| Wylie | e-texts produced with BDRC’s OCR application |
text in 2 volumes
volume 1 (rgyud 'grel (wi)) - volume 2 (rgyud 'grel (zhi)) -
རྒྱ་གར་སྐད་དུ། ཀོ་ས་ལ་ཨ་ལཾ་ཀཱ་ར་ཡ་ཏཏྟྭ་སཾ
་གག་བི་ཀ། བོང་སད་དུ།། དེ་ཁོ་ན་ཉིད་ཐསས་པའི་ཪྻ
་བཤད་པ་ཀོ་ས་ལའི་རྒྱན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།།
་རྒྱུད་བདག་དང་ནི་རྒྱལ་བཞི་དང་པོའི་སེམས་དཔའ་དང་།། རྒྱལ་སྲས་ལྷག་མ་རྣམས་དང་རིགས་ཀྱི་ཡུམ་རྣམས་དང་།། རབ་མཆོག་ལས
་མཛད་མཆོད་པ་བཞི་དང་ཕྱག་རྒྱ་དང་།། རྒྱུད་དང་སྙིང་པོ་རིག་བཅས་དེ་ལ་ཕྱག་འཚལ་ལོ།། ཆོས་ཚུལ་ཟབ་མོའི་རྒྱ་མཚོར་ཤིན་ཏུ་ཞུགས
་གྱུར་ཅིང་།། ཡ་ཤེས་མཚོ་ཆེན་དེ་ཉིད་མ་ལུས་བདག་པོ་མཛད།། ཤེས་རབ་བདུད་རྩི་ལས་བྱུང་དྲི་མེད་བྱིས་པའི་གཟུགས།། བདེ་གཤེགས་སྐས་པོ་འཇམ་པའི་དབྱངས་ལའང
་བདག་ཕྱག་འཚལ།། རྒྱལ་རྣམས་འདུས་ལས་བཀའ་ཐོབ་རྣམ་པར་རྒྱལ་བར་ལྡན།། འགྲོ་ལ་ཕན་ཕྱིར་འཇིག་རྟེན་གསུམ་ལས་རྣམ་རྒྱལ་མཛད།། ལྷ་མི་རྣམས་ལ་རྒྱུད་སྟེན་བཅྡོཾན་གང་ཡིན་པ།། རྣ
་དབང་རྡོ་རྗེ་འཛིན་པ་དེ་ལའང་རབ་ཏུ་འདུད།། གྲོང་ཁྱེར་བཟང་པོར་སངས་རྒྱ་སྡེ་ཞེས་གྲགས་ཐོབ་གང་།། བླ་མིའི་མཆོག་དེ་དང་པོ་རབ་དང་མཉེས་བྱས་ཏེ།། སྣང་བ་མནོས་ཤིང་ཚོགས་དམ་ཚིག་ཐོབ་ན་ནི།། དེ་ལ
་ཤིན་ཏུ་མང་ཐོས་མང་དུ་རྣམ་པར་སྤྱད།། ཀོངྐ་ནེར་ནི་དྲི་མ་ཌི་དང་དབང་ཕྱུག་དཔལ་འདུས་དང་།། ཚེ་སྡེ་ཆོས་ཀྱི་འབྱུང་གནས་དགའ་བཱི་བསྙེན་བཀུར་བྱས།། ས་ཧྱེར་ཆོས་ཀྱི་རྡོ་རྗེ་མཆོག་ཏུ་མཚན་གསོལ་དང་།
་གཙུག་ཏོར་རྡོ་རྗེ་འང་མང་དུ་ལེགས་པར་བསྙེན་བཀུར་བྱས།། ཡོན་ཏན་འབྱུང་གནས་བྱང་ཕྱོགས་དབུ་རྒྱན་ཡུལ་བགྲོད་དེ།། རྒྱུད་དོན་དེ་ཉིད་འཛིན་རྒྱལ་ཨིནྡྲ་བྷཱུ་ཏི་བསྙེན།། ཏག་ཀྱིར་གྲོང་ཁྱེར་ཀ་ཤ་ལ་ཡི་སློབ་དཔོན་ནི།། བློ་བརྟན་བློ
་གྲོས་འབྱུང་གནས་ཚུལ་མཁས་གུས་པས་བརྟེན།། བླ་མོའི་ཞལ་ནས་ཡང་དག་མན་ངག་གང་ལས་ནི།། ཅུང་ཟད་བདག་གིས་ཅི་རྟོགས་དག་པའི་ལུང་གི་ཚུལ།། འཇིག་རྟེན་རྣལ་འབྱོར་ཚོགས་སློབ་དཔོན་བཞིན་རིམ་གྱིས།། འདི་ནི་ཡུན་རིང་གནས་ཕྱིར་བདག་གིས
་རྣམ་པར་བསམས།། འགྲོ་ནང་བདག་པས་བློ་དམན་མི་རྣམས་གང་ཡིན་པ།། དེ་ལ་ཕན་གདགས་ཕྱིར་ནི་རང་གི་སྟོབས་བསྐྱེད་དེ།། གང་དུ་དེ་ཉིད་དོན་བསྡུས་ཚུལ་ནི་རྣམ་སྟོན་པའོ།། དེ་ཉིད་བསྡུས་ཏེ་བདག་གིས་གུས་པས་རྣམ་པར་དབྱེ།། རྒྱུད་འདིར་རྒྱུད་ཀྱི
་བདག་པོ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་ལྡན་རྣམ་པར་སྣང་མཛད་ཀྱི་ཡོན་ཏན་གྱི་གླེང་གཞི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་རླབས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་སེམས་དཔའ་བསྐྱེད་པའི་ཏིང་ངེ་འཛིན་སྟོན་པའི
་བབར་གྱིས་བསྟན་ཏོ།། དེ་ནས་གཞན་ཡང་རྡོ་རྗེ་སེམས་དཔའི་རྒྱུད་ནས་བརྩམས་ཏེ། དེ་སྐད་ཅེས་བཀའ་སྩལ་ཅེས་བྱ་བའི་བར་ནི་རྒྱུད་དོ།། རྒྱུད་འདི་ལ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་ནི་ཡང་དག་པར་བསྡུད་པར་བྱེད་པས་མངོན་སུམ་དུ
་ཐོས་པར་སྟོན་ཏོ།། དེ་ཡང་འདི་སྐད་སྟོན་ཏེ། བདག་ཉིད་ཀྱིས་ཐོས་ཀྱི་གཞན་དག་ལས་རྒྱུད་དེ་ཐོས་པ་ནི་མ་ཡིན་ནོ་ཞེས་པའོ།། ཁྱོད་ཀྱིས་དུས་གང་གི་ཚེ་ཐོས་ཤེ་ན། དུས་གཅིག་ན་ཞེས་བྱ་བ་སྨོས་ཏེ། ལན་གཅིག་གི་དུས་ཆོད་ན་ཞེས་བྱ་བའི་དོན་ཏོ།། ད་ནི
་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་གླེང་བཞི་སྟོན་ཏོ།། དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་ཏེ་ངེས་པའི་ཚིག་གི་ཚུལ་གྱིས་ན་ཡི་གེ་བསྒྱུར་བ་བྱས་ན་ཕུང་པོ་དང་། འཆི་བདག་དང་། ཉོན་མོངས་པ་དང་། ལྷའི་བུའི
་བདུད་བཅོམ་པའོ།། གང་གིས་རྒྱུད་འདི་སྟོན་པར་མཛད་པའི་རྒྱུད་ཀྱི་བདག་པོ་བཅོམ་ལྡན་འདས་འདི་ཡོན་ཏན་ཇི་ལྟ་བུ་དང་ལྡན་ཞེ་ན། དེ་ནས་གཞན་ཡང་དེའི་ཡོན་ཏན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་ཞེས་བྱ་བ་ལ་སོགས
་པས་བསྟན་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་ཡང་ཇི་ལྟར་གནས་པའི་དོན་དེ་ཐུགས་སུ་ཆུད་ཅིང་སངས་རྒྱས་པས་ན་དེ་བཞིན་གཤེགས་པ་ཞེས་བཤད་དེ། རྟོགས་པའི་དོན
་ཐམས་ཅད་ནི་གཤེགས་པའི་དོན་ཡིན་པའི་ཕྱིར་རོ།། འདིར་ཐམས་ཅད་ཀྱི་སྒྲ་ནི་མཐའ་ཐུག་པ་མེད་པའི་ཚིག་སྟེ། དཀྱིལ་འཁོར་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྟོན་པར་བྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རྡོ་རྗེ་ཡིན་པས
་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། མི་བྱེད་པ་ཉིད་ཀྱི་དངོས་པོ་ཐམས་ཅད་ཀྱི་དོན་འབྱེད་པས་རྡོ་རྗེའོ།། དེ་རྣམས་ཀྱི་བྱིན་གྱི་བརླབས་ནི་སྤྲུལ་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱི་བརླབས་ཏེ། སྙིང་པོ་དང་དམ
་ཚིག་དང་ཕྱག་རྒྱ་དང་སེམས་དཔའ་དཀྱིལ་འཁོར་ལ་སོགས་པ་རྫོགས་པར་མཛད་པའོ།། འདི་ཉིད་ནི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་དམ་ཚིག་ཅེས་བྱ་སྟེ། ཚུལ་དེ་ལྟར་རྣམ་པར
་གནས་ཤིང་དཀྱིལ་འཁོར་ཆེན་པོ་མཐོང་བ་ལ་གསང་སྔགས་འཛིན་པར་གནང་བའི་ཕྱིར་དེ་དག་ཐམས་ཅད་ཀྱང་དམ་ཚིག་གི་སྒྲ་ཉིད་དུ་བཤད་དོ།། དེ་ལྟ་བུའི་དམ་ཚིག་མཁྱེན་པ་ལ་ནི་དམ་ཚིག་གི་ཡེ་ཤེས་ཞེས་བྱ་སྟེ། དམ་ཚིག
་ལ་མཁས་པའོ།། དེའི་རྣམ་པ་སྣ་ཚོགས་པ་ནི་ཁྱད་པར་རྣམ་པ་དུ་མ་སྟེ། རིགས་དང་རྟོགས་པ་དང་དཀྱིལ་འཁོར་ལ་སོགས་པའི་དབྱེ་བས་ཤིན་ཏུ་ཡང་རྣམ་པ་ཐ་དད་པའོ།། དེ་རྣམས་དང་ལྡན་པ་ནི་བཅས་པ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད
་ཀྱི་རྡོ་རྗེའི་བྱིན་གྱིས་བརླབས་དང་། དམ་ཚིག་གི་ཡེ་ཤེས་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་དང་ལྡན་པ་ཞེས་བྱ་སྟེ། རྒྱུད་ལས་གསུངས་པའི་དཀྱིལ་འཁོར་གྱི་ལས་ལ་མཆོག་ཏུ་མཁས་ཞེས་བྱ་བའི་དོན་ཏོ།། ཚིག་འདིས་ནི་བཅོམ་ལྡན་འདས
་དེ་མཆོགྲོ་ཏུ་ཡང་དམ་ཚིག་ལ་མཁས་པར་སྟོན་ཏོ།། གལ་ཏེ་དམ་ཚིག་ཤེས་པ་ཡིན་དུ་ཟིན་ཀྱང་དབང་བསྐུར་བ་མེད་པར་སྔགས་སྦྱིན་པ་དང་བཟུང་བ་ལ་སོགས་པ་བྱ་བར་མ་རིགས་སོ་ཞེས་བྱ་བར་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམ
་ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་གྱིས་ཞེས་བྱ་བ་ལ་སོགས་པའི་གཞུང་དགོད་པར་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་རིན་པོ་ཆེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་སྟེ། རྙིང་པར་དཀའ་བའི་དོན་དང་། རིན་པོ་ཆེའི་དོན་པ
་དོན་ཆེན་པོ་ཉིད་དུ་གྱུར་པ་དང་། རབ་ཏུ་སྣང་བའི་དོན་གྱིས་ན་རིན་པོ་ཆེ་དང་འདྲ་བས་རིན་པོ་ཆེ་སྟེ། སངས་རྒྱས་རྣམས་འབྱུང་བ་ནི་ཨུ་དུམ་བ་ར་དང་འདྲ་བས་ན་རྙེད་པར་དཀའ་སྟེ། དུས་དཔག་ཏུ་མེད་པར་སྦྱངས་པ་ལས་བྱུང་བའི་ཕྱིར།། བསོད་ནམས་དང་ཡེ་ཤེས་ཀྱི
་ཚོགས་ཚད་མེད་པའི་རིན་གྱིས་རྙེད་པས་ན་རིན་ཆེ་བའོ།། འཁྲོབ་ཐམས་ཅད་ཀྱི་དབུལ་བ་ལ་སོགས་པའི་སྡུག་བསྔལ་ཡང་དག་པར་གཅོད་པར་བྱེད་པའི་དོན་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་ཡིད་བདེ་བ་ཤིན་ཏུ་རྣམ་པར་དག་པའི་གནས་སུ་གྱུར་པའི་དོན་གྱིས་ན
་དོན་ཆེན་པོར་གྱུར་པའོ།། ཕྱི་དང་ནང་གི་མུན་པ་སེལ་བའི་དོན་གྱིས་རབ་ཏུ་སྣང་བ་སྟེ། དེ་ལྟ་བུའི་དེ་བཞིན་གཤེགས་པ་ལྔ་པོ་དེ་རྣམས་ཀྱི་རིན་པོ་ཆེའི་བྱེ་བྲག་ལས་བསྒྲུབས་པའི་དབུ་རྒྱན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་ནོ།། ཁམས་གསུམ་ནི་འདོད་པ་དང་། གཟུགས
་དང་། གཟུགས་མེད་པའི་ཁམས་ཏེ། ཁམས་གསུམ་པོ་ན་སྤྱོད་པའི་ཉོན་མོངས་པ་བག་ཆགས་དང་བཅས་པ་རྣམས་སྤངས་པས་ཤིན་ཏུ་ཡང་དྲི་མ་མེད་གྱུར་པའི་ཡོན་ཏན་གྱི་ཚོགས་མ་ལུས་པ་དང་ལྡན་པའི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་ཆོས་ཀྱི་མཛོད་བརྙེས་པར་གྱུར་པས་ན
་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོ་སྟེ་བདག་པོའོ།། དེས་ན་དེའི་རྟགས་སུ་རིན་པོ་ཆེའི་ཅོད་པན་དེས་དབང་བསྐུར་བ་དེ་བརྙེས་པར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་གྱིས་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོའི་དབང་བསྐུར་བ་བརྙེས་པའོ།། དབང་བསྐུར
་བ་ཐོབ་ཏུ་ཟིན་ཀྱང་རྣལ་འབྱོར་བསྒོམ་པ་ལ་དབང་མ་ཐོབ་ན་སེམས་ཅན་གྱི་དོན་བྱ་བ་མི་འབྱུང་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐམས་ཅད་ནི་ཤེས་བྱ་མ་ལུས་པ་སྟེ། རྟག་པར
་ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པའོ།། དེའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཉིད་ནི་རྣལ་འབྱོར་ཆེན་པོའོ།། དེ་ཡང་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བར་འཇུག་པའི་ལམ་ཡིན་ཏེ། ཞི་གནས
་ནི་ཏིང་ངེ་འཛིན་ལ་སེམས་དཔའི་མཚན་ཉིད་དེ། སེམས་གང་དམིགས་པར་བྱ་བ་གཅིག་ལ་རབ་ཏུ་འཇོག་པའོ།། ལྷག་མཐོང་ནི་ཤེས་རབ་སྟེ། དེ་ཡང་སེམས་ལས་བྱུང་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཅན་ཏེ། མཉམ་པར་འཇོག
་པའི་སེམས་ཀྱིས་འདི་ནི་ཟག་པ་དང་བཅས་པའོ།། འདི་ནི་ཟག་པ་མེད་པའོ།། འདི་ནི་ཀུན་ནས་ཉོན་མོངས་པའོ།། འདི་ནི་རྣམ་པར་བྱང་བའོ་ཞེས་རྣམ་པར་འབྱེད་པའི་རྣམ་པའོ།། ཞི་གནས་ཤས་ཆེ་ན་ནི་སེམས་རྨུགས་པའི་ཉེ་བར་གཡེང་བར་འགྱུར་ལ། ལྷག་མཐོང་ཤས་ཆེ་ན་ནི་རྒོད་པའི་ཉེ་བར
་གཡེང་བར་འགྱུར་རོ།། དེ་བས་ན་རིམ་བཞིན་དུ་སྣང་བ་ཡིད་ལ་བྱེད་པ་དང་། མི་རྟག་པ་ཡིད་ལ་བྱེད་པས་ཀྱང་ཉེ་བར་གཡེང་བའི་དངོས་པོ་གཉིས་བཟློག་ནས་བསམ་པར་བྱ་བའི་དངོས་པོ་དེ་ལ་ཟུང་དུ་འཇུག་པར་གནས་ལ། དྲན་པའི་ཐག་པས་གང་དང་གང་དུ་ཞི་གནས་དང་ལྷག་མཐོང་གི
་ཚུལ་ལྟ་བུ་གང་ལས་ཉམས་པ་ལས་བློ་བཟློག་སྟེ་ཡང་དག་པ་ལ་སྦྱར་བ་ནི་ཟུང་དུ་འཇུག་པའོ།། ཟུང་དུ་འཇུག་པ་ཉིད་ཀྱིས་ན་རྣམ་པ་འདིས་འཇུག་པའི་ངང་ཚུལ་ཅན་ནི་མངོན་པར་འདུ་བྱེད་པ་མེད་པར་འཇུག་གོ་ཞེས་བྱ་བའི་དོན་ཏོ།། ཐབས་དེས་མྱ་ངན་ལས་འདས་པའི་ལམ་དུ་གྱུར
་པས་ན་ཟུང་དུ་འཇུག་པ་ནི་ལམ་མོ་ཞེས་བཤད་དོ།། བསམ་གཏན་རྣམ་བཞིའི་ཆོས་མི་འཛིན་པས་ཇི་ལྟ་བ་བཞིན་དུ་སྐྱེ་བ་ལ་དབང་ཐོབ་ཅིག། འདུས་མ་བྱས་པའི་དུས་ལ་ཇི་ལྟར་འདོད་པར་འཇུག་པ་འདི་ནི་ཐམས་ཅད་ཀྱི་མཆོག་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས
་རྣལ་འབྱོར་ཆེན་པོ་ཞེས་བཤད་ལ། དེ་གང་ལ་ཡོད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པོའི་ཡེ་ཤེས་རྣལ་འབྱོར་ཆེན་པོ་སྟེ། དེ་ལ་ཡང་འདི་དབང་ཕྱུག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ
་ཤེས་རྣལ་འབྱོར་ཆེན་པོའི་དབང་ཕྱུག་གོ།། རྣལ་འབྱོར་ལ་དབང་ཐོག་ཏུ་ཟིན་ཀྱང་གལ་ཏེ་རང་སངས་རྒྱས་ལྟར་གཞན་གྱི་དོན་ལ་བཏང་སྙོམས་མཛད་པར་འགྱུར་རོ་ཞེས་པ་འདི་བཟློག་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཞེས་བྱ
་བབ་ལ་སོགས་པ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་ནི་འདིར་དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ལྔ་དང་། བྱང་ཆུབ་སེམས་དཔའ་བཅུ་དྲུག་ཡོངསུ་བཟུང་ངོ་།། དེ་རྣམས་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་དང་ཆོས
་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དང་རྣམ་པ་བཞི་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དེ་དག་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་མཚུངས་པ་ཉིད་དོ།། དབྱེར་མི་ཕྱེད་པ་ཉིད་ཀྱིས་ན་རྡོ་རྗེ་སྟེ་སྐུ་ཇི་ལྟ་བ་བཞིན་དུ་ཐུགས་ཀྱང་དེ་བཞིན། ཕྱག་རྒྱ་ཡང་དེ་བཞིན། གསུང་ཡང
་དེ་བཞིན་ཏེ། སྐུ་དང་གསུང་དང་ཐུགས་རྡོ་རྗེ་མི་ཕྱེད་པ་ཉིད་ཀྱིས་ཐམས་ཅད་ཀྱི་དགོངས་པ་ཡང་དག་པར་བསྒྲུབ་པར་མཛད་པས་ན་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་དུ་གྱུར་པ་སྟེ། འདི་ནི་ཀུན་རྫོབ་ཀྱི་མཉམ་པ་ཉིད་དོ།། དེ་ཡང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི། བསྡུས་པས
་ཁུ་ཚུར་ཞེས་བཤད་དོ་ཞེས་གསུངས་པའི་ཕྱིར་རོ།། དོན་དམ་པར་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་ན་ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་དོ།། སྟོང་པ་ཉིད་སོ་སོར་རྟོགས་པར་གྱུར་པ་ལས་འདི་ལྟར་འགྱུར་ཏེ། དངོས་པོ་འདི་རྣམ་པར་རྟོགས་པ་ལ་རག
་ལས་པ་ཡིན་པས་གང་སེམས་ཀྱི་དབང་གིས་རབ་ཏུ་འཇུག་པ་དང་། ལྡོག་པ་ཡིན་ནོ་ཞེས་ཤེས་ནས་ལུས་དང་ངག་དང་ཡིད་ཤིན་ཏུ་བརྟན་པས་གང་བྱས་པ་དེ་ཐམས་ཅད་འབྱུང་ཞིང་། གང་རྣམ་པར་བཟློག་པ་དེ་ཐམས་ཅད་ལྡོག་གོ།། གཟུགས་ལ་སོགས་པ་གང
་ཡོངས་སུ་བསྒྱུར་བ་དེ་ཡོངས་སུ་འགྱུར་རོ།། གང་དུས་ཀྱི་མཐར་འཇོག་པ་དེ་དག་ནི་གནས་པར་འགྱུར་རོ།། དེ་ལྟར་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་པ་ཐམས་ཅད་ཀྱི་ཡིད་ལ་མངོན་པར་འདོད་པའི་དོན་དེའི་ཕྱག་རྒྱ་ཐམས
་ཅད་མཉམ་པ་ཉིད་དེ། སྟོང་པ་ཉིད་སོ་སོར་རྟོགས་དང་། དེ་ལ་དབང་དུ་གྱུར་པ་ཐོབ་པས་སྐུ་དང་གསུང་དང་ཐུགས་ཤིན་ཏུ་བརྟན་པོ་ཐུགས་སླ་ཆུད་ཅིང་བརྙེས་ནས་སྣ་ཚོགས་ཀྱི་བྱ་བ་མཛད་པ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་དགོད་པ་མཛད་དེ། དེའི་ངོ་བོ་ཉིད
་ཡིན་པས་ན་ཐམས་ཅད་ཀྱི་དགོངས་པ་མཛད་པ་ཉིད་ཀྱིས་ཏེ་དེའི་སྣ་ཚོགས་པའི་བྱ་བ་བྱེད་པ་ཉིད་དེ། ཕྱག་རྒྱ་ཐམས་ཅད་མཉམ་པ་ཉིད་དུ་ཐུགས་སུ་ཆད་པ་དེས་ཐམས་ཅད་ཀྱི་དགོངས་པ་མཛད་པའོ།། མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ནི་འཇིག་རྟེན
་གྱི་ཁམས་ཏེ་འདིར་མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བའི་སྒྲ་ནི་འཇིག་རྟེན་པོའི་སྤྱིའི་སྒྲ་སྟེ། གང་གི་ཕྱིར་མ་ལུས་པའི་སྒྲ་ན་ཐམས་ཅད་ཀྱི་སྒྲའི་རྣམ་གྲངས་ཡིན་པས་ན་ཟད་པར་གྱི་ཚིག་གོ།། དེ་ལ་ཅུང་ཟད་ལུས་པ་ཉིད་ཀྱང་སྲིད་པས་ལུས་པ་མེད་པ
་ཞེས་བྱ་བའི་སྒྲ་སྨོས་ཏེ། དེ་ན་འདི་ལྟར་རྣམ་པར་གནས་པར་འགྱུར་ཏེ། འཇིག་རྟེན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་སུ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་འདིར་སེམས་ཅན་གྱི་ཁམས་ཐ~ཾད་ཀྱི་ཞེས་བརྗོད་དོ།། གང་དུ་ཐམས་ཅད་ཅེས་སྨོས་པ་མེད
་པ་དེར་གཞན་དུ་འགྱུར་སྲིད་པས་མ་ལུས་ཤིང་ལུས་པ་མེད་པའི་སྒྲ་སྨོས་སོ།། སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་རེ་བ་ཞེས་པ་སྲིད་པ་ཡོངས་སུ་ཞེས་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་མཛད་པས་ན་རེ་བ་ཐམས་ཅད
་ཡོངས་སུ་བཀང་བའི་ཕྲིན་ལས་མཛད་པ་ཞེས་བཤད་དོ།། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་ན། ཅིའི་ཕྱིར་མཛད་ཅེ་ན། ཐུགས་རྗེ་ཆེན་པོ་ཞེས་བྱ་བ་གསུངས་ཏེ། ཕོངས་པར་གྱུར་པའི་སེམས་ཅན་རྣམས་སྐྱོང་བར་མཛད་པས་ན་ཐུགས་རྗེ་སྟེ། གཞན
་གྱི་སྡུག་བསྔལ་གྱི་སྡུག་བསྔལ་བ་ཉིད་དོ།། འདོད་པ་ན་སྤྱོད་པའི་སེམས་ཅན་སྡུག་བསྔལ་བ་རྣམས་ཀྱི་སྡུག་བསྔལ་ཉིད་ཀྱི་ཡུལ་ནས་ཇི་སྲིད་ཁམས་གསུམ་པོ་ན་སྤྱོད་པའི་སེམས་ཅན་ཐམས་ཅད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཟིན་པ་དེ་ལ་ཐུགས་རྗེ་ཆེན
་བོས་སྐྱོང་བར་མཛད་པའི་ཐུགས་རྗེ་ཆེན་པོ་མངའ་བས་ན་ཐུགས་རྗེ་ཆེན་པོའོ།། གལ་ཏེ་བྱང་ཆུབ་སེམས་དཔས་ས་བཅུའི་དབང་ཕྱུག་རྣམས་ལ་ཡང་ཐུགས་རྗེ་ཆེན་པོ་ཞེས་བྱའོ་སྙམ་པ་ལ་རྣམ་པར་སྣང་མཛད་ཅེས་བྱ་བ་སྨོས་ཏེ། སྣང་བ་ཡིན་པས་ན་རྣམ
་བར་སྣང་མཛད་པའོ།། དེ་ཡང་ཁྱད་པར་དུ་སྣང་བར་མཛད་པའི་ཕྱིར་ན་རྣམ་པར་སྣང་མཛད་དོ།། དེ་ནི་འདི་སྐད་སྟོན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ལས་ཤིན་ཏུ་རྣམ་པར་གྲོལ་བའི་ཐུགས་རྗེ་ཆེན་པོ་ཡིན་གྱི་བྱང་ཆུབ་སེམས་དཔའ་ནི་མ
་ཡིནོ།། ཡུན་རིང་པོར་དཀའ་བས་བརྙེས་ནས་རེ་བ་ཐམས་ཅད་ཡོངསུ་བསྐོར་བར་མཛད་པ་པོས་ཀྱང་འདི་ལྟ་བུར་ཡུན་རིང་དུ་གཞུགས་པར་མི་བྱ་འམ་ཞེ་ན། རྟག་པ་ཞེས་བྱ་བ་གསུངས་ཏེ། རྟག་པ་ཞེས་སྨོས་པས་ཆོས་ཀྱི་སྐུ་ལ་བྱ་སྟེ། མི་འགྱུར་བར་རྟག
་པས་རྟག་པར་ཡོངས་སུ་བཟུང་ངོ་།། ཡེ་ཤེས་ཀྱི་སྐུ་ཡང་རྣམ་གྲངས་ཀྱི་རྟག་པས་རྒྱུན་གྱི་རྟག་པ་ཅན་ཏེ་གནས་གྱུར་པའི་མཚན་ཉིད་དུ་འཁོར་པོ་ཇི་སྲིད་པར་རྒྱུན་ཏུ་རྗེསུ་འཇུག་པ་ཡིན་པས་ན་ཡེ་ཤེས་ཀྱི་སྐུ་ཡང་རྟག་པ་ཡིན་ནོ།། གལ་ཏེ་རྟག་པ་ཡིན་ན་ཇི
་ལྟར་ན་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་སུ་བརྗོད་ཅེ་ན། དེའི་ལན་དུ་དུས་གསུམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་དུས་ནི་བརྡ་སྟེ་ཀུན་རྫོབ་ཏུ་དུས་གསུམ་དག་ཏུ་གཟུགས་ཀྱི་སྐུ་ཡང་ཡེ་ཤེས་ཀྱི
་སྐུ་ལ་ལྟོས་ནས་རྣམ་པར་གནས་པའི་སྐུ་མངའ་བས་ན་དུས་གསུམ་དུ་རྟག་པར་བཞུགས་པའི་སྟ་ཞེས་བྱ་སྟེ། སྐུ་འདི་ཉིད་ནི་འདུས་བྱས་ཡིན་པའི་ཕྱིར་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བར་སྲིད་པར་འགྱུར་རོ།། ཡེ་ཤེས་ཀྱི་སྐུ་ནི་རྣམ་གྲངས་ཀྱི་རྟག་པ་ཉིད་དུ་བཤད་པ
་ཁོ་ནའོ།། གལ་ཏེ་སྐད་ཅིག་མའི་རྟག་པ་ཉིད་ཀྱིས་ཡེ་ཤེས་ཀྱི་སྐུ་ཡང་དུས་གསུམ་དུ་བཟུང་ན་ནི་མི་རྟག་པ་ཉིད་ཡིན་ན། ཅིའི་ཕྱིར་གཞན་གྱིས་མི་ཤིགས་པ་ཡིན་ཞེས་འདི་ལ་ཕྱོགས་སྔ་མ་རྟོགས་པས་དེའི་ཕྱིར་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ལྟར
་མི་ཕྱེད་པ་ཞེས་བྱ་བའི་དོན་ཏོ།། གོ་རིམ་ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པའི་ཆོས་ནི་སྒྲིབ་པ་ཐམས་ཅད་ལས་གྲོལ་བར་གྱུར་པ་ཡིན་པའི་ཕྱིར་ཐུགས་མི་ཕྱེད་པ་ཡིན་ལ། དེ་ལས་སྣང་བའི་སྐུའང་དེའི་དབང་ལས། སྐྱེས་པ་ཡིན་ནོ།། སྒྲ་ཡང་ཇི་སྐད་བཤད་པའི་ཐུག
་ཀྱི་རྒྱུན་ལ་རྒྱུ་བོ་དང་མི་རྒྱུ་བའི་ཁྱད་པར་རྣམས་ཀྱིས་འགྱུར་བ་མི་སྐྱེད་པ་དང་། སྲོག་ཆགས་དང་སྲོག་ཆགས་མ་ཡིན་པའི་འགྱུར་བ་སྐྱེད་པར་སྤྱོད་པས་ན། གསུམ་ཆར་ཡང་རྡོ་རྗེ་ལྟ་བུར་གྱུར་པའི་ངོ་བོ་ཉིད་ཡིན་ནོ།། དེ་བས་ན་སྐུ་དང་གསུང་དང་ཐུགས་ཐམས་ཅད་རྡོ་རྗེ་ལྟ
་བུར་གྱུར་པའི་དེ་བཞིན་གཤེགས་པ་ཞེས་བྱ་བ་གསུངས་ཏེ། སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་ཐུག་སུ་ཆུད་པ་དེ་བཞིན་དུ་ཆོས་ཉིད་ཐུགས་སུ་ཆུད་པས་ན་སངས་རྒྱས་ནི་དེ་བཞིན་གཤེགས་པ་སྟེ་གཤེགས་པ་ནི་ཐུགས་སུ་ཆུད་པའི་དོན་ཡིན་པའི་ཕྱིར་རོ།། མང
་ས་རྣམས་ཇི་ལྟར་གནས་པ་དེ་བཞིན་དུ་སྟོན་པར་མཛད་པས་ན་ངེས་པའི་ཚིག་གི་ཚུལ་གྱིས་ཡི་གེ་བསྒྱུར་བ་བྱས་པས་དེ་བཞིན་གཤེགས་པའོ།། དེ་དག་གིས་ནི་དམ་ཚིག་མཁྱེན་པ་ལ་སོགས་པ་ཆོས་རྣམ་པ་བཞི་དང་ལྡན་པས་བཅོམ་ལྡན་འདས་འདི་ནི་སློབ་དཔོན་གྱི་མཆོག་ཏུ་གྱུར་པར
་བསྟན་པ་ཡིན་ནོ།། དེ་ལྟ་བུའི་བཅོམ་ལྡན་འདས་གང་ན་བཞུགས་ཞེས་འདིར་ཕྱོགས་སྔ་མ་རྟོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་གྱི་གནས་ཀྱི་ཉེ་བར་དགོད་པ་མཛད་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཞུགས
་ཤིང་ཞེས་བྱ་བ་ནི་བསྟན་པ་ཞེས་བྱ་བའི་ཏོན་ཏོ།། ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤེ་ན། གང་གིས་ཕྱིར་བསྔགས་པ་ཡིན་པ་སྟེ་བཀྲ་ཤིས་པ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་འབའ་ཞིག་ཏུའང་མ་ཟད་ཀྱི་བསྟོད་པ་ཡང་ཡིན་ཏེ། སྟོ
་པ་ནི་དེ་རྣམས་དང་ལྷ་གཞན་རྣམས་ཀྱིས་ཀྱང་བསྟོད་པར་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་བསྔགས་པ་དང་། བསྟོད་པ་འབའ་ཞིག་ཏུའང་མ་ཟད་ཀྱི་ནོར་བུ་དང་རིན་པོ་ཆེ་ཆེན་པོས་སྤྲས་པ་ཡང་ཡིན་ཏེ། ནོར་བུ་དང་རིན་པོ་ཆེ་རྣམས་ནི་ནོར་བུ་དང་རིན་པོ
་ཆེཚེའོ།། ནོར་བུ་དང་རིན་པོ་ཆེ་ཡང་ཡིན་པས་ན་ནོར་བུ་དང་རིན་པོ་ཆེ་ཆེན་པོ་སྟེ། དེས་སྤྲས་པ་ནི་རྒྱན་པ་ཞེས་བྱ་བའི་དོན་ཏོ།། ནོར་བུ་དང་རིན་པོ་ཆེ་ཆེན་པོས་སྤྲས་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་བཏགས་པ་དར་དང་། འཕན་དང་། མེ་ཏོག་གི་འཕྲེང་བ་དང་།
་རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གི་བསྐྱོད་པ་རྣམས་ཀྱིས་མཛེས་པར་བྱས་པ་ཡང་ཡིན་ཏེ། ཁ་དོག་སྣ་ཚོགས་པ་ནི་ཚོན་སྣ་བརྒྱས་སྤེལ་བའི་ཕྱིར་རོ།། དྲིལ་བུ་ནི་བཏགས་པའོ།། མེ་ཏོག་གི་ཕྲེང་བ་ནི་མེ་ཏོག་བརྒྱུས་པ་ལས་ཕྲེང་བ་བྱས་པའོ།། རྔ་མ་ནི་རྔ་ཡབ་པོ།།
་དྲ་བ་ནི་མུ་ཏིག་གི་ཆུན་འཕྱང་སྟེ་མཆོག་དབུས་ན་ཡོད་པའོ།། དྲ་བ་ཕྱེད་པ་ནི་མཆོག་མཐའ་ན་ཡོད་པའོ།། གླེགས་བམ་ལ་ལས་ནི་ཟླ་བ་ཞེས་སྨོས་པ་ནི་མེ་ལོང་སྟེ་འདི་རྣམས་ནི་གཉིས་ཀྱི་མདོར་བསྡུ་བས་མཚམས་སྦྱར་བའོ་བྱའོ།། དེ་དག་རླུང་གིས་བསྐྱོད
་པ་ནི་རླུང་གིས་གཡོ་བར་བྱས་པ་སྟེ། དེ་རྣམས་ཀྱིས་མཛེས་པར་བྱས་པ་ནི་དར་དང་འཕན་དང་མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེ་བ་དང་། ཟླ་བ་དག་གིས་ཉེ་བར་མཛེས་པར་བྱས་ཤིང་བརྒྱན་པའོ།། དེ་བས་ན་ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་བཏག
་བ་ད་ར་དང་། འབན་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གི་བསྐྱོད་པ་རྣམས་ཀྱིས་མཛེས་པར་བྱས་པ་ཞེས་བྱའོ།། དེ་ལྟར་གྱུར་པ་གནས་གང་ན་བཞུགས་ཤེ་ན། དེ་བསྟན་པར་བྱ་བའི་ཕྱིར་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་ཞེས
་བྱ་བ་སྨོས་ཏེ། ལྷ་རྣམས་ཀྱི་རྒྱལ་པོ་ཡིན་པས་ན་ལྷའི་རྒྱལ་པོའོ།། འོག་མིན་ཡང་ཡིན་ལ་ལྷ་ཡི་རྒྱལ་པོ་ཡང་ཡིན་པས་ན་འོག་ཡིན་ལྷའི་རྒྱལ་པོ་སྟེ། ས་འོག་མ་པའི་ལྷ་རྣམས་ཀྱི་ཐུ་བོར་གྱུར་པས་ན་འོག་མིན་ཏེ་ཐམས་ཅད་ཀྱི་ཐུ་བོར་གྱུར་པའི་ལྷའི་རྒྱལ་པོ་ཞེས་བྱ་བའི་དོན་ཏོ།། དེའི
་གནས་ནི་གཞལ་ཡས་ཁང་སྟེ། ཁྱད་པར་དེ་ལྟ་བུའི་ལྷའི་རྒྱལ་པོའི་གནས་དེ་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྣམ་པ་དེ་ལྟ་བུས་བཞུགས་ཏེ་གནས་པར་མཛད་པའོ།། ཚིག་དེ་རྣམས་ཀྱིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་པ་ཡིན་ནོ།།
་ཡོན་ཏན་གྱི་ཁྱད་པར་དེ་ལྟ་བུ་དང་གནས་དེ་ལྟ་བུ་ན། འཁོར་ཇི་ལྟ་བུ་དང་བཞུགས་ཤེས་འདི་ལྟར་ཕྱོགས་སྔ་མ་རྟོག་པ་ལ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལ་ཞེས་བྱ་བ་སྨོས་ཏེ། འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་དེའི་འཁོར་གྱི་དཀྱིལ་འཁོར་ནི།
་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་མངའ་བའོ།། འཁོར་གྱི་དཀྱིལ་འཁོར་དེ་རྣམས་དེ་ལྟར་རྒྱ་ཆེ་བ་དེ་ནི་ཅི་བྱང་ཆུབ་སེམས་དཔའ་གཙོ་བོར་གྱུར་པ་འགའ་ཞིག་ཡོད་དམ། འོན་ཏེ་མ་ཡིན་ཞེ་ན། རྟོག་པ་དེ་བསལ་བའི་ཕྱིར་འདི་ལྟ་སྟེ། བྱང་ཆུབ་སེམས
་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་ལ་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའ་སྟེ། བྱང་ཆུབ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཅན་ཡིན་ལ་དེར་སེམས་དཔའ་ནི
་ཡིད་ལ་བྱེད་པ་སྟེ། དེ་ཐོབ་པར་འདུན་པ་ཞེས་བྱ་བའི་དོན་ཏོ།། ཡང་ན་བྱང་ཆུབ་དང་སེམས་ཅན་ལ་དམིགས་པས་ན་བྱང་ཆུབ་སེམས་དཔའོ།། འདི་སྐད་སྟོན་པ་ཡིན་ཏེ། བྱང་ཆུབ་མངོན་པར་རྟོག་ནས་སེམས་ཅན་རྣམས་འཁོར་བའི་བཙོན་ར་ལས་འདོན་པར
་བྱའོ་ཞེས་གང་ལ་དེ་ལྟ་བུའི་སེམས་ཡོད་པ་དེ་ནི་བྱང་ཆུབ་སེམས་དཔའོ།། ཡང་ན་བདུད་རྩི་ཐོབ་ཕྱིར་ལམ་ནི་འདི་མ་ཡིན། ལྷ་ངན་སྤོངས་ལ་ལམ་ལ་མནོས་ཤིག་ཅེས། ལྟས་ངན་སེམས་ཅན་མཐོང་ནས་གོ་འབྱེད་དེ། རྒྱུ་དེས་བྱང་ཆུབ་སེམས་དཔའ་ཞེས
་བཤད་དོ་ཞེས་ཚིགས་སུ་བཅད་པས་བཤད་པའོ།། ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེ་སྟེ། རྡོ་རྗེ་ནི་འདུས་བྱས་ཀྱི་གྲོང་ཁྱེར་ཐམས་ཅད་གཞིག་པར་ནུས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་ཡང་འཕགས་པ་སྡོང་པོ་བཀོད་པའོ་མདོ་ལས་འཕགས་པ་ནོར
་བཟང་གིས་འཕགས་པ་འཇམ་དཔལ་ལ་གང་གསོལ་བ་བཏབ་པ་ལྟ་བུ་སྟེ། བསྐལ་པ་དུ་མར་མང་དུ་བསླབ་པ་ཡི།། རྒྱུད་དང་རིགས་པའི་ཚུལ་དང་ས་ལ་མཁས།། གང་གིས་འདུ་བྱེད་གྲོང་ཁྱེར་རྣམ་འཇིག་པའི།། རྡོ་རྗེ་ཡེ་ཤེས་ཅན་དེ་འཕགས་བདག་གསོལ
་ཞེས་ཚིགས་སུ་བཅད་པ་གསུངས་པ་ལྟ་བུའོ།། ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་ཞེས་བྱ་བ་ལ་ཀུན་ཏུ་སྤྱན་རས་གཟིགས་པ་ནི་རྟོག་པར་མཛད་པ་སྟེ། སེམས་ཅན་རྣམས་སྨིན་པ་དང་གྲོལ་བ་དང་། འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ལ་གཟིགས
་པ་དང་། ཆགས་སུ་ཟིན་ཀྱང་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་ཉེས་པས་མ་གོས་པ་དང་། འཇིགས་པ་ཆེན་པོ་བརྒྱད་ཀྱིས་ཉེན་པའི་སྡུག་བསྔལ་དང་ལྡན་པའི་སེམས་ཅན་གྱི་ཁམས་ལ་གཟིགས་པ་སྟེ་འདི་དག་གཟིགས་པའོ།། ཏིང་ངེ་འཛིན་འདི་ལ་དབང་ཕྱུག་སྟེ། གཙོ་བོ
་དེ་དང་བདག་པོར་གྱུར་པས་ན་སྤྱན་རས་གཟིགས་དབང་ཕྱུག་སྟེ་དེ་དང་། ན་མཁའི་སྙིང་པོ་དང་ཞེས་བྱ་བ་ནི་ནམ་མཁའ་ཉིད་ཀྱི་སྙིང་ཡོད་པ་སྟེ། སྙིང་པོ་སྐྱེ་བའི་གནས་སོ།། འདི་སྐད་སྟོན་ཏེ། ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་དང་། མངལ་གྱི་གནས་ལས་རྒྱབ་ཏུ
་ཕྱོགས་པས་སྨོན་ལམ་གྱི་དབང་གིས་ན་མཁའི་ཕྱོགས་ན་ཀུན་ཏུ་སྤྱོད་པའི་རྡུལ་ཕྲ་རབ་ལ་བརྟེན་ནས་བརྫུས་ཏེ་སྐྱེས་པའི་ལུས་མངོན་པར་གྲུབ་པས་ན་ན་མཁའི་སྙིང་པོའོ།། གང་ཡང་ན་མཁའ་ལས་བྱུང་བའི་ནོར་བུ་རིན་པོ་ཆེ་ལས། རྣལ་འབྱོར་གྱི་སྟོབས་ཀྱིས་སྐྱེས
་དེའི་མཚན་ཉིད་ནི་འོག་ནས་བཤང་བར་བྱའོ།། རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་རྣམས། བསྡུས་པས་ཁུ་ཚུར་ཤེས་བཤད་དོ་ཞེས་བྱ་བའི་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ཀྱིས་གང་རབ་ཏུ་གྲགས་པ་དེ་ནི་རྡོ་རྗེ་ཁུ་ཚུ་རཽ་ཞེས་བྱའོ།། སེམས་བསྐྱེད
་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་སྐོར་བ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་རྗེས་ཐོགས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར་དང་། ལེགས་པར་བསྒོམས་པས་ཇི་ལྟར་མངོན་པར་འདོད་པའི་དཀྱིལ་འཁོར་སྟོན་པར་མཛད་སྤྱོད་པའི་ཐུགས
་གང་ལ་མངའ་བ་དེ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྒྲར་བཤད་དོ།། ན་མཁའི་མཛོད་དང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སངས་རྒྱས་ཀྱི་མཆོད་པ་རྣམས་ན་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས
་རྫོགས་པར་མཛད་པས་ན་གང་གིས་དེ་ལྟ་བུའི་ཏིང་ངེ་འཛིན་བསྒོམ་པར་བྱས་པ་དེ་ནི་ན་མཁའ་མཛོད་དེ། ནམ་མཁའ་ཉིད་མཛོད་ཡིན་པས་ན་ན་མཁའ་མཛད་དེ། ནམ་མཁའ་ནི་གོ་བྱེད་པའོ།། མཛོད་ནི་རྫས་ཀྱི་གནས་སོ།། བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཛེམས་པ་ཞེས་བྱ་བ་ནི
་བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བདུད་ཐམས་ཅད་དོ།། དེ་རྣམས་ཀྱི་སྟོབས་ནི་བདུད་ཐམས་ཅད་ཀྱི་སྟོབས་སོ།། དེ་ཤིན་ཏུ་འཇོམས་ཤིང་གཅོད་པའི་ངང་ཚུལ་མངའ་བ་ན་བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པའོ།། འདི་སྐད་སྟོན་པ་ཡིན་ཏེ། རང
་གི་རྣམ་པར་རྟོག་པ་ཉིད་དེ་ལྟར་སྣང་བ་ཡིན་ནོ་སྙམ་དུ་ཤེས་ནས་སྟོང་པ་ཉིད་སོ་སོར་རྟོག་པས་རྣམ་པར་རྟོག་པ་ཐམས་ཅད་ངེས་པར་བཟློག་པར་ནུས་པའི་ཐབས་དང་ཡང་དག་པར་ལྡན་པའི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་དེ་ལྟ་བུ་གང་གིས་ཤིན་ཏུ་ཡོངས་སུ་བསྒོམས
་པ་དེ་ནི་བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པའོ།། དེ་དག་ལ་སོགས་པ་ཞེས་བྱ་བ་ནི་དེ་དག་ཉིད་ལ་སོགས་པ་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་རྣམས་ནི་དེ་དག་ལ་སོགས་པ་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་དགུ་རྣམས་ཀྱིས་སོ།།
་ཅི་བྱང་ཆུབ་སེམས་དཔའ་འབའ་ཞིག་གིས་ཡོངས་སུ་བསྐོར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་ན་བཞུགས་སམ་འོན་ཏེ་གཞན་དག་གིས་ཀྱང་ཡོངསུ་བསྐོར་ཅེས་རྟོག་པ་ལ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་དང་ཞེས་བྱ་བ
་སྨོས་ཏེ། གངྒཱ་དང་ཀླུང་ནི་གངྒཱའི་ཀླུང་སྟེ། དེ་རྣམས་ཀྱི་བྱེ་མ་ནི་གངྒཱའི་ཀླུང་གི་བྱེ་མ་སྟེ། དེ་སྙེད་ཀྱི་ཞེས་པ་གྲངས་དེ་སྙེད་པས་ཡོངས་སུ་བསྐོར་བ་སྟེ། རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱི་གནས་སུ་དེར་གང་འདས་པའི་དེ་བཞིན་གཤེགས་པ་ཇི
་སྙེད་པའང་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་དག་ཐམས་ཅད་ངོ་བོ་ཉིད་མཚུངས་པ་ཉིད་དང་། དོན་གྱི་བྱ་བ་གཅིག་མཛད་པས་དེར་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཀྱི་སྐུས་འཁོར་བ་ཇི་སྲིད་པར་བཞུགས་སོ།། ཇི་སྐད་དུ། སྒྲ་ཙམ་ཁྱོན་ལ་སངས་རྒྱས་མང་པོ
་ནི། གངྒཱའི་ཀླུང་གི་བྱེ་མ་ཇི་སྙེད་པ། རྒྱལ་བ་དེ་རྣམས་ཞིང་ཡང་དེ་སྙེད་དེ། དེ་ཡང་མཚན་ཉིད་སྐལ་བ་མི་མཉམ་བཅས།། སྐྲ་ཙམ་ཁྱོན་འདིར་འགྲོ་བ་ལྔར་གཏོགས་པ།། དུམྱལ་བ་རྣམས་དང་དུད་འགྲོའི་འགྲོ་བ་དང་། གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་ཀྱང་།། དོག་པ
་དག་དང་ཉེ་བར་འཛེར་བའང་མེད། དེ་ལྟར་རྒྱལ་བའི་ཆེས་དེ་བསམ་མི་ཁྱབ་ཅེས་གསུངས་པའི་ཕྱིར་རོ།། གངྒཱའི་ཀླུང་སྨོས་པ་ནི་ཉེ་བོར་མཚོན་པའི་དོན་ཙམ་དུ་ཟད་དེ་དེ་ན་དེ་བཞིན་གཤེགས་པ་གྲངས་མེད་པས་བསྐོར་བར་སྣང་ངོ་།། འོག་མིན་གྱི་གནས་དེ་དེ་བཞིན་གཤེགས
་པ་པ་དེ་རྣམས་ཀྱིས་ཡོངས་སུ་གང་བ་ཇི་ལྟ་བུར་སྣང་ཞེས་ཕྱོགས་སྔ་མ་རྟོག་པ་ལ་དཔེ་བསྟན་པའི་ཕྱིར་དེ་ཡང་འདི་ལྟར་འཛམ་བུའི་གླིང་ན་ཏིལ་གྱི་གང་བུ་བཞིན་དུ་ཀུན་ཏུ་གང་བར་སྣང་ངོ་ཞེས་བྱ་བ་སྨོས་སོ།། ཅི་དེ་རྣམས་འབའ་ཞིག་གིས་ཡོངས་སུ་གང་བར་ཀུན་ཏུ་སྣང་ངོ་།།
་འོན་ཏེ་མ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་སྐུ་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་ཚད་མེད་ཅིང་གྲངས་མེད་པ་དག་རྣལ་འབྱོར་པ་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྣང་བར་གྱུར་པ
་འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་གང་དང་གཱ་གཱི་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པ་དེ་དང་དེ་བཞིན་གཤེགས་པ་དེའི་སྐུ་ལ་སངས་རྒྱས་ཀྱི་ཞིང་དེ་སོ་སོར་སྣང་ངོ་།། གསང་སྔགས་ཀྱི་སྤྱོད་པའི་ཚུལ་འདི།
་ཉིད་ཀྱང་སངས་རྒྱས་ཀྱི་ཞིང་དེ་དང་དེར་འདི་དག་ཐམས་ཅད་འཆད་དོ།། དེ་དག་གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་སྔགས་ཀྱི་སྤྱོད་པའི་ཚུལ་འདི་རྗེས་སུ་གནང་བ་ཉིད་དུ་སྟོན་པ་ཡིན་ནོ།། དེ་ལྟར་རེ་ཞིག་བཅོམ་ལྡན་འདས་རྣམ་པར་སྣང་མཛད
་ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་ཇི་སྐད་བཤད་པའི་འཁོར་གྱི་ཁྱད་པར་དང་ལྡན་པར་བཞུགས་པ་ཡིན་ནོ་ཞེས་ཤེས་སོ།། །། དེ་རྣམ་པར་སྣང་མཛད་ཆེན་པོ་གང་ན་བཞུགས་ཞེས་རྣམ་པར་རྟོག་པ
་ལ། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བའི་བར་གྱི་གཞུང་ལྷག་མ་རྣམས་ཀྱིས་སྟོན་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ།། བཅོམ་ལྡན་འདས་ཞེས་བྱ་བ
་ནི་བཤད་ཟིན་ཏོ།། རྣམ་པར་སྣང་མཛད་ཆེན་པོ་ལ་ཐ་དད་དུ་བྱ་བ་ཅི་ཞིག་ཡོད་པ་མི་ཤེས་པས་དེ་བརྗོད་པར་བྱ་སྟེ། རྣམ་པར་སྣང་མཛད་ནི་གཟུགས་ཀྱི་སྐུ་སྟེ། རྒྱུ་མཐུན་པ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་དུ་འོག་མིན་ལྷའི་རྒྱལ་པོའི་གནས་ན་དེ
་ལྷའི་རིགས་ཀྱི་ནང་དུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་ཀྱི་ལོངས་སྤྱོད་ཀྱི་དགའ་བ་ཉམས་སུ་མྱོང་བར་བྱ་བའི་ཕྱིར་མངོན་པར་བྱང་ཆུབ་ཏིང་ངེ་འཛིན་གྱི་རིམ་གྱི་རྣམ་པར་སྨིན་པའི་སྐུ་རྗེས་ནས་རྒྱུ་མཐུན་པའི་ཡེ་ཤེས་ཡོངས་སུ་དག་པ་སོ་སོ
་སྣང་བའི་མཚན་ཉིད་ཅན་གནས་དེ་ཉིད་ན་ཡོངས་སུ་བསྐོར་བར་སྟོན་པ་གང་ཡིན་པ་དེ་ལ་ནི་རྣམ་པར་སྣང་མཛད་ཅེས་བྱ་བའི་སྒྲར་བཤད་དེ། ཇི་སྐད་དུ། གཙང་མ་གནས་ནི་རྣམ་སྤངས་ཤིང་།། འོག་མིན་གནས་ནི་ཉམས་དགའ་བར།
་ཡང་དག་སངས་རྒྱས་དེར་སངས་རྒྱས།། སྤྲུལ་པ་དག་ནི་འདིར་སངས་རྒྱས་ཞེས་ཚིགསུ་གཅད་པ་གསུངས་པའི་ཕྱིར་རོ།། རྣམ་པར་སྣང་མཛད་ཆེན་པོ་ནི་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ལས་ཤིན་ཏུ་རྣམ་པར་གྲོལ་བ་དང
་དངོས་པོ་ཐམས་ཅད་ཀྱི་རང་བཞིན་སོ་སོར་སྣང་བ་ཡང་དག་པར་སྟོན་པར་སྤྱོད་པའོ།། བཅོམ་ལྡན་འདས་འདི་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཉིད་ལས་ཇི་ལྟར་ན་དངོས་པོ་ཐམས་ཅད་སྟོན་པར་སྤྱོད་པར་འགྱུར་ཞེ་ན། གང་གི་ཕྱིར་ན་མཁའི་དབྱིངས་ཐམས་ཅད་བཞིན་དུ
་རྟག་པར་བཞུགས་ཤིང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུར་གྱུར་པ་ཞེས་བྱ་བ་སྨོས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་ཅེས་བྱ་བ་ན་མཁའི་གཏོས་མ་ལུས་པའོ།། དེར་རྟག་པར་བཞུགས་པའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གང་ཡིན་པ་སྟེ། སྟོང་པ
་ཉིད་སོ་སོར་ཐུགསུ་ཆུད་པའོ།། དེ་ཡང་གང་གི་ཕྱིར་ས་དང་པོ་ལ་ཀུན་ཏུ་འགྲོ་བའི་སྟོང་པ་ཉིད་སོ་སོར་རྟོགས་ཏེ། དེས་ན་དེར་གཟུགས་བརྙན་གྱི་ཚུལ་གྱིས་བཞུགས་པས་སོ།། དེ་བཞིན་དུ་རྣལ་འབྱོར་པ་འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཉིད
་དེ་རྒྱུ་དེ་ཉིད་ཀྱིས་ན་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་ཁོ་ན་ཉིད་ཀྱང་ཚད་མེད་པ་ཉིད་ཡིནོ།། འདིས་ཀྱང་རྟག་ཏུ་བཞུགས་པ་ཉིད་དུ་སྟོན་པ་ཡིན་ནོ།། ། ད་ནི་འདི་དེ་བཞིན་གཤེགས་པ་འབའ་ཞིག་གི་ངོ་བོ་ཉིད་ཡིན་པར་མ་ཟད་ཀྱི་གཞན་དུ་རྡོ་རྗེ་སེམས
་དཔའི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སངས
་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་ཡོ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཀུན་ནས་སྣང་བའི་ཚུལ་གྱིས་འཇུག་ཅིང་སོང་བས་ན། དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པ་ཉིད་དུ་འཇུག་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན
་གཤེགས་པ་ཐམས་ཅད་མཉམ་པ་ཉིད་འཇུག་པ་ཡིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཡང་དག་པར་ཐུགསུ་ཆུད་པས་རྡོ་རྗེ་དབྱིངས་ཐམས་ཅད་ཐུགས་སུ་ཆུད་པ
་ཡེ་ཤེས་སེམས་དཔའ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་སྤྲུལ་པར་སྤྱོད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་སེམས་དཔའ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ།། འདིས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་མཆོག་ཏུ་དམ་ཚིག་མཁྱེན་པ
་ཉིད་དུ་བསྟན་ཏོ།། རྡོ་རྗེ་དབྱིངས་ཞེས་སྨོས་པ་ནི་ཉེ་འུ་མཚོན་པའི་དོན་ཙ་མ་དུ་ཟད་ཀྱི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འདི་ནི་ཤེས་བྱའི་དཀྱིལ་འཁོར་མ་ལུས་པར་སྟོན་པར་སྤྱོད་པ་ཡིན་ཏེ། དེ་ཡང་འོག་ནས་བཤད་པའི་གཞུང་གིས་སྟོན་པར་འགྱུརརོ།།
་ད་ནི་འཛིན་རྡོ་རྗེ་རིན་ཚན་གྱི་ངོ་བོ་ཉིད་ཀྱང་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར་ན་མཁའི་དབྱིངས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པོ་སྨོས་ཏེ། ན་མཁའི་དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་མཁའི་དབྱིངས་ཐམས་ཅད་དོ།། ནམ་མཁའི
་དབྱིངས་ཐམས་ཅད་དེ་ན་རྡུལ་ཕྲ་མོ་ཇི་སྙེད་པ་དེ་རྣམས་ཀྱི་རྡོ་རྗེའི་བྱིན་གྱི་བརླབས་ནི་ན་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་རེ་རྡོ་རྗེའི་བྱིན་བརླབས་ཏེ། རེ་རེ་ཞིང་རྡོ་རྗེའི་གཟུགས་སུ་བསྒྱུར་བ་ནི་བྱིན་གྱི་བརླབས་པའོ།། དེ་ལས་བྱུང་བའི
་ཡེ་ཤེས་གང་ཡིན་པའི་ཡེ་ཤེས་དེ་ནི་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོའི་རྡོ་རྗེའི་བྱིན་གྱི་བརླབས་ལས་བྱུང་བའི་ཡེ་ཤེས་སོ།། དེ་ཉིད་ནི་སྙིང་པོ་སྟེ་སྐྱེད་པའི་གནས་གང་ཡིན་པ་དེ་ལ་ནམཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོའི་རྡོ་རྗེའི་བྱིན་གྱི་བརླབས
་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་ཞེས་བྱའོ།། འདིས་ནི་བཅོམ་ལྡན་འདས་དེའི་འབྱུང་བའི་གནས་བསྟན་པ་ཡིན་ནོ།། ནམཁའི་དབྱིངས་ལ་གནས་པའི་རྡུལ་ཕྲ་རབ་དེ་རྣམས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོའི་བྱིན་གྱི་བརླབས་ཀྱིས་རྡོ་རྗེ་གཅིག་ཏུ་གྱུར་ལ། དེ་ལས
་དེ་བཞིན་གཤེགས་པའི་སྐུ་མཐའ་ཡས་པའོ།། དེ་རྣམས་ཀྱང་རྡོ་རྗེ་རིན་པོ་ཆེ་འབྱུང་ངོ་།། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་ཀྱིས་ཞེས་བྱ་བ་སྨོས་སོ།། འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེ་ལས་བྱུང་བས་ན་རྡོ་རྗེ
་རིན་པོ་ཆེ་ཞེས་བྱ་སྟེ་འདིས་ཀྱང་འདིའི་ངོ་བོ་ཉིད་བསྟན་པ་ཡིན་ནོ།། དེ་ཅིའི་ཕྱིར་འབྱུང་ཞེས་ཕྱོགས་སྔ་མ་རྟོག་པ་ལ། རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བའི་ཕྱིར་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་ཆེན་པོ་སྟེ། དངོས་པོ་ཐམས་ཅད་ཀྱི་རྗེསུ་འཇུག
་པ་ཡིན་པའི་ཕྱིར་རོ།། དེ་ཉིད་ནི་ཡེ་ཤེས་ཀྱང་ཡིན་པས་ན་རྡོ་རྗེ་ཆེན་པོའི་ཡེ་ཤེས་ཏེ། གང་བརྟགས་པ་ཙམ་དུ་རྟོགས་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཀྱི་ཡེ་ཤེས་དེ་ནི་རྡོ་རྗེ་ཆེན་པོའི་ཡེ་ཤེས་ཏེ་ཡོད་པ་དང་རྡོ་རྗེ་ཆེན་པོའི་ཡེ་ཤེས་ཀྱི་དབང་བསྐུར་བས་ན་རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང
་བསྐུར་བ་ཡིན་ལ་དེའི་ཕྱིར་རིན་པོ་ཆེ་ཡིན་པས་ན་རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བའི་རིན་པོ་ཆེ་སྟེ། རྡོ་རྗེ་ཆེན་པོའི་དབང་བསྐུར་བའི་རིན་པོ་ཆེ་ཞེས་བྱ་བའི་སྒྲ་ནི། བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཉིད་ལ་བྱ་བར་བཤད།། དེས་ན་མངོན་པར་རྫོགས་པར་སངས་རྒྱས་པའི་དེ་བཞིན
་གཤེགས་པ་རྣམས་ཉིད་ཀྱི་ཕྱག་རྒྱས་ཁམས་གསུམ་པར་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་སྩོལ་བར་མཛད་པ་ཡིན་ཏེ། འདིས་ཀྱང་དེའི་ཕྲིན་ལས་བསྟན་པ་ཡིན་ནོ།། ད་ནི་བཅོམ་ལྡན་འདས་འདི་ཇི་ལྟར་རྡོ་རྗེ་རིན་ཆེན་གྱི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ་རྡོ་རྗེ་ཆོས་ཀྱི་ངོ་བོ་ཉིད་ཀྱང
་ཡིན་ནོ་ཞེས་གཞུང་ལྷག་མ་རྣམས་ཀྱིས་བསྟན་པ་ཡིན་ཏེ། ན་མཁའི་དབྱིངས་ཐམས་ཅད་དུ་རྒྱས་པ་མི་ཁྱབ་པ་སྟེ། གང་གིས་ཤེ་ན། དེ་བཞིན་ཉིད་ཀྱིས་སོ།། དེ་བས་ན་མཁའི་དབྱིངས་ཐམས་ཅད་དུ་རྒྱས་པའི་དེ་བཞིན་ཉིད་དེ་གཟུང་བ་དང་འཛིན་པ་དང་བྲལ་བའི་སྟོང་པ་ཉིད་ཀྱིསོ།།
་དེའི་ཡེ་ཤེས་ཡིན་པས་ན་མཁའི་དབྱིངས་ཐམས་ཅད་དུ་རྒྱས་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ།། དེ་ཉིད་ནི་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། ཐུགས་སུ་ཆུད་པར་བྱ་བ་ཡིན་ལ་དེའི་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་པ་སྟེ། དེ་བས་ན་འདིས་ནི་བཅོམ
་ལྡན་འདས་རྡོ་རྗེ་ཆོས་དེའི་རྒྱུའི་ངོ་བོ་ཉིད་དུ་བསྟན་པ་ཡིན་ནོ།། ནི་ངོ་བོ་ཉིད་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ནི་དེ་བཞིན་ཉིད་ཡིན་ལ། དེའི་རྣམ་པར་དག་པ
་ནི་བཟུང་བ་དང་འཛིན་པའི་དྲི་མས་མ་གོས་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་རྣམ་པར་དག་པའི་ཕྱིར་ཏེ། དེ་རྒྱུར་གྱུར་པས་ན་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ།། འདི་སྐད་སྟོན་པ་ཡིན་ཏེ། གང་བཅོམ་ལྡན་འད
་xxx
་ང་ཚུལ་འདི་ལ་མངའ་བས་ན་མཁའི་ཁམས་ཐམས་ཅད་ཁྱབ་པའོ།། མ་པའི་ཁམས་ཐམས་ཅད་ཁྱབ་པ་ཡང་ཡིན་ཞིང་གཟུགས་ཐམས་ཅད་སྔོན་པོ་པོ་ཡང་ཡིན་པ་དེ་མཁྱེན་པས་ནམ་ཁའི་ཁམས་ཐམས་ཅད་དུ་ཁྱབ་པའི་གཟུགས་ཅད་དུ་ཡང་དག་པར་བསྟན་པ
་མཁྱེན་པ་སྟེ། ཡེ་ཤེས་དེས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམསུ་སེམས་ཅན་གྱི་ཁམས་མ་ལུས་པ་མེད་པ་རྣམས་འདུལ་བ་ནི་བསྐལ་པ་ཇི་ལྟ་བ་བཞིན་དུ་ལུང་དང་རིགས་པ་ལ་རབ་ཏུ་འཇོག་པར་མཛད་པའོ།། དེ་ཉིད་ནི་སྤྱོད་པ་ཡིན་པས་ན་འདུལ་བའི་སྤྱོད་པའོ།། །
་དེ་མཆོག་ནི་གཙོ་བོ་སྟེ་ཟླ་མེད་པ་ཞེས་བྱ་བའི་དོན་ཏོ།། ། འདི་ནི་རྡོ་རྗེ་ཆོས་ཀྱི་ངོ་བོ་ཉིད་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཞན་དུ་ན་རྡོ་རྗེ་ལས་ཀྱི་ངོ་བོ་ཉིད་ཀྱང་ཡིནོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ།
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཞེས་བྱ་བ་ལུང་དོན་ཡོད་པ་སྟེ། འབྲས་བུ་ཡོད་པ་དེ་བྱེད་པའི་ངང་ཚུལ་མངའ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དོན་ཡོད་པར་མཛད་པ་ཡིན་ལ། དེའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་བཀའ་དོན་ཡོད་པར་མཛད་པ་སྟེ། འདིས་ནི་ངོ་བོ་ཉིད་སྟོན་ཏོ།། ནི་ཐམས་ཅད་དང་མཉམ་པ་མེད་པ་མོད་ཅེས་བྱ་བ་ལ་སོགས་པས་ཕྲིན་ལས་སྟོན་ཏེ། ཐམས་ཅད་ནི་འགྲོ་བ་རྣམས་དང་མཚུངས་པ་མེད་པས་མཉམ་པ་མེད་པའི་དེ་ཉིད་ཀྱིས་ན་འདིའི་གོང་ན་ཡོད་པ་མ
་སྟོན་བསྡུ་བློ་ན་མོ་པའོ།། ཐམས་ཅད་དོ་འཇོག་རྟེན་མ་ལུས་པའི་ལས་ཕྲན་ཚོགས་ལ་སོགས་པའི་ཕྲིན་ལས་མཛད་པས་ན་ཐམས་ཅད་མཉམ་པ་མོད་ཙོང་བླ་ན་མོང་བའི་ཕྲིན་ལས་མཛད་པའོ།། ད་ལྟར་རྟོག་པའོ་ཁྱད་པར་གྱི་འཁོར་ལོས་སྒྱུར་བ་བསྟནྡྷ་བཱར་མཛོད་ནུས
་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པས་རྡོ་རྗེ་དབྱིངས་ཐམས་ཅད་ཐུགས་སུ་ཆུད་པའི་ཡེ་ཤེས་སེམས་དཔའ་ཞེས་ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་བྱང་ཆུབ་ཀྱི་སེམས་ཀྱི་ངོ
་ཉིད་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་སེམས་བརྟན་བླ་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལ་བལྟོས་ན་བྱང་ཆུབ་ཆེན་པོ་ཡིན་པས་ན་བྱང་ཆུབ་ཆེན་པོའོ།། དེ་ལ་སེམས་དཔའ་བརྟན་པ་ནི
་བསམ་པ་བརྟན་པ་སྟེ་དེ་ནི་བྱང་ཆུབ་ཆེན་པོར་སེམས་དཔའ་བརྟན་པ་སྟེ། རྡོ་རྗེ་སེམས་དཔའོ་ཞེས་བྱ་བའི་དོན་ཏོ།། འདི་ནི་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བའི་གནས་སུ་གྱུར་པའི་སེམས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་བྱང་ཆུབ
་ཆེན་པོར་སེམས་དཔའ་བརྟན་པ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་སེམས་དཔའ་བརྟན་པ་སྟེ། དེ་བཞིན་གཤེག་པ་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བཤད་དེ།།
་བྱང་ཆུབ་ཀྱི་སེམས་ཡོངསུ་དག་པའོ།། ལྟར་རྡོ་རྗེ་སེམས་དཔའི་སྔགས་ཀྱི་དོན་བསྟན་ནས།། རྡོ་རྗེ་རྒྱལ་པོའི་སྔགས་ཀྱི་དོན་བདུན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་སྦྱར་དྲང་བའི་དམ་ཚིག་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས
་ཐམས་ཅད་སྤྱན་དྲང་བའི་སྔགས་དང་ཕྱག་རྒྱ་དང་ལྡན་པས་སྤྱན་འདྲེན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་སྟེ། དམ་ཚིག་བརྡའི་ཚུལ་ལོ།། འདི་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བ་དང་། བྱིན་གྱིས་བརླབ
་བར་བྱའི་གཞན་དག་གིས་ནི་མ་ཡིན་ནོ།། འདིས་ནི་རྡོ་རྗེ་རྒྱལ་པོའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ།། །། བསྡུས་ཤིང་བྱིན་གྱིས་བརླབས་པས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་ནི་དགྱེས་པར་བྱ་བ་སྟེ། དེའི་ཡེ་ཤེས་གང་ཡིན་པ་དེ་ནི་དེ་བཞིན
་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་སོ།། དེའི་དབང་ཕྱུག་ནི་བདག་པོར་གྱུར་ཅིང་མཁས་པ་ཞེས་བྱ་བའི་དོན་ཏེ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་ཀྱི་དབང་ཕྱུག་ཅེས་བྱའོ།། འོདིས་ནི་རྡོ་རྗེ་ཆགས་པའི་སྔགས་ཀྱི་དོན་བསྟན་པ
་ཡིན་ནོ།། ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཤིང་མཉེས་པར་བྱས་ནས་ཀྱང་བྱང་ཆུབ་ཀྱི་སེམས་དེ་ལེགས་སོ་ཞེས་བྱ་བའི་རྣམ་པས་ཡང་དག་པར་དགའ་བར་བྱ་བ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལེགསོ་ཞེས་བྱ་བ་དང་ཞེས་བྱ་སྟེ། འདིས་ནི
་རྡོ་རྗེ་ལགས་པའི་སྔགས་ཀྱི་དོན་བསྟན་པ་ཡི་མོ།། ། རབ་ཏུ་མཉེས་པར་ཡང་བསྟན་ཅིང་ལོག་སོ་ཞེས་ཡང་དག་པར་དགའ་བར་བྱས་ནས་བྱང་ཆུབ་ཀྱི་སེམས་དེ་ཆོས་ཀྱི་རྒྱལ་པོ་རྡོ་རྗེ་ཆེན་པོའི་ཡེ་ཤེས་དབང་བསྐུར་བ་བླ་ན་མེད་པ་དེ་བཞིན་གཤེགས་པ་ཐམས་ཅད
་ལ་སྩོལ་བར་མཛད་ཞེས་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པའི་ཐམས་ཅད་ཉིད་འབའ་ཞིག་གཟུང་གི་བྱང་ཆུབ་སེམས
་དཔའ་རྣམས་ནི་མ་ཡིན་ཏེ། དེ་བས་ན་ཆེན་པོ་ཞེས་བྱ་བའི་སྒྲ་སྨོས་པ་ཡིན་ནོ།། དབང་པོ་བསྐུར་བ་ཞེས་བྱ་བ་ནི་མངོན་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ཆེན་པོ་བཞིས་གང་དབང་ཆེན་པོ་བསྐུར་བ་སྩལ་པ་དེ་ནི་དབང་ཆེན་པོ་བསྐུར་བའོ།། བྱང་ཆུབ་སེམས་དཔའ་རྣམས་ལ
་དེ་བཞིན་གཤེགས་པ་ལྔའི་ཅོད་པན་གྱི་དབང་བསྐུར་བ་ཡང་འདི་ཉིད་ཀྱི་ཁོངསུ་འདུས་པ་ཡིན་ཏེ། རྒྱལ་པོ་འོང་ངོ་ཞེས་བྱ་བ་དང་འདྲ་བར་གཙོ་བོ་སྨོས་པ་ཡིན་ཏེ། འདིས་ནི་རྡོ་རྗེ་རིན་ཆེན་གྱི་སྔགས་ཀྱི་དོན་བསྟན་པ་ཡིནོ།། རྒྱལ་པོའི་བུ་དབང་བསྐུར་བ་ཐོབ་པ་དང་འདྲ་བ
་གཟི་བྱིན་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉི་མའི་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདིར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པ་འབའ་ཞིག་གཟུང་སྟེ། དེ་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་ལྟ་བུར
་རང་གི་ཡེ་ཤེས་ཉིད་ཀྱིས་དངོས་པོའི་དོན་ཐམས་ཅད་གསལ་བར་མཛད་པའི་འོད་ཀྱི་དཀྱིལ་འཁོར་དང་འདྲ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཏེ། འདི་ཉིད་ཀྱིས་ནི་རྡོ་རྗེ་གཟི་བརྗིད་ཀྱི་སྔགས་དོན་བསྟན་པ་ཡིན་ནོ།། །། དབང
་བསྐུར་བ་དང་གཟི་བྱིན་ཐོབ་པ་ནི་ངེས་པར་ན་རྒྱལ་པོའི་མཚན་མས་གནས་པར་བྱ་དགོས་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གཟི་བྱིན་ཐོབ་པ་རྣམས་ནི་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོའི་མཚན
་མ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྐྱེང་བར་བྱ་བ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ་། བསམ་པོའི་རྒྱལ་པོ་ཡིན་པས་ན་ཡིད་བཞིན་གྱི་རྒྱལ་པོ་སྟེ་བསམས་པ་ཙམ་གྱི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པས་ན་དེ་སྐད་ཅེས་བྱའོ།། ཡིང
་བཞིན་གྱི་ནོར་བུའི་རྒྱལ་པོ་ཡང་ཡིན་ལ་རིན་པོ་ཆེ་ཡང་ཡིན་པས་ན་ད་སྐད་ཅེས་བྱ་སྟེ། དེས་ཉེ་བར་མཚན་པའི་དཔལ་གྱི་མཚན་མ་ནི་ཡིང་བཞིན་ནོར་བུའི་རྒྱལ་བའི་རིན་པ་ཆེའི་དཔལ་ཞེས་བྱ་སྟེ། འདིས་ནི་རིན་ཆེན་དཔལ་གྱི་སྔགས་ཀྱི་དོན
་བསྟན་པ་ཡིན་ནོ།། རྒྱལ་པོའི་མཚན་མ་བསྒྲེང་ན་ཆོས་ཀྱི་རྒྱལ་པོ་དེ་ཉིད་ཀྱི་ཆོས་རྣམས་ལ་མངའ་བརྙེས་ཤིང་རབ་ཏུ་དགའ་བའི་ཁྱད་པར་ཤིན་ཏུ་ཡང་སྐྱེ་སྟེ། དེ་བས་ན་ཉིད་ཀྱི་ཆོས་ཀྱི་ཡུལ་ལ་དགྱེས་པར་ཡང་དག་པར་བསྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་གཞད་མོ་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་ནི་རྡོ་རྗེ་བཞད་པའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ།། །། དགའ་བ་རྒྱས་ཤིང་མཉམ་པར་བཞག་པའི་དབང་གིས་ཆོས་ཐམས་ཅད་ལ་ལྟ་བ་ཤིན་ཏུ་རྣམ་པར་དག་པར་གྱུར་པས་དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་དག་པའི་ཆོས་ཆེན་པོ་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དག་པའི་ཆོས་ཀྱང་ཡིན་ཏེ། ཟབ་ཅིང་རྒྱ་ཆེ་བའི་ངོ་བོ་ཉིད་ཀྱི་ཆོས་ཆེན་པོ་ལ་མཉམ་པར་བཞག་པའི་དབང་གིས་དྲི་མ་མེད་པར་འགྱུར་བའི་ཕྱིར་དག་པའི་ཚེ
་ཆེན་པོ་དང་ཞེས་བཤད་དེ། འདིས་ནི་རྡོ་རྗེ་ཆོས་ཀྱི་སྔགས་ཀྱི་དོན་བསྟན་པ་ཡི་མོ།། མཉམ་པར་བཞག་པའི་སེམས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་ཤེས་རབ་ཆེ་ཞིང་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ཆེན་པོ་ཐོགས་པ་མེད་པར་འཇུག་པས་ན་དེ
་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཆེན་པོའི་ཡེ་ཤེས་དང་ཞེས་བྱ་བ་སྨོས་སོ།། ཤེས་རབ་དང་ཡེ་ཤེས་ནི་ཤེས་རབ་ཡེ་ཤེས་ཏེ། འདིས་ནི་རྡོ་རྗེ་རྣོན་པོའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ།། །། མཉམ་པར་བཞག་པའི་སེམས་ཀྱི་ཡེ་ཤེས་ཀྱི་ཆོས
་ཐམས་ཅད་ངོ་བོ་ཉིད་མེད་པར་ཐུགསུ་ཆུད་ནས་འདི་དག་ནི་རྣམ་པར་རྟོག་པ་ཙམ་ལ་རག་ལས་སོ་སྙམ་སྟེ། ཤེས་རབ་ཀྱིས་འཁོར་ལོ་སྤྲུལ་པ་འབྱིན་པར་མཛད་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་དང་ཞེས་བྱ་བ་སྨོས་སོ།། འདིས་ནི་རྡོ་རྗེའི་རྒྱུའི
་སྔགས་ཀྱི་དོན་བསྟན་པ་ཡིན་ནོ།། དེ་ལྟར་འཁོར་ལོའི་སྤྲུལ་པ་བྱས་ནས། ཇི་ལྟར་སྤྲུལ་པ་མན་ངག་ཏུ་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་དང་ཞེས་བྱ་བ་སྨོས་ཏེ། དེ་ལྟར་བསྟན་པའི་གདུལ་བའི་སྐྱེ་བོ་རྣམས་ཀྱི་ཕྱིར་བཀྲི་བའི་དོན་གྱི་ཚིག་ནི
