའི་རྡོ་རྗེ་ན་མཁའི་ཁུ་ཚུར་ཏེ། དེས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་འབྱུང་བར་འགྱུར་ཏེ། དེ་ལྟར་མོས་པ་སྣང་བ་ཡིན་ནོ།། རྡོ་རྗེ་བསྡམས་པ་བཅིངས་པ་ནཱི་ཁུ་ཚུར་ཏེ། རྣལ་འབྱོར། ་པབཟླ་བའི་དཀྱོར་ལི་འདུག་ནས་ན་མཁའ་ལོ་འགྲོ་བར་བསན། ན་མཁའ་ལ་འགྲོ་བར་འགྱུར།། རྡོ་རྗེ་རལ་གྲིའི་ཁུ་ཚུར་ནི་འཕགས་པ་འཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོའོ།། རྡོ་རྗེ་ཁུ་ཚུར་གཉིས་སྣ་ཚོགས་རྡོ་རྗེ་འཛིན་པ་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུ ་རྡོ་རྗེ་རལ་གྲིའི་ཁུ་རྒྱུར་ནི་འཕགས་པ་བྷཱུཇམ་དཔལ་གྱི་ཕྱག་རྒྱ་ཆེན་པོའོ།། རྡོ་རྗེ་ཁུནྡྷ་རཱ་གཉིས་སྣ་ཚོགས་རྡོ་རྗེ་འཛིན་པ་ནི་རྡོ་རྗེ་ལས་ཀྱི་ཁུ་ཚུརྱ་རོ།། པདྨའི་དམྱི་ཚིག་གི་ཁུ་ཚུར་གྱིས་རྔ་དྷཱནཱི་པདྨ་ཡུ ་སུ་འཛིན་པ་ནི་ཡེ་ཤེས་ཀྱི་ཁུ་ཚུ་རེ་རོ།། རིན་པོ་ཆེའི་རིགས་ཀྱི་དམ་ཚིག་གིས་ཕྱག་རྒྱས་རྡོ་རྗེ་རིན་ཆེན་ཡོངསུ་འཛིན་པ་ནི་རྡོ་རྗེ་ནོར་གྱི་ཁུ་ཚུར་རོ།། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་ཡོངསུ་འཛིན་པ་ནི ་ཕྱག་རྒྱའི་ཁུ་ཚུར་རོ།། ཕྱག་རྒྱ་འདི་རྣམས་ནི་སྔར་བཤད་ཟིན་ཏོ།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ཐལ་མོའི་ཁུ་ཚུར་རོ།། རྡོ་རྗེ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཛིན་པའི་ཁུ་ཚུར་རོ།། དེ་ཡང་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན ་མཆོག་གི་ཕྱག་རྒྱས་རྡོ་རྗེ་འཛིན་པས་ན། དེའི་ཕྱིར་རྡོ་རྗེ་འཛིན་པའི་ཁུ་ཚུར་ཞེས་བྱའོ།། རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་ལྗགས་ཀྱི་མཆོག་གི་ཁུ་ཚུར་རོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་སྙེམས་པའི་ཁུ་ཚུརོ།། ་བྱང་ཆུབ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཁུ་ཚུར་རོ།། རྡོ་རྗེ་ཁུ་ཚུར་གྱི་དཀྲོལ་འཁོར་གྱི་འགྲེལ་པའོ།། ། གསང་སྔགས་ནི་ཤེས་རབ་ཉིད་ཀྱིས་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན ་ནཽ་ཞེས་བསྟན་པའི་ཕྱིར་རོ།། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་སྟོན་པར་བཞེད་པས། དེ་ནས་ཤེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་སྟེ། དེ་རྣམས་སྤྲོས་པ་ནི་སྔོན ་པོ་ལ་སོགས་པར་རྣམ་པར་རྟོག་པའོ།། ཆོས་ཐམས་ཅད་ལ་སྤྲོས་པ་མི་མངའ་བྱ་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ལ་སྤྲོས་པ་མེད་པ་སྟེ་བཅོམ་ལྡན་འདས་སོ།། གཏན་ཚིག་གང་གི་ཕྱིར་ཞེ་ན། གཟུགས་ལ་སོགས་པའི་ངོ་བོ་ཉིད་དོ།། ་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་ནི། ཨ་ར་པ་ཙ་ནཱ་ལ་སོགས་པའི་འཁོར་ལོ་དང་འདྲ་བ་སྟེ། ཨ་ནི་འདོད་པའོ་ཞེས་བྱ་བ་ལ་སོགས་པ་སྟོན་པར་བྱེད་པས་ཡོངས་སུ་འཁོར་བར་འཇུག་ཅིང་མངོན་སུམ་དུ་གྱུར་པའི་ཐོས་པ་དང ་བསམ་པ་དང་བསྒོམ་པའི་རང་བཞིན་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་འཁོར་ལོ་ལྟར་ཡི་གེ་བསྐོར་བ་ཞེས་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད ་པ་ནི་གསུངས་པའོ།། ཆོས་ཐམས་ཅད་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དང་། དེ་བཞིན་དུ་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁ་མོས་བཅོ་བརྒྱད ་སྟེ། དེ་རྣམས་ནི་དོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་སྟོང་པའོ།། ཅིའི་ཕྱིར་དེ་དག་སྟོང་པ་ཉིད་ཡིན་ཞེ་ན། ངོ་བོ་ཉིད་མེད་པའི་ཚུལ་གྱིས་སོ།། ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར། དེ་རྣམས་ལ་ཤེས་རབ་ཀྱི་སྟོབས ་ཀྱིས་རྣམ་པར་བརྟགས་པར་གྱུར་ན། ངོ་བོ་ཉིད་དམིག་སུ་མེད་དོ།། དེ་བས་ན་དེ་ནི་སྟོང་པ་ཉིད་ཡིན་ནོ།། མཚན་མ་ནི་རྒྱུ་སྟེ། བདག་ལ་སོགས་པ་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུའོ།། མཚན་མ་མེད་པས་ནྱ་མཚན་མ་མྱེད་པ་སྟེ། རྒྱུ་མེད ་པའི་སྟོང་པ་ཉིད་ཀྱིས་ནུ་མཚན་མེད་པའོ།། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་དམིག་སུ་མེད་པ་སྟེ། དེ་ཉིད་ནི་མཚན་མ་མེད་པའོ།། སྨོན་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། གསོལ་བ་འདེབས་པ ་མེད་པས་ན་སྨོན་པའོ།། རང་བཞིན་ནི་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཉིད་ཀྱིས། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་དང་བྲལ་བས་ན་རང་བཞིན་གྱིས་འོད་གསལ་བའོ།། དེ་ཇི་ལྟར་རྟོག་པར་འགྱུར ་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཞེས་བྱ་བ་གསུངས་ཏེ། གཟུང་བ་དང་འཛིན་པ་དམིགས་སུ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པ་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའི་རྒྱུར ་གྱུར་པ་དེས་རྟོགས་པར་འགྱུར་རོ།། ཚིག་འདི་དག་གིས་ནི་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་སྒྲུབ་པའི་ཡེ་ཤེས་རྣམ་པར་བརྟོག་པ་ཡིན་པར་རིམ་གྱིས་སྟོན་ཏོ།། དེ་བཞིན་དུ་སྟོང་པ་ཉིད་དང་། མཚན་མ ་མེད་པ་དང་། སྨོན་པ་མེད་པ་དང་། རང་བཞིན་གྱིས་འོད་གསལ་བའི་རྣམ་པར་བསྒོ་བཞི་བཤད་པ་ཡིན་ནོ།། རལ་གྲི་དེས་ཞི་བྱ་བ་ནི་འོག་ནས་བཤད་པའི་རལ་གྲི་བཞི་སྟེ། གྲངས་སམ་རིགས་ལས་ཚིག་གཅིག་པར་བྱས་པ ་ཡིན་ནོ།། འདེབས་ཤིང་ཤེས་བྱ་བ་ནི་མི་སྣང་བར་མཛད་པའོ།། དེ་ཡང་འདིས་ནི་ཆོས་ཀྱི་སྐུར་ཡང་དེ་བཞིན་གཤེགས་པ་རྣམས་རྗེ་སུ་མ་མཐོང་བ་ཡིན་ནོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་མཆོག་སྟེ། དམ་པར་གྱུར་པ་ཡིན། ་པས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཆོག་གོ།། དེ་སྟོན་པར་བྱེད་པ་སྒྲའི་ཚུལ་ཡང་ངེས་པའི་དོན་སྟོན་པའི་ཕྱིར་རོ།། སྙིང་པོ་དང་འདྲ་བས་ན་སྙིང་པོ་སྟེ། དེ་གསུངས་པ་ནི་བཀའ་སྩལ་པའོ།། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྤྲོས་པ ་མེད་པ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་སྲ་བ་ལ་སོགས་པའི་ཚུལ་ཏེ། དེ་རྣམས་ལ་སྲ་བ་ལ་སོགས་པར་རྣམ་པར་རྟོག་པ་ནི་ལྟོས་པའོ།། སྤྲོས་པ་མེད་པས་ནི་སྤྲོས་པ་མེད་པ་སྟེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས ་རྣམ་པར་རྟོག་པ་དང་བྲལ་བ་སྟེ། དོན་དམ་པར་ཆོས་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ།། ཆོས་ཐམས་ཅད་ལ་སྤྲོས་པ་མེད་པ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཅོད་པར་བྱེད་པའི་ངོ་བོ་ཉིད་ཡིན་པས་ན་རལ ་གྲི་དང་ཆོས་མཐུན་པའི་རལ་གྲི་ཞེས་བྱ་ལ། དེའི་རྒྱུ་མཐུན་པ་ལས་བྱུང་བའི་འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་ལ་དམིགས་ཤིང་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག ་པའོ།། འཁོར་ལོ་ལྟར་ཡི་གེ་བསྐོར་བའི་དམ་ཚིག་ཅེས་བྱ་བ་ལ། འཁོར་ལོ་ལྟར་ཡི་གེ་བསྐོར་བ་བཤད་ཟིན་ཏོ།། དེའི་དམ་ཚིག་གི་གནས་སྐབས་སོ།། ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་ཞེས་བྱ་བ་ནི། སྔར་ཐམས་ཅད་བཤད་ཟིན ་པས་སླར་མ་བཤད་པའོ།། འདིར་བྱ་བ་ཐམས་ཅད་ནི་ཡཽ་གེ་ཨ་བརྗོད་པས་བྱ་སྟེ། དེ་ནས་རལ་གྲི་དང་གླེགས་བམ་གྱི་ཕྱག་རྒྱ་དང་། བཛྲ་བཛྲ་ཨ་ཛ་ཞིས་ཟློས་ཤིང་པདྨའི་དཀྱིལ་འཁོར་དུ་འཇུག་པར་བྱའོ།། ལག་པ་གཡས ་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་ཅུང་ཟད་བརྐྱང་ལ་རྩེ་མོ་ཅུང་ཟད་བཀུག་ནས་རལ་གྲིའི་ཚུལ་དུ་བཞག་པ་འདི་ནི་རལ་གྲིའི་ཕྱག་རྒྱའོ།། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་སྙིང་གར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི ་གླེགས་བམ་འཛིན་པ་ལྟར་བྱ་བ་འདི་ནི་གླེགས་བམ་གྱི་ཕྱག་རྒྱའོ།། ཨ་ལ་སོགས་པའི་ཡི་གེ་ངོ་བོ་ཉིད་བསྒོམ་པ་ནི་ཨ་ར་པ་ཙ་ན་ལ་སོགས་པའོ།། རྡོ་རྗེ་རལ་གྲིའི་ཕྱག་རྒྱ་ནི། རྡོ་རྗེ་བསྡམས་པ་ལས་མཐེ་བོང་གཉིས་གཤིབས ་ལ། མཛུབ་མོ་གཉིས་པདྨར་བྱཱ། གུང་མོ་གཉིས་གཤིབས་ཚོགས་གསུམ་པ་བཀུག་ལ་རལ་གྲིབ་ལྟ་བུར་བྱའོ།། འཕགས་པ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་འགྲོལ་བའོ།། ། དཀྱིལ་འཁོར་དུ་འཇུག་པ་མེད་པར་ནཱི། ་དངོས་གྲུབ་ཐོབ་པར་མི་འགྱུར་ཏེ། དེ་བས་ན་དཀྱིལ་འཁོར་དུ་འཇུག་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ནི་དཀྱིལ ་འཁོར་རོ།། དེའི་ནང་དུ་འདུས་པ་ནི་ཞུགས་པ་སྟེ། དེ་ཡང་དེ་རྣམས་དོར་ཆུད་ཅིང་ཞུགས་པོར་གྱུར་ཏོ།། ཞེས་བྱ་བའི་དོན་ཏོ།། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོའི་ནང་དུ་འདུས་པ་ཞེས་བྱའོ།། འཁོར་ལོ་ཡང ་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འཁོར་ལོ་ཆེན་པོ་སྟེ། དེ་རྣམས་སུ་ཞུགས་པ་ཡིན་པས་ན་འཁོར་ལོ་ཆེན་པོར་འཇུག་པའོ།། འཇུག་པ་དེ་ཡང་ཕྱི་དང་གསང་བའི་དབྱེ་བས་རྣམ་པ་གཉིས་ཏེ། ཕྱིའི་འཇུག་པ་ནི་ཇི་སྐད་དུ ་བཤད་པའི་མངོན་པར་རྟོགས་པའི་ཕྱག་རྒྱ་རྣམས་ཀྱིས་སོ།། གསང་བའི་འཇུག་པ་ནི་དེར་ཞུགས་པའི་བཤད་པར་རྟོགས་པར་གྱུར་ཅིག། སློབ་དཔོན་ལས་དེ་ཁོ་ན་ཉིད་བཅུ་གཉིས་ཐོས་པའོ།། འཇུག་པ་དེར་གང་གིས་འགྱུར་བའི་མིང་དེ་སྐད ་ཅེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་བཤད་པ་འདི་གསུངས་པའོ།། རྡོ་རྗེ་མཉམ་པ་ཉིད་ཅེས་བྱ་བ་ལ་རྡོ་རྗེ་ནི་མཉམ། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་རིགས་རྣམས་སོ།། དེ་རྣམས་ཀྱི་མཉམ་པ ་ཉིད་སྟོང་པ་ཉིད་དོ།། ཀུན་རྫོབ་ཀྱང་དབྱེར་མི་ཕྱེད་པ་ཉིད་ཀྱིས་རྣམ་པར་བཤིག་པའམ། གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་དང་བྲལ་བའི་སེམས་དྲང་སེམས་ལས་བྱུང་བའི་རྡོ་རྗེ་ཡིན་ལ། དེའི་མཉམ་པ་ཉིད་ནི་དེ་ཁོ་ན་ཉིད་དེ ་རྡོ་རྗེ་མཉམ་པ་ཉིད་དེས་རང་གི་དྲོ་བོ་ཉིད་ཡོངསུ་ཤེས་པ་ནི་འཇུག་པའོ།། དེར་ཇི་ལྟར་འཇུག་པར་འགྱུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འཁོར་ལོ་ལ་འཇུག་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་མངོན་སུམ་དུ་འཇུག་པའི་དོན་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དོན་དུ་གཉེར་བ་ཡིན་པས་ན་དོན་ཏེ། གཟུགས་ལྔ་སོགས་པ་བཟུང་བར་བྱ་བའི་ངོ་བོར་ཡོངསུ་ཆད་པ་འམ ་རིན་པོ་ཆེའི་རིགས་ནི་དོན་ནོ།། དེའི་མཉམ་པ་ཉིད་ནི་དེ་བཞིན་ཉིད་དོ།། ཆོས་ནི་སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་པདྨའི་རིགས་ལ་ཆོས་ཤེས་བཤད་དེ། དེའི་མཉམ་པ་ཉིད་ནི་སྔ་མ་བཞིན་ནོ།། འཇུག་པ་ལ ་ཡང་སྔ་མ་དང་འདྲའོ།། ཐམས་ཅད་ནི་ཕྱག་རྒྱ་བཞི་དང་ལས་ཀྱི་རིགས་ལ་བྱ་བར་བཤད་ལ། དེ་རྣམས་ལ་ཞུགས་པ་ནི་སྔར་ཇི་སྐད་དུ་བཤད་པའོ།། དེའི་དོན་གྱི་དམ་ཚིག་ནི་རྒྱུ་སྟེ། མིང་དེ་ཉིད ་ཅེས་བྱ་བ་གང་ཡིན་པ་གསུངས་པའོ།། དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི་རྒྱུར་གྱུར་པའི་ཕྱག་རྒྱ་ནི་དཀྱིལ་འཁོར་ཐམས་ཅད་ལ་རབ་ཏུ་འཇུག་པའི་ཕྱག་རྒྱ་སྟེ། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ལོའི་དཀྱིལ་འཁོར་ལ་དམི ་པའི་ཏིང་ངེ་འཛིན་ཏོ།། དེ་ལྟར་ན་མིང་དེ་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ།། དཀྱིལ་འཁོར་ཆེན་པོ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དཀྱིལ་འཁོར་ཆེན་པོ་ཐམས་ཅད་དུ ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཐམས་ཅད་དོ།། དེ་རྣམས་སུ་འཇུག་པའི་ཕྱིར། དམ་ཚིག་ནི་མི་འདའ་བའི་དོན་དུ་རྣམ་པར་བཞག་པའོ།། དེ་ཡང་གང་གི་ཕྱིར། དཀྱིལ་འཁོར་འདིས་དཀྱིལ ་འཁོར་ཐཾདུ་ཞུཊ་ཤིག་དུ་ཆད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་འདིར་ནི་དང་པོ་ཉིད་དུ་གསུངས་པའི་ཧཱུཾ་ཉིད་ཟློས་ཤིང་དཀྱིལ་འཁོར་གྱི་བྱ་བ་ཐམས་ཅད་བྱའོ།། དེ་ནས་བཛྲ་བཛྲ་ཞེས་ཟློས་ཤིང་རྡོ ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འཇུག་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་དང་མཐེ་ཆུང་གཉིས་རྡོ་རྗེར་བཅིངས་པ་ནི་རྡོ་རྗེ་འཁོར་ལོའོ་དམ་ཚིག་གི་ཕྱག་རྒྱའོ།། དཀྱིལ་འཁོར ་བཞི་ཐིགས་གདབ་པའི་ཞེས་བྱ་བ་ནི། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་ལེགས་པར་ཐིག་གདབ་པའི་རྗེས་ཐོགས་ཉིད་ལ། ཞི་བ་མདུང་གིས་མཚོན་པ་དང་། མ་མོ་དང་། མིང་པོ་གསུམ་དང་། སྲིང་མོ་བཞིའི་དཀྱིལ་འཁོར་བཞི་པོ ་ཐིག་གདབ། དེའི་འོག་ཏུ་འཇུག་པའི་ཚེ་རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་དུ་བཞུགས་ལ། ཞི་བ་མདུང་གི་དཀྱིལ་འཁོར་ལ་སོགས་པར་དེ་ཉིད་ལས་བཤད་པའི་ཚོ་གས་འཇུག་པར་བྱའོ།། རྡོ་རྗེ་འཁོར་ལོའི་ཕྱག་རྒྱའི་དཀྱིལ་འཁོར ་དུ་འཇུག་པར་བསྟན་པས་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་རོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། མགལ་མེ་ལྟར་བསྐོར་བ་ནི་རྡོ་རྗེ་འཁོར་ལོ་ཆེན་པོ་སྟེ། འདིས་དཀྱིལ་འཁོར་ཆེན་པོར་འཇུག་པར་འགྱུར་རོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱན་དང་པོའི་རྡོ་རྗེའོ།། དྲ་མི་ཚིག་ཆེན་པོའི་འཁོར་ལོ་ནི་རྡོ་རྗེ་བསྡམས་པ་བཅིངས་ལྔ། གུང་མོ་གཉིས་བརྐྱང་ནཱས་མཛུབ་མོ་གཉིས་བརྐྱང་ལ་གུང་མོའི་རྡོ་རྗེ་དེ་ཉིད་ཀྱི་སྐུ་རྒྱབ ་ཏུ་བཞག་པ་འདི་ནི་དམ་ཚིག་ཆེན་པོའི་འཁོར་ལོ་སྟྭ~ཾ། འདིས་དམ་ཚིག་གི་དཀྱིལ་འཁོར་དུ་འཇུག་གོ། ཐམས་ཅད་ཀྱི་འཁོར་ལོ་ནི་ན་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་ནོ།། གཞན་ཡང་དག་ནི་རྡོ་རྗེ་འཛིན་མ ་ཐམས་ཅད་ཀྱི་འཁོར་ལོ་ཡིན་པར་འཆད་དོ།། རྡོ་རྗེ་སེམས་དཔའ་དང་། འཇམ་དཔལ་གཞོན་ནུ་དང་། ན་མཁའི་སྙིང་པོ་དང་། ན་མཁའི་མཛོད་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སེམས་བསྐྱེད་མ ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། རྡོ་རྗེ་ཁུ་ཚུར་དང་། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་རྣམས་ནི་གཡོན་ན་འཁོར་ལོ་དང་བཅས་པ་སྟེ། དབང་དུ་བྱ་བ་ལ་སོགས་པ་དངོས་གྲུབ་བྱེད་དོ།། དེ་ལ་རྡོ་རྗེ་སེམས ་དཔའི་དམ་ཚིག་གི་ཕྱག་རྒྱས་ནི་དབང་དུ་བྱའོ།། འཕགས་པ་སྤྱན་རས་གཟིགས་དབང་གི་དེམི་ཚི་གི་ཕྱག་རྒྱས་ནི་དབང་དུ་བྱའོ།། འཕགས་པ་ན་མཁའི་སྙིང་པོའི་དམ་ཚིག་གི་ཕྱག་རྒྱས་ནི་དོན་ཐོབ་པའོ།། རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱས ་ནི་རྒྱས་བཏབ་པའོ།། འཕགས་པ་འཇམ་དབྱངས་ཀྱི་དམ་ཚིག་གི་ཕྱག་རྒྱས་ནི་བཅད་པའོ།། རྡོ་རྗེ་འཁོར་ལོའི་དམ་ཚིག་གི་ཕྱག་རྒྱས་ནི་དཀྱིལ་འཁོར་དུ་འཇུག་པའོ།། ན་མཁའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱས་ནི་མཆོད་པའོ།། རྡོ་རྗེ་གནོད ་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་ནི་གདུག་པ་འདུལ་བའོ།། རྡོ་རྗེ་འཁོར་ལོའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །། མཆོད་པས་གསང་སྔགས་འགྲུབ་པར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས། ན་མཁའ ་མཛོད་ཀྱི་དཀྱིལ་འཁོར་སྟོན་ཏོ།། མཆོད་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་མཆོད་པ་ཐམས་ཅད་སྟེ། དེའི་ཆོ་ག་རྒྱས་པ་ནི་རྣམ་པ་རྒྱ་ཆེའོ།། ལུས་དང་ངགྲ་དང་ཡིད་ཀྱིས་ཕྱག་འཚལ་བ་ན་མཁའི་ཁམས་ཐམས་ཅད་ཁྱབ་པར ་བྱེད་པ་ནི་མཆོད་པ་ཐམས་ཅད་དེ། བཤད་མ་ཐག་པ་དེ་ཉིད་མཆོག་སྟེ། དམ་པ་ཡིན་པས་ན་མཆོད་པ་ཐམས་ཅད་ཀྱི་མཆོག་གོ།། མིང་དེ་ཉིད་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གང་ཡིན་པ་དེ་ནི་མཆོད་པ་ཐམས་ཅད ་ཀྱི་མཆོག་ཅེས་བྱ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ།། དེ་བཤད་པ་ནི་བཀའ་སྩལ་པའོ།། ཨོཾ་སརྦ་ཡོ་ག་ཙིཏྟཾ་ཨུཏྤ་ད་ཡཱ་མི་ཞེས་བྱ་བ་ནི་སྨོན་པ་བྱང་ཆུབ་ཀྱི་སེམས་སོ།། གཉིས་པ་སེམས་བསྒོམ་པའི ་མཚན་ཉིད་ཅན་ནི་འཇུག་པ་བྱང་ཆུབ་ཀྱི་སེམས་སོ།། གསུམ་པ་ནི་བྱང་ཆུབ་ཀྱི་ངོ་བོ་ཉིད་ཀྱིས་སེམས་ནི་བྱང་ཆུབ་སེམས་སོ།། དེ་ལྟར་ན་གསུམ་པོ་འདི་དག་བསྐྱོད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པས་ཏེ། དེའི་ངོ་བོ་ཉིད ་ནི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་དོ།། དེ་ན་སྒྲུབ་བཱི་མཚོ་བཱི་ངོ་བོ་ཉིད་ཡིན་པས་དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པའི་ཆོ་ག་རྒྱས་པའོ།། ཞེས་གསུངས་སོ།། བྱང་ཆུབ་ཏུ་སེམས་བསྐྱེད་པས་ནི་ངེས་པ་ཁོ་ནར་སེམས ་ཅོན་གྱི་དོན་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར། སེམས་ཅན་གྱི་ཁམས་ཐམས་ཅད་ཡོངསུ་སྐྱོབ་པ་ཉིད་ནི་ཞེས་བྱ་བ་གསུངས་ཏེ། ཕྱོགས་བཅུ་མ་ལུས་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དོན་སོང་བསད་པ་དང་བཅིངས ་པ་ལ་སོགས་པའི་སྡུག་བསྔལ་ཡོངསུ་བསལ་བ་ནི་ཡོངསུ་སྐྱོབ་པའོ།། དམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་ཉན་ཐོས་རྣམས་སོ།། དེ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་སོ།། ་དེ་ཡོངསུ་གཟུང་བ་ནི་ཐོས་པ་དང་བསམ་པ་དང་སྒོམ་པའི་རྗེསུ་སྦྱོར་བས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་འདྲི་བ་དང་ཞེས་བྱ་བ་ནི་གོ་སླའོ།། ལས་ཐམས་ཅད་ནི་མཆོད་པ་རྣམ་པ་བཞི་སྟེ། དེའི་དོན་ཡོད་པའི་དམ ་ཚིག་ནི་ཟློག་པར་བཀའ་བའི་རྒྱུའོ།། མཆོད་པ་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་དེའི་བྱིན་གྱིས་རློབ་པ་ནི་ན་མཁའི་མཛོད་ཀྱི་དཀྱིལ་འཁོར་རོ།། དེ་ལ་དམིགས་ཤིང་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན ་ལ་སྙོམས་པར་ཞུགས་པའོ།། རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་མཆོད་པ་ཡིན་པས་ནི་རྡོ་རྗེ་མཆོད་པས་ཏེ། དེ་ཉིད་ནི་མཆོག་གོ།། དེའི་དོན་ཡོད་པའི་དམ་ཚིག་ནི་ངེས་པ་ཉིད་དུ་གྲུབ་པའི་རྒྱུ་སྟེ། མིང ་དེ་སྐད་ཅེས་བྱ་བཱི་དཀྱིལ་འཁོར་འདི་གསུངས་པའོ།། དཀྱིལ་འཁོར་ནི་སྔར་བཤད་པ་ཡིན། དེའི་དབུས་སུ་བཅོམ་ལྡན་འདས་མཚོན་ཆ་སྣ་ཚོགས་འཛིན་པ་ཞེས་བྱ་བ་ནི་གཡོན་རྡོ་རྗེ་ཁུ་ཚུར་བཀུར་བསྟན་པས་སྣ་ཚ ་རྡོ་རྗེས་མཆིན་པའི་རྡོ་རྗེ་དྲིལ་བུ་བསྣམས་པ་ཕྱག་གཡས་པས་རང་གི་ཐུགས་གར་བསྟོད་པའི་ཚུལ་གྱིས་སྣ་ཚོགས་རྡོ་རྗེ་བསྣམས་པའོ།། སྭཱ་དང་ཡ་ནི་ལག་ཟླ་བའི་མདོག་ལ་སོགས་པའི་ཁ་དོག་ལྔ་པའི་མདོག་ལ་སོགས་པའི ་ངག་ལྔ་པའི་མངག་ཅན་ཞེས་བྱ་བ་ལི་ཞལ་ནི་དཀར་པོའོ།། ཐུགས་ཀ་ནི་དམར་པོའོ།། ཕྱག་ནི་སེར་པོའོ།། ཕྱག་གཉིས་ནི་ལྗང་གུའོ།། སྐུ་སླད་ནི་ནག་པོའོ།། དེའི་ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱོགས་དང་མཚམས་རྣམས་སུའོ།། ་མཆོད་པའི་དམ་ཚིག་ཅེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྫོགས་པར་བྱེད་པའི་རྒྱུའོ།། དེ་རྣམས་ཀྱི་གནས་སྐབས་ནི་སྔར་བཤད་པ་ཉིད་དོ།། དེ་རྣམས་ལས་གང་ཞིག་གཞོག་ཅེ་ན། ཕྱག་རྒྱ་རྡོ་རྗེ་དང་ཞེས ་པ་ལ་སོགས་པ་བརྒྱུད་པོ་གསུངས་སོ།། ཕྱག་ན་ཅི་ཞིག་བསྣམས་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་སོགས་པ་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པ་ཕྱག་རྒྱ་ན་འཛིན་ཚུལ་གྱིས་ཞེས་བྱ་བ་གསུངས་སོ།། དེ་ལ་བྱང་ཆུབ་ཀྱི་སེམས་ཕྱག ་ན་བསྣམས་པ་ནི་རྡོ་རྗེ་སེམས་དཔའ་སྟེ། ཕྱག་ན་རྡོ་རྗེ་རྩེ་ལྔ་པ་བསྣམས་ཞེས་བྱ་བའི་དོན་ནོ།། ཕྱག་ན་ཏིང་ངེ་འཛིན་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟེ། འདིར་པདྨ་ནི་ཏིང་ངེ་འཛིན་སྟོན་པས་ཏ་ང་འཛིན་སྟོན་པ་སོ ་ངེ་འཛིན་ཅེས་བཤད་དོ།། ནམཁའི་སྙིང་པོ་ན་ཕྱག་ན་དབང་བསྐུར་བ་སྟེ། རྡོ་རྗེ་རིན་ཆན་བསྣམས་ཤེས་བྱ་བའི་དོན་ཏོ།། རྡོ་རྗེ་ཁུ་ཚུར་ནི་ཕྱག་གི་ཕྱག་རྒྱས་ཡོངསུ་འཛིན་པ་སྟེ། དམ་ཚིག་གི། བུ་ཚུར་གྱིས་རྡོ་རྗེ་འཚར་ཞིང ་བཞུགས་པའོ།། འཕགས་པ་འཇམ་དཔལ་ནི་ཕྱོག་ན་སྟོང་ཉིད་སྨྲ་བ་སྟེ། ཕྱག་ན་རལ་གྲི་བསྣམས་པ་ཞེས་བྱ་བའི་དོན་ཏོ།། སེམས་བསྐྱེད་མ་ཐག་ཚོས་ཀྱི་འཁོར་ལོ་བསྐོར་བ་ནི་ཕྱག་ན་དཀྱིལ་འཁོར་འབྲི་བ་སྟེ། རྡོ་རྗེ་འཁོར ་ལོ་བཻསྣམས་ཞེས་བྱ་བའི་དོན་ཏོ།། ན་མཁའ་མཛོད་ནི་ཕྱག་ན་མཆོད་པ་ཐམས་ཅད་དེ། སྣ་ཚོགས་རྡོ་རྗེ་བསྣམོས་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་གནོད་སྦྱིན་ཕྱག་ན་སེམས་ཅན་རྣམ་ས་ཡོངསུ་སྐྱོབ་པ་སྟེ། རྡོ་རྗེ་མཆེ་བ་བསྣམས ་ཞེས་བྱ་བའི་དོན་ཏོ།། འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཨོཾ་བརྗོད་ལ་བྱའོ།། དེ་ནས་བཛྲ་བཛྲཱི་ཨ་ཞེས་རྗེས་ཤིང་དཀྱིལ་འཁོར་དུ་འཇུག་པར་བྱའོ།། རྡོ་རྗེ་ཐམས་ཅད་བཅིངས་ལ་ཞེས་བྱ་བ་ལི། དེ་ལ་རྡོ་རྗེ་ཐམས་ཅད་ནི་འདི་ཡིན་ཏེ། ་རྡོ་རྗེ་བསྡམས་པ་ལས་བྱུང་བའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱ་ལས་སྲིན་ལག་དང་མཐེ་ཆུང་བརྐྱང་ལ་རྒྱལ་མཚན་དང་། བ་དན་གྱི་རྩེ་མོ་ལྟར་བྱའོ།། ལུས་དྲང་ངག་དྲང་ཡིད་ཀྱི་ཕྱག་རྒྱ་བྱ་བ ་ནི་ཡིད་ཀྱི་མཆོད་པའོ།། རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་བསྒོམས་པ་དང་། རྡོ་རྗེ་སྦྲང་རྩི་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་ཀྱང་མཆོད་པ་བྱའོ།། བྱང་ཆུབ་ཀྱི་སེམས་ཀྱི་མཆོད་པ་དང་ཏིང་ངེ་འཛིན་གྱི་མཆོད་པོ་ནི་ག ་སྒྲའོ།། རྡོ་རྗེ་རིན་ཆེན་གྱི་དམ་ཚིག་ནི་རྡོ་རྗེ་དབང་བསྐུར་བ་སྣ་ཚོགས་སོ།། རྡོ་ཛྷཻཾ་ཁུ་ཚུར་གྱི་དམ་ཚིགི་ཕྱག་རྒྱ་ནི་རྡོ་རྗེ་ཐམས་ཅད་སྣ་ཚོ་གས།། སྟོང་པོ་ཉིད་ཀྱི་མཆོད་པ་ལ་ནི་ཨ་ལ་སོགས་པའི་ཡི་གེའི་ལུང་བསྟན ་པཱས་སོ་ཞེས་བྱ་བ་ནི་གོ་བར་ཟད་དོ།། རྡོ་རྗེ་འཁོར་ལོའི་དྲིམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེའི་ཁྱེར་ལོ་སྣ་ཚོ་ག་སོ།། ན་མཁེའ་མཛོད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་སྣ་ཚོགས་རྡོ་རྗེའོ།། རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག ་རྒྱ་ནི་བདུག་པ་ཐམས་ཅད་གདུག་པར་བྱའོ།། རྡོ་རྗེ་སྦྲང་རྩི་ལ་སོགསཽ་པིའི་ཕྱག་རྒྱས་ནི་མེ་ཏོག་དོར་བར་བྱ་བ་ལ་སོགས་པ་བྱའོ།། ན་མཁའི་མཛོད་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། ་བསྲུངས་པ་ཡོངསུ་བསྐྱངས་པས་ཡོང་སུ་འགྲུབ་པར་འགྱུརོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་གནོད་སྦྱིན་གྱི་དཀྱིལ་འཁོར་སྟོན་པར་མཛད་པ་ཡིན་ཏེ། གདུག་པ་ཐམས་ཅད་ཀྱི ་སྲོག་གཅོད་པ་ལ་སོགས་པ་ལ་བཟློག་པ་ནི་ཐམས་ཅད་འདུལ་བ་སྟེ། ཐམས་ཅད་འདུལ་བ་སྟེ། ཐམས་ཅད་འདུལ་བར་ནུས་པ་ནི་སྤྱོད་པའོ།། དེ་སུ་ཞིག་ཡིན་ཞེ་ན། བཅོམ་ལྡན་འདས་ཡེ་ཤེས་ཀྱི་ཁུ་ཚུར་ཏེ། བྱང་ཆུབ་མཆོག་ཡོང། ་སུ་འཛིན་པའོ།། སེམས་ཅན་ཐམས་ཅད་འདུལ་བ་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ནི་སྡིག་པ་ཐམས་ཅད་ན་བྱེད་པའོ།། དེ་ལྟ་བུའི་སེམས་ཅན་ཐམས་ཅད་འདུལ་བ་སྟེ། སྡིག་པ་ཐམས་ཅད་ཡོངསུ་སྤངས་ནས། ་དགེ་བ་ངེས་པར་སྦྱོར་བར་མཛད་པའོ།། དེའི་དོན་གྱི་ཡེ་ཤེས་ཡིན་པས་ན་སེམས་ཅན་ཐམས་ཅད་འདུལ་བའི་ཡེ་ཤེས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཁྲོ་བོར་ཡང་དག་པར་སྟོན་པའི་ཡེ་ཤེས་སོ།། དེ་ཉིད་ནི་བསྐྱེད་པའི་གནས་ཡིན་པས་ན། ་སྙིང་པོ་སྟེ། མིང་དེ་ཉིད་ཅེས་བྱ་བ་གང་ཡིན་པ་དེ་བཤད་པའོ།། སེམས་ཅན་ཐམས་ཅད་ནི་མཛའ་བོ་དང་། ཐ་མལ་པ་དང་། དགྲ་བོ་རྣམས་སོ།། དེ་རྣམས་ལ་མཉམ་པ་ཉིད་ནི་བུ་གཅིག་པ་ལྟ་བུར་སྡུག་པར་སེམས་དཔའ་དང་། དོན ་དམ་པར་སེམས་ཅན་ཐམས་ཅད་མི་དམིགས་པའི་མཉམ་པ་ཉིད་དོ།། སེམས་ཅན་ཐམས་ཅད་མཉམ་པ་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་མཚན་ཉིད་ཅན་དེས་གདུག་པ་ཐམས་ཅད་འདུལ་བའི་ཕྱིར། ཁྲོ་བོའི་གཟུགསུ་ཡང་དག་པར ་སྟོན་པ་ནི་ཁྲོ་བ་མཉམ་པ་ཉིད་དོ།། ཁྲོ་བོའི་གཟུགས་དེ་གང་གི་ཚེ་ལྡོག་པར་འགྱུར་ཞེ་ན། སེམས་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཚེ་སེམས་ཅན་ཐམས་ཅད་དུལ་བ་དེའི་ཚེ་ཁྲོ་བོ་ཉིད་ཀྱང་ངལ ་ཞིང་སྡུག་གོ།། ཞེས་བྱ་བའི་དོན་ཏོ།། དེའི་ངོ་བོ་ཉིད་ཅི་ཞིག་ཡིན་ཞེ་ན། སེམས་ཅན་ཐམས་ཅད་ཆོས་ཉིད་པས་ཁྲོ་བ་ཆོས་ཉིད་དོ་ཞེས་བྱ་བ་གསུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད ་ནིདོན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། སེམས་ཅན་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཆོས་ཉིད་གང་ཡིན་པ་དེ་ཉིད་ནི་ཆོས་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཁྲོ་བོའི་གཟི་བརྗིད་འདི་ཅི་ཞིག་ཡིན་ཞེ་ན། སེམས་ཅན ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་དམ་པར་སེམས་དང་སེམས་ལས་བྱུང་བ་རྣམས་ནི་གཟུང་བ་དང་འཛིན་པ་དང་བྲལ་བ་ཉིད་ཡིན་པས་ན་སེམས་ཅན་ཐམས་ཅད་རྡོ་རྗེ་ཉིད་དོ།། སེམས་ཅན་ཐམས ་ཅད་རྡོ་རྗེ་ཉིད་ཡིན་པ་དེས་ན་ཁྲོ་བ་རྡོ་རྗེ་ཉིད་དོ་ཞེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་གཟུང་བ་དང་འཛིན་པ་དང་བྲལ་བ་གང་ཡིན་པ་དེ་ཉིད་ནི་ཁྲོ་བོའི་རྡོ་རྗེ་ཉིད་དོ།། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ནི་རྒྱུ་གང་གིས་ན་སེམས ་ཅན་ཐམས་ཅད་མཉམ་པ་ཉིད་དོ་ཞེས་བྱ་བའི་བར་ཡིན་ཞེ་ན། གང་གི་ཕྱིར་འདི་ལྟར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་བོ་ཞེས་བྱ་བ་གསུངས་ཏེ། དེ་ཉིད་ནི་བྱང་ཆུབ་ཀྱི་མཚན ་ཉིད་དོ།། དེ་ཡང་འདི་ལྟར་ཁྲོ་བོ་མཉམ་པ་ཉིད་ལ་སོ་ཌ་པྲ་སེམས་ཅན་རྣམས་འདུལ་བར་བྱེད་ཙང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་མཛད་པས་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་འདུལ་བ་ནི་བྱང་ཆུབ་པོ་ཞེས་གསུངས ་པ་ཡིན་ནོ།། དཀྱིལ་འཁོར་ནི་སྔར་བཤད་པ་ཁོ་ནར་ཟད་དོ།། འདིར་བྱ་བ་ཐམས་ཅད་ནི་ཡི་གེ་ཧ་ཟློས་ཤིང་བྱའོ།། དེ་ནས་བཛྲ་བཛྲ་ཧ་ཞེས་བརྗོད་ལ། མཆེ་བའི་ཕྱག་རྒྱ་བཅིངས་ནས་དཀྱིལ་འཁོར་དུ་འཇུག་པར་བྱའོ།། རྡོ་རྗེ་ཐལ་མོ ་བཅིངས་ལ། མཐེ་བོ་གཉིས་སོ་སོར་བསྒྲེང་ལ་མཛུབ་མོ་གཉིས་ལྕགས་ཀྱུ་ལྟ་བུར་བཀུག་པའི་ཕྱག་རྒྱ་འོད་ནི་མཆེ་བ་སྟེ། འདི་ནི་མཆེ་བའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཐམས་ཅད་ཕྱེ་མར་ཀླག་པ་ནི་གོ་བོར་ཟད་ངོ་དོ།། རྡོ་རྗེ་གནོད ་སྦྱིན་གྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །། སྦྱོར་བ་གཅིག་གིས་དམ་ཚིག་ཐམས་ཅད་ཐོབ་པར་མི་འགྱུར་བ་དང་། དཀྱིལ་འཁོར་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ཡོངསུ་གྱུར་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བསྟན་པའི ་ཕྱིར། བསྡུས་པའི་དཀྱིལ་འཁོར་སྟོན་པར་བཞེད་པོས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་དྲང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རྣམས་ཀྱི་ངོ་བོ་ཉིད་གཅིག་པ་ཉིད་ནི་ཐམས་ཅད ་མཉམ་པ་ཉིད་དེ།། དེན་དམ་པར་དངོས་པོ་མེད་པའི་ངོ་བོ་ཉིད་དོ།། དེ་རབ་ཏུ་གནོས་པ་ནི་མཉམ་པ་ཉིད་ལ་རབ་ཏུ་གན་སྨྲ་སྟེ། མི་བཟང་པ་ཐུགསུ་ཆུད་པའི་ཚུལ་གྱིས་བཞུགས་པའོ།། དེ་སུ་ཞིག་ཡིན་ཞེ་ན། དེ་བཞིན་ག ་པ་ཞེས་བྱ་བ་སྟེ། དེ་བཞིན་དུ་གཤེགས་ཤིང་ཐུག་སུ་ཆུད་པའོ།། ཆོས་ཐམས་ཅད་ཀྱི་མཆོག་ཅེས་བྱ་བ་ནི། རིགས་ཐམས་ཅད་ཀྱི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་དེ་བཞིན་ཉིད་དེ། དེ་ཉིད་མཆོག་ཡིན་པས་ཆོས་ཐམ ་ཅད་ཀྱི་མཆོག་སྟེ། མིང་དྲི་ཉིད་ཅེས་བྱ་བ་གང་ཡིན་པ་དེ་བཤད་པའོ།། དེ་བཞིན་གཤེགས་པའི་རིགས་དེ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་གཉི་སུ་མེད་པ་ཉིད་དེ། དེ་ལྟ་བུའི་ཐམས་ཅད་མཉམ ་པ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དེ་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱེར་མི་ཕྱེད་པ་ཉིད་དོ།། དེ་ཉིད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་གཉིས་སུ་མེད་པ་ཉིད་དེ་དེ་ཉིད་ནི་དེ་བཞིན་གཤེགས་པའི་རི་ཌ ་ཀྱི་གཉིས་སུ་མེད་པ་ཉིད་དེ་དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཉིས་སུ་མེད་པ་དངོ་ཐ་མི་དད་པ་ཡིན་ནོ།། ཐམས་ཅད་དོན་ཉིད་ཅེས་བྱ་བ་ལ་སོགས་པ་ལ་དོན་ནི་རིན་པོ་ཆེའི་རིགས་སོ།། ཐམས་ཅད་ཀྱང་ཡིན་ལ། དོན ་ཡང་ཡིན་པས་ན་ཐམས་ཅད་དོན་ཞེས་བྱ་བ་འམ། ཐམས་ཅད་ཀྱི་དོན་ཡིན་པས་ན་ཐམས་ཅད་དོན་ཉིད་དོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཉིད་དོ།། འདི་སྐད་སྟོན་པར་འགྱུར་ཏེ། རིན་པོ་ཆེའི་རིགས་ནི་ཁམས་གསུ ་ན་སྤྱོད་པའི་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པའི་བག་ཆགས་དང་བཅས་པར་སྤངས་པའི་ཡེ་ཤེས་ཏེ། དེ་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། ཐམས་ཅད་ཆོས་ནི་སྟོབས་དང ་མི་འཇོགས་པ་ལ་སོགས་པ་དང་། པདྨའི་རིག་སོ།། ཐད་ཀྱི་ཚེ་ཡིན་པས་ན་ཐ~ཾད་ཀྱི་ཆོས་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཡིན་པའི་ཕྱིར་རོ།། ཡང་ན་ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱང་ཡིན་པས་ཐམས་ཅད་ཆོས་ཏེ། དེའི་ངོ་བོ་ཉིད་ཡིན ་པས་ན་ཐམས་ཅད་ཆོས་ཉིད་དེ། ངེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་དོ།། ཐམས་ཅད་ལས་ཞེས་བྱ་བ་ལ་ཐམས་ཅད་ཀྱང་ཡིན་ལ་ལས་ཀྱང་ཡིན་པས་ན་ཐམས་ཅད་ལས་ཏེ། སེམས་ཅན་གྱི་དོན་མཛད་པའི་མཚན་ཉིད ་དང་སངས་རྒྱས་ལ་མཆོད་པའི་ལས་ཀྱི་རིགསོ།། ལས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན་ཐམས་ཅད་ལས་ཉིད་དེ། དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉིད་དུ་རིག་པར་བྱའོ།། འདྲིས་ཀྱང་འདི་སྐད་སྟོན་པར་འགྱུར་ཏེ། ་ཐམས་ཅད་ལས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ལ། དེ་ཡང་དོན་དམ་པར་གཉིསུ་མེང་པ་ཡིན་ནོ།། དེ་བས་ན་ཐམས་ཅད་ལས་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབྱེར་མི་ཕྱེད་པ་ཡིན་ཏེ། དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་པ་ཡིན་ནོ།། དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྟེ། དེ་རྣམས་ཀྱི་དོན་ཡོད་པའི་དམ་ཚིག་ནི་འདའ་བར་མི་བྱེད་པ། དེ་ཉིད་ནི ་དཀྱིལ་འཁོར་ཡིན་པས་ན་དོན་ཡོད་པའི་དམ་ཚི་གོ་གི་འཁོར་རོ།། དེ་བྱིན་གྱིས་རློབ་པར་བྱ་བ་ནི་བསྟན་པར་བྱ་བའི་བྱིན་གྱིས་རློབ་པ་སྟེ། ཏིང་ངེ་འཛིན་ཡང་མིང་དེ་ཉིད་ཅེས་བྱ་བ་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། དོན་ཡོད་པ་ཐམས་ཅད་ཀྱི་དམ་ཚིག་ནི་དཀྱིལ་འཁོར་ཏེ། དེའི་སྙིང་པོ་ནི་བསྡུས་པའི་དཀྱིལ་འཁོར་ལྟ་བུ་ངེས་པའོ།། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་སྙིང་པོ་ཞེས ་བྱའོ།། དམ་ཚིག་ཀྱང་ཡིན་ལ། ཐམས་ཅད་ཀྱང་ཡིན་པས་དམ་ཚིག་ཐམས་ཅད་ཏེ། རིགས་ལྔའི་ངོ་བོ་ཉིད་དོ།། དེ་ཉིད་ནི་རྡོ་རྗེ་ཡིན་པས་ན་དམ་ཚིག་ཐམས་ཅད་ཀྱི་རྡོ་རྗེ་སྟེ་དེ་རྣམས་བྱིན་གྱིས་རློབ་པའོ།། ། ་དཀྱིལ་འཁོར་ནི་གཞལ་ཡས་ཁང་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་སྐད་ཅེས་བྱ་སྟེ། བསྡུས་པའི་དཀྱིལ་འཁོར་ལྟ་བུར་ཐུགས་རྩེ་བའི་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ།། འདི་དག་ཀྱང་སྔོར་ཐམ་ཅད་བཤད ་ཟིན་པས་ཡང་མ་བཤད་དོ།། འདིར་དང་པོར་རྡོ་རྗེ་ཕྱག་རྒྱ་བཅིངས་ལ། ཐོག་མ་ཁོ་ནར་འཇུག་པར་བྱའོ།། དེ་ནས་རང་ཉིད་ཀྱི་དམ་ཚིག་གི་དཀྱིལ་འཁོར་ལ་སོགས་པས་དཀྱིལ་འཁོར་ཐམས་ཅད་འཇུག་པར་བྱའོ།། བསྡུས་པའི ་དཀྱིལ་འཁོར་གྱི་འགྲེལ་པའོ།། །། དེ་ནི་འཇིག་རྟེན་པའི་ལྷ་རྣམས་ལ་མོས་པ་རྣམས་ལ། དེ་ཉིད་ཀྱི་སྒྲོ་ནས་བསྟན་པཱ་ལྔ་འཇུག་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྲོལ་འཁོར་བཞི ་སྟོན་པར་མཛད་པ་ཡིན་ནོ།། སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པ་སྨྲ་སེམས་ཅན་ཐམས་ཅད་དྷེ། དེ་རྣམས་ཀྱིས་བྷིནྡ་གྱིས་རཱུ་བྷཱ་པ~ཾ་ཡོན་པས་སེམས་ཅན་ཐམས་ཅད་བྱིན་གྱིས་རློབ་པ་སྟེ། རྡོ་རྗེ་སེམས ་དཔའ་ཇུག་པར་མོས་པ་བསྐྱེང་བལ།། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་བྱ་བ་ནི་ཁམས་གསུམ་པོའི་རྣམ་པའི་སེམས་དང་སེམས་ལས་བྱུང་བ་ནི་དེ་བཞིན་གཤེགས་པའི་ཡེ་ཤེས ་མཐོང་བའི་སྒྲིབ་པར་གྱུར་པ་ལ་སྙིང་པོ་ཞེས་བྱ་བའི་སྒྲར་བཤད་དེ། དེ་ཉིད་ནི་སེམས་ཅན་ཐམས་ཅད་དོ།། དེ་བཞིན་གཤེགས་པའི་སྙིང་པོ་གཞན་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ། ཁམས་གསུམ་པའི་རྣམ ་བར་ཡང་དགེ་པ་མ་ཡིན་པའི་ཀུན་ཏུ་རྟོག་པའོ།། དེ་སྐད་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་དག་ཅིང་གསལ་ལ་དྲི་མ་མེད་པར་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྗེསུ་ཞུགས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང ་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ་ཡིན་ནོ་ཞེས་གསུངས་པ་ཡིན་ནོ།། འདིས་ནི་འདི་སྐད་སྟོན་པར་འགྱུར་ཏེ། དོན་དམ་པར་སེམས་ཅན་ཐམས་ཅ་ནི་གཉི་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་ཏེ། ཁམ་གསུམ ་པའི་རྣམ་པའི་སེམས་དང་སེམས་ལས་བྱུང་བ་ནི་ཤིན་ཏུ་སྐྱེ་བ་མེད་པ་ཉིད་ཡིན་པའི་ཕྱིར་རོ།། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ཡིན་པས་ཞེས་བྱ་བ་གསུངས་ཏེ ་ལྷ་ཆེན་པོ་ལ་སོགས་པ་གཟུགས་སུ་སྟོན་པར་མཛད་ཀྱང་། ཞེ་སྡང་ལ་སོ་ཌ་བས་གོས་པ་མཱི་མངའ་བོས་ན་ཀུནས་བཟང་བ་ཡིན་པའི་ཕྱིར་ཀུན་ཏུ་བཟང་པོའོ།། བྱུང་མེད་ཆེན་པོ་ཡང་ཡིན་ལ་ཀུན་ཏུ་བཟང་པོ་ཡང་ཡིན་པས་ན་བྱང་ཆུབ་སེམ། ་དཔའ་ཀུན་ཏུ་བཟང་པོ་སྟེ། བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱི་སེམས་དཔའ་གཉིསུ་མེད་པའི་ཡེ་ཤེས་ཅན་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཐམས་ཅད་ཀྱི་རང་བཞིན་ནོ་ཐུག་ཐམས ་ཅད་ཀྱི་བདག་ཉིད་ཐམས་ཅད་དུ་གྱུར་པའི་ན་ཐམས་ཅད་ཀྱི་རང་བཞིན་ཏེ། དེ་རྒྱུར་འགྱུར་བས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ།། སེམས་ཅན་ཐམས་ཅད་ནི་དོན ་དམ་པར་བག་ཆགས་དང་བཅས་པའི་ཉོན་མོངས་པ་མ་སྐྱེས་པའི་དབང་བསྐུར་བའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེའི་སྙིང་པོ་ཅན་ནོ།། ཆོས་ཀྱི་སྙིང་པོ་ཅན་ཞེས་བྱ་བ་ནི། དེ་བཞིན་དུ་ངག་རབ་ཏུ་འབྱུང་བའི་གན་སུ་གྱུར་པ ་མ་སྐྱེས་པ་ཡིན་པའི་ཕྱིར། སོ་སོར་ཡང་དག་པར་རིག་པོ་ཐོབ་པའི་ངོ་བོ་ཉིད་ཀྱིས་ན། ངག་ཐམས་ཅད་རབ་ཏུ་འབྱུང་བས་སོ།། མྱ་ངན་ལས་འདས་པ་དང་འགལ་བའི་ལས་ཐམས་ཅད་ཤིན་ཏུ་མ་སྐྱེས་པས་ན། བྱ་བ ་གྲུབ་པ་ཐམས་ཅད་ལ་རབ་ཏུ་འཇུག་པ་ཡིན་ནོ།། དེ་བས་ན་བྱ་བ་བྱེད་པ་ཐམ་ཅད་ལ་རབ་ཏུ་སྦྱོར་བས་ཞེས་བྱ་བ་གསུངས་ཏེ། བྱ་བ་བྱེད་པ་ཐམས་ཅད་ནི་སེམས་ཅན་གྱི་དོན་བྱ་བ་དང་སངས་རྒྱས་ལ་མཆོད་པའོ།། བྱ་བ་བྱེད་པ་ཐམས ་ཅད་ཀྱི་ངོ་བོ་ཉིད་ཡིན་པས་ནི་བྱ་བ་ཐམས་ཅད་བྱེང་པ་ཉིད་དོ།། དེའི་རབ་ཏུ་སྦྱོར་བ་ནི་སོ་སོར་སྟོན་པ་སྟེ། སྤྲུལ་པ་སྐུ་ལ་རབ་ཏུ་འཇུག་པའོ།། དཀྱིལ་འཁོར་ནི་ཀུན་ནས་ཟླུམ་པོ་ལ་རིམ་པ་གསུམ་པ་སྟེ། རིམ་པ་དབུ་སོ་མའི་ཉིས ་འགྱུར་ནི་རིམ་པ་གཉིས་པའོ།། གསུམ་འགྱུ་རོ་ནི་རིམ་པ་གསུམ་པ་སྟེ་ཐམས་ཅད་ཀྱང་སྒོ་བཞི་པར་བྱའོ།། མཚམས་བཞིར་མདུང་རྩེ་གསུམ་གྱིས་མཚན་པར་བྲི་བར་བྱའོ།། དེ་ལ་དབུས་སུ་ནི་ལྷ་ཆེན་པོ་གདོང་བཞི་པ་དགོད་པར ་བྱ་སྟེ། གདོང་དྲང་པོ་བཞི་པ་ལ་གཞན་ཐམས་ཅད་དྲག་ཅིང་འཇིགས་སུ་རུང་བ་དེའི་སྤྱི་བོར་ཁྲོ་བོར་ཕྱག་བཞི་པ་བྱའོ།། ལག་པ་བཞི་ཡོད་པ་བྱ་སྟེ། མདུང་དང་། ཁ་ཊྭཱཾ་ག་ནི་ལག་པ་གཡོན་ན་ཐོགས་པར་བྱའོ།། དེ་བཞིན་དུ་ལག ་པ་གཡས་གཉིས་སུ་ནི་ཕྲེང་བ་དང་། གཡུ་དྲུང་ཐོགས་པར་བྱེད་པོའོ།། དེའི་ཤར་ཕྱོགསུ་ནག་པོ་ཆེན་པོ་མདུང་རྩི་གསུམ་ཐོགས་པའོ།། ལྷོ་ཕྱི་ཌ་སུ་ནི་དགྲའ་བྱེད་དབང་ཕྱུག་རྫ་རྔ་བརྡུང་བར་བརྩོན་པའོ།། ཞེས་པ་ནི་དྲིལ་ཆེན ་ལག་ན་དྲིལ་བུ་ཐོགས་པའོ།། བྱང་དུ་ནི་གར་གྱི་དབང་ཕྱུག་ལག་ན་མདུང་རྩེ་གསུམ་པོ་ཐོགས་པའོ།། ཤེར་ལྷོའི་མཚམ་སུ་ནི་ཐོད་པ་བཟོང་པོ་མདུང་རྩེ་གཽ་སུམ་དང་ཐོད་པ་ལག་ན་ཐོགས་པའོ།། ལྷོ་ནུབ་མཚམ་སུ་ན་གཏུམ ་པོའི་དབང་ཕྱུག་དབྱུག་པ་ལ་དབང་བྱེད་པའི་ངོ་བོར་དབྱུག་པ་ལ་བྱེད་པའོ།། ནུབ་བྱང་མཚམས་ནི་ལག་ན་ཁ་ཊྭཱཾ་ག་དང་ཐོད་པ་ལག་ན་ཐོགས་པའོ།། བྱང་ཤར་མཚམས་ནི་བ་ལང་སྣའི་དབང་ཕྱུག་མདུང་རྩ་གསུམ་པ་ལག་ན་ཐོ། ་པའོ།། རིམ་པ་གཉིས་པའི་ཤར་ཕྱོགསུ་དྲག་མོ་ལགྲན་མདུང་རྩི་གསུམ་པ་ཐོགས་པའོ།། ལྷོ་ཕྱོགསུ་ཚངས་མ་ལག་ན་ཕྲེང་བ་ཐོགས་པའོ།། ནུབ་ཕྱོགས་སུ་ཁྱབ་འཇུག་མ་ལག་ན་འཁོར་ལྀ་ཐོགས་པའོ།། བྱུང་དུ ་གཞོན་ནུ་མོ་ལག་ན་དྲིལ་བུ་ཐོགས་པའོ།། དེ་བཞིན་དུ་གཞན་དག་ཀྱང་སྦྱར་བཤད་པ་བཞིན་དུ་བལྟ་བར་བྱའོ།། ཤར་ཕྱོགས་ཀྱི་སྒོར་ནི་དབྱུག་པོའི་དབང་ཕྱུག་དབྱུག་པ་དང་ཐོད་པ་ཐོགས་པའོ།། ལྷོའི་སྒོ་རོ་ནི་མརྒ ་དབང་ཕྱུག་མདུང་རྩ་གསུམ་པ་དང་། ཐོད་པ་ཐོགས་པའོ།། ནུབ་ཕྱོགས་ཀྱི་སྒོར་ནི་དྲིལ་རྣ་དྲིལ་བུ་ཐོགས་པའོ།། བྱང་ཕྱོགས་ཀྱི་སྒོར་ནི་དྲག་པོ་ཆེན་པོ་མདུང་དང་ཐོད་པ་ལག་ན་ཐོགས ་པ་བྲི་བར་བའོ།། འདིར་བྱ་བ་ཐམས་ཅད་ནི་ཏྲི་ཞེས་བྱ་བ་བཟློས་ཤིང་བྱའོ།། ལྕུག་མ་རྣམས་ནི་སྔ་མོ་དང་འདྲའོ།། མདུང་རྩེ་གསུམ་པའི་ཕྱག་རྒྱ་བཙོངས་ལ། བཛྲ་བཛྲི་ཏྲེ་ཞེས་བརྗོད་ལ་འཇུག་པར་བྱའོ།། ལག་པ་གཉིས ་ཀྱིས་མཐེ་བོང་མཐེ་ཆུང་མནན་ལ། ལུ་གུ་རྒྱུད་སྦྲེལ་པོ་ནི་མདུང་རྩེ་གསུམ་པའོ།། དབང་ཕྱུག་ཆེན་པོའི་དཀྱིལ་འཁོར་གྱི་འགྲེལ་པའོ།། ། མ་མོའི་དཀྱིལ་འཁོར་ནི་སྔར་བཤད་པ་ཉིད་དེ། འདིར་བྱ་བ་ཐང ་ལ་ཡི་གེ་བྷྱོ། ཞེས་བྱ་བ་བརྗེད་པར་བྱའོ།། དེ་ནས་ཅེ་སྤྱང་ཕ་ཉ་མོའི་སྤྱོད་པས་བཛྲ་བཛྲཱ་བྷྱོ་ཞེས་བརྗོད་ལ་དཀྱིལ་འཁོར་དུ་འཇུག་པར་བྱའོ།། མཁྲིག་མ་བསྣོལ་བས་ལག་པ་གཉིས་བརྐྱང་ལ། ས་ལ་བཞག་སྟེ། ཅོག ་པུས་མཆོ་ངོས་ལ། ཙོ་སྤྱང་གི་སྒྲ་སྒྲོགས་ཤིང་འཇུག་པོར་བྱ་སྟེ། འདི་ནི་ཅེ་སྤྱང་ཕོ་ཉ་མོའི་ཕྱག་རྒྱའོ།། ལག་པ་གཡོན་པའི་ལག་དཱར་མདུན་དུ་བཀུག་པ་ནི་ཁཾ་ཊྭཱཾ་ག་འཛིན་པའི་ཕྱག་རྒྱའོ།། ལག་པ་གཡས་པ་གྱེན་དུ་བཏེག ་ལ། བ་དན་གསུམ་པར་བྱས་པ་ལེས་མཐེ་བོང་དང་སྲིན་ལོག་གིས་ཐོད་པ་བཟུང་བ་ནི་བཏུང་པོ་འཕྲོག་པའི་ཕྱག་རྒྱ་སྟེ། ནག་པོ་ཆེན་པོའི་དམ་ཚིག་གོ།། གཞན་དག་ནི་གོ་སླའོ།། མོ་མེའི་དཀྱིལ་འཁོར་གྱི་འགྲེལ་པའོ།། ་མིང་པོ་གསུམ་གྱི་དཀྱིལ་འཁོར་ཡང་སྔར་བཤད་པ་ཉིད་དོ།། འདིར་སྭཱ་ཞེས་བྱ་བ་ཟློས་ཤིང་ཐམས་ཅད་བྱའོ།། དེ་ནས་བཛྲ་བཛྲེ་སྲཾ་ཞེས་བརྗོད་ནས་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་འཇུག་པར་བྱའོ།། མདུང་རྩེ་གསུམ་པ་མཚན་ཉིད་ནི་ད ་ཚིག་གི་ཕྱག་རྒྱའོ།། མིང་པོ་གསུམ་གྱི་དཀྱིལ་འཁོར་རོ།། སྲིང་མོ་བཞིའི་དཀྱིལ་འཁོར་ཡང་སྔར་བཤད་པ་ཉིད་དོ།། འདིར་བྱ་བ་ཐམས་ཅད་ནི་ཧཾ་ཞེས་བྱ་བ་བརྗོད་ལ་བྱའོ།། དེ་ནས་སློབ་དཔོན་དྲིལ་བུ་དཀྲོལ་ཞིང་ལག་པ་གཡོན ་ནཱ་ཁ་ཊྭཱཾ་གྲྀ་ཐོགས་པ་དང་བཅས་པས་བཛྲ་བཛྲེ་ཧཾ་ཞེས་བརྗོད་དེ་འཇུག་པར་བྱའོ།། སྲིང་མོ་བཞིའི་དཀྱིལ་འཁོར་གྱི་འགྲེལ་པའོ།། ། མཐའ་ཡོས་མུ་མེད་པོས་མཐར་ཐུག་ཅིང་ཞེས་བྱ་བ་ལ། དེ་ལ་མཐའ་ཡས་པ ་ནི་ཆོས་ཀྱི་དབྱིངས་དང་། ན་མཁའི་ཁམས་རྣམས་སོ།། དེ་ཉིད་མུ་མེད་པ་ཡིན་པས་ན་མཐའ་ཡས་མུ་མེད་པའོ།། དེ་ལྟར་ན་མཐའ་ཡས་པ་ཡང་ཡིན་ལ་མུ་མེད་པ་ཡང་ཡིན་པས་ན་མཐའ་ཡས་མུ་མེད་པའོ།། དེ་ཉིད་ནི་མཐར ་ཐུག་པ་སྟེ། ཡོང་སུ་རྫོགས་པར་གྱུར་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ནམཁའི་ཁམས་ཐམས་ཅད་ཁྱབ་པ་ཞེས་བྱ་བའི་དོན་ཏོ།། དེ་གང་ཞིག་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་གསུངས་སོ།། དེའི ་ཆོས་གང་ཡིན་ཞེ་མོ་མཐར་ཐུག་ཅིང་མུ་མེད་པའི་ཆོས་དང་ལྡན་པ་ཞེས་བྱ་བ་གསུངས་ཏེ། དེ་ལ་ན་མཁའི་ཁམས་ཐམས་ཅད་ལྟར་རྟག་ཏུ་གནས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དང་ལྡན་པོས་ན་མུ་མེད་པའོ།། དེ་ཉིད་ནི ་མཐར་ཐུག་པ་མེད་པའི་ཆོས་ཏེ། ཡོངསུ་རྟོགས་པའི་ཆས་སོ།། ད་ལྟར་ན་མུ་མེད་པ་ཡིན་ལ། མཐར་ཐུག་པ་ཡང་ཡིན་པའོ།། ཆོས་གང་ཡིན་པ་དེ་ནི་མུ་མེད་ཅིང་མཐར་ཐུག་པ་ལ་ཆོས་ཏེ། དེ་ལྟ་བུའི་ཤེ ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ།། དེ་ཅིའི་ཕྱིར་ཞེ་ན། མཐར་ཐུག་པར་བྱིན་གྱིས་བརླབ་པའི་ཕྱིར་ཞེས་པ་སྟེ། ཡོང་སུ་རྫོགས་པར་བྱ་བའི་ཕྱིར་རོ།། མིང་ཅི་སྐད་བྱ་བ་ཞེ་ན། ཆོས་ཐམས་ཅད་ཀྱི་ཞེས ་བྱ་བ་ལ་སོགསོ་བ་སྟེ། དེ་ལེ་ཆོས་ཐམས་ཅད་ནི་རིགས་ལྔའི་ངོ་བོ་ཉིད་ཡིན་ལ། དེ་རྣམས་ཀྱི་མཉམ་པ་ཉིད་ཡིན་པས་ནི་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ།། དེ་ཐམས་ཅད་ཀྱང་མཐའ་ཡས་ཤིང་མཐར་ཐུག་པ་མེད་པར ་མཉམ་པ་ཉིད་ཡིན་ལ། མཉམ་པ་ཉིད་དེས་མཐར་ཐུག་པར་བྱིན་གྱིས་བརླབས་པ་སྟེ། མདོར་བྱས་ནས་བསྡུས་ཏེ་བཤད་པའོ།། དེ་ཉིད་ནི་རྡོ་རྗེ་སྟེ། དེ་ནི་ཆེད་ཀྱིས་གཞལ་བར་ནུས་པ་མ་ཡིན་པའི་ཕྱིར།། དེ་ལ་ཤྭེ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱེ་བཅུ ་འདས་པ་དང་། མ་འོ་དང་ལྟར་བྱུང་བའི་ཆོས་ཐམས་ཅད་ཇི་ལྟ་བོ་བཞིན་དུ་ཡོངསུ་ཤེས་པའི་ཚུ་ལོ་གྱིས་ཐམས་ཅད་དུ་ཁྱབ་པའི་ཕྱིར་དང་། དེའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་རྣམས་ནི་མཐའ་ཡས་པ་ཉིད་དེ། འདིས་ནི་དེ་བཞིན ་གཤེགས་པའི་རིགས་མཐའ་ཡས་པ་ཉིད་དུ་སྟོན་ཏོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔར་བཤད་པ་དང་འདྲ་ག། རྡོ་རྗེ་ཐམས་ཅད་མུ་མེད་པ་ཉིད་ནི་རིན་པོ་ཆེའི་རིགས་མུ་མེད་པ་ཉིད་དེ། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད ་ཀྱིས་ཐམས་ཅད་དུ་ཁྱབ་པ་ཉིད་སྦྱིན་པའི་ཕྱིར་རོ།། སྟོབས་དང་མི་འཇིགས་པ་ལ་སོགས་པའི་དབྱེ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དུ་མ་ཉིད་པས། ཆོས་ཐམས་ཅད་དུ་མ་ཉིད་དོ།། པདྨའི་རིགས་ཆད་མེད་པ་ཉིད་དོ།། ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ཇི་སྲིད་པར་རབ་ཏུ་འཇུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐར་ཐུག་པ་མེད་པ་ཉིད་དོ།། ཡོངསསུ་རྫོགས་པ་མེད་པ་ཉིད་དོ།། ཆོས་ཐཾད ་མཐར་ཐུག་པ་མེད་པ་ཉིད་ཀྱི་ནུ། བྱ་བ་གྲུབ་པའི་ཡེ་ཤེས་ཡོངས་སུ་རྫོགས་པ་མེད་པ་ཉིད་དེ། སྐད་ཅིག་སཱ་རེ་ཞིང་སྤྲུལ་པའི་སྤྲིན་རྣམས་ཀྱིས་སེམས་ཅན་ཐ~ཾད་ཀྱིས་དོན་ཏོ།། ཐུག་པ་མེད་པ་ཞེས་བྱ་བ་ནི་ཚད་མེད་པ་རྣམས་སོ།། ་མཐར་ཕྱིན་པ་ཞེས་བྱ་བ་ནི་ཡོང་སུ་རྫོགས་པར་གྱུར་པའོ།། སྒྲིབ་པ་ཐམས་ཅད་ཟད་ནས་ཞེས་བྱ་བ་ནི་སྒྲིབ་པ་རྣམས་གཏུགས་པར་གྱུར་པ་སོ།། འདུས་ཏེ་ཞེས་བྱ་བ་ནི་ཚོགས་པར་མཛད་པའོ།། བདེ་བ་ཡང་ང་ཡིན་ལ་ཆེན་པོ ་ཡང་ཡིན་པས་ན་བངོ་བ་ཆེན་པོ་སྟེ། དངོས་གྲུབ་ཀུན་གྱི་མི་འགྱུར་བའི་བདེ་བ་ཆེན་པོ་ཞེས་བཤད་དོ།། ཞེས་འདི་ཉིད་ཀྱི་འོག་ནས་བཤད་པའི་ཕྱིར། ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བའི་ཚོགས་ནི། དེ་བཞིན ་གཤེགས་པའི་བདེ་བ་ཆེན་པོའོ།། དེ་ཉིད་རྡོ་རྗེ་ཡིན་པས་ནི། བདེ་བ་ཆེན་པོ་རྡོ་རྗེ་སྟེ། དེའི་དོན་ཡོད་པའི་དམ་ཚིག་ཏུ་གྱུར་པས་ན་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཀྱིལ་འཁོར་དང ་ཕྱག་རྒྱའི་ཆུ་ལོ།། དཔལ་མཆོག་དང་པོ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུའི་འགྲེལ་པ། སློབ་དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ།། ། རྒྱུ་གར་གྱི་མཁན་པོ ་པདྨ་ཀ་རཱ་བརྨ་དང་། ཞུ་ཚོན་གྱི་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ།། ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དུམ་བུ་ལ་ནི་དཀྱིལ་འཁོར་བ ་དུམ་བུ་གཉིས་པའི་རྩ་བའི་རྒྱུད་ལ་ནི་བཅུ་གཅིག་གོ།། དེ་ཉིད་ཀྱི་རྟོག་པ་ཐ་མས་ཅད་ཀྱི་རྒྱུད་ཕྱི་མའི་རྒྱུད་དང་། རྩ་བའི་རྒྱུད་ལ་ནི་དཀྱིལ་འཁོར་བཅུའོ།། ཡང་འདི་རས་རིས་ལ་དཀྱིལ་འཁོར་དྲུག་གོ། དུམ་བུ་གསུམ་པ་ཆོ་སྐྱེ ་དུ་བུ་ལ་ནི་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གོ།། དུམ་བུ་བཞི་པ་ལས་ཀྱི་དུམ་བུ་ལྔ་ནི་དཀྱིལ་འཁོར་ཉི་ཤུ་རྩ་གཅིག་གོ།། དཔལ་མཆོགི་རྒྱུད་པ་ནི་ལོངས་སྐུ་རྣམ་སྣང་། སྦྲུལ་སྐུ་རྡོ་རྗེ་སེམས། རྒྱལ་སྲས་ཕྱག་རྡོར། རྒྱལ ་པི་རབ་གསལ། རྒྱལ་པོ་སྒྲ་གཅན་འཛིན་བཟང་པོ། སློབ་དཔོན་ཀུན་སྙིང་། པྲཛྙཱཾ་ཝ་ལྕི་ཏི། དྷརྨཱ་ཕ་ལ། ལོ་ཙེ་བ་རིན་ཆེན་བཟང་པོ། པུ་རང་ས་མ། གུང་པ་རྒྱ་ཡེ་ཆུ་ལོ། གཉིལ་ཉི་མི། གི་ནུར་ཆེན་པོ། གནུར་སོང་ཧ། ཀླན་ཆོས་འབྱུང་། ་རྩ་སྐྱ་བ་སྟོན་འབུམ། བླ་མ་ཁྲི་སྟན་སེངྒེ། ག་ནུར་ཡེ་ཤེས་རྒྱལ་མཚན། སྲས་བླ་མ་ཆོས་རྒྱ་ལ་ལོ།། ་