་དགོངས་པ་འཆད་པ་ཞེས་བྱ་བའི་སྒྲར་བཤད་དེ། འདི་ནི་རྡོ་རྗེ་སྨྲ་བའི་སྔགས་ཀྱི་དོན་ཡིན་ཏེ། འདིས་ནི་རྡོ་རྗེ་སྨྲ་བའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ་དེ་ལྟར་ཆོས་རྣམ་པར་དག་པོའི་ལས་རྣམ་པར་དག་པར་བསྟན་པརརོ་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་གདོན་མི་ཟ་བར་ཐམས་ཅད་ཀྱི་དགོངས་པ་མཛད་པ་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མི་ཟ་ཞིང་ཡོད་པ་ཐམས་ཅད་དེ་སྣ་ཚོགས་པའི་རྣམ་པའི་དགོས་པ་བསྒྲུབ་པར་མཛད་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདོན་མོ
་ཟ་བར་ཐམས་ཅད་ཀྱི་དགོངས་པ་མཛད་པ་ཞེས་བྱ་སྟེ། འདིས་ནི་རྡོ་རྗེ་ལས་ཀྱི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ།། །། ལས་ལ་རབ་ཏུ་ཞུགས་པ་རྣམས་ལ་ལོས་ཀྱང་བར་དུ་གཅོད་པའི་གནོད་པ་བྱེད་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་བརྩོན་འགྲུས་ཆེན་པོའི་གོ་ཆ་ཤིན་ཏུ་བརྟན་པ་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པར་མཛད་པ་ལ་སྤྲོ་བའོ།། འདི་ཉིད་ནི་ཤིན་ཏུ་བརྟན་པའི་གོ་ཆ་ཡིན་པས
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཆེན་པོའི་གོ་ཆ་ཤིན་ཏུ་བརྟན་པོ་ཞེས་བྱ་སྟེ། འདིས་ནི་རྡོ་རྗེ་བསྲུང་བའི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཞུགས་པའི་སེམས་ཅན་རྣམས་ལ་རང་གི་རྒྱུད་ལས
་ཐ་དད་པའི་ཁྱད་པར་འགའ་ཞིག་གིས་ཀྱང་བར་དུ་གཅོད་པར་བྱེད་ཅིང་མི་མཐུན་པའི་ཕྱོགས་སུ་གྱུར་པས་གནོད་པར་བྱེད་པ་དག་ཀྱང་ཡོད་པས་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་བསྲུང་ཞིང་སྐྱོབ་པའི་གནོད་སྦྱིན་དང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད
་ཀྱི་བསྲུང་བ་ཡིན་པས་བསྲུང་བ་སྟེ། རྒྱུད་ཐ་དད་པ་ལས་བྱུང་བའི་ཉེ་བར་འཚེ་བ་བཟློག་ཅིང་བསྲུང་བ་དང་། རང་གི་རྒྱུད་ལས་བྱུང་བའི་ཉེ་བར་འཚེ་བ་བཟློག་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒོ་ནས་ཀྱང་དེའི་སྔགས་དང་ཕྱག་རྒྱ་དང་ལྡན་པས་སེམས་ཅན་ཐམས་ཅད
་སྲུང་ཞིང་ཡོངས་སྐྱོང་བ་ནི་མོ་ཕྱེད་པས་ན་རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ངོ་བོ་ཉིད་ཀྱི་སེམས་དཔའ་སྟེ། བཅོམ་ལྡན་འདས་དེ་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲུང་ཞིང་སྐྱོབ་པ་ནི་གནོད་སྦྱིན་ཞེས་བྱ་བའོ་ཞེས་བྱ་བའི་དོན་ཏེ། འདིས་ནི་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཀྱི་དོན
་བསྟན་པ་ཡིན་ནོ།། །། དེ་བཞིན་གཤེགས་པ་ཐམས་ཅད་སྐུ་དང་གསུང་དང་ཐུགས་ཉིད་ནི་མི་ཕྱེད་པ་ཡིན་པའི་ཕྱིར་རྡོ་རྗེ་སྟེ། བཅིངས་པ་ནི་ཁུ་ཚུར་ཡིན་ལ་དེ་ཉིད་ནི་ཕྱག་རྒྱ་སྟེ། དེའི་ཡེ་ཤེས་སོ།། འདི་སྐད་སྟོན་ཏེ། ལས་ཀྱི་ཁྱད་པར་ཇི་སྐད་དུ་བཤད་པ་སོ་སོར་གྲུབ་པའི་ཕྱིར
་སྐུ་གསུང་ཐུགས་གཅིག་ཏུ་བྱ་བ་ནི་ཁུ་ཚུར་ཏེ། གང་གིས་ཁུ་ཚུར་འདི་ཡོངསུ་ཤེས་པ་དེའི་དགོས་པ་ཐམས་ཅད་འགྲུབ་པར་འགྱུརརོ།། དེ་བས་ན་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱ་ཐམས་ཅད་སྡུད་པ་ཡིན་ཏེ། འདིས་ནི་རྡོ་རྗེ་ཁུ་ཚུར་གྱི་སྔགས་ཀྱི་དོན་བསྟན་པ་ཡིན་ནོ།།
་ད་ནི་འདི་སྔགས་ཀྱི་གཟུགས་སུ་སྣང་བ་འབའ་ཞིག་ཏུ་མ་ཟད་ཀྱི་སེམས་དཔའི་གཟུགས་སུ་སྣང་ངོ་ཞེས་གཞུང་ལྷག་མ་རྣམས་ཀྱིས་བསྟན་པའི་ཕྱིར་ཀུན་བཟང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སེམས་དཔའ་རྣམས་ཀྱི་སེམས་དཔའ་དང་པོ་ནི་ཀུན་ཏུ་བཟང་པོ་སྟེ། གང་གིས་འད
་གས་དང་། ཞེ་སྡང་དང་གཏི་མུག་ལ་སྤྱོད་པའི་སེམས་ཅན་རྣམས་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སྤྱོད་པར་སྟོན་དུ་ཟིན་ཀྱང་བསམ་པ་རྣམ་པར་དག་པ་ཀུན་ནས་བཟང་བ་ཉིད་དེ། དེ་བས་ན་ཀུན་བཟང་པོའོ།། བཅོམ་ལྡན་འདས་དེ་ཉིད་ནི་ཀུན་ཏུ་བཟང་པོ་ཡིན
་བཔ་ཉིད་ཀྱིས་ན། དེའི་བསྡུ་བ་དང་བྱིན་གྱིས་བརླབ་པ་དོན་ཡོད་ཅིང་ཤིན་ཏུ་ཡང་ཀུན་ནས་གདོན་མི་ཟ་བས་ན་གདོན་མི་ཟའོ།། འདི་སྐད་སྟོན་ཏེ། རྡོ་རྗེ་རྒྱལ་པོའི་ངོ་བོ་ཉིད་ཀྱང་བཅོམ་ལྡན་འདས་དེ་ཉིད་ཡིན་ནོ།། བསོད་པའི་ཕྱིར་བདུད་ཅེས་བྱ་སྟེ་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ལ
་མི་དགེ་བའི་བཤེས་གཉེན་གྱིས་དྲང་བ་འམ། ཆོས་ཟབ་མོས་སྐྲག་སྟེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་སེམས་ཤིང་དེའི་ཐེག་པ་ལ་ཞུགས་པ་དེ་ཉིད་ནི་འཚོ་བ་ཡིན་ལ། དེའི་སེམས་བཟློག་པ་ནི་དེ་རྣམས་ཀྱི་བསད་པ་ཡིན་ཏེ། དེ་བས་ན་ཉན་ཐོས་དང་རང་སངས་རྒྱས
་ཀྱི་སའི་སེམས་བཟློག་ཅིང་གསོད་པས་ན་རྡོ་རྗེ་ཆགས་པ་ནི་བདུད་ཀྱི་བདག་ཉིད་ཅན་ཡིན་པས་ན་བདུད་ཅེས་བྱའོ།། བདུད་ཀྱི་ངོ་བོ་ཉིད་ཀྱང་དེ་ཉིད་ཡིན་ལ་རབ་དགྱེས་གཙོ་བོ་ཡང་དེ་ཉིད་ཡིན་ཏེ། དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་བཟློག་ཅིང་ཐེག་པ་ཆེན་པོའི་ཆོས་ལ
་རབ་ཏུ་ཞུགས་པ་རྣམས་ལ་དེར་ཆོས་ཀྱི་དགའ་བ་བསྐྱེད་པར་བྱ་བའི་ཕྱིར། གང་གཙོ་བོ་ཐོབ་ཅིང་དགྱེས་པར་མཛད་པ་སྟེ་ལེགསོ་ཞེས་བྱ་བའི་དོན་ཏེ། དེ་བས་ན་རབ་དགྱེས་གཙོ་བོ་ཞེས་བྱའོ།། བཅོམ་ལྡན་འདས་འདི་ནི་ཡང་དག་པར་ཞུགས་པ་རྣམས་ཀྱི་རབ་ཏུ་དགྱེས
་པ་ཐོབ་པར་མཛད་པ་ཇི་ལྟ་བ་ཉིད་ཡིན་པ་དེ་རྣམས་ལ་དེའི་རྗེས་ཐོགས་སུ་དབང་བསྐུར་བ་ཡིན་པར་བསྟན་པའི་ཕྱིར་མཁའ་སྐྱེས་ཞེས་བྱ་བར་སྨོས་སོ།། ནམ་མཁའ་ནི་གོ་འབྱེད་པ་སྟེ་དེ་ཉིད་སྐྱེས་ནས་ཡིན་པས་ན་མཁའ་སྐྱེས་སོ།། དེ་ཡང་ན་མཁའ་ལས
་འོད་རྣམས་སུ་གྱུར་པས་རིན་པོ་ཚ་བསྐྱེད་ལ་རིན་པོ་ཆེ་དེ་ལས་སེམས་དཔའ་སྐྱེས་པའོ།། དེ་ལྟར་དབང་བསྐུར་བར་གྱུར་ནས་དེ་ཉིད་འཇིག་རྟེན་གསུམ་དུ་རབ་ཏུ་སྣང་བར་མཛད་པའི་ཕྱིར། ཤིན་ཏུ་གཟི་ཆེན་དང་ཞེས་བྱ་བ་སྨོས་སོ།། ཐོས་པ་དང་བཅས་པ་དང་བསྒོམ་པ་ཤིན་ཏུ
་ར་དག་པའི་ཡེ་ཤེས་ཀྱི་རང་བཞིན་གྱི་འོད་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ།། ཤིན་ཏུ་གཟི་བརྗིད་ཆེ་བར་གྱུར་ནས་དེ་ཉིད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་བསྟན་པའི་ཕྱིར་རིན་ཆེན་དཔལ་ཞེས་བྱ་བ་སྨོས་སོ།། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་རེ་བ་ཡོངསུ
་རྫོགས་པར་གྱུར་པ་ཉིད་ཀྱིས་ན་ཡིད་བཞིན་གྱི་རིན་པོ་ཆེ་ལྟ་བུའོ།། དེ་ཉིད་ནི་དཔལ་ཏེ་ཐེག་པ་ཆེན་པོས་བགྲོད་པའི་མཚན་མ་སྟེ་དེའི་ངོ་བོ་ཉིད་ཀྱི་སེམས་དཔའོ།། དེ་ཉིད་དེ་ལས་སྐྱེས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཉམས་སུ་བླངས་པ་དེའི་འབྲས་བུ་ལ་ཉེ་བར་ལོངས་སྤྱོད་པ་དང་།
་རྣམ་པར་སྨིན་པ་དང་། རྒྱུ་མཐུན་པའི་མཚན་ཉིད་ཅན་ནི་ཐེག་པ་ཆེན་པོའི་ཆོས་ལ་ཤིན་ཏུ་དགའ་བ་སྐྱེ་བར་འགྱུར་བས་དེ་བསྟན་པར་བྱ་བའི་ཕྱིར་འཛུམ་པ་ཆེ་ཞེས་སྨོས་སོ།། དེའི་སྔགས་དང་ཕྱག་རྒྱ་དང་ལྡན་པའི་སེམས་དཔའ་ཡང་དེ་ཉིད་ཡིནོ་ཞེས་སྟོན་པ་ཡིན་ནོ།། འདོད
་ཆགས་ཀྱི་མཐུ་ལ་གཟིགས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་འབྲས་བུའི་འདབ་མ་ལ་གཟིགས་པས་ན་སྤྱན་རས་གཟིགས་སོ།། དེ་ལ་མངའ་ཆེ་བས་ན་དབང་ཆེ་སྟེ་ཀུན་ཏུ་གཟིགས་པའི་དབང་ཆེན་དང་ཞེས་བྱ་སྟེ། བཅོམ་ལྡན་འདས་དེ་ཉིད་དོ།། འདོད་ཆགས
་ལ་སོགས་པའི་ཉོན་མོངས་པའི་དྲི་མས་མ་གོས་པ་དང་། འགྲོ་བ་ཐམས་ཅད་ཀྱི་ཡིད་འཕྲོག་པ་དང་། ཤེས་རབ་དང་ཡེ་ཤེས་རབ་ཏུ་བསྒོམས་པའི་མཐུས་འཇམ་ཞིང་མཉེན་ལ་དཔལ་དང་ལྡན་པའི་བྱིས་པའི་གཟུགས་ཀྱིས་བཅོམ་ལྡན་འདས་དེ་ཉིད་འགྲོ་བ་རྣམས་ཡོངསུ་སྨིན་པ
་ད་པར་བསྟན་པའི་ཕྱིར་འཇམ་དཔལ་ཞེས་བྱ་བ་སྨོས་སོ།། བཅོམ་ལྡན་འདས་དེ་ཉིད་སེམས་ཅན་ཡོངས་སུ་སྨིན་པའི་དཀྱིལ་འཁོར་རྒྱུད་ལས་བསྟན་པ་ཐམས་ཅད་བསྡུས་པའི་ཚུལ་གྱིས་འཁོར་ལོས་སྒྱུར་བའི་ངོ་བོ་ཉིད་ཀྱི་དེ་ལ་ལྷག་པར་མོས་པའི་སེམས་ཅན་རྣམས་ཀྱི
་དོན་མཛད་པའི་ཕྱིར་དེའི་གཟུགས་སུ་སྟོན་པས་ན་དཀྱིལ་འཁོར་ཐམས་ཅད་དང་ཞེས་བྱ་བ་སྨོས་སོ།། ཚིག་གི་ཉེས་པ་མྱུར་བ་དང་བར་མ་དང་ཐོགས་པ་ཡོངས་སུ་སྤངས་ནས་མི་གསུང་བའི་ངོ་བོ་ཉིད་ཀྱིས་བཟླས་བརྗོད་ཀྱི་དུས་སུ་སེམས་ཅན་རྣམས་ཀྱི་དོན་མཛད་པ་ན་དེ་ཉིད་ལ
་མི་གསུང་བ་ཞེས་ཀྱང་བཤད་དོ།། སྔགས་པ་བཟླས་བརྗོད་ལ་འཇུག་པ་རྣམས་སངས་རྒྱས་ལ་མཆོད་པ་མ་བྱས་ན་དངོས་གྲུབ་རྣམས་མངོན་དུ་འཕགས་པར་མི་འགྱུར་ཏེ། དེ་བས་ན་སྣ་ཚོགས་པ་དང་ཡངས་ཤིང་རྒྱ་ཆེ་བའི་མཆོད་པའི་ཚུལ་ཐམས་ཅད་ཀུན་ཏུ་བསྟན་ཏེ།
་དེ་བས་ན་ཐམས་ཅད་ལས་ཞེས་ཀྱང་བཤད་དོ།། དེ་གཉི་ག་ལ་ཡང་ལེ་ལོ་ཅན་རྣམས་ལ་མི་འབྱུང་སྟེ། དེ་བས་ན་བརྩོན་འགྲུས་ཤེས་བྱ་བ་སྨོས་སོ།། རང་བཞིན་འཇམ་པ་རྣམས་ཀྱིས་ནི་ཅི་དང་ཅི་བསྡིགས་ཀྱང་གལ་ཏེ་དགེ་བའི་ཕྱོགས་རྣམས་ལ་བར་དུ་གཅོད་པར་འགྱུར
་བསྲིད་པས་དེ་བཟློག་པར་བྱ་བའི་ཕྱིར་མ་རུངས་ཞེས་བྱ་བ་སྨོས་སོ།། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གང་ཡང་རུང་བ་མ་ཚང་བར་གྱུར་པས་ཀྱང་ཇི་སྐད་དུ་བཤད་པའི་དོན་ལ་གལ་ཏེ་ཞུམ་པར་འགྱུར་བ་དག་ཀྱང་སྲིད་དེ། དེ་བས་ན་དམ་དུ་གཟུང་ཞེས་བྱ་བ་སྨོས་ཏེ་སྐུ་གསུ
་ཐུགས་རྡོ་རྗེ་རྣམས་ཀྱི་ངོ་བོ་ཉིད་དུ་ངེས་པའི་སེམས་ཡང་དེ་ཉིད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ།། །། བཅོམ་ལྡན་འདས་དེ་སྔགས་དང་སེམས་དཔའི་ངོ་བོ་ཉིད་ཡིན་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི་ཕྱག་རྒྱའི་ངོ་བོ་ཉིད་ཡང་བསྟན
་བར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མི་ཕྱེད་ཅིང་འབྱེད་པར་བྱེད་པས་ན་རྡོ་རྗེའོ།། འདྲེན་པའི་དོན་གྱིས་ན་ལྕགས་ཀྱུའོ།། སེམས་དང་སེམས་ལས་བྱུང་བའི་ཚོགས་འབིགས་པའི་དོན་གྱིས་ན་མདོའོ།། དགའ་བའི་དོན་གྱིས་ན
་མགུ་བའོ།། ཞོན་པར་བྱེད་པའི་དོན་གྱིས་ན་རིན་པོ་ཆེའོ།། འོད་ཟེར་གྱིས་སྣང་བས་མ་རིག་པའི་མུན་ནག་གིས་བསྒྲིབས་པ་རྣམས་ལ་དངོས་པོ་ཐམས་ཅད་སྟོན་པས་ན་ཉི་མ་སྟེ། གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ།། སེམས་ཅན་ཐམས་ཅད་ཀྱི
་དབུལ་བའི་སྡུག་བསྔལ་སྐྱེ་བཞིན་དུ་འཇིག་པར་བྱེད་པས་ན་རྒྱལ་མཚན་ནོ།། སེམས་ཅན་ཤིན་ཏུ་ཡིད་མི་བདེ་བ་རྣམས་ཀྱང་ཆོས་ཀྱི་དགའི་རོ་མྱོང་ན་ངོ་མཚར་སྐྱེད་པར་བྱེད་པས་ན་འཛུམ་པའོ།། ཐོག་པ་ཆེན་པོའི་ཆོས་ལ་རྒྱབ་ཀྱིས་ཕྱོགས་པའི་སེམས་ཅན
་རྣམས་ལ་ཡང་འཇིག་རྟེན་ཕ་རོལ་རྣམ་པར་དག་པར་བྱ་བའི་ཕྱིར་ཐབས་རྣམ་པ་སྣ་ཚོགས་ཀྱིས་འདུལ་བར་མཛད་པས་ན་པདྨའོ།། སེམས་ཅན་ཚུལ་ཁྲིམས་འཆལ་པ་ཅན་རྣམས་ཀྱང་ཤེས་རབ་ཀྱི་རལ་གྲིས་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་ལ་རབ་ཏུ་འཇོག་པར
་མཛད་པས་ན་རལ་གྲིའོ།། གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཕོ་བར་མཛད་པས་ན་འཁོར་ལོའོ།། མངོན་པར་འདོད་པའི་དོན་གསུང་བའི་དོན་གྱིས་ན་གསུང་ངོ་།། འདོད་པའི་ཕྱིར་ལས་ཏེ། བྱེད་པ་པོ་ཤིན་ཏུ་འདོད་པའི་ལསོ་ཞེས་སོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ།། ཡིད་རྡོ་རྗེར
་གྱུར་པར་བྱེད་པས་ན་གོ་ཆའོ།། མ་རུངས་པ་ཐམས་ཅད་ལ་མངོན་སུམ་དུ་གྱུར་པ་ཉིད་ཀྱིས་འཇིགས་པར་མཛད་པས་ན་འཇིགས་བྱེད་དོ།། སྐུ་གསུང་ཐུགས་བསྡུས་པས་ཕྱག་རྒྱ་ཐམས་ཅད་འཛིན་པས་ན་བཅངས་པ་སྟེ། དེ་ཉིད་ནི་བཅོམ་ལྡན་འདས་ཡིན་ནོ་ཞེས་བཤད།།
་གལ་ཏེ་བཅོམ་ལྡན་འདས་འདི་ཇི་སྐད་དུ་བཤད་པའི་ཚུལ་གྱི་སེམས་ཅན་གྱི་དོན་མཛད་པ་ཡིན་ན་དེའི་ཐོག་མ་ནི་གང་ཞིག་ཡིན། དེའི་ཐ་མ་ནི་ནམ་ཞིག་ཡིན་ཞེས་རྣམ་པར་རྟོག་པ་ལ། དེའི་ཕྱིར་ཐོག་མ་ཐ་མ་མེད་ཅེས་བྱ་བ་སྨོས་ཏེ་ཐོག་མ་ནི་དང་པོར་སྐྱེ་བའོ།། ཐ་མ་ནི་ཉིངད
་མཚམས་སྦྱོར་བ་མེད་པར་འཇིག་པའོ།། གང་ལ་དེ་དག་གཉི་ག་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ། རྒྱུན་གྱི་ཚུལ་གྱིས་རྟག་ཏུ་གནས་སོ་ཞེས་སྟོན། ཡོངས་སུ་མ་དག་པའི་གནས་སྐབས་ན་ཡང་སེམས་ཅན་གྱི་རྒྱུན་ལ་ཐོག་མ་མེད་པ་ནས་ཐོག་མ་མེད་པའོ།། ཡོངས
་སུ་དག་པའི་གནས་སྐབས་ན་ཡང་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཀྱི་རྒྱུ་མཐུན་པའི་ངོ་བོ་ཉིད་ཀྱིས་འཁོར་བ་ན་བཞུགས་པས་ན་ཐ་མ་མེད་དོ།། གལ་ཏེ་འཁོར་བ་ཇི་སྲིད་པར་བཞུགས་ན། དེ་ལྟ་ན་ནི་མ་ཞི་བར་འགྱུར་རོ་ཞེས་རྟོག་པ་ལ་ཞི་ཞེས་བྱ་བ་སྨོས་ཏེ། ཉོན་མོངས་པའི
་སྒྲིབ་པ་ལས་རྣམ་པར་གྲོལ་བས་ན་ཞི་བའོ།། གལ་ཏེ་ཞི་བ་ཡིན་ན་ནི་ཞི་བའི་གཟུགས་ཀྱིས་གདུག་ཅིང་གཏུམ་པ་རྣམས་ཇི་ལྟར་འདུལ་བར་མཛད་ཅེས་ན། མ་རུངས་ཞེས་བྱ་བ་སྨོས་སོ།། འདི་སྐད་སྟོན་ཏེ་འདི་ནི་ཞི་བ་ཡིན་ཏུ་ཟིན་ཀྱང་གདུལ་བའི་སེམས་ཅན་གྱི་དབང་གིས་མ་རུངས
་པ་ཉིད་དུ་ཡང་སྟོན་པ་ཡི་ནོ།། གལ་ཏེ་གཟུགས་ངན་པ་ཉིད་ཀྱིས་འཇིག་རྟེན་པ་ཐམས་ཅད་སྨོད་པར་འགྱུར་རོ་ཞེ་ན། ལན་དུ་ཁྲོ་བ་ཞེས་བྱ་བ་སྨོས་ཏེ། འདི་ནི་ཁྲོ་བོ་དང་བཅས་པའི་དཔའ་བའི་ཚུལ་ཉིད་གཟུང་གི་མ་རུངས་པ་གཞན་དག་ལ་བྱ་བ་ནི་མ་ཡིན་ནོ།། གལ་ཏེ་ཁྲོ་བོ་ཉིད་ཡིན་ན
་དེ་ལྟ་ན་ནི། བཟོད་པ་མེད་པ་ཉིད་དུ་འགྱུར་ནན། དེའི་ལན་དུ་བཟོད་པ་ཆེ་ཞེས་བྱ་བ་སྨྲས་ཏེ། བཟོད་པ་ཆེན་པོ་མངར་བས་ན་བཟོད་པ་ཆ་མ། ཉན་མོངས་པ་རྣམས་བང་པར་མཛད་པས་ན་གནོད་སྦྱིན་མ།། སྲིན་པོའི་གཟུགས་ཀྱིས་འདུལ་བ་རྣམས་ཀྱི་ཕྱིར
་སྲིན་པོ་དམ་པ་ཞེས་སྨོས་ཏེ། སྲིན་པོ་བཟང་པོ་ནི་སྲིན་པོ་དམ་པའོ།། དེ་རྣམས་ལ་མི་བཟད་པའི་གཟུགས་བསྟན་པས་ཇི་ལྟར་འཇིགས་པར་མི་འགྱུར་ཞེ་ན། དེའི་ལན་དུ་བརྟན་ཞེས་བྱ་བ་སྨོས་ཏེ། བརྟན་པ་ནི་མི་གཡོ་བའོ།། སེམས་ཅན་གང་གཟི་བརྗིད་དང་ལྡན་པ
་རྣམས་ཀྱི་ནང་ན་གཟི་ཆེན་ཏེ་གཟི་བརྗིད་དང་ལྡན་པའོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ།། དཔའ་བོ་མངོན་པའི་ང་རྒྱལ་དང་ལྡན་པ་དེ་ཚར་གཅོད་པར་མཛད་པས་ན་དཔའ་བོའོ།། རྣལ་འབྱོར་པ་རྣམས་སམ། ལྷའི་ཁྱད་པར་འགའ་ཞིང་བདག་པོ་ཉིད་དུ་ཉེ་བ.རེ་སྟོན་པས
་བདག་ཉིད་རློམ་སེམས་སུ་བྱེད་པ་རྣམས་ལ་དེ་གདུལ་བར་བྱ་བའི་ཕྱིར་དབང་པོ་ཆེ་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་དུ་སོན་པ་ཞེས་བྱ་བའི་དོན་ཏོ།། དབང་ཕྱུག་ཆེན་པོ་ཡང་ཆུང་མའི་སྟོབས་ཀྱིས་པ་ནི་ཨུ་མའི་བདག་པོ་ཉིད་དོ་ཞེས་ཤིན་ཏུ་རློམ་སེམས་ཏེ། དེ་བས་ན་དེའི
་ང་རྒྱལ་བསལ་བའི་ཕྱིར་ཨོཾ་མའི་བདག་པོ་ཉིད་དུ་ཡང་སྟོན་པར་མཛད་དེ། དེའི་ཕྱིར་ཨོཾ་མའི་བདག་པོ་ཞེས་སྨོས་སོ།། ལས་དང་ཉོན་མོངས་པའི་དབང་གིས་སོ་སོར་རབ་ཏུ་སྐྱེ་བས་སྐྱེ་དགུ་སྟེ། དེ་རྣམས་ཀྱི་མགོན་པོ་ཡིན་པས་ན་སྐྱེས་དགུའི་མགོན་ནོ།། དེ་ཡང
་སྐྱབས་དང་མི་འཇིགས་པ་སྩོལ་བ་ཞེས་བྱ་བའི་ཏོན་ཏོ།། སྒྱུ་མའི་རང་གི་རྣལ་འབྱོར་ལ་གནས་པ་ལ་འདིར་དངོས་པོ་ཐམས་ཅད་ལ་འཇུག་པར་མཛད་པ་འམ། ཐམས་ཅད་དེ་ལ་འཇུག་པར་མཛད་པས་ན་གཏོགས་འདོད་ཅེས་བྱ་བ་འམ་ཡང་ན་དེ་ལ
་དད་པ་རྣམས་ལ་དེ་ལ་གཟུགས་སུ་སྟོན་པར་མཛད་པས་ན་གཏོགས་འདོད་ཁྱབ་འཇུག་ཅེས་ཀྱང་དེ་ཉིད་ལ་བྱའོ།། རྒྱལ་བས་མངོན་པར་ཁེངས་པ་རྣམས་ལ་ཤིན་ཏུ་རྒྱལ་བར་བཞེད་ཅིང་རྒྱལ་པོའི་ངང་ཚུལ་མངའ་བས་ན་རྒྱལ་འདོད་ཀྱང་ཉིད་དོ།། ལུས་དང་ངག
་དང་ཡིད་ཐུབ་པ་དང་ལྡན་པས་ན་ཐུབ་པ་སྟེ། དེ་རྣམས་ཀྱི་ནང་ན་ཤིན་ཏུ་མཆོག་ཏུ་གྱུར་པས་ཐུབ་པ་ཆེ་ཞེས་བཤད་དོ།། འཇིགས་པས་ན་འཇིག་རྟེན་ཏེ་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ནོ།། དེ་གཉི་ག་སྐྱོང་བར་མཛད་པས་ན་འཇིག
་རྟེན་སྐྱོང་ཞེས་བྱ་སྟེ། ལྷག་མ་ཡིན་གདུག་པ་རྣམས་སའི་དཀྱིལ་འཁོར་ལ་སོགས་པ་རྣམ་པར་འཇིག་པ་ལས་བཟློག་པའི་ཕྱིར་རོ།། གལ་ཏེ་སྣོད་ཀྱི་འཇིག་རྟེན་སྐྱོང་ན་དེའི་ངོ་བོ་ཉིད་མ་ཡིན་པར་འགྱུར་ཞེས། ནམ་མཁའ་ཞེས་བྱ་བ་སྨོས་ཏེ།། རི་ལ་སོགས་པས་བསྒྲིབས
་པའི་ཕྱོགས་ན་ཡང་མ་བསྒྲིབས་པ་ཉིད་དུ་སྟོན་པས་དངོས་པོ་གཟུགས་ཅན་དུ་མི་འགྱུར་བས་ན་ན་མཁའོ།། ནམ་ཁའི་ཕྱོགས་སུ་ཡང་སའི་དཀྱིལ་འཁོར་སྟོན་པས་ན་སའོ།། སེན་མོ་སྣབས་པ་ལ་སོགས་པར་ཡང་འཇིག་རྟེན་གསུམ་བསྟོན་མཛད་པས་ན་བཇིག་རྟེན་གསུམ
་ཞེས་བྱ་བ་ཡང་དེ་ཉིད་ཡིན་ཏེ། འཇིག་རྟེན་པའི་ཚུལ་གྱིས་སོ།། ཁམས་གསུམ་པ་ཞེས་བྱ་བ་ཡང་བ་སྤུའི་ཁུང་བུ་རེ་རེ་ཞིང་ཡང་ཁམས་གསུམ་རབ་ཏུ་སྟོན་པར་མཛད་པའོ།། ཟད་པར་གྱི་སྐྱེ་མཆེད་བསྒོམས་པ་ལས་འབྱུང་བ་ཆེན་པོ་བཞི་ཡོངསུ་གྱུར་པར་སྟོན་པར
་མཛད་པས་ན་འབྱུང་ཆེན་ནོ།། ཤིན་ཏུ་ཡང་སེམས་ཅན་རྣམས་ཀྱི་དོན་མཛད་པས་ན་སེམས་ཅན་དོན་རབ་མཛད་ཅེས་བྱའོ།། དངོས་པོའི་ངོ་བོ་ཉིད་མ་ལུས་པར་སྟོན་པར་མཛད་པས་ན་ཐམས་ཅད་།། དགོས་པའི་དབང་གིས་དེ་འདུལ་བ་རྣམས་ལ་དྲིའི་གཟུགས་སུ
་འང་སྟོན་པར་མཛད་པས་ན་གུ་ལང་སྟེ། ལྷ་ཆེན་པོའི་གཟུགས་སུའོ།། ཚངས་པ་ནི་ཚངས་པ་ཞེས་འཇིག་རྟེན་ན་གྲགས་པ་སྟེ། དེས་འདུལ་བ་རྣམས་ལ་དེའི་གཟུགསུ་སྟོན་པར་མཛད་པས་ན་ཚངས་པའོ།། དངོས་པོ་ཐམས་ཅད་འཇུག་པ
་ཚུལ་དུ་བདག་ཉིད་སྟོན་པར་མཛད་པས་ན་འཁོར་བའོ།། དེ་རྣམས་ཉིད་ལྡོག་པའི་ཚུལ་སྟོན་པར་མཛད་པས་ན་མྱ་ངན་ལས་འདས་པའོ།། མྱ་ངན་ལས་འདས་པའི་རང་བཞིན་ཡིན་པ་ཉིད་ཀྱིས་ན་རྟག་པ་སྟེ། དོན་དམ་པར་ནི་དེའི་ངོ་བོས་རྟག་ཏུ་བཞུགས་པའི
་ཕྱིར་རོ།། སྤྱོད་པ་སྐྱོན་མེད་པ་སྟོན་པར་མཛད་པས་ན་ཡང་དག་འཚེ་ཞེས་བཤད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ན་མཁའི་ཁམས་ཐམས་ཅད་ཁྱབ་པར་སྟོན་པར་མཛད་པའི་དུསུ་མཆོད་པ་ཆེ་ཞེས་བྱ་སྟེ། མ་ཧཱའི་སྒྲ་ནི་མཆོད་པ་ཡིན་པར
་བོ་ཤད་པོས་ཆེ་བོའི་མཆོད་པ་ནི་མཆོད་པ་ཆེན་པོའོ།། དངོས་པོ་ཐམས་ཅད་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་ནཱ་སངས་རྒྱས་སོ།། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་དང་ཤིན་ཏུ་བྲལ་བས་ན་དག་པའོ།། འདིས་འགྲོ་བ་ཐེག་པ་སྟེ་བྱང་ཆུབ
་སེམས་དཔའི་ས་བཅུ་རྒྱུ་དང་འབྲས་བུར་བཅས་པ་ནི་བཅུ་གཉིས་ལ་ཐེག་པ་ཆེན་པོ་ཞེས་བྱའོ།། མོས་པས་སྤྱོད་པའི་ས་རྣམས་ནི་རྒྱུ་ཡིན་ལ། སངས་རྒྱས་ཀྱིས་ཀུན་ཏུ་བཟང་པོ་ནི་འབྲས་བུ་ཡིན་ཏེ་འདི་ཐམས་ཅད་ནི་ཐེག་པ་ཆེན་པོའོ།། འདིའི་དོན
་སྟོན་པར་བྱེད་པའི་གཞུང་གི་ཚོགས་ལ་ཡང་ཐེག་པ་ཆེན་པོའི་སྒྲར་བཤད་དེ་སྒྲའི་དོན་གྱི་གཟུགསུ་སྣང་བསོ་ན་དེའི་ཕྱིར་ཐེག་པ་ཆེན་པོའི་སྒྲར་བཤད་དོ།། འདོད་པའི་སྲིད་པ་ནི་འདོད་པའི་ཁམས་སོ།། གཟུགས་ཀྱི་སྲིད་པ་ནི་གཟུགས་ཀྱི་ཁམསོ།།
་གཟུགས་མེད་པའི་སྲིད་པ་ནི་གཟུགས་མེད་པའི་ཁམས་ཏེ། འབྱུང་བའི་ཕྱིར་ན་སྲིད་པའོ།། སྲིད་པ་གསུམ་གྱི་ངོ་བོ་ཉིད་ཀྱང་དེ་ཉིད་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད། སེམས་དང་སེམས་བྱུང་ཁམས་གསུམ་པ་ཞེས་དབུས་དང་མཐའ་རྣམ་པར་འབྱེད་པ་ལས
་ཇི་སྐད་བཤད་པ་ལྟ་བུའོ།། ལ་ལར་རྒ་བ་དང་འཆི་བ་མེད་པའི་ངོ་བོ་ཉིད་དུ་སྟོན་པར་མཛད་པས་ན་རྟག་པ་ཡང་ཡིན་ནོ་ཞེས་བྱའོ།། ས་འོག་གི་འཇིག་རྟེན་དང་ས་སྟེང་གི་འཇིག་རྟེན་དང་། མཐོ་རིས་ཀྱི་འཇིག་རྟེན་གསུམ་མོ།། དེ་ལས་རྣམ་པར་རྒྱལ་བའི་ངང་ཚུལ་མངའ
་བས་ན་འཇིག་རྟེན་གསུམ་རྒྱལ་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཅན་ཞེས་བྱ་བའི་དོན་ཏུ།། བདེ་བ་ལ་སྤྱོད་པར་མཛད་པས་ན་བདེ་སྤྱོད་དེ་ཤམ་ཞེས་བྱ་བ་ནི་བདེ་བ་ལ་བྱ་བར་བཤད་ལ། དེ་སྩོལ་བས་སྦྱོང་བར་མཛད་པའི་ཕྱིར་བདེ་སྤྱོད་དེ་ཉིད་ཀྱི
་བཞིན་དང་གཞན་རྣམས་སྐྱོང་བར་མཛད་པས་ན་བ་དེ་སྤྱོད་མགོན་ནོ།། གདུལ་བར་དཀའ་བ་ཐམས་ཅད་ཤིན་ཏུ་ཡང་འདུལ་བར་མཛད་པས་ན་རབ་དུལ་མཛད་དོ།། རྡོ་རྗེ་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ་དེ་རྣམས་ཀྱི་གཙོ་བོ་མཛད་པས་ན་རྡོ་རྗེ་གཙོ་དང་ཞེས་བྱ
་སྟེ། དབུག་འབྱིན་པར་མཛད་པའོ།། ས་བཟང་པོ་ནི་སུ་ར་བོ་མཆོག་སྟེ་ཡེ་ཤེས་ཀྱིས་ཡོངསུ་བཅད་པའི་ངོ་བོ་ཉིད་བྱང་ཆུབ་སེམས་དཔའི་སྐུ་བཅུའོ།། དེ་དགི་མཆོག་ནི་ཀུན་ཏུ་བཟང་པོ་སྟེ། སངས་རྒྱས་ཀྱི་སའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། དོན་ཐམས་ཅད་ཕྱིན།
་མ་ལོག་པར་ཡོངསུ་གཅོད་པས་དེ་ཉིད་ནི་ཡེ་ཤེས་སོ།། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་སྤང་བ་ལ་འཇུག་པས་ན་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལོ།། བྱང་ཆུབ་ལ་སེམས་དཔས་ན་བྱང་ཆུབ་སེམས་དཔའ་སྟེ་སེམས་དཔའ་ཞེས་བྱ་བའི་སྒྲ་ནི་སེམས་ཡོངསུ་གཟུང་བར
་བྱའོ།། སྟོང་པ་ཉིད་ལ་སོགས་པ་རྣམ་པར་ཐར་པའི་ང་བ་ཉིད་དུ་གྱུར་པས་ན་རྣམ་པར་ཐར་ཞེས་བྱབ།། སྤྱོད་པར་བྱེད་པའི་དོན་གྱིས་ན་སྤྱོད་པ་ཞེས་བྱ་སྟེ། བྱང་ཆུབ་འཛུབ་པའི་སྦྱོང་བ་ཇི་སྐང་བསྟན་པ་བཞིན་དུ་རྗེ་སུ་སྒྲུ་པའང་བ་ཉིད་ཡིན་པའི་ཕྱིར་རོ།།
་དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི་རང་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དང་ཐ་མི་དད་པར་བཞུགས་པས་ན་དེ་བཞིན་གཤེགས་པ་ཀུན་ནོ།། སངས་རྒྱས་ཞེས་བྱ་བའི་སྒྲའི་དོན་ནི་སངས་རྒྱས་དོན་ཏོ།། སངས་རྒྱས་ཐུགས་ཞེས་བྱ་བ་ནི་དེ་རྣམས་ཀྱི་དགོངས་པོའི་ངོ་ག
་ཉིད་ཡིན་པའི་ཕྱིར་རོ།། བྱང་ཆུབ་སེམས་དཔའ་གསུམ་བསྡུས་པའི་དོན་གྱིས་ན་བྱང་ཆུབ་ཀུན་ནོ།། འདིའི་གོང་ན་ཡོད་པ་མ་ཡིན་པས་ན་བླ་ན་མེད་པའོ།། འོག་མིན་ལྷའི་རྒྱལ་པོ་གནས་བཞུགས་པར་བསྟན་པ་ནི་རྣམ་པར་སྣང་མཛད་དེ་རྣམ་པར་སྣང་མཛད་ཆེན་པོ་འདི
་ཉིད་ཀྱི་སོ་སོར་སྣང་བ་ཚད་དང་ལྡན་པའོ།། རྒྱལ་བ་ཞེས་བྱ་བ་ནི་འདིས་སྡིག་པ་དང་མི་དགེ་བའི་ཆོས་རྣམས་ལས་རྒྱལ་བར་མཛད་པས་ན་རྒྱལ་བ་ཞེས་བཤད་དེ། སྡིག་པའི་ཆོས་ལས་ང་རྒྱལ་བས། ཉེར་འགྲོ་ད་ཕྱིར་རྒྱལ་བ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། སེམས
་ཅན་གྱི་མ་ལུས་པ་སྐྱོབ་པར་མཛད་པའི་དོན་གྱིས་ན་མགོན་པོའོ།། རང་བྱུང་བས་ན་རང་བྱུང་སྟེ། ཉིད་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ།། འདི་སྐད་སྟོན་པ་ཡིན་ཏེ། མཆོག་སྦྱིན་ནས་བྱང་ཆུབ་བརྙེས་པ་མ་ཡིན་ནོ་ཞེས་པའོ།། གཟུངས་ནི་དོན་གྱི་གཟུངས་དང་།
་ཚིག་གི་གཟུངས་དང་། སྔགས་ཀྱི་གཟུངས་དང་། མངོན་པར་རྟོགས་པའི་གཟུངས་ཏེ་དྲན་པ་དང་ཤེས་རབ་ཡང་དག་པར་ལྡན་པའི་སེམས་ལ་གཟུངས་ཞེས་བྱ་བའི་སྒྲར་བཤད་དེ། རྣམ་པ་བཞི་པོ་དེ་དག་ཀྱང་འདི་ཡིན་ནོ་ཞེས་སྟོན་པ་ཡིན་ནོ།། དྲན་པ་དང་ཡང
་དག་པར་ལྡན་པས་དྲན་པ་ཞེས་ཀྱང་བཤད་དོ།། སེམས་དཔའ་ཚེ་དང་ཞེས་བྱ་བ་ནི་སེམས་ཅན་གྱི་ཚོགས་ཆེན་པོའི་དོན་མཛད་པས་ན་སེམས་དཔའ་ཆེན་པོ་ཞེས་བྱའོ།། ཕྱག་རྒྱ་ཆེ་ཞེས་བྱ་བ་ནི་ཉིད་ཀྱི་སྐུ་ཇི་ལྟར་འདུལ་བ་བཞིན་དུ་སྟོན་པའི་ཕྱིར་རོ།། ཏིང་ངེ་འཛིན
་སངས་རྒྱས་ཕྲིན་ལས་མཛད་ཅེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་དང་ཡང་དག་པར་ལྡན་པས་སངས་རྒྱས་ཀྱི་ཕྲིན་ལས་རྣམས་མཛད་པའོ།། ཡང་དག་པར་ནི་བདེན་པ་སྟེ། ཕྱིན་ཅི་མ་ལོག་ཅེས་བྱ་བའི་དོན་ཏོ།། སངས་རྒྱས་ཀུན་བདག་ཉིད་ཅེས་བྱ་བ་ནི་དེ
་ང་ཐ་མི་དད་པའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། རྟག་ཏུ་སེམས་ཅན་གྱི་དོན་གྱི་ཞེན་པར་མཛད་པས་ན་སེམས་དཔའོ།། རྟག་དོན་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་དོན་ཏེ། དེ་རྟོགས་པར་མཛད་པས་ན་རྟག་དོན་རྟོགས་མཛད་པ་སྟེ། ཤེས་རབ་མཛད་པ་ཞེས་བྱ
་བའི་དོན་ཏོ།། སྡོང་པོ་ཞེས་བྱ་བའི་སྒྲས་ནི་ལྷ་ཆེན་པོའི་སྤྲུལ་པས་ཁྱད་པར་ཅན་ལ་བྱ་བར་བཤད་ལ་དེ་ལས་ཀྱང་ཆེས་ལྷག་པར་གྱུར་སྡོང་པོ་ཆེན་པོའོ།། ནག་པོ་ཆེན་པོ་ཞེས་བྱ་བ་ཡང་དེའི་ཚོགས་ལ་བྱ་བར་བཤད་དེ། དེའི་གཟུགསུ་ཡང་སྟོན་པར་མཛད
་པས་ན་ནག་པོ་ཞེས་ཀྱང་བཤད་དོ།། འདོད་ཆགས་ཆེན་པོ་ནི་སེམས་ཅན་རྣམས་སྨིན་པ་དང་གྲོལ་བའི་ཆགས་པ་དང་། ཡང་དག་པར་ལྡན་པའི་ཕྱིར་འདོད་ཆགས་ཆེན་པོའོ།། བདེ་བ་ཆེ་ཞེས་བྱ་བ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་རྒྱལ་པོ་བདེ་བས་མངོན་པ
་རློམ་པ་སྟེ། ང་དང་འདྲ་བར་བདེ་བ་གཞན་དག་ཡོད་པ་མ་ཡིན་ནོ་ཞེས་བདག་ཉིད་བསྙེམས་པ་དེ་གདུལ་བར་བྱ་བའི་ཕྱིར་བཙུན་མོའི་འཁོར་གྱི་ནང་ན་རོལ་པས་འཇུག་པར་མཛད་པའི་སྐུ་ལ་བདེ་བ་ཆེན་པོ་ཞེས་བྱ་བའི་སྒྲར་བཤད།། ཐབས་ཞེས་བྱ་བ་ནི
་མངོན་པར་འདོད་པའི་དོན་མྱུར་དུ་བདེ་བར་ཐོབ་པར་བྱེད་པས་ན་ཐབས་ཏེ་ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་པོ་སྟེ། དེ་དང་རབ་ཏུ་ལྡན་པས་ན་ཐབས་ཆེན་པོ་ཞེས་ཀྱང་བཤད་དོ།། མཆོག་ཆེན་མཆོག་ཅེས་བྱ་བ་ལ་ཆེན
་བོ་ནི་ལྷ་རྣམས་ཀྱི་སྤྱི་ལ་བྱ། མཆོག་ནི་ལྷ་རྣམས་ཀྱི་བདག་པོའོ།། དེ་རྣམས་ཀྱི་ཡང་མཆོག་ཡིན་པས་མཆོག་ཆེན་པོའི་མཆོག་གོ།། ཉན་ཐོས་དང་རང་སངས་རྒྱས་དེ་རྣམས་ཀྱི་ཡང་མཆོག་ཏུ་གྱུར་པས་ཀུན་གྱི་མཆོག་གོ།། དེ་ཉིད་ཀྱིས་ན་ས་ཐམས་ཅད་ཀྱི་དབང
་ཕྱུག་ཡིན་པས་ན་གནས་དབང་པོ་སྟེ། སེམས་ཅན་ཐམས་ཅད་དང་གཉིས་སུ་མེད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཤེས་བྱ་བ་ནི་བཤད་ཟིན་ཏོ།། ས་དང་པོ་ལ་སོགས་པ་ལས་བལྟོས་པའི་སེམས་གང་ཞིག་སྐྱེ་བ་དེ་ཐམས་ཅད་ལ
་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོ་ལ་སྐྱེ་བའི་སེམས་གང་ཡིན་པ་དེ་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་པས་བྱང་ཆུབ་ཆེན་པོའི་ཐུགས་ཞེས་བཤད་དོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཡང་དེ་ཉིད་ཡིན་པར་བཤད་དེ། བྱང་ཆུབ་སེམས་དཔའི་དོན
་དང་ཀུན་ཏུ་བཟང་པོའི་དོན་ནི་བཤད་ཟིན་ཏོ།། །། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གང་ཡིན་པ་གདུལ་བྱའི་དབང་གིས་སོ་སོར་སྣང་བའི་ཐུགས་ཀྱི་གནས་དེ་ན
་གནས་པ་སྟེ། དེ་བས་ན་དེ་ན་བཞུགས་ཞེས་བཤད་དེ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་སེམས་དཔའི་ཚུལ་གྱིས་བཞུགས་པར་བཤད་དོ།། དེ་ནས་ཞེས་བྱ་བ་ནི་གནས་སྐབས་ཀྱི་མཚམས་སྦྱར་བའི་ཕྱིར་ཏེ། གལ་ཏེ་བཅོམ་ལྡན་འདས་རྣམ་པར་སྣང
་མཛད་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་ཞེས་བཤད་ལ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བཤད་ན། འོ་ན་དེ་བཞིན་གཤེགས་པ་ཐམས་ཅད་གང་ན་བཞུགས
་ཏེ། གདུལ་བྱ་ཇི་ལྟ་བ་བཞིན་དུ་སྤྲུལ་པའི་སྐུའི་དབང་དུ་མཛད་པ་ཡིན་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཞིང་འདི་དཔེར་ན་ཏིལ་གྱི་གང་བུ་བཞིན་དུ་ཡོངསུ་གང་བར་གྱུར་ཏོ་ཞེས་བྱ་བ་སྨོས་སོ།། འདི་སྐད་སྟོན་ཏེ་དེ་བཞིན་གཤེགས་པ
་རྣམས་ནི་སེམས་ཅན་རྣམས་ཡོངསུ་སྨིན་པར་བྱ་བའི་ཕྱིར་བྱུང་བས་སེམས་ཅན་གྱི་ཁམས་ཇི་ཙམ་ན་སྤྱོད་པ་དེ་ཐམས་ཅད་ན་བཞུགས་པ་ཡིན་པས་གནས་ཀྱི་ཉེས་པ་དྲིས་པས་ཅི་ཞིག་བྱ་སྟེ། ཡེ་ཤེས་དང་ཆོས་ཀྱི་སྐུ་གཉིས་ནི་ཐམས་ཅད་དུ་ཁྱབ་པ་ཡིན་པའི
་ཕྱིར་མ་ཞེས་སུ་ཟིན་ཀྱང་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་སངས་རྒྱས་རྣམས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པར་ཀུན་ཏུ་སྣང་ངོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་སྐྱོབ་པ་མྱ་ངན་འདས་གྱུར་ཀྱང་།། འཁོར་ལོ་འཁོར་བའི་ཚུལ་དུ་ནི།། ཚོགས
་ཀྱི་ཤུགས་ཀྱི་མཐུ་ཡིས་ནི།། སེམས་ཅན་དོན་ལ་ཡང་དག་འཇུག་ཅེས་ཇི་སྐད་བཤད་པ་ལྟ་བུའོ།། །། ད་ནི་སྔགས་ཀྱི་སྤྱད་པ་སྤྱོད་པའི་སེམས་ཅན་རྣམས་ལ་སྔགས་ཀྱི་སྤྱོད་པ་ནི་སློབ་དཔོན་ལ་རག་ལས་ཀྱི་རང་ཉིད་ཀྱི་མཚན་མ་ཐུག་ཐུབ་ཏུ་གཟུང
་མི་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར་བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་སྔགས་ཀྱི་ཚུལ་གྱི་སྒོ་ནས་སྔོན་གྱི་སངས་རྒྱས་ཀྱི་གདམས་ངག་ལ་བྱང་ཆུབ་རག་ལས་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས
་ཏེ། དེ་ནས་ཞེས་བྱ་བའི་སྨན་བཤད་ཟིན་ཏོ།། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་སེམས་ཅན་གྱི་དོན་མཛད་པ་ན་ཙས་སོར་མཛད་དམ། གལ་ཏེ་ཐབས་གཅིག་པ་ཉིད་དུ་མཛད་ཅན། དོན་མཚུངས་པ་ཉིད་དང་། སྨོན་ལམ་མཚུངས་པ་ཉིད།
་དང་། གདུལ་བྱ་མཚུངས་པ་ཉིད་ཀྱིས་ལྷན་ཅིག་ཏུ་མཛད་དེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ།། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དྲི
་རྣམས་ཀྱི་འདུས་པ་ནི་འདུ་བར་མཛད་ཅིང་ཆགས་པར་མཛད་པའོ།། བྱང་ཆུབ་ལ་སེམས་དཔའ་ནི་བྱང་ཆུབ་སེམས་དཔེའོ།། སེམས་ཅན་གྱི་ཚོགས་ཆེན་པོའི་དོན་ཆེན་པོ་ལ་རབ་ཏུ་འཇུག་པར་མཛད་པས་ན་སེམས་དཔའ་ཆེན་པོའོ།། བསོད་ནམས་དང་ཡེ
་ཤེས་ཀྱི་ཚོགས་ཆེན་པོ་རྫོགས་པས་དོན་ཐམས་ཅད་གྲུབ་པ་བནོད་པ་ཙམ་ལས་རག་ལས་པའི་ན་དོན་ཐམས་ཅད་གྲུབ་པའོ།། བྱང་ཆུབ་ལ་སྙིང་པོར་གྱུར་པ་ནི་བྱང་ཆུབ་པའི་སྙིང་པོ་སྟེ། མངོན་པར་བྱང་ཆུབ་པའི་རྒྱུ་ཡིན་པའི་ཕྱིར་རོ།། དེའི་གནས
་ཀྱི་སྙིང་པོ་ནི་སྙིང་པོ་ཞེས་བཤད་དེ། ས་ཐམས་ཅད་ཀྱི་སྟེང་ན་འདུག་པས་ཞོའི་སྤྱི་དང་འདྲའོ།། དེར་བཞུགས་པ་ནི་གནས་པར་མཛད་པ་སྟེ། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་ཤཱཀྱའི་རིགས་སུ་སྐྱེ་བོ་ཡོངསུ་བཞེས་ནས། གཞོན་ནུ་རོལ་པ
་དང་། བཟོ་བསྟན་པ་དང་། བཙུན་མོའི་འཁོར་གྱི་ནང་ན་བཞུགས་པ་དང་། མངོན་པར་བྱུང་བ་དང་། རབ་ཏུ་བྱུང་བ་ཡང་བསྟན་ནས་སེམས་ཅན་སྔོན་ཡོངསུ་སྨིན་པར་བྱས་པ་མིར་སྐྱེ་བ་རྣམས་དང་། སྐུ་ཚེ་ཡང་དག་པར་འབྲེལ་པ་ལ་སོགས་པས
་དོན་མཛད་པའི་ཕྱིར་དང་། མུ་སྟེགས་ཀྱི་ལྟ་བ་མངོན་པར་ཞེན་ཅིང་དཀའ་བར་སྤྱོད་པས་གྲོལ་བར་འགྱུར་རོ་ཞེས་མངོན་པར་རློམ་པ་རྣམས་ལ་མངོན་པའི་ང་རྒྱལ་གཞོམ་པའི་ཕྱིར་དཀའ་བར་སྤྱོད་པ་མཛད་པར་ཡང་བསྟན་ཏེ། དཀའ་བར་སྤྱོད་པའི་ས་ཉིད
་ལ་བྱིན་གྱིས་བརླབས་ཀྱིས་མིའི་ལུས་བཞག་ནས་རྫུ་འཕྲུལ་གྱིས་ལྷའི་རྒྱལ་པོའི་གནས་སུ་གཤེགས་ཏེ། ཡིད་ཀྱི་རང་བཞིན་གྱི་ལུས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར་སྟོང་པ་ཉིད་ཀྱི
་ཏིང་ངེ་འཛིན་ལྟ་བུ་ལ་སྙོམས་པར་ཞུགས་ནས་འོག་མིན་གྱི་གནས་ན་བཞུགས་པ་གང་ན་བ་དེར་གཤེགས་པ་སྟེ། དེར་བཞུད་ཅེས་བྱ་བའི་དོན་ཏོ།། གཤེགས་ཏེ་བྱོན་ནས། ཆེད་དུ་རྫོགས་ལོངས་སྤྱོད་པའི་སྐུ་བསྟན་ནས་ཞེས་བྱ་བ་ལ་རྫོགས་ལོངས་སྤྱོད
་པའི་སྐུ་ནི་ཆོས་ཀྱི་ལོངས་སྤྱོད་རྫོགས་པར་བྱ་བའི་ཕྱིར། རྣམ་པར་དག་པ་རྣམས་ལ་རྣམ་པར་དག་པ་རྣམས་ལས་རང་གི་སོ་སོར་སྣང་བ་བསྐྱེད་པ་སྟེ། གཅིག་ལ་གཅིག་གི་དབང་གིས་ན། རྣམ་པོར་རིག་པ་ཕན་ཚུན་ངེས་ཞེས་བཤད་པའོ།། དེ་ཡང་ཡོངས
་སུ་དག་པའི་སློབ་མ་གཅིག་ལ་སོ་སོར་སྣང་བ་གཉིས་པའི་མངོན་པར་འདོད་པའི་དོན་བསྟན་པར་ནུས་པ་རེ་བླ་མར་སྣང་བའི་ལོངས་སྤྱོད་པའི་ཡིད་ཚིམ་པར་མཛད་པའི་ཕྱིར་རྫོགས་ལོངས་སྤྱོད་པ་སྟེ། རྫོགས་ལོངས་སྤྱོད་པའི་སྐུ་དེའི་སྣང་བ་རིགས་ཀྱི་བུ
་ཁྱོད་ཀྱིས་གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མངོན་པར་མ་རྟོགས་པར་དཀའ་བ་བཅད་པ་ཐམས་ཅད་ལ་སྤྲོ་བ་བསྐྱེད་ཅིང་། ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱ་སྙམ་ཞེས་བྱ་བ
་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དེ་སོ་སོར་རྟོག་པ་ཡིན་པས་ཁམས་གསུམ་པ་འདི་དག་ནི་སེམས་ཙམ་མོ་ཞེས་ཤེས་ནས་དེའི་བསམ་པ་ཡོངསུ་སྦྱང་བ་དང་། རྫོས
་པབཔར་བྱ་བ་དག་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཀྱིས་བྱ་བ་དང་། དེའི་བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པ་ཡེ་ཤེས་ཀྱི་རྡོ་རྗེས་བྱིན་གྱིས་བརླབས་པ་དང་། དེར་ཡང་བདག་གི་ངོ་བོ་ཉིད་དུ་ལྷག་པར་མོས་པ་དང་། དེ་ཡང་སངས་རྒྱས་ཀྱི་ཁམས
་གཞུག་པ་དང་དེར་ཡང་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་པ་སྟེ། གནས་ཡོངསུ་གྱུར་པའི་མཚན་ཉིད་འདི་ནི་ཀུན་ཏུ་བཟང་པོའི་ས་ལ་འཇུག་པའི་ཚུལ་ཏེ། ཇི་ལྟར་སྔོན་ཡོངསུ་སྨིན་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པར་སྤྱོད་པ་ནི་དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ།། དེ་མངོན་པར་རྟོགས་པ་ནི་ཡོངས་སུ་མི་ཤེས་པ་དཀའ་བ་སྤྱོད་པ་ཐམས་ཅད་ལ་སྤྲོ་བ་སྐྱེད་ཅེས་གསུངས་ཏེ། དཀའ་བ་ནི་མིའི་འཇིག་རྟེན་འདིར་དཀའ་བ་སྤྱོད་པ་ཉམསུ་ལེན་པའོ།། དེ་ཡང་མི་གཡོ་བའི་ཏིང་འཛིན་མངོན་སུམ
་དུ་བྱེད་ལ་རྣལ་འབྱོར་པ་གང་མི་གཡོ་བའི་ཏིང་འཛིན་ལ་གནས་ན། བརྒྱལ་བ་བཞིན་དུ་དབུགས་རྔུབ་པར་མི་བྱེད། དབུགས་འབྱིན་པར་མི་བྱེད། གཡོ་བར་མི་བྱེད་འགུལ་བར་མི་བྱེད་འགྱུར་བར་མི་བྱེད་ཅིང་། ལུས་དང་ངགུ་དང་ཡིད་ཀྱི་སྤྱོད་པ་ལས་འདས
་ཏེ་གནས་སོ།། གནས་ཀྱི་ཁྱད་པར་དེ་ལ་གནས་ན་སེམས་ཅན་རྣམས་ཀྱི་དོན་བྱེད་པར་མི་ནུས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱིས་བསླང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དོན་ཐམས་ཅོད་གྲུབ་པ་ལ་དེ
་རྣམས་ཀྱིས་བསྐུལ་བའི་རྗེས་ཐོག་ཉིད་ལ་མི་གཡོ་བའི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་འདུད་ཅིང་ཕྱག་བྱས་ནས་བོས་ཏེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དེ་ཁོ་ན་ཇི་ལྟ་བུ་ལགས་ཇི
་ལྟར་བསྒྲུབ་པར་བགྱི་ཞེས་པ་ནི། རྣམ་པ་གང་གིས་ཉམ་སུ་བླང་བར་བགྱི་ཞེས་པའོ།། དེ་དག་ཐམས་ཅད་ཀྱང་སློབ་དཔོན་དང་སློབ་མའི་འབྲེལ་བ་བསྟན་པ་ཡིན་ཏེ། སྔགས་སྤྱད་པའི་ཚུལ་ལ་ཡེ་ཤེས་དང་། དམ་ཚིག་གི་མཚན་ཉིད་དང་། དབང་བསྐུར་བ་དང་། ཐམས
་ཅད་མཁྱེན་པའི་ཡེ་ཤེས་རྟོགས་པ་དང་། སེམས་ཅན་རྣམས་ཀྱི་དོན་བྱ་བ་ནི་སློབ་དཔོན་ལ་རག་ལས་པ་ཡིན་ནོ།། ཞེས་སྟོན་ཏེ། རང་དགའི་ཐུགས་ཐུབ་དང་། བླ་མ་ལ་བསྙེན་བསྐུར་མ་བྱས་པ་རྣམས་ལ་ནི་སྔགས་སྤྱད་ཀྱང་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་བསྟན
་བའི་ཕྱིར་ཏེ། དེ་ལྟར་སློབ་མ་སློབ་མའི་ཡོན་ཏན་དང་ལྡན་ཞིང་། དབང་པོ་ཡོངསུ་སྨིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་ནུས་ཤིང་། བཀའ་སྩལ་པ་ཚོལ་བ་ལ་གཅིག་ཏུ་བརྩོན་པ་དེ་ལ་ནི་དེ་བཞིན
་གཤེགས་པ་སྣང་བའི་ལམ་དུ་གཤེགས་པ་ཇི་སྙེད་པ་དེ་རྣམས་ཀྱིས་གསུང་དབྱངས་གཅིག་གིས་འདི་སྐད་ཅེས་བཀའ་སྩལ་པའོ།། གསུང་གཅིག་ཏུ་ཞེས་བྱ་བ་ནི་གཅིག་པ་ཉིད་ཡིན་པས་ན་གསུང་གཅིག་སྟེ། ཐོས་པ་གཅིག་པ་དང་། དོན་གཅིག
་པས་ན་དབྱངས་གཅིག་ཏུ་བྱིན་གྱིས་བརླབས་ཏེ། མང་པོ་ཞིག་གིས་གསུང་དབྱངས་ཀྱང་སྒྲ་གཅིག་དང་འདྲ་བར་ཐོས་པས་ན་གསུང་གཅིག་ཏུ་བཀའ་སྩལ་པོ་སྟེ། གསུང་གཅིག་པ་ཞེས་བྱ་བ་མགུར་གཅིག་ཏུ་མངོན་པར་བྱང་ཆུབ་པའི་རིམ་པ་ཉེ
་བར་སྟོན་པར་མཛད་པའོ།། གལ་ཏེ་མངོན་པར་བྱང་ཆུབ་པ་གཞན་གྱི་མན་ངག་ལ་བལྟོས་དགོས་ན། དེ་ལྟ་ན་ནི་བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོང་སུ་རྫོགས་པའི་སློབ་དཔོན་མེད་པའི་ཡེ་ཤེས་སུ་ཇི་ལྟར་བཞག
་ཅེ་ན། གང་འདི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་དོན་ཐམས་ཅད་གྲུབ་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་པ་ནི་རྒྱུའི་གནས་སྐབས་ཡོངསུ་རྫོགས་པ་ཡིན་གྱི། དེའི་འབྲས་བུའི་གནས་སྐབས་ཡོངསུ་རྫོགས་པ་མ་ཡིན་ཏེ།
་དེའི་ཕྱིར་ལུང་གནོད་པ་གཟུང་བ་རིག་པ་ཉིད་ཡིན་ལ། གང་གི་ཚེ་འཛམ་བུའི་གླིང་བའི་མི་རྣམས་ཀྱི་དོན་རྫོགས་པར་མཛད་པའི་ཕྱིར་མངོན་པར་བྱང་ཆུབ་པར་སྟོན་པ་དེའི་ཚེ་སློབ་དཔོན་མེད་པའི་ཡེ་ཤེས་ཅན་དུ་བཞག་པ་ཡིན་ནོ།། ཇི་ལྟར་བསྒྲུབ་པར་བྱ
་ཞེ་ན། རང་གི་སེམས་ལ་རྟོག་ཅིང་མཉམ་པར་ཞོག་ལ་ཞེས་བྱ་བ་སྨོས་པ་ལ། རང་གི་སེམས་ཡིན་པས་རང་གི་སེམས་ཏེ། ཡིད་ཀྱི་རྣམ་པར་ཤེས་པའོ།། དེའི་སོ་སོར་རྟོག་པ་ནི་སོ་སོར་རྟོག་པ་སྟེ། དོན་ལ་སོ་སོར་རྟོག་པས་སོ་སོ་རྟོག་པའོ།། དེ་ཡང་གཟུགས
་ལ་སོགས་པའི་ཕུང་པོ་རྣམས་ཀྱི་མཚན་ཉིད་ལ་སོ་སོར་རྣམ་པར་དཔྱད་པ་ན། དེ་ནི་གཅིག་ནའང་ཡུལ་མིན་ལ། ཕྲ་རབ་རྡུལ་དུ་དུ་མའང་མིན།། དེ་དག་འདུས་པའང་མ་ཡིན་ཏེ།། འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར།། དྲུག་གིས་ཅིག་ཅར་སྦྱར་བས་ན།། པྲ་རབ
་རྡུལ་ཆ་དྲུག་ཏུ་འགྱུར།། དྲུག་པོ་དག་གི་གོ་གཅིག་ན། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར།། ཞེས་བྱ་བ་སྟེ། དེ་དག་ལ་སོགས་པའི་ཚུལ་གྱིས་ན་དམིགས་པ་དང་མི་ལྡན་པས་ན་འདི་དག་ནི་སེམས་ཙམ་ཉིད་དོ་ཞེས་ངེས་པ་ཡིན་ལ། སོ་སོར་རྟོག་པ་ནི་ངེས།
་པའི་དོན་འདི་ཉིད་ལ་བསྒོམ་པ་ན་སེམས་རྩེ་གཅིག་ཏུ་ཐོབ་པ་ནི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་འཇོག་པའོ།། རང་གི་སེམས་ལ་སོ་སོར་རྟོག་ཅིང་མཉམ་པར་འཇོག་པ་འབའ་ཞིག་གིས་བསྒྲུབ་པར་མ་ཟད་ཀྱི་སྔགས་བཟླས་པས་ཀྱང་འགྲུབ་པར་བསྟན
་པའི་ཕྱིར། རང་བཞིན་གྱི་གྲུབ་པ་སྟེ་འདི་ནི་ངག་གིས་ཀྱང་བསྒྲུབ་པར་བྱ་བ་མ་ཡིན་གྱི། ཇི་ལྟ་ཞེ་ན། ངོ་བོ་ཉིད་ཀྱིས་གྲུབ་པ་ཁོ་ནའོ་ཞེས་སྟོན་ཏོ།། ཅི་དགར་བཟླས་ཤིང་ཞེས་བྱ་བ་ཇི་སྲིད་འདོད་པར་བཟླས་པས་སོ།། འདི་སྐད་སྟོན་ཏེ། འདིར་ནི་བསྒོམ་པ་ཉིད་ལ་ཤིན
་ཏུ་འབོད་པར་བྱའི་བཟླས་བརྗོད་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཅི་དགར་བཟླས་ཤིང་ཞེས་གསུངས་སོ།། བསྒྲུབས་ཤིག་ཅེས་བྱ་བ་ནི་ནན་ཏན་དུ་བསྒྲུབ་པ་གྱིས་ཤིག་པའོ།། །། ད་ནི་སོ་སོར་རྟོགས་པར་བྱས་ནས་འཁོར་བའི་དངོས་པོ
་ལས་དང་ཉོན་མོངས་པའི་རྣམ་པར་སྨིན་པའི་གཟུགས་ཅན་གྱི་བདག་ཉིད་ཀྱི་དངོས་པོ་ངེས་པར་བཟློག་པར་རྣམ་པར་བསྒོམས་ནས་དོན་དམ་པ་སོ་སོར་རྟོགས་པས་རྒྱུ་མཐུན་པའི་བདག་གི་ངོ་བོར་རྣམ་པར་དག་པ་བསྒྲུབ་པའི་ཕྱིར་བདག་གིས་རྟོགས
་ཞེས་བྱ་བ་སྟོན་ཏེ། བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། རྟོགས་སོ་ཞེས་བྱ་བ་ནི་ཀུན་ནས་རྟོགས་ཤིང་ཇི་སྐད་བསྟན་པ་བཞིན་དུ་ཁོང་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ།། ད་ནི་རང་གིས་རྟོག་པའི་ཡེ་ཤེས་ཀྱི་ཚུལ་བསྟན་པར་བྱ་བའི་ཕྱིར་བདག་གི་སྙིང་ག
་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་གི་སྙིང་ནི་རང་གི་སེམས་ལ་བྱ་སྟེ་ཀུན་བཞི་རྣམ་པར་ཤེས་པ་ཡོངསུ་དག་ཅིང་གནས་གྱུར་པ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཚུལ་དུ་གྱུར་པ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་རང་གི་སེམས་དེ་ལ
་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་ཀྱི་ཚོགས་ཡོངས་སུ་བསགས་པ་དེ་ལ་གནས་པ་གཟུགས་ཀྱི་སྐུ་ཡོངས་སུ་དག་པའི་ས་བོན་དང་འདྲ་བར་ཤར་བ་ཙམ་གྱིས་སེམས་ཅན་གྱི་ཁམས་ཀྱི་རང་བཞིན་ཚིམ་པར་བྱེད་པའི
་རྣམ་པར་རྟོག་པའི་གཟུགས་དེ་གོང་ནས་གོང་དུ་རྣམ་པར་རྟོག་པའི་རྒྱུ་ནི་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཡིན་པས་ཟླ་བའི་དཀྱིལ་འཁོར་ལྟ་བུ་ཞེས་གསུངས་ཏེ་ཟླ་བའི་དཀྱིལ་འཁོར་དང་ཆ་འདྲ་བར་མཐོང་ངོ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་པ་སེམས་ལ་དབང
་ཐོབ་པ་རྣམས་ནི་བདག་དང་གཞན་ལ་བརྟེན་པའི་སྤྲུལ་པ་རྣམས་ཇི་ལྟར་འདོད་པར་འབྱིན་པར་འགྱུར་བར་དེ་བཞིན་གཤེགས་པ་རྣམས་སྟོན་པར་མཛད་པའི་ཕྱིར་རིགས་ཀྱི་བུ་སེམས་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ཞེས་བྱ་བ་ནི་ངན་པའི
་སྐྱེས་བུ་དང་འབྲེལ་པ་ཡོད་པར་ཞུ་བར་གྱུར་པས་ན་རིགས་ཏེ་རྒྱལ་རིགས་ལ་སོགས་པའོ།། དེ་གཙང་ཞིང་དག་པར་བྱེད་པ་ལ་འཁོར་བ་ལས་སྐྱོབ་པར་བྱེད་པའི་དོན་གྱིས་ན་བུ་སྟེ། རིགས་ཀྱི་བུ་ཡིན་བླ་ན་རིགས་ཀྱི་བུའོ།། སེམས་འདི་ནི་ཞེས་བྱ་བ་སེམས་འདིའོ།། །
་རང་བཞིན་གྱིས་འོད་གསལ་བ་ནི་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་ཤིན་ཏུ་འོད་གསལ་བས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། ངོ་བོ་ཉིད་ཀྱིས་དྲི་མ་མེད་པ་ཞེས་བྱ་བའི་དོན་ཏོ།། འདི་ནི་ཞེས་བྱ་བ་ནི་སེམས་དང་སྦྱར་རོ།། ཇི་ལྟར་སྦྱངས་པ་ཞེས་བྱ་ནི་རྣམ་པ་གང
་གིས་ཡོངས་སུ་སྦྱངས་ཤིང་གཞི་དང་འབྲེལ་པར་ཉེ་བར་སྦྱར་བ་སེམས་དེ་དེ་བཞིན་དུ་འགྱུར་ཏེ། གང་གི་གནས་ཇི་ལྟར་སྣང་བཞིན་དུ་སོ་སོར་སྣང་བ་འཛིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དོན་འདི་ཉིད་དཔེས་གསལ་བར་བྱ་བའི་ཕྱིར་དཔེར་ན་ཞེས
་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་ཞེས་བྱ་བའི་སྒྲ་ནི་དཔེ་སྟོན་པར་བྱེད་པའོ།། དཀར་པོ་ནི་རྣམ་པར་དག་པ་ལ་བྱ་སྟེ། དྲི་མ་དང་བྲལ་བའི་ཕྱིར་འདི་དང་མཐུན་པའི་དཔེ་རས་བསྟན་པ་ཡིན་ནོ།། དེ་བས་ན་ཇི་ལྟར་རས་རྣམ་པར་དག་པ་ལ་མཚོན་གང
་དོང་གང་ཡིན་པ་དང་ཕྲད་པར་གྱུར་པ་དེ་དང་དེ་ཉིད་དེར་ཤིན་ཏུ་གསལ་བར་འགྱུར་རོ།། དེ་བཞིན་དུ་ཉོན་མོངས་པའི་དྲི་མ་ཐམས་ཅད་དང་བྲལ་ཞིང་། རང་བཞིན་གྱིས་འོད་གསལ་བའི་སེམས་ལ་སྙིང་རྗེས་སེམས་ཅན་གྱི་དོན་བྱེད་པར་ནུས་ཏེ། ལུས་དང་ལོངས་སྤྱོད
་རྣམ་པར་དག་པ་ལ་སོགས་པ་གང་དང་གང་ལ་གཏོད་པ་དེ་དང་དེ་ཉིད་དེར་ཤིན་ཏུ་གསལ་བར་འགྱུར་ཏེ་འདི་ནི་དཔེ་བསྟན་པའི་དོན་ཡིན་ནོ།། བྱ་བ་ཡོངསུ་རྫོགས་པ་ལ་སླར་ཡང་ལུང་དབོག་པ་གཞན་ཡང་སྦྱིན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ
་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་ཏུའོ།། རང་བཞིན་གྱིས་འོད་གསལ་བའི་སེམས་ཞེས་བྱ་བ་ནི་སྔར་བསྟན་ཟིན་ཏོ།། དེའི་རྒྱས་པར་བྱ་བ་ནི་ཡོངས་སུ་རྫོགས་པ་སྟེ། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། དེ་ལ
་བྱང་ཆུབ་ཀྱི་སེམས་ནི་འདིར་བྱང་ཆུབ་སེམས་དཔའི་ས་བཅུའི་འབྲས་བུའི་རང་བཞིན་སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོའི་མཚན་ཉིད་ཅན་གྱི་སེམས་བསྐྱེད་པར་གྱུར་པ་སྟེ། བྱང་ཆུབ་ཀྱང་ཡིན་ལ་སེམས་ཀྱང་ཡིན་པས་ན་བྱང་ཆུབ་ཀྱི་སེམས་ཏེ། དེ་བསྐྱེད་པར་བྱ་བའི
་ཕྱིར་ལུང་དབོག་པ་སྩལ་བར་གྱུར་ལ། བྱང་ཆུབ་སེམས་དཔས་ཀྱང་བཅོམ་ལྡན་འདས་ཀྱིས་ལུང་ཕོག་པ་དེའི་རྗེས་ཐོགས་ཉིད་ལ་སེམས་དེ་ཡོངས་སུ་སྦྱངས་ཤིང་རྫོགས་པར་མཛད་ནས། ཉིད་ཀྱིས་ཐུགསུ་ཆུད་ཅིང་བསྐྱེད་པར་བརྗོད་པར་བྱ་བའི་ཕྱིར་ཟླ་བའི
་དཀྱིལ་འཁོར་ལྟ་བུ་ཞེས་བྱ་བ་ལ་སོགས་པའི་གཞུང་གི་ཚོགས་ཉེ་བར་དགོད་པ་ཡིན་ཏེ། ཟླ་བའི་དཀྱིལ་འཁོར་ལྟ་བུར་སེམས་གང་གསུངས་པ་དེ་ཟླ་བའི་དཀྱིལ་འཁོར་ཉིད་དུ་དེ་མཐོང་ངོ་ཞེས་བྱ་བ་ལ། སེམས་གང་ཆོས་གཅིག་པའི་ཟླ་བའི
་དཀྱིལ་འཁོར་ལྟ་བུར་སྣང་བ་དེར་ནི་བསྒོམས་པའི་སྟོབས་ཀྱིས་སྟོན་ཀའི་ཆོས་བཅོ་ལྔའི་ཟླ་བ་ལྟ་བུར་སོ་སོར་སྣང་ངོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དེ་ལ་ཐུགས་སུ་ཆུད་པ་བརྙེས་པོ་བསྒོ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས
་ཅད་ཅེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། སེམས་བསྐྱེད་པ་ཞེས་བྱ་བ་ནི་ཐུགས་སུ་ཆུད་པའི་མཚན་ཉིད་ལ་བྱའི། སོ་སོར་རྟོག་པའི
་མཚན་ཉིད་ཀྱང་མ་ཡིན་ལ་ཡང་དག་པར་བླངས་པ་དང་བརྡར་བཏགས་པ་ཡང་མ་ཡིན་ནོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་ཀུན་ཏུ་བཟང་པོ་ཞེས་གསུངས་པ་ཡིན་ཏེ། ཀུན་ནས་བཟོང་བ་ཉིད་ཡིན་པས་ན་ཀུན་ཏུ་བཟང་པོ་སྟེ། ཉོན་མོངས་པ་དང་ཤེས
་བྱའི་སྒྲིབ་པའི་དྲི་མ་དང་བྲལ་བ་ཞེས་བྱ་པའི་དོན་ཏོ།། མངོན་སུམ་དུ་གྱུར་གྱིས་ཞེས་བྱ་བ་ནི་མཚུངས་པོ་ཉིད་བརྙེས་པའོ།། གང་གི་ཕྱི་རོ་འདི་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་མཚུངས་པ་ཉིད་བརྙེས་པ་སྟེ་དེའི་ཕྱིར་ལེགས་པ་སྟེ། ཁྱད་པར་ཅན
་དུ་བསྒྲུབས་ཤིག་པ་སྟེ། ཉམས་སུ་ལོངས་ཤིག་པའོ།། ཅིའི་ཕྱིར་ལེགས་པར་བསྒྲུབས་ཤིག་ཅེས་ཕྱོགས་སྔ་མ་རྟོག་པ་ལ་དེ་བརྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་གསུངས་ཏེ། དེ་ཞེས་བྱ་བའི་བཤད་མ་ཐག་པའི་སེམས་བསྐྱེད་པ་སྟེ། བསྒོམ་པའི་རང་བཞིན
་ཅན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོའོ།། བརྟན་པར་བྱ་བ་ནི་འཁོར་བ་ཇི་སྲིད་པར་རྒྱུན་ཏུ་བཞག་པ་ལ་སྟེ། དེའི་ཕྱིར་རོ།། དེའི་རྒྱུད་རང་གི་སེམས་ཀྱི་སྣང་བ་ཡོངས་སུ་དག་པའི་བསོད་ནམས་ཀྱི་ཚོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་དབྱིབས་སུ་སོམས་ཤིག་ཅེས་བྱ་བ
་རང་གི་སྙིང་ཀ་སྟེ། རང་གི་སེམས་ལ་བསོད་ནམས་ཀྱི་ཚོགས་ཟླ་བའི་དཀྱིལ་འཁོར་གྱི་ངོ་བོ་ཉིད་དུ་གཟུང་བའི་ཆོས་ལ་ཡེ་ཤེས་ཀྱི་ཚོགས་ཡོངསུ་དག་པའི་རྡོ་རྗེའི་དབྱིབས་སུ་སོམས་ཤིག་ཅེས་པ་སྟེ་བསྒོམས་ཤིག་པའོ།། ཇི་ལྟར་བསྒོམ་པར་བྱ་ཞེས་ཕྱོགས་སྔ་མ
་རྟོག་པ་ལ་སྔགས་འདིས་ཞེས་བྱ་བ་གསུངས་སོ།། སླར་ཡང་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཐུགས་སུ་ཆུད་པར་བསྟན་པ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུང་ཇི་སྐད་དུ་ཕོག་པ་བཞིན་རྟོག་པའི་ཕྱིར་མཐོང་ངོ་ཞེས་གསུང་སོ།། ཐུགསུ་ཆུད
་པ་ད་དུང་དུ་ཡང་མ་རྫོགས་སོ་ཞེས་བསྟན་པའི་ཕྱིར་བརྟན་པར་གྱིས་ཤིག་ཅེས་བྱ་བ་གསུངས་ཏེ། འདིའི་བརྟན་པར་བྱ་བ་ནི་བདག་ཉིད་ཀྱི་ངོ་བོ་ཉིད་ཀྱི་ཚུལ་གྱིས་ལྷག་པར་མོས་པར་བྱའོ།། ཇི་ལྟར་བསྟན་པར་བྱ་ཞེས་འདིར་རྟོག་པ་ལ་སྔགས་འདིས་ཞེས་བྱ་བ་ལ་སོགས
་པ་གསུངས་སོ།། འདི་སྐད་བསྟན་ཏེ་བདག་གི་རྡོ་རྗེ་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་རྡོ་རྗེ་ཡིན་ནོ་ཞེས་པའོ།། རྡོ་རྗེ་བདག་ཉིད་ཅན་ལ་ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་རྣམས་རྡུལ་ཕྲ་རབ་འདུས་པའི་ངོ་བོ་ཉིད་ནི་བདག་གི་ངོ་བོ་ཉིད་ཡིན་ན། འདིར་ཇི
་ལྟར་ལུས་ཀྱི་རྒྱུ་མེད་པར་བདག་གིས་དངོས་པོ་འགྲུབ་པར་འགྱུར་ཞེས་ཕྱོགས་སྔ་མ་རྟོག་པ་ལ་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་འདས་མ་ཐག་པ་སྟེ། སྔགས་བཟླས་པའི་རྗེས་ཐོགས་ཉིད་ལའོ།། ནམ་མཁའི་དབྱིངས་ཐམས་ཅད
་དུ་ཡང་དག་པར་རྟོགས་པ་མཉམ་པར་འཇུག་པ་གང་ཡིན་པ་དེ་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པའོ།། དེ་ལྟ་བུ་སུ་ཞིག་ཡིན་ཞེས་རྣམ་པར་རྟོག་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས
་རྡོ་རྗེའི་དབྱིངས་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྤྲུལ་པའི་སྐུ་ཕྲ་མོ་རྣམས་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་སོ།། དེ་རྣམས་ཅི་ཞིག་ཏུ་གྱུར་ཅི་ན། སེམས་དཔའི་རྡོ་རྗེ་དེར་ཞུགས་ཞེས་བྱ་བ་གསུངས་སོ།། གང་གི་མཐུས་ཤེ་ན་དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒྲ་ནི་འདིར་མོ་བསྐྱོད་པ་ལ་སོགས་པ་བཞི་གཟུང་ངོ་།། བྱིན་གྱིས་རླབས་ནི་མཐུ་ལ་བྱ་སྟེ། དཔེར་ན་ཁབ་ལེན་གྱིས་ལྕགས་འདྲེན་པར་ནུས་པ་བཞིན་དུ་དེ
་རྣམས་དེར་ཞུགས་པར་མཛད་པའོ།། སེམས་དཔའ་ནི་ཀུན་ཏུ་བཟང་པོའི་ཐུགས་སོ།། དེའི་སྟེང་དུ་ཡེ་ཤེས་ཀྱི་རྡོ་རྗེ་ནི་རྡོ་རྗེ་སྟེ། སེམས་དཔའ་དང་རྡོ་རྗེ་ནི་སེམས་དཔའི་རྡོ་རྗེའོ།། དེ་ཡང་འདི་ནི་རྡོ་རྗེ་སེམས་མའི་ཕྱག་རྒྱ་སྟེ། འོག་ནས་བཤད་པའི་དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་རིགས་ཀྱི་ཡུམ་སྟེ། དེར་དེ་ལྟ་བུའི་གཟུགས་ཀྱིས་སེམས་དཔའི་རྡོ་རྗེར་ཞུགས་སོ།། ཡང་མངོན་པར་བྱང་ཆུབ་པའི་རིམ་པ་ནི་སྔགས་སྤྱད་པ་རྣམས་ཀྱི་རྗེསུ་མཐུན་པ་ཡིན་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ
་ཡིན་ཏེ། ཀུན་ཏུ་བཟང་པོའོ་སེམས་བསྐྱེད་པ་ནི་དཀྱིལ་འཁོར་དུ་ཞུགས་པའི་གནས་སུ་གྱུར་པ་ཡིན་ལ། དེའི་སྟེང་གི་རྡོ་རྗེ་ནི་རྡོ་རྗེའི་དབང་བསྐུར་བའི་གནས་སུ་གྱུར་པ་ཡིན་ནོ།། ད་ནི་རྡོ་རྗེའི་དབྱིངས་རྡོ་རྗེའི་དབྱིངས་ཞེས་མིང་གི་དབང་བསྐུར་བ་སྩོལ་བར་གྱུར་པ
་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཁམས་ནས་ཡོངསུ་གྱུར་པའི་རྡོ་རྗེའི་རྒྱུ་རྣམས་འདི་ཡིན་པས་ན་རྡོ་རྗེའི་དབྱིངས་ཞེས་བྱ་བའི་སྒྲ་ནི་རྒྱུའི་རྣམ་གྲངས་ཡིན་ནོ།། རྡོ་རྗེའི་དོན་ནི་བཤད་ཟིན་ཏོ།། རྡོ་རྗེས་མཚན་པའི་མིང་ནི
་རྡོ་རྗེའི་མིང་སྟེ། རྡོ་རྗེའི་མིང་དེའི་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའོ།། བླ་མའི་དྲིན་གྱིས་གཟི་བྱིན་བསྐྱེད་པ་དང་འབྲེལ་པའི་ཕྱིར་རིགས་ཀྱི་མཚན་མས་བྱང་ཆུབ་སེམས་དཔའ་ཆེན་པོ་དོན་ཐམས་ཅད་གྲུབ་པ་དེ་ཉིད་ལ་རྡོ་རྗེ་དབྱིངས་ཞེས
་བྱ་བའི་སླར་བཤད་དོ།། ད་ནི་འདི་ཉིད་ཀྱི་ཐུགས་སུ་ཆུད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ནི་བདག་ལགས་པར་མཐོང་ངོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡ
་དག་པར་སྡུད་པའི་གཟུགས་སུ་རང་གི་ལུས་མཐོང་ངོ་ཞེས་བྱ་བའི་དོན་ཏོ།། འདི་སྐད་སྟོན་ཏེ་རྡོ་རྗེའི་གཟུགས་སུ་ང་རྒྱལ་གྱིས་ཡོངས་སུ་གཟུང་བ་གང་ཡིན་པ་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པར་གྱུར་པས་དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་སྐུའི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་རྡོ་རྗེ་རྩེ་ལྔ་པ་ལས་མངོན་པར་བྱུང་བའི་རྡོ་རྗེ་སེམས་དྲཔའི་སྐུའི་གཟུགས་སུ་མཐོང་ངོ་ཞེས་པའོ།། གནས་ཡོངསུ་གྱུར་པ་ཡོངས་སུ་མ་རྫོགས་པས་ན་ཡང་ལུང་དཔོག་པ་རྩོལ་བར་མཛད་དེ། དེ་ལྟ་བས་ན་སེམས་དཔའ
་ཆེན་པོ་དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བས་ན་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་རྡུལ་ཕྲ་རབ་ཡང་དག་པར་བསགས་པའི་གཟུགས་ལས་རྡོ་རྗེ་སེམས་དཔའི་གཟུགས་གཅིག་པུར་མ
་གི་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་སེམས་ཅན་ཐམས་ཅད་ཀྱི་ལྟ་བར་བྱ་བའི་རང་བཞིན་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་པའི་སངས་རྒྱས་ཀྱི་སྐུ་གཅིག་པུར་ནི་མ་ཡིན་ནོ།། དེ་ལྟ་བས་ན་སེམས་དཔའི་རྡོ་རྗེ་དེ་རྣམ་པའི་མཆོག
་ཐམས་ཅད་དང་ལྡན་པར་བྱའོ།། རྣམ་པ་ཐམས་ཅད་དེ་མཚན་དང་དཔེ་བྱད་རྣམས་ནི་འཁོར་ལོས་སྒྱུར་བ་རྣམས་ལ་ཡང་ཡོད་པས་ན། དེ་ལས་ཁྱད་དུ་བྱ་བའི་ཕྱིར་མཆོག་ཅེས་བྱ་བ་སྨོས་ཏེ། མཆོག་ནི་དམ་པ་དེ་ཡུལ་ན་གནས་པ་དང་། གསལ་བ་དང་། རྫོགས
་པར་ལྡན་པ་ཡོངས་སུ་གཟུང་བའི་ཕྱིར་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱའོ།། དེ་ལྟར་གྱུར་པ་ལྟ་ཞིག་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེ་ན། སངས་རྒྱས་ཀྱི་སྐུར་ཞེས་བྱ་བ་གསུངས་སོ།། དེ་ལྟ་བུའི་སངས་རྒྱས་ཀྱི་སྐུ་མདུན་དུ
་བསྒོམ་དུ་ཡོད་དོ་ཞེ་ན། བདག་ཉིད་ཅེས་བྱ་བ་གསུངས་སོ།། བསྒོམས་ཤིག་ཅེས་བྱ་བ་ལྷག་པའི་མོས་པ་བསྟན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། ཡ་ཐ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཚན་དང་དཔེ་བྱད་རྣམས་ཀྱི་འ#
་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་བའི་སྐུ་རྒྱ་ཆེན་པོས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ཇི་ལྟ་བ་བདག་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་དུ་མངོན་པར་སངས་རྒྱས་ཤིང་ལྷག་པར་མོས
་པ་ངེས་ནས་བླ་མར་གྱུར་པའི་དེ་བཞིན་གཤེགས་པོ་དེ་རྣམས་ལ་ཕྱག་འཚལ་བ་ནི། འདི་ནི་ཀུན་ཏུ་བཟང་པོའི་ས་ལ་གནས་ཤིང་། དེ་རྣམས་ཀྱི་དབྱིངས་ལ་ཞུགས་པས་ན་ཕྱག་འཚལ་བར་སྟོན་པ་ཡིན་ནོ།། བོས་ནས་ཞེས་བྱ་བ་ནི་འབོད་པ་སྟེ། འདི་ཡང་ཕྱག
་འཚལ་བ་གཉིས་པ་ཡིན་ནོ།། ད་ནི་མ་འོངས་པའི་སྐྱེ་བོ་རྣམས་ལ་དགོངས་ནས་བྱིན་གྱིས་བརླབ་པར་གསོལ་བ་ཡིན་ཏེ། སེམས་ཅན་སེམས་རྣམ་པར་གཡེངས་པ་རྣམས་སངས་རྒྱས་ཀྱི་ཕྱག་རྒྱ་བསྒྲུབས་ནས་རྣམ་པར་རྟོག་པ་གཞན་དག་ལ་ཀུན་ཏུ
་སྤྱོད་པར་གྱུར་པས། དེ་ལྟ་བུའི་རྣམ་པར་ལྷག་པར་མོས་པ་བརྗོད་པའི་སློབ་དཔོན་དུ་གྱུར་པས། སློབ་མ་མངོན་པར་འདུ་བྱེད་པ་ནི་འགལ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་དེའི་ལུས་ལ་ཞུགས་ཤིང་བྱིན་གྱིས་བརླབས་ཏེ་ཡོངས་སུ་གཟུང་བར་བྱའོ།། བརྟན་པར
་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་བཟླ་བ་ནི་འོག་ནས་བཤད་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་འདིར་ཡེ་ཤེས་ཀྱི་སྐུའི་ངོ་བོ་ཉིད་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་བཞི་པོ་རྣམས་གཟུང་ངོ་།། གང་ཡང་སེམས་དཔའ་རྡོ་རྗེའི་གནས
་སྐབས་སུ་ཞུགས་པ་དེ་རྣམས་ནི་སྤྲུལ་པ་མཐའ་ཡས་པའི་རང་བཞིན་ནོ།། དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རང་བཞིན་ཆོས་ཀྱི་སྐུ་མངོན་སུམ་དུ་མཛད་པའི་ཕྱིར་རོ།། སེམས་དཔའ་རྡོ་རྗེ་དེར་ཞེས་བྱ་བ་ཐམས་ཅད་སྔར་གྱི་ཚུལ
་ལས་བལྟོས་ཏེ། སེམས་དཔའ་རྡོ་རྗེར་བརྟགས་པ་ཡིན་ནོ།། ཞུགས་ཞེས་བྱ་བ་ནི་སྙིང་ག་དང་། སྨིན་མཚམས་དང་ལྐོག་མ་དང་སྤྱི་བོ་རྣམས་སུ་ཞུགས་པ་སྟེ། འདི་དེའི་བྱིན་གྱིས་བརླབ་པའོ།། ང་ནི་དགོངས་པ་བརྙེས་པ་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ
་སྨོས་སོ།། དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་འདི་སྐད་སྟོན་པ་ཡིན་ཏེ། གང་གི་མིང་རྡོ་རྗེ་དབྱིངས་ཞེས་དབང་བསྐུར་བ་སྩོལ་བ་དེ་ནི་སྔོན་གྱི་སངས་རྒྱས་རྣམས་ཇི་ལྟར་གཤེགས་པ་དེ་བཞིན་དུ་གཤེགས་ཤིང་སངས་རྒྱས་པས་དེ་བཞིན་གཤེགས་པའོ།།
་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ན་ཞེས་བྱ་བ་ནི་ལུང་འབོགས་པའི་རྗེས་ཐོགས་ཉིད་ཡིན་གྱི་དུས་གཞན་པ་མ་ཡིན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོའི་སེམས་བསྐྱེད་པའོ།།
་དེ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། དེ་བརྙེས་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ནི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། ཟླ་བའི
་དཀྱིལ་འཁོར་གྱི་སྟེང་ན་གནས་པ་གང་ཡིན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡང་ཡིན་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་ཉིད་ནི་ཕྱག་རྒྱ་སྟེ། མཚན་མ
་ཡིན་པས་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། དེ་ཉིད་ནི་ཉན་ཐོས་དང་རང་སངས་རྒྱས་དང་གཞན་མུ་སྟེགས་པ་རྣམས་ཀྱིས་ཡོངསུ་མི་ཤེས་པས་ན་གསང་བའོ།། འདི་ཉིད་དམ་ཚིག་སྟེ། མངོན་པར་བྱང་ཆུབ་པའི་གནས་སྐབས་ཡིན་པ་དེར་ཞུགས
་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་གསང་བའི་དམ་ཚིག་ཏུ་ཞུགས་པ་ཞེས་བྱ་སྟེ། དེ་བརྙེས་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་མཉམ་པ་ཉིད་ན་དེ་བཞིན་གཤེགས་པའི་སྐུ
་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངསུ་ཞུགས་པ་དང་། རྡོ་རྗེའི་བདག་ཉིད་ཅན་ཉིད།། ཆོས་མཉམ་པ་ཉིད་ཁོ་ན་ནི་ཡེ་ཤེས་ཏེ། དེ་རྟོགས་པ་ནི་མངོན་སུམ་དུ་མཛད་པའོ།། ཡེ་ཤེས་རྟོགས་པ་དེས་ན་རང་བཞིན་གྱིས་དག་པ་ཉིད་ཡིན་ནོ།། འདི་སྐད་སྟོན་ཏེ། འདུས་བྱས
་ཀྱི་གྲོང་ཁྱེར་ཐམས་ཅད་འཇིག་པའི་མཚན་ཉིད་ཅན་སྟོང་པ་ཉིད་ཀྱི་རྡོ་རྗེའི་ངོ་བོ་ཉིད་ཀྱི་གློ་བུར་གྱི་དྲི་མ་རྣམས་དང་བྲལ་བར་གྱུར་པའི་ཕྱིར་རང་བཞིན་གྱིས་དག་པ་སྟེ། ངོ་བོ་ཉིད་ཀྱིས་དབེན་པ་ལ་གནས་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས
་ཅད་མཉམ་པ་ཉིད་ནི། ཇི་སྐད་དུ་བཤད་པའི་མཉམ་པ་ཉིད་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཉམ་པ་ཉིད་ཀྱིས་རང་བཞིན་གྱིས་འོད་གསལ་ཞིང་ཡེ་ཤེས་ཀྱི་འབྱུང་གནས་སུ་གྱུར་པ་ཡིན་ཏེ། རང་བཞིན་ཞེས་པ་ངོ་བོ་ཉིད
་ཀྱིས་འོད་གསལ་ཞིང་དྲི་མ་མེད་པ་སྟོང་པ་ཉིད་ཀྱི་ཡུལ་དང་ལྡན་པའི་ཡེ་ཤེས་ནི་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་སོ།། དེའི་འབྱུང་གནས་སུ་གྱུར་པ་ནི་སྐྱེད་པའི་གནསུ་གྱུར་པ་སྟེ། མཉམ་པ་ཉིད་བཞི་པ་བརྙེས་ཞེས་བྱ་བའི་དོན་ཏོ།། མཉམ་པ་ཉིད
་བཞི་པ་ནི་མཚན་དང་དཔེ་བྱད་ཀྱི་མཉམ་པ་ཉིད་དེ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་གང་བཤད་པའོ།། གང་གི་ཕྱིར་དེ་ལྟ་བུའི་ཡོན་ཏན་དང་ལྡན་པར་གྱུར་པ་དེའི་ཕྱིར་འདི་རྣམས་ཀྱི་རྣམ་གྲངས་ཀྱི་ཡུལ་དུ་གྱུར་པར་བསྟན་པའི་ཕྱིར་དེ་བཞིན
་གཤེགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་གྱི་སངས་རྒྱས་དེ་རྣམས་ཇི་ལྟར་གཤེགས་པ་དེ་བཞིན་དུ་གཤེགས་པ་སྟེ་སངས་རྒྱས་ཞེས་བྱ་བའི་དོན་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་གང་ལ་ཡང་དོན་གྱི་ཕྱོགས། གཅིག་གིས་དེ་བཞིན
་གཤེགས་པ་ཞེས་བྱ་བར་སྲིད་པས་དེའི་ཕྱིར་དགྲ་བཅོམ་པ་ཞེས་བྱ་བ་གསུངས་ཏེ། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་མཆོད་པར་འོས་པས་ན་དགྲ་བཅོམ་པའོ།། ཡང་ན་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་འོས་པ་ཡིན་པས་ན་དགྲ་བཅོམ
་པའོ།། བྱང་ཆུབ་སེམས་དཔའ་ས་བཅུའི་དབང་ཕྱུག་རྣམས་ཀྱང་ཕལ་ཆེར་འདོད་ཆགས་དང་བྲལ་བ་ཡིན་པས། དེ་རྣམས་ཀྱང་བཅོམ་པ་ཞེས་བྱ་བའི་ཚིག་གིས་བརྗོད་དུ་རུང་བས། དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས
་གསུངས་ཏེ། ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་ཀུན་ནས་རྫོགས་པར་སངས་རྒྱས་སུ་ཐུགསུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ།། གྱུར་ཏོ་ཞེས་བྱ་བ་ནི་འཁྲུངས་སོ་ཞེས་བྱ་བའི་དོན་ཏོ།།
་སྔར་མངོན་པར་རྫོགས་པར་སངས་རྒྱས་པའི་གནས་སྐབས་སུ་རྡོ་རྗེ་དབྱིངས་རྡོ་རྗེ་དབྱིངས་ཞེས་རྡོ་རྗེ་མིང་གི་དབང་བསྐུར་བས་དབང་བསྐུར་བར་གྱུར་པ་ཡིན་ལ། ད་ནི་སངས་རྒྱས་ཀྱི་རྣལ་འབྱོར་རྫོགས་ནས་བྱིན་གྱིས་བརླབས་པ་མཛད་དེ། སངས་རྒྱས་པའི
་གནས་སྐབས་སུ་ཡང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་བར་བསྟན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད
་པ་ལ་སོགས་པ་སྟེ། སྔར་དབང་བསྐུར་ཟིན་པའི་ཕྱིར་སླར་ཡང་དབང་བསྐུར་རོ་ཞེས་བྱ་བར་སྦྱར་རོ།། གང་ནས་བྱོན་ཅེ་ན་གང་དུ་སྔར་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའ་དེ་ལས་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས
་པ་ཐམས་ཅད་ཅེས་བྱ་བ་ནི། འདིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་གཟུང་ལ་སེམས་དཔའ་ཞེས་སྨོས་པ་ནི་ཀུན་ཏུ་བཟང་པོའི་སེམས་བསྐྱེད་པའོ།། རྡོ་རྗེ་སྨོས་པ་ནི་དེའི་སྟེང་ན་ཡོད་པའི་ཡེ་ཤེས་ཀྱི་རྡོ་རྗེའོ།། བྱུང་ནས་ཞེས་བྱ་བ་འཐོན་པའོ།། སངས་རྒྱས
་ལྔའི་ཅོད་པན་གྱིས་དབང་བསྐུར་བ་ཡིན་ནོ་ཞེ་ན། དེ་བསྟན་པའི་ཕྱིར་ན་མཁའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའ་ཉིད་སྙིང་པོ་སྟེ་སྐྱེ་བའི་གནས་ཡིན་པའི་ཕྱིར་ན་མཁའི་སྙིང་པོའོ།། ནམ་མཁའི་སྙིང་པོ་ཉིད་རིན་པོ་ཆེ་ཆེན་པོ་ཡིན་པས་ན་ནམ་མཁའི
་སྙིང་པོའི་ནོར་བུ་རིན་པོ་ཆེ་ཆེན་པོ་སྟེ་ནོར་བུའི་རང་བཞིན་གྱི་རིན་པོ་ཡིན་པས་ན་ནོར་བུ་རིན་པོ་ཆེའོ།། ནོར་བུ་རིན་པོ་ཆེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ནོར་བུ་རིན་པོ་ཆེ་ཆེན་པོ་སྟེ། དེས་དབང་བསྐུར་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བྱང
་ཆུབ་སེམས་དཔའི་གནས་སྐབས་སུ་ནི་སངས་རྒྱས་ལྔའི་དབུ་རྒྱན་རྒྱུར་གྱུར་པས་དབང་བསྐུར་བར་བསྟན་ལ། ད་ལྟར་སངས་རྒྱས་པའི་གནས་སྐབསུ་ནི་འབྲས་བུར་གྱུར་པ་ན་མཁའི་སྙིང་པོའི་ནོར་བུ་རིན་པོ་ཆེ་ཆེན་པོས་དབང་བསྐུར་བ་ནི་དེ་གཉི་ག
་བརྙེས་པར་སྟོན་པ་ཡིན་ཏེ། སངས་རྒྱས་ཀྱི་རྣལ་འབྱོར་བསྒྲུབས་པས་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་འོས་པ་ཉིད་དུ་བསྒྲུབས་པ་ཡིན་པའི་ཕྱིར་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་བྱིན་པ་ཡིན་ནོ།། ཆོས་ཀྱི་རྒྱལ་པོ་དེའི་ཆོས་ཀྱི་མཛོད
་གཏང་བར་བྱ་བའི་ཕྱིར་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐལ་པ་ཇི་ལྟ་བ་བཞིན་དུ་འདུལ་བའི་སེམས་ཅན་ལ་གཟིགས་པས་སྤྱན་རས་གཟིགས་སོ།། དེ་ལ་དབང་པོར་གྱུར་ཅིང་བདག་པོར་གྱུར་པས་ན་ཀུན་ཏུ
་སྤྱན་རས་གཟིགས་ཀྱི་དབང་པོའོ།། དེའི་ཆོས་རྣམས་ལ་མཁྱེན་པ་ནི་ཆོས་ཀྱི་ཡེ་ཤེས་ཏེ། ཐེག་པ་གསུམ་གྱི་རྣམ་པར་དབྱེ་བས་ཡོངསུ་གཅོད་པའོ།། དེ་སྐྱེད་པ་ནི་ཆོས་ཀྱི་མཛོད་གཏད་ཅེས་བྱ་བའི་དོན་ཏོ།། ད་ནི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་བརྙས་ཤིང
་ཆོས་ཀྱི་མཛོད་ཤིན་ཏུ་ཐུགས་སུ་ཆུད་ནས། མཆོད་པའི་བྱ་བ་རྫོགས་པར་བྱ་བ་ལ་སྦྱར་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཚོགས་མ་ལུས་པ
་མཐའ་དག་གི་དོན་གྱི་ལས་མཛད་པ་ནི་ཐམས་ཅད་ཀྱི་ཕྲིན་ལས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་དེ་དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ཉིད་དོ།། དེ་ལ་བཞག་ནས་ཞེས་བྱ་བ་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱི་གོ་འཕང་ཐོབ་པར་མཛད་ནས་ཞེས་བྱ་བའི་དོན་ཏོ།། ད་ནི་གནས་དང་གདན་གང་ལ་བཞུགས་ནས་དེའི་ཕྲིན་ལས་དེ་བསྟན་པར་བྱ་བའི་ཕྱིར
་རིརབ་ཀྱི་རྩེ་མོ་གང་ན་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོག་མིན་གྱི་གནས་སུ་སྔོན་གྱི་དུས་སུ་བྱ་བ་རྣམས་མཛད་ནས་ཆོས་ཀྱི་རྒྱལ་པོའི་སེང་གེའི་གདན་ལ་བཞུགས་པར་བྱ་བའི་ཕྱིར་འོག་མིན་ནས་རི་རབ་ཏུ་གཤེགས་སོ་ཞེས་བྱ་བའི་དོན་ཏོ།།
་རྡོ་རྗེ་རྣམས་དང་ནོར་བུ་རྣམས་དང་རིན་པོ་ཆེ་རྣམས་ནི། རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་སྟེ། རྡོ་རྗེ་ནི་ནོར་བུ་རྡོ་རྗེའོ།། ནོར་བུ་ནི་ཡིད་བཞིན་གྱི་ནོར་བུའོ།། རིན་པོ་ཆེ་ནི་པདྨ་རཱ་ག་ལ་སོགས་པ་སྟེ། དེ་རྣམས་ཀྱི་རྩེ་མོ་བརྒྱན་པའི་ཁང་བུ་བརྩེགས་པ་དེ་ནི་ཁང་བུ
་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པ་སྟེ། ཁང་བུ་བརྩེགས་པ་ནི་ཁང་བཟང་ལ་བྱའོ།། གཤེགས་པ་ནི་བཞུད་པའོ།། དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁོངསུ་གཏོགས་པ་དང་།
་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་བྱང་ཆུབ་པ་མཚུངས་པ་ཉིད་ཀྱི་ཕྱིར་དང་། ཚོགས་དང་ཆོས་ཀྱི་སྐུ་མཚུངས་པར་དེ་བཞིན་གཤེགས་པ་ཐམས་ཅད་དེ་སྔར་གྱི་དེ་བཞིན་གཤེགས་པ་རྣམས་དང་རྒྱུ་གཅིག་པའི་ངོ་བོ་ཉིད་ཀྱི་བྱིན་གྱིས་བརླབས
་ལ། ད་ལྟར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་དང་རྒྱུད་ལ་ཐ་དད་པར་བྱིན་གྱིས་བརླབས་ཤིང་། དེའི་ཚུལ་གྱིས་བརྟན་པར་བྱས་ཤེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ལ་བཞུགས་པར་འོས་ཏེ། དེ
་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་སེང་གེ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེ་སྟེ། སེམས་ཅན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དོན་གྱིས་སོ།། དེ་རྣམས་ཀྱི་གདན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེངྒེའི
་གདན་ནོ།། ཡང་ན་སེང་གེས་མཚན་པའི་གདན་སེང་གེའི་གདན་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ནོ།། ཞལ་ཀུན་ཏུ་བསྟན་པ་ནི་ཞལ་བཞི་པའོ།། བཞག་པར་གྱུར་ཏོ
་ཞེས་བྱ་བ་ནི་འཇོག་པའོ།། དེ་བཞིན་གཤེགས་པ་རྡོ་རྗེ་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་དུ་བཞག་ནས། དེ་བཞིན་གཤེགས་པ་དེ་རྣམས་རང་ཉིད་ཅི་ཞིག་མཛད་ཅིང་མཚན་ཇི་སྐད་བཏགས་ཤེ་མ་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས
་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ།། མཚན་ཇི་སྐད་བྱ་ཞེ་ཇི་སྐད་དུ་སྨྲས་པ་དེ་ལ་དེ་བཞིན་གཤེགས་པ་མི་བསྐྱོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གསུམ་རྣམ་པར་འཇིག་ཏུ་ཟིན་ཀྱང་། འདི་ལ
་གཡོ་བ་ཅུང་ཟད་ཀྱང་མི་མངའ་བས་མི་བསྐྱོད་པའོ།། འདི་ལས་རིན་པོ་ཆེ་རྣམས་འབྱུང་བས་ན་རིན་ཆེན་འབྱུང་བ་ཞེས་བྱ་སྟེ། ཕྱག་རྒྱ་ལ་སོགས་པ་རིན་པོ་ཆེ་རྣམས་དེ་ལས་འབྱུང་བའི་ཕྱིར་རོ།། སྤྱན་རས་གཟིགས་ཀྱི་དབང་པོ
་རྒྱལ་པོ་ཡིན་པས་ན་སྤྱན་རས་གཟིགས་དབང་པོའི་རྒྱལ་པོ་སྟེ། དེའི་མགོ་ལ་བཞུགས་པའི་ཕྱིར་རོ།། བསམ་པ་ཙམ་གྱིས་དོན་ཡོད་ཅིང་གདོན་མི་ཟ་བར་དོན་ཐམས་ཅད་གྲུབ་པ་འདི་ལ་མངའ་བས་ན་གདོན་མི་ཟ་བར་གྲུབ་པའོ།། མངོན་པར་རྫོགས
་པར་སངས་རྒྱས་པའི་དེ་བཞིན་གཤེགས་པ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ནི་ཡེ་ཤེས་བཞིའི་རང་བཞིན་ཅན་ཏེ། ཐམས་ཅད་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ནི་མི་བསྐྱོད་པ་སྟེ། མར་མེའི་འོད་དང་འདྲ་བར་གདུལ་བྱ་རྣམས་ཀྱི་རྒྱུད་ལ་ཅིག་ཅར་སྣང་བ
་ཡིན་ནོ།། དེ་བཞིན་དུ་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་རིན་ཆེན་འབྱུང་བ་ཉིད་དུ་སྣང་ངོ་།། དེ་བཞིན་དུ་སོ་སོར་རྟོགས་པའི་ཡེ་ཤེས་ནི་སྣང་བ་མཐའ་ཡས་ཉིད་དུའོ།། བྱ་བ་བསྒྲུབ་པའི་ཡེ་ཤེས་ནི་གདོན་མི་ཟ་བ་ཉིད་དུ་སྣང་ངོ་།། དེ་ལྟ་བས་ན་དེར་དེ་བཞིན་གཤེགས།
་པ་ཐམས་ཅད་དུ་སོ་སོ་ནས་བདག་ཉིད་བྱིན་གྱིས་བརླབས་ཏེ་ཞེས་བྱ་བའི་གཞུང་གིས་སྟོན་པ་ཡིན་ནོ།། བདག་ཉིད་ཅེས་སྨོས་པ་ནི་སྔར་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་དེ་རྣམས་བདག་ཉིད་ཀྱིས་བྱིན་གྱིས་རློབ་པ་ལ་སོགས་པ་མཛད་དོ།།
་ཞེས་བསྟན་པར་བྱ་བའི་ཕྱིར་ཡིན་ལ། གོང་ཡང་བཟོད་མངོན་པར་སངས་རྒྱས་པ་རྣམས་ལ་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པ་ལ་སོགས་པ་མཛད་དོ་ཞེས་སྟོན་པ་ཡིན་ནོ།། བདག་ཉིད་ཅེས་བྱ་བ་ནི་རང་ཉིད་ཀྱི་རྒྱུད་ཅེས་བྱ་བའི་དོན
་ཏོ། བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་ལ་སོགས་པ་མཛད་པའོ།། ད་ནི་རིགས་དང་འབྲེལ་པས་བྱང་ཆུབ་པ་འདི་མཛད་པ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བ་ལ་སོགས་གསུངས་ཏེ། ཤཱཀྱ་རྣམས་ཀྱི་ནང་ན་ཐུབ་པ
་ཡིན་པས་ན་ཤཱཀྱ་ཐུབ་པའོ།། ཡང་ན་སྐུ་དང་གསུང་དང་ཐུགས་ཐུབ་པ་དང་ལྡན་པས་ན་ཐུབ་པའོ།། ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ནི་དེ་བཞིན་ཉིད་དེ། དངོས་པོ་ཐམས་ཅད་སྟོང་པ་ཉིད་དོ།། རབ་ཏུ་རྟོག་པ་ཞེས་བྱ་བ་ནི་ཐུགས་སུ་ཆུད་པ་སྟེ། ཤིན་ཏུ་རྟོགས
་པས་ན་རབ་ཏུ་རྟོགས་པའོ།། ཕྱོགས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ནི་ཕྱོགས་ཐམས་ཅད་མཚུངས་པ་ཉིད་དེ། དེ་ལ་དམིགས་པ་ནི་ལྷག་པར་མོས་པའོ།། ཕྱོགས་བཞིར་བཞུགས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་བཞུགས
་ཞེས་བྱ་བའི་དོན་ཏོ།། ཡང་ན་རི་རབ་ཀྱི་ངོས་ལ་ཉི་མ་ཤར་བ་དང་ནུབ་པས་ཕྱོགས་ཀྱི་ཆ་རྣམ་པར་བཞག་པ་ཡིན་ལ། འཆར་བ་དང་ནུབ་པ་དེ་ཡང་ངོས་ཐམས་ཅད་ལ་ཡོད་པས་ན་ཀུན་རྫོབ་ཏུ་ཡང་ཕྱོགས་ཐམས་ཅད་མཉམ་པ་ཡིན་ནོ།། ད་ནི་དེ་ནས་ཞེས་བྱ
་བ་ལ་སོགས་པས་བསྔགས་སྤྱོད་པའི་ཚུལ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནུས་ཤིང་དགོས་པ་རྣམས་ཡོངས་སུ་རྫོགས་པ་ཉིད་དུ་སྟོན་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ནི་མངོན་པར་རྫོགས་པར་སངས་རྒྱས་མ་ཐག
་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀུན་ཏུ་བཟང་པོ་ནི་ཀུན་ཏུ་བཟང་པོའི་ཐུགས་མངའ་བ་སྟེ། འདིས་ནི་དམ་ཚིག་མཁྱེན་པ་ཉིད་དུ་སྟོན་ཏོ།། དམ་ཚིག་མཁྱེན་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཇི་སྐད་དུ་བཤད་པའི་དབང་བསྐུར་བ་བརྙེས
་པར་ཡང་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ན་མཁའ་ལས་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་དང་ཞེས་བྱ་བ་ལ།
་སོགས་པ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཆེན་པོའི་དབང་ཕྱུག་ཉིད་དུ་སྟོན་སྟེ། ཆོས་རྣམས་མཁྱེན་པའི་ཡེ་ཤེས་ནི་ཆོས་ཀྱི་ཡེ་ཤེས་སོ།། དམ་པའི་ཕ་རོལ་ཏུ་ཕྱིན་ཅེས་བྱ་བ་ལ་དམ་པ་ནི་མཆོག་སྟེ། དེ་ལས་ཕ་རོལ་ན་དག་པ་མེད་པ་ནི།
་ཕྱིར་དམ་པའོ།། དམ་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པས་ན། དམ་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཀྱི་ཡེ་ཤེས་ཉིད་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་ན། ཆོས་ཀྱི་ཡེ་ཤེས་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ཐོབ་པ་ནི་ཆོས་ཀྱི
་ཡེ་ཤེས་དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པའོ།། དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་མཛད་པས་ན་ཕྲིན་ལས་ཐམས་ཅད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་ངོ་བོ་ཉིད་དུ་གྱུར་པས་ན། ཕྲིན་ལས
་ཐམས་ཅད་ཉིད་དོ།། དེའི་གདོན་མི་ཟ་བ་ནི་དོན་ཡོད་ཅིང་ཐོག་པ་མེད་ལ་ཟློག་ཏུ་མེད་པར་སྟོན་ཅིང་འཆད་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཐམས་ཅད་ཉིད་གདོན་མི་ཟ་ཞིང་ཐོགས་པ་མེད་པར་སྟོན་པ་སྟེ། འདིས་ནི་ལས
་ཐམས་ཅད་གྲུབ་པར་སྟོན་ཏེ། ཉིད་ཀྱི་རྒྱུད་སྦྱངས་པའི་རིམ་པ་ནི་གཞན་གྱི་དོན་བྱ་བའི་ཐབས་ཀྱི་མཐར་ཐུག་པ་ཡིན་པས་ན་དགོངས་པ་ཡོངས་སུ་རྫོགས་པའོ།། ཡུན་རིང་མོ་ཞིག་ཏུ་དོན་དུ་གཉེར་བའི་གཞན་གྱི་དོན་མཛད་པར་སྤྱོད་པ་ཤིན་ཏུ་བརྙེས་པ་ན
་ཡོད་ཀྱི་བསམ་པའོ་ཅོག་རྫོགས་པ་སྟེ། སྔར་འདི་ལ་དེ་བཞིན་གཤེགས་པ་རྣམས་ཀྱི་ངོ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་བརླབས་པ་ནི་དགོངས་པ་མ་རྫོགས་པ་ཡིན་ལ། དེ་ནི་དེ་རྣམས་དང་ལྷན་ཅིག་མཚུངས་པ་ཉིད་བརྙེས་པས་ན་དེ་བཞིན
་གཤེགས་པ་ཐམས་ཅད་དུ་བདག་ཉིད་བདག་ཉིད་ཀྱིས་བྱིན་གྱིས་བརླབས་སོ་ཞེས་གསུངས་པ་ཡིན་ནོ།། གང་ལ་ཞེ་ན། བདག་ཉིད་དེ་ཉིད་ཀྱི་རྒྱུལ་ཞེས་བྱ་བའི་དོན་ཏོ།། བྱིན་གྱིས་བརླབས་ནས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་པ་ལ་སོགས་པ་མཛད
་པའོ།། འདིར་བྱིན་གྱིས་བརླབས་པ་ཙམ་འབའ་ཞིག་ཏུ་སྨོས་སུ་ཟིན་ཀྱང་། དེ་བཞིན་དུ་དབང་བསྐུར་བ་ལ་སོགས་པ་ཡང་མཛད་པར་བལྟ་བར་བྱ་སྟེ། བྱིན་གྱིས་བརླབས་ནས་ཞེས་བྱ་བའི་ཚིག་ནི་མཚོན་པ་ཙམ་དུ་བསྟན་པའི་ཕྱིར་རོ།། སྔར་དེ
་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཟིན་ན། བདག་ཉིད་ཀྱིས་བྱིན་གྱིས་བརླབས་པ་འདི་ཅི་ཞིག་དགོས་ཏེ། ཧ་ཅང་ཐལ་ཆེས་སོ་ཞེས་བྱ་བའི་དོག་པ་བསལ་བའི་ཕྱིར་ལོན་བརྗོད་པར་བྱ་སྟེ། ལེ་ལོས་ཉེ་བར་བཅོམ་པ་འགའ་ཞིག་བདག
་ནི་དཀྱིལ་འཁོར་དུ་འཇུག་པའི་ཚེ་སློབ་དཔོན་གྱིས་བྱིན་གྱིས་བརླབ་ལ་སོགས་པོ་བྱས་ཟིན་ཏོ།། སྙམ་ནས་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་མེད་པར་ཇི་སྲིད་འཚོའི་བར་དུ་དཀྱིལ་འཁོར་ལ་སོགས་པའི་ལས་བྱེད་པར་མ་གྱུར་ཅིག་སྙམ་དུ
་དགོངས་པ་ཡིན་ནོ།། ད་ནི་དེ་གང་གི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་སེང་གེའི་གདན་ལ་བཞག་པ་དེའི་དོན་བསྒྲུབ་པ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ
་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་དབང་པོ
་ཞེས་བྱའོ།། དེའི་དམ་ཚིག་ནི་སྙིང་པོ་དང་རྡོ་རྗེ་དང་ཕྱག་རྒྱ་དང་ཕྱག་རྒྱ་ཆེན་པོ་དང་། དཀྱིལ་འཁོར་ལ་སོགས་པའི་མཚན་ཉིད་དོ།། དེའི་འབྱུང་བ་ནི་གང་གི་ཕྱིར་སེམས་དཔའ་སྟེ། སེམས་ལས་དེ་བྱིན་གྱིས་བརླབ་ཅིང་། དེ་བསྟན་པར་བྱ་བའི་ཕྱིར་ཏིང་ངེ་འཛིན
་གང་། རྡོ་རྗེ་ཞེས་བྱ་བའི་ཏིང་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་དུ་མཛད་ནས་འདི་ཞེས་བྱ་བ་ལ་ཐུག་ལ་གནས་པའོ།། དེ་ཅི་ཞིག་ཅེ་ན། སྙིང་པོར།། ཅི་ཞིག་མཛད་ཅེ་ན། ཕྱུང་ངོ་ཞེས་བྱ་བའོ།། མིང་ཇི་སྐད་དུ་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ནི་འདིས་འགྲོ་བས་ན་ཐེག་པ་སྟེ། བྱང་ཆུབ་སེམས་དཔའ་ས་བཅུའོ།། འགྱོད་པར་བྱ་བ་ཡིན་པས་ནཱ་ཐེག་པ་སྟེ། ས་བཅུ་གཅིག་པ་སངས་རྒྱས
་ཀྱིས་ཀུན་ཏུ་བཟང་པོའོ།། ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པས་ན་ཐེག་པ་ཆེན་པོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ།། ཐེག་པ་ཆེན་པོ་དེ་མངོན་པར་རྟོགས་པ་ནི་རྡོ་རྗེ་དང་འདྲ་བའི་སེམས་ཀྱིས་ཐུགས་སུ་ཆུད་པ་སྟེ། དེ་སྟོན་པར
་བྱེད་པའི་སྙིང་པོ་དེ་ལ་ཡང་མིང་དེ་སྐད་ཅེས་བྱའོ།། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་སྙིང་པོའོ།། གང་ལ་ཕྱུང་ཞེ་ན། རང་གི་ཐུགས་ཀ་ལས་ཏེ། སྔགས
་ཀྱི་སྒོ་ནས་ཇི་ལྟ་བ་བཞིན་སྤྱོད་ཅིང་བཤད་མ་ཐག་པའི་ཏིང་ངེ་འཛིན་ལ་གནས་ནས་སྙིང་པོ་འདིས་ཕྱག་རྒྱ་རྫོགས་པར་བྱའོ།། ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བའི་སྒྲ་ནི་འབྲེལ་པ་སྟོན་པ
་ཡིན་ཏེ། འདྲིར་རྒྱུད་ཀྱི་བོདག་པོ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡིན་པར་བཤད་ལ། དེའི་བྱ་བ་ནན་ཏན་དུ་བསྒྲུབ་པ་ནི་བདག་ཉིད་མཛད་པར་མི་རིགས་པས་ན་སྙིང་པོ་འདིས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་བསྐུལ་བ་ཡིན་ནོ།།
་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་བཞུགས་སོ་ཞེས་སྔར་བསྟན་པ་ཡིན་ནོ།། དེ་གཉིས་ཀྱིས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་མ་ཐག་པ་འདི་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཉིད་ཞེས་བྱ་བ
་གསུངས་སོ།། འདིར་རྣམ་པ་གང་གི་བྱུང་ཞེས་རྟོག་པ་ལ། ཟླ་བའི་དཀྱིལ་འཁོར་དུ་གྱུར་ནས་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱེད་པ་ལ་སོགས་པ་བཞི་གཟུང་ལ། རེ་རེ་ལས་ཀྱང་ཟླ་བའི་དཀྱིལ་འཁོར
་རང་ནི་རིགས་པ་དང་འབྲེལ་པ་བྱུང་སྟེ། གང་གི་ཕྱིར་དེའི་གཟུགས་སྣ་ཚོགས་པ་ཉིད་དུ་འབྱུང་བས་ན། དེའི་ཕྱིར་ཟླ་བའི་དཀྱིལ་འཁོར་རྣམས་སུ་གྱུར་ཏོ་ཞེས་ཁྱད་པར་མེད་པར་གསུངས་པ་ཡིན་ཏེ། གང་གི་ཕྱིར་རྒྱུད་འདིའི་དོན་ཐམས་ཅད་ཀྱི་རྩ་བ
་འཛིན་ཡིན་ལ། དེ་ཡང་དམིགས་པ་དང་བཅས་པ་ཡིན་ནོ།། དེའི་དམིགས་པ་ཡང་ཟླ་བའི་དཀྱིལ་འཁོར་ཡིན་ཏེ་གང་གི་ཕྱིར་ཏིང་འཛིན་ལ་གནས་པའི་རྣལ་འབྱོར་པ་ལ་ཏིང་ངེ་འཛིན་བསྒོམ་པའི་མཐུས་ཟླ་བའི་དཀྱིལ་འཁོར་ཤིན་ཏུ་རྣམ་པར་དག
་བ་ལས་གང་དང་གང་འདོད་པ་དེ་དང་དེ་ཉིད་དེ་བཞིན་དུ་མཐོང་ཞིང་གཞན་ལ་ཡང་སྟོན་ཏོ།། དེ་བས་ན་འདི་ནི་བུམ་པ་བཟང་པོའི་གནས་ལྟ་བུ་ཡིན་ཏེ། དེའི་ཕྱིར་འདི་དང་པོ་ཁོ་ནར་བསྟན་པ་ཡིན་ནོ།། དེ་བས་ན་རྒྱུད་འདི་ལ་ཡང
་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་བ་ཡིན་ནོ།། དེ་ལས་བྱུང་ནས་དེ་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལ་ལྟོས་ན་བྱང་ཆུབ་ཆེན་པོ་ལ་སེམས་དཔས་ན་བྱང
་ཆུབ་ཀྱི་སེམས་ཆེན་པོའོ།། དེ་ཡང་དག་པར་སྦྱངས་པ་ནི་ལེགས་པར་སྦྱངས་ཤིང་ཡང་དག་པར་རབ་ཏུ་སྦྱངས་ནས་དྲི་མ་མེད་པར་བྱས་ཞེས་བྱ་བའི་དོན་ཏོ།། སེམས་ཅན་རྣམས་ཀྱི་བྱང་ཆུབོ་ཆེན་པོ་ཇི་ལྟར་སྦྱངས་ཤེ་ན། བསྐལ་པ་ཇི་ལྟ་བ་བཞིན
་དུ་སེམས་ཅན་རྣམས་ཀྱི་སྙིང་གའི་གནས་སུ་ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་གཟུགས་སུ་རང་གི་གཟུགས་བརྙན་རབ་ཏུ་སྟོན་པར་མཛད་པའོ།། བྱང་ཆུབ་ཀྱི་སེམས་སྦྱངས་པ་དེའི་རྗེ་ས་ལ་ཅི་ཞིག་མཛད་ཅེ་ན། དེའི་ཕྱིར་དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནི་འདིར་དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ལྔ་རྣམས་ཏེ། དེ་རྣམས་ཀྱི་ཕྱོགས་ཕྱོགས་སུ་སྟེ་ཕྱོགས་བཞིར་འཁོད་ཅིང་གནས་པའོ།། ད་ནི
་ཕྱག་རྒྱ་རྣམས་ཀྱི་མི་ཕྱེད་པ་རྣམས་འབྱེད་པར་མཛད་པའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྨོས་ཏེ། དེ་དག་ལས་ཀྱང་ཞེས་བྱ་བ་ནི་སྔར་བཤད་པ་རྣམས་རྡོ་རྗེ་རྣམསུ་བྱུང་བའོ།། ཅི་ཞིག་གི་ངོ་བོ་ཉིད་དུ་ཞེ
་ན། ཡེ་ཤེས་ཀྱི་ངོ་བོ་ཉིད་དོ་ཞེས་སྟོན་ཏོ།། གང་དུ་སོང་ཞེས་རྣམ་པར་རྟོག་པ་ལ་ཐུགས་སུ་ཞུགས་སོ་ཞེས་གསུངས་ཏེ། དེའི་ཐུགས་ནི་ཕྱག་རྒྱ་རྫོགས་པའི་གནས་ཡིན་པའི་ཕྱིར་རོ།། ཞུགས་ན་ཅིར་འགྱུར་ཅེ་ན། གཅིག་ཏུ་འདྲེས་པར་གྱུར་ནས་ཞེས
་བྱ་བ་དང་སྦྱར་རོ།། ཇི་ལྟར་ན་མང་པོ་གཅིག་ཏུ་གྱུར་ཅེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རབ་ཏུ་བརྟན་པའི་ཕྱིར་ཤིན་ཏུ་བརྟན་པ་སྟེ་བསྒོམ་པ་རབ་ཀྱི་མཐར་ཕྱིན་པའོ།། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་ནུ་ཤིན
་ཏུ་བརྟན་པོ་ཉིད་དེ། དེའི་ཕྱིར་ཤིན་ཏུ་བརྟུན་པ་ཉིད་ཅེས་བྱའོ།། ཅི་ཤིན་ཏུ་བརྟན་པ་ཉིད་ཁོ་ནས་གཅིག་ཏུ་འདྲིས་པར་གྱུར་ཏམ། འོན་ཏེ་མ་ཡིན་ཞེ་ན། བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ་གསུངས་ཏེ། བྱིན་གྱིས་བརླབས་ནི་སྔོན་གྱི་སྨོན་ལམ་གྱིས་ཡེ་ཤེས་ཏེ།
་གང་འདི་འདི་ལྟར་གྱུར་ཅིག་ཅེས་དགོངས་ནས་སྙོམས་པར་ཞུགས་པ་ན་དེའི་དེ་དེ་བཞིན་དུ་འགྱུར་བས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་སོ།། གཅིག་ཏུ་ཞེས་པ་ནི་མང་པོ་མ་ཡིན་པའོ།། འདྲེས་པའི་སྒྲ་ནི་བརྟན་པར་གྱུར
་པ་སྟེ། གཅིག་ཏུ་བརྟན་པ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་དེ་ཚད་ཇི་ཙམ་དུ་བྱུང་ཞེ་ན། ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན་པའི་ཕྱིར། སྤྲོ་བ་སྟོན་པ་ཡིན་པས་ན་མཁའི་ཁམས་ཐམས་ཅད་ཀྱི་ཚད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའི་ཁམས
་ཐམས་ཅད་ཀྱི་ཚད་དང་མཉམ་པོར་འཇུག་པ་ཞེས་བྱ་བ་ལ་ཀུན་ནས་འཇུག་པས་ན་མཉམ་པར་འཇུག་པ་སྟེ། ཐམས་ཅད་དུ་སོང་བ་ཞེས་བྱ་བའི་དོན་ཏོ།། འདིའི་མཐུ་ཇི་ལྟ་བུ་ཞེ་ན། འོད་ཟེར་གྱི་ཕྲེང་བ་ཅན་ཞེས་བྱ་བ་གསུངས་ཏེ། འོད་ཟེར་རྣམས་ཀྱི་ཕྲེང
་བ་འཕྲོ་བས་ན་འོད་ཀྱི་ཕྲེང་བའོ།། དེ་འདི་ལ་ཡོད་པས་ན་འོད་ཟེར་གྱི་ཕྲེང་བ་ཅན་ནོ།། རྩེ་མོ་དུ་དང་ལྡན་ཞེ་ན། རྩེ་མོ་ལྔ་པ་ཞེས་བྱ་བ་གསུངས་ཏེ། རྩེ་ལྔ་པ་ཞེས་བྱ་བའི་དོན་ཏོ།། ཅི་ཞིག་གི་ངོ་བོ་ཉིད་ཅེ་ན། དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་གྱི་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཉིད་རྡོ་རྗེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་སྟེ།
་དེའི་རང་བཞིན་ནི་ངོ་བོ་ཉིད་དོ།། དེའི་ངོ་བོ་ཉིད་གང་ཞིག་ཡིན་ཞེ་ན། རྡོ་རྗེའི་དབྱིབས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་དབྱིབས་ནི་རྡོ་རྗེའི་གཟུགས་སོ།། དེ་ལྟ་བུའི་རྡོ་རྗེའི་དབྱིབས་སུ་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་སྟེ་ཕྱུག
་གཉིས་སུ་གནས་སོ་ཞེས་བྱ་བ་འདིའི་དོན་གྱིས་ན་སྤྲོ་བ་དང་བསྡུ་བ་མཛད་ནས་ཞེས་སྟོན་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྟ་བུ་ནི་རྡོ་རྗེ་དང་འདྲ་བའོ།། གཟུགས་སྣ་ཚོགས་པ་ནི་དབྱིབས་སྣ་ཚོགས་པའོ།། ཁ་སྣ་ཚོགས་པ་ནི་སྔོན་པོ་ལ
་སོགས་པའི་ཁ་དོག་སྟེ། དེ་ཡང་སྣ་ཚོགས་པ་ནི་སྣ་ཚོགས་པའི་གཟུགས་ཅན་ཡིན་པའི་ཕྱིར་རོ།། དེ་ལྟར་བྱུང་པོའི་འོད་ཟེར་དེ་རྣམས་ཇི་སྲིད་ཅིག་གི་མཐར་འབྱུང་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བས་ཁྱབ་པར་བྱེད་པར་འབྱུང་ངོ་ངོ་ཞེ
་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྣང་བ་ནི་ཁྱབ་པ་སྟེ། དེ་ལྟ་བུ་ཡིན་པས་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བས་ཁྱབ་པར་བྱེད་པ་སྟེ། སྣང་བ་ནི་གསལ་བར་བྱེད་པའོ།། ཁྱབ་པ་ནི་ཀུན་ཏུ་ཁྱབ་པའོ།། འོད་ཟེར་དེ་དག་གི
་རྩེ་མོ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་སྙེད་ཀྱི་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་སྙེད་དོ།། ཆོས་ཀྱི་དབྱིངས་སྨོས་པ་ནི་འཇིག་རྟེན་ལས་འདས་པའི་དཔེ་ཡིན་ནོ།། ནམ་མཁའི་ཁམས
་སྨོས་པས་ནི་འཇིག་རྟེན་པའི་དཔེ་ཡིན་ཏེ། དཔེ་འདི་གཉིས་ཀྱི་འཇིག་རྟེན་གྱི་ཁམས་རབ་འབུམས་རྒྱ་མཚོའི་སྤྲིན་ཚད་མེད་པ་ཉིད་དུ་སྟོན་ཏེ། འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི་སྤྲིན་ནི་ཆོས་ཀྱི་དབྱིངས་དང་ན་མཁའི་ཁམས་བཞིན་དུ
་མཐའ་ཡས་པའོ།། རབ་འབྱམས་ནི་རྒྱུན་ལ་བྱ་སྟེ་དེ་རྣམས་ཀྱི་ཚོགས་ནི་སྤྲིན་ནོ།། སྤྲིན་གྱི་ཕུང་པོ་ནི་རྒྱ་མཚོ་སྟེ། རྒྱ་མཚོའི་སྒྲས་ནི་གྲངས་མཐའ་མེད་པ་ཉིད་དུ་སྟོན་ཏེ། རྒྱ་མཚོ་དེ་དག་ཏུ་སངས་རྒྱས་ཀྱི་བྱ་བ་མཛོད་དོ་ཞེས་བྱ་བར་སྦྱར་རོ།། དགོས་པ
་ག་གི་ཕྱིར་སངས་རྒྱས་ཀྱི་མཛད་པ་དེ་ལ་འཇུག་པར་མཛད་ཅེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར་ཤེས་པ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཅན་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། མཉམ་པ་ཉིད་ནི་སྟོང་པ་ཉིད་དོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཉིད་མངོན་པར་ཤེས་པའོ།། དེའི་ཤིན་ཏུ་མངོན་པར་བྱང་ཆུབ
་པ་ནི་མངོན་པར་བྱང་ཆུབ་པ་སྟེ། ཡང་དག་པར་ཐུགས་སུ་ཆུད་པའོ།། ད་ནི་ཐུགས་སུ་ཆུད་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་རྫོགས་པར་མཛད་པ་རིམ་པ་ཇི་ལྟ་བ་བཞིན་དུ་སྟོན་ཏེ། རེ་ཞིག་དང་པོར་ཁོ་ནརོ་དེ
་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་མ་སྐྱེས་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་སྟེ། བྱང་ཆུབ་ཀྱི་སེམས་ཆེན་པོ་སྨོས་པ་ནི། ཉན་ཐོས་ལ་སོགས་པའི་བྱང་ཆུབ
་ལ་བལྟོས་པ་ཡིན་ནོ།། བྱང་ཆུབ་ཀྱི་སེམས་ཀྱི་འོག་ཏུ་སྤྱོད་པ་འབྱུང་བས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་དུ་ཡོངསུ་དག་པ་ན་ཀུན་ཏུ་བཟང་པོ་སྟེ་དེའི་སྤྱོད་པའོ།། དེ་ཡང་ས་དང་ཕ་རོལ་ཏུ་ཕྱིན་པ་དབྱེ་བ་རྣམ་པ་སྣ་ཚོགས
་བས་བསྐྱེད་པ་ནི་རྫོགས་པར་བྱས་པའོ།། སྤྱོད་པ་ཡོངས་སུ་རྫོགས་པར་གྱུར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་མཛད་དེ། དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་རིགས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ།། དེ་ཡང་འགྲོ་བ་ངན་པ་རྣམས་སུ་ཐུག་རྗེའི་དབང་གིས་ཐིམ་པས་ན་རིགས་སོ།། དེ་མཉེས་པར་བྱ་བ་ནི་ཡོངས་སུ་དགྱེས
་པར་བྱའོ།། དེའི་འོག་ཏུ་བྱང་ཆུབ་ཀྱི་སྙིང་པོ་ཆེན་པོ་ཞེས་བྱ་བ་འཛམྦུའི་གླིང་དང་འོག་མིན་གྱི་གནས་སོ།། དེར་གཤེགས་པ་ནི་བཞུད་པའོ།། བདུད་ནི་ཕུང་པོ་དང་འཆི་བདག་དང་ལྷའི་བུ་དང་ཉོན་མོངས་པའི་བདུད་རྣམས་ཏེ། གསོད་པའི་ཕྱིར་བདུད་དེ།
་དགེ་བོའི་སྲོག་གི་བར་དུ་གཅོད་པར་བྱེད་པས་སོ།། དེ་རྣམས་འདུལ་བ་ནི་ཚར་གཅོད་པར་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་མཚན་ཉིད་ཀྱི་བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ་པ་ནི་ཐུགསུ་ཆུད་པའོ།། དམུ
་པ་རྣམས་ཀྱི་ཆོས་ཡིན་པས་དམ་པའི་ཆོས་སོ།། འདི་ཉིད་གདུལ་བྱ་རྣམས་ཀྱི་རྒྱུད་ལ་འཇུག་པར་མཛད་པས་འཁོར་ལོ་སྟེ། ལན་གསུམ་རྣམ་པ་བཅུ་གཉིས་སུ་ཡོངས་སུ་བསྐོར་བར་མཛད་པའོ།། དེ་ཡང་སྡུག་བསྔལ་ཡོངསུ་ཤེས་པར་བྱ་ཞེས་པ་དང་།
་ཡོངསུ་ཤེས་པ་དང་། ཡང་ཤེས་པར་བྱ་ར་མེད་པ་སྟེ། ལན་གསུམ་དུ་བཟླས་པ་འདི་ནི་བདེན་པ་རེ་རེ་ལ་ཡང་ཡོད་དེ། ཀུན་འབྱུང་སྤང་བར་བྱའོ།། ཞེས་པ་དང་སྤངས་པ་དང་། ཡང་སྤང་བར་བྱ་བ་མེད་པ་དང་། འགོག་པ་མངོན་སུམ་དུ་བྱ་བ་དང་མངོན་སུམ
་དུ་བྱ་བས་དང་ཡང་མངོན་སུམ་དུ་བྱར་མེད་པ་དང་། ལམ་བསྒོམ་པར་བྱ་བ་དང་། བསྒོམས་པ་དང་། ཡང་བསྒོམ་པར་བྱ་བ་མེད་པའོ་ཞེས་བྱ་བ་སྟེ་འདི་དག་ནི་རྣམ་པ་བཅུ་གཉིས་སོ།། ཡང་ན་སེམས་ཅན་སྐལ་བ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་འཁོར
་ལོ་བསྐོར་བའོ།། འཇིག་རྟེན་གྱི་ཁམས་ལུས་པ་མེད་པ་རྣམས་སུ་སེམས་ཅན་གྱི་ཁམས་མ་ལུས་པ་རྣམས་ངན་སོང་ལ་སོགས་པ་ལས་ཡོངས་སུ་སྐྱོབ་ཅིང་འདོན་པར་མཛད་ལ། ཕན་པ་མ་ཡིན་པ་ལ་ཞུགས་པ་རྣམས་དེ་ལས་བཟློག་སྟེ་ཕན་འདོགས
་བར་མཛད་པ་སྟེ། ཕན་པ་ཞེས་བྱ་བའི་སྒྲས་ནི་མ་འོངས་པའི་བདེ་བར་འགྱུར་བའི་བསོད་ནམས་བྱའོ།། བདེ་བ་ཞེས་བྱ་བ་ནི་ད་ལྟར་གྱི་ཚེ་འདི་ལ་འབྱུང་བ་ཆེན་པོའི་དབང་པོ་ཚིམ་པའི་རང་བཞིན་གྱི་ཚོར་བའོ།། ཐམས་ཅད་ཅེས་སྨོས་པ་ནི་རེ་རེ་ཞིང་ཡང
་སྦྱར་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཏེ། དེ་ཉིད་ནི་མངོན་པར་ཤེས་པ་ཡིན་ལ། དངོས་གྲུབ་དམ་པ་ཡང་དེ་དག་ཉིད་ཡིན་ཏེ། དེ་གྲུབ་པ་ལ་སོགས་པ་ཞེས་བྱ་བ་ལ་གྲུབ་པ་ནི
་བསྐྱོད་པའོ།། སོགས་པའི་སྒྲས་ནི་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་། བསམ་གཏན་དང་མངོན་པར་ཤེས་པ་དང་། གཟུགས་མེད་པ་རྣམས་བསྐྱེད་པ་གཟུང་ངོ་།། འཕེལ་བས་ན་རྫུ་འཕྲུལ་ཏེ། སེམས་ཀྱི་འབྱོར་པ་ན་མཁ
་ལ་འགྲོ་བ་ལ་སོགས་པའོ།། ཚེ་འཕྲུལ་རྣམས་ནི་མཐུ་ཡང་དག་པར་སྟོན་པ་སྟེ། ཇི་ལྟར་བཅོམ་ལྡན་འདས་གྲོང་ཁྱེར་དུ་འཇུག་པར་མཛད་པ་ན་ལོང་བ་རྣམས་ཀྱི་མིག་ཐོབ་པ་དང་། འོན་པ་རྣམས་ཀྱིས་སྒྲས་ཐོས་པ་དང་། གཅེར་བུ་རྣམས་གོས
་དང་བཅས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་བསྟན་ཅིང་གསལ་བར་མཛད་ནས། བཅོམ་ལྡན་འདས་རྣམ་པོར་སྣང་མཛད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བར་སྦྱར་རོ།། བར་དུ་ཞེས་བྱ་བའི་སྒྲས་ནི་ཆོ་འཕྲུལ་ཆེན་པོ་དང་། མུ་སྟེགས་ལས་རྣམ
་པར་རྒྱལ་བ་ལ་སོགས་པ་བསྡུའོ།། ཅི་ཞིག་ཏུ་གྱུར་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་བཞུགས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཀུན་ཏུ་བཟང་པོ་ཡིན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་ཇི་ལྟ་བུ
་ཡིན་ཞེ་ན། གཅིག་ཏུ་འདྲེས་པ་ཞེས་བྱ་བ་གསུངས་ཏེ། གཅིག་ཏུ་ཞེས་བྱ་བ་ནི་ཆ་ཤས་མེད་པའི་རང་བཞིན་ཏེ། ཆུ་དང་འོ་མ་བཞིན་དུ་གཅིག་ཏུ་འདྲིས་པར་གྱུར་པའོ།། དེ་ཡང་འདྲེས་པ་ནི་བརྟན་པ་ལ་བྱའོ།། ཇི་ལྟར་ན་འདི་གཅིག་ཏུ་འདྲེས
་པར་གྱུར་ཞེ་ན། ཀུན་ཏུ་བཟང་པོ་ཡིན་པའི་ཕྱིར་གཅིག་ཏུ་གྱུར་པ་དང་། ཤིན་ཏུ་བརྟན་པ་ཡིན་པའི་ཕྱིར་འདྲེས་ཤིང་དབྱེར་མི་ཕྱེད་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། ཀུན་ཏུ་བཟང་པོའི་ཐུགས་བསྐྱེད་པ་ཟླ་བའི་དཀྱིལ་འཁོར་དུ་ཞུགས་པ་ནི
་ཡེ་ཤེས་ཀྱི་གཟུགས་ཏེ། འདི་ཉིད་ཟླ་བའི་དཀྱིལ་འཁོར་ལས་རྡོ་རྗེའི་གཟུགསུ་གྱུར་པ་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གནས་ཤིང་གཅིག་ཏུ་གྱུར་ནས། བཅོམ་ལྡན་འདས་ཀྱི་དབང་གིས་སྤྲོ་བ་དང་སྡུད་པ
་རྣམས་བསྟན་ནས་ཐུགས་ཀ་ནས་བྱུང་སྟེ། རྡོ་རྗེའི་གཟུགས་སུ་བཅོམ་ལྡན་འདས་ཀྱི་ཕྱག་ལ་གནས་ལ། དེ་ལས་འོད་ཟེར་གྱི་གཟུགས་སུ་བྱུང་བ་དང་། དེ་ལས་ཀྱང་སངས་རྒྱས་ཀྱི་སྐུ་གྲངས་མེད་པ་བྱུང་སྟེ། སེམས་ཅན་གྱི་སྐལ་བ
་ཇི་ལྟ་བ་བཞིན་དུ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་ཇི་ལྟ་བ་བཞིན་རྣམས་མཛད་ནས་སླར་འདུས་ཏེ་གཅིག་འདྲེས་པར་གྱུར་ནས། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྐུའི་ཚུལ་གྱིས་ཐུགས་ལ
་གནས་ནས་ཅི་ཞིག་མཛད་ཅེ་ན། ཆེད་དུ་བརྗོད་པ་འདི་ཚོད་དུ་བརྗོད་དོ་ཞེས་བྱ་བ་འདི་གསུངས་ཏེ། དྲིས་པའི་ལྷ་ནི་ལུང་བསྟན་པ་ཞེས་བྱ་ལ། དགོས་པའི་དབང་གིས་མ་དྲིས་པར་སྨྲས་པ་ནི་ཆེད་དུ་བརྗོད་པ་སྟེ་ཆེད་དུ་བརྗོད་པའོ།། ཆེད་དུ་བརྗོད་པ
་ཅི་ཞིག་བརྗོད་ཅེ་ན། ཨེ་མའོ་བདག་ནི་རང་བྱུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་སྐྱེ་བའོ།། བདོག་ཉིད་ཅེས་བྱ་བ་ནི་བདག་ཉིད་སྟོན་པར་བྱེད་པའོ།། གང་གཽ་ཞེ་ན། རང་བྱུང་ཞེས་བྱ་བ་སྟེ། རང་ཉིད་བྱུང་བས
་ན་རང་བྱུང་སྟེ། སངས་རྒྱས་སོ།། ཐམས་ཅད་དུ་བཟང་བས་ན་ཀུན་ཏུ་བཟང་བའོ།། སེམས་དཔའ་ནི་སེམས་སོ།། བརྟན་པ་ནི་མི་ཕྱེད་པའོ།། ད་ནི་གཏན་ཚིག་གང་གི་ཕྱིར་བདག་རང་འབྱུང་གི་སེམས་དཔའ་ཡིན་པ་དེའི་ཕྱིར་བརྟན་པ་སྟེ་མི་ཕྱེད་པའོ།། །
་གང་གི་ཕྱིར་བརྟན་པ་དེས་ནི། ལུས་མིན་ཡང་ཞེས་བྱ་སྟེ། སེམས་ནི་གཟུགས་ཅན་མ་ཡིན་པས་ན་ལུས་མ་ཡིན་དུ་ཟིན་ཀྱང་། སེམས་དཔའི་ལུས་སུ་གྱུར་པ་ཡིན་ཞེས་བྱ་བ་སྟེ། སེམས་ལུས་གཟུགས་ཅན་ཉིད་དུ་གྱུར་པ་ནི
་ཨེ་མའོ་ངོ་མཚར་ཆེའོ།། ཞེས་སྟོན་ཏོ།། ད་ནི་བཅོམ་ལྡན་འདས་འདི་དོན་གོང་གི་ཕྱིར་ཇི་སྐད་དུ་སྨྲ་བའི་ཕྱིར་གྱིས་བྱང་ཆུབ་སེམས་དཔའི་སྐུར་སྤྲུལ་པ་དེའི་ལས་ལ་སྦྱར་བར་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ལྷག་མ
་རྣམས་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་མངའ་ནི་མདུན་དུ་སྟེ། དེ་ནས་བཅོམ་ལྡན་འདས་མི་སྤྱོད་པ་དང་། རྣམ་པར་སྣང་མཛད་སྤྱན་སྔ་སྟེ། མདུན་དུ་སྔར་བཤད་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་ནས
་ཞེས་བྱ་བའི་ཟླ་བའི་དཀྱིལ་འཁོར་ལ་བཞུགས་ནས་བྱང་ཆུབ་སེམས་དཔའ་ཆེན་པོའི་སྐུའི་ལས་ལ་སྦྱར་བ་ལ་ཕ་ལ་བུ་བཞིན་དུ་བཀའ་གནོད་པར་གྱུར་ཏོ།། འདི་ཞལ་བཞི་པ་ཡིན་པས་ན་གཉིས་ཀ་ཡང་མངོན་དུ་ལྟ་བས་བཞུགས་པ་ཡིན་ནོ།།
་སྔར་ཏིང་ངེ་འཛིན་གྱིས་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའ་རྣམས་སྤྲུལ་པ་མཛད་པ་ཡིན་ལ། ད་ནི་དེའི་ལས་ལ་སྦྱར་བ་ལ་ཡང་ཏིང་ངེ་འཛིན་གྱི་དབང་ཉིད་ཀྱིས་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་ཏིང
་འཛིན་གཞན་སྟོན་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོ་ཤྭེ་ཏེ་དེ་ཉིད་ནི་དམ་ཚིག་ཏུ་གྱུར་པའི་རྡོ་རྗེ་ཡིན་པས་ན།
་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དམ་ཚིག་གི་རྡོ་རྗེའོ།། དེའི་ཏིང་ངེ་འཛིན་གང་གིས་སྩོལ་བར་མཛད་པའི་ཏིང་ངེ་འཛིན་དེ་ལ་ཡང་མིང་དེ་སྐད་ཅེས་བྱ་བ་ཉིད་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དམ
་ཚིག་རྡོ་རྗེ་ཞེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད། རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། དེ་ཅིའི་ཕྱིར་ཞེ་ན། ཇི་སྐད་དུ་བཤད་བའི་དངོས་གྲུབ་ཀྱི
་འབྲས་བུའི་རྒྱུ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཚུལ་ཁྲིམས་ནི་རྣམ་པར་སྨིན་པ་བསིལ་བ་ཡིན་པས་ན་ཚུལ་ཁྲིམས་སོ།། དེ་ཡང་རྣམ་པ་གསུམ་དུ་སོ་སོར་ཐར་པའི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི
་ཆོས་ཐམས་ཅད་སྡུད་པའི་ཚུལ་ཁྲིམས་དང་། སྙིང་རྗེས་སེམས་ཅན་གྱི་དོན་གྱི་བྱ་བ་བསྒྲུབ་པའི་སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་སོ།། ཏིང་ངེ་འཛིན་ཅེས་སྨོས་པ་ནི་བསམ་གཏན་དང་གཟུགས་མེད་པ་རྣམས་གཟུང་ངོ་།། ཤེས་རབ
་ཅེས་བྱ་བ་ན་ཆོས་རབ་ཏུ་རྣམ་པར་འབྱེད་པའོ།། འདི་དག་ནི་བསླབ་པ་རྣམ་པ་གསུམ་ཡིན་ཏེ། ཚུལ་ཁྲིམས་ནི་ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པའོ།། ཏིང་ངེ་འཛིན་ནི་ལྷག་པའི་སེམས་ཀྱི་བསླབ་པའོ།། ཤེས་རབ་ནི་ལྷག་པའི་ཤེས
་རབ་ཀྱིས་བསླབ་པ་སྟེ། བསླབ་པ་དེ་ལྟོ་བུ་ལ་གནས་པའི་རྣལ་འབྱོར་པ་རྣམས་ལ་ནི་རྣམ་པར་གྲོལ་བ་བསལ་བར་འགྱུར་ཞིང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ལས་སེམས་རྣམ་པར་གྲོལ་བས་ནི་སེམས་རྣམ
་པར་གྲོལ་བའོ་སེམས་རྣམ་པར་གྲོལ་བ་རྣམས་ནི་རྣམ་པར་གྲོལ་བའོ་ཞེས་ཡེ་ཤེས་མཐོང་བ་ལ་འཇུག་པས་ན་རྣམ་པར་གྲོལ་བ་དང་། ཡེ་ཤེས་མཐོང་བ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟེ། འདི
་དག་ནི་ཟག་པ་མེད་པའི་ཕུང་པོ་ལྔ་ཞེས་བཤད་དོ།། ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། སེམས་ཅན་གྱི་དོན་བྱ་བ་ཞེས་བྱ་བ་ལ། ལས་དང་ཉོན་མོངས་པའི་དབང་གི་འཁོར་བར་ཆགས་པའི་ཕྱིར་ན་སེམས་ཅན
་ནོནོ།། དེ་རྣམས་ཀྱིས་གང་འདོད་ཅིང་དོན་དུ་གཉེར་བ་དེ་བྱེད་པ་ནི་སེམས་ཅན་གྱི་དོན་བྱ་བའོ།། བསམས་པའི་དོན་མྱུར་དུ་བྱེད་པས་ཐོབ་པར་བྱེད་པས་ན་ཐབས་ཏེ། ཤེས་རབ་ཀྱི་ཁྱད་པར་འགའ་ཞིག་ལ་བྱ་ལ། ཐབས་ཆེན་པོ་ཞེས་བྱ
་བབ་ནི་ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་པོའོ།། སྟོབས་ཞེས་སྨོས་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པོ་ཟད་པ་མཁྱེན་པའི་སྟོབས
་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པོའི་སྟོབས་དང་།
་རྫུ་འཕྲུལ་དང་། མངོན་པར་ཤེས་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། སྨོན་ལམ་མཁྱེན་པའི་སྟོབས་ནི་བཅུ་པའོ།། སྐུའི་སྟོབས་ཀྱང་ཚད་མེད་པ་ཡིན་པར་ཤེས་པར་བྱའོ།། བརྩོན་འགྲུས་ནི་དགེ
་བའི་ཆོས་རྣམས་ལ་སྤྲོ་བ་སྟེ། བརྩོན་འགྲུས་འབའ་ཞིག་གྲོགས་གྱུར་པར། གོ་འཕང་བླ་ན་མེད་པ་བརྙེས་ཞེས་ཇི་སྐད་བཤད་པ་ལྟ་བུའོ།། ཡེ་ཤུས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཡེ་ཤེས་ཆེན་པོ་སྟེ། དོན་ཐམས་ཅད་ལ་ཁྱབ་པ
་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་བྱ་བར་གཟུང་སྟེ། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་རྡོ་རྗེ་ནི་དམ་ཚིག་ཅེས་བྱ་བའི་སྒྲར་བཤད་དོ།། དེ་ཡང་ཅིའི་ཕྱིར་བྱིན་ཞེས་རྟོག་པ་ལ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ།
་བ་ལ་སོགས་པོས་གང་གི་ཕྱིར་སྩལ་པ་དེ་སྟོན་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངསུ་བསྐྱབ་པའི་ཕྱིར་ཞེས་པ་སྟེ། ཡོངས་སུ་ཞེས་ཀུན་ནས་བསྐྱབ་པའི་ཕྱིར་ཡོངསུ
་བསྐྱབ་པ་སྟེ། ངན་འགྲོ་དང་འཁོར་བའི་ཉོན་མོངས་པའི་དགྲ་རྣམས་ལས་སེམས་ཅན་གྱི་ཁམས་ཏེ། སེམས་ཅན་གྱི་རིགས་ཡོངསུ་སྐྱོབ་ཅིང་སྦྱང་བའི་དོན་གྱིས་ན་ཡོངསུ་བསྐྱབ་པའོ།། ཅི་དོན་གྱི་བྱ་བ་འདི་ཙམ་འབའ་ཞིག་མཛད
་དམ་ཞེ་ན། ཐམས་ཅད་ཀྱི་དབང་པོར་བྱ་བ་དང་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་དུ་བདག་པོར་མཛད་པས་ན་ཐམས་ཅད་ཀྱི་དབང་པོར་བྱ་བ་སྟེ། བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཐོབ་པར་མཛད་པའོ།། ཐམས་ཅད་ཀྱི་བདག་པོར་མཛད
་པ་འབའ་བ་ཞིག་ཏུ་མ་ཟད་ཀྱི་གཞན་ཡང་ཐ་མས་ཅད་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བ་ཞེས་བྱ་བ་གསུངས་ཏེ། བདེ་བ་དང་ཡིད་བདེ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། དེ་མྱོང་བར་བྱ་བ་ནི་ཀུན་ཏུ་ཚོར་བར་བྱ
་པའོ།། འདིས་ནི་ཉིད་ཀྱི་དོན་ཡོངསསུ་རྫོགས་པར་བསྟན་པ་ཡིན་ལ། སྔ་མས་ནི་གཞན་གྱི་དོན་ཡོངསུ་རྫོགས་པར་བསྟན་པ་ཡིན་ནོ།། ཇི་སྐད་དུ་སྨོས་པའི་ཡོན་ཏན་རྣམས་མ་ལུས་པར་སྨྲས་པ་མ་ཡིན་པས་ན་བར་དུ
་ཞེས་པའི་སྒྲས་ནི་མ་སྨྲས་པའི་ཕན་ཡོན་རྣམས་ཡང་དག་པར་བསྟན་པའི་ཕྱིར་ཏེ། ཡོན་ཏན་དེ་རྣམས་དང་ས་དང་ཕ་རོལ་ཏུ་ཕྱིན་པ་དང་། དྲན་པ་ཉེ་བར་གཞག་པ་ནས་ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་པར
་ཤེས་པའི་མཐར་ཐུག་པའི་བར་འདི་ནི་བླ་ན་མེད་པའི་ཐེག་པ་ཆེན་པོའོ།། དེའི་ཡོན་ཏན་གྱི་ཚོགས་མ་ལུས་པ་འདི་མངོན་པར་རྟོགས་པ་ནི་ཐུགས་སུ་ཆུད་པ་སྟེ། དེ་ཉིད་ནི་དངོས་གྲུབ་ཀྱིས་ཆོག་གོ།། དེ་ཐོབ་པ་ནི་རྙེད་པའོ།། དེ་ཉིད་ནི་འབྲས་བུ་སྟེ་དེ་དག་གི་ཕྱིར
་རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་སྔར་བསྒྲུབས་པའི་ལག་པར་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། གང་གི་དབང་དུ་མཛད་ནས་རྡོ་རྗེ་ད་དི་ལག་པར་བྱིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་ཉིད་དུ་ཞེས་བྱ་བ་གསུངས
་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྟེ་འཁོར་གྱི་དཀྱིལ་འཁོར་རོ།། དེ་བསྒྱུར་བའི་ངང་ཚུལ་མངའ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་སྟེ། སྦྱར
་བ་ནི་སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱི་རིམ་བཞིན་དུ་སྤྲུལ་པའོ།། དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྒྱུར་བ་ཉིད་དེ། དེའི་དབང་དུ་མཛད་ནས་ཞེས་བྱ་བའི་དོན་ཏོ།། ཅི་ཞིག་མཛད་ནས་ཤེ་ན། ཡིད་བཞིན་གྱི
་ཞེས་བྱ་བ་གསུངས་ཏེ། དེ་དའང་བསྐུར་བ་ན་བསྐུར་སྟི་བྱ་བའོ།། ཅི་ཞིག་གིས་དབང་བསྐུར་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་སྐུ་སྟེ། དེ་ཉིད་རིན་པོ་ཆེ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རིན་པོ་ཆེ་སྟེ། དེ་དབུ་རྒྱན་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རིན་པོ་ཆེའི་དབུ་རྒྱན་ཏེ་དེས་དབང་བསྐུར་བའོ།། དེ་འབའ་ཞིག་ཏུ་མ་ཟད་ཀྱི
་ཅོད་པན་བཅིངས་པས་ཀྱང་དབང་བསྐུར་བ་སྟེ། ཅོད་པན་ནི་ཞེང་དུ་ཁྲུ་གང་ཆུར་ནི་ཁྲུ་ཉི་ཤུ་རྩཝ་ལྔའི་དར་དཀར་པོ་སྟེ། དེས་མགོ་ལ་དབུ་རྒྱན་གྱི་རྩ་བར་ཟེའུ་ཀཱ་མང་དུ་དཀྲིས་ལ་ངོས་གཉིས་ཀྱི་རྣ་བའི་སྟེང་དུ་བཅུག་སྟེ། གྱེན་དུ་སོར་བཞི་ཙམ་ཕྱུང
་ནས་ན་མཁའ་ལྡིང་གི་གཤོག་པ་ལྟ་བུར་བྱས་ལ། ལྷག་མའི་མཐའ་མ་བྱིན་པོ་ལ་ཐུག་གི་བར་བརྐྱང་བ་ནི་ཅོད་པན་བཅིང་པ་དེས་དབང་བསྐུར་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱིས་བསྒྲུབས་པའི
་ཕྱིར་དང་། དེ་བཞིན་གཤེགས་པ་ཐམས་ཅད་པའི་རྡོ་རྗེ་སེམས་དཔའ་སྟེ། དེས་བསྒྲུབས་པས་འོག་ནས་བཤད་པ་རྣམས་ཀྱིས་རྡོ་རྗེ་དེ་ལས་གྲུབ་པས་ན་དེ་ནི་གྲུབ་པའི་རྡོ་རྗེ་ཞེས་བྱ་བའོ།། དེ་ཞེས་བྱ་བ་ནི་སྔར་བསྒྲིབས་པའི་དེ་བཞིན་གཤེགས
་པོ་ཐམས་ཅད་དང་འབྲེལ་པ་དེ་བྱང་ཆུབ་སེམས་དཔའ་ཆེན་པོའི་ལག་ཏུ་ཕྱིན་པའོ།། ལག་པར་ཞེས་བྱ་བ་འདིས་ནི་རྗེ་སར་བྱ་བར་བསྟན་ཏེ། སེམས་དཔའ་རིན་པོ་ཆེ་དེ་ལ་འཇིག་རྟེན་པ་རྣམས་གུས་པ་བསྐྱེད་པའི་ཕྱིར་རོ།། འདི་ཡང་རྡོ་རྗེའི་དབང
་བསྐུར་བ་སྟེ་གསུམ་པའོ།། དེའི་རྗེས་ཐོགས་ལ་དེ་ལ་དབང་བསྐུར་བ་གང་ཞིག་བྱིན་ཞེ་ན། མིང་གིས་དབང་བསྐུར་རོ་ཞེས་གསུངས་ཏེ། ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་རྡོ་རྗེ་སྟེ། འདིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས
་མིང་གིས་དབང་བསྐུར་བ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དབང་བསྐུར་བའི་རྗེས་ཐོགས་ཉིད་ལ་ཅི་ཞིག་མཛད་ཙོ་ན། གཡོན་པ་རྡོ་རྗེ་བསྒྱིངས་པ་གསོར་བ་ཉིད་ཀྱིས་ཕྱག་གཡས
་པས་རྡོ་རྗེ་དེ་ཉིད་ཀྱི་ཐུགས་ཀར་གཏོང་བའི་ཚུལ་དུ་འཛིན་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་སྨོས་ཏེ། གཡོན་པ་རྡོ་རྗེ་ཞེས་བྱ་བ་ནི་གཡོན་གྱི་རྡོ་རྗེ་ཁུ་ཚུར་རོ།། དེའི་བསྒྱིངས་པ་ནི་མངོན་པའི་ང་རྒྱལ་ཅན་དུ་སྟོན་པ་སྟེ། འཁོར་ལོས
་བསྒྱུར་བའི་དབང་ཐོབ་པས་ཟླ་མེད་པར་སྟོན་པ་དང་། འཇིག་རྟེན་གསུམ་པོ་གང་གིས་ཀྱང་བདག་ཟིལ་གྱིས་མི་ནོན་པའོ།། ཇི་ལྟ་ཞེ་ན། དཔེར་ན་འཁོར་ལོས་སྒྱུར་བ་རང་གི་ཡུལ་ན་ཟླ་མེད་པར་སྟོན་པ་དང་འདྲའོ།། གསོར་བ་ནི་གཡོན་པའི་རྡོ་རྗེནི
་བྱ་བ་གཡོན་པའི་རྡོ་རྗེ་ཁུ་ཚུར་དེ་སྟ་ཟུར་གྱི་ཕྱོགསུ་བཞག་ལ་དཀུར་འདེབས་པ་སྟེ། ལྷས་བྱིན་ལ་སོགས་པ་གཞན་འགའ་ཞིག་ཀྱང་རྡོ་རྗེ་སེམས་དཔའི་དབང་གིས་དབང་བསྐུར་ལ། དེས་ཀྱང་འདི་ལྟར་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལ
་ལྷག་པར་མོས་ནས་གནས་ན་འཇིག་རྟེན་གསུམ་གྱིས་ཀྱང་ལུང་བསྒོ་བ་སྤྱི་བོས་ལེན་པར་འགྱུར་རོ།། ཕྱག་གཡོན་པའི་རྡོ་རྗེ་བསྒྱིངས་པ་གསོར་བ་ནི་ཕྱག་གཡོན་པའི་རྡོ་རྗེ་བསྒྱིངས་པ་གསོར་བ་སྟེ་དེ་ངོ་བོ་ཉིད་ཡིན་པས་ན་གཡོན་པའི
་རྡོ་རྗེ་བསྒྱིངས་པས་གསོར་བ་ཉིད་ཡིན་ལ་དེའི་སྦྱར་གྱུར་པས་རྡོ་རྗེ་ཕྱག་གཡས་པས་ཉིད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་འདེགས་པའི་ཚུལ་གྱིས་ཞེས་གྱེན་དུ་འཇོག་པའི་ཚུལ་གྱིས་འཛིན་པར་མཛད་ཅིང་འཇོག་པ་སྟེ། དེ་ལྟར་འཇོག
་པ་འདིས་བདེ་བ་དང་ཡིད་བདེ་བ་ཐོབ་པར་སྟོན་པ་དང་། བདག་ཉིད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱས་རྒྱས་བཏབ་པ་ཉིད་དུ་སྟོན་པ་ཡིན་ནོ།། འདི་སྐད་སྟོན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཟླ་བ་དང་རྡོ་རྗེ་དང
་ཕྱག་རྒྱ་ལས་ཡོངས་སུ་གྲུབ་ནས་འཇིག་རྟེན་གསུམ་གྱི་བླ་མར་གྱུར་པའི་བཀའ་ནི་འདའ་བར་བྱ་བ་མ་ཡིན་ནོ།། དེ་བཞིན་དུ་བདག་ཀྱང་དེ་རྣམས་ཀྱི་སེམས་དཔའ་རྡོ་རྗེ་ཕྱག་རྒྱས་བཏབ་པ་ཡིན་པས་བདག་ཀྱང་འཇིག་རྟེན་གསུམ་གྱི་བླ་མ་ཡིན
་ཏེ། དེའི་བསྒོ་བ་ཡང་སེམས་ཅན་ཐམས་ཅད་ཀྱིས་འདྲའ་བར་མི་བྱ་བ་ཡི་ནོ།། གང་སེམས་ཅན་གཞན་དག་གིས་ཀྱང་ཕྱག་རྒྱ་འདི་དག་ཡང་དྲག་པར་རང་གི་སྙིང་གའི་རྣནི་དཀྱིས་འཁོར་ལ་ཤིན་ཏུ་བསྒོམ་པ་བྱས་ན། དེ་ཡང་འཇིག་རྟེན་གསུམ
་གྱི་བླ་མར་འགྱུར་ཞིང་ལུང་བསྒོ་བ་ཙམ་གྱིས་ཀྱང་འཇིག་རྟེན་གསུམ་དབང་དུ་བྱེད་པར་འགྱུར་རོ།། ཕྱག་རྒྱ་དེ་དེ་ལྟར་འཛིན་ཅིང་འདི་ཅི་ཞིག་མཛད་ཅེ་ན་ཆེད་དུ་བརྗོད་པ་འདི་ཆེ་དུ་བརྗོད་དོ་ཞེས་གསུངས་ཏེ། ཆེད་ཀཱར་བརྗོད་པས་ན་ཆེད
་དུ་བརྗོད་པ་སྟེ། ཐུགས་ལ་མངའ་བའི་དོན་མ་ཞུས་ཀྱང་བརྗོད་པ་ནི་ཚད་དུ་བརྗོད་པའོ་ཞེས་སྟོན་པ་ཡིན་ནོ།། འདི་ཞེས་བྱ་བ་ནི་ཕྱག་གི་མཐིལ་ལ་གནས་པའོ།། དེ་ཞེས་བྱ་བ་ནི་གང་ལས་བདག་སྔར་སྐྱེས་པའོ།། སུ་ཞིག་གིས་འདི་ཞེ་ན། སངས
་རྒྱས་ཀུན་གྱི་ཞེས་བྱ་བ་གསུངས་སོ།། སངས་རྒྱས་ཀྱི་ཅི་ཞིག་ཅེ་ན། གྲུབ་པའི་རྡོ་རྗེ་ཞེས་བྱ་བ་གསུངས་ཏེ། དངོས་ཀྱི་དོན་གྱི་རྡོ་རྗེ་ནི་གྲུབ་པའི་རྡོ་རྗེའོ།། རྡོ་རྗེ་གྲུབ་པ་གཞན་རྣམས་ཀྱི་ཡང་གྲུབ་པའི་རྡོ་རྗེ་སྲིད་དོ་ཞེས་ན། དེ་ལས།
་ཁྱད་པར་དུ་བྱ་བའི་ཕྱིར་བླ་ན་མེད་པ་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཡིན་གྱི། ཐ་མལ་བ་མ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ།། བདག་སྟེ་ཞེས་བྱ་བ་འདིས་ནི་རྡོ་རྗེ་འདི་དང་བདག་ལ་ཐ་དད་དུ་བྱ་བ་མེད་དེ། དེ་ལས
་སྐྱེས་པའི་ཕྱིར་ཞེས་སྟོན་ཏེ། དེ་གང་གི་ལག་ཏུ་བྱིན་ཞེ་ན། བདག་གི་ལག་ཏུ་བྱིན་ཞེས་བྱ་བ་གསུངས་ཏེ། འདི་ལས་ཐ་མི་དད་པས་སོ།། དེ་ཉིད་ཀྱི་ཕྱིར་རྡོ་རྗེ་ལ་ནི་རྡོ་རྗེ་གནས་ཞེས་བྱ་བ་གསུངས་ཏེ། སེམས་དཔའི་རྡོ་རྗེ་ལ་ཕྱག་རྒྱའི་རྡོ་རྗེ་གནས་པའོ།།
་འདི་སྐད་སྟོན་ཏེ། བདག་གང་ཡིན་པ་དེ་ནི་བདག་གི་ཕྱག་གི་ཕྱག་རྒྱ་ཡིན་ལ། བདག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་སྟོན་ནོ།། ཇི་ལྟར་ཏིང་ངེ་འཛིན་འདི་ལ་སྙིང་པོ་བསྐྱེད་པ་དང་། སྙིང་པོ་ལས་ཕྱག་རྒྱའི་དབྱེ་བ་བསྐྱེད་པ་དང་། ཕྱག
་རྒྱ་བསྡུས་པ་ལས་སྤྲོ་བ་དང་། བསྡུ་བ་དང་། རྣམ་པར་སྣང་མཛད་ཀྱི་ཕྱག་ན་གནས་པ་དང་། དེ་ལས་འོད་ཟེར་བྱུང་བ་དང་། དེ་རྣམས་ལས་སངས་རྒྱས་ཀྱི་སྐུ་བསྐྱེད་པ་དང་། དེ་རྣམས་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས
་མཛད་པ་མཛད་ནས། སླར་འདུས་ཏེ་སེམས་དཔའི་གཟུགསུ་གྱུར་ནས་སངས་རྒྱས་ཀྱི་གཟུགས་སུ་གནས་པ་དང་། ཆེད་དུ་བརྗོད་པ་གསུང་བ་དང་། ཉིད་ཀྱི་གདན་ལ་བཞུགས་པ་དང་། ཡང་ཏིང་ངེ་འཛིན་གྱི་དབང་བསྐུར་བ་དང་། ཕྱག་རྒྱ་བྱིན་པ
་དང་། མིང་བཏགས་པ་དང་། ཉིད་ཀྱི་ཕྱག་རྒྱའི་ལས་བསྟན་པ་དང་། ཡང་ཆེད་དུ་བརྗོད་པ་གསུངས་པ་དེ་བཞིན་དུ་འོག་ནས་འབྱུང་བའི་སེམས་དཔའ་བཅོ་ལྔ་ལ་ཡང་གལ་ཏེ་ཁ་ཅིག་ཏུ་གཞུང་མངས་ཀྱི་དོགས་ནས་ཅུང་ཟད་ལས་མ་སྨོས་མོས
་ཀྱི། དེ་ལྟ་ན་ཡང་གོ་རིམ་འདི་ཇི་ལྟ་བ་བཞིན་དུ་རྒྱས་པར་ཁོང་དུ་ཆུད་པར་བྱའོ།། དཀྱིལ་འཁོར་དུ་གདུལ་བྱ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱ་ང་ཆུབ་ཀྱི་ཐུགས་ནི་རྡོ་རྗེ
་སེམས་དཔའ་ཉིད་དུ་བཞག་པ་ཡིན་ནོ།། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ནི་སེམས་ཅན་རྣམས་བསྡུ་དགོས་པོས་དེའི་ཐབས་སུ་གྱུར་པ་བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་ཀྱི་སེམས་དཔའི་སྙིང་པོ་དང་། ཕྱག་རྒྱ་ལ་སོགས་པ་བསྐྱེད་པར་བྱ་བའི
་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ།། ཡང་ཞེས་བྱ་བ་ནི་ཕྱག་རྒྱ་གཞན་བསྐྱེད་པའི་ཕྱིར་རོ།། གདོན་མི་ཟ་བ་ཞེས་བྱ་བ་ནི་རང་གི་ལས་རྣམས་ལ་དོན་ཡོད་པར་མཛད་པའོ།།
་ལས་དེ་ཉིད་ཀྱི་གཞོན་རྣམས་ལས་བདག་པོར་གྱུར་པའི་ཕྱིར་རྒྱལ་པོ་སྟེ། གདོན་མི་ཟ་བ་ཡང་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ན་གདོན་མི་ཟ་བའི་རྒྱལ་པོའོ།། གདོན་མི་ཟ་བའི་རྒྱལ་པོ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང
་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོ་སྟེ། བྱང་ཆུབ་ཀྱི་སེམས་ཞེས་བྱ་བའི་དོན་ཏོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་གདོན་མི་ཟ་བའི་རྒྱལ་པོའི་དམ
་ཚིག་ཅེས་བྱ་བའོ།། དེ་གང་ལས་བྱུང་བའི་སེམས་དཔའི་ཁྱད་པར་གང་ཡིན་པ་དེ་ནི་བྱུང་བའི་སེམས་དཔའ་སྟེ། དེ་བྱིན་གྱིས་བརླབ་ཅིང་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྟེ། དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ག
་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། སྤྱན་དྲངས་པའི་དམ་ཚིག་ཅེས་བྱ་བ་ནི་སྤྱན་དྲངས་པ་ལ་དམ་ཚིག་ཡིན་པས་ན་སྤྱན་དྲང་བའི་དོམ་ཚིག་སྟེ། བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་དོ།། དམ་ཚིག་གི་སྒྲ་ནི་འདིར
་འདྲེན་པའི་སྙིང་པོ་དང་ཕྱག་རྒྱ་ཉིད་ལ་མིང་འདི་སྐད་ཅེས་བྱ་བ་ཉིད་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན་འདིའི་ཡོན་ཏན་ལ་མིང་དེ་སྐད་ཅེས་བཏགས་པ་ཡིན།།
་འོད་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་ལ། གང་སྔར་ཀུན་ཏུ་བཟང་པོ་ཉིད་དུ་བཤད་པ་དེ་ཉིད་ཀྱི་ཕྱག་ན་རྡོ་རྗེ་རབ་ཏུ་གནས་པས་ཕྱག་ན་རྡོ་རྗེ་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་ལྕགས་ཀྱུ་ཆེན་པོ་ཞེས་བྱ་བ་ན་ལས་དང་རྗེས་སུ་མཐུན་པར་ཕྱག་རྒྱའི་སྤྲུལ་པ་བསྟན་པ་ཡིན་ཏེ། དེ་བཞིན་དུ་ཏིང་ངེ་འཛིན་གྱི་བྱིན་གྱི་བརླབས་ཀྱིས་དབང་དང་སྨོན་ལམ་དང་ཡེ་ཤེས་ཀྱི་དབང་གཅིག་ཏུ་འདུས་པར་གྱུར་ཏེ་བྱུང་ནས་བཅོམ
་ལྡན་འདས་ཀྱི་ཕྱག་གཉིས་གནས་པར་གྱུར་པ་སྟེ། དེ་ལ་གནས་ཞེས་བྱ་བའི་དོན་ཏོ།། སྤྱན་དྲང་བ་ལ་སོགས་པ་ཞེས་སྨོས་པ་ནི་འདིའི་ཕྲིན་ལས་སྤྱན་དྲང་བ་གཙོ་བོ་ཡིན་པའི་ཕྱིར་ཏེ། སྤྱན་དྲང་བ་ནི་བོད་པའོ།། དེ་ཡང་སྔ་མ་ནི་བྱང་ཆུབ་ཀྱི་སེམས
་ཡང་དག་པར་སྦྱང་བ་གཙོ་བོ་ཡིན་པའི་ཕྱིརརོ།། སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཡིན་པས་ན་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ཏེ། ནམ་མཁའ་ལ་འགྲོ་བ་ལ་སོགས་པ་སྟེ། སེམས་ཀྱི་འབྱོར་པ་ལ་མངའ་བརྙེས་ཞེས་བྱས་པའི་དོན་ཏོ།། ཆོ་འཕྲུལ་ནི
་རྣམ་པར་འཕྲུལ་པ་སྟེ། ངོ་མཚར་དཔག་ཏུ་མེད་པར་སྟོན་པར་མཛད་པའོ།། རྫུ་འཕྲུལ་དང་ཆོ་འཕྲུལ་ནི་རྫུ་འཕྲུལ་དང་ཆོ་འཕྲུལ་ཏེ། དེ་རྣམས་བྱས་ནས་སོ།། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཅེས་བྱ་བ་ནི་བསམ་པའི་དོན་ཆུད་མི་ཟོས་པའི་འབྲས་བུར
་གྱུར་པས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཅེས་བྱ་བའི་དོན་ཏོ།། གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་ནི་རབ་ཏུ་གདོན་མི་ཟ་བས་ན་ཤིན་ཏུ་གདོན་མི་ཟའོ།། ཤིན་ཏུ་གདོན་མི་ཟ་བ་ཡང་ཡིན་ལ་རྒྱལ་པོ་ཡང་ཡིན་པས་ན་ཤིན་ཏུ་གདོན་མི་ཟ་བའི་རྒྱལ
་པོ་སྟེ། དེའི་ངོ་བོ་ཉིད་ནི་གདོན་མི་ཟ་བའི་རྒྱ་ལྔ་པོ་ཉིད་ཡིན་པའོ།། ཤིན་ཏུ་གདོན་མི་ཟ་བའི་རྒྱལ་པོ་ཉིད་ཡིན་པས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ་ཞེས་བྱ་བའི་དོན་ཏོ།། འདིས་ནི་མང་པོ་ཡང་འབྲས་བུའི་ངོ་བོ་ཉིད་གཅིག་པ་ཉིད་ཡིན་པར་སྟོན
་ཏོ།། ཤིན་ཏུ་བརྟན་པའི་ཕྱིར་ཞེས་བྱ་བ་ཉིད་ཀྱིས་ནི་འདྲེས་པ་ཉིད་བསྟན་པ་སྟེ། དེ་བས་ན་གཅིག་ཏུ་འདྲེས་པར་གྱུར་ཏེ་ཞེས་གསུངས་སོ།། གཅིག་ཏུ་འདྲེས་པར་གྱུར་ནས་ཅི་ཞིག་ཏུ་གྱུར་ཅེ་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ལུས་སུ
་གྱུར་ནས་ཞེས་བྱ་བ་གསུངས་པ་ཡིན་ནོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པ་སྟེ། གང་གིས་ཕྱིར་རྡོ་རྗེ་ལས་བྱུང་བའི་ལྕགས་ཀྱུ་ཞེས་བྱ་བ་ལ་འཇིག་རྟེན་ན་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་ཉིད་དུ་འབྱུང་བར་སྣང་ན། འདིར་རྡོ་རྗེ་ལས
་ལྕགས་ཀྱུ་འབྱུང་བ་ནི་འབྲས་བུ་མི་འདྲ་བར་བྱུང་བ་ངོ་མཚར་ཆེའོ།། འདི་སྐད་སྟོན་ཏེ། རྣལ་འབྱོར་པ་རྣམས་ཀྱི་སེམས་ཀྱི་དབང་གིས་འདི་དག་འབྱུང་བས་ན། བཅོམ་ལྡན་འདས་ཀྱིས་རྣལ་འབྱོར་པ་རྣམས་ཀྱི
་རྣལ་འབྱོར་གྱི་ཡུལ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་ག་པ་ནི་ལེགས་པ་། བདག་ཅེས་བྱ་བ་འདིས་ནི་དེ་ལས་བྱུང་བ་ཡིན་པའི་ཕྱིར་ལྕགས་ཀྱུ་དང་ཐ་མི་དད་པ་ཉིད་དུ་སྟོན་ཏེ། ངོ་མཚར་དུ་གྱུར་པའི་ལྕགས་ཀྱུ་དེས་ངོ་མཚར་ཅི་ཞིག་བྱེད
་ཅི་ན། གོང་གི་ཕྱིར་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སངས་རྒྱས་ནི་ཐམས་ཅད་དུ་ཁྱབ་ཅིང་ཀུན་ཏུ་སོན་པའི་དེ་བཞིན་གཤེགས་པ་རྣམས་ཀྱང་ཐམས་ཅད་དུ་ཁྱབ་པ་ལྟར་སྦྱར་འདྲེན་པར་མཛད་པའོ།། དེ་བཞིན
་གཤེགས་པ་རྣམས་ཇི་ལྟར་སྐྱོན་དང་ཞེ་ན། རྣལ་འབྱོར་པ་རྣམས་ཀྱི་སེམས་ཀྱི་དབང་གིས་ཏེ། དེའི་ཏིང་ངེ་འཛིན་ལ་གནས་ནས། དེ་བཞིན་གཤེགས་པ་རྣམས་ཇི་ལྟར་ལྷག་པར་མེས་པར་བྱས་པ་དེ་ལྟ་བུའི་རྣམ་པ་ཉིད་དུ་བྱོན་ཅིང་མཐོང
་བ་དག་། སྟོན་པར་ཡང་མཛད་དོ།། ཅིའི་ཕྱིར་སྤྱན་དྲོང་ཞེ་ན། གྲུབ་ཕྱིར་ཞེས་བྱ་བ་གསུངས་ཏེ། གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གོ་བོས་ཕྱོགས་ཀྱི
་ཟླ་བའི་དཀྱིལ་འཁོར་ལ་གནས་ནས་ཞེས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲས་ནི་འདིར་བཅོམ་ལྡན་འདས་མི་བསྐྱོད་པ་གཟུང་སྟེ། དེའི་གཡས་ཕྱོགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ།། ཡང་ཞེས་བྱ་བ་ནི་རྡོ་རྗེ
་སེམས་དཔའ་ལ་བལྟོས་པའོ།། བཀའ་ནོད་ཅིང་བཞུགས་པར་གྱུར་ཏོ་ཞེས་བྱ་བ་ནི་རང་གི་ལས་ལ་སྦྱོར་བར་གསོལ་བ་འདེབས་སོ་ཞེས་བྱ་བའི་དོན་ཏོ།། སྔར་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་བཀའ་ནོད་པ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང
་བའི་ཕྱིར་ཡིན་ལ། ད་ལྟར་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་ཕྱིར་བཀའ་ནོད་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པ་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན
་པ་སྟེ། སྤྱན་འདྲེན་པ་ནི་འགུག་པའོ།། དེའི་དམ་ཚིག་ནི་ལྕགས་ཀྱུའི་ཕྱག་རྒྱའོ།། དེ་ཉིད་ནི་མི་ཕྱེད་པའི་དོན་གྱིས་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་ལ་དེ་དམིགས་པར་གྱུར་པའི་ཏིང་ངེ་འཛིན་དེ་ལ་མིང་དེ་སྐད་ཅེས་བྱའོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར
་ཞུགས་ནས་དེའི་ལག་པར་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། ཅི་ཞིག་བྱིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་དམ་ཚིག་ཅེས་བྱ་བ་གསུངས་སོ།། ཅིའི་ཕྱིར་བྱིན་ཞེ་ན། སྤྱན་དྲང་བའི་ཕྱིར་ཞེས་པའོ།། བར་དུ
་ཞེས་བྱ་བའི་སྒྲས་ནི་དོན་གྲུབ་པ་ལ་སོགས་པ་གཟུང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་འདུ་བ་ནི་འདུས་པར་མཛད་པ་སྟེ། དེའི་བྱིན་གྱིས་བརླབ་པ་ནི་དེ་བྱེད་པའོ།། འདུ་བའི་བྱིན་གྱིས་བརླབ་པ་ཉིད་དངོས་གྲུབ་པ་སྟེ། དེའི་ཕྱིར།
་གདོན་མི་ཟ་བའི་རྒྱལ་པོ་དེ་ལ་བྱིན་པའོ།། ཅི་ཞིག་མཛད་ནས་བྱིན་དེ་བཞིན་དུ་ཞེས་བྱ་བ་གསུངས་ཏེ། འདི་ཅི་ཞིག་སྟོན་ཅེ་ན། དེ་བཞིན་གཤེགས་པའི་སྐུའི་རིན་པོ་ཆེའི་དབུ་རྒྱན་དང་གཅོད་པན་གྱིས་དབང་བསྐུར་བར་སྟོན་ཏོ།། དེ་བས་ན
་ཕྱག་རྒྱའི་དབང་བསྐུར་བའི་རྗེས་ཐོགས་ལ་མིང་གིས་དབང་བསྐུར་བ་ནི་རྡོ་རྗེ་འགུགས་པ་ཞེས་གསུངས་ཏེ། འགུགས་པར་བྱེད་པས་ན་འགུགས་པའོ།། རྡོ་རྗེ་བཞིན་དུ་འགུགས་པ་མི་འདའ་བའི་དོན་གང་ཡིན་པ་དེ
་ནི་རྡོ་རྗེ་འགུགས་པའོ།། ཡང་ན་འདིས་འགུགས་པས་ནི་འགུགས་པ་སྟེ། རྡོ་རྗེ་ལྕགས་ཀྱིའི་ཕྱག་རྒྱའོ།། རྡོ་རྗེ་ལས་འགུགས་པ་གང་ཡིན་པ་དེ་ནི་རྡོ་རྗེ་འགུགས་པ་སྟེ། རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ་དེ་ལས་བྱུང་བའི་ཕྱིར་རོ།། དེ
་ས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ལྕགས་ཀྱི་དེས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་ཞིང་བསྡུས་ནས་ཅི་ཞིག་བྱེད་ཅེ་ན། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་ཏེ། ཆེད་དུ་བརྗོད་པ་ཞེས་བྱ་བ་འདི་བཤད་ཟིན
་ཏོ། འདི་ཞེས་བྱ་བ་ནི་ལག་པའི་མཐིལ་ལ་གནས་པའོ།། དེ་ཞེས་བྱ་བ་འདིས་ནི་གང་ལས་གང་བདག་སྐྱེས་པའི་ཞེས་པའི་དོན་ཏོ།། དེ་གང་ཞེ་ན། རྡོ་རྗེ་ཡེ་ཤེས་བླ་ན་མེད་པ་ཞེས་བྱ་བ་སྟེ། རྡོ་རྗེའི་ཡེ་ཤེས་ནི་མི་གཡོ་བའི་ཡེ་ཤེས
་ཏེ། ཆོས་ཀྱི་དབྱིངས་རབ་ཏུ་རྟོགས་པའི་མཚན་ཉིད་ཅན་ནོ།། ཡེ་ཤེས་དེ་སུ་ཞིག་གི་ཡིན་ཞེ་ན། སངས་རྒྱས་ཀུན་གྱི་ཞེས་བྱ་བ་གསུངས་སོ།། ཅིའི་ཕྱིར་དེ་སངས་རྒྱས་ཐམས་ཅད་ཀྱི་ཡིན་པར་བཤད་ཅེ་ན། སངས་རྒྱས་ཀུན་གྱི་དོན་འགྲུབ
་ཕྱིར་ཞེས་བྱ་བ་གསུངས་སོ།། དེའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། ཀུན་ནས་སྤྱན་དྲངས་དམ་པའོ།། ཞེས་བྱ་བ་གསུངས་ཏེ། འདིས་ཀུན་ནས་སྤྱན་འདྲེན་པས་ན་ཀུན་ནས་སྤྱན་དྲངས་ཞེས་བྱ་སྟེ། ལྕགས་ཀྱུའོ།། དེ་ཡང་འགུགས་པ་གཞན།
་དག་ལས་ཁྱད་པར་དུ་གྱུར་པའི་ཕྱིར་དམ་པ་ཞེས་བྱའོ།། དོན་གང་གི་སངས་རྒྱས་ཀུན་གྱི་དོན་ཐམས་ཅད་སྤྱན་འདྲེན་པ་དེ་གང་ཡིན་ཞེ་ན། སངས་རྒྱས་ཀུན་གྱི་གང་གདུལ་བྱའི་སེམས་ཅན་རྣམས་ཀྱི་དོན་གྲུབ་པ་སྟེ། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་ཡུན་རིང་པོ་ནས་མངོན་པར་བཞེད་པ་ཡིན་པའི་ཕྱིར་དོན་དེ་ནི་སངས་རྒྱས་ཀུན་གྱི་དོན་གྲུབ་ཕྱིར་ཞེས་བྱའོ།། །། བསྡུ་བའི་དངོས་པོ་བཞིའི་རང་བཞིན་རྡོ་རྗེ་ལྕགས་ཀྱུས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ
་རྣམས་བསྡུས་པ་ཡིན་ལ། བསྡུས་པ་དེ་རྣམས་ནི་ངེས་པར་མཉེས་པར་བྱ་དགོས་ཏེ། གཞན་དུ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྡུས་པ་ལ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ
་སོགས་པ་སེམས་དཔའ་གསུམ་པོ་འབྱུང་བའི་ཐབས་སྟོན་པ་ཡིན་ནོ།། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་འཁོར་བའི་སྡུག་བསྔལ་གྱིས་སྐྲག་ནས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་དེ་ལས་འཕོ་བར་མཛད་པ་ནི་གསོད་པ
་ཞེས་བྱ་སྟེ། དེ་བས་ན་གསོད་པར་བྱེད་པའི་ཕྱིར་བདུད་ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བདུད་ཀྱང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་དོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ཡིན་པས་བྱང་ཆུབ
་སེམས་དཔའ་ཆེན་པོ་བདུད་ཅེས་བྱ་བའི་དམ་ཚིག་གོ།། དེ་ལས་བྱུང་བ་ནི་གང་ལས་སེམས་དཔའ་སྟེ། སེམས་དང་དེའི་བྱིན་བརླབས་ཏེ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར
་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པའི་དམ་ཚིག་ཅེས་བྱ་བ་གསུངས་ཏེ་མཉེས་པར་བྱེད
་པའི་དམ་ཚིག་ནི་རྗེས་སུ་ཆགས་པར་བྱེད་པའི་མཚན་མ་སྟེ། གང་གིས་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་བཟློག་སྟེ། ཐེག་པ་ཆེན་པོ་ལ་འཇུག་པར་བྱེང་བའོ།། ཡང་སེམས་ཅན་མི་དགེ་བ་ལ་ཞུགས་པ་རྣམས
་དགེ་བ་བཅུའི་ལམ་ལ་དགོད་པར་བྱ་བའི་ཕྱིར། གང་གིས་རྗེས་སུ་ཆགས་པར་བྱེད་པ་དེ་ལ་རྗེས་སུ་ཆགས་པར་བྱེད་པའི་དམ་ཚིག་ཞེས་བྱ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད
་ནི་སངས་རྒྱས་ཐམས་ཅད་དེ། དེ་རྣམས་ཀྱི་ཐུགས་ལ་མངའ་བའི་དོན་ལ་སེམས་ཅན་ཐམས་ཅད་རྗེས་སུ་ཆགས་པར་བྱ་བའི་ཕྱིར་འདི་འདི་ལྟར་གྱུར་ཅིག་ཅེས་བྱ་བའི་དོན་འདི་སྒྲ་གང་གིས་སྟོན་པར་བྱེད་པའི་སྒྲ་དེ་ལ་ཡང་སྙིང་པོ་ཞེས་བྱའོ།། །
་དེ་ཉིད་དེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ཞེས་བྱ་བ་ནི་གང་སྔར་རྡོ་རྗེ་རྒྱལ་པོར་བདག་ཉིད་སྟོན་པར་བྱེད་པ་འདི། དེ་ཉིད་མེ་ཏོག་གི་མངར་གྱུར་ནས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་མེ་ཏོག་གི་མངའ་སྟེ།
་མེ་ཏོག་གི་མཚོན་པའི་མདའ་དང་བཅས་པའི་གཞུའི་དབྱིངས་སུ་གྱུར་ནས་བྱུང་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་མཉེས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ལ་མཉེས་པར་བྱེད་པ་ནི་སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་ཕྱོག
་ཤིང་ཉན་ཐོས་ཀྱི་ལམ་ཀུན་ཏུ་འཛིན་པ་སྔར་གསལ་བའོ།། རྗེས་སུ་ཞེས་བྱ་བའི་སྒྲས་ནི་ཕྱི་ནས་ཞེས་བྱ་བའི་དོན་ཏོ།། སེམས་ཅན་ཡོངསུ་སྨིན་པ་ལ་སོགས་པར་བྱེད་པ་ནི་རྗེས་སུ་ཆགས་པར་བྱེད་པའོ།། དེ་ཡང་དེ་བཞིན་གཤེགས་པ་ཐམས
་ཅད་དང་འབྲེལ་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་གཟུང་ལ་སངས་རྒྱས་རྣམས་ཀྱི་རྗེས་སུ་མཉེས་པར་བྱ་བ་ནི་མངོན་པར་རྫོགས་པར
་སངས་རྒྱས་ནས་ཐུགས་ལས་ཆུང་བ་ལས་ཐུགས་གཞོལ་ཏེ། ཆོས་ཀྱི་འཁོར་ལོ་སྐོར་བར་མི་མཛད་པ་ལ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་ཚངས་པས་བཅོམ་ལྡན་འདས་སེམས་ཅན་དབང་པོ་རྣོ་བ་ཡོང་མཆིས། དབང་པོ་འབྲིང་པོ
་ཡང་མཆིས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ཞེས་བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་གསོལ་བ་བཏབ་པ་ཡིན་ལ། འདི་ནི་སངས་རྒྱས་རྣམས་ཀྱི་མཉེས་པར་བྱ་བ་སྟེ། སེམས་ཅན་གྱི་དོན་མཛད་པར
་བཞེད་པ་བསྐྱེད་པའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སེམས་ཅན་གྱི་དོན་ལ་གཡེལ་བ་རྣམས་ལ་དེ་ལ་འདོད་པ་བསྐྱེད་པ་ནི་རྗེསུ་མཉེས་པར་བྱ་བའོ།། སོགས་པ་ཞེས་སྨོས་པ་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་སྦྱང
་བ་ལ་སོགས་པ་གཟུང་ངོ་།། ཤིན་ཏུ་བདུད་བྱེད་པ་ཞེས་བྱ་བ་ནི་རང་གི་ལས་རྣམས་ཀྱི་མཆོག་ཏུ་མཐར་ཕྱིན་པའོ།། དེ་ཉིད་ཀྱི་ཕྱིར་གཅིག་ཏུ་འདྲེན་པར་གྱུར་པ་སྟེ། ཤིན་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པར་གྱུར་ཅེས་བྱ་བའི་དོན་ཏོ།།
་ཆེད་དུ་བརྗོད་པ་ཞེས་བྱ་བ་ལ་སོགས་པ་དྲིས་པ་མེད་པར་ཆེད་དུ་སྨྲས་པ་ནི་ཆེད་དུ་བརྗོད་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། བདག་གི་རང་བཞིན་དག་ཅེས་བྱ་བ་ནི་ངོ་བོ་ཉིད་དག་པའི་ཕྱིར་ཏེ། གང་གིས་ཀྱང་འདུས
་བྱས་པ་ལ་སོགས་པས་སྦྱངས་པ་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ཁྱེད་ཇི་ལྟར་ན་རང་བཞིན་གྱིས་དག་པ་ཉིད་ཡིན་ཏེ། གང་གི་ཕྱིར་འཇིག་རྟེན་པའི་བུ་དང་ཆུང་མ་ལ་སོགས་པ་ཟང་ཟིང་གི་ཡུལ་གྱི་ལོངས་སྤྱོད་ལ་ཆགས་པ་ཡིན་པ་དེ་ནི་ཀུན་ནས
་ཉོན་མོངས་དང་བཅས་པ་དང་། མི་དགེ་བའི་ལས་ཀྱི་ལམ་ཀུན་ནས་སློང་བར་བྱེད་པ་ཡིན་པའི་ཕྱིར་རོ།། དེའི་མཐོང་བའི་ཆོས་ཉིད་ལ་ཡང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་བསྐྱེད་པའི་རང་བཞིན་ཡིན་པའི་ཕྱིར་དང་།
་སྐྱེ་བ་གཞན་དུ་བདག་ཉིད་སྡུག་བསྔལ་དང་། ཡིད་མི་བདེ་བ་མཐའ་ཡས་པའི་རྒྱུར་གྱུར་པ་ཉིད་དང་། འཁོར་བར་འཆིང་བའི་རྒྱུ་ཉིད་ཡིན་ཏེ། དེ་བས་ན་ཡོངསུ་མ་དག་པ་ཡིན་ནོ་ཞེ་ན། གང་ཡང་སེམས་ཅན་ཡོངསསུ་སྨིན་པར་བྱ་བ་ལ་རྗེས་སུ
་ཆགས་པ་དེ་ནི་རང་གི་རྒྱུད་ཡོང་སུ་དག་པའི་རྒྱུ་ཡིན་ལ། དེ་ཡང་བདག་ཉིད་ཀྱི་ཕྱིར་མ་ཡིན་གྱི་སེམས་ཅན་དེ་རྣམས་ཉིད་འཁོ་བ་ལས་ཡོང་སུ་བསྒྲལ་བའི་ཕྱིར་བླ་ན་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པས་བདག་ཉིད་སྣོད་དུ་རུང་བར་བྱེད་པ་དང་། མ
་འོངས་པའི་དུས་སུ་རྗེ་སུ་ཆགས་པ་དེས་སེམས་ཅན་རྣམས་ཀྱང་སྐལ་པ་ཇི་ལྟ་བ་བཞིན་དུ་འཁོར་བ་ལས་སྒྲོལ་བར་བྱེད་ཅིང་། རྗེས་སུ་ཆགས་པར་བྱ་བས་རང་དབང་དུ་བྱས་ནས། དུས་ཇི་ལྟ་བ་བཞིན་དུ་འཁོར་བའི་ལོངས་སྤྱོད་ཀྱིས
་བསྡུས་ཏེ། ཡོངས་སྨིན་པར་བྱས་ནས་ཕྱིན་ཅི་མ་ལོག་པའི་ལུང་ཕྱོག་པ་བྱིན་པས་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ། དེ་བས་ན་བདག་དང་གཞན་གྱི་རྒྱུད་རྣམ་པར་དག་པའི་རྒྱུར་གྱུར་པའི་ཕྱིར་དང་། ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་མང་ང
་སྒྱུར་གྱུར་པའི་ཕྱིར་དེ་ལ་ནི་རང་བཞིན་གྱིས་དག་པ་ཞེས་བཤད་དོ།། རྗེས་སུ་ཆགས་པར་བྱེད་པས་ན་དགྱེས་པར་བྱེད་པའོ།། དེ་ལྟ་བུ་དེ་གང་གི་རྗེས་སུ་ཆགས་པ་ཡིན་ཞེ་ན། རང་འབྱུང་ཞེས་བྱ་བ་གསུངས་ཏེ། རང་འབྱུང་བའི་ཕྱིར་རང་འབྱུང་སྟེ། སངས
་རྒྱས་བཅོམ་ལྡན་འདས་རྣམས་དང་། འབྱུང་བར་འགྱུར་བའི་ཚུལ་ལ་བརྟེན་ན། བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་བྱའོ།། རང་འབྱུང་བ་རྣམས་ཀྱི་རྗེས་སུ་ཆགས་པ་དེ་ལྟ་བུ་འདི་ཇི་ལྟར་ཤེས་ཤེ་ན། གང་གི་ཕྱིར་འདོད་ཆགས་བྲལ་བ་རྣམས
་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་རིགས་ཅན་གྱི་གདུལ་བྱ་རྣམས་ཉན་ཐོས་ཀྱི་ཐེག་པར་ལྟུང་ཞིང་འདོད་ཆགས་དང་བྲལ་བ་ཡོངསུ་མ་དག་པ་རྣམས་སླར་ཡང་ཐེག་པ་ཆེན་པོ་ལ་དགོད་པའི་ཕྱིར་འདོད་ཆགས་ཀྱིས་གདུལ་བར
་བྱེད་པའོ།། འདི་སྐད་སྟོན་ཏེ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱི་ཕྱོགས་པ་རྣམས་སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱ་བའི་འདོད་ཆགས་བསྐྱེད་ཅེས་བྱ་བའི་དོན་ཏོ།། ད་ནི་བཅོམ་ལྡན་འདས་ཀྱིས་གང་གི་དོན་དུ་མངོན་པར་འདུལ་མཛད་པའི
་དེ་ལ་བསྙེན་བཀུར་སྔོན་དུ་འཇུག་པས་ལས་ལ་སྦྱར་བར་གསོལ་བ་འདེབས་པ་ནི་བཀའ་ནོད་ཅིང་ཞེས་བྱ་བ་འདིས་བསྟན་ཏཾ། བཀའ་ནི་རང་གི་ལས་རྣམས་ལ་ལུང་བསྒོ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཞེས་བྱ་བ
་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། ཉན་ཐོས་བཞིན་དུ་འཁོར་བས་ཀུན་ཏུ་སྐྲག་པ་ལ་ཕྱག་རྒྱའི་ཁྱད་པར་གང་གིས་རྗེས་སུ་ཆགས
་པར་བྱས་པའོ།། དེའི་བྱིན་གྱི་བརླབས་ནི་ཉིད་ཀྱི་ལས་རྣམས་ལ་མཐུ་བསྐྱེད་པ་སྟེ། དེ་ལ་བརྟན་པར་ནུས་པའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པའི་བྱིན་བརླབས་རྡོ་རྗེ་ཞེས་བྱ་སྟེ། དེ་སྐད
་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ཅེས་འདིར་རྟོག་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྡོ་རྗེའི་དམ་ཚིག་ཅེས་བྱ་བ། རྡོ་རྗེ་མདའ་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཅེས་བྱ་བ་དེའི་ལག
་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདུད་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ། བདུད་ནི་རང་འགར་འཇུག་པ་ལས་བཟློག་ཅིང་གཞན་གྱི་དབང་གི་བྱེད་པའོ།། དེ་ལ་རྡོ་རྗེ་བཞིན་དུ་མི་ཕྱེད་པའི་དམ་ཚིག་གང་ཡིན་པ
་དེ་ནི་བདུད་རྡོ་རྗེའི་དམ་ཚིག་གོ།། སེམས་ཅན་གྱི་ཁམས་མ་ལུས་ཤིང་ཞེས་བྱ་བ་ནི་བཤད་ཟིན་ཏོ།། བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་མ་སྨོས་པ་རྣམས་ཀྱང་སྟོན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་བདུད་ཀྱི་ལས་ནི་སངས་རྒྱས་ཀྱི་རིགས་ཅན་རྣམས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལས་འཕོ་བར་བྱེད་པ་དང་། སངས་རྒྱས་རྣམས་ཀྱང་ཐུགས་ལས་ཕྱུང་དུ་ལས་བསྐྱོད་པར་བྱེད་པའོ།། བདུད་ཀྱི་ལས་དེ་ཉིད་ནི་དངོས་གྲུབ་ཀྱི
་མཆོག་སྟེ། དེ་འཐོབ་པ་ནི་དངོས་གྲུབ་ཀྱི་མཆོག་འཐོབ་པའོ།། དེ་ཉིད་ནི་འབྲས་བུ་ཡིན་པས་ན་དངོས་གྲུབ་ཀྱི་མཆོག་འཐོབ་པའི་འབྲས་བུའོ།། དེ་དག་གི་ཕྱིར་དེ་བཞིན་དུ་དེ་བཞིན་གཤེགས་པའི་རིན་པོ་ཆེའི་དབུ་རྒྱན་དང་ཅོད་པན་གྱི་དབང
་བསྐུར་བ་བྱིན་ནོ་ཞེས་བྱ་བ་སྟེ། སྐུལ་ཏོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་ཕྱག་རྒྱའི་དབང་བསྐུར་བའི་རྗེས་ལ་མིང་གི་དབང་བསྐུར་བ་བསྟན་པའི་ཕྱིར། རྡོ་རྗེ་གཞུ་ཞེས་བྱ་བ་གསུངས་ཏེ། འདིས་སྔར་གཞུ་ཞེས་མ་སྨོས་སུ་ཟིན་ཀྱང་མདའ་དེ
་གཞུ་མེད་པར་དེས་དེའི་ལས་མི་སྲིད་པའི་ཕྱིར་མདའ་ཞེས་སྨོས་པས་གཞུ་མ་སྨོས་སུ་ཟིན་ཀྱང་དོན་གྱིས་སྨྱོས་པ་ཁོ་ན་ཡིན་པར་སྟོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་བདུད་བྱེད་ཅིང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་རིགས་དང
་ལྡན་པ་རྣམས་ཉན་ཐོས་ཀྱི་ཐེག་པ་ལས་འཕོ་བར་བྱེད་པའོ།། ཅི་ཞིག་ཅེ་ན། ཚོད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་སྟེ། འདི་ཞེས་བྱ་བ་ནི་ལག་མཐིལ་ན་གནས་པའི་གཟིགས་སོ།། འདི་ཅི་ཞིག་ཡིན་ཞེ་ན། འདོད་ཆགས་ཀྱི་ཡེ
་ཤེས་སོ།། སུ་ཞིག་གི་ཞེ་ན། སངས་རྒྱས་ཀུན་གྱིའོ།། འདོད་ཆགས་ཀྱི་རྒྱུའི་ཡེ་ཤེས་ཡིན་པས་ན་འདོད་ཆགས་ཀྱི་ཡེ་ཤེས་ཏེ། ཡེ་ཤེས་ཀྱིས་དེ་སྤྲུལ་པ་ཡིན་པའི་ཕྱིར་དེ་ཉིད་ལ་ཡེ་ཤེས་ཞེས་བྱའོ།། རྙོག་པ་མེད་པས་ན་དྲི་མ་མེད་པ་སྟེ།
་ལོངས་སྤྱོད་ཀྱི་སྲིད་པ་མ་འདྲེས་པའི་ཕྱིར་རྙོག་པ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། འདི་དྲི་མ་མེད་པ་ཡིན་པར་ཅི་མངོན་ཞེ་ན། འདོད་ཆགས་ཀྱིས་ནི་ཆགས་བྲལ་བཅོམ་ཞེས་བྱ་བ་གསུངས་ཏེ། བཅོམ་པ་ནི་བརླབ་པའོ།། གང་ཞིག་ཅེ་ན
་ཆགས་བྲལ་ཅེས་བྱ་བ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ལས་ཆུང་ངུ་ལ་གཞོལ་བའོ།། གང་གིས་བཅོམ་ཞེ་ན། འདོད་ཆགས་ཀྱིས་ཏེ། སེམས་ཅན་རྣམས་སྨིན་པ་དང་གྲོལ
་བའི་འདོད་ཆགས་ཀྱི་འདོད་ཆགས་དང་བྲལ་བ་བཅོམ་པའོ།། བཅོམ་ལྡན་འདས་ཅི་ཞིག་མཛད་ཅེ་ན། བདེ་བ་ཐམས་ཅད་སྦྱིན་པར་བྱེད་ཅེས་བྱ་བ་གསུངས་ཏེ། བདེ་བ་ཐམས་ཅད་ནི་སངས་རྒྱས་ཀྱི་བདེ་བ་བླ་ན་མེད་པའོ།། བྱང་ཆུབ་ཀྱི་ཕྱག་རྒྱ་བསྐྱེད
་ནས་དེའི་འོག་ཏུ་བྱང་ཆུབ་ཀྱི་སེམས་ལ་སེམས་ཅན་བསྡུས་ནས་དགོད་པའི་ཕྱིར་སེམས་ཅན་བསྡུ་བའི་ཕྱག་རྒྱ་བསྐྱེད་པ་ཡིན་ལ། སེམས་ཅན་བསྡུ་བ་བསྟན་ནས་སེམས་ཅན་དེ་དག་རྗེས་སུ་ཆགས་པར་བྱ་བའི་ཕྱག་རྒྱ་བསྟན་ཏོ།། རྗེས་སུ་ཆགས་པར
་བྱ་བ་རྣམས་ནི་དགའ་བར་བྱ་དགོས་པ་དེའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྨོས་པ་ཡིན་ནོ།། རབ་ཏུ་དགའ་བ་ནི་ཡིད་བདེ་བའོ།། དེ་བསྐྱེད་པར་བྱ་བ་ལ་དབང་དུ་གྱུར་པ་ཉིད་ཀྱི་ཕྱིར་རྒྱལ་པོ་ཡིན་པས་ན་རབ་ཏུ་དགའ་བའི་རྒྱལ་པོའོ།། བྱང
་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རབ་ཏུ་དགའ་བའི་རྒྱལ་པོ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོའོ།། དེའི་ངོམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་སེམས་དཔའི་སེམས་ཀྱི་ཁྱད་པར་གང་ལས་བྱུང
་བ་དེ་བྱིན་གྱིས་བརླབ་ཅིང་མཐུ་བསྐྱེད་པའི་ཕྱིར་རྡོ་རྗེ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ཚིགས་འདི་དག་གིས་སྟོན་པ་ཡིན་ཏེ། དེ་ལ་སྙོམས་པར་ཞུགསོ་བ་ནི་མངོན་སུམ་དུ་མཛད་པའོ།། རབ་ཏུ་དགའ་བའི་དོམ་ཚིག་གི་ཕྱག་རྒྱ་ནི
་རབ་ཏུ་དགའ་བའི་དམ་ཚིག་ཅེས་བྱ་སྟེ། རབ་ཏུ་དགའ་བའི་དམ་ཚིག་ཅེས་བྱ་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་མི་བསྐྱོད་པ་ལ་སོགས་པ་སྟེ། དེ་དག་གི་ཐུགས་ཀ་ལ་འདིའི
་དོན་གནས་པས་ན་སྙིང་པོའོ།། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བཤད་དོ།། རང་གི་ཐུགས་ཀ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀོ་སྟེ། དེ་ལས་ཕྱུང་བའོ།། བཅོམ་ལྡན་འདས་རྡོ་རྗེ
་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་གང་སྔར་འདིའི་གཟུགས་སུ་བྱུང་བ་དེ། ད་ནི་ལེགས་སོ་ཞེས་བྱ་བར་གྱུར་ནས་ཞེས་བྱ་བ་ཕྱག་གཉིས་སེ་གལ་བརྡེབས་པའི་ཚུལ་གྱིས་མཆོག་ཏུ་ཡོངས་སུ་དག་པའི་རྒྱུ་དང་འབྲས་བུ་མངོན་པར་སྟོན་པའི་ཚུལ་དུ་བྱུང
་ངོ། འདིས་ཀྱང་མཉེས་པར་བྱེད་པ་སྟེ། ཇི་ལྟར་ཆོ་ག་དེ་ཉིད་རྫོགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་མཉེས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ལེགས་སོ་ལེགས་སོ་ཞེས་བསྟོད་པར་མཛད་པ་ལྟ་བུའོ།། རྡོ་རྗེ་དགྱེས་པོའི་དབྱིབས
་སུ་ཞེས་བྱ་བ་ནི་ལེགས་སོ་ཞེས་བྱ་བ་སྦྱིན་པའི་ཕྱག་རྒྱའི་གཟུགས་སུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལེགས་སོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ནི་སེམས་དཔའ་འདི་རང་གི་ལས་འདི་ལ་ལེགས་སོ་ཞེས་བྱ་བ་ནི་སྦྱིན་པར་བྱེད
་པ་ཡིན་ཏེ། སོགས་པ་ཞེས་བྱ་བའི་སྒྲས་ནི་སྔར་གྱི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བསྡུའོ།། ཤིན་ཏུ་དགའ་བར་བྱེད་པ་དང་ཞེས་བྱ་བ་ལ་སོགས་པ་དང་། རབ་ཏུ་མི་དགའ་བ་ཉིད་རབ་ཏུ་དགའ་བ་བསྐྱེད་པའི་ཏིང་ངེ་འཛིན་ཤིན་ཏུ་བསྒོམས
་པའི་ཕྱིར་རོ།། ཤིན་ཏུ་བསྒོམས་པ་ནི་སེམས་ལ་དབང་དུ་གྱུར་པ་སྟེ། ཤིན་ཏུ་བསྒོམས་པའི་ཕྱིར་གཅིག་ཏུ་གྱུར་ལ་རབ་ཏུ་བརྟན་པའི་ཕྱིར་འདྲེས་པར་གྱུར་པ་སྟེ། སྙིང་པོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་བྱང་ཆུབ་སེམས
་དཔའི་ལུས་འདི་སྤྲུལ་ནས་ཆེད་དུ་བརྗོད་པ་འདི་བརྗོད་པ་ཡིན་ནོ།། ཨེ་མའོ་ཞེས་བྱ་བ་འདི་ངོ་མཚར་དུ་གྱུར་པའོ།། འདིརོ་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར་གཟུགས་མེད་པའི་སེམས་ཀྱི་ངོ་བོ་ཉིད་ཡོན་དུ་ཟིན་ཀྱང་བདག་གཟུགས་ཅན་དུ
་གྱུར་པའོ།། ཅི་ཞིག་གི་ངོ་བོ་ཞེ་ན། ལེགས་པར་སྦྱིན་པའི་ངོ་བོ་ཉིད་དུའོ།། ཅི་ཕྱོགས་གཅིག་པའམ་ཞེ་ན། མ་ཡིན་ཏེ། ཐམས་ཅད་ཅེས་བྱ་བ་སྨོས་ཏེ། ལེགས་པར་བྱ་བ་ཐམས་ཅད་ཀྱི་ལེགས་པ་སྦྱིན་པའོ།། སུ་ཞིག་གི་ལེགས་པར་སྦྱིན་པ་ཞེ་ན།
་ཐམས་ཅད་མཁྱེན་ཀུན་གྱི་ཞེས་བྱ་བ་གསུངས་སོ།། ཁྱད་པར་ཇི་ལྟ་བུ་ཞེ་ན། མཆོག་ཅེས་བྱ་བ་སྟེ། དམ་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་དམ་པ་ཡིན་ཞེ་ན། རྣམ་རྟོག་བྲལ་བ་དེ་དག་གི། ངེས་པ་དགྱེས་པ་བསྐྱེད་པ་ཡིན་ཞེས་བྱ་བའོ།། འདི་སྐད
་སྟོན་ཏེ། དགའ་བ་ནི་ཡིད་བདེ་བ་ཡིན་ལ། དེ་ཡང་རྣམ་པར་རྟོག་པ་དང་བྲལ་བ་ཡིན་མོད་ཀྱི། འདིས་ནི་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ཐོབ་ཅིང་རྣམ་པར་རྟོག་པ་སྤངས་པ་རྣམས་ཀྱི་ཡང་གང་གི་ཕྱིར་དགྱེས་པ་བསྐྱེད་པར་བྱེད་པ་ཡིན
་པས་ན་དེའི་ཕྱིར་མཆོག་གོ།། ངེས་པར་ཞེས་བྱ་བ་ནི་གདོན་མི་ཟ་བར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། མཉེས་པར་བྱེད་པའི་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ་མཉེས་པར་བྱེད་པའི་ཕྱིར་རྡོ་རྗེ་ཡིན་པས་ན། མཉེས་པར་བྱེད་པའི་རྗེ
་རྗེའོ།། དེ་བཞིན་གཤེགས་པ་ཐམས་ཅད་འབྲེལ་པའི་རབ་ཏུ་དགའ་བ་བསྐྱེད་པའི་ཕྱག་རྒྱ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགྱེས་པ་བླ་ན་མེད་པ་ཞེས་བྱ་བ་ལ་རབ་ཏུ་དགྱེས་པ་ནི་ཡིད་བདེ་བའོ།། འདིའི་གོང་ན་ཡོད་པའི་མ་ཡིན་པས་ན་བླ་ན་མེད་པའོ།། དེ་མཁྱེན་པའི་ཡེ་ཤེས་ཡིན་པས་ན་རབ་ཏུ་དགྱེས་པ་བླ་ན་མེད་པའི་ཡེ་ཤེས
་ཏེ། དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགྱེས་པ་བླ་ན་མེད་པའི་ཡེ་ཤེས་ཞེས་བྱ་བ། དེའི་དམ་ཚིག་ནི་ཕྱག་རྒྱ་སྟེ། དེ་སྐྱེད་པར་བྱེད་པའི་མཚན་མ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགྱེས་པ་བླ་ན་མེད་པའི
་ཡེ་ཤེས་ཀྱི་དམ་ཚིག་ཅེས་བྱ་སྟེ། རྡོ་རྗེ་དགྱེས་པ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རབ་ཏུ་དགའ་བའི་རྒྱལ་པོ་དེའི་ལག་ཏུ་བྱོན་ནོ་ཞེས་བྱ་བར་སྦྱར་རོ།། དགྱེས་པའི་རོ་ཞེས་བྱ་བ་ལ་སོགས་པ་ལ་དགྱེས་པ་ནི་ཡིད་བདེ་བའི་ཁྱད་པར་ཏེ། སྤུ་ལྗང
་བ་ལ་སྩོགས་པའི་རྒྱུའོ།། དེ་ཉིད་ནི་ཚིམ་པར་བྱེད་པ་ཡིན་པའི་ཕྱིར་བླ་ན་མེད་པའོ།། འདི་ཉིད་ནི་གྲུབ་པ་དམ་པ་ཞེས་ཀྱང་བྱའོ།། ལྷག་མ་རྣམས་ནི་གོ་བླའོ།། ད་ནི་དེའི་ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས
་ཏེ། རྡོ་རྗེའི་མིང་གིས་མཚན་པའི་དགྱེས་པ་ནི་རྡོ་རྗེ་དགྱེས་པའོ།། རྡོ་རྗེ་དགྱེས་པའི་སེ་གོལ་དེའི་ཚུལ་གྱིས་ཕྱག་རྒྱ་དེས་དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ལེགས་སོ་ཞེ་བྱ་བས
་རབ་ཏུ་དགྱེས་པར་བྱེད་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། འདི་ཞེས་བྱ་བ་ནི་ལག་ན་གནས་པའོ།། ད་ཞེས་བྱ་བ་ནི་བདག་གང་ལས་བྱུང་བའོ།། འདི་སུ་ཞིག་གི་ཞེ་ན། སངས་རྒྱས་ཀྱི་ཞེས་བྱ་བ་གསུངས་ཏེ། ལས་ཅི་ཞིག
་བྱེད་ཅེ་ན་ལེགས་སྦྱིན་པ། འདི་ནི་རབ་ཏུ་འཇུག་བྱེད་པས་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་མགུ་བར་བྱེད་པའོ།། རྡོ་རྗེ་ཞེས་བྱ་བ་ནི་རང་གི་ལས་ལ་གཞན་གྱིས་མི་ཕྱེད་པ་ཡིན་པའི་ཕྱིར་རོ།། འདི་ནི་ལྷ་རྣམས་ཀྱི་ཡིན་པས་ན་ལྷ་རྫས་སོ།། འདིས
་ནི་ཅི་ཞིག་བྱེད་ཅེ་ན། དགྱེས་པ་སྤེལ་བའོ་ཞེས་བྱ་བ་གསུངས་སོ།། བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་གསོལ་བ་འདེབས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་དམ་ཚིག་ནི་བསྡུ་བའི་དངོས་པོ་བཞིའི་རང
་བཞིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་དང་རྗེས་སུ་མཐུན་པར་འཇུག་པའི་རང་བཞིན་ནོ།། དགྱེས་པ་ཆེན་པོ་ནི་དགའ་བ་དང་ཡིད་བདེ་བའི་རང
་བཞིན་ནོ།། དམ་ཚིག་ཆེན་པོའི་སེམས་དཔའོ་ཞེས་བྱ་བ་ལ་བྱང་ཆུབ་ཆེན་པོའི་དམ་ཚིག་ཡིན་པས་ན། དམ་ཚིག་ཆེན་པོ་སྟེ། དེ་ཐོབ་པར་བྱ་བའི་རྒྱུའི་སེམས་དཔའ་ལ་དམ་ཚིག་ཆེན་པོའི་སེམས་དཔའ་ཞེས་བྱའོ།། དེ་བས་ན་ཡོན་ཏན་དེ་བཞི
་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་མ་ལུས་པ་ཐོབ་པའི་རྒྱུ་ཡིན་པའི་ཕྱིར། དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་བཞིའི་ངོ་བོ་ཉིད་སྤྲུལ་པ་ལ་ནི་དམ་ཚིག་སེམས་དཔའ་ཞེས་བྱའོ།། དེ་དག་དོན་གྱི་དབང་གིས་ན་གོ་རིམ་བཞིན
་དེ་བཞིན་གཤེགས་པའི་རིགས་ཡིན་ནོ།། ད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་མཉེས་པར་བྱས་པའི་རྗེས་ལ། ཇི་ལྟར་རྒྱལ་པོའི་བུ་དགེ་ཞིང་འོངས་པ་རྣམས་ལ་རང་གི་ཡུལ་གྱི་བདག་པོར་དབང་བསྐུར་བ་དེ་བཞིན་དུ།
་སྐད་དུ་སྨོས་པའི་ཡོན་ཏན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐུགས་ཤིན་ཏུ་དགྱེས་ཏེ་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བ་སྩོལ་བར་མཛད་དོ་ཞེས་བསྟན་པར་བྱ་བའི་ཕྱིར
་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ།། ན་མཁའ་ཉིད་ཀྱི་སྐྱེ་གནས་ཡོད་པས་ན་ནམ་མཁའ་སྙིང་པོའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ནམ་མཁའི་སྙིང་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས།
་དཔའ་ཆེན་པོ་ན་མཁའི་སྙིང་པོའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ་གང་ལས་བྱུང་བ་རིན་པོ་ཆེ་ཞེས་བྱ་བ་དད་པའི་ནོར་བུ་རིན་པོ་ཆེ་ལས་སོ།། དེའི་བྱིན་བརླབ་ནི་དེའི་མཐུ་བསྐྱེད་པར་བྱ་བའི་ཕྱིར་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན
་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས་སོ།། ཅི་ཞིག་མཛད་ཅེ་ན། དེའི་ཕྱིར་སྨྲས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ།། དེ་མིང་ཇི་སྐད
་ཅེས་བྱ་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག
་སྟེ། འདིར་དམ་ཚིག་ནི་རིན་པོ་ཆེའི་ཕྱག་རྒྱ་སྟོང་པའི་སྒྲ་ལ་བྱ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་ཅེས་བྱ་བའི་སྙིང་པོ་གང་ཡིན་པ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང
་བསྐུར་བའི་དམ་ཚིག་ཅེས་བྱའོ།། ཇི་ལྟ་བུ་ཞེ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ལ་ཇི་སྐད་དུ་སྨྲས་པའི་དབང་བསྐུར་བའི་དོན་དུ་གནས་པ་སྟེ། དེ་བཞིན་གཤེགས
་བ་ཐམས་ཅད་ཀྱི་སྙིང་པོ་དེ་རང་གི་ཐུགས་ཀ་ནས་ཕྱུང་བའོ།། ཐམས་ཅད་ན་མཁའ་དང་ཞེས་བྱ་བ་ལ་སོགས་པ་ལ་དངོས་པོ་ཐམས་ཅད་ནི་ནམ་མཁའ་དང་མཚུངས་སོ་ཞེས་ཆོས་བདག་མེད་པ་རབ་ཏུ་རྟོགས་པས་ན། ཐམས་ཅད་ན་མཁའ་དང
་མཉམ་པ་ཉིད་དེ་དེའི་ཡེ་ཤེས་ནི་ཐམས་ཅད་ནམ་ཁའ་དང་མཉམ་པའི་ཡེ་ཤེས་སོ།། དེ་ཤི་ན་ཏུ་རྟོགས་པ་ནི་ཡང་དག་པར་ཐུགས་སུ་ཆུད་ཅེས་བྱ་བའི་དོན་ཏོ།། དེའི་ངོ་བོ་ཉིད་ཡིན་པས་ན་ཐམས་ཅད་ན་མཁའ་དང་མཉམ་པ་ཉིད་ཀྱི་ཡེ
་ཤེས་ཤིན་ཏུ་རྟོག་པའི་ཕྱིར་རོ།། སུ་ཞིག་གི་ཡིན་ཞེ་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། རྡོ་རྗེ་སེམས་དཔའི་སྒྲ་ནི་བྱང་ཆུབ་ཀྱི་སེམས་ལ་བྱ་ལོ།། དེ་ཉིད་ན་མཁའ་དང་མཉམ་པ་ཡིན་པའི་ཕྱིར། ཏིང་ངེ་འཛིན་གྱི་སྒྲར་བཤད་དེ་རྩེ་གཅིག
་པའི་ཕྱིར། གཞན་ལ་མི་དམིགས་པས་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏེ། འདི་སྐད་སྟོན་ཏེ། དོན་དམ་པར་ཆོས་ཐམས་ཅད་ན་མཁའ་དང་མཉམ་པ་ཉིད་དུ་ཤེས་པར་བྱས་ལ། འདུས་བྱས་རྣམས་ནི་རྣམ་པར་རྟོག་པ་ལ་རག
་ལས་པ་ཉིད་དུ་ཁོང་དུ་ཆུད་ནས་མཉམ་པར་བཞག་པའི་སེམས་ཤིན་ཏུ་བསྒོམས་པས། ཇི་ལྟ་ཇི་ལྟར་རྟོགས་པ་དེ་ལྟ་དེ་ལྟར་འགྱུར་རོ་ཞེས་ཞེས་ནས། དགོས་པའི་དབང་གིས་ན་མཁའི་འོད་ཟེར་རྣམས་སུ་གྱུར་ཏེ་བྱུང་བས་ན་ནམ་མཁའ་ཐམས།།
་ཅད་ཀྱི་འོད་ཟེར་རྣམས་སུ་གྱུར་ནས་བྱུང་བ་ཞེས་བྱ་སྟེ། རི་རབ་ཀྱི་ངོས་བཻ་ཌཱུརྱའི་རང་བཞིན་དུ་གནས་པའི་དབང་གིས་ན་མཁའ་དངུལ་རྡོ་བཅག་པའི་མདོག་བཞིན་དུ་སྣང་སྟེ། དེ་དང་འདྲ་བའི་འོད་ཟེར་དུ་གྱུར་ནས་བྱུང་ངོ་ཞེས་བྱ་བའི་དོན་ཏོ།། ཐམས་ཅད
་ནམཁའི་དབྱིངས་ལྟ་བུར་གྱུར་ཏོ་ཞེས་བྱ་བ་ནི་བཤད་མ་ཐག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་མཁའི་རང་བཞིན་གྱི་འོད་ཟེར་གྱིས་རེག་པའི་མཐུས་སྤྲོ་བའི་དུས་སུ་དེའི་ངོ་བོར་གྱུར་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས
་བརླབས་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱི་བརླབས་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཏེ། བྱིན་གྱིས་བརླབས་ནི་འདི་འདི་ལྟར་གྱུར་ཅིག་ཅེས་དགོངས་པ་ཡིན་པས
་དེ་ནས་ན་མཁའི་དབྱིངས་དེ་དག་ཐམས་ཅད་བསྡུ་བ་མཛད་པའོ།། ལྷག་མ་རྣམས་ནི་གཽ་སླའོ།། ཤིན་ཏུ་བསྒོམས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་ཞེས་པའོ།། མཆོག་ཏུ་ཡང་ཀུན་ནས་ཡོངས་སུ་བསྒོམས་ཤིང་བརླབས་པའི་ཕྱིར་ཤིན
་ཏུ་བསྒོ་མས་པའོ།། ཡང་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་ན་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཤིན་ཏུ་རྟོགས་པའི་ཕྱིར་ཞེས་སྔར་བཤད་པ་དང་སྦྱར་བར་བྱ་སྟེ། སྔར་རྟོགས་པའི་སྒྲས་ནི་ཁོང་དུ་ཆུད་པ་ཙམ་དུ་བསྟན་པ་ཡིན་ལ། དེ་ལྟར་ནི་དེ་ལ
་དབང་དུ་གྱུར་པ་ཉིད་བརྙེས་པ་ཡིན་ཏེ། བྱེ་བྲག་ནི་དེ་ཡོད་དོ།། ནམ་མཁའི་ཁམས་ཐམས་ཅད་ཅེས་བྱ་བ་འདི་ནི་སྔར་བཤད་པའི་བཻ་ཌཱུརྱ་ལྟ་བུའི་འོད་ཟེར་གྱི་ཚོགས་སོ།། སྐྱེ་གནས་ནི་སྐྱེ་བའི་གནས་ཏེ་སྐྱེ་བའི་རྒྱུའོ།། རྡོ་རྗེ་རིན་པོ་ཆེ
་ཆེན་པོའི་དབྱིབས་ཞེས་བྱ་བ་ནི། རྡོ་རྗེ་རིན་པོ་ཆེ་ཡང་ཡིན་ལ་རིན་པོ་ཆེའི་དབྱིབས་ཀྱང་ཡིན་པས་ན་རྡོ་རྗེ་རིན་པོ་ཆེ་ཆེན་པོའི་དབྱིབས་སོ།། གྱུར་ནས་ཞེས་བྱ་བ་ནི་དེར་རེད་པ་སྟེ། སྤྲོ་བ་ནང་བསྡུ་བ་མཛད་ནས་བཅོམ་ལྡན་འདས་ཀྱི་ཕྱག་གཉིསུ་གནས
་སོ།། དེན་པོ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་རིན་པོ་ཆེ་ཞེས་བྱ་རྡོ་རྗེ་སྨོས་པ་ནི། དེ་རྡོ་རྗེ་སེམས་དཔའ་ལས་བྱུང་བ་ཡིན་པའི་ཕྱིར། དེའི་རང་གི་ལས་དེ་བཞིན་གཤེགས་པ་ཐམས་ཅད་དབང་བསྐུར་བ་ཡིན་པར་འགྱུར་ཏེ། དེས་དྲི་ལ་སོགས
་པ་སངས་རྒྱས་ཀྱི་མཛད་པ་བྱས་ནས་སོ།། ནམ་མཁའི་ཁམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ནམ་མཁའི་ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་མཁའི་ཁམས་ཐམས་ཅད་དོ།། དེ་ཉིད་ནི་སྐྱེ་གནས་ཡིན་པའི་ཕྱིར་སྙིང་པོ་ཡིན་ལ
་དེ་ལ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་བཟང་པོ་ལས་བྱུང་བའི་ཕྱིར། འདི་ནི་ནམ་མཁའི་ཁམས་ཐམས་ཅད་ཀྱི་སྙིང་པོ་ལ་ཤིན་ཏུ་བྱུང་བའོ།། དེ་ལ་དམིགས་པས་དེ་ཤིན་ཏུ་བསྒོམས་པ་ནི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཡིན་པས
་གཅིག་ཏུ་གྱུར་པའོ།། རབ་ཏུ་བརྟན་པའི་ཕྱིར་གཅིག་ཏུ་འདྲེས་པའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་པོ་ཆེའི་སྐུར་གྱུར་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ
་མཚར་བའོ།། འདིར་ཅི་ཞིག་ངོ་མཚར་ཞེ་ན། གང་དག་གིས་དབང་བསྐུར་ན་ཆགས་མེད་རྒྱལ་བ་ཡང་སྟེ། ཆགས་པ་ཐམས་ཅད་སྤངས་པའི་རྒྱལ་བ་རྣམས་ཀྱང་ཁམས་གསུམ་བདག་པོར་དགོངས་པས་ན་ཞེས་བྱ་བ་སྟེ། འདི་ནི་འདིར་ངོ་མཚན
་དུ་གྱུར་པ་ཡིན་ནོ།། འདི་སྐད་སྟོན་ཏེ་ཉོན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཆགས་པ་མེད་པའི་རྒྱལ་བ་ཡང་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་བསྒོས་ཤིང་ཁམས་གསུམ་གྱི་བདག་པོར་ཞེས་བྱ་བར་དགོངས་པས་ན།
་སྟེགས་བྱེད་པ་གཞན་རྣམས་ལ་འདྲི་ལྟ་བུ་རི་ཁོང་དུ་ཆུད་པ་མེད་དེ། དེ་ལྟར་ན་ཐུན་མོངས་པའི་ཆོས་ཐུགས་སུ་ཆུང་པའི་ཕྱིར། རྒྱལ་བ་ཉིད་ཁམས་གསུམ་གྱི་བདག་པོར་དགོངས་པ་ཡིན་ནོ།། རྡོ་རྗེ་རིན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་མིང་གིས་མཚན
་པའི་རིན་པོ་ཆེའོ།། དམ་པའི་དབང་ནི་ཤིན་ཏུ་བཟང་པོ་དབང་བསྐུར་བ་སྟེ། འདིས་དབང་བསྐུར་བ་ཡིན་པས་ན་དབང་ངོ་།། ཇི་ལྟ་བུ་ཞེ་ན་མཆོག་ཅེས་བྱ་བ་སྟེ་བླ་ན་མེད་པའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་པོ་ཆེ་འདི་ཡང་དོན་གྱིས
་ན་ཞལ་བཞི་པ་ཉིད་ཡིན་པར་བལྟ་བར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། བཀའ་ནོད་པ་ནི་རང་གི་ལས་ལ་ངེས་པར་སྦྱར་བར་འདོབས་པའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་གཤེགས
་པ་ཐམས་ཅད་དབང་བསྐུར་བར་བྱ་བའི་ཕྱིར་ཏིང་ངེ་འཛིན་གོང་ལ་གནས་ཏེ། ཁྱོད་ཀྱིས་རྡོ་རྗེ་རིན་པོ་ཆེ་འདིས་དེ་བཞིན་གཤེགས་པ་ཐམས་ཅད་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བར་བྱོས་ཤིག་ཅེས་བྱང་ཆུབ་སེམས་དཔའ
་ལ་རྡོ་རྗེ་རིན་པོ་ཆེ་བྱིན་པའི་ཏིང་ངེ་འཛིན་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་རིན་པོ་ཆེ་རྡོ་རྗེ་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་དགོངས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ནི་ཀྱེ་མའོ་ནམ་བདག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྟོགས་ནས་ཆོས་ཀྱི་རྒྱལ་པོ་བྱེད་སྙམ་དུ་དགོངས་པའོ།། དེ་ཡོངས་སུ་རྫོགས་པ་ནི
་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའོ།། དེའི་དམ་ཚིག་ནི་རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་གང་གིས་དབང་བསྐུར་བ་འདི་ནི། དགོངས་པ་ཡོངས་སུ་རྫོགས་པར་བྱ་བའི་དམ་ཚིག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ
་རྫོགས་པར་བྱ་བའི་དམ་ཚིག་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་རིན་པོ་ཆེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། ད་ནི་དེ་ག་གི་ཕྱིར་བྱིན་པ་གཞུང་ལྷག་མ་རྣམས་ཀྱིས་སྟོན་པ་ཡིན་ནོ།། མ་ལུས་པ་ཞེས་བྱ་བ་ལ་སོགས་པ་ལ་སེམས་ཅན་གྱི
་ཁམས་མ་ལུས་པ་དོན་ཐམས་ཅད་ཡོངས་སུ་གྲུབ་པ་ནི་མངོན་པར་འདོད་པའི་དོན་ཐོབ་པའོ།། དོན་ཐོབ་པ་དེས་ན་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་མྱོང་བར་བྱའོ།། བར་དུ་ཞེས་བྱ་བའི་སྒྲས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེག
་ལས་རྣམ་པར་རྒྱལ་བ་དང་། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཞག་པ་ལ་སོགས་པ་བསྡུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཕུན་སུམ་ཚོགས་པ་ནི་སེམས་ཅན་རྣམས་འཁོར་བ་ལས་བཏོན་ཏེ། མྱ་ངན་ལས་འདས་པ་ལ་རབ་ཏུ
་འཇོག་པའོ།། དེ་ཉིད་ནི་དངོས་གྲུབ་དམ་པ་ཡིན་ལ་དེ་ཐོབ་པར་བྱ་བའི་ཕྱིར་ཞེས་པ་ན་དེ་རྙེད་པར་བྱ་བའི་ཕྱིར་རོ།། ལྷག་མ་རྣམས་ནི་གོ་སླའོ།། རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་རིན་པོ་ཆེས་ཉེ་བར་མཚན་པའི་འཁོར
་མོས་སྨྲ་བ་ནི་རྡོ་རྗེ་རིན་ཐེ་ཚོའི་འཁོར་ལོ་བསྐོར་བ་སྟེ། འཁོར་ལོ་ནི་དཀྱིལ་འཁོར་གྱི་འཁོར་ལོའོ།། དེ་སྐོར་ཅིང་སྤྲུལ་པའི་ངང་ཚུལ་འདི་ལ་མངའ་བས་ན་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བའོ།། དེའི་ཇོ་བོ་ཉིད་ནི་རྡོ་རྗེ་རིན་པོ་ཆེའི་འཁོར་ལོ་བསྐོར་བ
་ཉིད་དོ།། རྡོ་རྗེ་རིན་པོ་ཆེའི་མྱུ་གུ་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་ཕྱག་རྒྱ་སྟེ། རྡོ་རྗེ་རིན་པོ་ཆེའི་ཕྱག་རྒྱ་འདི་དང་། ཁྱོད་ཀྱིས་རིན་པོ་ཆེའི་འཁོར་ལོ་བསྐོར་བར་གྱིས་ཤིག་ཅེས་རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་དབང་དེ་ལ་བསྐུར་བས་ན་འཁོར་ལོས་སྒྱུར་བར་དབང
་བསྐུར་བ་སྟེ། རྡོ་རྗེ་རིན་པོ་ཆེའི་མྱུ་གུའི་དབང་བསྐུར་བ་འདི་ན་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལ་དབང་བསྐུར་བའི་ཕྱིར་ཡིན་ནོ།། འདིར་ཡང་སངས་རྒྱས་ལྔའི་དབུ་རྒྱན་གྱི་དབང་བསྒྱུར་བ་ཉིད་ཡིན་པར་ཤེས་པར་བྱའོ།། དེ་ནས
་བྱང་ཆུབ་སེམས་དཔའ་ཆེན་བོ་དེ་ལ། རྡོ་རྗེ་སྙིང་པོ་རྡོ་རྗེ་སྙིང་པོ་ཞེས་རྡོ་རྗེ་མིང་གིས་དབང་བསྐུར་རོ་ཞེས་བྱ་བ་ལ། རྡོ་རྗེ་ཉིད་ཀྱི་སྐྱེ་གནས་མངའ་བས་ན། རྡོ་རྗེ་སྙིང་པོ་སྟེ་རྡོ་རྗེ་ལྟ་བུ་ལས་སྐྱེས་པའི་ཕྱིར་སྙིང་པོ་ནི་སྐྱེ་གནས་ལ་བྱའོ།། རྡོ་རྗེ་ནོར
་བུ་ཞེས་བྱ་བའི་སྒྲ་ནི་མཐའ་མི་མངོན་པར་བྱས་ནས་རྡོ་རྗེ་སྙིང་པོ་ཞེས་བརྗོད་པ་ཡིན་ནོ།། འདི་ཞེས་བྱ་བ་ནི་ལག་པ་ལ་གནས་པའོ།། དེ་གང་ཡིན་ཞེ་ན། སེམས་ཅན་ཁམས་ནི་དབང་བསྐུར་བ་སྟེ། ཁམས་གསུམ་གྱི་འཁོར་ལོའི་དཀྱིལ
་འཁོར་དུ་འཇིག་རྟེན་གསུམ་གྱི་འགྲོ་བ་རྣམས་འདུས་པ་ལ་ཡང་དེས་དབང་བསྐུར་བས་ན། སེམས་ཅན་ཁམས་ནི་དབང་བསྐུར་བ་ཞེས་བྱའོ།། དེ་ཞེས་བྱ་བ་ནི་བདག་ལས་གང་སྐྱེས་པའོ།། བདག་ཡིན་ཏེ་ཞེས་བྱ་བ་འདི
་ནི་ཕྱག་རྒྱའི་ཁྱད་པར་མེད་པར་སྟོན་ཏེ། བདག་གང་ཡིན་པ་དེ་ནི་བདག་གི་ཕྱག་རྒྱ་ཡིན་ལ། བདག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་པའོ།། འདི་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དད་པའི་ནོར་བུ་རིན་པོ་ཆེའི་ཡོན
་ཏན་ཏེ། འདུལ་བྱའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བ་ཡིས་དབང་བསྐུར་བར་བྱ་བའི་ཕྱིར་སེམས་དཔའ་དང་ཕྱག་རྒྱའི་གཟུགས་སུ་སྤྲུལ་པར་མཛད་པའོ།། ད་ནི་དབང་བསྐུར་བ་ཐོབ་པ་རྣམས་གཟི་བྱིན་བསྐྱེད་པར་བྱ་བའི་ཕྱིར། དེ་ནས
་ཞེས་བྱ་བ་ལ་སོགས་པས་སེམས་དཔའི་ཕྱག་རྒྱ་གཞན་སྨོས་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོ་གཟི་བརྗིད་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡཱ་ཡིན་ལ་གཟི་བརྗིད་ཆེན་པོ
་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེའི་བསམ་པའི་རིན་པོ་ཆེ་གང་ལས་བྱུང་བ་དེ་བྱིན་གྱིས་བརླབས་ཅིང་བརྟན་པར་བྱ་བའི་ཕྱིར་མིང་རྡོ་རྗེ
་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར
་གྱི་དམ་ཚིག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཅེས་བྱ་བའི་སྙིང་པོ་གང་ཡིན་པ་དེའོ།། འདི་སྐད་སྟོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཡིན་པས་ན། བྱ་བའི་ཕྱིར་ཕྱག་རྒྱའི་ཁྱད་པར།
་གང་ཉི་མའི་དཀྱིལ་འཁོར་དང་འདྲ་བས་འོད་ཟེར་རབ་ཏུ་འགྱེད་པར་མཛད་པའི་ཕྱག་རྒྱའི་ཁྱད་པར་འདི་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཅེས་བྱ་ལ། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་མིང་དེ་སྐད་ཅེས་བྱ་བར་བཤད
་ངོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་དགྱེད་པའི་དམ་ཚིག་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་སྟེ། དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན་དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་སྙིང་པོ་ཞེས་བྱའོ།། དེ་ཉིད་ཅེས་བྱ་བ་ལ་སོགས་པས་ནི་གང་འདི་ན་མཁའི་འོད་ཟེར་དུ་གྱུར་ཏེ་བྱུང་བ་དེ་ཉིད། ད་འདིར་དགོས་པ་གཞན་གྱི་དབང་གིས་ཉི་མའི་དཀྱིལ་འཁོར་ལྟ་བུའི་ཟླུམ་པོར་གྱུར་ནས་འབྱུང་ངོ་ཞེས་བྱ་བའི་དོན་ཏོ།། དེ་ནས
་ཞེས་བྱ་བ་ལ་སོགས་པོ་ལ་ཉི་མའི་དཀྱིལ་འཁོར་རྡོ་རྗེ་སེམས་དཔའ་སྤྲུལ་པ་ཡིན་པས་ན། ཉི་མའི་དཀྱིལ་འཁོར་ལ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་གཏོགས་པ་ཡིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་རབ་ཏུ་འགྱེད་པ་ནི་སེམས
་དཔའ་འདིའི་ལས་ཡིན་པས་ན་ཐོག་མར་བསྟན་པ་ཡིན་ཏེ། དེ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་མཛད་ནས། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གང་ཤིན་ཏུ་གཟི་བརྗིད་ཆེ་བ་འདི་ལ་ནི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་གཟི་བརྗིད་ཆེ་བ
་ཞེས་བྱ་བ་ལ། དེའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་གཟི་བརྗིད་ཆེ་བ་ཉིད་དོ།། རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན་ཉི་མའི་དཀྱིལ་འཁོར་ལ་དམིགས་པ་ཕུལ་དུ་བྱུང་བར་ཤིན་ཏུ་བསྒོམས་པས་ན་དེའི་ཕྱིར་གཅིག་ཏུ་ཞེས་བྱ་བ
་ལ་རབ་ཏུ་བརྟན་པས་ན་འདུས་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། སེམས་ཅན་ཁམས་ཀུན་སྣང་བྱེད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་སྣང་བས་མི་ཤེས་པའི་མུན་པ་བསལ་བའོ།། དེ་གང་ཞེ་ན། གཟི་བརྗིད་དཔེ་མེད་ཅེས་བྱ་བ་སྟེ། འདི།
་ལ་དཔེ་ཡོད་པ་མ་ཡིན་པས་ན་དཔེ་མེད་པའོ།། འདིར་ཅི་ཞིག་ངོ་མཚར་ཞེ་ན། གང་ཕྱིར་སངས་རྒྱས་དག་པ་ཡི། འདྲེན་པ་རྣམས་ཀྱང་སྦྱོང་བར་བྱེད་ཅེས་བྱ་བ་གསུངས་ཏེ། སངས་རྒྱས་རྣམས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག
་ཆགས་དང་བཅས་པའི་དྲི་མ་དང་བྲལ་བས་ན་དག་པ་དང་། གནས་ཡོངསུ་གྱུར་པ་བརྙེས་པས་ཀྱང་ཤིན་ཏུ་དག་པ་ཡིན་ནོ།། སངས་རྒྱས་དག་པ་རྣམས་ཀྱི་འོད་ཀྱི་དཀྱིལ་འཁོར་འདོམ་གང་ཙམ་གྱི་ཚད་དུ་རང་བཞིན་གྱི་དཀྱིལ་འཁོར་དུ
་གནས་པ་དེ་ཡང་ཡོངས་སུ་སྦྱོང་བར་བྱེད་ཅེས་པ་འཕེལ་བར་བྱེད་པ་སྟེ། ཕྱོགས་ཐམས་ཅད་སྣང་བར་བྱེད་ཅེས་བྱ་བའི་དོན་ཏོ།། འདྲེན་པ་ཞེས་བྱ་བ་ལ་འདིས་འདྲེན་པར་བྱེད་པས་ན་འདྲེན་པར་བྱེད་པ་སྟེ། འཕགས་པའི་ལམ་ཡན་ལས
་བརྒྱད་པའོ།། འདྲེན་པ་དེ་གང་ལ་ཡོད་པ་ནི་འདྲེན་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་དྲི་མ་མེད་པའི་གཟི་བརྗིད་ཅེས་བྱ་ལ། གང་ལ་དྲི་མ་མེད་པའི་གཟི་བརྗིད་ཡོད་པས་དེ་ནི་དྲི་མ་མེད་པའི་གཟི་བརྗིད་དེ། ལྷག་མ་རྣམས
་ནི་གོ་སླའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་བྱིན་གྱིས་བརླབ་པ་ནི་དེ་དང་འདྲ་བའི་གཟུང་བའི་ཆ་བརྟན་པར་བྱེད་པ་སྟེ། དེའི་རྡོ་རྗེ་ནི་ཤིན་ཏུ་བརྟན་པ་ཞེས་བྱ་བའི
་དོན་ཏོ།། དེ་ལྟ་བས་ན་ཏིང་ངེ་འཛིན་འདིའི་མིང་ཡང་ལས་དང་རྗེ་སུ་མཐུན་པར་བཏགས་པ་ཡིན་ཏེ། དེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་གྱི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེ
་པ་ཐམས་ཅད་ཀྱི་རྒྱབ་ཏུ་གནས་ཏེ། ཉི་མའི་དཀྱིལ་འཁོར་གྱི་ཕྱག་རྒྱས་གདུལ་བྱའི་སྐྱེ་བོ་རྣམས་སད་པར་བྱ་བའི་ཕྱིར། འོད་ཟེར་རྣམས་འགྱེད་པར་མཛད་པ་གང་ཡིན་པ་དེ་ནི་འོད་ཟེར་རབ་ཏུ་འགྱེད་པའི་དམ་ཚིག་གོ།། འདི་དག་གཟི་བརྗིད་འདྲ
་བ་མེད་པས་ན། གཟི་བརྗིད་མཚུངས་པ་མེད་པའོ།། སེམས་ཅན་གྱི་ཁམས་མ་ལུས་པ་འཇིག་རྟེན་གྱི་ཁམོས་ལུས་པ་མེད་པ་རྣམས་སུ་གཟི་བརྗིད་མཚུངས་པ་མེད་པ་མྱོང་བས་བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བའི་ཕྱིརརོ།།
་བར་ཏུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ཡོངསུ་སྦྱར་བ་དང་། ཀུན་ཏུ་བཟང་པོའི་སྤྱོད་པ་ཡོངསུ་རྫོགས་པ་ལ་སོགས་པ་བསྡུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་འོད་ནི་མཐའ་ཡས་པ་སྟེ། དེ་འཐོབ་པ་ནི་བརྙེས་པའོ།།
་དེ་ཉིད་ནི་གྲུབ་པ་དམ་པ་སྟེ། དེའི་ཕྱིར་རྡོ་རྗེ་ཉི་མ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་གཟི་བརྗིད་ཆེན་པོ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། རྡོ་རྗེའི་འོད་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་འོད་རྡོ་རྗེའི་འོད་ཅེས་བྱ་བ་ནི་རྡོ་རྗེ་འདི་རྡོ་རྗེ་སེམས་དཔའ
་ལས་བྱུང་བའི་ཕྱིར་སུས་ཀྱང་གཞིག་པར་མི་ནུས་པ་དང་། འོད་ཟེར་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་ནུས་པ་ཡིན་ཏེ། དེ་དེ་ལ་མངའ་བའི་ཕྱིར་རོ།། དེ་བས་ན་དེ་ལ་རྡོ་རྗེའི་འོད་ཅེས་བརྟགས་པ་ཡིན་ནོ།། དེ
་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེའི་འོད་ཅེས་བྱ་བ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་འོད་མངའ་བས་ན། རྡོ་རྗེ་འོད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་འོད་ཀྱི་དཀྱིལ་འཁོར་གྱི་མཚན་ཉིད་ཅན་ཕྱག་རྒྱའི་ཁྱད་པར་དེས་དེ་བཞིན་གཤེགས
་ཐམས་ཅད་ལ་སྣང་བར་བྱེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣང་བར་བྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི་དེའི་འཁོར་གྱི་དཀྱིལ་འཁོར་སངས་རྒྱས་ཀྱི་ཞིང་དང་བཅས་པ་ཐམས་ཅད་ཀྱང་སྣང་ཞིང་གསལ་བར་བྱེད་པའོ།། མ
་དྲིས་སུ་ཟིན་ཀྱང་ངོ་མཚར་དུ་གྱུར་པའི་དོན་འདི་བརྗོད་པར་བྱ་བའི་ཕྱིར། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་གསུངས་པ་ཡིན་ནོ།། འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ།། དེ་ཞེས་བྱ་བ་ནི་བདག་གང་ལས་བྱུང་བའོ།། དེ་གང་ཡིན་ཞེ་ན། མི
་ཤེས་མུན་ནག་འཇོམས་བྱེད་པ་ཞེས་གསུངས་ཏེ། མུན་ནག་ནི་གཏི་མུག་ཐིབས་པའོ།། མི་ཤེས་པ་ཉིད་མུན་ནག་ཡིན་པས་ན་མི་ཤེས་མུན་ནག་གོ།། དེ་འཇོམས་པར་བྱེད་པ་ནི་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པའོ།། དེ་སུ་ཞིག་གི་ཡིན་ཞེ་ན།
་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་གསུངས་སོ།། མི་ཤེས་པའི་མུན་ནག་ཇི་ལྟར་འཇོམས་པར་བྱེད་ཅེ་ན། ཤིན་ཏུ་ཕྲ་རབ་ཇི་སྙེད་པའི། ཉི་མའི་འོད་པས་ཤིན་ཏུ་ལྷག་ཅེས་བྱ་བ་གསུངས་སོ།། གླིང་བཞི་པ་རེ་རེ་ཞིང་ཉི་མ་རེ་རེ་སྣང་བའི
་བྱ་བ་བྱེད་པ་ཡང་ཕྱི་རོལ་ཏུ་ཡིན་གྱི་ནང་དུ་མ་ཡིན་ལ་དེ་ཡང་མ་སྒྲིབས་པའི་ཕྱོགས་སུ་སྣང་བར་ཟད་དོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རེ་རེ་ཞིང་ཡང་ཉི་མ་བརྒྱ་སྟོང་དཔག་ཏུ་མེད་པའི་གྲངས་སྙེད་འཆར་བར་བྱེད་མོད
་འོན་ཀྱང་དེར་ཕྱི་དང་ནང་གི་མུན་པ་ཐམས་ཅད་སེལ་བར་བྱེད་པ་མ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་འོད་ཀྱི་དཀྱིལ་འཁོར་གྱི་ཉི་མ་དེས་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཕྱི་དང་ནང་གི་མུན་པ་བག་ཆགས་དང་བཅས་པ
་སེལ་བར་མཛད་དོ།། དེ་བས་ན་ཤིན་ཏུ་ཕྲ་བ་ཇི་སྙེད་པའི། ཉི་མའི་འོད་པས་ཤིན་ཏུ་ལྷག་ཅེས་གསུངས་སོ།། འདི་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འོད་བྱེད་པས་བསྡུས་པའི་ཐོས་པ་དང་བསམ་པའི་རང་བཞིན་གྱི་ཡེ་ཤེས
་རབ་མཆོག་བརྙེས་པ་ཉིད་རྡོ་རྗེ་ཉི་མའི་དཀྱིལ་འཁོར་དུ་གསུངས་པ་ཡིན་ནོ།། ད་ནི་ཆོས་ཀྱི་རྒྱལ་པོའི་གཟི་བྱིན་ཐོབ་པ་རྣམས་ལ་རྒྱལ་པོའི་མཚན་མ་དགོས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ
་ཚེའི་དཔལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱེ་བོ་ཐམས་ཅད་དགའ་བར་བྱེད་པའི་ཕྱིར་རིན་པོ་ཆེའོ།། མཚན་མ་ཡིན་པས་ནཱ་དཔལ་ཏེ། རིན་པོ་ཆེས་མཚན་པའི་དབདྨ་སོན་པས་ན་རིན་པོ་ཆེའི་དྲུངལ་ཏེ། ཕྱག་རྒྱུ་དེ་ཉིད་འཛིན
་པའི་སེམས་དཔའ་ལ་ཡང་རིན་པོ་ཆེའི་དཔལ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རིན་པོ་ཆེའི་དཔལ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་ལོ།། དེའི་དམ་ཚིགོ་ནི་སྙིང་པོ་དང་ཕྱག
་རྒྱ་ལ་སོགས་པ་སྟེ། དེའི་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་ཅིང་བརྟན་པར་བྱེད་པའི་ཕྱིར་མིང་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུག་པ་ནི་མངོན་སུམ་དུ
་མཛད་པའོ།། གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། དེ་ཉིད
་ནི་དམ་ཚིག་ཡིན་ལ་དྲོན་དེ་སྟོན་པར་བྱེད་པའི་སྒྲས་གང་ཡིན་པ་དེ་ལ་ཡང་མིང་འདི་སྐད་དུ་བསྟན་པ་ཡིན་ནོ།། དེ་བས་ན་དེ་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ནི་སྙིང་པོ་རང་གི་ཐུགས་ལས་ཕྱུང་བའོ།། འདི་ཞེས་བྱ་བ་ནི་ཐུགས་ལ
་གནས་པའོ།། ཁ་དོག་ཅེས་བྱ་བ་ནི་མདོངས་དང་གཟུགས་གང་ཡིན་པ་སྣ་ཚོགས་པ་སྟེ། རྣམ་པ་ཐ་དད་པ་གང་ཡིན་པ་ཁ་དོག་དང་གཟུགས་སྣ་ཚོགས་པ་ཞེས་བྱ་བ་ལ། རྒྱན་དང་དབྱིབས་ཀྱང་སྣ་ཚོགས་པ་གང་ལ་ཡོད་པ་དེ་ནི་ཁ་དོག
་དང་དབྱིབས་སྣ་ཚོགས་པ་ཞེས་བྱ་སྟེ། ལྷག་མ་རྣམས་ནི་གོ་སླའོ།། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ནོར་བུས་མཚན་པའམ། རྡོ་རྗེ་སེམས་དཔས་ཡོངསུ་བསྒོམས་པའི་རྒྱལ་མཚན་ཡིན་པས་ན་རྡོ་རྗེ་རྒྱལ་མཚན་ནོ།།
་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ་ལ་སོགས་པ་ལ་སེམས་དཔའ་འདིའི་ལས་རིན་པོ་ཆེའི་རྒྱལ་མཚན་བསྒྲེང་བ་ཡིན་པས་ན་དང་པོར་སྨོས་པ་ཡིན་ནོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱང་བ་ལ
་སོགས་པ་ཐམས་ཅད་གཟུང་ངོ་།། རིན་པོ་ཆེ་ཆེན་པོའི་དཔལ་དང་ཞེས་བྱ་བ་ལ་སོགས་པ་ལ་རྡུལ་ཕྲ་རབ་ཀྱི་གྲངས་རྙེད་ཀྱི་སྐུ་རྣམས་གཅིག་ཏུ་བྱེད་པར་ནུས་པས་ན་རིན་པོ་ཆེ་ཆེན་པོའི་དཔལ་ཡིན་ཏེ། དེ་བས་ན་གཅིག་པའོ།། ཤིན་ཏུ་@
་པའི་ཕྱིར་ན་འདྲེས་པའོ།། དེ་སུ་ཞིག་གི་ཡིན་ཞེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་གྱི་སྐུ་ཞེས་བྱ་བ་གསུངས་སོ།། ཅི་ཞིག་ཏུ་གྱུར་ནས་བྱུང་ཞེ་ན། ཡང་དག་པར་གྱུར་ནས་ཞེས་བྱ་བ་སྟེ། རྫོགས་པར་གྱུར་པའོ།། གང་དུ་གནས
་ཤེ་ན། ཐུགས་ལ་ཞེས་བྱ་བ་ལ་སོགས་པ་གསུང་སོ།། དེར་གནས་ནས་ཅི་ཞིག་མཛད་ཅེ་མ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་གསུངས་སོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། དོན་ཀུན་གྲུབ་པ་དང་ཞེས་བྱ་བ་ལ་འདིས
་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་སྡུད་པས་དཔེ་མེད་པའི་ཕྱིར་དོན་ཐམས་ཅད་གྲུབ་པ་གང་ཡིན་པ་དེ་ནི་དོན་ཀུན་གྲུབ་ཅེས་བྱ་བ་སྟེ། དེ་ལྟ་བུའི་དོན་ཐམས་ཅད་གྲུབ་པ་ཡིན་པས་ན་དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པ་གང་ཡིན་པ་དེ
་ནི་དགོས་པ་ཐམས་ཅད་ཡོངས་སུ་རྫོགས་པའོ།། དོན་རྣམས་ཐམས་ཅད་རྫོགས་པར་བྱེད་པའི་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཤིན་ཏུ་ཡོངས་སུ་རྫོགས་པར་བྱེད་པ་ན་དོན་རྣམས་ཐམས་ཅད་རྫོགས་བྱེད་པའི་ཞེས་བྱའོ།། འདི་དང
་འདྲ་བའི་ཟླ་མེད་པས་ན་འདྲ་བ་མེད་པའོ།། དེ་གང་ཡིན་ཞེ་ན། དཔལ་ནི་ཞེས་བྱ་བ་སྨོས་ཏེ། དཔལ་ནི་ཡོངསུ་དག་པའི་མཚན་མ་སྟེ། ཆོས་ཀྱི་རྒྱལ་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་དག་པའི་མཚན་མ་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་གྱི
་མཚན་ཉིད་དོ།། དེ་ཉིད་ཀྱིས་ན་འདྲ་བ་མེད་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་མཚན་ནི་རྒྱལ་མཚན་བསྒྲེང་བ་སྟེ། དེ་བྱིན་གྱིས་བརླབ་པ་ནི་རང་གི་ལས་ལ་མཐུ
་བསྐྱེད་པའོ།། དེ་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱལ་མཚན་གྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནོར་བུ་ཡིད་བཞིན་གྱི
་རྒྱལ་པོའི་རྒྱལ་མཚོན་བསྒྲེང་བའི་དམ་ཚིག་རྡོ་རྗེ་རྒྱལ་མཚན་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་རིན་པོ་ཆེའི་དཔལ་དེའི་ལག་པ་གཉིསུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་གནས་སྐབས་སུ
་ཡོད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྒྲེངས་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་མཛད་དོ།། དེ་བས་ན་ནོར་བུ་ཡིད་བཞིན་གྱི་རྒྱལ་མཚན་བསྒྲེང་བ་ནི་ཐམས་ཅད་ཀྱི་དམ་ཚིག་ཡིན་ནོ།། སེམས་ཅན་གྱི་ཁམས་མ་ལུས་པ་ཞེས་བྱ་བ
་ལ་སོགས་པ་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་དོན་ཆེན་པོ་དངོས་གྲུབ་དམ་པ་ཞེས་བྱ་བ་ལ། དོན་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དོན་ཆེན་པོ་སྟེ། ཡུན་རིང་པོར་དོན་དུ་གཉེར་བའི་ཐམས་ཅད་མཁྱེན་པ་ཉིད་དོ།། དེ
་ཉིད་ནི་དངོས་གྲུབ་དམ་པ་ཡིན་ཏེ། དེ་འཐོབ་པའོ།། དེ་ཉིད་ནི་འབྲས་བུ་ཡིན་ཏེ། དེ་དག་གི་ཕྱིར་རོ།། ལྷག་མ་རྣམས་ནི་གོ་སླའོ།། རྡོ་རྗེ་རྒྱལ་མཚན་ཅེས་བྱ་བ་ལ་ཡུ་བ་མེད་པར་རྒྱལ་མཚན་བསྒྲེང་དུ་མི་འདོད་པས་དོན་གྱིས་ཡུ་བ་མཚོན་པ་ཡིན་ཏེ།
་དེས་ཉེ་བར་མཚོན་པའི་མིང་གིས་དབང་བསྒྱུར་བ་ཡིན་ནོ།། བྱང་ཆུབ་སེམས་དཔའ་རྡོ་རྗེ་མཚན་དེས་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་དུ་བཅུག་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ
་གསུངས་ཏེ། འདིར་དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་དུ་བཙུག་ཅིང་རབ་ཏུ་འཇོག་པའོ།། སངས་རྒྱས་རྣམས་ནི་སྦྱིན་པའི་ཕ
་རོལ་ཏུ་ཕྱིན་པའི་འབྲས་བུ་ལ་འགོད་པ་ཡིན་ནོ།། འདི་ཞེས་བྱ་བ་ནི་ལག་པ་ལ་གནས་པའོ།། སུ་ཞིག་གིས་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་ཞེས་བྱའོ།། སངས་རྒྱས་ཐམས་ཅད་ཀྱི་ཅི་ཞིག་ཅེ་ན། དགོས་པ་ཀུན་ཡོངསུ་རྫོགས་པར་བྱེད་པའི་ཞེས
་བྱ་བ་གསུངས་སོ།། མིང་ཇི་སྐད་དུ་བྱ་བ་ཞེ་ན། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཞེས་བྱ་བ་གསུངས་སོ།། ཕ་རོལ་ཏུ་ཕྱིན་པ་གང་གི་ཚུལ་ཞེ་ན། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཞེས་བྱ་བ་གསུངས་ཏེ། ཚུལ་ཞེས་བྱ་བ་ནི་ཐབས་སོ།། རྒྱལ་པོའི
་མཚན་མ་བསྒྲེང་བའི་ཆོས་ཀྱི་རྒྱལ་པོ་ནི་ཆོས་རྣམས་ལ་མཆོག་ཏུ་དགའ་བ་སྐྱེ་བ་ཞེས་བསྟན་པའི་ཕྱིར། རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་ཞེས་བྱ་བ་ལ་སོགས་པ་ལ། རྟག་པར་ཞེས་བྱ་བ་ལ་གཏན་དུ་ཆོས་ཀྱི་དགའ་བས་དབང་པོ་མགུ
་ཞིང་ཁ་བྱེ་བས་གང་ཡིན་པ་དེ་ནི་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྟག་པར་རབ་ཏུ་མགུ་བའི་དབང་པོ་ཡང་ཡིན་པས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྟག་པར་དགའ་ཞིང་རབ
་ཏུ་མགུ་བའི་དབང་པོ་ཞེས་བྱའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་རིན་པོ་ཆེའི་བསམ་པ་གང་ལས་བྱུང་བའོ།། དེའི་བྱིན་གྱི་བརླབས་ནི་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའ་འབྱུང་བའི་མཐུ་བསྐྱེད
་པའོ།། ལས་དེ་ལ་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་འདི་སྐད་ཅེས་བྱ་སྟེ། མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས
་པ་ལ། ཕྱག་རྒྱའི་ཁྱད་པར་གྱི་ཐབས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་གདུལ་བྱ་རྣམས་ཀྱི་དགའ་བ་བསྐྱེད་པར་མཛད་པ་དེ་ནི་དགྱེས་པའི་དམ་ཚིག་ཅེས་བྱ་བ་ལ། དེའི་དོན་སྟོན་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།
་དགྱེས་པའི་དམ་ཚིག་ཅེས་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཛུམ་པར་གྱུར་ཏེ། ཞེས་བྱ་བ་ནི་འཛུམ་པ་སྟོན་པར་བྱེད་པ་རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པའི་སོའི་ཕྲེང་བ་གཉིས་ཀྱི
་ཕྱག་རྒྱའི་གཟུགས་སུ་གྱུར་ཏེ། ཕྱག་རྒྱའི་ཁྱད་པར་འགའ་ཞིག་བསྟན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔོན་ཆད་མ་ཐོས་པའི་ཆོས་ཐོས་པར་འགྱུར་རོ་སྙམ་དུ་གདུལ་བྱ་རྣམས་ཁོང་དུ་ཆུད་པར་འཛིན་ཅིང་དེ་རྣམས་ཆོས་ཉན་ལ
་འདུན་པ་བསྐྱེད་པར་བྱ་བའི་ཕྱིར་བྱུང་བ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཉིན་མོངས་པ་བག་ཆགས་དང་བཅས་པ་སྤངས་པའི་ཕྱིར་ཅུང་ཟད
་ཀྱང་གཞན་མི་སྲིད་པ་ལས་དེར་འཛུམ་པ་སྟོན་པར་མཛད་པས་ན་རྨད་དུ་བྱུང་བ་ཞེས་བྱ་སྟེ། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འདུལ་བྱ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། དེ་ལྟ་བུ་སྟོན་པར་མཛད་པ་ཡིན་ནོ།། དེ་བས
་ན་རྨད་དུ་བྱུང་བ་བསྟན་པ་ལ་སོགས་པ་མཛད་ནས། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཡང་དག་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་ཞེས་བྱ་བ་ནི་བཤད་ཟིན་ཏོ།། རྡོ་རྗེ་སེམས་དཔའི་ཏིང་ངེ
་འཛིན་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་སྣང་བས་ནུ་གཅིག་པའོ།། ཤིན་ཏུ་བརྟན་པར་གྱུར་པས་ན་འདུས་པ་སྟེ། མི་ཕྱེད་པའི་སྙིང་པོ་ཉིད་ཅེས་བྱ་བའི་དོན་ཏོ།། འབྲས་བུ་ནི་རྒྱུ་དང་རྗེས་སུ་མཐུན་པ་ཡིན་པས་ན་བྱང་ཆུབ་སེམས
་དཔའི་སྐུ་དེ་ཡང་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོ་ཉིད་དུ་བྱུང་བ་ཡིན་ནོ།། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་རྟག་ཏུ་ཞེས་བྱ་བ་དུས་ཐམས་ཅད་དུ་ཤིན་ཏུ་མཉམ་པར་གཞག་པས་ན་རྟག་ཏུ་མཉམ་པར་བཞག་པ་རྣམས་ཀྱི་སྟེ། ཇི
་སྐད་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་མཉམ་པར་བཞག་པའོ་ཞེས་ཇི་སྐད་བཤད་པ་ལྟ་བུའོ།། སངས་རྒྱས་དོན་ལ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཕྱིར་སངས་རྒྱས་རྣམས་ནི་ཁམས་གསུམ་པ་རྣམས
་གདུལ་བར་བྱ་བའི་ཕྱིར་བཞེད་ཅིང་ཡང་འདུལ་བ་ལ་སྦྱོར་བར་མཛད་དེ་དེའི་རྨད་དུ་བྱུང་བའོ།། ཅིའི་ཕྱིར་སྦྱོར་བར་མཛད་ཅེ་ན། སངས་རྒྱས་དོན་ལ་ཞེས་བྱ་བ་སྟེ། སངས་རྒྱས་རྣམས་ཀྱི་དོན་ཡིན་པས་ན་སངས་རྒྱས་དོན་ཏེ། སངས
་རྒྱས་རྣམས་མཛད་པའོ།། འདི་སྐད་སྟོན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གདུལ་བྱ་ལ་བནད་པ་སྟོན་པར་མཛད་། རྒྱུ་གནན་གྱི་བྱོར་ནོ་མ་ཡོན་ནོ།། 6འབྱོར་རྒྱུ་གཞན་དག་གོ་ཕྱིར་སྦྱོར་བར་མོ་མཛད་ཅན་ག།
་གི་དེ་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་པའི་ཕྱིར་རོ།། སུ་ཞིག་གི་བཞད་མོ་ཡིན་ཞེ་ན། ཀུན་མཆོག་གི་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཀྱི་མཆོག་ཡིན་པས་ན་ཀུན་མཆོག་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་སོ།། བཞད་ཆེན་ཞེས་བྱ
་བ་ནི་ཆེན་པོའི་བཞད་པ་ཡིན་པས་ན་བཞད་ཆེན་ནོ།། ཡང་ན་དོན་ཆེ་བོ་མཛད་པའི་ཕྱིར་གཞད་ཆེན་ནོ།། བཞད་མོ་ཇི་ལྟ་བུ་ཞེ་ན། རྨད་བྱུང་ཆེན་པོ་ཡིན་ཞེས་བྱ་བ་གསུངས་ཏེ། རྨད་དུ་བྱུང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྨད་བྱུང་ཆེན་པོ་སྟེ།
་ཤིན་ཏུ་རྙེད་པར་དཀའ་བས་ན་རྨད་དུ་བྱུང་བའོ།། སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་མཛད་པས་ན་ཆེན་པོའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བ་ནི་བཞད་པའི་ཕྱག་རྒྱའོ།། དེའི་བྱིན་གྱི
་རླབས་ནི་རང་གི་ལུས་རྣམས་ལ་ནུས་པ་བསྐྱེད་པ་སྟེ། བྱིན་གྱིས་བརླབས་པ་དེ་ལ་རྡོ་རྗེ་ལྟར་བརྟན་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་རྡོ་རྗེ་ཞེས་བྱ་སྟེ། འདི་ཉིད་འདིའི་མིང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྨད་དུ་བྱུང་བའི
་བྱིན་གྱི་བརླབས་རྡོ་རྗེ་ཞེས་བྱ་བ་གསུངས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་ནས་རྨད་དུ་བྱུང་བ་བསྐྱེད་པའི་དམ་ཚིག་དེ་རྟག་པར་དགའ་ཞིང་རབ་ཏུ་མགུ་བའི་དབང་པོའི་ཕྱིར་རྡོ་རྗེ་འཛུམ་པ་དེའི་ལག་ཏུ།
་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། ལྷག་མ་རྣམས་ཀྱིས་ནི་དགོས་པསྟོན་པ་ཡིན་ནོ།། ཐམས་ཅད་ཀྱི་དབང་པོ་ཞེས་བྱ་བ་ལ་མིག་ལ་སོགས་པ་དབང་པོ་ཐམས་ཅད་ཉིད་གནས་ཡོངས་སུ་གྱུར་པས་ཡོངས་སུ་བསྡུས་བྱས་ཤིནྡ་ཏུ་ཡོང་སུ་དག་བླ་རྣམས
་ཡོངས་སུ་དགེ་བའི་གཟུགས་ལ་སོགས་པ་ལ་དམིགས་པ་དང་། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འཁོར་རྣམས་སུ་མཚན་དང་དཔེ་བྱད་ལ་དམིགས་པ་དང་། ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པ་མྱོང་བའི་ཕྱིར་བདེ་བ་དང་ཡིད་བདི
་བ་བླ་ན་མེད་པ་མྱོང་བ་ནི་འབྲས་བུ་ཡིན་པར་གསུངས་ཏེ། དབང་པོ་རྣམས་ཆོས་ཀྱི་ལོངས་སྤྱོད་མྱོང་བ་ནས། དུས་ཕྱིས་སངས་རྒྱས་ཀྱི་གནས་སྐབས་ཐོབ་པའི་དུས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་པོ་ཡོངས་སུ་སྦྱོང་བ་ཡིན་ཏེ་དེའི
་ཡེ་ཤེས་སོ།། དེ་ཉིད་ནི་མངོན་པར་ཤེས་པའོ།། དེ་ཐོབ་པ་ནི་རྙེད་པའོ།། དེ་ཉིད་ནི་འབྲས་བུ་སྟེ་དེ་དོག་གི་ཕྱིར་རོ།། དེ་ལ་ཕྱག་རྒྱའི་དབང་བསྐུར་བའི་འོག་ཏུ་གང་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ཀྱིས་ཀྱང་བསྐྱོད་པར་མི་ནུས་པོས་དེ་ལྟ་བུའི་དགའ
་བ་སྐྱེས་སོ།། དེ་བས་ན་རྒྱུ་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་དགའ་བ་རྡོ་རྗེ་དགའ་བ་ཞེས་མིང་གིས་དབང་བསྐུར་བ་སྩལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔའི་སྐུའི་ཕྱག་རྒྱའི་ཁྱད་པར་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་དམ་ཚིག་ཐོབ་པས་རབ་ཏུ་འཛུམ་པར་བྱེད་ཅིང་ཞེས་བྱ་བ་ཤིན་ཏུ་བཞད་པར་བྱེད་པ་སྟེ། དཀྱིལ་འཁོར་བའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། གང་ཡང་གསང་སྔགས་ཀྱི་སྒོའི་སྤྱོད་པ་ལ་ཞུགས་པ
་དེ་རྣམས་བཀུག་སྟེ། བཅུག་ནས་བཅིངས་པ་ལ་དབང་དུ་བྱས་ནས་སེམས་ཅན་གྱི་དོན་གྱི་བྱ་བ་ལ་འཇུག་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་བཞད་པར་བྱས་ཤིང་། རང་གི་ཕྱག་རྒྱའི་རང་གི་ལུས
་ཀྱི་མཐུ་བསྟན་ནས་ཆེད་དུ་བརྗོད་པ་འདི་ཚད་དུ་བརྗོད་དོ།། འདི་ཞེས་བྱ་བ་ནི་ལག་པ་ལ་གནས་པའོ།། དེ་ཞེས་བྱ་བ་ནི་བདག་གང་ལས་བྱུང་བའོ།། གང་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ།། འདི་གང་ཞིག་ཅེ་ན། རྨད་དུ་བྱུང་སྟེ་སྟོན་པ་པོ་ཞེས
་བྱ་བའོ།། དེའི་ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། དགྱེས་ཆེན་བྱེད་པའི་ཡེ་ཤེས་ཏེ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་གཟུགས་དེ་དང་ཡེ་ཤེས་དེའི་སྤྲུལ་པ་ཡིན་པས་ན་ཡེ་ཤེས་ཞེས་བཤད་དོ།། ཅི་འདི་འཇིག་རྟེན་དུ་གྲགས་པ་ཡིན་ནམ་འོན་ཏེ་མ
་ཡིན་ཞེ་ན། གང་གི་ཕྱིར་གཙུག་ལག་གཞན་གྱིས་ཤེས་མི་ནུས་ཞེས་བྱ་བ་གསུངས་ཏེ། གཞན་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཡིན་ལ། མུ་སྟེགས་བྱེད་པ་གང་ཡིན་པ་དེ་རྣམས་ཀྱི་ལམ་དུ་བསྟན་པ་གང་ཡིན་པ་དེ་ནི་གཙུག
་ལག་གཞན་ཏེ། དེ་རྣམས་ཀྱིས་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཟབ་ཅིང་རྒྱ་ཆེན་པོའི་ཆོས་ཀྱི་ཡུལ་ལ་དགའ་བ་ནི་རྟག་ཏུ་དགྱེས་པ་དང་རབ་ཏུ་དགའ་བའི་དབང་པོ་ཉིད་ཡིན་ཡང་རྣམ་པར
་བཞག་པ་ཡིན་ནོ།། དབང་བསྐུར་བ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཆེན་པོའི་སེམས་དཔའོ་ཞེས་བྱ་ལ། དབང་བསྐུར་བ་ཆེན་པོ་ལ་སོགས་པ་ཡིན་པའི་ཕྱིར་དང་།
་འོད་འཕེལ་བའི་དོན་གྱིས་ཀྱང་དབང་བསྒྱུར་བམ་ནུ་པའི་སེམས་དཔའ་ཞེས་བྱ་བ་གསུངས་སོ།། དེན་ཆོས་རྣམས་ལ་ཡིད་དགའ་བས་ནི་ལུས་ཤིན་ཏུ་སྦྱས་པར་འགྱུར་ལ། ལུས་ཤིན་ཏུ་སྦྱངས་པས་ནི་བདེ་བ་ལ་རེག་པར་འགྱུར་རོ།། དེ
་དང་ལྡན་པས་ནི་སེམས་མཉམ་པར་འཇོག་སྟེ། དེ་ལྟ་བུའི་ཏིང་ངེ་འཛིན་ལས་བྱུང་བའི་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཏུ་སྤྱན་རས་གཟིགས་པས་ན་ཀུན
་ཏུ་སྤྱན་རས་གཟིགས་པ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པའི་ཡུལ་དང་། སེམས་ཅན་རྣམས་སྨིན་པ་དང་གྲོལ་བར་བྱ་བའི་ཕྱིར་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཡུལ་དང་། བདག་དང་མཚུངས་པ་མ་ཡིན་པའི་སེམས་ཅན་ཤོན
་ཏུ་སྡུག་བསྔལ་བའི་ཐུགས་རྗེའི་ཡུལ་ལ། ཀུན་ཏུ་སྤྱན་རས་གཟིགས་པའོ།། ཀུན་ཏུ་སྤྱན་རས་གཟིགས་པ་ལ་མྱུང་རུ་བརྙེས་བྱས་ནི་ཀུན་ཏུ་སྤྱན་རས་གཟིགས་པའི་དབང་པོའོ།། ཀུན་ཏུ་སྤྱན་རས་གཟིགས་པའི་དབང་པོ་ཡང་ཡིན་ལ། བྱང་ཆུབ
་སེམས་དཔའ་ཆེན་པོ་ཡང་ཡིན་པས་ན་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་བྱང་ཆུབ་སེམས་དཔའ་ཆེན་པོའོ།། དེའི་དམ་ཚིག་ནི་སྙིང་པོ་ལོ་སོགས་པ་སྟེ། དེ་གང་ལས་བྱུང་བའི་ཆོས་ཏེ། ཏིང་ངེ་འཛིན་ལ་སོགས་པའི་ཆོས་གཙོ་བོར་བྱས
་བའི་བསམ་པ་ལ་ནི་ཆོས་ཞེས་བཤད་དོ།། དེ་བྱིན་གྱིས་བརླབ་པའི་ཕྱིར་མི་ཕྱེད་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་གང་ཡིན་པ་དེ་ལ། དོན་དང་རྗེས་སུ་མཐུན་པའི་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ
་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་དམ་ཚིག་ནི་ཏཱིང་ངེ་འཛིན་ཏོ།། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་ཆོས་རྣམས་ནི་ཏོང་ངོ་འཛིན་ལ་བརྟེན་ནས་རབ་ཀྱི་མཐར་ཐུག་པའི་འགྲོ་བ་ཐོབ་པས
་སྙིང་པོ་འདིས་ནི་ཏིང་ངེ་འཛིན་གྱི་དོན་འབྲས་བུ་དང་བཅས་པ་དེ་ཉིད་སྟོན་ཏེ། དེའི་ཕྱིར་སྙིང་པོ་འདི་ལ་ཆོས་ཀྱི་དམ་ཚིག་ཅེས་བྱའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ
་ཐག་པ་འདི་ནི་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་བསྐུལ་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ།། གང་ལས་བྱུང་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཏེ། བཞི་པོ་ལས་སོ།། སུ་ཞིག་བྱུང་ཞེ་ན།
་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཞེས་བྱ་བ་གསུངས་སོ།། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་པ་ལ་རང་བཞིན་གྱིས་དག་པ་ཞེས་བྱ་བ་ནི། དོན་དམ་པར་ངོ་བོ་ཉིད་ཀྱིས་དག་ཅིང་དྲི་མ་མེད་པའི་ཆོས་རྣམས་ཏེ། དེ་རྣམས
་ཀྱི་མཉམ་པ་ཉིད་ནི་དེ་བཞིན་ཉིད་ཡིན་པས་རང་བཞིན་གྱིས་དག་པའི་ཆོས་མཉམ་པ་ཉིད་དོ།། དེའི་ཡེ་ཤེས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་རབ་ཏུ་རྟོགས་པ་ནི་ཡང་དག་པར་ཐུགས་སུ་ཆུད་པའོ།། དེའི་ངོ་བོ་ཉིད་ནི་རབ་ཏུ་རྟོགས་པ་ཉིད་དོ།།
་གང་གི་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ།། དམ་པའི་ཆོས་ཀྱི་འོད་ཟེར་ཅེས་བྱ་བ་ལ་ཆོས་ཀྱི་རིགས་ལ་ཆོས་ཀྱི་ཕྱག་རྒྱ་རབ་ཏུ་བསྒོམས་པ་དེ་ཡང་དམ་པའི་ཆོས་སྟོན་པའི་རྒྱུ་ཡིན་པས་པདྨ་ལྟ་བུའི་འོད་ཟེར་ལ་དམ་པའི་ཆོས་ཀྱི་འོད
་ཟེར་ཅེས་བྱ་སྟེ། འོད་ཟེར་དེ་དག་གིས་ཀྱང་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀུན་ཏུ་སྣང་བ་བྱས་ནས་ཞེས་བྱ་བ་ནི་གསལ་བར་བྱ་བའོ།། སྣང་བར་བྱས་པའི་རྗེས་ཐོགས་ལ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ་གྱུར་ཏོ་ཞེས་བྱ་བ་ནི། ཆོས་ཀྱི
་དབྱིངས་ཀྱི་ངོ་བོ་ཉིད་དུ་གྱུར་ཅིང་རེད་པ་སྟེ། འོད་ཟེར་སྤྲོ་བ་འདིས་ནི། ཏིང་ངེ་འཛིན་ལ་དབང་བསྐུར་པོ་ཐོབ་པར་སྟོན་ཏོ།། ཆོས་ཀྱི་དབྱིངས་དེ་དག་ཐམས་ཅད་ཀྱང་ཞེས་བྱ་བ་ནི་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་པདྨ
་ལྟ་བུར་བྱུང་བ་སླར་ཡང་བསྡུས་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ལ་འོད་ཟེར་གྱི་ཚོགས་དེ་དག་ཐམས་ཅད་ཞུགས་ལ། དེ་ཡང་འདྲེས་པར་གྱུར་ནས་ཅི་ཞིག་ཏུ་གྱུར་ཅེ་ན། རྡོ་རྗེ་པདྨ་ཆེན་པོའི་དབྱིབས་སུ་གྱུར་ཏེ་ཞེས་བྱ་བ་གསུངས
་སོ་ཌཱ་ཚད་ཇི་ཙམ་དུ་གྱུར་ཅེ་ན། ནམ་མཁའི་ཁམས་ཐམས་ཅད་དང་མཉམ་པར་འཇུག་པའི་ཚད་ཙམ་ཞེས་བྱ་བ་གསུངས་ཏེ། ན་མཁའི་ཁམས་ཐམས་ཅད་དུ་ཀུན་ནས་མཉམ་པར་འཇུག་ཅིང་འདིའི་ཚད་རྒྱ་ཆེ་བ་ཡིན་ནོ་ཞེས་བྱ་བའི
་དོན་ཏོ།། འདིས་ནི་ཕྱག་རྒྱར་གྱུར་པའི་སྤྲོ་བ་གཉིས་པ་སྟོན་པ་ཡིན་ནོ།། དེ་ནས་རྡོ་རྗེ་པདྨའི་དབྱིབས་དེ་ལས་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་བསམས་པ་ལས་སྐྱེས་པས་ན་རྡོ་རྗེ་པདྨའི་དབྱིབས་སོ།། ཏིང་ངེ་འཛིན་གྱི་ཡེ་ཤེས
་ཞེས་བྱ་བ་ལ་སོགས་པ་ལ། ཏིང་ངེ་འཛིན་ལས་བྱུང་བའི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ། མཉམ་པར་བཞག་པའི་སེམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་སོ་ཞེས་གསུངས་པའི་ཕྱིར་རོ།། མངོན་པར་ཤེས
་པ་ནི་ལྔའོ།། ཏིང་ངེ་འཛིན་གྱི་ཡེ་ཤེས་དང་མངོན་པར་ཤེས་པ་ལ་སོགས་པ་གང་ཡིན་པ་དེ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་གང་སྔར་སངས་རྒྱས་ཀྱི་མཛད་པ་ཉིད་དུ་བསྟན་པ་དེ་ཐམས་ཅད་བྱས་ནས
་ཞེས་བྱ་བའི་དོན་ཏོ།། ཤིན་ཏུ་ཀུན་ཏུ་སྤྱན་རས་གཟིགས་ཀྱི་དབང་པོ་ཞེས་བྱ་བ་ནི། ཇི་སྐད་དུ་བཤད་པ་ལ་ནི་ཤིན་ཏུ་ཀུན་ཏུ་སྤྱན་རས་གཟིགས་པ་ལ་དབང་ཕྱུག་ཏུ་གྱུར་པའོ།། ཀུན་ཏུ་སྤྱན་རས་གཟིགས་པ་དེ་རྡོ་རྗེ་སེམས་དཔའ་ཏིང་ངེ་འཛིན
་ཡིན་པས་ན་གཅིག་པའོ།། ཤིན་ཏུ་བརྟན་པས་འདྲེས་པ་སྟེ། རབ་ཏུ་བརྟན་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། དམ་པ་ཡང་ཡིན་ལ་དོན་ཡང་ཡིན་པས་ན་དམ་པའི་དོན་ཡིན་པ་འམ། དམ་པ་སྟེ་རྣམ་པར་མི་རྟོག་པའི་ཡེ
་ཤེས་ཀྱི་དོན་ཡིན་པས་ན། ཡོངསུ་བཅད་ཅིང་བཟུང་བར་བྱ་བ་ཞེས་བྱ་བའི་དོན་ཏོ།། དམ་པའི་དོན་དེ་གང་ཡིན་ཞེ་ན། བདག་ཡིན་ཏེ་ཞེས་བྱ་བ་གསུངས་སོ།། ཁྱོད་ཅིའི་ཕྱིར་དམ་པའི་དོན་ཡིན་ཞེ་ན། གདོད་ནས་དག་པ་ཞེས་བྱ་བ་གསུངས་ཏེ།
་གང་གི་ཕྱིར་རང་བཞིན་གྱི་དག་པ་ཡིན་གྱིས་གང་གིས་ཀྱང་འབད་པའི་ཁྱད་པར་གྱིས་རྣམ་པར་སྦྱངས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཁྱོད་གང་གིས་དམ་པའི་དོན་ཡིན་ཞེ་ན། རང་འབྱུང་ཞེས་བྱ་བ་སྟེ། རང་བྱུང་བ་ནི་སངས་རྒྱས་བཅོམ
་ལྡན་འདས་རྣམས་སོ།། ཁྱོད་གདོང་ནས་དག་པར་ག་ལས་ཤེས་ཞེ་ན། གང་ཕྱིར་གཟིངས་འདྲའོ་ཞེས་བྱ་བར་དགོངས་ཏེ། གཟིངས་ཞེས་བྱ་བ་ནི་སྒྲོལ་བར་བྱེད་པ་ལ་བྱ་སྟེ། ཇི་ལྟར་ཕ་རོལ་ཏུ་འགྲོ་བར་འདོད་པར་སྤྲོ་བའི་སྐྱེས་བུ་ལ
་གྲུ་དང་གྲུ་བོ་ཆེ་མེད་པར་གྱུར་ལ། རྒྱལ་བས་རྒལ་བར་མི་ནུས་པས་རྩ་དང་ཤིང་ལ་སོགས་པ་བསྡུས་ཏེ། གཟིངས་བྱས་ནས་ཚུ་རོལ་ནས་ཕ་རོལ་ཏུ་བརྒལ་ལ། ཕ་རོལ་ཏུ་ཕྱིན་ནས་ནི་དེ་ཉིད་དུ་དོར་ཏེ་འགྲོའོ།། དེ་བས་ན་དེ་ལྟར་དུས
་ཅུང་ཟད་དགོས་པ་གཟིངས་དང་འདྲ་ཞིང་མཚུངས་པའི་ཆོས་རྣམས་གང་ཡིན་པ་དེ་ནི་གཟིངས་དང་འདྲ་བའི་ཆོས་རྣམས་སོ།། ལུང་དང་རྟོགས་པའི་ཆོས་དེ་ལྟ་བུ་ཡིན་ཡང་། གང་ལས་རྣམ་པར་དག་པ་དམིགས་པར་གྱུར་པ་སྟེ། ལུང་གི
་ཆོས་ནི་མ་ཆགས་པ་ལ་སོགས་པ་དང་། རབ་ཏུ་ལྡན་པ་ཉིད་རྣམ་པར་དག་པ་ཡིན་ལ། རྟོགས་པའི་ཆོས་ཀྱི་ནི་ཟག་པ་མེད་པ་ཉིད་རྣམ་པར་དག་པ་ཡིན་ཏེ། དེ་དག་གཉི་ག་ཡང་གཟིངས་དང་འདྲ་སྟེ། ལུང་གི་ཆོས་ནི་རྟོགས་པའི་ཆོས་ཐོབ
་པའི་གནས་སྐབས་སུ་འདོར་ཏེ། དགོས་པ་བྱས་ཟིན་པའི་ཕྱིར་རོ།། རྟོགས་པའི་ཆོས་ཀྱང་ལྷག་མ་མེད་པའི་མྱ་ངན་འདས་པའི་དབྱིངས་སུ་ཞུགས་པའི་དུས་འདོར་ཏེ། དགོས་པ་མེད་པའི་ཕྱིར་རོ།། དེ་བས་ན་གཟིངས་དང་འདྲ་བ་ཞེས་བྱའོ།།
་འདུས་བྱས་རྣམས་ཀྱང་སྐྱེས་པའི་རྗེས་ཐོགས་ཉིད་ལ་འཇིགས་པས་གཟིངས་དང་འདྲ་བ་ཡིན་ལ་རྒྱུན་ཆད་པས་ཀྱང་གདོད་ནས་དག་པ་ཡིན་ནོ།། བདག་ནི་ཏིང་ངེ་འཛིན་གྱི་རྒྱུན་རྟོགས་པའི་ངོ་བོ་ཉིད་ཡིན་ལ། ཆོས་དེ་རྣམས་ཀྱང་རྣམ་པར
་རྟོག་པས་ཀུན་ནས་བསླང་བའི་འདུས་བྱས་ཡིན་ནོ།། དོན་དམ་པར་ནི་གདོད་ནས་མ་སྐྱེས་པ་ཡིན་པས་ན་བདག་ནི་གདོད་ནས་དག་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས
་རྡོ་རྗེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པ་ནི་དཀྱིལ་འཁོར་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ་།། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་མིན་པས་དེ
་བཞིན་གཤེགས་པ་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་དེའི་ཡེ་ཤེས་ཡིན་པས་ཏིང་ངེ་འཛིན་ནི་ཡེ་ཤེས་སོ།། དེ་ཉིད་ནི་མི་ཕྱེད་པའི་དོན་གྱིས་ན་རྡོ་རྗེའོ།། དོན་འདི་ཉིད་དང་རྗེས་སུ་མཐུན་པའི་ཏིང་ངེ་འཛིན་གང་ཡིན།
་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྦྱང་བའི་དམ་ཚིག་རྡོ་རྗེ་པདྨ་དེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་དབང་པོའི་ལག་ཏུ་བྱིན་ནོ་ཞེས་བྱ་བར
་སྦྱར་རོ།། ལྷག་མ་རྣམས་ཀྱི་ནི་དགོས་པ་སྟོན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྦྱང་བའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་སེམས་དཔའ་རྣམས་ཏེ། གང་ཡང་དེ་རྣམས
་དགུས་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས་བཟླས་བརྗོད་ལ་སོགས་པ་དེ་རྣམས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམ་པར་སྦྱང་བའི་ཕྱིར་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་སྦྱང
་བའི་དམ་ཚིག་སྟེ། རྣམ་པར་སྦྱང་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དང་སེམས་བཟློག་ཅིང་འཁོར་བའི་སེམས་ཀྱང་རྣམ་པར་བཟློག་ནས་པདྨའི་ཕྱག་རྒྱའི་འདོད་ཆགས་ཀྱི་དཔེ་བསྟན་ནས་སེམས་ཅན་སྨིན་པ་དང་གྲོལ་པའི་འདོད
་ཆགས་ཀྱིས་ཆགས་པར་བྱ་བ་སྟེ། དེ་བས་ན་དེ་ནི་འདིར་དམ་ཚིག་ཅེས་བྱ་བའི་སྒྲར་བརྗོད་དོ།། བདག་དང་གཞན་ཞེས་བྱ་བ་ལ་སོགས་བྱ་ལ་འདོད་ཆགས་དེས་སངས་རྒྱས་ཉིད་ཀྱི་མཐར་ཐུག་པའི་ཡོན་ཏན་ཐོབ་པ་ནི། བདག་རྣམ་པར་དག་པ་ཡིན
་ལ། གཞན་རྣམས་ཀྱང་ཇི་སྐད་དུ་བཤད་པའི་ཡོན་ཏན་འཐོབ་པར་བྱུང་བ་སྟེ། དེ་དག་ནི་བདག་དང་གཞན་རྣམ་པོར་དག་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ཆོས་རྣམས་ཀྱི་ཡེ
་ཤེས་ཡིན་པས་ན་ཆོས་ཀྱི་ཡེ་ཤེས་ཏེ། ཆོས་ཀྱི་ཡེ་ཤེས་ཉིད་མངོན་པར་ཤེས་པ་ཡིན་ནོ།། དེ་ཐོབ་པ་ནི་རྙེད་པའོ།། དེ་ཉིད་ནི་འབྲས་བུ་སྟེ་དེ་དག་གི་ཕྱིར་རོ།། དམ་པ་རྣམས་ཀྱི་ཆོས་ནི་དམ་པའི་ཆོས་ཏེ། མངོན་པར་མཐོ་བ་དང་ངེས་པར
་ལེགས་པར་ཐོབ་པའི་རྒྱུ་ནི་ཆོས་ཏེ། ལུང་དང་རྟོགས་པའི་བདག་ཉིད་ཅན་ནོ།། དམ་པའི་ཆོས་ཉིད་གདུལ་བྱའི་སྐྱེ་བོའི་རྒྱུད་ལ་འཕོ་བར་མཛད་པའི་དོན་གྱིས་ན། འཁོར་ལོ་སྟེ་དེ་བསྐོར་བའོ།། དེ་བསྐོར་བའི་ངང་ཚུལ་མངའ་བས་ན་ཆོས་ཀྱི
་འཁོར་ལོ་བསྐོར་བ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་ཆོས་ཀྱི་འཁོར་ལོ་བསྐོར་བ་ཉིད་དོ།། དེ་བཞིན་གཤེགསོ་བ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྟེ། ཆོས་ཀྱི་སྐུ་དེས་དབང་བསྐུར་ཞིང་བཅོམ་ལྡན་འད
་འོད་དཔག་ཏུ་མེད་པ་དེའི་རྣམ་པར་དག་པའི་ཆོས་ཀྱི་ངོ་བོ་ཉིད་ཡིན་པས་ན་ཆོས་ཀྱི་སྐུ་ཉིད་དོ།། བརྟན་ཞིང་རྡོ་རྗེ་ལྟ་བུའི་བསམ་པས་འཇུག་པའི་ཕྱིར་རྡོ་རྗེ་པདྨའོ།། ཡང་ན་རྡོ་རྗེས་མཚན་པའི་པདྨ་ཡིན་པས་ན་རྡོ་རྗེའི་པདྨའོ།། རྡོ་རྗེ་སྤྱན་ཞེས་བྱ
་བ་ལ་སོགས་པ་ལ། རྡོ་རྗེ་སྤྱན་ཞེས་བྱ་བ་ནི་གང་གིས་ཕྱིར་བཅོམ་ལྡན་འདས་འདི་རྡོ་རྗེ་ལྟ་བུའི་ཕྱག་རྒྱ་འདི་ཆགས་པ་ཉིད་ལ་གཟིགས་ཏེ། དེ་ལྟ་བས་ན་ལྟ་བ་དེས་མཚན་པའི་མིང་དུ་རྣམ་པར་བཞག་པ་ཡིན་ནོ།། རྡོ་རྗེ་པདྨ
་ཞེས་བྱ་བ་ལ་སོགས་པ་ལ་འདབ་མ་ཁ་འབྱེད་པས་ཞེས་བྱ་བ་ནི་ཕྱག་གཡས་པའི་སོར་མོ་གསུམ་གྱིས་པདྨ་ཁ་མ་བྱེ་བ་འབྱེད་པའི་ཚུལ་གྱིས་འབྱེད་པའོ།། དེ་ཞེས་བྱ་བ་ནི་གང་ཐོབ་པའོ།། ཅི་ཞིག་རྣམ་པར་དཔྱོད་ཅེ་ན། དེའི་ཕྱིར་འདོད་ཆགས་རྣམ
་པར་དག་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་ཀྱི་རྣམ་པར་དག་པ་ནི་དྲི་མ་མེད་པ་སྟེ། ཀུན་ནས་ཉོན་མོངས་པ་མེད་པའོ།། པདྨའི་འདབ་མའི་ཆགས་པའི་དཔེས་སེམས་ཅན་སྨིན་པ་དང་གྲོལ་བའི་འདོད་ཆགས་དཔེ་ཅན་གྱི་མཐུན
་པའི་ཆོས་ལ་གཟིགས་པའོ།། འདྲ་བའི་གང་གིས་ཤེ་ན། མ་ཆགས་པའི་ངོ་བོ་ཉིད་ཀྱིས་སོ།། དེ་བས་ན་འདི་སྐད་དུ་སྟོན་ཏེ། པདྨའི་འདབ་མ་འདི་ནི་ཤིན་ཏུ་དམར་ལ་ཆུའི་ཉེས་པས་ཀྱང་མ་གོས་པའོ།། དེ་བཞིན་དུ་སེམས་ཅན་ཐམས་ཅད་སྨིན
་བ་དང་གྲོལ་བའི་འདོད་ཆགས་འདི་ཆགས་པའི་རང་བཞིན་ཅན་ཡིན་དུ་ཟིན་ཀྱང་། མི་དགེ་བ་བཅུའི་ལས་ཀྱི་ལམ་གྱིས་མ་གོས་པ་ཡིན་ནོ་ཞེས་དོན་འདི་རང་ཉིད་རྣམ་པར་བསྒོམ་ཞིང་གཞན་རྣམས་ལ་ཡང་གོ་བར་བྱ་བའི་ཕྱིར་ཆེད་དུ་བརྗོད
་པ་འདི་ཆེད་དུ་བརྗོད་དོ།། འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ།། དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ།། སངས་རྒྱས་ཀུན་གྱི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་ཞེས་བྱ་བ་ལ། སངས་རྒྱས་ཐམས་ཅད་ཕྱག་རྒྱའི་ཁྱད་པར་གང་གིས
་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་མཛད་དོ།། ཇི་ལྟར་པདྨ་དམར་པོའི་རང་བཞིན་གྱིས་དམར་བ་ཡིན་ཡང་། ཆུའི་ཉེ་བས་གོས་པ་མ་ཡིན་ནོ།། དེ་བཞིན་དུ་ཁྱེད་རྣམས་ཀྱིས་ཀྱང་མི་དགེ་བ་བཅུའི་ལས
་ཀྱི་ལམ་གྱིས་མ་གོས་པར་འདོད་ཆགས་གཟུང་བར་བྱའི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་འདི་ནི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་དེ། མ་གོས་པའི་ཕྱིར་པདྨའི་དམར་བ་དང་འདྲའོ།། དེ་ཡང་སེམས་ཅན་སྨིན་པ་དང་གྲོལ་བའི་ཆགས་པ་ནི་རྣམ་པར
་དག་པ་ཡིན་ཏེ། དེ་ལྟ་བུའི་འདོད་ཆགས་ཀྱི་དེ་ཁོ་ན་ཉིད་རྟོག་པའོ།། འདོད་ཆགས་ཀྱི་དེ་ཁོ་ན་ཉིད་དེ་ཡང་གང་ཡིན་ཞེ་ན། བདག་སྟེ་ཞེས་བྱ་བའོ།། གང་དུ་ཁྱོད་ལ་སྦྱིན་ཞེ་ན། བདག་གི་ལག་ཏུ་ཞེས་བྱ་བ་གསུངས་པས་བསྟན་ཏོ།། དེ་ལྟ་བུས་ཅི་ཞིག་ཏུ
་གྱུར་ཞེ་ན། ཆོས་ལ་ཆོས་ནི་གནས་པར་གྱུར་ཅེས་གསུངས་སོ།། འདི་སྐད་སྟོན་ཏེ། བདག་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་ཕྱག་རྒྱ་ཡིན་པས་དེ་གཉིས་ནི་དབྱར་མི་ཕྱེད་པའི་ཕྱིར་འདོད་ཆགས་ཀྱི་དེ་ཁོ་ན
་ཉིད་ནི་ཆོས་ཡིན་ནོ།། དེ་བས་ན་དོན་དེ་པདྨའི་ཕྱག་རྒྱའི་ཁྱད་པར་གྱི་དཔེས་རྟོགས་པར་བྱེད་པ་དེ་ཡང་ཆོས་ཡིན་ལ། དེ་ལས་བྱུང་བའི་བྱང་ཆུབ་སེམས་དཔའི་སྐུ་ཁྱད་པར་དེ་ཡང་ཆོས་ཡིན་ཏེ། དེ་བས་ན་པདྨའི་ཕྱག་རྒྱའི་གཟུགས་ཀྱི་ཆོས
་སེམས་དཔའི་ཁྱད་པར་གྱི་ཆོས་དེ་ལ་གནས་སོ་ཞེས་བྱ་བའི་དོན་ཏོ།། རབ་ཏུ་བྱེད་པ་འདིས་ནི་གདུལ་བྱ་རྣམས་ལ་ཏིང་ངེ་འཛིན་གྱི་མནོ་ངག་བསྟན་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱི་མཚན་ཉིད་ཀྱི
་ཡོན་ཏན་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའི་གཟུགས་སུ་དཀྱིལ་འཁོར་དུ་རྣམ་པར་སྤྲུལ་པ་མཛད་པ་ཡིན་ནོ།། ད་ནི་ཏིང་ངེ་འཛིན་གྱི་འོག་ཏུ་མཉམ་པར་བཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས
་བར་འགྱུར་ཏེ། དེ་བས་ན་ཤེས་རབ་དང་ཡེ་ཤེས་ཀྱི་སེམས་དཔའ་བརྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ།། འཇམ་ཞིང་མཉེན་པའི་དཔལ་གུང་ལ་མངའ་བ་དེ་ནི་འཇམ་དཔལ་ཏེ། གནོན་ནུའི་ཆ་ལུག
་ཀྱི་རྗེས་སུ་འཇུག་པར་མཛད་པའོ།། དཔལ་ནི་གཟི་མདངས་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། འཇམ་དཔལ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་ལོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ།
་དེ་ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབས་པར་མཛད་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད
་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དང་། རྣམ་པར་མི་རྟོག
་པའི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཡིན་ལ། དེ་རྒྱུར་གྱུར་པའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཆེན་པོའི་དམ་ཚིག་ཡིན་ཏེ། དེ་སྟོན་པའི་སྒྲ་གང
་ཡིན་པ་དེ་ལ་ཡང་ཤེས་རབ་དང་ཡེ་ཤེས་ཆེན་པོའི་དམ་ཚིག་ཅེས་བཤད་དོ།། དེ་བས་ན་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་རང་གི་སྙིང་པོ་བྱུང་བ་ཡིན་ནོ།། འདི་ཞེས་བྱ་བ་ནི་ཐུགས་ཀ་ལ་གནས་པའོ།། བྱུང་མ་ཐུག་པ་འདི་ནི
་ཞེས་བྱ་བ་ལ་སོགས་པ་ལ། སྙིང་པོ་འདི་ནི་བཅོམ་ལྡན་འདས་དང་པོའི་སེམས་དཔའ་དེ་ཉིད་དོ།། སྡུག་བསྔལ་གཅོད་པར་ཆོས་མཐུན་པས་ཤེས་རབ་ཉིད་མཚོན་ཆ་ཡིན་པར་སྤྱིར་སྨོས་སུ་ཟིན་ཀྱང་ཁྱད་པར་དུ་བྱ་བའི་ཕྱིར་ཤེས་རབ་ཀྱི
་རལ་གྲི་ཞེས་འོག་ནས་བཤད་པའི་ཚུལ་གྱིས་བཤད་དོ།། ཤེས་རབ་ཀྱི་རལ་གྲིར་གྱུར་ནས་གང་དུ་བཞུད་ཅེ་ན། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཞེས་གསུངས་པ་ཡིན་ནོ།། ཞུགས་ནས་འདུ་བྱེད་ཐམས་ཅད་རོ་གཅིག་པས་ན
་གཅིག་ཏུའོ།། ཆོས་ཀྱི་དབྱིངས་མི་ཕྱེད་པ་ཉིད་ཀྱིས་ནི་འདྲེས་པར་གྱུར་པའོ།། ཅིར་གྱུར་ཅེ་ན། རྡོ་རྗེ་རལ་གྲིའི་དབྱིབས་སུ་གྱུར་ཅེས་བྱ་བ་གསུངས་ཏེ། རྡོ་རྗེ་རལ་གྲིའི་གཟུགས་སོ་ཞེས་བྱ་བའི་དོན་ཏོ།། ཤེས་རབ་དང་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་ལ
་ཤེས་རབ་དང་ཡེ་ཤེས་ངག་ནི་ཤེས་རབ་དང་ཡེ་ཤེས་ཏེ། འདིའི་ཕྲིན་ལས་སོ།། སོགས་པ་སྨོས་པས་ནི་སྔར་བཤད་པའི་བྱང་ཆུབ་ཀྱི་སེམས་ལ་སོགས་པའོ།། ཤེས་རབ་ཡེ་ཤེས་ལ་སོགས་པ་ལས་སེམས་ཅན་རྣམས་ལ་ཤིན་ཏུ་སྣང་བ་སེམས་དཔའ
་འཇམ་དཔལ་གྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་སེམས་དཔའི་སྐུར་སྣང་བར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གང་ཡིན་པ་བསྒོམས་པའི་སྟོབས་ཀྱིས་བསྐྱེད་པར་མཛད་པས་ན་ཤིན་ཏུ་འཇམ་པའི་ཏེ། དེའི་ངོ་བོ་ཉིད་ཡིན་པས་ན་འཇམ་དཔལ་ཉིད་ཡིན་པའོ།།
་དེ་བས་ན་གཅིག་པ་སྟེ། གཅིག་གི་མཐུ་ལས་གྱུར་པའི་ཕྱིར་རོ།། འདྲེས་པའི་བརྟན་པ་སྟེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཤིན་ཏུ་བརྟན་པ་ཡིན་པའི་ཕྱིར་རོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི
་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་དུ་ཅེ་ན། སངས་རྒྱས་ཐམས་ཅད་དུ་གཏོགས་པའི་འཇམ་པའི་དབྱངས་བདག་ཡིན་པར་ལུང་ལས་གྲགས་ཤིང་རབ་ཏུ་བཤད་པའོ།། གལ་ཏེ་ཁྱེད་སངས་རྒྱས་ཐམས་ཅད་ཀྱི་འཇམ་པའི་དབྱངས་ཡིན་ན།
་དེ་ལྟ་ན་ཡང་ངོ་མཚར་ཅི་ཞིག་ཡོད་ཅེ་ན། དེ་ལྟ་མོད་ཀྱི། གང་གི་ཕྱིར་ཤེས་རབ་གཟུགས་མེད་ཀྱང་། དབྱངས་ཉིད་དུ་ནི་དམིགས་པ་ཡིན་ཞེས་བྱ་བ་ནི་ངོ་མཚར་ཚ་བའོ།། འདི་སྐད་དུ་སྟོན་ཏོ།། ཤེས་རབ་ནི་སེམས་ལས་བྱུང་བའི་ཆོས་ཏེ། དེ་ཡང་གཟུགས
་མེད་པའོ།། དེ་ལས་ནི་སྔགས་སོ།། དེ་ལས་ནི་རལ་གྲིའི་ཕྱག་རྒྱའོ།། དེ་ལས་ནི་བདག་སྟེ་དེ་ལྟར་རིམ་གྱིས་གཟུགས་ཅན་ཉིད་དུ་གྱུར་ཅིང་དབྱངས་ཉིད་དུ་སྟེ། བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་ཀྱི་གཟུགས་ཅན་ཉིད་དུ་ཞེས་བྱ་བའི་དོན་ཏོ།།
་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། ཤེས་རབ་ཀྱི་ཆོས་རབ་ཏུ་རྣམ་པར་ཕྱེ་ནས། ཕྱག་རྒྱ་འང་སེམས་ཅན་འདི་རྣམས་ལ་དཀྱིལ་འཁོར་ཆོ་ག་འདི་ལྟ་བུས་སེམས་ཅན་གྱི་དོན་བྱེད་ཅིང་ཡུན་རིང་དུ་གནས་པར་བྱའོ་ཞེས་སྨོན
་བར་མཛད་དོ།། སྨོན་ལམ་བཏབ་ནས་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཆོས་ཀྱི་དབྱིངས་ལ་དམིགས་ཏེ། ཏིང་ངེ་འཛིན་གང་ལ་དུས་ཅུང་ཞིག་བཞུགས་ནས་ལྡང་བར་སྟོན་པར་མཛད་དེ། དེ་བས་ན་ཏིང་ངེ་འཛིན་དེ་ལ་དོན་དང་མཐུན
་པའི་མིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་དམ་ཚིག་ཅེས་བྱ་བ་ཉིད་དེ། ཏིང་ངེ་འཛིན་འདི་ཉིད་ནི་བརྟན་པ་ཉིད་དང་། མི་ཕྱེད་པའི་དོན་གྱིས་ནི་རྡོ་རྗེ་ཞེས་བྱའོ།། དེ་བས་ན་ཤེས་རབ་དང་ཡེ་ཤེས་ཀྱི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི
་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་གཅོད་པའི་དམ་ཚིག་དང་ཞེས་བྱ་བ་ནི། གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་སེམས་ཅན་ཐམས
་ཅད་ཀྱི་ཉོན་མོངས་པ་རྣམས་ཚར་གཅོད་པར་མཛད་པའི་རལ་གྲི་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་དཔལ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། དེ་ལ་ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པའོ།། ཉོན་མོངས་པ་ཡང
་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཉོན་མོངས་པ་ཐམས་ཅད་དོ།། དེ་རྣམས་གཅོད་པ་ནི་ཤེས་རབ་ཀྱིས་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་རབ་ཏུ་རྣམ་པར་དཔྱད་ནས། དེ་ཁོ་ན་ཉིད་རབ་ཏུ་ཤེས་པས་ཉོན་མོངས་པ་རྣམས་ནི་ཤིན་ཏུ་ཡང་མ་སྐྱེས་པ
་ཡིན་པས་ན་བཅད་པའོ།། ཉོན་མོངས་པ་གཅོད་པའི་དམ་ཚིག་སྟེ། ཕྱི་རོལ་གྱི་དངོས་པོ་གཅོད་པར་བྱེད་པའི་རལ་གྱི་དང་འདྲ་བས་ན་རལ་གྲིའི་ཕྱག་རྒྱའོ།། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པའི
་ཉོན་མོངས་པ་ལས་བྱུང་བའི་ཉེ་བར་ལེན་པའི་ཕུང་པོ་ལྔའི་བདག་ཉིད་ཅན་གྱི་སྡུག་བསྔལ་བཅད་པར་བྱ་བའི་ཕྱིར་ཏེ། ཉོན་མོངས་པ་དང་སྡུག་བསྔལ་བཅད་པར་གྱུར་ནས། ཟག་པ་མེད་པའི་བདེ་བ་དང་ཡིད་བདེ་བ་ཐོབ་པར་བྱ་བའི་ཕྱིར་རོ།།
་བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྔར་བཤད་པ་རྣམས་བསྡུའོ།། ཇི་ཙམ་གྱི་བར་དུ་མཐར་ཐུག་པ་ཞེ་ན། གསུང་གི་རྗེས་སུ་འབྲང་བའི་ཤེས་རབ་དམ་པའི་བར་དུ་སྟེ། དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་ཐེག་པ་ཆེན་པོའི་དོན་སྟོན་པར་མཛད་པའོ་སྒྲ་ནི་གསུངས་ཏེ། དེའི་རྗེསུ་འགྲོ་བས་ན་གསུང་གི་རྗེ་སུ་འབྲང་བའི་ཤེས་རབ་ཅེས་བྱའོ།། འདི་སྐད་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཤེས་རབ་ཀྱི་ཁྱད་པར་གང་གིས་ཆོས་སྟོན་པ་ན་སྒྲ
་འདིས་འདིའི་དོན་འདི་ལྟ་བུ་སྟོན་པ་ཡིན་ནོ་ཞེས་ཚིག་ལ་སོགས་པའི་དོན་ལེགས་པར་མཚོན་པར་བྱེད་པ་དེ་ནི་གསུངས་གི་རྗེས་སུ་འགྲོ་བའི་ཤེས་རབ་ཅེས་བྱའོ།། དེ་ཡོངས་སུ་རྫོགས་པར་བྱ་བ་ནི་རབ་ཀྱི་མཐར་ཐུག་པར་འགྲོ་བའོ།། དེ་ཉིད་ནི
་དངོས་གྲུབ་དམ་པ་སྟེ། དེའི་ཕྱིར་རོ།། རྡོ་རྗེ་རལ་གྲི་ཞེས་སྨོས་པ་ནི་རང་གི་གནས་པ་ཉིད་སྟོན་པ་ཡིན་ནོ།། རྡོ་རྗེ་བློ་ཞེས་བྱ་བ་ལ་སོགས་པ་ལ་དོན་ཐམས་ཅད་སོ་སོར་རྟོགས་པའི་ངོ་བོ་ནི་རྡོ་རྗེ་ལྟ་བུ་ཡིན་ཏེ། དེ་བློ་དེ་ལྟ་བུ་ཡིན་པའི་ཕྱིར་རྡོ་རྗེའི་བློ་རྡོ་རྗེའི
་བློ་ཞེས་དོན་དང་རྗེས་སུ་མཐུན་པའི་མིང་གི་དབང་གིས་དབང་བསྐུར་བ་སྩལ་པ་ཡིན་ནོ།། དེ་ནས་རྡོ་རྗེས་བློས་དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེའི་རལ་གྲི་ངེས་ཤེས་པ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རལ་གྲི་དེས་འདེབས་ཤིང་ཞེས་པ་རྣམ་པར
་སྒོམ་ཞིང་མི་སྣང་བར་མཛད་དེ་ཆེ་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། འདི་སྐད་སྟོན་ཏེ། གཟུགས་ཀྱི་སྐུ་རྣམ་པར་གཞིག་པ་ནི་འདེབས་པ་ཡིན་ཏེ། སྟོང་པ་ཉིད་ལ་དམིགས་པའི་ཤེས་རབ་ཀྱིས་བློས་རྡུལ་ཕྲན་དུ་བཤིག་ལ། རྡུལ་ཕྲན་ཡང་ཕྱོགས་ཆ
་དྲུག་གི་ཚུལ་གྱིས་མི་སྣང་བར་བྱས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རྗེས་སུ་འགྲོ་བར་རབ་ཏུ་བསྒོམ་ཞིང་མཐར་སངས་རྒྱས་ཀྱི་སྐུ་ཡང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་ཡོངས་སུ་གཅོད་པ་ནི་འདེབས་ཞེས་བྱའོ།། དེ་ཉིད་ཀྱིས་ནི། འདི་ནི་སངས
་རྒྱས་ཐམས་ཅད་ཀྱི། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ་ཞེས་བྱ་བ་གསུངས་པ་ཡིན་ཏེ། འདི་ནི་ངེས་པར་འདི་ལྟར་རྟོག་པར་བྱའི། གཞན་དུ་ན་གལ་ཏེ། དེ་བཞིན་གཤེགས་པའི་སྐུ་རྣམ་པར་བསྒོམ་ན་དེ་བཞིན་གཤེགས་པའི་སྐུ་དོན་མེད་པར
་མི་འགྱུར་རོ།། དེས་ན་དངོས་པོ་ཐམས་ཅད་ཀྱང་དེ་བཞིན་གཤེགས་པའི་སྐུ་ལྟར་གཟུགས་ཅན་ཡིན་པས་ན་དོན་ཡོད་པར་འགྱུར་རོ།། དེས་ན་སྟོང་པ་ཉིད་མེད་པས་དེ་བཞིན་གཤེགས་པ་ཡང་དེ་ཁོ་ན་ཉིད་གཟིགས་པ་མ་ཡིན་པར་འགྱུར་རོ།། དེའི་ཕྱིར
་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱི་རལ་གྲི་དེས་དེ་བཞིན་གཤེགས་པའི་སྐུ་རྣམ་པར་སྒོམ་པ་ལ་ནི་འདེབས་པ་ཞེས་བཤད་དོ།། འདི་ཞེས་བྱ་བ་ནི་ཕྱག་ན་གནས་པའོ།། དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ།། དེ་གང་ཡིན་ཞེ་ན། ཤེས་རབ
་ཕ་རོལ་ཕྱིན་པའི་ཚུལ་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པ་སྟེ། དེའི་ཕ་རོལ་ནི་རབ་ཀྱི་མཐར་ཐུག་པ་སྟེ། ཤེས་རབ་ཀྱི་ཕ་རོལ་དེར་སོན་པའི་ཤེས་རབ་གང་ཡིན་པ་དེ་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད།།
་འི་ཚུལ་ནི་དངོས་པོ་ཐམས་ཅད་རྣམ་པར་བསྒོམ་པ་སྟེ། འདི་ནི་རལ་གྲིརི་ཕྱག་རྒྱས་སྟོན་ཏེ། འདིས་ཅི་ཞིག་བྱེད་ཅེ་ན། དགྲ་རྣམས་ཐམས་ཅད་གཅོད་བྱེད་ཅིང་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྐུ་ཅན་ལ་སོགས་པའི་དངོས་པོ
་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་རྣམ་པར་བསྒོམས་པར་གྱུར་ན། དམིགས་པར་བྱ་བའི་རྒྱུ་མེད་དེ། དེ་ལ་དམིགས་པ་ལས་ཀྱང་ཉོན་མོངས་པ་མི་སྐྱེ་བས་གཅོད་བྱེད་ཅིང་ཞེས་བྱ་བ་སྟེ། སྐྱེ་བ་མེད་པ་ནི་གཅོད་པའི
་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ།། གང་ཞིག་གཅོད་པ་ཡིན་ཞེ་ན། དགྲ་རྣམས་བྱ་བ་གསུངས་ཏེ། དགྲ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ། འགྲོ་བ་དྲུག་ཏུ་སྡུག་བསྔལ་མོང་པོ་སྐྱེད་པའི་དོན་གྱིས་སོ།། ཉོན་མོངས་པ་རྣམ
་པར་བཅད་ན་དེས་ཀུན་ནས་བསླང་བའི་མི་དགེ་བ་བཅུའི་རྒྱུ་མེད་པའི་ཕྱིར་མི་སྐྱེ་བས་ན། སྡིག་པ་ཐམས་ཅད་འཇོམས་པ་ཞེས་གསུངས་པ་ཡིན་ནོ།། མི་གཙང་བ་ལ་སོགས་པ་སྒོམས་པའི་ཁྱད་པར་རམ། མི་རྟག་པ་ཉིད་ཡིད་ལ་བྱེད་པ་ལ
་སོགས་པ་སྒོམ་པའི་ཁྱད་པར་གཞན་དག་གིས་ཀྱང་ཉོན་མོངས་པ་རྣམས་དང་། མི་དགེ་བ་རྣམས་མི་སྐྱེ་བ་སྲིད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་མཆོག་ཅེས་བྱ་བ་གསུངས་སོ།། འདི་སྐད་སྟོན་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རལ་གྲི
་ལས་གཞན་པ་དག་ཡིད་ལ་བྱེད་པ་ནི་འདི་ལྟ་བུ་གཞན་དག་ཡིད་ལ་བྱེད་པ་འདི་ལྟ་བུ་གཞན་ཡོད་པ་མ་ཡིན་ནོ།། འདིས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གསུང་གོ་རྗེས་སུ་འབྲང་བའི་ཤེས་རབ་གདུལ་བྱ་རྣམས་ཀྱིས་རྟོགས
་པར་བྱ་བའི་ཕྱིར། དཀྱིལ་འི་ཁོར་འདིར་སྙིང་པོ་ཕྱག་རྒྱ་དང་སེམས་དཔའི་གཟུགས་སུ་སྤྲུལ་པར་མཛད་པ་ཡིན་ནོ།། ད་ནི་ཏིང་འཛིན་ཐོབ་པ་ཤེས་རབ་ཀྱི་ཁྱད་པར་ཐོབ་པས་ཡོངསུ་སྨིན་པ་རྣམས་ལ་དཀྱིལ་འཁོར་གྱི་འཁོར་ལོའི་སྤྲུལ
་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ།། སེམས་སྐྱེད་མ་ཐག་པ་ཞེས་བྱ་བ་ནི་སེམས་བསྐྱེད་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏེ། དེ་མ་ཐག་ཅེས་བྱ་བའི་སྒྲ་ནི་བར་མ་ཆད་པ་ལ་བྱ་བ་ཡིན
་ནོ།། ཆོས་ཀྱི་འཁོར་ལོ་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། དེ་སེམས་བསྐྱེད་པ་ཙམ་གྱིས་བསྐོར་བའི་ངང་ཚུལ་འདི་ལ་མངའ་བས་ན་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས
་པའོ།། དེ་ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི
་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ཀྱི་ཁྱད་པར་གང་དང་གང་གིས་འཁོར་ལ་སྐྱེད་པར་མཛད་པ་འདི་དང་འདི་ལྟར་གྱུར་ཅིག་ཅེས་བྱ་བའི་ཐུགས་ལ་གནས་པའི་དོན་དེ་ནི་དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་འཁོར་ལོ་ཞེས་བཤད་དེ། འཁོར་ལོ་སྐྱེད་པའི་ཕྱིར་དམ་ཚིག་ཅེས་བྱའོ།། ཐུགས་ལ་གནས་པའི་ཕྱིར་སྙིང་པོ་ཞེས་ཀྱང་བྱ་ལ། སྒྲ་གང་གིས་དོན་དེ་སྟོན་པར་བྱེད་པའི་སྒྲ་དེ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ
་ཞེས་བཤད་དེ། སྙིང་པོ་ཕྱུང་བའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། ཆོས་ཀྱི་འཁོར་ལོ་བསྐོར་བའི་རྒྱུར་གྱུར་པའི་ཕྱིར་བཛྲ་ཧེ་ཏུ་ཞེས་གསུངས་སོ།། སྙིང་པོས་བསྐུལ་བའི་རྗེས་ཐོགས་ཉིད་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན
་པ་དེ་ཉིད་གང་གི་དོན་དུ་བསྐུལ་བའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་ངོར་གྱུར་ཏོ།། བྱུང་ནས་གཅིག་ཏུ་འདྲེས་པར་གྱུར་ནས་རྡོ་རྗེ་འཁོར་ལོའི་དབྱིབས་སུ་གྱུར་ཏོ་ཞེས་བྱ་བ། འཁོར་ལོ་ལྟ
་བུའི་ཕྱག་རྒྱའི་གཟུགས་སུ་ཞེས་བྱ་བའི་དོན་ཏོ།། སེམས་བསྐྱེད་མ་ཐག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། སེམས་བསྐྱེད་པའི་རྗེས་ཐོགས་ཉིད་ལ་ཕྱི་རོལ་གྱི་དཀྱིལ་འཁོར་གྱི་འཁོར་ལོ་གཟུགས་དང་། ཕྱག་རྒྱ་དང་། ལྷ་རྣམས་ཀྱི་རང
་བཞིན་སྤྲུལ་པར་བྱེད་པའི་འཁོར་ལོ་བསྐོར་བའི་བྱང་ཆུབ་སེམས་དཔའི་གཟུགསུ་སྣང་བའི་ཕྱིར་དང་། རྡོ་རྗེ་འཛིན་པའི་ཏིང་ངེ་འཛིན་གྱིས་གཅིག་ཏུ་གྱུར་པ་དང་། ཤིན་ཏུ་བརྟན་པས་འབྲེས་པའོ།། རྡོ་རྗེ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ།
་རྡོ་རྗེ་ལྟ་བུའི་བསོམ་པ་ལས་བྱུང་བས་ན་རྡོ་རྗེའི་རང་བཞིན་ཞེས་གསུངས་སོ།། འཁོར་ལོ་ལས་བྱུང་བས་ནཱ་འཁོར་ལོའོ།། རྡོ་རྗེའི་རང་བཞིན་གྱི་འཁོར་ལོ་ཁྱོད་སུ་ཞིག་གི་ཞེ་ན། དེའི་ཕྱིར་རྡོ་རྗེ་དམ་པ་ཆོས་ཅན་གྱི་ཞེས་གསུངས་པ་ཡིན་ནོ།།
་རྡོ་རྗེ་ལྟ་བུའི་ཐུགས་ཀྱི་ཆོས་ཅན་གང་ཡིན་པ་དེ་ནི་རྡོ་རྗེ་དམ་པའི་ཆོས་ཅན་ཏེ། སངས་རྒྱས་ཞེས་བྱ་བའི་དོན་ཏོ།། ཅིའི་ཕྱིར་དེའི་ཐུགས་རྡོ་རྗེ་ལྟ་བུ་ཞེ་ན། དེའི་ཕྱིར། གང་ཕྱིར་སེམས་བསྐྱེད་ཙམ་གྱིས་ཀྱང་། ཆོས་ཀྱི་འཁོར་ལོ་བསྐོར་བ
་གྱུར་ཅེས་གསུངས་པ་ཡིན་ནོ།། འདི་སྐད་སྟོན་ཏེ། དེའི་ཐུགས་དེ་དེ་ལྟར་ཤིན་ཏུ་བསྒོམས་པ་དང་། བརྟན་པ་ཉིད་ཀྱིས་ཕྱག་རྒྱའི་གཟུགས་སམ། སེམས་དཔའི་གཟུགས་སམ། གཞོལ་ཡས་ཁང་གི་གཟུགས་སམ། སྟོན་པའི་སྐུ
་གླང་དང་གང་ཕྱི་རོལ་གྱི་གཟུགས་ཉིད་ལྷག་པར་མོས་པ་དེ་དེ་བཞིན་དུ་རང་ཉིད་ཀྱིས་མཐོང་བར་འགྱུར་རོ།། དེ་དང་དེར་མངོན་པར་བྱུང་བ་གདུལ་བྱའི་སྐྱེ་བོ་གཞན་རྣམས་ཀྱིས་ཀྱང་དེ་བཞིན་དུ་མཐོང་བར་འགྱུར་བ་དང་། དུས
་སྲིད་དུ་འདོད་པ་དེ་སྲིད་དུ་གནས་པར་འགྱུར་ཞིང་། གཞན་གང་གིས་ཀྱང་སྤྲུལ་པ་གཞིག་པར་མི་ནུས་སོ།། རྒྱུ་དེས་ན་དེའི་ཐུགས་ནི་རྡོ་རྗེ་ལྟ་བུ་ཉིད་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་རྡོ་རྗེ་ཞེས་བྱ་བ་ལ་སོགས
་པབ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཏིང་ངེ་འཛིན་གང་གིས་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ། འཁོར་ལོའི་ཕྱག་རྒྱའི་དབང་བསྐུར་བ་སྩོལ་བ་སྟེ། དེ་ཡང་རྡོ་རྗེ་ལྟར
་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། དཀྱིལ་འཁོར་ཆེན་པོའི་དམ་ཚིག་རྡོ་རྗེའི་འཁོར་ལོ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་སེམས་བསྐྱེད་མ་ཐག་ཏུ་ཆོས
་ཀྱི་འཁོར་ལོ་བསྐོར་བ་དེའི་ལག་ཏུ་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། ལྷག་མ་རྣམས་ཀྱིས་ནི་དགོས་པ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་གི་ཕྱག་རྒྱའི་ཁྱད་པར་གང་གིས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན
་གདགས་པར་བྱ་བའི་ཕྱིར་འཁོར་ལོ་ལྟ་བུས་དཀྱིལ་འཁོར་ཆེན་པོ་སྟོན་པར་མཛད་པའི་དཀྱིལ་འཁོར་ཆེན་པོ་དེ་ལ་ནི་དམ་ཚིག་ཅེས་བྱའོ།། ཅིའི་ཕྱིར་འཁོར་ལོ་དེ་དང་དཀྱིལ་འཁོར་གྱི་དམ་ཚིག་བྱིན་ཞེ་ན། འཇིག་རྟེན་གྱི
་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་འཇུག་པའི་ཕྱིར་རོ།། ཅིའི་ཕྱིར་དེ་དེ་རྣམས་འཇུག་པར་འགྱུར་ཞེ་ན། ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིར་ལྡོག
་པ་ནི་བྱང་ཆུབ་ཀྱི་ལམ་ལས་ལྡོག་པའོ།། ལྡོག་པ་དེས་འཇུག་པས་ན་ཕྱིར་ལྡོག་པ་ཡིན་ལ། ལྡོག་མི་བྱེད་པས་ན་ཕྱིར་མི་ལྡོག་པའོ།། ཕྱིར་མི་ལྡོག་པ་དེ་རྣམས་ཀྱི་འཁོར་ལོ་ནི་ཕྱིར་མི་ལྡོག་པའི་འཁོར་ལོ་སྟེ། དེ་བཞིན་གཤེགས་པས
་བྱིན་གྱིས་བརླབས་པའི་འཁོར་གྱི་དཀྱིལ་འཁོར་དེ་དེར་འཇུག་པའོ།། ཕྱག་རྒྱ་བཞིའི་སྤྱོད་པའི་རྗེསུ་འཇུག་པའི་སློབ་དཔོན་གྱིས་ཕྱག་རྒྱ་དང་། སེམས་དཔའ་དང་། སྔགས་རྣམས་ཇི་སྐད་དུ་བཤད་པའི་བྱ་བ་དང་ལྡན་པའི་ཕྱི་མ་ལ
་སོགས་པས་དགོད་ཅིང་བྲིས་པ་ལ་ཡང་སྔར་བཤད་པའི་འཁོར་གྱི་དཀྱིལ་འཁོར་དུ་འཇུག་པའི་རྒྱུར་གྱུར་པས་ཕྱིར་མི་ལྡོག་པའི་འཁོར་ལོ་ཞེས་བཤད་དོ།། ཚུལ་དེ་ལྟ་བུའི་དཀྱིལ་འཁོར་མཐོང་ཞིང་འཁོར་གྱི་དཀྱིལ་འཁོར་མཐོང་བ
་དང་། འཇུག་པ་དང་ཐོབ་པར་འདོད་པ་དང་། ཇི་སྐད་དུ་བཤད་པའི་བྱ་བ་ལ་ཡང་ནན་ཏན་དུ་འཇུག་པས་གདུལ་བྱ་རྣམས་རིམ་གྱིས་སངས་རྒྱས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་མངོན་སུམ་དུ་འཇུག་པར་འགྱུར་རོ།། དེར་ཞུགས་ནས
་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཟད་ནས་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་དྲི་མ་མེད་ལ། ཟབ་ཅིང་རྒྱ་ཆེ་བ་མངོན་སུམ་དུ་ཐོས་པའི་རོ་མྱོང་ཞིང་ཆོས་ཀྱི་ལོངས་སྤྱོད་བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བ་མྱོང་བར་འགྱུར་ཏེ། དོན་དེ་དག
་གི་ཕྱིར་འཁོར་ལོ་དེ་བྱིན་པ་ཡིན་ནོ།། གཞན་ཡང་ཕྱི་མའི་དུས་སུ་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་ནས་གོ་འཕང་བླ་ན་མེད་པ་ཐོབ་སྟེ། ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དམ་པའི་ཆོས
་ཀྱི་འཁོར་ལོ་བསྐོར་བར་གྱུར་པས་ན་དེ་བྱིན་པ་ཡིན་ནོ།། དེ་ལ་དམ་པ་རྣམས་ཀྱི་ཆོས་ཡིན་པས་ན་དམ་པའི་ཆོས་ཏེ། དམ་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་རྣམས་ཀྱི་ཆོས་ཀྱི་འཁོར
་ལོ་ནི་དམ་པའི་ཆོས་སྟོན་པ་ཉིད་གདུལོ་བྱའི་སྐྱེ་བོ་རྣམས་ཀྱི་སེམས་ཀྱི་རྒྱུད་ལ་འཇུག་པས་འཁོར་ལོ་ཞེས་བྱ་བ་ལ། དེ་ཉིད་ནི་གྲུབ་པ་དམ་པ་སྟེ་དེ་དག་གི་ཕྱིར་རོ།། དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱ་དབང་བསྐུར་བའི་རྗེས་ཐོགས་ལའོ།།
་གོ་འཕང་བླ་ན་མེད་པ་ཐོབ་པའི་རྒྱུར་ངེས་པར་རྡོ་རྗེ་ལྟ་བུའི་དམ་པའི་ཆོས་སྟོན་པས་སྙིང་པོར་གྱུར་པས་ན་སྙིང་པོ་སྟེ། མར་གྱི་སྙིང་པོ་དང་འདྲ་བས་ན་དེའི་ཕྱིར་རྡོ་རྗེའི་སྙིང་པོ་རྡོ་རྗེའི་སྙིང་པོ་ཞེས་རྡོ་རྗེ་མིང་གིས་དབང་བསྐུར་རོ།། འདིས
་རྡོ་རྗེ་འཁོར་ལོ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཕྱིར་མི་ལྡོག་པ་ཉིད་འཇོག་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་ཏེ། གང་ཡང་དེ་རྣམས
་དགུག་པ་དང་གཞུག་པ་དང་བཅིང་བ་དང་དབང་དུ་བྱས་ནས་བྱ་བ་ཉམས་སུ་ལོན་པར་བྱེད་པ་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་སྟེ། དཀྱིལ་འཁོར་དུ་འཇུག་པ་དེའི་སྒོ་ནས་དེ་རྣམས་ཕྱིར་མི་ལྡོག་པ་ཉིད་དུ་འཇོག
་བས་ན། དེའི་ཕྱིར་སེམས་ཅན་གྱི་དོན་བླ་ན་མེད་པ་མཐོང་བས་ཡོངསུ་མགུ་ནས་ཆེད་ཀ་ཉིད་དུ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པ་སྟེ། ཡོངས་སུ་དག་ནས་སྨྲས་པ་ཞེས་བྱ་བའི་དོན་ཏོ།། འདི་ནི་སངས་རྒྱས
་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཆོས་ཐམས་ཅད་ནི་གདུལ་བྱའི་རྒྱུད་དུ་གཏོགས་པའི་དད་པ་ལ་སོགས་པའོ།། དེ་རྣམས་ཀྱི་རྣམ་པར་སྦྱོང་བ་ནི་དྲི་མ་མེད་པར་བྱ་བ་སྟེ། གང་གི་ཕྱིར་སྔགས་ཀྱི་སྤྱོད་པར་བཤད་པའི
་འཁོར་ལོར་འཇུག་པའི་ཐབས་ཀྱི་གདུལ་བྱ་རྣམས་ཉིན་དང་མཚན་དུ་དགེ་བའི་ཕྱོགས་ལ་གཞོལ་བར་འགྱུར་རོ།། དེ་ལྟ་བུའི་རྣམ་པར་དག་པ་གང་དང་གང་རྟོགས་པས་སངས་རྒྱས་ཉིད་ཀྱང་ཐོབ་པར་འགྱུར་ཏེ། ངོ་བས་ན་ཆོས་ཐམས
་ཅད་རྣམ་པར་སྦྱོང་ཞེས་གསུངས་པ་ཡིན་ནོ།། འཁོར་ལོ་འདི་ཇི་ཞིག་ཡིན་ཞེ་ན། ཕྱིར་མི་ལྡོག་པའི་འཁོར་ལོ་ཡང་ཞེས་བྱ་བ་གསུངས་སོ།། འདིར་ཞུགས་པ་རྣམས་ནི་ངེས་པར་སངས་རྒྱས་ཉིད་ཐོབ་པར་འགྱུར་བས་ན། དེའི་ཕྱིར་བྱུང
་ཆུབ་སྙིང་པོ་ཡིན་པར་དགོངས་ཞེས་བྱ་བ་གསུངས་པ་ཡིན་ནོ།། དེ་ལྟར་ནུ་སངས་རྒྱས་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོ་སྟོན་པར་མཛད་པའི་ཕྱིར་རོ།། སྔགས་དང་ཕྱག་རྒྱ་དང་སེམས་དཔའི་ཚུལ་དུ་སྤྲུལ་པར་མཛོད
་བས་ན་རྟོགས་པ་དང་བཅས་ཤིང་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་གསུངས་པ་ཡིན་ནོ།། དེ་ནི་དཀྱིལ་འཁོར་དུ་འཇུག་པའི་སེམས་ཅན་དེ་དག་ཉིད་ལ་བཟླས་པའི་ལུང་འབོག་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས
་བའི་གཞུང་གསུངས་པ་ཡིན་ནོ།། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ།། འདི་ན་ཚིག་ཏུ་བརྗོད་དུ་ཡོད་པ་མ་ཡིན་པས་ན་མི་གསུང་བའོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་མི་གསུང་བ་ཡང
་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་མི་གསུང་བའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་ཡིན་ལ། དེ་ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་བརྟན་པའི་ཏིང་ངེ
་འཛིན་གང་ལ་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ
་རྣམས་དང་། དེའི་མེ་ཏོག་བབས་པས་ཡོངས་སུ་བཟུང་བའི་བཟླས་པའི་རྒྱུའི་དམ་ཚིག་གང་ཡིན་པ་སྙིང་ལ་གནས་པའོ།། དེ་སྟོན་པར་བྱེད་པའི་རྒྱུ་ལ་ཡང་བཟླས་པའི་དམ་ཚིག་ཅེས་པ་བྱའོ།། དེ་བཞིན་གཤེགས་པའི་བཟླས་པའི་དམ་ཚིག
་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཆོས་ཉིད་སྟོན་པའི་ཡི་གེར་གྱུར་ཏེ་བྱུང་ནས་དེ་བཞིན་དུ། བཅོམ་ལྡན
་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ལ། བཟླས་པའི་རྒྱུད་ལ་ཡང་བཟླས་པ་ཞེས་བཤད་དེ། གང་གི་ཕྱི་ར་ཡཽ་གེ་ཟློས་པའི་རྒྱུ་ནི་ལྕེ་ཡིན་པ་ལས་དེའི་ཕྱིར་རྡོ་རྗེ་བཟླས་པའི་དབྱིབས་སུ་གྱུར་ཏེ་ཞེས་བྱ་སྟེ། ལྕེའི་གཟུགས་ཅན
་གྱི་ཕྱག་རྒྱའི་ཁྱད་པར་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་སྤྲོས་པ་མེད་པ་ཉིད་དེ། དེ་ཐོག་མར་བྱས་ནས
་བྱང་ཆུབ་ཀྱི་སེམས་ལ་སོགས་པ་སྔར་བཤད་པ་རྣམས་ཀྱང་། སོགས་པ་ཞེས་བྱ་བའི་སྒྲས་བསྡུའོ།། སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ནི་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ཏེ། ན་མཁའ་ལ་བཞུད་པ་ལ་སོགས་པའོ།། ཆོ་འཕྲུལ་ནི
་མཐུ་ཡང་དག་པར་སྟོན་པ་སྟེ། གདུལ་བྱ་རྣམས་ལ་ཕན་བདགས་པར་མཛད་པའི་ཕྱིར། འཇིག་རྟེན་གསུམ་པོ་བསྐྱོད་བ་ལ་སོགས་པའོ།། རྫུ་འཕྲུལ་དང་། ཆོ་འཕྲུལ་ནི་རྫུ་འཕྲུལ་དྲང་ཆོ་འཕྲུལ་ལོ།། སྔངས་རྒྱས་རྣམས་ཀྱི་རྫུ་འཕྲུལ
་དང་ཆོ་འཕྲུལ་ཡིན་པས་ན། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཡིན་པའམ། རྫུ་འཕྲུལ་དང་ཆོ་འཕྲུལ་མཛད་པས་ན་རྫུ་འཕྲུལ་དང་ཆོ་འཕྲུལ་ཏེ་དེ་བྱས་ནས་སོ།། ཤིན་ཏུ་ཡང་ཚིག་གི་སྤྲོས་པ་དང་བྲལ་བས་ཤིན
་ཏུ་ཚིག་མ་ཡིན་ནོ།། དེའི་ངོ་བོ་ཉིད་ཡིན་པས་ན་ཤིན་ཏུ་ཡང་རྨྱི་ག་མ་ཡིན་པ་ཉིད་དེ། དེ་བས་ན་བྱང་ཆུབ་སེམས་ཤིན་ཏུ་ཚིག་མ་ཡིན་པར་སྣང་བའི་དོན་གྱིས་ན་གཅིགས་པའོ།། ཤིན་ཏུ་བརྟན་པས་ན་འདྲེས་པར་རོ།། དེ་ལྟར་བྱ
་ཆུབ་སེམས་དཔའི་ཚིག་མ་ཡིན་པའི་སྐུར་གྱུར་ནས་ཚེ་དུ་བརྗོད་པ་འདི་ཆེད་དུ་བརྗོད་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། རང་ཉིད་བྱུང་བས་ན་རང་འབྱུང་སྟེ། སངས་རྒྱས་བཅོམ་ལྡན་འདས་སོ།། དེ་རྣམས་ཀྱི་ངོ་མཚར
་གྱུར་པ་གང་ཡིན་ཞེ་ན། གསང་བ་ཞེས་བྱ་བ་གསུངས་སོ།། གསང་བ་དེ་གུང་ཡིན་ཞེ་ན། ལྡེམ་པོ་དག་ཏུ་བདག་དགོངས་ཏེ་ཞེས་པ་ལྡེམ་པོ་ངག་གི་མཚན་ཉིད་ཅན་གྱི་གསུང་གི་གསང་བ་ནི་བདག་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏེ། སྒྲའི
་དོན་ཇི་བཞིན་པ་མ་ཡིན་པའི་ཚིག་ལ་ནི་ལྡེམ་པོ་ངག་གི་སྒྲ་གསུངས་སོ།། འདིར་ངོ་མ་ཚར་ཅི་ཞིག་ཚེ་ཞེ་ན། གང་ཕྱིར་དམ་པའི་ཆོས་འཆང་བ། ཚིག་ཏུ་སྨོས་ལས་རྣམ་པར་བྲལ་བ་ཞེས་བྱ་བ་སྟེ། གང་གི་ཕྱིར་ཆོས་ཀྱང་སྟོན
་པར་མཛད་ལ་ཚིག་གི་སྤྲོས་པ་དང་ཡང་བྲལ་བ་འདི་ནི་ངོ་མཚར་ཆེའོ།། འདི་སྐ་དེ་སྟོན་ཏེ། བསྟན་པ་མེད་པའི་དོན་བསྟན་པ་ཐོས་པ་གང་ཡིན་པ་འདི་ལ་ནི་སྟོན་པར་བྱེད་པ་མེད་པས་ན་ཚིག་གི་སྤྲོས་པ་དང་བྲལ་བ་ཞེས་བཤད
་དེ། གཙོ་བོར་བསྟན་པ་མེད་པ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གསུང་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་གསང་བ་ནི་གསང་བར་བྱའོ།། གསང་བ་ཡང
་ཡིན་ལ་གསུང་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་གསུང་སྟེ་སྦས་པའི་གསུང་ཞེས་བྱ་བའི་དོན་ཏོ།། དེའི་བྱིན་གྱིས་བརླབས་པའི་ཕྱིར་ཏིང་ངེ་འཛིན་གང་དེ་ཉིད་དང་རྗེསུ་མཐུན་པ་དེ་སྙོམས་པར
་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་སྟེ། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་ཡེ་ཤེས་སོ།། དེའི་དམ་ཚིག་ནི་གསུང
་སྐྱེད་པར་བྱེད་པའི་ལྕེའི་ངོ་བོ་ཉིད་ཀྱི་ཕྱག་རྒྱའི་ཁྱད་པར་རོ།། ཚིག་གི་དངོས་གྲུབ་ནི་ཚིག་གྲུབ་པ་སྟེ། ཚིག་གྲུབ་པས་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བའི་ཕྱིར་རོ།། བར་དུ་ཞེས་བྱ་བའི་སྒྲས་ནི་གསུང་གི་གསང
་བའི་མཐར་ཐུག་པའི་བར་གྱིས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་བསྡུའོ།། གསུང་གི་གསང་བའི་ངོ་བོ་ཉིད་ཡིན་པས་ན། གསུང་གི་གསང་བ་ཉིད་དེ། དེ་ཐོབ་པ་ནི་དངོས་གྲུབ་དམ་པ་ཉིད་དོ།། དེའི་ཕྱིར་རྡོ་རྗེ་བཟླས་པའི་དབྱིབས་དེ་དེ་ལ
་བྱིན་པ་ཡིན་ནོ།། འདི་ལ་གསལ་བའི་ཚིག་ཡོད་པ་མ་ཡིན་པས་ན་ཚིག་མ་ཡིན་པའོ།། དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱ་དབང་བསྐུར་བའི་རྗེས་ཐོགས་ལའོ།། རྡོ་རྗེའི་ཚིག་ནི་སྒྲ་སྤངས་པ་སྟེ། དེ་བས་ན་དཽ་ལ་བལྟས་ནས་རྡོ་རྗེ་དོམ་ཚིག་ཅེས
་མིང་གིས་དབང་བསྐུར་བ་བྱིན་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་དེའི་ཕྱག་རྒྱའི་ཁྱད་པར་དེས་ཅི་ཞིག་མཛད་ཅེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ལ་རྡོ་རྗེའི་བཟླས་པ་ཡང་དག་པར་སྨྲ་ཞིང་ཞེས་བྱ་བ་ལ། དེ་བཞིན་གཤེ
་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བའི་སེམས་དཔའ་རྣམས་ཏེ། དེས་ཟློས་པ་རྣམས་ཀྱང་དེས་བྱིན་གྱིས་བརླབས་པ་ཡིན་ལ། དེ་རྣམས་ཀྱིས་ཡང་དག་པར་སྨྲ་བ་ནི་བརྗོད་པ་སྟེ། སྨྲ་བ་རྣམས་ལ་ལྷོའི་ཕྱག་རྒྱ་བདེ་བར་དགོད
་པས་ཐམས་ཅད་སྨྲར་གཞུག་པ་ནི་ཡང་དག་པར་སྨྲ་བའོ།། ཚད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ལ། ཅི་ཞིག་ཆེད་དུ་བརྗོད་ཅེ་ན། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནི་ཕྱག་གི
་མཐིལ་ལ་གནས་པའོ།། དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ།། འདི་དེ་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་དེ་གང་ཡིན་ཞེ་ན། རྡོ་རྗེ་བཟླས་པ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱའི་ཁྱད་པར་གང་གིས་རྡོ་རྗེ་བཟླས་པ་བྱེད་པའི་ཕྱག་རྒྱའི
་ཁྱད་པར་དེ་ལ། རྡོ་རྗེ་བཟླས་པ་ཞེས་བཤད་དོ།། གང་ཞིག་ཞེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྔགས་འདི་མྱུར་དུ་འགྲུབ་པར་འགྱུར་ཞེས་བྱའོ།། རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བ་ལ། འཇིག་རྟེན་དབང་ཕྱུག་གི་ཡེ
་ཤེས་ནི་རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་ཏེ། འདིར་ངོ་བོ་ཉིད་ཀྱིས་འདོད་ཆགས་ཀྱིས་གོས་པ་མེད་པའོ།། དེའི་ཡེ་ཤེས་ཡིན་པས་ན་རྡོ་རྗེ་ཆོས་ཉིད་ཀྱི་ཡེ་ཤེས་སོ།། ཤེས་རབ་དང་ཡེ་ཤེས་ནི་བཅོམ་ལྡན་འདས་འཇམ་དཔལ་ཏེ། ཤེས་རབ
་དྲང་ཡེ་ཤེས་ནི་ཤེས་རབ་དང་ཡེ་ཤེས་སོ།། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི་ཡེ་ཤེས་ནི་ཆོས་ཀྱི་འཁོར་ལོ་ཡང་ཡིན་ལ་ཆེན་པོ་ཡ་ཧྲཱི་འཁོར་ལོ་ཆེན་པོའོ།། དེའི་ཡེ་ཤེས་ཡིན་པས་ན། ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བའི
་ཡེ་ཤེས་ཏེ་རྡོ་རྗེའི་རྒྱུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་སྤྲོས་པ་རྣམ་པར་ལྡོག་པའི་ཡེ་ཤེས་ཞེས་བྱ་བ་ལ། གསུང་གིས་སྤྲོས་པ་ནི་རྣ་བའི་རྣམ་པར་ཤེས་པའི་ཡུལ་ཚིག་དང་ངག་གི་རྣམ་པའོ།། དེ་ལས
་བཟློག་པ་ནི་རྡོ་རྗེའི་ཚིག་སྒྲ་སྤངས་པའོ་ཞེས་བསྟན་པའོ།། ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་དཔའ་ཆེན་པོ་ཞེས་གསུངས་ཏེ། དམ་ཚིག་སེམས་དཔའི་རྗེས
་ཐོགས་ལ་ནི་དབང་བསྐུར་བའི་སེམས་དཔའ་ཡིན་ལ། དབང་བསྐུར་བའི་སེམས་དཔའི་རྗེས་ཐོགས་པ་ནི་རྣལ་འབྱོར་གྱི་མན་ངག་གིས་དེ་ལས་ཡེ་ཤེས་བཞི་ཡོངསུ་རྫོགས་པས་དེའི་ཕྱིར་ཡེ་ཤེས་སེམས་དཔའ
་ཞེས་གསུངས་པ་ཡིན་ནོ།། རྣལ་འབྱོར་ཡོངས་སུ་རྫོགས་པ་ལས་ནི་བདག་དང་གཞན་གྱི་དོན་འགྲུབ་པའི་མཚན་ཉིད་ཅན་གྱི་ལས་འབྱུང་སྟེ། དེ་བས་ན་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིནོ།། །
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་ལས་ཐམས་ཅད་པ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་དོ།། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད
་ཡིན་པས་ན། བྱང་ཆུབ་སེམས་དཔའ་ལས་ཐམས་ཅད་པ་ནི་བདག་དང་གཞན་གྱི་དོན་གྱི་མཚན་ཉིད་ཅན་གྱི་ལས་སྣ་ཚོགས་པ་དུ་མ་སྟེ། བདག་གི་དོན་ནི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་མཆོད་པའི་སྤྲུལ་པའོ།། གཞན་གྱི་དོན་ནི་དུས
་ཇི་ལྟ་བུ་དང་ཅི་རིགས་པར་གདུལ་བྱའི་བྱ་བ་རྫོགས་པར་བྱས་པ་འདི་དག་ནི་ལས་ཐམས་ཅད་ཡིན་ལ། དེ་ཡོངས་སུ་རྫོགས་པར་མཛད་པས་ན་ལས་ཐམས་ཅད་པའོ།། དེའི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱས
་ཆུབ་སེམས་དཔའ་ཆེན་པོ་ལས་ཐམས་ཅད་པ་ཞེས་བྱ་བའི་དམ་ཚིག་སྟེ། དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ་ལས་ཀྱི་མཚན་ཉིད་ཅན་གྱི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་ཅིང་མཐུ་བསྐྱེད་པའི་ཕྱིར།།
་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་སྙིང་པོ་གང་གིས་གདུལ་བྱའི་མཛད་པ
་རྣམས་མཛད་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་དམ་ཚིག་ཅེས་བཤད་དོ།། འདི་ཞེས་བྱ་བ་ནི་ཐུགས་ལ་བཞག་པ་ལ་སྙེགས་སོ།། ལས་ཐམས་ཅད་ཅེས་བྱ་བ་ལ་ལས་རྣམས་མཉམ་པ་ཉིད་ཡིན་པས་ན། ལས་ཐམས
་ཅད་ཀྱི་མཉམ་པ་ཉིད་དོ།། ལས་རྣམས་ངོ་བོ་ཉིད་ཀྱིས་བྱ་བའི་དངོས་པོ་རྫས་དང་བྲལ་བ་ནི་ལས་ཐམས་ཅད་ཀྱི་མཉམ་པ་ཉིད་དོ།། དེ་ཡང་འདུ་བྱེད་ཐམས་ཅད་སྐད་ཅིག་མ།། མི་གནས་བྱ་བ་ག་ལ་ཡོད།། འདི་དག་འབྱུང་བ་དེ་ཉིད་ནི།། བྱ་བ་དེ་ཉིད་བྱེད
་བོར་བརྗོད།། ཅེས་ཇི་སྐད་བཤད་པ་ལྟ་བུའོ།། དེའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ནི་ལས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེའི་ཤིན་ཏུ་རྟོགས་པ་ནི་ཁོང་དུ་ཆུད་ཅིང་རབ་ཏུ་རྟོགས་པ་སྟེ། ཡང་དག་པར་ཐུགསུ་ཆུད་ཅེས་བྱ་བའི་དོན་ཏོ།།
་དེའི་ངོ་བོ་ཉིད་ཡིན་པས་མ། དེ་ཤིན་ཏུ་རྟོགས་པ་ཉིད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་འོད་ཟེར་སྐྱེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འོད་ཟེར་ནི་ཁ་བཞི་པརྩེ་གསུམ་པ་རྡོ་རྗེ་ནག་པོ་སྦྲེལ་པོ། གེ་སར་གྱི
་ཕྲེང་བའི་དབྱིབས་སུ་ཞེས་བྱ་བའི་དོན་ཏོ།། ད་ནི་དེ་དག་གི་ཏིང་ངེ་འཛིན་ལ་དབང་དུ་གྱུར་པ་བསྟན་པར་བྱ་བའི་ཕྱིར་སྤྲོ་བ་བསྟན་པ་ནི། དེ་དག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ཞེས་བྱ་བ་སྟེ། འདི་རྣམས་ཀྱིས་སྣང
་བར་བྱས་ཤིང་རང་བཞིན་གྱིས་ཁ་དོག་བསྒྱུར་བ་ཞེས་བྱ་བའི་དོན་ཏོ།། དེ་བས་ན་ལས་ཀྱི་དབྱིབས་ལྟ་བུར་གྱུར་ཏོ་ཞེས་བྱ་བ་སྟེ། ལས་ཀྱི་དབྱིབས་ཀྱི་རང་བཞིན་དུ་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། ཕྲིན་ལས་ཀྱི་དབྱིབས
་མ་ལུས་པ་དེ་ལ་ཡང་ཞེས་བྱ་བ་ལ། ལས་རྣམས་ཀྱི་ཁམས་ནི་ལས་ཀྱི་དབྱིབས་ཏེ། རྒྱུ་སྐད་ཅིག་མའི་གཟུགས་ཙོན་གྱི་སྐད་ཅིག་མ་གཞན་ལས་འབྲས་བུའི་སྐད་ཅིག་འབྱུང་བའི་བྱ་བ་ལ་ནི་ལས་ཞེས་བཤད་དེ། དེའི་རྒྱུ་ནི་རླུང་གི་ཁམས
་ཡིན་པས་ལས་ཀྱི་དབྱིབས་ནི་རླུང་གི་ཁམས་ཞེས་བྱ་བའི་དོན་ཏོ།། སྤྲོས་པ་ལས་བསྡུ་བ་བྱས་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་སོ།། དེར་ཞུགས་ནས་ཅི་ཞིག་ཏུ་གྱུར་ཅེ་ན། དེའི་ཕྱིར་ལས་ཀྱི་ངོ
་རྗེའི་དབྱིབསུ་གྱུར་ནས་ཞེས་བྱ་བ་གསུངས་སོ།། ཚད་ཇི་ཙམ་ཞེ་ན། ཡང་ཕྱག་རྒྱར་གྱུར་པོའི་སྤོ་བ་བསྟན་པ་ནི་དེ་ནས་རྡོ་རྗེ་དབྱིབས་ཞེས་བྱ་བ་ལ་སོགས་པའོ།། གང་ལས་ཤི་ན། དེ་ལས་ཤེས་བྱ་བ་སྟེ། སྔར་བཤད་པའི་ལས
་ཀྱི་ཁམོས་ཀྱི་སེམས་ལས་སོ།། ལྷག་མ་རྣམས་ནི་གོ་སླའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་གང་ཡིན་པ་ལ་སོགས
་པའི་བྱ་བའི་ཁྱད་པར་དེ་དག་ཐམས་ཅད་བྱས་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐའ་ཡས་པ་ནི་གདུལ་བྱ་མཐའ་ཡས་པ་ཉིད་དེ། སེམས་ཅན་གྱི་ཚོགས་མཐའ་ཡས་པའི་ཕྱིར་རོ།། མཐའ་ཡས
་བྱདེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གཅིག་ཏུ་གྱུར་ཏེ། གཅིག་ཏུ་གྱུར་པར་ཤིན་ཏུ་བསྒོམས་པའི་ཕྱིར་རོ།། ཤིན་ཏུ་བརྟན་པས་ན་འདྲེས་པའོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་རོ།།
་ཅི་ཞིག་ངོ་མཚརེ་ཡིན་ཞེ་ན། ཕྲིན་ལས་མང་པོ་ཀུན་བདག་ཡིན་ནོ་ཞེས་བྱ་བའོ།། སུ་ཞིག་གི་ལས་ཐམས་ཅད་པ་ཡིན་ཞེ་ན། སངས་རྒྱས་རྣམས་ཀྱི་ཞེས་བྱའོ།། ཇི་ལྟ་བུ་ཞེ་ན། ངེས་པར་སྟེ་དེན་ཡོད་པ་ཞེས་བྱ་བའི་དོན་ཏོ།། ཇི་ཙམ
་ཞེ་ན། མང་པོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་རྣམས་ཀྱི་དོན་ཡོད་པའི་ཕྲིན་ལས་འདི་ཁྱེད་ཡིན་པར་ཇི་ལྟར་ཤེས་ཤེ་ན། སངས་རྒྱས་དོན་ནི་ལྷུན་གྲུབ་ཕྱིར།། རྡོ་རྗེ་ལས་ནི་འཇུག་པར་འགྱུར་ཞེས་བྱ་བ་སྟེ། གང་གི་ཕྱིར་སངས
་རྒྱས་ཀྱི་དོན་ཏེ། སངས་རྒྱས་ཀྱི་མཛད་པ་ལྷུན་གྱི་གྲུབ་པའི་ཚུལ་གྱིས་རྫོགས་པར་མཛད་པ་སྟེ། རྣམ་པར་མི་རྟོགས་པའི་ཏིང་ངེ་འཛིན་ལ་གནས་སུ་ཟིན་ཀྱང་ཐམས་ཅད་གདུལ་བྱ་མཐའ་ཡས་པ་ལ་འབད་པ་མེད་པར་སེམས
་ཅན་ཡོངསུ་སྨིན་པར་བྱ་བའི་ལས་ལ་རྡོ་རྗེ་ལྟར་བཟློག་པར་དཀའ་བས་འཇུག་པར་འགྱུར་བའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ལ་དོན་ཡོད་པར
་མཛད་པས་ནི། གདོན་མི་ཟ་བའི་རྡོ་རྗེ་ཞེས་བཤད་དེ། ལས་ཀྱི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ།། དེ་བྱིན་གྱིས་བརླབ་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་གདོན་མི་ཟ་བར་རྡོ་རྗེ་ཞེས་བཤད་དེ། ཏིང་ངེ་འཛིན་དེ་ལ་སྙོམས་པར
་ཞུགས་ནས་ལས་ཀྱི་རྡོ་རྗེ་དེ་བྱང་ཆུབ་སེམས་དཔའ་དེའི་ལག་པར་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། ལྷག་མ་རྣམས་ཀྱིས་ནི་ལས་ཀྱི་དམ་ཚིག་གིས་དགོངས་པ་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ
་མཆོད་པ་བྱ་བ་ནི། ཡིད་ཀྱི་མཆོད་པ་མང་པོ་གང་མདོ་སྡེ་དག་ལས་བཤད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་རྒྱ་ཆེན་པོ་རྣམས་གཟུང་ངོ་།། དེ་ལྟ་བུའི་མཆོད་པ་ལ་འཇུག་ཅིང་། སེམས་ཀྱིས་ལྷག་མར
་མོས་པ་དེ་ཐོག་མར་བྱས་ནས། གདུལ་བྱ་རྣམས་ཀྱི་བྱེ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྲིན་ལས་གཞན་གང་ཅི་ཡང་རུང་བ་དེ་ཐམས་ཅད་ཀྱང་ཡོང་སུ་བསྡུའོ།། ལས་དེའི་ཚད་ཇི་ཙམ་ཞེ་ན། གདོན་མི་ཟ
་བ་ཚད་མེད་པ་ཞེས་བྱ་སྟེ། ཇི་ལྟར་སེམས་བསོད་ནམས་ཀྱི་ཚོགས་མ་ལུས་པར་སྡུད་པ་ལ་དོན་ཡོད་པ་དེས་ན་གདོན་མི་ཟ་བ་ཉིད་དོ།། ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པ་ཡིན་པས་ལས་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ།། ཆོ་གའི་སྒྲས་ནི
་རྣམ་པའི་ཚིག་སྟེ། ལས་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་དོ།། དེའི་དམ་ཚིག་ནི་དེ་བསྡུས་པའི་མཚན་མ་སྟེ། མཚན་མ་དེས་མཆོད་པ་དེ་བྱིན་གྱིས་བརླབ་ན། འབྲས་བུ་གདོན་མི་ཟ་བར་འགྱུར་བས་དེའི་ཕྱིར་ལས་ཀྱི་རྡོ་རྗེ་དེ་ལ་དམ
་ཚིག་ཅེས་བྱའོ།། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ཀྱི་ལས་ཐམས་ཅད་དེ་ལས་ཕྲན་ཚེགས་རྣམས་སོ།། དེ་གྲུབ་པ་ནི་བསམས་པའི་དོན་ཐོག་པའོ།། དེས་ཐམས་ཅད
་ཀྱི་བདེ་བ་དང་ཡིད་བདེ་བ་མྱོང་བ་ནི་མངོན་སུམ་དུ་མྱོང་བའོ།། བར་དུ་ཞེས་བྱ་བའི་སྒྲས་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་འབྲས་བུ་གཞན་དག་ཀྱང་བསྡུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕྲིན་ལས་ཉིད
་ནི། མི་ཕྱེད་པའི་ཕྲིན་ལས་ཉིད་དེ་དེའི་ཡེ་ཤེས་སོ།། དེ་ཉིད་ནི་མངོན་པར་ཤེས་པའོ།། དངོས་གྲུབ་དམ་པ་ཡང་དེ་ཉིད་དེ། འབྲས་བུ་དེ་དག་གི་ཕྱིར་རོ།། ལས་ཀྱི་རིགས་ཐམས་ཅད་དུ་འཁོར་ལོ་བསྐོར་བར་འོས་པ་ཡིན་ལ། དེའི་ངོ་བོ
་ཉིད་ཡིན་པས་ན་ཕྲིན་ལས་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བ་སྟེ། ཕྲིན་ལས་ཐམས་ཅད་ཀྱི་འཁོར་ལོ་སྐོར་བ་དེ་ལ་རྡོ་རྗེའི་དབང་བསྐུར་བ་ནི་རྡོ་རྗེ་ཕྲེང་བའི་དབང་བསྐུར་བ་སྟེ། དེས་དབང་བསྐུར་ནས་དེའི་ལག་ཏུ་ལས་ཀྱི་རྡོ་རྗེ་དེ་དེ
་བཞིན་དུ་བྱིན་པ་སྟེ། དེའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་རྡོ་རྗེའོ།། དེ་ཞེས་བྱ་བ་ནི་གང་ཕྱུག་ན་གནས་པའོ།། ཕྱག་རྒྱས་དབང་བསྐུར་བའི་རྗེས་ཐོགས་ལ་མིང་གི་དབང་བསྒྱུར་བ་སྟེ། རྡོ་རྗེའི་ཕྱག་རྒྱ་རྩེ་མོ
་ཐམས་ཅད་པ་ཡིན་པས་ན་རྡོ་རྗེ་ཐམས་ཅད་པའོ།། རྡོ་རྗེ་ཐམས་ཅད་བནྟི་རྡོ་རྗེ་ཁ་བཞི་པའི་ཡིན་ལ། དེ་བས་ན་དེས་ཉེ་བར་མཚན་པའི་མད་ཡང་རྡོ་རྗེ་ཐམས་ཅད་པ་རྡོ་རྗེ་ཐམས་ཅད་པཞེས་རྡོ་རྗེ་མིང་གི་དབང་གིས་བསྐུར་རོ།། དེ་ཡང
་རྗེའི་རིགས་སུ་རྡོ་རྗེས་མཚན་པའི་མིང་གིས་དབང་བསྐུར་བས་ན། རྡོ་རྗེ་མིང་གིས་དབང་བསྐུར་བ་སྟེ། རྡོ་རྗེ་ཡང་ཡིན་ལ་རྡོ་ཁ་བཞི་པ་ཡང་ཡིན་པས་རྡོ་རྗེ་ཐམས་ཅད་པ་སྟེ། དེས་མཚན་པས་རྡོ་རྗེ་ཐམས་ཅད་པ་ཞེས་བཤད་དོ།། རྡོ་རྗེ་དེ
་རང་གི་སྙིང་གར་བཞག་སྟེ་ཞེས་བྱ་བ་འདི་སྐད་དུ་སྟོན་ཏེ། སྙིང་ག་ནི་འདིའི་སྦྱོར་བའི་དུས་ཀྱི་གནས་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ལ་དེ་བཞིན་གཤེགས་པ་ཐམས་ཅད་ངེས
་པར་སྦྱོར་ཞིང་ཞེས་བྱ་བར་སྦྱར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་སྔགས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཕྲིན་ལས་ཐམས
་ཅད་ལོ་ངེས་པར་སྦྱར་རོ།། དེ་ཡང་སྙིང་གར་གནས་པའི་ཕྱག་རྒྱའི་ཁྱད་པར་འདི་དང་ཁྱེད་རྣམས་ཀྱིས་ལས་ཐམས་ཅད་བྱའོ་ཞེས་པའོ།། ཅིའི་ཕྱིར་དེ་ལྟར་བྱ་ཞེ་ན། གང་གི་ཕྱིར་འདི་དེ་སངས་རྒྱས་ཐམས་ཅད་ཀྱི། ལས་རྣམས
་ཐམས་ཅད་རབ་བྱེད་པ་ཞེས་བྱ་བ་གསུངས་ཏེ། ལས་ཐམས་ཅད་བྱེད་པ་ཞེས་བྱ་བའི་དོན་ཏོ།། མཆོག་ཅེས་བྱ་བ་ནི་དམ་པའོ།། བདག་སྟེ་བདག་གི་ཞེས་བྱ་བ་ནི་ཕྱག་རྒྱ་དང་གཉིས་ཁྱད་པར་མེད་པར་སྟོན་ཏེ། དེ་ལས་བྱུང་བའི
་བདག་ནི་ལས་ཐམས་ཅད་བྱེད་པ་དང་། རྡོ་རྗེ་ཐམས་ཅད་པ་ལས་སྐྱེས་པས་ནི། བདག་ནི་ལས་ཐམས་ཅད་པ་ཡིན་ལ་བདག་ཐམས་ཅད་པ་ལ་ཐམས་ཅད་པ་གནས་ཏེ། རྡོ་རྗེ་ཐམས་ཅད་པ་གནས་སོ་ཞེས་བྱ་བའི་དོན་ཏོ།།
་གདུལ་བྱ་གསང་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་རྣམས་ལ་ལས་ཐམས་ཅད་སྟོན་པར་མཛད་པའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་ཁྱད་པར་གྱི་འཕྲིན་ལས་ཀྱི་ངོ་བོ་སྙིང
་པོ་དང་ཕྱག་རྒྱ་དང་། སེམས་དཔའི་ངོ་བོར་དཀྱིལ་འཁོར་དུ་སྤྲུལ་པར་མཛད་པ་ཡིན་པས་འདས་མ་ཐག་པའི་རབ་ཏུ་བྱེད་པས་ནི་ཕྲིན་ལས་བསྟན་པ་ཡིན་ནོ།། ད་ནི་ལས་ལ་ཞུགས་པ་རྣམས་ཀྱིས་ནི་བསྲུང་བ་བྱ་དགོས་པའི་ཕྱིར། དེ་ནས
་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བརྩོན་འགྲུས་ཐུབ་དཀའ་བ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཐུབ་དཀའ་བའོ།། བརྩོན་འགྲུས་ནི་དགེ་བའི
་ལས་རྣམས་ལ་སྤྲོ་བའོ།། ཐུབ་པར་དཀའ་བའི་བརྩོན་འགྲུས་གང་ལ་ཡོད་པ་དེ་ནི་བརྩོན་འགྲུས་ཐུབ་དཀའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ལས་ཀྱི་མཚན་ཉིད་ཅན་གྱི་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ
་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔར་འགྱུར
་བ་སྟེ། གོ་ཆའི་རྣམ་པའི་ཕྱག་རྒྱའི་ཁྱད་པར་གང་གི་བདག་དང་གཞན་རྣམས་བསྲུང་བར་བྱས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྲུང་བའི་དམ་ཚིག་ཅེས་བྱ་ལ་སྒྲ་གང་གིས་དོན་དེ་སྟོན་པར་བྱེད་པ་དེ་ལ་ཡང་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་བསྲུང་བའི་དམ་ཚིག་ཅེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པས་ན། དེའི་དོན་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་བཤད་།། དེ་རང་གི་ཐུགས་ཀ་ནས
་ཕྱུང་ངོ་།། གོ་ཆ་བརྟན་པ་ཞེས་བྱ་བ་ནི་བརྩོན་འགྲུས་བརྟན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། རྡོ་རྗེའི་གོ་ཆ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེ་གོ་ཆ་ཆེན་པོ་སྟེ། རྡོ་རྗེ་ལྟ་བུའི་བསམ་པ་ལས་བྱུང
་བས་ན་རྡོ་རྗེ་གོ་ཆ་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ལ་སྲུང་བའི་ཆོ་གུ་རྒྱས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་སྲུང་བ་གང་ཡིན་པ་དེའི་གེ་ཆ་ནི་བྱ་བ་དང་། ཉམསུ
་བླང་བ་དང་། ལས་སོཿརྒྱས་པ་ནི་རྣམ་པ་དུ་མ་སྟེ། འདི་ཉིད་ནི་ལས་ཡིན་ཏེ་དེ་ལ་སོགས་པའོ།། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི། བྱང་ཆུབ་སེམས་དཔའ་ཆེན་པོ་བརྩོན་འགྲུས་ཐུབ་དཀར་བའི་སྐུའི་རྣམ་པར་ཤིན་ཏུ་བསྒོམ
་པའི་ཕྱིར་གཅིག་པ་དང་། ཤིན་ཏུ་བརྟན་པས་ན་འདྲེས་པའོ།། འཁྲེགས་པ་ཞེས་བྱ་བའི་དོན་ཏོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། བརྩོན་འགྲུས་ཀྱི་རང་བཞིན་ནི་བརྩོན་འགྲུས་ཀྱི་ངོ་བོ་ཉིད་དེ། ཆོས་གང་སྦ་བའི
་མཚན་ཉིད་དང་བྲལ་བ་དེ་ལ་ནི་སྐྱེས་བུ་དཔའ་བོ་ཞེས་བརྗོད་པ་དང་འདྲ་བར་དེའི་རང་བཞིན་ཅན་གྱི་གོ་ཆའོ།། ཤིན་ཏུ་བརྟན་པས་ན་རབ་ཏུ་བརྟན་པའོ།། དེ་གང་ཞེ་ན། བདག་ཅེས་བྱ་བ་གསུངས་སོ།། ཁྱོད་གང་གི་ཕྱིར་རབ་ཏུ
་བརྟན་པ་ཡིན་ཞེ་ན། གང་གི་ཕྱིར་བརྟན་པའི་བདག་ཉིད་ཅན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤྲོ་བའི་བདག་ཉིད་ནི་བདག་ཡིན་ཏེ། བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་སྦྱང་བས་འཇིག་རྟེན་གསུམ་པོ་རྣམས
་ཀྱིས་ཀྱང་བསྐྱོད་པར་མི་ནུས་སོ།། དམ་ཚིག་གིས་བྱིན་གྱིས་བརླབ་པའི་སྐྱེས་བུ་གཞན་དག་གི་ལུས་ལ་ཡང་དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་ཀྱིས་ཀྱང་གཞོག་པར་མི་ནུས་པར་བསྟན་པའི་ཕྱིར། དེ་ནི་བསྟན་ཕྱིར
་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྟན་པ་གང་གིས་ལུས་མིན་ཞེས་བྱ་བ་ལུས་ངན་པ་སྟེ། མིའི་ལུས་ནི་སུ་ཡང་རུང་བས་གཞིག་པར་ནུས་པས་ན་ངན་པ་ཡིན་ལ། དེ་ཡང་འདི་ལྟ་བུའི་རྡོ་རྗེའི་ལུས་སུ་གྱུར་ཏེ། དེ་བས
་ན་བདག་ནི་རྡོ་རྗེའི་ལུས་སུ་བྱེད་པའི་གོ་ཆའི་མཆོག་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བརྟན་པ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། རྡོ་རྗེ་བརྟན་པ
་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཤིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཁྱད་པར་གང་བརྩོན་འགྲུས་ཀྱི་རང་བཞིན་གྱི་གོ་ཆའི་མཚན་ཉིད་ཀྱིས་གོ།
་བསྐོན་ཞིང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་སྟེ། རྡོ་རྗེ་གོ་ཆ་དེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེའི
་ལག་པར་དེ་བཞིན་དུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ།། ཅིའི་ཕྱིར་ཞེ་ན། སེམས་ཅན་གྱི་ཁམས་ཡོངས་སུ་བསྐྱང་བའི་ཕྱིར་རོ།། བར་དུ་ཞེས་བྱ་བའི་སྒྲ་ནི་རྡོ་རྗེའི་སྐུའི་བར་གྱི་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བསྡུ་སྟེ། སེམས
་ཅན་གྱི་ཁམས་ཐམས་ཅད་ལ་དམིགས་པའི་ཡེ་ཤེས་ཀྱི་ས་བཅུ་ལ་རིམ་གྱིས་དངོས་པོ་ཐམས་ཅད་རྣམ་པར་བསྒོམས་ཏེ། ཡུན་རིང་པོ་ནས་བསམས་པའི་སེམས་ཅན་གྱི་དོན་ལྷུན་གྱིས་གྲུབ་པ་རྫོགས་པར
་བྱ་བའི་ཕྱིར། བསོད་ནམས་ཀྱི་ཚོགས་ཡོངས་སུ་དག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཞི་ལ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་ང་རྒྱལ་དུ་ཡོངས་སུ་གྱུར་པ་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་ནི་དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་ཡིན་ནོ་ཞེས་དེ་ལ་ཤེས་པ་རྣམས་འཆད་དེ། དངོས་གྲུབ་ཀྱི་མཆོག་ཐོབ་པའི་འབྲས་བུ་དེ་དག་གི་ཕྱིར་རོ།། ཕྱག་རྒྱ་དེས་དབང་བསྐུར་བའི་རྗེས་ལ། སེམས་ཅན་གྱི་ཁམས་མ་ལུས་པ་བསྲུང་བའི་ལས
་མཛད་དེ། དེ་བས་ན་གྲོགས་པོའི་བྱ་བ་བྱེད་དེ། མཛའ་བ་དེ་ཉིད་ཀྱང་རྡོ་རྗེ་ལྟར་མི་ཕྱེད་པས་དེའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གྲོགས་པོ་རྡོ་རྗེ་གྲོགས་པོ་ཞེས་རྡོ་རྗེ་མིང་གི་དབང་བསྐུར་རོ།། དེ་ནས་རྡོ་རྗེ་གྲོགས
་བོས་རྡོ་རྗེ་གོ་ཆ་དེས་དེ་བཞིན་གཤེགསོ་པ་ཐམས་ཅད་ལ་གོ་བསྐོན་ཞིང་སྲུང་པོར་བྱེད་དེ། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། འདི་དེ་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འདི་ཞེས་བྱ་བ་ནི་ཕྱག་ན་གནས
་པའོ། དེ་ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཕྱུང་བའོ།། དེ་གང་གི་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱའོ།། དེའི་ངོ་བོ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། བྱམས་པའི་གོ་ཆ་ཞེས་བྱ་བ་སྟེ་བྱམས་པའི་དོན་རྫོགས
་པར་མཛད་པས་ན་བྱམས་པའི་གོ་ཆ་ཞེས་བཤད་དོ།། གང་གི་ཕྱིར་སེམས་ཅན་གཞན་རྣམས་བདེ་བ་ལ་དགོད་པའི་མཚན་ཉིད་ནི། བྱམས་པ་ཡིན་པར་འདོད་ལ། གོ་ཆ་འདི་ཡང་སེམས་ཅན་བསྲུང་བའི་དོན་པས་བྱམས་པའི་དོན
་རྫོགས་པར་བྱེད་པས་ན་དེའི་ཕྱིར་བྱམས་པའི་གོ་ཆ་ཞེས་བྱ་བ་གསུངས་པ་ཡིན་ནོ།། དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། དམ་པ་ཞེས་བྱ་བའི་དོན་ཏོ།། གང་གིས་དེ་དམ་པ་ཉིད་དུ་གྱུར་པ་ཡིན་ཞེ་ན། བརྩོན་འགྲུས་བརྟན་པསོ་ཞེས་བྱ་བ་གསུངས
་པ་ཉིད་ཡིན་ནོ།། དེ་ལྟ་བས་ན་སངས་རྒྱས་ཀྱི་བྱམས་པ་ནི་བརྩོན་འགྲུས་ཀྱི་དམ་ཚིག་ཡིན་པས་བསྲུང་བ་ཆེ་ཞེས་བཤད་པ་ཡིན་ཏེ། འདི་ནི་བསྲུང་བ་ཐམས་ཅད་ཀྱི་མཆོག་ཡིན་ནོ་ཞེས་སྟོན་པ་ཡིན་ནོ།། འཇིག་རྟེན་ན་གྲོགས་པོ་ནི
་མ་བཅོལ་དུ་ཟིན་ཀྱང་རང་གི་བྱ་བ་བཞིན་དུ་མཛའ་བོའི་བྱ་བ་བྱེད་དེ། དེ་ཡང་གལ་ཏེ་སྟོབས་དང་ལྡན་པས་ལ་ལ་ཞིག་གིས་བཟླས་པའམ། ནོར་ལ་སོགས་པས་བཟློག་པ་ཡིན་ལ། འདི་ནི་སེམས་ཅན་གྱི་དོན་ལ་ཞུགས་པ
་གང་གིས་ཀྱང་བཟློག་པར་མི་ནུས་ཏེ། དེ་བས་ན་སྟོབས་དང་ལྡན་པ་གཞན་དག་ཀྱང་མེད་ལ། ནོར་ལ་སོགས་པས་ཀྱང་དབྱེ་བར་ནུས་པ་མ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉེས་པ་སྤངས་པ་ཡིན་པས། དེའི་ཕྱིར
་གྲོགས་པོ་ཆེན་པོར་བརྗོད་པ་ཡིན་ཞེས་གསུངས་པ་ཡིན་ནོ།། གདུལ་བྱ་སྔགས་ཀྱི་སྒོར་སྤྱོད་ཅིང་བདག་དང་གཞན་གྱི་རྒྱུད་ཡོངས་སུ་སྨིན་པའི་ལས་ལ་འཇུག་པ་རྣམས་ལ་བདག་དང་གཞན་བསྲུང་བར་བསྟན་པའི་ཕྱིར། བཅོམ
་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱམས་པ་དང་། བརྩོན་འགྲུས་ཀྱི་རང་བཞིན་གྱི་ཡོན་ཏན་སྙིང་པོ་དང་ཕྱག་རྒྱ་དང་སེམས་དཔའི་གཟུགས་སུ་དཀྱིལ་འཁོར་དུ་སྤྲུལ་པ་མཛད་པ་ཡིན་པར་རབ་ཏུ་བྱེད་པ་འདིས
་སྟོན་པ་ཡིན་ནོ།། ད་ནི་ལས་ལེ་ཞུགས་པ་རྣམས་བསྲུང་བ་བྱས་སུ་ཟིན་ཀྱང་། བཟློག་པར་དཀའ་བའི་བགེགས་འབྱུང་ཞིང་གླགས་ཚོལ་བར་བྱེད་དེ། དེ་བས་ན་དེ་རྣམས་སྐྲག་པར་བྱ་བའི་ཕྱིར་བཟློག་པར་བསྟན་པར་བྱ་བའི་དོན་དུ། དེ་ནས
་ཞེས་བྱ་བ་ལ་སོགས་པའི་གཞུང་ཉེ་བར་བཀོད་ཅིང་གསུང་སྐུ་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བདུད་ཐམས་ཅད་ཀྱི་སྟོབས་རབ་ཏུ་འཇོམས་པ་ཡང་ཡིན་པས་ནུ་བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཀྱི་སྟོབས
་ཐམས་ཅད་རབ་ཏུ་འཇོམས་པ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་བྱང་ཆུབ་སེམས་དཔའོ།། བདུད་ཐམས་ཅད་རབ་ཏུ་འཇོམས་ཤིང་ཕྱེ་མར་རློག་པའི་ངང་ཚུལ་ཅན་ཡིན་པས་ན་བདུད་ཐམས་ཅད་རབ་ཏུ་འཇོམས
་པའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ་ལས་ཀྱི་མཚན་ཉིད་ཅན་གྱི་ཕྱག་རྒྱའི་ཁྱད་པར་གྱི་ཐབས་གང་གིས་བདུད་ཐམས་ཅད་སྐྲག་པར་མཛད་པའི་མཆེ་བའི་ཁྱད་པར་འདི་ནི་དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་དམ་ཚིག་ཅེས་བྱ་ལ། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ཉིད་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚི་ག་ཅེས་བྱ་བའི་ཐབས་འདི་ཡང་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཐུགས་ལ་གནས་པས་མ་དྲོ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཞེས་གསུངས་པ་ཡིན་ནོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པར། ཅི་ཞིག་མཛད་ཅེ་ན། རང་གི་ཐུགས་ཀཱ་ནས་བྱུ།
་དྲི་ཞེས་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་བསྐུལ་བའི་རྗེས་ཐོགས་ཉིད་ལ་སྟེ། རྣམ་པ་གང་གིས་བཅོམ་ལྡན་འདས་ལ་བསྐུལ་བའི་རྣམ་པ་དེ་ཉིད་ཀྱི་སྤྱ་རྣམ་པ་དེ་ཉིད་རྫོགས་པར་བྱེད་པའི་ཕྱག་རྒྱའི་ཁྱད་པར་གྱི་ནུས་པ
་ཡོད་པ་གང་ཡིན་པ་དེ་ནི། བཅོམ་ལྡན་འོངས་རྡོ་རྗེ་འཛིན་པ་དེ་ཉིད་དེ། གང་སྔར་གོ་ཆའི་ཚུལ་དུ་བྱུང་བ་གང་ཡིན་པ་དེ་ད་ལྟར་མཆེ་བར་གྱུར་ནས་འབྱུང་བ་ཡིན་ནོ།། རྡོ་རྗེ་མཆེ་བ་ཉིད་མཚོན་ཆ་ཡིན་པོས་ན་རྡོ་རྗེ་མཆེ་བའི་མཚོན་ཆ
་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྡོ་རྗེའི་རང་བཞིན་གྱི་ཐུགས་ཀྱིས་སྤྲུལ་པ་ཡིན་ལ། རྡོ་རྗེའི་རྣམ་པ་དང་རྗེས་སུ་མཐུན་ཞིང་ཐམས་ཅད་འཇིག་པར་ནུས་ལ། ཕྱིར་རྒོལ་བ་ཐམས་ཅད་སྐྲག་པར་བྱེད་ཅིང་མཚོན་ཆའི་བྱ
་བ་རྫོགས་པར་བྱེད་པས་ན་རྡོ་རྗེ་མཆེ་བའི་དབྱིབས་ཞེས་བཤད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུག་པ་འདུལ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་ལི། ངེས་པར་སྲེག་གང་རྣོ་བ་གང་།། དྲག་ཤུལ་ཅན་གང
་གཟི་ཅན་གང་།། ཤ་དང་ཁྲག་དང་རྐང་ཟ་གང་།། དེ་བས་དྲག་པོ་ཞེས་བཤད་དོ།། དྲག་པོའི་རྣམ་པར་འགྱུར་པ་ནི་གདུག་པ་སྟེ། དེ་རྣམས་གདུལ་བ་ནི་ང་རྒྱལ་ཚར་བཅད་པས་གདུག་པ་ཉིད་གསལ་བ་སྟེ། དེ་གདུལ་བར་ཐོག་མར
་བྱའོ།། བདུད་ཐམས་ཅད་རབ་ཏུ་འཇོམས་པ་ནི། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེས་མི་སྣང་བར་བྱས་པ་སྟེ། ཤིན་ཏུ་འཇོམས་པ་ཡིན་ལ་དེའི་ངོ་བོ་ཉིད་ཡིན་པས་ན་རབ་ཏུ་འཇོམས་པ་ཉིད་དོ།། དེ་བས་ན་རྡོ་རྗེ
་སེམས་དཔའི་ཏིང་ངེ་འཛིན་ནི་བྱང་ཆུབ་སེམས་དཔའི་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའི་གཟུགསུ་ཤིན་ཏུ་བསྒོམས་པའི་ཕྱིར་གཅིག་པའོ།། བརྟན་པས་ན་འདྲེས་པའོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ
་མའོ་ཞེས་བྱ་བ་ནི་ངོ་མཚར་རོ།། ཙ་ཞིག་ངོ་མཚར་ཞེ་ན། ཐབས་ཆེན་དེ་ཞེས་བྱ་གསུངས་ཏེ། ཐབས་ཆེ་བས་ཐབས་ཆེན་ནོ།། སུ་ཞིག་ཅེ་ན། བདོག་གོ།། སུ་ཞིག་གི་ཞེ་ན། སངས་རྒྱས་རྣམས་ཀྱིའོ།། ཉན་ཐོས་དང་རང་སངས་རྒྱས་རྣམས
་ཀྱང་གལ་ཏེ་སངས་རྒྱས་ཞེས་བྱ་བའི་སྒྲར་བརྗོད་པ་སྲིད་པས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར། ཐུགས་རྗེ་ཅན་གྱི་ཞེས་བྱ་བ་གསུངས་ཏེ། ཐུགས་རྗེའི་རང་བཞིན་ཅན་གྱི་ཞེས་བྱ་བའི་དོན་ཏོ།། འདི་སྐད་སྟོན་ཏེ། གང་ཐུགས་རྗེའི་རོ
་གཅིག་པའི་སངས་རྒྱས་རྣམས་ཀྱི་ཐབས་ཆེན་པོ་བདག་ཡིན་གྱི། སྙིང་རྗེ་དམུན་པོ་རྣམས་ཀྱིས་ནི་མ་ཡིན་ནོ།། གལ་ཏེ་ཁྱོད་ཐུགས་རྗེ་ཅན་རྣམས་ཀྱི་ཐབས་ཆེན་པོ་ཡིན་ན། འདིར་ངོ་མཚར་ཅི་ཞིག་ཆེ་ཞེ་ན། ཞི་ཡང་སེམས་ཅན
་དོན་དུ་ནི། མ་རུངས་པར་ནི་སྟོན་པར་གྱུར་ཅེས་བྱ་བ་སྟེ། གང་གི་ཕྱིར་ཤིན་ཏུ་ཞི་བའི་སངས་རྒྱས་ཀྱང་སེམས་ཅན་རྣམས་དོན་གྱི་རྒྱུར་མ་རུངས་ཏེ། རྡོ་རྗེ་གནོད་སྦྱིན་དུ་སྟོན་པར་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་རབ་ཏུ་གཏུམ་པ་ཞེས་བྱ་བ་ལ་སོགས་པ་ལ། ཤིན་ཏུ་གཏུམ་པ་ཡིན་པས་ན་རབ་ཏུ་གཏུམ་པ་སྟེ། གཏུམ་པ་ནི་དྲག་ཤུལ་ཆེ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རབ་ཏུ་གཏུམ་པ་ཡང་ཡིན་པས་ན་དེ་བཞིན
་གཤེགས་པ་ཐམས་ཅོད་ཀྱི་རབ་ཏུ་གཏུམ་པའོ།། གཞན་གྱིས་མི་བྱེད་པས་རྡོ་རྗེ་དང་འདྲ་བས་རྡོ་རྗེ་སྟེ། དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།།
་སྐསྨད་སྟོན་ཏེ། ཏིང་ངེ་འཛིན་དེ་ལྟ་འདི་ལྟ་བུའི་སྐུ་དང་གསུང་དང་ཐུག་སོ་རབ་ཏུ་སྣང་བའི་ཁྱད་པར་ཡོངས་སུ་བསྒོམས་ཏེ། གང་གིས་བགེགསུ་དང་ལོག་འདྲེན་རྣམ་པར་འཇིག་པར་འགྱུར་བའི་མཆི་བའི་ཕྱག་རྒྱའི་དབང་བསྐུར་བ་སྦྱིན
་པ་ཕྱར། དེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་འཇུག་པར་མཛད་ནས། རྡོ་རྗེ་མཆེ་བའི་མཚོམ་རྒྱུ་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་དེའི་ལག་ཏུ་སྦྱིན་ནོ་ཞེས་བྱ་བར་སྦྱར་རོ།། ལྷག་མ་རྣམས་ཀྱིས་ནི་དགོས་པ་སྟོན་ཏོ།། དེ་ཡང
་དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་རྒྱའི་ཁྱད་པར་གང་གིས་མ་རུངས་པ་སྟེ། བགེགས་དང་ལོག་འདྲེན་རྣམས་འདུལ་བར་མཛད་པ་དེ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་རུངས་པ་འདུལ་བའི་དམ་ཚིག་ཅེས
་བཤད་དོ།། ཅིའི་ཕྱིར་འདི་བྱིན་ཞེ་ན། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ལ་མི་འཇིགས་པ་སྦྱིན་པའི་ཕྱིར་རོ།། བར་དུ་ཞེས་བྱ་བའི་སྒྲས་ནི་སངས་རྒྱས་ཀྱི་མཛད་པ་ལྷག་མ
་རྣམས་ཡོངས་སུ་གཟུངས་ཏེ། ཐབས་ཆེན་པོའི་ཡེ་ཤེས་དང་། མངོན་པར་ཤེས་པའི་མཐར་ཐུག་པའི་བར་ཡོངས་སུ་བསྡུའོ།། དེ་ཡང་འདོད་པར་ཟླ་བ་ཡོངས་སུ་རྫོགས་པར་བྱེད་པས་ནུ་ཐབས་ཏེ། འདོད་དུ
་མངོན་པར་འདོད་པའི་དོན་ཏོ།། ཐབས་ནི་ཐོབ་པ་སྟེ། དེ་བས་མྱུར་དུ་ཐོབ་པར་བྱེད་པས་ན་ཐབས་སོ།། ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་པོ་སྟེ། དེའི་ཡེ་ཤེས་སོ།། དེ་ཉིད་ནི་མངོན་པར་ཤེས་པ་སྟེ། དེ་འཐོབ་བོ།། དེ་ཉིད
་ནི་དངོས་གྲུབ་དམ་པ་སྟེ་འབྲས་བུ་དེ་དག་གི་ཕྱིར་རོ།། རང་གི་ཁར་བཞག་ནས་ཞེས་བྱ་བ་ནི་མཆེ་བའི་གནས་སུ་བཞག་ནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་རྣམས་དང་།
་དེས་བྱིན་གྱིས་བརླབས་པའི་སྔགས་པ་རྣམས་ཏེ་དེ་བཞིན་གཤེགས་པ་དེ་རྣམས་ལ་བགེགས་དང་ལོག་འདྲེན་ཚར་བཅད་པའི་ཐབས་སྟོན་པར་བྱ་བའི་ཕྱིར། ཇི་ལྟར་ངས་ཁྱེད་རྣམས་པ་སྡིགས་པ་དེ་བཞིན་དུ་ཁྱེད་རྣམས་ཀྱིས
་ཀྱང་ཐབས་འདིས་བགེགས་དང་ལོག་འདྲེན་རྣམས་བསྡིགས་པར་བགྱིས་ཤིག་པར་སྟོན་ཅིང་། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དེ་ཞེས་བྱ་བ་ནི་གླང་བཅོམ་ལྡན་འདས་ཀྱིས་བཀའ
་སྩལ་བའོ།། འདི་སུ་ཞིག་གི་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བའོ།། ཇི་ལྟ་བུ་ཞེ་ན། མ་རུངས་ཐམས་ཅད་འདུལ་བའི་མཆོག་ཅེས་བྱ་བ་སྟེ། མ་རུངས་པ་འདུལ་བ་གཞན་དག་ཀྱང་ཡོད་མོད་ཀྱི། དེ་རྣམས་ལས་ཤིན
་དྷུ་ཕུལ་དུ་བྱུང་བ་ཡིན་པས་ན་འདུལ་བའི་མཆོག་གོ།། འདི་ལྟ་བུ་དེ་གང་ཞེ་ན། རྡོ་རྗེ་མཆེ་བ་ཞེས་བྱའོ།། ཇི་ལྟ་བུ་ཞེ་ན། མཚོན་ནོན་ཏྭེ་ཞེས་བྱའོ།། ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། ཐབས་ཞེས་བྱའོ།། ཇི་ལྟ་བུ་ཞིག་གི་ཞེ་ན། སྙིང་རྗེའི་བདག་ཉིད
་དོ་ཞེས་བྱ་བ་སྟེ། སྙིང་རྗེའི་བདག་ཉིད་ཅན་གྱིའོ།། འདི་ནི་གདུལ་བྱ་སྔགས་ཀྱི་སྒོར་སྤྱོད་པ་རྣམས་ལ་བགེགས་རྣམས་ཚར་གཙད་པའི་ཐབས་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐབས་ཀྱི་ཕ་རོལ་ཏུ
་ཕྱིན་པའི་སྙིང་པོ་དང་། ཕྱག་རྒྱ་དང་སེམས་དཔའི་གཟུགས་སུ་སྤྲུལ་པ་མཛད་པ་ཡིན་ནོ།། ད་ནི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དོན་གཅིག་ཏུ་བསྒྲུབ་པ་ལ་ཞུགས་པ་རྣམས་ནི་དགོས་པ་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ན
་ཞེས་བྱ་བའི་གསང་བ་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་ཉེ་བར་དགོད་ཅིང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ཁུ་ཚུར་ཡང་ཡིན
་པས་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོ་ཁུ་ཚུར་ཏེ། དེ་བཞིན་གཤེགས་ཡངདུ་གཏོགས་པའི་ཁུ་ཚུར་གསང་བ་ཞེས་བྱ་བའི་དོན་ཏོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།།
་དེ་ལས་ཀྱི་མཚན་ཉིད་ཅན་གྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ནི་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ
་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པའོ།། དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་སོ།། རྡོ་རྗེ་ནི་དྲན་པའི་ཐུག་པའི་ཕྱག་རྒྱའི་ཁྱུད
་པབཔར་གྱིས་དོན་གཅིག་བསྒྲུབ་པ་ལ་འཇུག་པར་ངེས་པར་འཆིང་བའི་ཕྱག་རྒྱའི་ཁྱད་པར་དེ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅིང་བའི་དམ་ཚིག་ཅེས་བཤད་དོ།། དེ་སྟོན་པར་བྱེད་པའི
་སྒྲ་ལ་ཡང་དེ་སྐད་ཅེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རང་གི་ཐུགས་ཀ་ནས་ཕྱུང་ངོ་།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་ཐུགས་ལ་ཞེས་བྱ་བ་ནི་མི་བསྐྱོད་པའི་ཐུགས་ལས་སོ།། བྱུང་མ་ཐག་པ་ཞེས་བྱ་བ་ནི་བསྐུལ་བའི་རྗེས་ཐོགས་ཉིད་ལའོ།། འདི་ནི་ཞེས་བྱ་བ་ནི་སྙིང་པོས་བསྐུལ་བའི་མཚན་ཉིད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ
་ཐམས་ཅད་བཅིངས་པར་འགྱུར་ཏེ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྔའི་སྔར་སྤྲུལ་པའི་དཀྱིལ་འཁོར་བའི་སེམས་དཔའ་རྣམས་གཟུང་ངོ་།། དེ་རྣམས་ཀྱི་ཕྱག་རྒྱ་བཅིངས་པ་རྡོ་རྗེ་ལ་སོགས་པར
་གྱུར་ནས་བྱུང་བའོ།། རྡོ་རྗེ་བཅིངས་པའི་དབྱིབས་སུ་གྱུར་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་ལྟ་བུའི་ཕྱག་རྒྱའི་ཁྱད་པར་དུ་གྱུར་ནས་ཕྱག་གཉིས་སུ་གནས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཕྱག་རྒྱའི་ཡེ
་ཤེས་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཐམས་ཅད་ནི་སྐུ་གསུང་ཐུགས་གཅིག་ཏུ་བྱས་པ་ལས་བགོས་པ་འགྲུབ་པར་འགྱུར་གྱིས་གཞན་དུ་མ་ཡིན་ཏེ། དེའི་ཡེ་ཤེས་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱུག
་རྒྱུར་ཡེ་ཤེས་ཏེ། དེ་ཐོག་མར་བྱས་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ཡང་དག་པར་བསྟན་པའོ།། སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཡིན་པས་ན་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་ཏེ། ན་མཁའ་ལ་འགྲོ་བ་ལ
་སོགས་པའོ།། རྣམ་པར་འཕྲུལ་པོ་ནི་གདུག་པ་འདུལ་བ་ལ་སོགས་པའི་བར་སྟོན་པའོ།། དེ་ལ་སོགས་པའི་ལས་ཐམས་ཅད་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་རོ།།
་གང་དུ་གཟུགས་ཀྱི་སྐུ་ཡོངས་སུ་རྫོགས་པར་བསྒྲིམས་ཤིང་ཤིན་ཏུ་ངེས་པར་བཅིངས་པའི་ཏིང་ངེ་འཛིན་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁཱ་རྒྷ་རྱ་ཤིན་ཏུ་བཅིངས་པ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་ཁུ་ཚུར་ཤིན་ཏུ་བཅིངས་པ་ཉིད་དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཤིན་ཏུ་བཅིངས་པས་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་དང་གཅིག་པའོ།། རབ་ཏུ་བརྟན་པས་ན་འདྲེས་པ་སྟེ་འཁྲེགས་པ་ཞེས
་བྱ་བའི་དོན་ཏོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར་རབ་ཏུ་བསྟན་བཅིངས་པའི་ཞེས་བྱ་བ་ནི། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱའི་ཁྱད་པར་གྱི་སྐུ་གསུ
་ཐུགས་རྡོ་རྗེ་གཅིག་ཏུ་བྱེད་པའི་མཚན་ཉིད་ཅན་ནི་བཅིངས་པའོ།། དམ་ཚིག་ནི་བཅིངས་པའི་དམ་ཚིག་སྟེ། བཅིང་བའི་གཞུང་ལུགས་སམ། བནིང་བའི་རྣམ་པར་བཞག་པའོ།། སྔགས་པ་གང་ལ་ལ་ཕྱག
་རྒྱའི་ཁྱད་པར་ཅི་ཡང་རུང་བས་གང་ཡང་རུང་བའི་ལས་འགྲུབ་པར་འདོད་ན། དགོས་པ་གྲུབ་པར་འདོད་པས། སྐུ་གསུང་ཐུགས་གཅིག་ཏུ་བྱ་བའི་ཕྱག་རྒྱ་སྦྱར་བར་བྱ་སྟེ། འདི་ནི་དམ་ཚིག་དང་གཞུང་ལུགས་དང་། རྣམ་པར་བཞག
་པ་ཞེས་བྱའོ།། གང་གི་དམ་ཚིག་ཅེ་ན། བརྟན་བདག་ཉིད་དེ་བརྟན་པའི་བདག་ཉིད་ཅན་གང་ཡིན་པ་དེ་ནི་བརྟན་བདག་ཉིད་དེ། ཐུགས་བརྟན་པ་རྣམས་ཀྱི་ཞེས་བྱ་བའི་དོན་ཏོ།། དེ་ཡང་ང་རྒྱལ་ལ་བརྟེན་པའི་ཕྱིར་སེམས་ལ་བདག་ཅེས་ཉེ
་བར་བརྟོགས་པ་ཡིན་ནོ།། གལ་ཏེ་རབ་ཏུ་བརྟན་པར་བཅིངས་པ་ཡིན་ལ། འདིར་ངོ་མཚར་ཅི་ཞིག་ཆེ་ཞེ་ན། བསམ་པ་ཐམས་ཅད་རབ་གྲུབ་ཕྱིར།། གྲོལ་བ་རྣམས་ཀྱང་འཆིང་བར་བྱེད།། ཅེས་བྱ་བ་སྟེ། གང་གི་ཕྱིར་ཐབས་ཀྱི་བསམ་པ
་ནི་བསམ་པ་ཐམས་ཅད་དེ། ཕྱག་རྒྱའི་ཁྱད་པར་གྱི་སྦྱོར་བས་དོན་འདི་ལྟར་གྱུར་ཅིག་ཅེས་བྱ་བའོ།། དེ་རབ་ཏུ་གྲུབ་པ་ནི་མངོན་པར་འདོད་པའི་འབྲས་བུ་ཡོངས་སུ་རྫོགས་པའོ།། དེའི་དོན་དུ་གྲོལ་བ་སྟེ། སངས་རྒྱས་དང་བྱང་ཆུབ
་སེམས་དཔའ་རྣམས་ཀྱང་འཆིང་བར་བྱེད་པ་ཞེས་བྱ་བ་སྐུ་གསུང་ཐུགས་གཅིག་ཏུ་བྱེང་པའི་མཚན་ཉིད་ཅན་རྡོ་རྗེ་ཁུ་ཚུར་གྱིས་བཅིངས་པ་འདི་ནི་ངོ་མཚར་ཆེའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལྀ། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཕྱག་རྒྱ་ཐམས་ཅད་དེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་གིས་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་དེ་ལ་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བཤད་དོ།། དེ་ལ
་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་དེ། དེ་རྣམས་ཀྱི་བཅིང་བ་དྲན་པས་སྐུ་གསུང་ཐུགས་རྡོ་རྗེ་དམིགས་པ་གཅིག་ལ་གཏད་པའོ།། དེའི་དམ་ཚིག་བཤད
་མ་ཐག་པའི་དོན་སྟོན་པར་བྱེད་པའི་རྡོ་རྗེ་ཁུ་ཚུར་མི་ཕྱག་རྒྱའོ།། དམ་ཚིག་འདིས་འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་གཱསང་སྔགས་ཀྱི་སྒོར་ཞུགས་པ་རྣམས་ཕྱག་རྒྱ་འཆིང་བ
་དུས་སུ། འདི་ནི་ལུས་དང་དོག་དང་སེམས་མི་གཡེང་བ་ཡིན་ནོ་སྙམ་པ་དང་། བཅོམ་ལྡན་འདས་ཀྱིས་གང་འདི་ལྟར་ཕྱག་རྒྱ་འཆིང་བ་ལ། སྦྱོར་བ་དེར་ཁྱེད་རྣམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ་ཞེས་བྱ་བའི་བཀས་ཕྱག་རྒྱའི
་ལྷ་རྣམས་ཀྱིས་ཀྱང་དགོངས་པ་རྟོགས་པར་མཛད་དོ།། ལྷ་རྣམས་ཀྱིས་དགོངས་པར་གྱུར་ན། སེམས་ཅན་དེ་རྣམས་ཀྱི་དངོས་གྲུབ་ཇི་ལྟར་འདོད་པ་ཐམས་ཅད་འབྱུང་བར་འགྱུར་རོ།། ཡིད་ལ་རེ་བོ་ཡོངས་སུ་རྫོགས་པ་རྣམས་ནི།།
་བདེ་བ་དང་ཡིད་བདེ་བ་མྱོང་བར་འགྱུར་ཏེ། དེ་བས་ན་དེ་རྣམས་མྱོང་བ་ནི་སོ་སོར་ཚོར་བ་སྟེ་དེའི་ཕྱིར་རོ།། བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྦྱང་པ་ལ་སོགས་པའོ།། སངས་རྒྱས་ཀྱི་མཛད་པ་རྣམས
་ཡོངས་སུ་བསྡུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དབང་གི་དངོས་གྲུབ་དམ་པའི་བར་དུ་ཞེས་བྱ་ལ། ཐམས་ཅད་མཁྱེན་པས་ན་ཐམས་ཅད་མཁྱེན་པ
་སྟེ། དེའི་ཡེ་ཤེས་ཡིན་པས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ།། དེ་ཉིད་ནི་ཕྱག་རྒྱ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། དེ་ལ་དབང་བ་ནི་ཉོན་མོངས་པ
་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བའོ།། དེ་ཉིད་ནི་དངོས་གྲུབ་དམ་པ་སྟེ། འབྲས་བུ་ཡང་དེ་ཉིད་ཡིན་པས་དེ་དག་གི་ཕྱིར་རོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུ་རྒྱན་གྱིས
་དབང་བསྐུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་ཕྱག་རྒྱའི་དབང་བསྐུར་བའི་རྗེས་ཐོགས་ལའོ།། ཕྱག་རྒྱའི་ལྷ་རྣམས་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན་རྡོ་རྗེའོ།། སྐུ་དང་གསུང་དང་ཐུགས་རྡོ་རྗེ་བསྡུས་པ་གང
་ཡིན་པ་དེ་ནི་གཞན་གྱིས་མི་ཤེས་པས་ན་ཁུ་ཚུར་ཞེས་བཤད་དོ།། དེ་བས་ན་དེ་གཉི་ག་ཡང་ཕྱག་རྒྱ་དེ་ལ་ཡོད་དེ་དེ་ཐོབ་པར་གྱུར་པས་ན། རྡོ་རྗེ་ཁུ་ཚུར་ཞེས་རྡོ་རྗེ་ཁུ་ཚུར་ཞེས་རྡོ་རྗེ་མིང་གི་དབང་བསྐུ་རོ།། རྡོ་རྗེ་བཅིངས་པ
་དེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་འཆིང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡུལ་གཅིག་ཏུ་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་སྤྲུལ
་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་བསྔགས་པ་རྣམས་སོ།། བཅིང་བ་དེས་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐམས་ཅད་མྱོང་བར་མཐོང་ནས་རབ་ཏུ་དགའ་བས་ཆེད་དུ་བརྗོད་པ
་འདི་ཚོད་དུ་བརྗོད་དོ།། འདི་ནི་ཞེས་བྱ་བ་ནི་ཕྱག་ནི་གནས་པའོ།། དེ་ཞེས་བྱ་བ་ནི་བདག་གང་ལས་སྐྱེས་པའོ།། འདི་གང་ཞིག་ཡིན་ཞེ་ན། ཕྱག་རྒྱ་བཅིངས་པ་ཞེས་བྱའོ།། ཇི་ལྟ་བུ་ཞེ་ན། ཆེ་ཞིང་བརྟན་པ་ཞེས་བྱ་བའོ།། ཅིའི་ཕྱིར་ཞེ་ན།
་སངས་རྒྱས་ཀུན་གྱི་མྱུར་གྲུབ་ཕྱིར་ཞེས་བྱ་བ་སྟེ། ཕྱག་རྒྱ་བཅིང་བ་འདིས་སངས་རྒྱས་ཀུན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དུ་བྱིན་གྱིས་བརླབས་པའི་སྔགས་པའོ།། དེ་རྣམས་ཀྱིས་རྡོ་རྗེ་ཁུ་ཚུརོ་གྱི་ཕྱག་རྒྱ
་བཅིངས་པས། ལྷ་རྣམས་ཀྱིས་དགོངས་པར་གྱུར་པ་དང་། མྱུར་བ་ཉིད་དུ་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་ཏེ། དེ་བས་ན་སངས་རྒྱས་ཀུན་གྱི་མྱུར་གྲུབ་ཕྱིར་ཞེས་གསུངས་པ་ཡིན་ནོ།། རྒྱུ་གང་གི་བྱེར་དེ་རྣམས་མྱུར་བ
་ཁྲོ་ནར་འགྲུབ་པར་འགྱུར་ཞེ་ན། དེའི་ཕྱིར་དམ་ཚིག་ཤིན་ཏུ་འདའ་བར་དཀའ་ཞེས་གསུངས་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བཀའ་ལ་ཡང་དག་པར་ཞུགས་པ་རྣམས་ལ་དངོས་གྲུབ་མྱུར་དུ
་བྱིན་ཅིག་ཅེས་གསུངས་པ་ཡིན་པའི་ཕྱིར་རོ།། མཆོད་པའི་ཕྱག་རྒྱས་པའི་ལས་ནི་ཤིན་ཏུ་ཟབ་ཅིང་རྒྱ་ཚ་ལ་རྣམ་པར་དག་ཅིང་མཐར་ཐུག་པ་མེད་པ་དང་། བསལ་གྱིས་མི་ཁྱབ་པའི་ཡིད་ལས་བྱུང་བ་མཆོད་པའི་ཚེ
་ག་རྒྱས་པའི་ལས་བྱེད་པས་ན་ལས་སོ།། གོ་ཆ་ནི་གདུག་ཅིང་གཏུམ་པ་དང་། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱིས་མི་ཚུགས་པའི་སྲུང་བའི་ལས་མཛད་པས་ན་གོ་ཆའོ།། ཐབས་ཆེན་པོ་ནི་གདུག་ཅིང
་གཏུམ་པ་ཐམས་ཅད་སྐྲག་ཅིང་ཕྱིར་བཟློག་པའི་ལས་རྫོགས་པར་མཛད་པའི་ཕྱིར་རོ།། ཕྱག་རྒྱ་ཐམས་ཅད་བཅིང་བའི་ཡེ་ཤེས་ནི་སྐུ་གསུང་ཐུགས་རྡོ་རྗེ་ཐམས་ཅད་གཅིག་ཏུ་བྱེད་པ་དང་། ལྷ་རྣམས་དགོངས་པའི་ལས་བླ་ན་མེད
་པཔ་ཡིན་པའི་ཕྱིར་རོ།། ཕྲིན་ལས་ཆེན་པོའི་སེམས་དཔའ་རྣམས་བཤད་ཟིན་ཏོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་པས་དཀྱིལ་འཁོར་གྱི་བདག་པོ་ཡིན་ལ། མི་བསྐྱོད་པ་ལ་སོགས་པ་ནི
་ཡེ་ཤེས་ཀྱི་རོང་བཞིན་ཡིན་པས་དེའི་འཁོར་དུ་གྱུར་པ་ཡིན་ཏེ། ཆོས་ཀྱི་དབྱིངས་ལ་དམིགས་པ་ལས་གདོད་ཡེ་ཤེས་ཡོངས་སུ་དག་པོ་ཡིན་པའི་ཕྱིར་རོ།། དེ་རྣམས་ནི་བཅོམ་ལྡན་འདས་ཀྱི་འཁོར་དུ་སྤྲུལ་པ་མཛད་པ་ཡིན་ནོ།།
་ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་བླ་ན་མེད་པར་བསྟོན་པའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། མི་གཡོ་བ་ཞེས་བྱ་བ་ནི་འདི
་ལ་གང་གིས་ཀྱང་བསྐྱོད་པར་མི་ནུས་པས་ན་མི་གཡོ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྒྲུབས་ཏེ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བར་སྤྲུལ་པའི་བྱང་ཆུབ་སེམས
་དཔའ་རྣམས་ཏེ། དེ་བསྐྱེད་པར་མཛད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་གཏོགས་པའི་ཡེ་ཤེས་སོ།། བསྒྲུབས་པ་ནི་དེ་བསྐུལ་བས་སོ་སོའི་སྙིང་པོ་ལས་ཕྱག་རྒྱའི་གཟུགས་བསྒྲུབས་པས་ཡེ་ཤེས་བསྒྲུབས
་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོ་སྟེ། ཕྱག་རྒྱ་དེ་རྣམས་ཀྱི་ཐུགས་ཀར་དེ་བཞིན་གཤེགས་པའི་རིགས་ལ་ཟླ་བ་དང་རྡོ་རྗེའི་ཚུལ་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་དགོད་པ་སྟེ། དེའོ
་ཕྱིར་རོ།། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། ཕ་རོལ་ཏུ་སོང་བས་ན་ཕ་རོལ་ཏུ་ཕྱིན་པ་སྟེ། འདིར་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ངོ་།། དེ་རྡོ་རྗེའི་རྣམ་པར་སྤྲུལ་པས་ན་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ཞེས་བཤད་དེ།
་དེའི་དམ་ཚིག་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་བྱོན་པ་སྟོན་པར་བྱེད་པའི་རྡོ་རྗེ་དང་སྙིང་པོའོ།། དེ་གཉིས་རྡོ་རྗེ་ལྟ་བུའི་སེམས་ཀྱི་ཁྱད་པར་གངངྒཱ་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན
་བའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་རིགས་ལ་རྡོ་རྗེ་ལྟ་བུའི་དམ་ཚིག་ཡིན་པས་ནཱ། རྡོ་རྗེའི
་དམ་ཚིག་ཅེས་མིང་དེ་སྐད་བྱ་བ་ཉིད་དུ་བཏགས་སོ།། དེས་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་བྱང་ཆུབ་པར་སྟོན་པར་མཛད་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། སྒྲ་གང་གིས་དེ
་སྟོན་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ།། དེ་བས་ན་སྒྲའི་གཟུགས་དེ་རང་གི་ཐུགས་ཀ་ནས་ཕྱུང་ངོ་།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། སྤྲུལ་པའི་རྗེས་ཐོགས་ཉིད་ལ་དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བོ་ལྷག་མ་བཞི་པོའོ།། རྡོ་རྗེའི་འོད་ཟེར་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་འོད་ཟེར་ཡིན་པས་ན་རྡོ་རྗེའི་འོད་ཟེར་ཏོ། རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ་བྱུང་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ
་རྗེའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྣམས་ལ་ཕྱག་རྒྱས་བཏབ་ནས་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དེ་བཞིན་གཤེགས་པའི་རིགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་གང་ཡིན་པ་དེར
་སེམས་དཔའ་ཇི་སྙེད་པ་ཐམས་ཅད་ནི། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཟླ་བ་རྡོ་རྗེའི་རིམ་གྱིས་གནས་ཡོངས་སུ་གྱུར་ཏེ། མངོན་པར་རྫོགས་པར་སངས་རྒྱས
་ལྔལ། སངས་རྒྱས་ཀྱང་འཁོར་ལོ་སྤྲུལ་པར་མཛད་དེ། དེ་བས་ནུ་དེ་ཐམས་ཅད་ནི་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་ཞེས་བཤད་པས། དེ་དག་ཐམས་ཅད་རྒྱས་བཏབ་ཅིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་རིགས་ཀྱི་མཚན་མ་ཟླ་བ་དགོད་པར་མཛད་དོ་ཞེས་བྱ་བའི་དོན་ཏོ།། གཅིག་ཏུ་འདྲེས་པ་ནི་བརྟན་པ་སྟེ། སྤྲོ་བ་དང་བསྡུ་བ་བྱས་ནས་གཅིག་ཏུ་བརྟན་པར་གྱུར་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། འདིར
་ཙོ་ནག་ངོ་མཚར་བྷྱོམྦྷ། སེམསྣ་དུ་བའི་རྡོ་རྗེ་བརྟན་པ་བདག་ཅེས་བྱ་བ་སྟེ། སེམས་དུབ་ནི་རླུ་བའི་དཱུཀྱིལྟ་འཁོར་རོ།། རྡོདྷ་ནི་དྭེའི་སྟེང་གི་རྡོ་རྗེ་སྟྭཾ་སེམས་དཔའ་དང་རྡོ་རྗེ་སེམས་དཔའ་རྡོ་རྗེའོ།། སེམས་དཔའ་རྡོ་རྗེ་དེ་ལྟ་བྱ
་ཞེན། བརྟན་པ་ཞེས་བྱའོ།། གང་གི་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ།། གལ་ཏེ་ཁྱོད་སེམས་དཔའ་རྡོ་རྗེ་ཡིན་པས་ངོ་མཚར་ཅི་ཞིག་ཆེ་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྟེ། གང་གི་ཕྱིར་བསྒོམས་པས་བརྟན
་བཔར་གྱུར་པ་ཉིད་ཀྱིས་ལུས་མེད་ཀྱང་། རྡོ་རྗེའི་ལུས་སུ་གྱུར་པ་ཡིན་ཞེས་བྱ་བ་སྟེ། ལུས་མེད་པ་ནི་གཟུགས་ཅན་མ་ཡིན་པའི་སེམས་ཏེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། རྡོ་རྗེའི་ལུས་སུ་གྱུར་པ་ཡིན་ཞེས་བྱ་བ་ནི། མི
་ཕྱེད་པའི་གཟུགས་ཀྱི་ཚུལ་གྱིས་གནས་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལྔའོ།། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བ་ཞེས་བྱ་བ་ལ། འདི་ལས་རིན་པོ་ཆེ་རྣམས་འབྱུང་བས་ན་རིན་ཆེན
་འབྱུང་ལྡན་ནོ།། དཱི་ལ་ཁྱད་པར་ནི་འདི་ཡོད་དེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ཕྱག་རྒྱ་ཐམས་ཅད་སྔར་བསྒྲུབས་པ་ལས་ཕྱག་རྒྱ་དེ་རྣམས་ཀྱི་ཕྱག་རྒྱ་དགྲོལ
་བའི་དུས་སུ་རྡོ་རྗེ་རིན་ཚོན་མའི་ཕྱག་རྒྱས་དབང་བསྐུར་བ་ཡིན་ཏེ། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམསོ་ཅད་ཡོངསུ་རྫོགས་པར་བྱེད་པའི་མཚན་མ་ཡིད་བཞིན་གྱི་ནོར་བུ་རིན་པོ
་ཆེས་མཚན་པའི་རྒྱལ་མཚན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་རྟགས་སུ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ལག་ན་གནས་པའོ།། དེའི་དམ་ཚིག་ནི་སྙིང་པོ་དང་བཅས་པའི་ཕྱག་རྒྱའི་ཁྱད་པར་རོ།། དེ་བསམ
་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ཉིད་ལ་སྙོམས་པར་ཞུགས་པའོ།།
་རྡོ་རྗེ་རིན་པོ་ཆེའི་དམ་ཚིག་ཅེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་བསམ་པ་དེ་རིན་པོ་ཆེའི་རིགས་བསྐྱེད་པའི་ཕྱིར་རིན་པོ་ཆེའི་དམ་ཚིག་ཅེས་བྱ་བ་སྟེ། གང་མིང་དེ་སྐད་ཅེས་བྱ་བ་དེ་སྟོན་པར་བྱེད་པར་བྱེད་པའི་སྒྲ་ལ་ཡང་དེ་སྐད
་ཅེས་བྱའོ།། དེ་ཞེས་བྱ་བ་ནི་འོག་ནས་བ་ཤུད་པའོ།། དེ་བས་ན་སྒྲ་དེའི་རང་བཞིན་གྱི་ཕྱག་རྒྱ་རང་གི་པླག་རྒྱུ་དེ་ཅི་ཞིག་བྱས་ནས་ཤེ་ན། རང་གི་ཐུགས་ཀ་ནས་ཕྱུང་བ་སྟེ། བྱུང་བར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། རིན་པོ་ཆེ
་འོད་ར་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེའི་འོད་ཟེར་ནི་པདྨཱ་རཱ་གཱའི་མདོག་དང་། ནོར་བུཾ་པདྨ་རཱ་གོའི་དབྱིབས་ལྟ་བུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་པཱ་ནི། སྔར་བཤད་པའི
་རོལ་མོའི་ཚུལ་གྱིས་སོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨོཾ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། རྡོ་རྗེས་མཚན་པ་ཡང་ཡིན་ལ་རིན་པོ་ཆེའི་ངོ་བོ་ཉིད་ཡིན་པས་ན་རྡོ་རྗེ་རིན་ཆེན་ནོ།། དེ་གང་ཞེ་ན། བདག་ཉིད་ཅེས
་བྱ་བའོ།། གྲགས་ཞེས་བྱ་བ་ནི་བཤད་དོ་ཞེས་བྱ་བའི་དོན་ཏོ།། སུ་ཞིག་གི་ཡིན་ཞེ་ན། སངས་རྒྱས་ཐམས་ཅད་ཀྱིའོ།། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་ཕྱག་རྒྱ་ཐམས་ཅད་དགྲོལ་བའི་དུས་སུ་དབང་བསྐུར་བ་ཉིད
་བརྟན་པའི་ཚུལ་ཏེ། བརྟེན་པའི་ཐབས་སོ།། ད་ནི་དེ་བཞིན་གཤེགས་པ་གསུམ་པ་པདྨའི་རིགས་ཀྱི་ཕྱག་རྒྱ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་འཁོར་དུ་དབུལ་བ་ལ་འཇུག་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས
་བྱ་བ་ལ་སོགས་པ་གསུངས་སོ།། འཇིག་རྟེན་རྣམས་ཀྱི་དབང་པོ་ཡིན་པས་འཇིག་རྟེན་གྱི་དབང་ཕྱུག་གོ།། དེའི་རྒྱལ་པོ་ཡིན་པས་ན་འཇིག་རྟེན་གྱི་དབང་ཕྱུག་གི་རྒྱལ་པོ་སྟེ། སྣང་བ་མཐའ་ཡས་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན
་འདས་རྣམ་པར་སྣང་མཛད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡེ་ཤེས་ལ་རྒྱས་གདབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ། ཆོས་ཀྱི་ཕྱག་རྒྱ་བརྗོད་པའི་དུས་སུ་ལྕེ་ལ་རྡོ་རྗེ་དཀར་པོ་བཞུག
་གློ། རྣམ་པ་འདིས་རྒྱས་བཏབ་པའི་ཕྱིར་ཏེ། རང་གི་རིགས་ཀྱི་མཚན་མ་བཞག་པའི་ཕྱིར་རོ།། ཆོས་ཀྱི་རིགས་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་དོན་ཏོ།། དེའི་དམ
་ཚིག་ནི་སྙིང་པོ་དང་བཅས་པའི་ཕྱག་རྒྱའི་ཁྱད་པར་ཏེ། དེ་རྡོ་རྗེ་ལྟ་བུའི་བསམ་པའི་ཁྱད་པར་གང་ལས་འབྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་ཏེ། དེ་ནུས་མཐུ་བསྐྱེད་པའི་ཕྱིར། མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང
་ཡིན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། ཆོས་ཀྱི་རིགས་ཀྱི་དམ་ཚིག་དག་པའི་ཆོས་ཉིད་ཀྱི་མཚན་ཉིད་ནི་ཆོས་ཀྱི་དམ་ཚིག་ཅེས་བྱ་ལ། དོན་འདི་སྒྲ་གང་གིས་སྟོན་པ་དེ་ལ་ཡང་དེ་སྐད་ཅེས
་བྱའོ།། དེ་བས་ན་སྒྲའི་ངོ་བོ་ཉིད་ཀྱི་རང་གི་ཕྱག་རྒྱ་དེ་རང་གི་ཐུགས་ཀ་ནས་བྱུང་ངོ་།། འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། པདྨའི་འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལ། པདྨ་ལྟ་བུའི་འོདི་ཟེར་ཡིན་པས་ན་པདྨའི་འོད་ཟེར་རོ།། དེ
་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བཏབ་ཅེས་བྱ་བ་ནི་སྔར་སྨྲས་པའི་ཚུལ་གྱིས་སོ།། རྡོ་རྗེ་མཚན་པའི་པདྨ་ཡིན་པས་ན་རྡོ་རྗེ་པདྨའོ།། རྡོ་རྗེ་པདྨ་ཡང་ཡིན་ལ་ཆེན་པོའི་དབྱིབས་ཀྱང་ཡིན་པས་ན
་རྡོ་རྗེ་པདྨ་ཆེན་པོའི་དབྱིབས་སོ།། གྱུར་ནས་ཞེས་བྱ་བ་ནི་རེང་བའོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལཱ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་རྡོ་རྗེ་གཙང་མ་བདག་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དེ། འདིར་སྣང་བ་མཐའ
་སྲས་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་གཟུང་ངོ་།། དེ་རྣམས་ཀྱི་ཆོས་ཀྱི་རྡོ་རྗེ་ནི་བདག་ཡིན་ཏེ། ཆོས་ཉིད་སྟོན་པའི་རྡོ་རྗེ་ནི་རྡོ་རྗེ་ཆོས་སོ།། ཇི་ལྟ་བུ་ཞེ་ན། གཙང་མ་ཞེས་བྱ་བ་སྟེ་དབེན་པ་ཞེས་པའི་དོན་ཏོ།། རྒྱུ་གང
་གིས་ན་ཁྱོད་དག་པ་ཡིན་ཞེ་ན། གང་གི་རང་བཞིན་རྣམ་པར་དག་པ་ཞེས་བྱ་བ་སྟེ། དེ་ལྟ་བས་ན་རང་གི་ངོ་བོ་ཉིད་ཀྱི་རྣམ་པར་དག་པ་ན་རང་བཞིན་གྱིས་དག་པ་སྟེ། གང་གཞན་ལ་རག་ལོས་པར་མ་གྱུར་ཅིང་། རང་ཉིད་ཀྱི་ངོ་བོ
་ལས་མི་འགྱུར་བའི་རང་བཞིན་འདི་ནི་བདག་སྟེ། བདག་ཉིད་ཀྱི་ཆོས་ཉིད་ཀྱི་ངོ་བོ་ཡིན་ལ། དེའི་རྣམ་པར་དག་པ་ནི་རང་བཞིན་གྱིས་རྣམ་པར་དག་པའོ།། པས་ཞེས་བྱ་བ་ནི་ཉིད་ཅེས་བྱ་བའི་དོན་ཏོ།། རང་བཞིན་གྱིས་རྣམ་པར་དག
་པ་དེ་ཉིད་ཀྱིའོ།། འདོད་ཆགས་ཡིན་ཡང་དྲི་མ་མེད་ཅེས་བྱ་བ་ནི། གླང་གི་ཕྱིར་འདོད་ཆགས་ནི་འཇིག་རྟེན་ན་ཞེན་པའི་ངོ་བོར་གྲགས་ན། དེ་ཡང་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རྣམ་པར་དག་པ་སྟེ། དོན་དམ
་པར་མ་སྐྱེས་པ་ཞེས་བྱ་བའི་དོན་ཏོ།། ཡང་ན་མི་དགེ་བ་བཅུའི་ལས་ཀྱི་ལམ་ཀུན་ནས་མི་བསྐྱེད་ཅིང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པའི་ཕྱིར་སེམས་ཅན་སྨིན་པ་དང་གྲོལ་བ་ལ
་ཆགས་པ་ནི་རང་བཞིན་གྱི་དག་པ་ཉིད་དོ།། ད་ནི་དེ་བཞིན་གཤེགས་པ་བཞི་པས་ཀྱང་རང་གི་མཚན་མའི་ཕྱག་རྒྱ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ལ་འཁོར་དུ་དབུལ་བར་བསྟན་པའི་ཕྱིར། དེ
་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། སྒྲིབ་པ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་པས་ཐམས་ཅད་དུ་གདོན་མི་ཟ་ཞིང་། འབྲས་བུ་ཡོད་པའི་དངོས་གྲུབ་ཡོད་པས་ན་གདོན་མི་ཟ་བར་གྲུབ་པའོ།། བཅོམ
་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་སྔར་བཤད་པའི་སེམས་དཔའ་རྣམ་པ་བཅུ་དྲུག་གི་མཚན་ཉིད་ཅན་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་གདབ་པའི་ཕྱིར། ལས་ཀྱི
་ཕྱག་རྒྱུ་སྦྱོར་བའི་དུས་སུ་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ། ལས་ཀྱི་རྡོ་རྗེ་ཉེ་བར་དགོད་པས་རྒྱས་གདབ་ཅིང་རང་གི་རིགས་ཀྱི་མཚན་མ་བཞག་པའི་ཕྱིར་རོ།། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕ
་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དེ། ཚོགས་ཡོངསུ་རྫོགས་པར་མཛད་པའི་དུས་སུ་ཐམས་ཅད་དུ་འགྲོ་བ་ཡིན་པས་ན་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཅེས་བཤད་དེ། བརྩོན་འགྲུས་འདའ་ཞིག་གྲོགས་གྱུར་པས། གོ
་འཕང་བླ་ན་མེད་པ་བརྙེས་ཞེས། ཇི་སྐད་བཤད་པ་ལྟ་བུའོ།། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་པ་དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱའི་ཁྱད་པར་རྡོ་རྗེ་ཁ་བཞི་པ་དང་། དེ་སྟོན་པར་བྱེད་པའི་སྙིང་པོ་སྟེ། དམ་ཚིག་ནི་གཞུང་ལུགས་ལ
་རྣམ་པར་འཇོག་པའོ།། དྲི་ཡང་ཐུགས་ལ་གནས་པའི་མཚནྡ་མ་འདིས་ལས་ཀྱི་ཕྱག་རྒྱ་ལ་སྦྱར་བར་བྱའོ་ཞེས་བྱ་བའི་དེ་ལྟ་བུ་འདི་ནི་དམ་ཚིག་སྟེ། དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ
་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་ཡང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། མཚན་མ་གོང་ཐུགས
་ལ་བཞག་ནས་བདག་དང་གཞན་གྱི་དོན་མཛད་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གོ།། དེ་སྟོན་པར་བྱེད་པའི་སྒྲ་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ཅེས་བྱ
་བའི་སླར་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུས་ཀྱི་དམ་ཚིག་ཅེས་བྱ་བའི་རང་གི་ཕྱག་རྒྱ་རང་གི་སྙིང་ཀ་ནས་བྱུང་ངོ་།། འདི་ཞེས་བྱ་བ་ནི་རང་གི་ཐུགས་ལ་གནས་པའོ།། ལས་ཐམས་ཅད་ཀྱི་འོད་ཟེར་ཞེས་བྱ་བ་ནི
་ལས་ཐམས་ཅད་ཀྱི་ཕྱག་རྒྱ་ལྟ་བུའི་འོད་ཟེར་རོ།། འདི་སྐད་སྟོན་ཏེ། སེམས་དཔའ་རེ་རོའི་ཕྱག་རྒྱ་གང་ཡིན་པ་དེའི་དབྱིབས་ལྟ་བུའི་འོད་ཟེར་དུ་གྱུར་ཏེ་བྱུང་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཞེས་བྱ་བ་ལཱ
་དེ་བཞིན་གཤེགས་པོ་ཐམས་ཅད་ཀྱི་ཡེ་ཤེས་ནི་ལས་ཀྱི་ཕྱག་རྒྱ་དང་ལྡན་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་དུ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྙིང་པོ་དང་ཕྱག་རྒྱ་དགོད་པ་དེ་དག་གི་རང་གི་རང་གི
་རིགས་ཀྱི་འཇོག་པ་རྒྱས་པ་ཀུན་ཏུ་བཏབ་པའོ།། གཅིག་ཏུ་གྱུར་པ་ནི་སྤྲོ་བ་དང་བསྡུ་བས་ཐ་དད་པ་མེད་པར་བྱས་པའོ།། འདྲེས་པ་ནི་བརྟན་པའོ།། ཐམས་ཅད་དུ་རྩེ་མོ་ལྟས་པ་ནི་རྩེ་མོ་ཕྱོགས་བཞིར་བལྟས་པའོ།། ལས་སྟོན
་པར་བྱེད་པའི་རྡོ་རྗེ་ཡིན་པས་ནི་ལས་ཀྱི་རྡོ་རྗེའོ།། ལས་ཀྱི་རྡོ་རྗེ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ལས་ཀྱི་རྡོ་རྗེ་ཆེན་པོའོ།། དེའི་དབྱིབས་ནི་དེའི་གཟུགས་ཡིན་པས་ན་ལས་ཀྱི་རྡོ་རྗེ་ཆེནྡ་པོའི་དབྱིབས་ཏེ། དེ་ལྟ་བའི
་གཟུགས་སུ་བདག་ཉིད་སྤྲུལ་ཏོ་ཞེས་བྱ་བའི་དོན་ཏོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ནི། དེ་དང་འབྲེལ་པ་ཡིན་པའི་ཕྱིར་རོ།། དེ་གང་ཞེ་ན། ལས་ཀྱི་རྡོ་རྗེ་ཞེས་བྱའོ།། ཇི་ལྟ་བུ་ཞིག་ཅེ
་ན། མང་པོ་ཞེས་བྱ་བ་སྟེ། ལས་ཀྱི་ཕྱག་རྒྱ་ཐམས་ཅད་བསྡུས་པ་ལ་ཞུགས་པ་འམ། ལས་མང་པོ་བྱེད་པའི་ཕྱིར་རོ།། སུ་ཞིག་ཅེ་ན་བདག་གོ།། གཅིག་ཡིན་ན་མང་པོར་ཇི་ལྟར་འགྱུར་ཞེ་ན། གང་ཕྱིར
་གཅིག་ཀྱང་ཞེས་བྱ་བ་སྟེ། གང་གི་ཕྱིར་བདག་གཅིག་པུ་ཡིན་དུ་ཟིན་ཀྱང་སེམས་ཅན་གྱི་ཁམས་མ་ལུས་པའི་ལས་བཟང་པོ་བྱེད་དོ་ཞེས་བྱའོ།། འདི་སྐད་སྟོན་ཏེ། གང་གི་ཚེ་བདག་སྙིང་ལ་ཞུགས་པར་གྱུར་པ་དེའི་ཚེ།
་སེམས་ཅན་ཐམས་ཅད་མཆོད་པ་ལ་སོགས་པའི་ལས་ཇི་ལྟར་འདོད་པ་བཞིན་དུ་ཐོགས་པ་མེད་པར་བྱེད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་སྦྱོར་བའི་མཚན་ཉིད་ཀྱི་ཡེ་ཤེས་ཆེན་པོ
་དམ་ཚིག་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་དམ་ཚིག་སྟེ་རྡོ་རྗེ་སེམས་མྱོའོ།། དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ཀྱི་དབང་བསྐུར་བ་སྣོལ་བའི་གཙོ་བྱོར་གླགས་པ་ན་དཔུང་བསྐུར་བ་ཆེན་པོ
་རྡོ་རྗེ་རན་རྒྱུན་མའོ།། ཆོས་ཀྱི་རིགས་ལ་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་སྟོ་པ་ཉིད་ཀྱི་རྡོ་རྗེར་ཡོངས་སུ་གཟུང་བྱསྟེ་རབ་ཏུ་ཐུགས་པའི་ཕྱིར། རྡོ་རྗེའི་རྗེས་ཉིད་དེ་རྡོ་རྗེ་ཚེ་སྒྱུ་མའོ།། མརྒོད་པ་ཐམས་ཅད
་པ་ལ་ཐོགས་པ་ལ། རྣམ་པ་ཐམས་ཅད་དུ་སྦྱིན་གྱི་མ་ལོག་པར་ཞུགས་པས་ནི། མཆོད་པ་ཐམས་ཅད་ཅེས་བཤད་དེ་རྡོ་རྗེ་ལས་མའོ།། འདི་དག་ཐམས་ཅད་ནི་ཡང་ལེ་རོལ་ཏུ་ཕྱིན་པ་ཆེན་པོ་ཞེས་བྱ་བའི་སྒྲ
་ཡང་གསུངས་ཏེ། དྲི་ལྟ་ཞེ་མྦྷ་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ན་པཱ་རོལ་ཏུ་ཕྱིན་པ་ཐམས་ཅངྒ་ཡོངས་སུ་སྦྱང་བར་བྱེད་དེ། གང་གི་བྷུར་ནམྦྷ་བུར་མ་རྟག་པ་ཤས་སྨྲས་མ། ཕ་རལ་ཏུ་བླུན་པ་བམས་ཅད་དག་པར
་འགྱུར་རོ།། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་ནྟི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་དེ། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ལ་འཇུག་པར་བྱེད་དོ།། དེ་ཡང་ལོངས་སྤྱོད་ཀྱིས་ཡོངས་སུ་བསྨྲས་སོ།། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས
་ལ་ཡང་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར་རོ།། ཆོ་སུ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་གསོ་བར་བྱེད་པ་སྟེ་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེན
་པོ་ཐོས་པས་དད་པ་ལ་སོགས་པའི་དབང་པོ་ཡོངས་སུ་གསོ་བར་བྱེད་པས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་རྒྱས་པར་བྱེད་པའི་ཕྱིར་རྡོ་རྗེ་ལས་མ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པར་བྱེད་པ་སྟེ། ཕ་རོལ་ཏུ
་ཕྱིན་པ་ཐམས་ཅད་འཕེལ་བར་བྱེད་པའོ།། དེ་ཡང་བརྩོན་འགྲུས་དང་རབ་ཏུ་ལྡན་ན་ཡོན་ཏནྡ་རྣམས་ལྷག་པར་སྐྱེ་བར་བྱེད་པའི་ཕྱིར་རོ།། །། ཕྱག་རྒྱ་གཙྪ་བོ་འབྱུང་བ་རྫོགས་ནས་ད་ནི་དེའི་འཁོར་དུ་གྱུར་པའི
་ཕྱོག་རྒྱ་རྣམས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ།། དེ་ལཾ་དང་པོ་རེ་ཞིག་དེ་བཞིན་གཤེགས་པའི་རིགས་བྱུང་བས་ན། དེའི་འཁོར་དུ་གྱུར་པའི་ཕྱག་རྒྱ་བསྐྱེད་པར་བྱ་བའི་ཕྱིར་དེ
་བཞིན་གཤེགས་པ་ཐམས་ཅད་དགྱེས་པའི་མཆོད་པའི་དམ་ཚིག་ཅེས་བྱ་བ་གསུངས་ཏེ། དེབཞིན་གཤེགས་པ་ཐམས་ཅད་ནི་འདིར་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། ངེས
་བྱིན་གྱིས་བརླབ་པའི་སྔགས་པ་རྣམས་སོ།། དེ་རྣམས་ཀྱི་དགྱེས་པ་ནི་དགའ་བ་དང་སྡུག་པ་དང་ཆགས་པའོ།། གང་དུ་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་སྟེ་བྱང་ཆུབ་ཀྱི་སེམས་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད
་ཀྱི་རིགས་ཀྱི་མཆོད་པ་སྟེ། གང་གི་ཕྱིར་རྣལ་འབྱོར་པ་ཇི་སྲིད་བྱང་ཆུབ་ཀྱི་སེམས་ལ་ཆགས་པར་གྱུར་པ་དེ་དང་དེ་སྲིད་དུ་ཉོན་མོངས་པ་ཐམས་ཅད་མི་ཤེས་པ་དང་། ལྷན་ཅིག་བག་ཆགས་དང་བཅས་པར་རིམ་གྱིས
་ལྡོག་པར་འགྱུར་ཞིང་། ཐམས་ཅད་མཁྱེན་པ་ཡང་ཐོབ་པར་འགྱུར་བའི་རྒྱུ་ནི། བྱང་ཆུབ་ཀྱི་སེམས་ལ་སེམས་པ་ཡང་སྐྱེ་བ་དང་། གནས་པ་དང་། འབྲེལ་པ་དང་རྣམ་པར་དག་པ་ཡིན། དེ་བས་ན་འདི་ནི་རིགས་འདི་དག
་ཐམས་ཅད་ཀྱི་ཡུམ་དུ་འགྱུར་ཞིང་ཡབ་ཏུ་གྱུར་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་བཙུན་མོ་ཞེས་ཀྱང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ།།
་དེ་བས་ན་འདི་ནི་ལྷ་ཆེན་པོ་ཡིན་ལ། དེའི་ལྷ་མོ་ཡིན་པས་ནེ་ལྷ་མོ་ཆེན་མོ་ཞེས་ཀྱང་བཤད་དོ།། དེ་ཉིད་ནི་སྡུག་པ་ཡང་ཡིན་ཏེ། བྱང་ཆུབ་ཀྱི་སེམས་དེས་གཟུང་བར་བྱ་བ་ཡིན་ཞིང་གསོ་བར་བྱ་བ་ཡིན་ཏེ། དེ་བས
་ན་བཙུན་མོ་ཞེས་ཀྱང་བཤད་དོ།། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་དམིགས་པ་ལུས་དོ་རྫོགས་ཤིང་འཕེལ་བར་འགྱུར་བའི་ཕྱིར་རོ།། དེ་བས་ན་འཁོར་བའི་གར་གྱི་ལྟད་མོའི་ས་འདི་ན། སངས་རྒྱས་ནི་གར་ཐབས་ཀྱི
་འཁོར་ལོ་ཡིན་ཏེ། དེར་གཙོ་བོ་བཅོམ་ལྡན་འོདས་རྡོ་རྗེ་སེམས་དཔའ་ཡིན་ལ་གཙོ་མོ་ནི་རྡོ་རྗེ་སྒེག་མོ་ཡིན་ནོ།། དེའི་འཁོར་ནི་འོག་ནས་བཤད་པ་རྣམས་སོ།། ཆོས་ཀྱི་རྒྱལ་པོ་བླ་ན་མེད་པ་ལ་བཞག་པར་བྱ་བའི་ཕྱིར། སེམས
་ཅན་རྣམས་དགའ་བར་མཛད་པའི་དོན་དུ་བཅོམ་ལྡན་འདས་ཀྱི་འཁོར་ལོ་འདི་སྤྲུལ་པར་མཛད་པ་ཡིན་ནོ།། དེ་ལྟ་བུའི་དགའ་བའི་རྣམ་པའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེའི་བསམ་པའི་ཁྱད་པར་གྲོང་ལས
་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པར་མཛོད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྷ་མོ་ཆེན་མོ
་ཡིན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོའོ་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། ཡང་གཅིག་ཏུ་འདྲེས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སྔར་ཕྱག་རྒྱའི་གཟུགས་དང་། སངས་རྒྱས་ཀྱི་སྐུ་སོ་སོར
་བྱུང་ནས་གཅིག་ཏུ་འདུས་པ་ཡིན་པ་ལས། ད་ནི་ཏིང་ངེ་འཛིན་གྱི་བྱིན་གྱི་བརླབས་ཀྱི་དབང་གིས་གཟུགས་གཅིག་ཏུ་གྱུར་པའོ།། འདྲེས་པ་ནི་བརྟན་པའོ།། གཅིག་ཏུ་གྱུར་ནས་ཅི་ཞིག་ཏུ་རེད་ཅེ་ན། དེའི་ཕྱིར་ལྷ་མོ་ཆེན་མོ་རྡོ་རྗེ
་འཛིན་མ་ཞེས་བྱ་བ་གསུངས་ཏེ། འཛིན་མ་ཞེས་བྱ་བ་ནི་སྡུག་པ་ལ་བྱ་བར་བཤད་དོ།། དེའི་ཕྱག་རྒྱ་མཚན་པས་སྒེག་པས་ན་རྡོ་རྗེ་འཛིན་མའོ།། ཇི་ལྟ་བུ་ཞེ་ན། རྡོ་རྗེ་སེམས་དཔའི་བདག་ཉིད་དང་འདྲ་བ་ཞེས་བྱ
་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང་འདྲ་ཞིང་རྗེས་སུ་མཐུན་པའི་བདག་ཉིད་ཀྱི་དངོས་པོའི་ལུས་གང་ལ་ཡོད་པ་དེ་ལ་ནི། རྡོ་རྗེ་འཛིན་པའི་བདག་ཉིད་དང་འདྲ་བ་ཞེས་བྱའོ།། ཁ་དོག་སྣ་ཚོགས་པ་ནི་དཀར་མོ་མཛེས་པའོ།། གཟུགས
་སྣ་ཚོགས་པ་ནི་ཡན་ལག་གི་གཟུགས་མཛེས་པའོ།། མཚན་མ་སྣ་ཚོགས་པ་ནི་ནུ་མ་དང་སྐྲ་ལ་སོགས་པའོ།། སྤྱོད་ལམ་སྣ་ཚོགས་པ་ནི་འདུག་པ་དང་འགྲོ་བ་ལ་སོགས་པའོ།། རྒྱན་ཐམས་ཅད་ནི་གདུ་བུ་དང་དཔུང་རྒྱུན་ལ
་སོགས་པའོ།། དེ་རྣམས་ཀྱིས་ཀླུབས་པ་བྱ་བ་ནི་བརྒྱན་པའོ།། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་བསྡུད་པར་གྱུར་པ་ཞེས་བྱ་བ་ལ། དེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བའི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས
་པའི་རིགས་ཐམས་ཅད་སྡུད་པའོ།། རྡོ་རྗེ་སེམས་དཔའི་ལྷ་མོ་ཞེས་བྱ་བ་ནི་རྡོ་རྗེ་སེམ་དའ་དགྱེས་པའོ།། གྱུར་ཅེས་བྱ་བ་ནི་རེད་པའོ།། ཨེ་མའོ་ཞེས་བྱ་བ་ནི་རྨད་དུ་གྱུར་པའོ།། ཅི་ཞིག་རྨད་དུ་གྱུར་ཅེ་ན། བདག་འདྲ་གཞན་མེད་དེ་ཞེས
་བྱ་བའོ།། ཁྱོད་དང་འདྲ་བ་གཞན་ཅི་ཞིག་མེད་ཅེ་ན། མཆོད་པ་གཞན་ཞེས་བྱའོ།། གང་གི་ཞེ་ན། རང་འབྱུང་རྣམས་ཀྱིའོ།། གང་ཁྱོད་དང་འདྲ་བ་མེད་ན་ཡང་འདིར་ངོ་མཚར་ཅི་ཞིག་ཆེ་ཞེ་ན། གང་ཕྱིར་འདོད་པ་དགའ་མཆོད་པས། མཆོད
་བ་ཐམས་ཅད་བྱས་པར་འགྱུར། ཞེས་བྱ་བ་གསུངས་ཏེ། འདོད་པ་ནི་འདོད་ཅིང་ཆགས་པར་བྱ་བའི་ངོ་བོ་ཉིད་ཡིན་པས་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ།། དེ་ལ་དགའ་བ་ནི་དེར་སྡུག་པ་སྟེ། སྤྲུག་པ་དེས་མཆོད་པ་ཚད་མེད
་བལ་འཇུག་པར་འགྱུར་ཏེ། གུང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ཀྱི་ཡུལ་ལ་དགའ་བའི་མཉམ་པར་བཞག་པའི་སེམས་ཀྱིས་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པ་ཚད་མེད་པ་ལ་འཇུག་པར་འགྱུར་རོ།། དེ་བས་ན
་བདག་དང་འདྲ་བ་གཞན་མེད་དོ་ཞེས་བཤད་དོ།། དེ་བཞིན་གཤེགས་པའི་རིགས་ལ་བྱང་ཆུབ་ཀྱི་སེམས་ལ་དགའུ་བ་རྡོ་རྗེ་སྒེག་མོའི་མཆོད་པའི་ཕྱག་རྒྱའི་གཟུགས་སུ་སྤྲུལ་ནས། ད་ནི་བྱང་ཆུབ་ཀྱི་སེམས་ལ་དགའ་བའི་ཆོས་བཞིས
་བསྡུས་པས་སངས་རྒྱས་ཀྱི་ས་ཐོབ་པར་འདོད་པའི་མཚན་ཉིད་ཅན་དད་པའི་ནོར་བུ་རིན་པོ་ཆེའི་སངས་རྒྱས་ལྔའི་སྐུའི་ནོར་བུ་རིན་པོ་ཆེའི་ཕྲེང་བས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བའི་ཕྱིར། རིན་པོ་ཆེའི་རིགས་སྟོན་པར
་མཛད་པ་ནི་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རིན་པོ་ཆེའི་ཕྲེང་བས་ཞེས་བྱ་བ་སངས་རྒྱས་ཀུན་གྱི་དབུ་རྒྱུན་གྱིས
་མཚན་པའི་དབང་བསྐུར་བ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བ་སྟེ། དབང་བསྐུར་བ་ནི་ཆོས་ཀྱི་རྒྱལ་པོ་ཐོབ་པའི་ནུས་མཐུ་བསྐྱེད་པའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ
་ལ་སོགས་པ་སྟེ། དེ་རིན་པོ་ཆེའི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་འདི་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར
་ཞུགས་པའོ།། འདི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་རྣམས་ཡང་དག་པར་སྐྱེད་པའི་བྱང་ཆུབ་སེམས་ཉིད་ལ་རྡོ་རྗེ་རིན་པོ་ཆེར་བཞག་པའི་དད་པའི་རིན་པོ་ཆེ་དེ་ཉིད་ལྷ་མོ་ཆེན་མོ་ཡིན་པར་རྣམ་པར་བཞག་གོ།། འདི
་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། འདིས་བསྐུལ་བ་ནས་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཞེས་བྱ་བ་བཞི་པོ་ལས་སོ།། རིན་པོ་ཆེའི་ཕྱག་རྒྱར་གྱུར་ནས་བྱུང་བ་ཞེས་བྱ་བ་ནི་རིན་པོ་ཆེ་ལྟ་བུ་ཡང་ཡིན་ལ།
་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་རྒྱས་འདེབས་པར་བྱེད་པ་ཡང་ཡིན་པས་རིན་པོ་ཆེའི་ཕྱག་རྒྱའོ།། རྡོ་རྗེ་རིན་ཆེན་གྱི་འཁོར་ལོ་སྒྱུར་གྱི་ལྷ་མོ་ཆེན་མོ་ཡིན་པ་ཡང་གོང་མ་བཞིན་ནོ།། རྡོ་རྗེས་མཚན་པའི་ཕྲེང་བ་ནི་རྡོ་རྗེ་འཕྲེང་མའོ།།
་དེ་བཞིན་དུ་གྱུར་ནུས་ཞེས་བྱ་བ་འདིས་ནི་ཁ་དོག་དང་གཟུགས་སྣ་ཚོགས་པ་ལ་སོགས་པ་སྔ་མོ་བཞིན་དུ་སྦྱར་རོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་ཆེ་ཞེ་ན།
་བདག་དང་འདྲ་བ་མེད་ཅེས་བྱའོ།། འདྲེ་བ་མེད་པ་ནི་མཚུངས་པ་མེད་པ་སྟེ། བདག་ཉིད་དང་འདྲ་བ་མེད་པའོ།། ཁྱོད་མིང་ཇི་སྐད་བྱ་ཞེ་ན། རིན་ཆེན་མཆོད་པ་ཞེས་པ་སྟེ། རིན་པོ་ཆེའི་མཆོད་པ་ཡིན་པས་ན། རིན་ཆེན་མཆོད་པ་སྟེ
་དབང་བསྐུར་བའི་མཚན་ཉིད་དོ།། གྲགས་པ་ནི་རབ་ཏུ་གྲགས་པའོ།། རྒྱུ་གང་གིས་ན་ཁྱོད་གཅིག་ཏུ་འདྲ་བ་མེད་པ་ཉིད་ཡིན་ཞེ་ན། གང་ཕྱིར་ཁམས་གསུམ་རྒྱལ་མཆོག་ཀྱང་། རབ་ཏུ་མཆོད་པ་བྱེད་པར་འགྱུར་ཞེས་བྱ་བ་སྟེ། གང
་གི་ཕྱིར་ཁམས་གསུམ་པོ་མ་ལུས་པའི་ནང་ན། ཆོས་ཀྱི་རྒྱལ་པོ་གཅིག་པུ་ཡིན་ལ། དེ་བས་ན་གནས་དེ་ནི་མཆོག་ཏུ་གྱུར་པ་ཡིན་པས་ན་ཁམས་གསུམ་རྒྱལ་མཆོག་ཀྱང་ཞེས་གསུངས་པ་ཡིན་ནོ།། རབ་ཏུ་མཆོད་པ་བྱེད་པར
་འགྱུར་ཞེས་བྱ་བ་ནི། ངས་རབ་ཏུ་མཆོད་ན་བྱེད་པར་འགྱུར་བ་སྟེ། དེ་ལྟ་བས་ན་བདག་ནི་མཆོད་པ་མཚུངས་པ་མེད་པ་གཅིག་པུ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བ་འདིས་ནི་བྱང་ཆུབ་སེམས་དཔའི་རྒྱུན་ཐམས་ཅད་ཀྱི
་མཆོག་སྟོན་པ་ཡིན་ནོ།། བྱང་ཆུབ་ཀྱི་སེམས་ལ་དགའ་ཞིང་སངས་རྒྱས་ཀྱི་ས་ཐོབ་པར་འ། དོད་པ་སྐྱེས་སུ་ཟིན་ཀྱང་། ཐེག་པ་ཆེན་པོ་བླ་ན་མེད་པའི་ཆོས་མ་ཐོས་ན་མངོན་པར་འཚང་རྒྱ་མི་སྲིད་དེ། དེ་བས་ན་ཆོས་ཀྱིས་ཀླུའི
་ལོངས་སྤྱོད་མྱོང་བར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀླུའི་མཆོག་ནི་གདུལ་བྱའི་སྐྱེ་བ་རྣམས་དབང་པོ་ཇི་ལྟར་སྨིན་པ་བཞིན
་དུ་རྗེས་སུ་ཕན་འདོགས་པར་མཛད་པའི་ཕྱིར་ཉིད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཚིགས་སུ་བཅད་པའི་དབྱངས་ཀྱི་ཆོས་ཡང་དག་པར་མཛད་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀླུའི་མཆོག་གོ།། དེའི་དམ་ཚིག་ནི་སྙིང
་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ཆོས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི
་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ལ་ནི། ཐེག་པ་ཆེན་པོ་བླ་ན་མེད་པའི་ཆོས་ལུང་གི་མཚན་ཉིད་མ་ཐོས་པར་རྟོགས་པའི་ཆོས་ཀྱང་འབྱུང་མི་སྲིད་དེ། དེ་བས་ན་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་གླུའི་མཆོག་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོར་བསྟན་ཏོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་མ
་ཐག་ཏུ་ཞེས་བྱ་བ་ནི་བཞི་པོ་ལས་སོ།། དག་པའི་ཆོས་ཀྱི་དོན་སྟོན་པ་པདྨོའི་ཚུལ་ལྟ་བུའི་ཕྱག་རྒྱ་ནི་ཆོས་ཀྱི་ཕྱག་རྒྱ་ཞེས་བཤད་དོ།། ལྷ་མོ་ཆེན་པོ་རྡོ་རྗེ་གླུར་གྱུར་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས
་པའི་ཚིགས་སུ་བཅད་བྱའི་གཟུགས་ཅན་གྱི་ཕྱག་རྒྱ་དེ་ཉིད་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་གར་ཐབས་བསྟན་པའི་ཕྱིར། བཅོམ་ལྡན་འདས་རྡོ་རྗེ་ཆོས་འཁོར་ལོ་སྒྱུར་བའི་ལྷ་མོ་ཆེན་མོ་ཉིད་དུ་རྣམ་པར
་བཞག་པར་སྟོན་པ་ཡིན་ནོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། གླུ་མཆོག་ཚུལ་གྱིས་མཆོད་པ་ཡིན་ཞེས་བྱ་བ་ནི། འདི་སྐད་སྟོན་ཏེ། ང་ནི་ཆོས་ཡང་དག་པར་གླུ་བླངས་པའི་ཚིགསུ་བཅད་པའི་རང་བཞིན
་ཡིན་གྱིས། དེ་ཁོ་ན་ཉིད་དུ་ན་བུད་མེད་ཀྱི་གཟུགས་ནི་མ་ཡིན་ནོ།། ཁྱོད་གང་གི་གླུའི་མཆོག་གི་ངོ་བོ་ཡིན་ཞེ་ན། དེའི་ཕྱིར་ཀུན་ཏུ་གཟིགས་པའི་ཞེས་གསུངས་ཏེ། དུས་གསུམ་ཐམས་ཅད་དུ་ཐོགས་པ་མེད་པའི་གཟིགས་པ
་གང་ལ་མངའ་བ་དེ་ནི་ཀུན་ཏུ་གཟིགས་པ་སྟེ། དེ་རྣམས་ཀྱི་བདག་གླུའི་མཆོག་ནི་རང་བཞིན་གྱི་མཆོད་པའོ་ཞེས་པ་སྟེ། དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་ཁྱོད་གླུའི་མཆོག་གི་མཆོད
་བའི་ངོ་བོ་ཉིད་ཡིན་པ་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཕྱིར་སྒྲ་བརྙན་འདྲ་བ་ཡིན་ཞེས་བྱ་བ་ལ། སྒྲ་བརྙན་ནི་བླག་ཆ་སྟེ། སྒྲ་བརྙན་དེ་དང་འདྲ་ཞིང་མཚུངས་པའི་སྒྲ་གང་ཡིན
་པའི་ཚིག་དང་། ངག་དང་ཡི་གེ་རང་བཞིན་དེ་དག་ནི་སྒྲ་བརྙན་དང་འདྲ་སྟེ། ཚུལ་དེ་ལྟ་བུའི་ངོ་བོ་ཉིད་ནི་དོན་དམ་པར་མེད་དུ་ཟིན་ཀྱང་། ཇི་ལྟར་མངོན་པར་འདོད་པའི་དོན་རྟོགས་པར་བྱེད་པས་སེམས་དཔའ་རྣམས་བརྙེས
་པར་བྱེད་དེ། འདི་ནི་འདིར་ངོ་མཚར་ཆེའོ།། རྡུལ་ཕྲ་རབ་བརྟགས་པ་ལྟར་སྐྱེས་མ་ཐག་ཏུ་འཇིག་པའི་ཡི་གེ་ཀ་ལ་སོགས་པའི་དངོས་པོ་ནི་སྔ་མ་དང་ཕྱི་མ་སྦྱོར་བར་མི་བྱེད་དོ།། གང་གི་ཕྱི་ར་ཡི་གེ་ལ་སོགས་པ་ཡོད་དུ་ཟིན་ཀྱང
་ཀ་བ་ཞེས་བྱ་བར་ག་ལས་གཟུང་འདི་སྐད་སྟོན་ཏེ། ཇི་ལྟར་ན་སྒྲ་བརྙན་ནི་མི་ཤེས་པ་ཇི་ལྟ་བ་བཞིན་དུ་སྒྲ་རྣམས་ཀྱང་ཚིག་དང་ངག་གི་ཚུལ་དུ་འཇིག་རྟེན་དུ་རབ་ཏུ་གྲགས་ཏེ། གང་གི་ཕྱིར་ཡི་གེ་རྣམས་ནི་དུས་གཅིག་ཏུ
་བརྗོད་པ་མི་སྲིད་ལ། རཱི་རེ་ནས་བརྗོད་དུ་ཟིན་ཀྱང་། སྐྱེས་པ་རྣམས་ནི་དུས་གཞན་དུ་སྤྱོད་པ་མེད་དེ། དེ་བས་ན་ཚིག་མི་སྲིད་དོ།། གང་གི་ཕྱིར་ཡི་གེ་ཚོགས་པ་ལ་ནི་ཚིག་ཏུ་འདོད་པ་ཡིན་ན། ངག
་མེད་པས་ཚིག་གི་ཚོགས་དོན་གཅིག་བརྗོད་པ་ནི་ངག་གི་མཚན་ཉིད་ཡིན་པོས་ཚིག་ཀྱང་མེད་པར་འགྱུར་རོ།། ཚིག་དང་ངག་བརྗོད་དུ་མེད་པས་སྒྲ་ཐམས་ཅད་ཀྱང་སྒྲ་བརྙན་དང་འདྲ་བ་ཉིད་ཡིན་ཏེ། དེ་ལྟ་བུའི་སྒྲ
་རྣམས་ཀྱིས་སངས་རྒྱས་རྣམས་དོན་གཅིག་པར་མཛད་ཅིང་། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་མངོན་པར་འདོད་པ་བཞིན་དུ་དགའ་བར་མཛད་པས་ན་འདི་ནི་ངོ་མཚར་ཆེའོ།། །། ད་ནི་བྱང་ཆུབ་སེམས
་དཔའ་ཆེན་པོའི་དོན་ཐོས་ནས་དེ་སྒྲུབ་པ་ལ་ནན་ཏན་དུ་བྱ་བའི་མཚན་ཉིད་ཀྱི་ཀུན་ཏུ་སྤྱོད་པ་སངས་རྒྱས་ལ་མཆོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་རང་བཞིན་གར་གྱི་མཆོད་པ་བསྟན་པར
་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་གར་གྱི་རང་བཞིན་མཆོད་པ་སྟེ། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས
་པའོ།། དེ་ལས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ
་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོ་སེམས་ཅན་གྱི་དོན་མཛད་པའི་ཕྱིར། ཀུན་ཏུ་སྤྱོད་པར་མཛད་པ་སྟེ། གང་གི་ཕྱིར་གཡོ་བ་དེས་དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་རིགས་འབྱུང་བ་ན་དེའི་ཕྱིར་དེ་ལ་ཡང་དེར་ལྷ་མོ་ཆེན་མོ་ཞེས་བཤད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་བའི་བྱང་ཆུབ་སེམས་དཔའ་རྣམས་དང་། དེས་བྱིན་གྱིས་བརླབས་པའི་སྔགས་པ
་རྣམས་སོ།། དེ་རྣམས་དང་འབྲེལ་པའི་གར་གྱི་མཆོད་པ་ནི། རྡོ་རྗེ་གར་གྱི་མཆོད་པའི་ཆོ་ག་འདི་ལྟར་ཆིངས་ཤིག་ཅེས་ལག་པ་གཉིས་རྡོ་རྗེ་གར་གྱི་བསྐོར་བའི་ཚུལ་དུ་སྟོན་པ་འདི་ནི་ཆོ་གའོ།། དེའི་རྒྱས་པ་ནི་དེ་བཞིན
་གཤེགས་པ་ཐམས་ཅད་དང་འབྲེལ་པའི་གར་གྱི་མཆོད་པའི་ཆོ་ག་རྒྱས་པ་སྟེ། དེ་རྣམས་ལས་སོ།། རྡོ་རྗེ་ལྷ་མོ་ཆེན་མོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པ་དེས་རྡོ་རྗེ་གར་གྱི་ཚུལ
་གྱི་བྱ་བའི་མཛད་པ་ལྷ་མོ་ཆེན་མོ་ཉིད་དུ་སྤྲུལ་པར་མཛད་པའོ།། གཡོན་ཕྱོགས་སུ་ཞེས་བྱ་བ་ནི་བཞི་ཆར་ལ་ཡང་བསྟན་པ་ཡིན་ཏེ། གང་གི་ཕྱིར་གཡོན་པ་ཞེས་བྱ་བ་ནི་བུད་མེད་ཀྱི་རྣམ་གྲངས་ཡིན་ཏེ། དྲི་བས་ན་ཐམས
་ཅད་གཡོན་དུ་གནས་པར་བརྟག་གོ།། ཐམས་ཅད་ཀྱང་ཟླ་བ་རྒྱས་པ་ཞེས་སྨོས་པ་ནི་བཞིན་མདངས་རྒྱས་པར་སྟོན་པའི་དོན་ཡིན་ནོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཆོས་ཀུན་དོན་མཛད་པའི་ཞེས་བྱ་བ་ནི
་རིན་པོ་ཆེ་ལ་སོགས་པའི་ཡོ་བྱད་ཀྱི་ཁྱད་པར་གྱིས་རྫས་གང་གིས་མཆོད་པར་བྱེད་པའི་རྫས་དེ་བསམས་པ་ཙམ་གྱིས་ན་མཁའ་ཉིད་ལས་འབྱིན་པར་བྱེད་པའི་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ
་པས་ན་ཆོས་ཀུན་དོན་མཛད་པ་ཞེས་བྱའོ།། ཡང་ན་མཆོད་པ་འདིས་སངས་རྒྱས་ཉིད་ཐོབ་པར་བྱས་ནས་སེམས་ཅན་གྱི་དོན་བླ་ན་མེད་པ་བྱེད་པར་གྱུར་ཅིག་ཅེས་སྨོན་ལོམ་བཏབ་པ་དེ་ད་ལྟར་མཛད་པས་ན་མཆོག་ཀུན་དོན
་མཛད་པ་ཞེས་བྱའོ།། ཡང་ན་མཆོད་པའི་རྣམ་པ་བཀོད་པ་ཐམས་ཅད་ནི་མཆོད་ཀུན་ཏེ། དེའི་དོན་ནི་རྣམ་པར་བཞག་པ་སྟེ། དེ་མཛད་པས་ནི་མཆོད་ཀུན་དོན་མཛད་པའོ།། མཆོད་པ་རྒྱ་ཆེན་ཞེས་བྱ་བ་ནི་གོས་དང་རིན་པོ་ཆེ
་ལ་སོགས་པ་མཆོག་ཏུ་གྱུར་ཅིང་། ཁྱབ་པ་ཉིད་དང་སྦས་པའི་ཁྱད་པར་དམ་པ་རྣམས་ཀྱི་རྒྱ་ཆེ་བ་ཡིན་པའི་ཕྱིར་རོ།། མཆོད་པ་ཆེན་པོས་མཆོད་པར་འོས་པའི་ཕྱིར་ན་མཆོད་པ་རྒྱ་ཆེན་ཏེ། དེ་བཞིན་གཤེགས་པའོ།། །
་ཡང་ན་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ། མཆོད་པ་རྒྱ་ཆེན་པོར་བྱས་པ་ན་མཆོད་པ་རྒྱ་ཆེན་ཏེ། དེ་བས་ན་མཆོད་པ་རྒྱ་ཆེན་པོ་དག་གིས་མཆོད་པའོ།། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ་གང་གི་ཕྱིར་རྡོ་རྗེ་གར
་གྱི་ཆོ་གོས་ཀྱང་། སངས་རྒྱས་མཆོད་པར་རབ་རྟོག་ཅིང་སྣ་ཚོགས་སྤྲས་པར་བྱེད་པས་ན། དེ་དག་གི་མཆོད་པའི་དོན་ཐམས་ཅད་མཛད་པ་འདི་ནི་ངོ་མཚར་ཏོ་ཞེས་སྟོན་ཏོ།། རྡོ་རྗེ་སྒེག་མོ་ནི་དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་བདེ་བ་དང་ཡིད་བདེ་བའི་ངོ་བོ་ཉིད་དེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་ལ་དགའ་བ་ནི་རྡོ་རྗེ་སྒེག་མོའོ་ཞེས་གསུངས་པའི་ཕྱིར་དང་། ཆོས་མངོན་པ་ལས་ཀྱང་། དགའ་བ་ནི་ཡིད་བདེ་བའོ་ཞེས་གསུངས་པ་དང་།
་ཡིད་བདེ་བ་དེ་ཉིད་བསམ་གཏན་གསུམ་པས་བསྡུས་པས་སེམས་ལས་བྱུང་བའི་བདེ་བར་གསུངས་པ་ཡང་དེ་ཉིད་ཡིན་ནོ།། དེ་ལྟ་བས་ན་བདེ་བ་དང་ཡིད་བདེ་བའི་ངོ་བོ་ཉིད་པར་གསུངས་སོ།། བླ་ན་མེད་པ་ནི་བྱང་ཆུབ་ཀྱི
་སེམས་ཀྱིས་དགའ་བས་ལྷག་པ་གཞན་མེད་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བར་མཛད་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲེང་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིནྡ
་པོ་ཆེའི་དབུ་རྒྱན་ལ་དེ་བཞིན་གཤེགས་པ་འབའ་ཞིག་གི་ཕྲེང་བའི་ཚུལ་དུ་གནས་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིགསུ་བཅད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གླུའོ།། མཆོད་པའི
་ལས་ནི་གར་གྱི་ལས་བྱེད་པ་སྟེ། འདིའི་གོད་ན་གཞན་མེད་པསྡུ་ན་བླ་ན་མེད་པའོ།། མཆོད་པའི་ལས་ཀྱང་ཡིན་ལ། བླ་ན་མེད་པ་ཡང་ཡིན་པས་ན་མཆོད་པའི་ལས་བླ་ན་མེད་པའོ།། དེ་མཛད་པའི་ངང་ཚུལ་ཅན་ཡིན་པས
་ན་མཆོད་པའི་ལས་བླ་ན་མེད་པ་མཛད་པ་སྟེ། འདིར་མཆོད་པའི་ལས་བླ་ན་མེད་པ་ནི་བསྒྲུབ་པའི་མཆོད་པ་ལ་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་སྙོམས་པར་འཇུག་པ་ལ་དཀྱིལ་འཁོར་དུ
་དགོད་པས་ཁང་པ་རྩེག་མའི་གྲཝ་ན་རྣམ་པར་བཞག་པར་སྤྲུལ་ཏེ། དེ་བས་ན་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཞིང་། མཆོད་པ་འདི་རྣམས་ཡིད་ཀྱིས་བརྟག་པར་བྱ་བ་ཡིན་པས་ན་དེའི་ཕྱིར་གསང
་བའི་མཆོད་པ་ཞེས་བྱའོ།། ། ནང་གི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོད་པ་བསྟན་ནས། ད་ནི་ཕྱིའི་དཀྱིལ་འཁོར་གྱི་མཚམས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མོ་ཆོད་པ
་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། ཡང་ཞེས་བྱ་བ་ནི་སྔར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། མི་བསྐྱོད
་བའི་རང་གི་རིགས་ཀྱི་ཡེ་ཤེས་ཀྱི་རྒྱས་གདབ་པའི་ཕྱིར། འཁོར་དུ་གྱུར་པའི་ཕྱག་རྒྱ་རྣམས་ཕུལ་བ་དེ་ལ་བལྟོས་ནས་ཡང་ཞེས་གསུངས་པ་ཡིན་ནོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཀྱང་མི་བསྐྱོད
་པའི་དཀྱིལ་འཁོར་དུ་རྡོ་རྗེ་སྒེག་མོ་ལ་སོགས་པ་གསང་བའི་མཆོད་པ་རྣམས་བསྟབས་སོ།། དེ་ལྟར་མཆོད་པ་དེའི་ལན་དུ་བཅོམ་ལྡན་འདས་མི་བསྐྱོད་པས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སླར་མཆོད
་པར་རིག་པས། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་ཚིམ་པ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཚིམ་པ་ནི་ཕྱི་དང་ནང་ཤིན་ཏུ་སྐྱེངས་པའི་ངོ་བོ་བདུག་པའི་ཕྱག་རྒྱ་སྟེ།
་མཉམ་པར་འཇོག་པ་ལ་གནས་པ་རྣམས་ནི་ལུས་ཤིན་ཏུ་སྦྱངས་པའི་སྐྱེ་བ་གང་ཡིན་པ་དང་། ཕྱི་རོལ་གྱི་ཡང་སྣའི་དབང་པོ་ཡུལ་བདུག་པ་དང་ཕྲད་པ་ལས་ཤིན་ཏུ་སྦྱངས་པ་གང་ཡིན་པ་སྟེ། ཤིན་ཏུ་སྦྱངས་པ་དེ་གཉི
་ག་ལ་ཡང་ཤིན་ཏུ་ཚིམ་པའི་ཕྱག་རྒྱ་ཞེས་བྱའོ།། དེ་བས་ན་དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ་སེམས་ཀྱི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན
་གང་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ།། གཡོག་མོའི་གཙོ་བོ་ནི་གཟུགས་ཀྱིས་གཙོ་བོའི་ལོངས་སྤྱོད་དུ་འོས་པ་ཡིན་ལ། བདུག་པའི་མཆོད་པ་འདི་ཡང་གཙོ་བོའི་ལོངས
་སྤྱོད་དུ་གྱུར་པ་ཡིན་ཏེ། ཆོས་མཐུན་པ་དེས་ན་གཡོག་མོའི་གཙོ་མོ་ཞེས་བཤད་པ་ཡིན་ནོ།། རྒྱལ་པོའི་ཕོ་བྲང་ན་གནས་པར་སྟོན་པའི་ཕྱིར་རོ།། དེ་སྟོན་པའི་ཚིག་ལ་ཡང་གཡོག་མོ་ཞེས་བཤད་དེ། དེ་བས་ན་དེ་རང་གི་ཐུགས
་ཀུ་ནས་བྱུང་བའོ།། འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། བདུག་པའི་མཆོད་པའི་སྤྲིན་གྱི་བཀོད་པ་རྣམ་པ་དུ་མ་ཞེས་བྱ་བ་ལཾ་བདུག་པར་བྱེད་པས་མཆོད་པ་ཡིན་བྱས་ན་བདུག་པའི་མཆོད་པའོ།། ཡང་ན་བདུག་པའི
་ངོ་བོ་ཉིད་ཀྱི་མཆོད་པ་ཡིན་པས་ན་བདུག་པའི་མཆོད་པའོ།། དེ་མང་པོ་འདུས་པ་ལ་ནི་སྤྲིན་ཞེས་བྱ་ལ། མང་པོའི་ཚོགས་དེ་རྣམས་འདུས་པའི་ཡང་འདུས་པ་ལ་བཀོད་པ་ཞེས་བྱའོ།། ཡང་ན་དེ་ཉིད་རྣམ་པར་སྤེལ་ནས
་གནས་པ་ལ་ནི་བདུག་པའི་མཆོད་པའི་སྤྲིན་ཅེས་བྱ་ལ། ཁང་པ་བརྩེགས་མའི་ཚུལ་དུ་གནས་པ་ལ་ནི་བཀོད་པ་ཞེས་བྱའོ།། རྣམ་པ་དུ་མ་ནི་རྣམ་པ་སྣ་ཚོགས་པ་སྟེ། སྤོས་སྣོད་དང་འཁྲུལ་འཁོར
་དང་སྤོས་ཀྱི་རེང་བུ་ལ་སོགས་པའི་ཁྱད་པར་དང་། ལྷན་ཅིག་སྐྱེས་པ་དང་། ཡང་དག་པར་སྦྱར་བ་དང་ཡོངས་སུ་གྱུར་པའི་བྱེ་བྲག་གིས་ཀྱང་གདུག་པའི་མཆོད་པར་གྱུར་པའོ།། ཚད་ཇི་ཙམ་ཞེ་ན། རྡོ་རྗེ་དབྱིངས་ཐམས་ཅད
་དུ་ཁྱབ་པར་གྱུར་པ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཞལ་ཡས་ཁང་བརྩེགས་མའོ།། དེའི་ཁྱབ་པ་ནི་དེར་འཕྲོས་པའོ།། འགྲང་བ་ལས་འདས་པའི་གྲངས་ལ་ནི་རྒྱ
་མཚོའི་ཞེས་བྱ་བའི་སྒྲར་པོ་ཤད་དོ།། རྡོ་རྗེ་བདུག་པའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་བསམ་པ་ལས་སྤྲུལ་པའི་བདུག་པའི་ལྷ་མོའི་ལུས་ནི། རྡོ་རྗེ་བདུག་པའི་ལྷ་མོའི་ལུས་སོ།། ཨེ་མའོ་ཞེས་བྱ་བ་ལ་སོགས
་བ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་བའོ།། ཅི་ཞིག་ངོ་མཚར་ཆེ་ཞེ་ན། བདག་ནི་མཆོད་པ་ཆེ་ཞེས་བྱ་བ་སྟེ། མཆོད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མཆོད་པ་ཆེའོ།། ངོ་བོ་ཉིད་ཇི་ལྟ་བུ་ཞེ་ན། རབ་ཏུ
་ཚིམ་ལྡན་ཞེས་བྱ་བ་སྟེ་གང་ལ་ཚིམ་པ་ཡོད་པ་དེ་ནི་ཚིམ་ལྡན་ཏེ། རབ་ཏུ་ཚིམ་པ་ནི་ཡིད་པར་བྱེད་པའོ།། གལ་ཏེ་བདུག་པའི་མཆོད་པ་ཡིད་སིམ་པར་བྱེད་པ་ཡིན་དུ་ཟིན་ཀྱང་། སྲོག་ཆགས་ཀྱི་ཡན་ལག་ལས
་བྱུང་བ་ལྔས་སྒྱུར་བ་ཡང་སྲིད་པས་ན། དེའི་ཕྱིར་དེ་དགེ་བ་ཡིན་ཞེས་བྱ་བ་གསུངས་ཏེ། སྲོག་ཆགས་ཀྱི་ཡན་ལག་དང་བྲལ་བ་ཞེས་བྱ་བའི་དོན་ཏོ།། གང་ཕྱིར་སེམས་ཅན་འབབ་ལྡན་པས་ཞེས་པ་ལ། བདུག་པའི་མཆོད
་བོ་གང་གིས་སེམས་ཅན་རྣམས་ལ་སེམས་དཔའ་འབབ་པར་འགྱུར་བ་སྟེ། ལྷ་རྣམས་འཇུག་པར་འགྱུར་ཞེས་བྱ་བའི་དོན་ཏོ།། མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་བྱིན་གྱིས་བརླབས
་ན། དགེ་བའི་བཤེས་གཉེན་གྱིས་ཡོངསུ་ཟིན་པས་མྱུར་བ་ཉིད་དུ་བྱང་ཆུབ་ཐོབ་པར་འགྱུར་བས་ན་ངོ་མཚར་ཆེ་བོ་ཡིན་ནོ།། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་བས་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས
་མཆོད་པའི་ལན་དུ་སྐུར་མཆོད་པའི་ཕྱིར། རིན་པོ་ཆེའི་མཆོད་པའི་རྒྱན་ཅེས་བྱ་བ་གསུངས་ཏེ། རིན་པོ་ཆེ་ནི་བྱང་ཆུབ་ཀྱི་ཡན་ལག་གི་རིན་པོ་ཆེའོ།། དེ་ཉིད་ན་རྒྱུན་ཏུ་གྱུར་པས་ན་རྒྱུན་ཏེ། དེ་བས་ན་རིན་པོ་ཆེའི་མཆོད་པའི
་རྒྱན་ཅེས་གསུངས་སོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། འདི་ནི་རིན་པོ་ཆེའི་བསམ་པ་གང་ལོས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་ལྔར་མི་ཕྱེང་བའི་ཏིང་ངེ་འཛིན་གང་ལ་དོན་དང་མཐུན་པའི་མིང
་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ།། གང་གཙོ་བོ་དང་ཉེ་བར་གནས་ནས་མཚོན་ཆ་ཐོགས་པའི་གཡོག་མོའི་གཙོ་མོ་ལ་ནི་གསོལ་ཀ་མ་ཞེས་ཟེར་ཏེ། བྱང་ཆུབ་ཀྱི་ཡན་ལག་གི
་རིན་པོ་ཆེའི་མཆོད་པ་འདི་ཡང་འཕགས་པའི་ལམ་བླ་ན་མེད་པར་འདྲེན་ཅིང་། འཕགས་པའི་ལམ་གྱི་མཚོན་ཆ་ཐོགས་ཏེ། ཉེ་བར་གནས་པས་ན་གསོལ་ཀཱ་མ་ཞེས་བཤད་དེ། རྒྱལ་པོའི་ཕོ་བྲང་ན
་བཞུགས་པར་བསྟན་པའི་ཕྱིར་རོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། མེ་ཏོག་ཐམས་ཅད་ཀྱི་མཆོད་པའི་བཀོད་པས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའི་མཆོད་པ་དེ་ཉིད་ནི། མེ་ཏོག་ཐམས་ཅད
་ཀྱི་མཆོད་པ་བཀོད་པ་སྟེ། མེ་ཏོག་ཐམས་ཅད་ནི་ཙམ་པ་ཀ་དང་། ཨ་ཤོ་ཀ་དང་། ཏི་ལ་ཀ་དང་། བ་ཀུ་ལ་ལ་སོགས་པ་མེ་ཏོག་རིགས་ཐ་དད་པས་ཕྱེ་བ་རྣམས་གཟུང་ངོ་།། དེའི་མཆོད་པའི་བཀོད་པ་ནི་ཁང་པ་བརྩེག་མར
་སྤེལ་བའི་ཚུལ་ལོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་འགེངས་པའོ།། ཡང་གཅིག་ཏུ་འདྲེས་ཏེ་ཞེས་པ་ནི་གཅིག་ཏུ་བརྟན་པར་གྱུར་པའོ།། རྡོ་རྗེ་ལྟ་བུར་བསམ་པས་སྤྲུལ་པའི
་མེ་ཏོག་གི་མཆོད་པ་བྱེད་པའི་ལྷ་མོ་ནི་རྡོ་རྗེ་མེ་ཏོག་གི་ལྷ་མོའོ།། དེའི་སྐུར་གྱུར་པ་ནི་དེའི་གཟུགས་སུ་བདག་ཉིད་མངོན་པར་སྤྲུལ་པ་སྟེ། བཅོམ་ལྡན་འདས་ཀྱི་གཞལ་ཡས་ཁང་བརྩེགས་མ་གང་ཡིན་པ་དེའི་གྲར་གནས
་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་ཞེ་ན། གང་གི་ཕྱིར་མེ་ཏོག་མཆོད་པ་བདག་ཅེས་བྱའོ།། ཐམས་ཅད་ཀྱི་ནི་རྒྱན་བྱེད་དེ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། གདུ་བུ་དང་། དཔུང་རྒྱན་དང་། གོས་རང
་བདུག་པ་དང་། བྱུག་པ་ལ་སོགས་པས་རྒྱན་དུ་ཟིན་ཀྱང་། མེ་ཏོག་གྲི་ཕྲེང་བ་སྟེང་དུ་གཏོང་སྟེ། དེ་བས་ན་དེ་དག་ཐམས་ཅད་ཀྱི་ནང་ན་མེ་ཏོག་གི་མཆོད་པ་ནི་ལྷག་པར་རྒྱན་དུ་བྱེད་པ་ཡིན་ཞིང་། མཆོད་པ་གཞན་རྣམས
་ཀྱི་ཡང་རྒྱན་བྱེད་པས་ན་ཐམས་ཅད་ཀྱི་རྒྱན་བྱེད་པའོ།། གལ་ཏེ་ཁྱོད་མེ་ཏོག་གི་མཆོད་པ་ཡིན་དུ་ཟིན་ཀྱང་། ངོ་མཚར་ཅི་ཞིག་ཡོད་ན། གང་ཕྱིར་མཆོད་ན་དེ་བཞིན་གཤེགས། རིན་ཆེན་ཉིད་དུ་མྱུར་བར་འགྲུབ་ཅེས་བྱ་བ་སྟེ།
་བྱང་ཆུབ་ཀྱི་ཡོན་ལག་ནི་མེ་ཏོག་གི་རང་བཞིན་དེས་མཆོད་ན། དེ་བཞིན་གཤེགས་པ་རིན་པོ་ཆེ་ཉིད་ཐོབ་པར་གྱུར་པས་ན། འདི་ནི་ངོ་མཚར་ཚོའོ།། །། ད་ནི་མར་མེའི་མཆོད་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར།། དེ་ནས
་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་སོ།། འཇིག་རྟེན་དབང་པོ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ།། དེའི་རྒྱལ་པོ་ནི་དབུ་ལ་འཇོག་པའི་བདག་པོ་སྟེ། བཅོམ་ལྡན་འདས་སྣང་བ་མཐའ་ཡས
་སོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་པདྨའི་རིགས་ལས་གླུ་མཆོད་པ་སྤྲུལ་པར་མཛད་པའི་ལན་དུ་སླར་མཆོད་པའི་ཕྱིར་རོ།། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཀྱིས་ཀྱང་མཆོད་པ་མཛད་པ་ཡིན་ནོ།། དེ་བཞིན
་གཤེགས་པ་ཐམས་ཅད་ལ་སྣང་བའི་མཆོད་པ་སྟེ། མར་མེའི་མཆོད་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ལ་སྣང་བའི་མཆོད་པའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ཆོས་ཀྱི་བསམ་པའི
་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི། མངོན་སུམ
་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་མ་སྟེ། ཡེ་ཤེས་ཀྱིས་ཐམས་ཅད་སྣང་བར་མཛད་ཅིང་བདག་དང་གཞན་གྱི་དོན་བསྒྲུབ་པར་ཆོས་མཐུན་པར
་ན་ཕོ་ཉ་མོ་ཞེས་གསུངས་སོ།། ཐམས་ཅད་དུ་སྣང་བ་ཞེས་བྱ་བ་ལ་རྣམ་པ་ཐམས་ཅད་དུ་སྣང་བར་མཛད་པས་ན་ཐམས་ཅད་དུ་སྣང་བའོ།། དེ་ཉིད་མཆོད་པ་སྟེ་དེས་ཁང་པ་བརྩེགས་མ་བརྒྱན་པས་ན་སྣང་བའི་མཆོད་པ་བཀོད་པ
་ཞེས་བྱའོ།། དེའི་ཚད་ཇི་ཙམ་ཞེ་ན། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ཞེས་པ་སྟེ། ན་མཁའི་དབྱིངས་ཐམས་ཅད་ཁྱབ་པར་བྱེད་པའོ།། ལྷ་མོ་རྡོ་རྗེ་སྣང་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ལྟ་བུའི་སེམས་ཀྱིས་སྤྲུལ
་པབས་ན་ལྷ་མ་རྡོ་རྗེ་སྣང་བའི་མཆོད་པ་སྟེ། རྡོ་རྗེ་སྣང་བའི་ངོ་བོར་བྱིན་གྱིས་བརླབས་པའི་རྡོ་རྗེ་སྣང་བའི་ལྷ་མོའོ།། དེའི་སྐུ་ཡིན་པས་ན་ལྷ་མོ་རྡོ་རྗེ་སྣང་བའི་སྐུའོ།། གྱུར་པ་ནི་རིད་པའོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ
་ཆེ་ལ་སོགས་པའི་ཡིངསུ་འཛིན་པས་རྒྱ་ཆེ་བ་དང་། ཕྱོགས་མཚོམས་ཐམས་ཅད་དུ་ཁྱབ་པས་ན་རྒྱ་ཆེ་བ་སྟེ། རྒྱ་ཆེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྒྱ་ཆེན་པོའོ།། དེ་གང་ཡིན་ཞེ་ན། མཆོད་པ་སྟེ་རྗེད་པའོ།། ངོ་བོ་ཉིད
་ཇི་ལྟ་བུ་ཞེ་ན་མར་མེའོ།། གལ་ཏེ་ཞག་ལ་སོགས་པས་ཀྱང་མར་མེ་བྱེད་སྲིད་པས་དེའི་ཕྱིར་དགེ་བ་ཞེས་བྱ་བ་གསུངས་ཏེ། མར་དང་འབྲུ་མར་གྱི་རང་བཞིན་ནམ། ཡང་ན་རིན་པོ་ཆེའི་སྣང་བའི་ངོ་བོ་ཉིད་དོ།། གང་ཕྱིར་སྣང་བཅས
་ཞེས་བྱ་བ་ལ་གང་ལ་སྣང་བ་ཡོད་པ་དེ་ན་སྣང་བ་དང་བཅས་པ་སྟེ། དེ་བས་ན་སྣང་བ་ནི་མིག་གི་རྣམ་པར་ཤེས་པ་བསྐྱེད་པའི་རྒྱུའི་གཙོ་བོ་ཡིན་པས་མྱུར་ཞིང་འགྱོགས་པ་ཉིད་དུ་སངས་རྒྱས་ཀུན་གྱི་སྤྱན་ཡང་འཐོབ་ཅེས་པ
་སྟེ། སངས་རྒྱས་ཀྱི་སྤྱན་ཡང་ཡིན་ལ་ཀུན་ཀྱང་ཡིན་པས་ན་སངས་རྒྱས་ཀྱི་ནི་སྤྱན་ཀུན་ཏེ། སྤྱན་ལྔ་པོ་དག་འཐོབ་ཅེས་བྱ་བའི་དོན་ཏེ། དེ་ཡང་གང་གིས་སེམས་ཅན་རྣམས་ཀྱི་སྐྱེ་བ་དང་འཆི་འཕོ་གཟིགས་པ་ནི་ཤའི་སྤྱན་དང
་ལྷའི་སྤྱན་ནོ།། འཕགས་པའི་བདེན་པ་བཞིའི་ཡུལ་མཁྱེན་པ་ནི་ཤེས་རབ་ཀྱི་སྤྱན་ནོ།། ཐོག་མ་དང་ཐ་མར་ཡོངས་སུ་དག་པའི་ཆོས་སྟོན་པར་མཛད་པ་ནི་ཆོས་ཀྱི་སྤྱན་ནོ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི
་སྤྱན་ནོ།། །། ད་ནི་དྲིའི་མཆོད་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་གདོན་མི་ཟ་བར་གྲུབ་པའི་དཀྱིལ་འཁོར་དུ་གང་གི
་མཚད་པ་གསུངས་པའི་མཆོད་པ་དེའི་ལན་དུ་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པས་ཀྱང་། སླར་མཆོད་པ་མཛད་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲི་ནི་ཚུལ་ཁྲིམས་ཀྱི་སྡོམ་པ་སྟེ། དེ་ཉིད་ནི་མཆོད་པའོ།།
་དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་ལས་ཀྱི་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པའི་མིང་འདི་ཉིད
་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྲན་མོ་ཞེས་བྱ་བ་ལ། སྐྱང་ནུལ་གྱི་ལས་བྱེད་པ་ལ་འཇིག་རྟེན་ན་བྲན་མོ་ཞེས་ཟེར་ཏོ། དེ་བས་ན་ཉེ་བར་བྱུག་པར་ཆོས་མཐུན་པས། དྲིའི
་མཆོད་པ་ནི་བྲན་མོར་རྣམ་པར་བཞག་སྟེ། དེའི་ཐུགས་ཀ་ནས་ཕྱུང་བའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དྲི་ཐམས་ཅད་ཀྱི་མཆོད་བ་བཀོད་པ་ཞེས་བྱ་བ་ནི་དྲི་དང་འཁྲུལ་འཁོར་དང་རང་བུ་ལ་སོགས་པའི་རྣམ་པར་སྤྲས
་པའི་བཀོད་པའི་ཁང་པ་བརྩེགས་མའོ།། དེ་ཚད་ཇི་ཙམ་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱེད་པ་སྟེ། འཇིག་རྟེན་གྱི་ཁམས་ཐམས་ཅད་འགོངས་པའོ།། ཡང་ཞེས་བྱ་བ་ལ་སོགས་པ་ལ་ཡང་གཅིག་ཏུ་འདྲེས
་པར་གྱུར་ནས་ལྷ་མོ་རྡོ་རྗེ་དྲྀ་ཞེས་བྱ་བའི་སྐུར་གྱུར་པ་སྟེ། རྡོ་རྗེ་ལྟ་བུའི་བསམ་པས་དྲིའི་མཆོད་པ་བྱིན་གྱིས་རློབ་པར་བྱེད་པའི་ལྷ་མོའི་སྐུར་གྱུར་ཅིང་རེད་པའོ།། ཨེ་མའོ་ཞེས་བྱ་བཱ་ནི་རིང་གི་ངོ་བོ་ཉིད་སྟོན་པས་ན་དྲིའི་རང་བཞིན་ནོ།།
་མཆོད་པ་ནི་བརྗེད་པའོ།། ཇི་ལྟ་བུ་ཞེ་ན། ལྷ་རྫས་སོ།། སུ་ཞིག་ཅེ་ན་བདག་ཅེས་བྱའོ།། ཇི་ལྟར་ནོ་ལྷ་རྫས་ཡིན་ཞེ་ན། གང་གི་ཕྱིར་ཡིད་འོང་ཞེས་བྱ་བ་སྟེ། ལྷ་རྣམས་ཀྱི་ཡང་ཡིད་དང་རྗེས་སུ་མཐུན་པ་སྟེ། དེ་བས་ན་ལྷ་རྫས་སོ།།
་དུས་ཙུག་ནས་ནམས་སུན་སུ་མ་ན་ག་སུསསུ་ན་རྒྱ་ས་མྦྷ
་སྨྱོན་པ་ཞེས་གནས་སོ།། དེ་བཞིན་གཤེགས་པ་རྣམས་ཅ་ན་མེད་ལ་འར་བྱུ་དུ་རྣམས་དང་ནས་སུ་དང། དུས་བྱུང་ཀྱིས་བ་དུ་ཕྱུགས་པ་རྣམས་། ངན
་འདུག་པའི་མཆོད་པར་ཡེ་ཤེས་འབད་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅིད་ཀྱི་ཡེ་ཤེས་དབབ་པ་ཞེས་བྱར།། ཡང་ནཱ་དེ་བཞིན་གཤེགས་པ་ཐམས་ཅིང་རྗེ་སྒྲས་ནི་དཀྱིལ་འཁོ་དུའི་ཤེས
་སེམས་དཔའ་ཉིད་ཡོངས་སུ་གཟུང་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སེམས་ཅན་རྣམས་ལ་གང་དང་ཤཱ་བབས་ཤིང་འཇུག་པ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་དབབ
་སྟེ། འདུག་པའི་མཆོད་པ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྒྱུ་ཤིན་ཏུ་སྦྱངས་པ་ནི་འདི་དེ་ལྟ་མོ་འདུག་པའི་གཟུགས་སུ་སྤྲུལ་བར་མཛད་དེ། དེ་བས་ན་ལུས་ཤིན་ཏུ་སྦྱངས་པ་དེ་ནི་བདེ་བའི་ཆང་བ
་སྤོང་བའི་བྱེད་ལ་བང་པོ་ལས་ཚེ་སེམས་ཀྱི་གཅིག་པ་ཐོབ་ཅིང་སེམས་རྩེ་གཅིགས་སོ་བ་ནི་ཡང་དག་པ་ཇི་ལྟ་པོ་བཞིན་གྱི་ཤེས་པར་འགྱུར་ཏེ། དེ་བས་ན་མྀ་ཤེས་དའ་པ་ཞེས་བུ་ནི།། ཕྱི་ཆུབ་ཆེན་གྱི་ཡང་ཡིམམ
་ཡན་ལག་ཀྱང་ཡིན་པས་བྱང་ཆུབ་ཆེན་པོའི་ཡན་ལག་སྟེ། དེ་རྣམས་བསྩགས་པ་ཡིན་པས་ན་བྱང་ཆུབ་ཆེན་པོའི་ཡན་ལག་བསགས་པའོ།། ཡང་ན་བྱང་ཆུབ་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར
་རྫོགས་པའི་བྱང་ཆུབ་སྟེ། དེའི་ཡན་ལག་ནི་དེའི་རྒྱུ་རྣམས་ཡིན་པས་བྱང་ཆུབ་ཆེན་པོའི་ཡན་ལག་གོ།། དེ་རྣམས་བསགས་པ་ནི་དེ་རྣམས་བསྡུས་པ་སྟེ། དེ་ལ་ནི་བྱང་ཆུབ་ཆེན་པོའི་ཡན་ལག་བསགས་པ་སྟེ། མེ་ཏོག་གི
་མཆོད་པ་ཞེས་བྱ་བའི་དོན་ཏོ།། ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཆོས་མདོ་སྡེ་ལ་སོགས་པ་ལ་སྣང་བ་སྟེ། ཡེ་ཤེས་ཀྱི་སྣང་བའི་འོད་ཅེས་བྱ་བའི་དོན་ཏོ།། ཚུལ་ཁྲིམས་ཀྱི་སྤོང་བ་བདུན
་གྱི་མཚན་ཉིད་ཟག་པ་མེད་པའི་བསམ་གཏན་གྱིས་བསྡུས་པ་སྟེ། སྲོག་གཅོད་པ་སྤོང་བ་ལ་ལུས་ཀྱི་རྣམ་པ་གསུམ་དང་། བརྫུན་དུ་སྨྲ་བ་སྤོང་བ་ལ་སོགས་པ་ངག་གི་རྣམ་པ་བཞིའོ།། ཏིང་ངེ་འཛིན་ནི་ཟག་པ་མེད་པའི་བས
་གཏན་ནོ།། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དོ།། རྣམ་པར་གྲོལ་བ་ནི་ཉོན་མོངས་པ་རྣམས་ལས་རྣམ་པར་གྲོལ་བའོ།། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ནི་རྣམ་པར་གྲོལ་བར་གྱུར་ན་ང་ནི་རྣམ
་པར་གྲོལ་ལོ་ཞེས་ཡེ་ཤེས་ཀྱི་མཐོང་བ་འཇུག་ལ། མཐོང་བ་ནི་བཟོད་པ་བརྒྱད་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་དང་། སྡུག་བསྔལ་ལ་རྗེསུ་རྟོགས་པའི་བཟོད་པ་དང་། ཀུན་འབྱུང་དང་འགོགས་པ་དང་ལམ
་ལ་ཡང་དེ་བཞིན་ནོ།། དེ་བས་ན་ཟག་པ་མེད་པའི་ཕུང་པོ་ལྔའི་ངོ་བོ་ཉིད་ཚུལ་ཁྲིམས་ཀྱི་རང་བཞིན་གྱི་དྲིའི་མཆོད་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུའི་དྲིའི་རང་བཞིན་གདུལ་བྱའི་སྐྱེ་བོ་རྣམས་ལ་རྗེསུ་ཕན་གདགས་ཤིང་། དྲིའི
་དགོས་པ་ཐམས་ཅད་བྱ་བའི་ཕྱིར་ལྷ་མོའི་གཟུགས་སུ་དཀྱིལ་འཁོར་དུ་སྤྲུལ་པར་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེའི་བཀའ་བཞིན་བྱེད་པས
་བུད་མེད་ཀྱི་གཟུགསུ་སྤྲུལ་ཏོ་ཞེས་བྱ་བའི་དོན་ཏོ།། གང་དེ་དག་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དོན་དུ་སྤྲུལ་པ་ཡིན་དུ་ཟིན་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡིན་པར་ཤེས་པར
་བྱའོ།། །། དཀྱིལ་འཁོར་གྱི་འཁོར་གཡོག་མོའི་གཙོ་མོ་ལ་སོགས་པའི་མཆོད་པ་རྣམ་པ་བརྒྱད་བསྟན་མོད་ཀྱི། དེ་ལྟ་ན་ཡང་སྒོ་སྲུང་མེད་ན་དཀྱིལ་འཁོར་མ་རྫོགས་པ་ཡིན་ཏེ། དེ་བས་ན་དེ་དག་སྤྲུལ་པར་མཛད
་བོཔོའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ།། ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་རྣམས་ལས་བལྟོས
་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་ཀྱུ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་སྒྲ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉི་ཚེ་གཟུང་ངོ་།། དེ་རྣམས་ཀྱི་དམ་ཚིག
་གི་ལྕགས་ཀྱུ་ནི་དམ་ཚིག་ཏུ་གྱུར་པའི་ལྕགས་ཀྱུ་ཡིན་བསྣུ་ན། དམ་ཚིག་གི་ལྕགས་ཀྱུ་སྟེ་གང་གིས་དམ་ཚིག་ཐམས་ཅད་འགུགས་པའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ
་སེམས་དཔའི་བསམ་པའི་ཁྱད་བར་གང་ལས་བྱུང་བ་དེ་བྱིན་གྱིས་བེརླབ་པའི་ཕྱིར། ཏིང་ངེ་འཛིན་གང་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། དེ
་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱི་བདག་པོར་གྱུར་པ་སྟེ། དེའི་དབང་གིས་གདུལ་བའི་ཕྱིར་བདག་པོ་ཞེས་བྱ་སྟེ། རྒྱལ
་པོའི་འཁར་བ་ཐོགས་པའི་སྐྱེས་བུ་བཞིན་ནོ།། འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། འདི་བྱུང་མ་ཐག་པ་ཞེས་བྱ་བ་ནི་བསྐུལ་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད
་ཅེས་བྱ་བ་ནི་གང་སྔར་བཤད་པའི་མཆོད་པའི་ལྷ་མོ་གཟུགས་བྱུང་བ་དེ་ཉིད། ང་འདིར་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་སུ་གྱུར་པ་སྟེ། རིགས་བཞི་ཆར་གྱི་ཡང་ཕྱག་རྒྱའི་ཚོགས་གང་ཡིན་པ་དེའི་གཟུགསུ་གྱུར་ཏེ་བྱུང
་ངོངོ།། ཞེས་བྱ་བའི་དོན་ཏོ།། དེ་ཡང་གང་གི་ཕྱིར་ཕྱག་རྒྱ་ཐམས་ཅིད་ཀྱི་ངོ་བོ་ཉིད་དུ་གྱུར་པས་དེ་ཕྱག་རྒྱ་ཐམས་ཅད་འགུགས་ནུས་པར་གྱུར་པ་སྟེ། རང་གི་ལུས་བཞིན་དུ་ཐམས་ཅད་ལ་དབང་བ་ཉིད་དུ་བསྟན་པའི
་ཕྱིར་ཕྱག་རྒྱུའི་ཚོགས་ཞེས་སྨོས་པ་ཡིན་ཏེ། ཕྱག་རྒྱའི་ཚོགས་ཐམས་ཅད་ལས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའོ།། དེ་རྣམས་ལས་ཀྱང་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྕགས་ཀྱུའི་སྐུར་གྱུར་པ་ཡིན་དུ་ཟིན་ཀྱང་།
་ཕྱོག་རྒྱའི་ཚོགས་དེ་དག་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་ཀྱིས་ཡང་དག་པར་བསྡུས་ཏེ། རྡོ་རྗེ་ལྕགས་ཀྱུར་གྱུར་པ་དང་། སླར་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་ལ་དབང་བསྐུ
་པོ་བྱིན་ནོ།། དེ་ནས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མིང་གིས་དབང་བསྐུར་བས་དབང་བསྐུར་རོ་ཞེས། འདིར་རྩ་བའི་གཞུང་ལས་མ་སྨོས་སུ་ཟིན་ཀྱང་། དོན་གྱི་དབང་གི་ཐམས་ཅད་མཛད་པར་ཤེས་པར་བྱའོ།། བཅོམ
་ལྡན་འདས་ཀྱིས་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་ཞེས་བྱ་བ་ལ། བཅོམ་ལྡན་འདས་དང་འབྲེལ་པའི་ཁང་པ་བརྩེགས་མ་གང་ཡིན་པ་དེའི་རྡོ་རྗེའི་སྒོ་སྟེ། རྡོ་རྗེས་ཉེ་བར་མཚོན་པའི་སྒོ་ནི་རྡོ་རྗེའི་སྒོ་སྟེ།
་དེའི་ནང་ནི་དབུས་སུའོ།། དེ་བཞིན་ག་ཀྱེ་ས་ཚང་ཀྱང་ཡིན་ལ་མཆེག་ཀྱང་ཡི་པ་ག་དེ་བའི་ག་ཅེས་དང་བྱ་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ།། དེ་རྣམས་འགུགས་ཤིང་རང་གི་ལས་བྱེད་པ་ན་རང་གི་མཐུ་སྟོབས་མཐོང་བས་དགའ་སྟེ། ཚང
་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་དུ་གྱུར་ཅེ་ན། གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི།། ཡང་དག་སྤྱན་འདྲེན་བརྟན་པ་བདག་ཅེས
་བྱ་བ་སྟེ། ཀུན་ནས་སྤྱན་འདྲེན་པའི་ཕྱིར་ཡང་དག་སྤྱན་འདྲེན་པའོ།། གང་གིས་ཀྱང་བཟློག་པར་མི་ནུས་པས་ན་བརྟན་པའོ།། གལ་ཏེ་ཁྱོད་ཡང་དག་པར་སྤྱན་འདྲེན་པ་ཡིན་དུ་ཟིན་ཀྱང་། ངོ་མཚར་ཅི་ཞིག
་ཆེ་ཞེ་ན། གང་ཕྱིར་བདག་གིས་སྤྱན་དྲངས་པས། དཀྱིལ་འཁོར་ཀུན་ལ་བརྟེན་པར་འགྱུར། ཞེས་བྱ་བ་སྟེ། གང་གི་ཕྱིར་བདག་གིས་སྤྱན་དྲངས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་རྟོག་པ་མི་མངའ
་བར་དཀྱིལ་འཁོར་ཀུན་ལ་བརྟེན་པ་སྟེ། དཀྱིལ་འཁོར་ཐམས་ཅད་དུ་འཇུག་ཅེས་བྱ་བའི་དོན་ཏོ།། །། ཀུན་ཏུ་ཟིན་ཀྱང་དཀྱིལ་འཁོར་དུ་མ་བཅུག་ན་དགོས་པ་མི་བྱེད་པས་དེའི་ཕྱིར་གཞུག་པའི་ཐབས་ཀྱི་ཆོ་ག་བསྟན
་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ།། དེ་རྣམས་དཀྱིལ་འཁོ
་དུ་གཞུག་པའི་སེམས་དཔའ་ཆེན་པོ་གང་གིས་བྱས་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་སེམས་དཔའ་ཆེན་པོའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ་སེམས་དཔའི
་མ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབས་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱང་ཡིན་ལ་ཕྱག་རྒྱའི་ངོ་བོ་ཉིད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེ་རྣམས་ཀྱི་འཇུག་པའོ།། རེ་རེ་ནས་གསོལ་བས་ན་གསོལ་ཀ་མ་སྟེ། དེ་བྱེད་པས་ན་གསོལ་ཁ་པའོ།། དེ་ཡང
་འཇུག་པར་བྱེད་པ་ལ་དབང་པོར་ཆོས་མཐུན་པས་ན་གསོལ་ཀ་བ་སྟེ། རྒྱལ་པོའི་ཕོ་བྲང་ན་བཞུགས་པའི་ཚུལ་སྟོན་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱིར་ཕྱག་རྒྱའི་ཚོགས་གང
་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱག་རྒྱའི་ཚོགས་ཏེ། དེ་ཞགས་པའི་ཚོགས་སུ་གྱུར་ཅེས་བྱ་བའི་དོན་ཏོ།། ཡང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱག
་རྒྱའི་ཚོགས་སུ་གྱུར་ཅེས་བྱ་བ་ནི་དམ་ཚིག་དེ་རྣམས་ཉིད་ཀྱི་ཕྱག་རྒྱའི་ཚོགས་གང་ཡིན་པ་དེར་གྱུར་ཅེས་བྱ་བའི་དོན་ཏོ།། ལྕགས་ཀྱུ་ལ་བཤད་པའི་ཚུལ་བཞིན་དུ་ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱང་བྱིན་གྱིས་བརླབས་ཀྱི
་དབང་གིས་ཞགས་པའི་གཟུགསུ་གྱུར་པ་འམ། ཞགས་པ་མ་ཡིན་པ་རྣམས་ཀྱང་ཞགས་པའི་གཟུགས་སུ་གྱུར་པ་སྟེ། གཉི་ག་ལྟར་ཡང་ཉེས་པ་མེད་དོ།། ཡང་གཅིག་ཏུ་འདྲེས་པར་གྱུར་ནས་བྱང་ཆུབ་སེམས་དཔའ་ཆེན་པོ
་རྡོ་རྗེ་ཞགས་པ་ཞེས་བྱ་བའི་སྐུར་གྱུར་ནས་ཞེས་བྱ་བ་ལ། རྡོ་རྗེས་མཚན་པའི་ཞགས་པ་ཡིན་པས་ན་རྡོ་རྗེ་ཞགས་པ་ཞེས་བྱ་བ་འམ། རྡོ་རྗེ་ལྟ་བུའི་བསམ་པ་ལས་བྱུང་བ་ཡིན་པས་ན། རྡོ་རྗེ་ཞགས་པའོ།། དེས་ཉེ་བར་མཚོན
་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་ཆེན་པོ་ལ་སེམས་དཔའོ།། དེ་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་ཞགས་པ་ཡང་ཡིན་པས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཞགས
་བའོ།། དེའི་སྐུ་ནི་དེའི་གཟུགས་སུ་གྱུར་པའོ།། རིན་པོ་ཆེས་ཉེ་བར་མཚོན་པའི་སྒོ་ཡིན་པས་རིན་པོ་ཆེ་ལས་བྱས་པའི་སྒོའོ།། དེ་བཞིན་གཤེགས་པ་ཐམས་ཅད་འཇུག་པ་ནི་རང་གི་ལས་མཛད་པ་སྟེ། རང་གི་དགོས་པ་ཡང་དག
་པར་མཐོང་བས་དགའ་སྟེ། ཆེང་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་དུ་གྱུར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་ཞགས་པ་དམ་པའི་བདག་ཅེས་བྱ་བ་སྟེ། སེམས་ཅན
་ཐམས་ཅད་ཀྱིས་ཀྱང་གཅོད་པར་མི་ནུས་པས་ན་དམ་པའོ།། དེ་ལྟ་ཡིན་དུ་ཟིན་ཀྱང་ངོ་མཚར་ཅི་ཞིག་ཆེ་ཞེ་ན། རྡུལ་ཕྲན་ཞུགས་པ་ཐམས་ཅད་ཀྱང་། བདག་གིས་སླར་ཡང་དྲང་བར་བགྱི་ཞེས་བྱ་བ་སྟེ། གང་གི་ཕྱིར་དེ་བཞིན
་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུས་རྡུལ་ཕྲན་ཐམས་ཅད་དུ་ཞུགས་པ་ཡང་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། བདག་གི་སླར་ཡང་དཀྱིལ་འཁོར་བཅུག་པ་འདི་ནི་ངོ་མཚར་ཏོ།། ཇི་ལྟར་ན་དེ་བཞིན
་གཤེགས་པ་ཐམས་ཅད་སླར་ཡང་བཅུག་ཅེ་ན། གཟུགས་ཀྱི་སྐུས་ཐམས་ཅད་དུ་སོང་བ་མ་ཡིན་པས་ན་འགལ་བ་མེད་དོ།། དཀྱིལ་འཁོར་དུ་བཅུག་ཏུ་ཟིན་ཀྱང་དམ་ཚིག་གི་འཆིང་བས་མ་བཅིངས་ན། གལ་ཏེ་དགོས་པའི
་དུས་སུ་མི་བཞུགས་པས་དེ་ལྟ་བས་ན་དམ་ཚིག་གི་འཆིང་བའི་ཆོ་ག་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ།། བསྟན་པ་ཙམ་གྱིས་བགེགས་དང་ལོག་འདྲེན་གྱི་ཚོགས་ཐམས་ཅད་གཏོང་བར་བྱེད་པས་ན་གཏོར་བ་སྟེ། ལྕགས་སྒྲོག་ལའོ།། ཡང་ན་འདི
་གསལ་བར་གྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་འདའ་བར་མི་མཛད་པའི་ཕྱིར་ལྕགས་སྒྲོག་ལ་དམ་ཚིག་གི་འཆིང་བ་ཞེས་བཤད་དེ། ཆོས་ཀྱི་ལོངས་སྤྱོད་རྫོགས་པའི་འཁོར་གྱི་དཀྱིལ་འཁོར་ན་བཞུགས་པའི་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་ལ་རྗེས་སུ་ཕན་གདགས་པའི་ཕྱིར། གང་ཐེག་པ་ལ་གསར་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་འཁོར་གྱི་དཀྱིལ
་འཁོར་འདི་ལྟ་བུ་ཕྱེ་མས་བྲིས་པའི་དཀྱིལ་འཁོར་གང་ཡིན་པ་དེར་ཁྱེད་རྣམས་བཀུག་ཅིང་བཞག་ལ། ལྕགས་སྒྲོག་གི་ཕྱག་རྒྱ་བསྟན་པ་དེའི་ཚེ། ཇི་སྲིད་དུ་བྱ་བ་ཡོངས་སུ་རྫོགས་པར་མ་གྱུར་པ་དེ་སྲིད་ཀྱི་བར་དུ་ཁྱེད་རྣམས
་གནས་པར་གྱིས་ཤིག་ཅེས་བཀའ་སྩལ་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བཀའ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ཡིན་ནོ།། བཅོམ་ལྡན་འདས་ཀྱང་ཉིད་ཀྱི་བྱ་བའི་དུས་ལས་འདས་པར་མི་མཛད་པས་དེ་ལ་ཡང
་དེའི་དམ་ཚིག་འཆིང་བ་ཡིན་ནོ།། ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་གཞན་རྣམས་ལ་ཡང་བཅོམ་ལྡན་འདས་ཀྱིས་བདེན་པ་སྒོམས་པའི་བཀའ་དེ་ཉིད་འཆིང་བ་ཡིན་ཏེ། སྐྱེས་པའི་རབས་ལས
་ཀྱང་བདེན་པ་ལ་ཡོངས་སུ་གོམས་པའི་ཚིག་ལས་ནི་མེ་ཡང་འདའ་བར་མི་བྱེད་དོ། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། དེ་བས་ཚིག་དེ་ཉིད་བཅོམ་ལྡན་འདས་ཀྱིས་ལྕགས་སྒྲོག་གི་ཕྱག་རྒྱ་བསྟན་ཏེ་ཞེས་གསུངས་སོ།། དེ་ལྟ་བས
་ན་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་ཡང་འཆིང་བ་ཡིན་ཏེ། ཇི་ལྟར་བླ་མའི་ཚིག་གམ། རང་གི་ཚིག་གི་གདུག་པར་བྱའོ།། ཞེས་བྱ་བ་ནི་འཆིང་བ་ཡིན་ནོ་ཞེས་བྱ་བ
་བཞིན་ཏེ། དེ་བས་ན་འདི་ནི་ལྕགས་སྒྲོག་ཅེས་བྱའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་དེ་ལས་སེམས་དཔའ་གང་སྤྲུལ་ཏེ་བྱུང་ཞིང་ལྕགས་སྒྲོག་གི་ཕྱག་རྒྱ་དེ་འཆིང་བ་འདི་ལ་ཡང་ངམ་ཚིག་གི་ལྕགས
་སྒྲོག་གི་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། དེའི་དམ་ཚིག་གོ།། དེ་སེམས་དཔའི་བསམ་པའི་ཁྱད་པར་གང་ལྷས་བྱུང་བ་དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་མིང་འདི་སྐད་ཅེས
་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ་འཆིང་བ་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པ་སྟེ་མིང་དེ་སྐད་ཅེས
་བྱའོ།། དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་ཞེས་བྱ་སྟེ། རྒྱལ་པོས་མནའ་ཆུ་ལ་སོགས་པ་བླུད་པས། དམ་བཅའ་བ་ལ་འཇོག་པ་གང་ཡིན་པ་དེ་ནི་འཇིག་རྟེན་ན་ཕོ་ཉ་ཞེས་བྱ་སྟེ། དམ་ཚིག་ལ་འཇོག་པ་དེ་དང
་ཆོས་མཐུན་པས་ན་འདི་ལ་ཡང་ཕོ་ཉ་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ
་ཚིག་བཅིང་བའི་ཕྱིར། ཕྱག་རྒྱའི་ཚོགསུ་གྱུར་པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྣམས་པའི་ཕྱག་རྒྱའི་ཚོགས་སུ་གྱུར་པ་སྟེ། རེ་རེ་ཞིང་ལྕགས་སྒྲོག་ཏུ་གྱུར་ཅེས་བྱ་བའི་དོན་ཏོ།། ཕྱག་རྒྱའི
་ཚེགས་དེ་རྣམས་ལས་ཀྱང་དེ་བཞིན་གཤེགས་པའི་སྐུ་རྣམས་ཏེ། དེ་དག་ལས་ཀྱང་ཕྱག་རྒྱ་འཛིན་པའི་སེམས་དཔའ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་སྒྲོག་འཛིན་པའི་སྐུར་གྱུར་པའོ།། དེ་ཡང་བྱང
་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་རྡོ་རྗེ་ལྕགས་སྒྲོག་ཀྱང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་སྒྲོག་གོ།། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པའི་རྩེ་རྡོ་རྗེ་དང་ནེ་རི་བུ་དང་རིན་པོ་ཆེ་ལ་བྱས
་པའི་ཁང་པ་བརྩེགས་མ་གང་ཡིན་པ་དེའི་སྒོ་པདྨས་མཚན་པའི་དབུས་སུ་གནས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་རྣམས་འཆི
་བ་ནི་རང་གི་དམ་ཚིག་དང་། སྟོན་པའི་བཀའ་ཁས་བླངས་པའི་མཚན་ཉིད་བཞིན་དུ་བྱ་བ་ཡོངས་སུ་རྫོགས་པའི་བར་དུ་འཇོག་པའི་རང་གི་ནུས་མཐུ་མཐོང་བས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།།
་ཨེ་མ་རོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་ཞེ་ན། གང་ཕྱིར་རྡོ་རྗེ་ལྕགས་སྒྲོག་བདག་ཅེས་བྱའོ།། ཇི་ལྟ་བུ་ཞེ་ན། དམ་པོ་སྟེ་གཞན་རྣམས་ཀྱིས་མི་ཕྱེད་པའི་ཕྱིར་རོ།། དེ་ལྟ་བུ་ཡིན་དུ་ཟིན་ཀྱང་ངོ་མཚར
་ཅི་ཞིག་ཆེ་ཞེ་ན།། གང་ཕྱིར་བཅིངས་པ་ཀུན་ལས་གྲོལ་བ་རྣམས། སེམས་ཅན་དོན་དུ་འཆིང་བར་འདོད་ཅེས་བྱ་བ་གསུངས་ཏེ། འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བ་རྣམས་ཀྱང་འཆིང་བར་བྱེད་པ་འདི་ནི་ངོ་མཚར
་ཆེའོ།། གལ་ཏེ་ཁྱོད་ཀྱིས་བཅིངས་པ་ཡིན་ན། ཇི་ལྟར་འཆིང་བ་ཐམས་ཅད་ལས་ངེས་པར་གྲོལ་བ་ཡིན། དེ་ལྟར་བདེན་མོད་ཀྱི་འོན་ཀྱང་ཉོན་མོངས་པའི་དབང་དུ་གྱུར་པའི་སེམས་ཅན་འཁོར་བ་ན་འཁོར་བ་རྣམས་ཀྱི
་འཆིང་བ་ལྟ་བུར་འདོད་པ་ནི་མ་ཡིན་གྱི། ཉོན་མོངས་པ་རྣམས་ཀྱི་འཆིང་བ་གཏུབས་ཤིང་འཁོར་བའི་སྡུག་བསྔལ་ལས་ཡང་དག་པར་འདས་པའི་ཐུགས་རྗེ་ཅན་ཡང་སེམས་ཅན་རྣམས་ཀྱི་དོན་ལ་འཆིང་བར་འདོད
་པ་ཡིན་ནོ།། བཀུག་པ་དང་བཅུག་པ་དང་བཅིང་བ་བྱས་སུ་ཟིན་ཀྱང་། དབབ་པ་མེད་ཟིན་ན་སོ་སོའི་སྐྱེ་བོ་ཡེ་ཤེས་མ་སྐྱེས་པ་རྣམས་དཀྱིལ་འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བྱོན་ཏོ་ཞེས་ཡིད
་ཆེས་པར་མི་འགྱུར་ཏེ། དེ་བས་ན་ཡིད་ཆེས་པ་བསྐྱེད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་པ་ཡིན་ནོ།། ཆོ་ག་གླང་གིས་དེ་བཞིན་གཤེགས་པ་ཐམས་ཅད་འབེབས་པའི་དབབ་པ་བྱེད
་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དབབྱ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཡང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཞེས་བྱ་བ་བྱང་ཆུབ
་སེམས་དཔའ་ཆེན་པོའོ།། དེའི་དམ་ཚིགུ་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ་སེམས་དཔའི་བསམ་པའི་ཁྱད་པོར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་མིང་དེ་སྐད་ཅེས་བྱ
་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་བྲེལ་པའི་ཕྱག་རྒྱ་གང་ཡིན་པ་དེ་རྣམས་ཀྱི་བླན་ནི་བསྐྱོད་པ་ལ་སོགས་པར་ཆོས་མཐུན་པའི་ཕྱིར་རོ།། འདི་ཞེས་བྱ་བ་ནི
་ཐུགས་ལ་གནས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚོགས་ཐམས་ཅད་ནི་སྐུ་དང་ཕྱག་དང་སྤྱན་དང་སྒྲོས་ལ་སོགས་པ་ཕྱག་རྒྱའི་ངོ་བོ་ཉིད་དོ།། གཅིག་ཅེས་བྱ་བ་ལ་སོགས་པ་ནི་རྣམ་པར་མ་ཕྱེ་བའི་ངོ་བོ་ཉིད་དོ།།
་འདྲེས་པ་ནི་བརྟན་པ་སྟེ་བསམ་པ་རྡོ་རྗེ་ལྟ་བུས་སྤྲུལ་པའི་ཕྱིར་རོ།། སེམས་ཅན་རྣམས་ལ་འབེབས་པས་ན་དབབ་པ་སྟེ། ལྷའི་གཟུགས་སུ་བྱེད་པའོ།། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས
་བྱས་པ་དེའི་སྒྲོ་ལས་ཀྱི་རྡོ་རྗེས་མཚོན་པ་ནི་ལུས་ཀྱི་སྐུར།། དེ་བཞིན་གཤེགས་པ་ཐམས་ཅད་འབེ་པ་ཞེས་བྱ་བཱ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་པ
་གང་གིས་དཀྱིལ་འཁོར་དུ་སྤྲུལ་པའི་གང་ཡིན་པ་རྣམས་དང་། རྣལ་འབྱོར་མ་གྲུབ་པའི་སྔགས་པས་ཚོན་གྱིས་བྲིས་པ་གང་ཡིན་པ་དང་། བྱིན་གྱིས་བརླབས་པ་བྱས་པའི་སྔགས་པ་རྣམས་ལ་དེ་བཞིན་གཤེགས་བ
་ཐམས་ཅད་ཅེས་བྱ་བའི་སྒྲར་བཤད་དོ།། འདིར་བྱིན་གྱིས་བརླབས་ཀྱིས་འབེབས་ཤིང་སངས་རྒྱས་ང་ང་བྱང་ཆུབ་སེམས་དཔའ་ཡང་དག་པ་རྣམས་རྣལ་འབྱོར་དང་། སྔགས་ཀྱི་མཐུས་བཀུག་ཅིང་དེར་བཅུག་པའི
་རང་གི་ལས་ཀྱི་མཐུ་མཐོང་བས་དགའ་སྟེ། ཆེད་དུ་བརྗོད་པ་འདི་ཆེ་དུ་བརྗོད་དོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མ་ཚར་ཞེ་ན། གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེས་དབབ་པ་བརྟན་པའི
་བདག་ཅེས་བྱ་བ་སྟེ། ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པས་ན་བརྟན་པའོ།། དེ་ལྟ་ཡིན་ཟིན་ཀྱང་ངོ་མཚར་ཅི་ཞིག་ཡོད་ཅེ་ན། གང་གི་ཕྱིར་ཀུན་གྱི་བདག་ཏུ་གྱུར་ནས་ཀྱང་། བྲན་དུ་ཡང་ནི་གྱུར་པ་ཡིན་ཞེས་བྱ་བ
་སྟེ། གང་གི་ཕྱིར་ཐམས་ཅད་ཀྱི་བདག་པོར་གྱུར་ཀྱང་། གདུལ་བྱ་རྣམས་ལ་རྗེ་སུ་བརྩེ་བའི་ཕྱིར་བྲན་དུ་ཡང་གྱུར་པའོ།། ཀུན་གྱི་བདག་པོ་ནི་འཁོར་ལོས་སྒྱུར་བའོ།། དེར་གྱུར་ཀྱང་གཞན་གྱི་ལས་དགའ་བར་ཡང
་གྱུར་པའོ།། དེ་ཡང་གང་དང་གང་གིས་གཟུགས་ནི། ལུས་ཅན་གང་ནི་འདུལ་གྱུར་པ།། ཐུགས་བརྩོས་ནོན་པའོ་དེ་དང་དོར།། ཐུགས་རྗེའི་བདག་ཉིད་སྟོན་པར་མཛད།། ཅེས་ཇི་སྐད་གསུངས་པ་ལྟ་བུའོ།། །། དེ་བཞིན་གཤེགས
་པ་ཐམས་ཅད་ཅེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀུན་ནས་འགུགས་པ་ནི་སྤྱན་དྲང་བ་སྟེ། དེ་སེམས་དཔའི་ཕྱག་རྒྱའི་ཁྱད་པར་གང་གིས་བྱེད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན
་དྲང་བ་ཞེས་བཤད་དོ།། དེ་ཡང་ཐུགས་རྗེའི་ངོ་བོ་ཉིད་དོ།། ཐུགས་རྗེའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་སྤྱན་དྲངས་པར་འགྱུར་གྱི། གཞོན་ནི་གང་གིས་ཀྱང་མ་ཡིན་ནོ།། དེ་ཡང་རིགས་པ་ཡིས་ནི་མཚོ་ནང་ནས།། །
་ཀླུ་བཞིན་ཁྱོད་ཀྱང་ཐུགས་རྗེ་ཡིས།། དགོན་པ་ཞི་ནས་གྲོང་གི་བར།། ག་དུལ་བྱའི་དོན་གྱི་སླད་དུ་དྲངས།། ཞེས་ཇི་སྐད་བཤད་པ་ལྟ་བུའོ།། །། སྤྱན་དྲངས་པར་གྱུར་ནས་ཕྱག་རྒྱའི་ཁྱད་པར་གང་བཅུག་པ་དེ་ནི་གཞུག
་པཱ་སྟེ། འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ།། དེ་ཡང་སེམས་ཅན་ལ་བྱམས་པ་སྟེ། སེམས་ཅན་ལ་བྱམས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཀྱིལ་འཁོར་དུ་འཇུག་སྟེ། དེ་རྣམས་ལ་རྗེས་སུ་ཕན་གདགས
་པའི་ཕྱིར་བྱམས་པའི་ཞགས་པས་དྲངས་པའོ།། དེ་ཡང་གཏིང་དཔག་དཀའ་བའི་བསྟོད་པ་ལས། ཁྱོད་ནི་འཁོར་བར་སྡུག་བསྔལ་བའི།། འགྲོ་ལ་བྱམས་པའི་ཐུགས་གཞོལ་བའི།། ཡུན་རིང་དུས་ནི་ཟད་མཛད་ཀྱང་།། ཞལ
་གྱིས་བཞེས་ཞེས་པ་ཡི་ལས།། ཐུན་མོང་མིང་ཞེས་ཇི་སྐད་བཤད་པ་ལྟ་བུའོ།། བཅིང་བ་ནི་དམ་ཚིག་བཅིང་བ་སྟེ། སྟོན་པའི་དཀའ་དང་། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་ཐམས་ཅད་བགྱིའོ
་ཞེས་ཁས་བླངས་པའོ།། རྣམ་པ་འདི་ཉིད་ལྟ་བུའི་ལྕགས་སྒྲོག་གིས་རྐང་པ་གཉིས་བཅིང་བ་སྟེ། སྟོན་པའི་བཀའ་ནི་ལྕགས་སྒྲོག་གི་ལག་པ་གཅིག་ཡིན་ལ། རང་གི་ཁས་བླངས་པ་ནི་གཉིས་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ། ཁྱོད་ཀྱིས
་འདི་ཡི་རྐང་པ་གཉིས།། གཉི་ཡི་ཞགས་པ་ཆེན་པོས་བཟུངས།། བདག་ཀྱང་འདི་ཡི་ཡོན་ཏན་གྱིས།། སྙིང་གི་དེ་བས་དམ་དུ་ཟིན།། ཞེས་བཤད་པ་ལྟ་བུའོ།། དེ་ལྟ་བས་ན་བཅོམ་ལྡན་འདས་ཀྱི་ཡོན་ཏན་བསྔགས་པར་འོས་པའི་བཀ
་གང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཅིང་བ་སྟེ། བསླབ་པས་བསྡམས་པ་ལྟ་བུ་སྟེ། དབང་དུ་བྱ་བ་ནི་མཉེས་པར་བྱ་བ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཀློག་པའོ།། དེ་ཡང་གང་གི་ཕྱིར་ཤེས་རབ་ཀྱི
་ཕ་རོལ་ཏུ་ཕྱིན་པ་གསན་ནས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་འགྱུར་ཏེ། ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པོ་དེ་ནི་དྲིལ་བུའི་སྒྲས་སྟོན་ལྔ། དེ་བསམ་པ་ཉིད་ཀྱིས་ཕྱག་རྒྱ་དང་། ལེགས་པར་སྤྲུལ
་པ་དང་། བྲིས་པ་དང་། སེམས་ཅན་དམྱལ་བ་པ་ལ་འབབ་པར་འགྱུར་བ་འམ། ཡེ་ཤེས་བབས་པའི་བྱིན་གྱིས་བརླབས་ཡེ་ཤེས་སྐྱེ་བར་འགྱུར་རོ།། སྔགས་པ་རྣམས་ཀྱི་མིག་ལ་བབས་པར་ཡང་མཛད་དེ། མཆི་མ་འཛག་པ
་ལ་སོགས་པ་དང་། བ་སྤུ་ལྡང་བ་ལ་སོགས་པར་ཡང་སྣང་ངོ་།། འདི་དགུ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་སྟེ། ཇི་སྐད་བཤད་པའི་བྱ་བ་བྱེད་པའི་ཕྱིར་རོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི
་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། དཀྱིལ་འཁོར་གྱི་བདག་པོའི་སློབ་དཔོན་གྱི་དམ་པར་གྱུར་པ་སྟེ། མི་བསྐྱོད་པ་ལ་སོགས་པ་དང་། ཀུན་ཏུ་བཟང་པོ་ཡང་བསྐུལ་ཞིང་ཕྱག་རྒྱ་དང་། སེམས་དཔའ་རྣམས་བསྐྱེད་པར་མཛད་པ
་དང་། ཏིང་ངེ་འཛིན་དང་བྱིན་གྱིས་བརླབས་ཀྱི་དབང་གིས་དབང་བསྐུར་ཞིང་ལས་ལ་ངེས་པར་སྦྱོར་བ་པའོ།། བོ་ཅོམ་ལྡན་འདས་མི་བསྐྱོད་པོ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། དེ་ཡང་ཕྱག་རྒྱ་དང་སེམས་དཔའ
་རྣམས་བསྐྱེད་པའོ།། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། དེ་ཡང་སྐྱེད་པ་པའོ།། བཅོམ་ལྡན་འདས་སྣང་བ་མཐའ་ཡས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དེ
་ཡང་སྐྱེད་པ་པོའོ།། བཅོམ་ལྡན་འདས་གྲདོ་ན་མི་ཟ་བརྱ་གྲུབ་པ་ནི་བྱ་བ་བསྒྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་ཏེ། དེ་ཡང་སྐྱེད་པ་པོའོ།། དེ་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བསྐུལ་ཞིང་ཕྱག་རྒྱ
་བཀྲོལ་བའི་སྒོ་ནས། སེམས་དཔའ་བསྐྱེད་པར་བྱ་བའི་ཕྱིར་འབདེ་བ་དང་བཅས་པའོ།། དེ་ལྟར་ར་ཞིག་ཆོས་ལྔས་བསྡུས་པའི་སངས་རྒྱས་ཀྱིས་དེ་བཞིན་གཤེགས་པ་ལྔ་པོ་ཉིད་དུ་དཀྱིལ་འཁོར་དུ་དགོད་པའི་རྣམ་པར
་བཞག་པ་ཡིན་ནོ།། བཅོམ་ལྡན་འདས་དང་པོའི་སེམས་དཔའ་རྡོ་རྗེ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་དོ།། བྱང་ཆུབ་ཏུ་སེམས་བསྐྱེད་པས་ན་སེམས་ཅན་རྣམས་ཡང་དག་བསྡུ་བར་བྱ་དགོས
་ཏེ། དེ་བས་ན་སེམས་དཔའ་གཉིས་པ་ནི་བསྡུ་བའི་དངོས་པོ་བཞིའི་ངོ་བོ་ཉིད་དེ། སེམས་ཅན་བསྡུ་བའི་ཐབསུ་གྱུར་པའོ།། བྱང་ཆུབ་ཏུ་སེམས་བསྐྱེད་ནས་སེམས་ཅན་རྣམས་བསྡུ་བ་བྱས་པ་ནི། སེམས་ཅན་དེ་རྣམས་ངེས་པར་དགའ
་བར་བྱ་དགོས་ཏེ། དེ་བས་ན་སེམས་དཔའ་ག་སུམ་ནི་སེམས་ཅན་རྣམས་དགའ་བའི་ཐབས་སུ་གྱུར་པ་སེམས་ཅན་རྣམས་སྨིན་པ་དང་གྲོལ་བའི་ཆགས་པའི་ངོ་བོ་ཉིད་དོ།། སེམས་ཅན་རྣམས་ཆགས་པར་བྱས་ནས་ནི་དེའི་འོག
་ཏུ་བྱང་ཆུབ་སེམས་དཔའི་ས་རང་གི་རྒྱུད་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་མཉེས་པར་བྱ་དགོས་ཏེ། དེ་བས་ན་སེམས་དཔའ་བཞི་པ་ནི་སེམས་ཅན་རྣམས་མགུ་བར་བྱེད་པའི་ངོ་བོ་ཉིད་དོ།། དེ་ལྟར
་རྣམ་པ་བཞི་པོ་འདི་དག་ནི་ཐེག་པ་ཆེན་པོ་འདི་ལ་གསང་སྔགས་ཀྱི་སྤྱོད་པའི་ཚུལ་ལ་ཞུགས་པ་རྣམས་ཀྱི་ངམ་ཚིག་ཡིན་ནོ།། དེ་བས་ན་དམ་ཚིག་གི་སེམས་དཔའ་ཞེས་གསུངས་ཏེ། གང་གི་ཕྱིར་འདི་ལ་གནས་ན་བྱང་ཆུབ
་སེམས་དཔར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། རང་གི་རྒྱུད་ཡོངསསུ་སྨིན་པར་བྱ་བའི་ཕྱིར་དགེ་བའི་བཤེས་གཉེན་རྣམས་བསྟེན་པར་བྱའོ་ཞེས་གང་བཤད་པ་དེ་མཉེས་པ་ལས་དགེ་བའི་བཤེས་གཉེན་གྱིས་ནི་དབང
་བསྐུར་བའི་སྦྱིན་པར་འགྱུར་ཏེ། དེ་བས་ན་ལྔ་པ་དབང་བསྐུར་བའི་སེམས་དཔའ་ནི་དད་པའི་ནོར་བུ་རིན་པོ་ཆེའི་ངོ་བོ་ཉིད་།། དབང་བསྐུར་བ་ཐོབ་ནས་ཀྱང་རྒྱུད་མཉམ་པ་ལ་སོགས་པ་ཐོས་པ་ཉེ་བར་འཛིན་པར་འགྱུར་ཏེ། དེ་བས
་ན་ཐོས་པ་དང་བསམ་པའི་ཤེས་རབ་གཟི་བྱིན་གྱི་གནས་སུ་གྱུར་པ་དང་། འོད་ཀྱི་དཀྱིལ་འཁོར་གྱིས་གནས་སུ་གྱུར་པ་ནི་སེམས་པ་དྲུག་པའོ།། ཐོས་པའི་རྗེས་ལ་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྒྲུབ
་པར་བྱ་དགོས་པས། དེའི་ཕྱིར་སེམས་དཔའ་བདུན་པ་ནི་ཇི་ལྟར་ཐོས་པ་བཞིན་དུ་བསྒྲུབ་པ་ལ་ནན་ཏན་དུ་བྱེད་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ།། བསྒྲུབ་པའི་རྗེས་ལ་ཇི་ལྟར་ཐོས་པའི་ཆོས་བསྒྲུབ་པའི
་རྣམ་པར་དག་པ་མཐོང་བས་ཆོས་རྣམས་ལ་དགའ་ཞིང་རབ་ཏུ་མགུ་བ་སྐྱེ་བར་འགྱུར་བས། སེམས་དཔའ་བརྒྱད་པ་ནི་དགའ་ཞིང་མགུ་བའི་ངོ་བོ་ཉིད་དོ།། བཞི་པོ་འདི་དག་ཀྱང་དབང་བསྐུར་བས་ཉེ་བར་མཚོན་པ་ཡིན་པས
་ན་དབང་བསྐུར་བ་སེམས་དཔའོ།། ཆོས་ལ་ཡིད་དགའ་བས་ནི་ལུས་ཤིན་ཏུ་སྦྱངས་པར་འགྱུར་ལ། ལུས་ཤིན་ཏུ་སྦྱངས་པས་ནི་བདེ་བ་ལ་རེག་པར་འགྱུར་རོ།། བདེ་བ་ལ་རེག་པས་ནི་སེམས་རྩེ་གཅིག་པར་འགྱུར་ཏེ།།
་དེ་བས་སེམས་དཔའ་དགུ་པ་ནི་ཏིང་ངེ་འཛིན་གྱི་མཚན་ཉིད་ཅན་ནོ།། རྩེ་གཅིག་པའི་སེམས་ཀྱིས་ནི་ཡང་དག་པའི་ལྟ་བ་བཞིན་དུ་ཤེས་པར་འགྱུར་ཏེ། དེ་བས་ན་སེམས་དཔའ་བཅུ་པ་ནི་ཤེས་རབ་དང་། ཡེ་ཤེས་ཀྱི་ངོ་བོ
་ཉིད་དོ།། ཤེས་རབ་ཀྱིས་ནི་ཆོས་རྣམས་རབ་ཏུ་རྣམ་པར་ཕྱེ་ཞིང་ཡེ་ཤེས་ཀྱི་ཡོངས་སུ་བཅད་ནས་སྤྲུལ་པའི་སེམས་ལ་གནས་པའི་རྣལ་འབྱོར་པ་ནི་དཀྱིལ་འཁོར་སྤྲུལ་པར་བྱེད་དེ། དེ་བས་ན་སེམས་དཔའ
་བཅུ་གཅིག་པ་ནི་སྤྲུལ་པར་བྱེད་པའི་ངོ་བོ་ཉིད་དོ།། ཡང་ན་སེམས་དཔའ་བཅུ་གཅིག་པ་ནི་ཏིང་ངེ་འཛིན་གྱི་རྗེས་སུ་ཐོབ་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་དོ།། ཏིང་ངེ་འཛིན་ལས་ལངས་ནས་ཇི་ལྟར་རྟོགས་པ་རྣམས་སྟོན་པའམ། རང་གི
་སེམས་ཇི་ལྟ་བུ་ཡིན་པ་ཀུན་ཏུ་དཔྱོད་དེ། དེ་བས་ན་སེམས་དཔའ་བཅུ་གཉིས་པ་ནི་ངག་གི་ངོ་བོ་ཉིད་དོ།། དེ་དག་ཐམས་ཅད་ཀྱང་ཡེ་ཤེས་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་ཡེ་ཤེས་སེམས་དཔའ་ཞེས་གསུངས་སོ།། དེ་ལྟར་གསང
་སྔགས་ཀྱི་སྤྱོད་པའི་སྒོར་ཞུགས་པའི་རྣལ་འབྱོར་པ་དམ་ཚིག་ལ་གནས་པ་དང་དབང་བསྐུར་བ་དང་། རྣལ་འབྱོར་རྫོགས་པ་ནི་ལས་ལ་བར་ཆད་མེད་པར་འགྱུར་ཏེ། དེ་བས་ན་དེའི་རྗེས་ལ་ལས་ཀྱི་སེམས་དཔའ་རྣམས་བསྟན་ཏོ།། ལས
་དེ་ཡང་སངས་རྒྱས་རྣམས་ལ་མཆོད་པའི་མཚན་ཉིད་དང་། སེམས་ཅན་རྣམས་ལ་ཕན་འདོགས་པའི་མཚན་ཉིད་དོ།། དེ་བས་ན་སེམས་དཔའ་བཅུ་གསུམ་པ་ནི་བྱ་བ་སེམས་དཔའི་མཚན་ཉིད་དོ།། བྱ་བ་བྱེད་པ་དེ་ལ་བགེགས་དང
་ལོག་འདྲེན་ཉེ་བར་གནས་པར་འགྱུར་ཏེ། དེ་བས་ན་དེ་རྣམས་ལས་བདག་ཉིད་བསྲུང་བར་བྱ་བའི་ཕྱིར། སེམས་དཔའ་བཅུ་བཞི་པ་ནི་བརྩོན་འགྲུས་དང་བྱམས་པའི་ངོ་བོ་ཉིད་དོ།། དེ་རྣམས་ཉིད་སྐྲག་པར་བྱ་བའི་ཕྱིར་སེམས
་དཔའ་བཅོ་ལྔ་པ་ནི་ཕྱིར་བཟློག་པའི་ཚུལ་ཅན་ཐབས་ཀྱི་ངོ་བོ་ཉིད་དོ།། དེ་དག་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གཅིག་ཏུ་བསྡུས་པར་གྱུར་ན་ལས་ཐམས་ཅད་འགྲུབ་པར་འགྱུར་གྱི་གཞན་དུ་མ་ཡིན་པའི་མཚན
་ཉིད་དེ། སེམས་དཔའ་བཅུ་དྲུག་པ་ནི་སྐུ་དང་གསུང་དང་ཐུགས་གསང་བའི་ངོ་བོ་ཉིད་ཡིན་ནོ།། དེ་ནས་རང་རང་གི་རིགས་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་གདབ་པའི་ཕྱིར་ཕྱག་རྒྱ་བཞིའི་བདག་པོ་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ
་གནས་པའི་ཕྱག་རྒྱ་བཞི་སྤྲུལ་པ་མཛད་དོ།། གསང་བའི་མཆོད་པ་བཞི་ནི་སྒེག་མོ་ལ་སོགས་པ་སྟེ། བྱང་ཆུབ་ཀྱི་སེམས་ལ་དགའ་བོ་དང་། དེ་བཞིན་གཤེགས་པའི་ཕྲེང་བ་དང་། དེ་བཞིན་གཤེགས་པའི་གླུ་དང་སྤྱོད་པ
་རྣམས་སོ།། དྲི་དག་ནཱི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་རིགས་ཀྱི་ལྷ་མོ་ཆེན་མོ་ཉིད་དུ་རྣམ་པར་བཞག་གོ།། བདུག་པ་ལ་སོགས་པ་བཞི་ནི་ཤིན་ཏུ་སྦྱངས་པ་དང་། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་དང་། ཡེ་ཤེས་ཀྱི་མར་མེ
་དང་། ཚུལ་ཁྲིམས་ཀྱི་དྲི་རྣམས་སོ།། སྒོ་སྲུངས་རྣམས་ནི་ཐུགས་དང་། སེམས་ཅནྡ་ལ་བྱམས་པ་དང་། སྟོན་པའི་དཀའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་སོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི
་ལོངས་སྤྲིང་རྫོགས་པས་བཞུགས་པ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་འདི་ནི། འོག་མིན་གྱི་གནས་ཡིད་དུ་འོང་བ་གང་ཡིན་པ་དེར་སྤྲུལ་པ་མཛད་པ་ཡིན་ལ། གང་དེར་མངོན་སུམ་དུ་འཇུག་པའི་སྐལ་པ་མེད་པ་དེ་རྣམས
་འདིར་གཞུག་པར་བྱ་བའི་ཕྱིར་ཏེ། འདིར་ཞུགས་ནས་རིམ་གྱིས་དབང་པོ་ཡོངསུ་སྨིན་པ་ཐོབ་པས་དེར་འཇུག་པའི་སྐལ་པ་དང་ལྡན་པའི་ཕྱིར་རོ།། དཀྱིལ་འཁོར་སྤྲུལ་པ་ཡོངས་སུ་རྫོགས་ཀྱང་ལྷ་རྣམས་བྱིན
་གྱིས་རློབ་པར་མི་མཛད་ན། སེམས་ཅན་རྣམས་ཀྱི་དོན་འགྲུབ་པར་མི་འགྱུར་རོ།། དེ་བས་ན་ལྷ་རྣམས་སྤྱན་དྲང་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་གསུངས་སོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས
་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད
་ཡོངསུཾ་གཟུང་ངོ་།། བསྡུ་བ་ནི་དཀྱིལ་འཁོར་གྱི་གནས་སུ་ཐོམས་ཅད་བསྡུས་པའོ།། བྱིན་གྱིས་བརླབ་པ་ནི་བསྡུ་བ་བྱས་པ་སྟེ། དེའི་ཕྱིར་རྡོ་རྗེ་སེ་གོལ་ཞེས་པའོ།། རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་གར་གྱི་སྦྱོར་བ
་བྱས་ནས་ལག་པ་གཡས་པའི་འཁྲིག་མ་གཡོན་པའི་སྟེང་དུ་བཀན་ཏེ་བཞག། དེ་བཞིན་དུ་ལག་པ་གཡོན་པ་གཡས་པའི་འཁྲིག་མའི་སྟེང་དུ་བཀན་ཏེ་བཞག་ལ། ལག་པ་གཉིས་ཀའི་གུང་མོ་དང་མཐེ་བོང་གཉིས་ཀྱིས་སེ
་གོལ་བརྡེབས་ཤིང་། མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བཞག་པ་འདི་ནི་རྡོ་རྗེ་སེ་གོལ་གྱི་ཕྱག་རྒྱ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྐུལ་བར་བྱའོ།། ཞེས
་བྱ་བའི་བསམ་པ་དང་སྦྱར་བར་བྱ་ཞིང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་གང་ཁྱེད་རྣམས་བཞི་ད་བའི་སེམས་ཅན་རྣམས་ལ་རྗེས་སུ་ཕན་གདགས་པར་མཛད་པའི་དུས་ནི་འདི་ལགས་ཀྱིས་གཤེགས
་པར་མཛད་དུ་གསོལ་ཞེས་བྱ་བོ་འདི་ནི་མཚན་མ་མཛད་པས་བསྐུལ་བ་སྟེ། སྙིང་པོ་ཡང་བརྗོད་པར་བྱའོ།། འདི་ནི་རྡོ་རྗེ་བསྡུ་བའི་བྱིན་གྱིས་བརླབས་ཏེ། རྡོ་རྗེ་རྒྱལ་པོའི་ཏིང་ངེ་འཛིན་གྱི་ལས་སོ།། དེ་ནས་ཞེས་བྱ་བ་ནི་བསྐུལ
་པབའི་རྗེས་ཐོགས་ཉིད་ལའོ།། སྐད་ཅིག་དེའི་ཚེ་ཞེས་བྱ་བ་ནི་སྐད་ཅིག་དེ་ཉིད་ལ་ཞེས་བྱ་བའི་དོན་ཏོ།། སྐད་ཅིག་གཅིག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གཤེགས་ལ། ཐང་གཅིག་གིས་ནི་ས་བཅུ་ལ་གནས
་པའི་བྱང་ཆུབ་སེམས་དཔའ་རྣམས་སོ།། ཡུད་ཙམ་གྱིས་ནི་དེ་ལས་གཞན་པའི་བྱང་ཆུབ་སེམས་རྣམས་སོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཅེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་ཡོངས་སུ་གཟུང་ལ། འཇིག་རྟེན
་གྱི་ཁམས་དེ་རྣམས་ཀྱི་རབ་འབྱམས་ནི་རྒྱུན་ཆགས་པའོ།། རབ་འབྱམས་དེ་རྣམས་བསྡུས་པ་ནི་སྤྲིན་ནོ།། སྤྲིན་དེ་རྣམས་ཀྱི་གྲངས་མེད་པ་ནི་རྒྱ་མཚོ་སྟེ། རྩིས་ལས་འདས་པའི་གྲངས་ལས་ནི་རྒྱ་མཚོ་ཞེས་བྱ་བའི་སྒྲར
་བརྗོད་དོ།། དེ་རྣམས་ནི་གང་དེ་བཞིན་གཤེགས་པ་རྣམས་བྱང་ཆུབ་སེམས་དཔའ་རྣམས་དང་བཅས་པ་འདུས་ཤིང་ཚོགས་པར་མཛད་ནས། བཅོམ་ལྡན་འདས་ཀྱི་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང
་རིན་པོ་ཆེ་ལས་བྱས་པ་གང་ན་བ་དེར་གཤེགས་པ་སྟེ། དེར་ཆེད་དུ་ཉེ་བར་བཞུད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། ཆོས་ཀྱི་དབྱིངས་ཀྱང་ངོ་བོ
་ཉིད་ཡིན་པའི་ཕྱིར་རོ།། དེའི་ཞབས་ལ་ཕྱག་འཚལ་བ་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པས་གང་གི་ཕྱིར་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཅེས་གསུངས
་པས་སོ།། ངོ་བོ་ཉིད་ཀྱིས་གྲུབ་པས་ན། རང་བཞིན་གྱིས་གྲུབ་པའོ།། རང་གར་ཟློས་པས་ན་ཅི་དགྲར་ཟློས་པ་སྟེ། ལན་གསུམ་འམ་ཉི་ཤུ་རྩ་གཅིག་ཟློ་བའོ།། ཅི་དགའ་ཞེས་བྱ་བ་འདིས་ནི་བཟླས་བརྗོད་ཀྱི་གྲངས་ངེས་པ་མེད
་པར་སྟོན་ཏོ།། ད་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་གྱི་ཕྱི་རོལ་ན་འཁོད་ཅིང་། ཨེ་མའོ་ཞེས་བྱ་བ་ལ་སོགས་པས་སྤྲུལ་པའི་འཁོར་ལོ་རྣམས་ལ་བསྟོད་པར་བྱེད་པ་ཡིན་པར་སྟོན་ཏེ། ཨེ་མའོ་ཞེས
་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། བྱང་ཆུབ་སེམས་དཔས་ན་བྱང་ཆུབ་སེམས་དཔའོ།། ཀུན་ནས་བཟང་བས་ན་ཀུན་ཏུ་བཟང་པོ་སྟེ། གདུལ་བྱའི་སྐྱེ་བོ་རྣམས་ལས་བལྟོས་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད
་པར་མཛད་དུ་ཟིན་ཀྱང་། མ་ཆགས་པ་དང་མི་ལྡང་བ་དང་མི་རྨོངས་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ།། ལེགས་པར་སྤྱོད་པས་ན་སྤྱོད་པའི་མཆོག་གོ།། སྤྱོད་པའི་མཆོག་དེ་གང་ཡིན་ཞེ་ན། དེ་བཞིན་གཤེགས་པའི
་འཁོར་ལོ་ཡི། དབུས་ན་དེ་བཞིན་གཤེགས་པ་མཛེས་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་འཁོར་ལོ་ནི་སངས་རྒྱས་ཀྱི་ཡོན་ཏན་རྣམས་དཀྱིལ་འཁོར་བའི་འཁོར་ལོའི་སེམས་དཔའི་གཟུགསུ་སྤྲུལ་པ་ཡིན་པའི་ཕྱིར་ཏེ། དེ་བཞིན
་གཤེགས་པའི་འཁོར་ལོ་དེའི་དབུས་ན་དེ་བཞིན་གཤེགས་པ་སྟེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་མཛེས་ཤིང་ལྷམ་མེར་སྣང་བས་བཞུགས་སོ།། ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། དེ
་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱི་བརླབས་ཀྱིས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བྱིན་གྱི་བརླབས་ཀྱིས་སོ།། བྱིན་གྱི་བརླབས་ནི་དེར་ཞུགས་པ་རྣམས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་མོས
་པ་སྟེ། ཐམས་ཅད་ཀྱང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དབང་གིས་དེ་བཞིན་གཤེགས་པ་རེ་རེ་ཞིང་ཡང་རང་རང་གི་འཁོར་གྱི་དཀྱིལ་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་རང་རང་གི་ཐུགས་ལ་ཞུགས་ནས
་དེར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་ཐུགས་ལ་ཞུགས་སོ།། འདི་ཉིད་ནི་བྱང་ཆུབ་སེམས་དཔའ་དེ་རྣམས་དཀྱིལ་འཁོར་ཆེན་པོར་གཞུགས་པའི་ཐོབས་ཡིན་ཏེ། གང་འདི་ལྟར་རང་རང་གི་ཐུགས་ལ་ཞུགས་ནས
་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་ཞུགས་པ་འདི་ནི་ལུང་སྦྱིན་པའི་ཕྱིར་ཡིན་ཏེ། དེ་ལྟར་ན་མངོན་པར་བྱང་ཆུབ་པའི་མཆོག་བརྙེས་པ་རྣམས་ཀྱང་དེར་འཇུག་པ་ལ་ཉེས་པ་མེད་དོ།། དེས་དམ་ཚིག་ཐོབ་པར་གྱུར་ལ། དམ
་ཚིག་ཐོབ་ནས་ཀྱང་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པར་བྱ་བ་ལ་ཀུན་ནས་རྩེ་གཅིག་པར་བྱ་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུས་རང་རང་གི་དེ་བཞིན་གཤེགས་པའི་ཐུགས་ཀ་ནས་བྱུང་སྟེ། ཁང་བུ
་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཕྱི་རོལ་གྱི་ཕྱོགས་ཐམས་ཅད་དུ་དཀྱིལ་འཁོར་དུ་གྱུར་ཅིང་རྩེ་གཅིག་པའི་ཡིད་ཀྱི་ཆོས་ཉན་པའི་ཕྱིར་འཁོད་དོ།། ཞེས་བྱ་བའི་དོན་ཏོ།། ཤིན་ཏུ་ངོ་མཚར་དུ་གྱུར
་པའི་ཆོས་རྟོགས་པས་ཤིན་ཏུ་དགའ་སྟེ། ཆེད་དུ་བརྗོད་པ་འདི་ཆེང་དུ་བརྗོད་དོ།། ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི། རྒྱ་ཆེན
་གདོད་ནས་སྐྱེས་པ་མིན་ཞེས་བྱ་བ་སྟེ། རྒྱ་ཆེ་བ་ནི་རླབས་ཆེ་བ་ལ་བྱ་སྟེ། རྒྱ་ཆེ་བའི་ངོ་བོ་ཉིད་ཡིན་པས་ན་རྒྱ་ཆེ་བ་ཉིད་དོ།། དེ་ཡང་རྒྱ་ཡང་ཡིན་ལ་ཆེ་བ་ཡང་ཡིན་པས་ན་རྒྱ་ཆེ་བའོ།། ཇི་རྒྱ་ཆེ་བ་དེ་དེ་ལྟར་འགའ་ཞིག་གིས་བྱས
་སམ་ཞེ་ན། མ་ཡིན་ནོ།། འོ་ན་ཇི་ལྟ་བུ་ཞེ་ན། གང་ཕྱིར་གདོད་ནས་སྐྱེས་པ་མིན་ཞེས་བྱ་བ་གསུངས་ཏེ། འདི་ལ་ཐོག་མ་མེད་པས་ན་ཐོག་མ་མེད་པའོ།། ཐོག་མ་མེད་པ་ནས་བྱུང་བས་ན། ཐོག་མ་མེད་པ་ནས་སྐྱེས་ཞེས་བྱ་སྟེ། ཐོག
་མ་མེད་པའི་རང་བཞིན་ཅན་གྱི་ཆོས་ཀྱི་དབྱིངས་སུ་གནས་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ན་འདི་ངོ་མཚར་ཞེ་ན། དེའི་ཕྱིར། རྡུལ་ཕྲན་ཐམས་ཅད་ཇི་སྙེད་ཀྱི་སངས་རྒྱས་རྣམས་ནི་གཅིག་ཏུ་གྱུར་ཅེས་གསུངས་སོ།། འདི་སྐད་སྟོར
་ཏོ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཞུགས་སུ་ཟིན་ཀྱང་། དེ་ལ་བྲི་བྱ་དང་གང་བར་མངོན་པ་མེད་པ་འདི་ནི་ངོ་མཚར་ཏོ།།
་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྔར་སངས་རྒྱས་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཀུན་ཏུ་བཟང་པོའི་སེམས་མཉམ་པ་ཉིད་དུ་འཇུག་པའི་མཚན་ཉིད་ཀྱི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ། མངོན་པར་བྱང་ཆུབ་པའི་ལུང
་ཕོག་པར་མཛད་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་སྤྲུལ་པར་མཛད་དེ། ཆོས་ཀྱི་འཁོར་ལོ་བསྐོར་བས་རི་རབ་ཀྱི་རྩེ་མོར་ལྷ་དང་མི་རྣམས་ལ་རྗེས་སུ་ཕན་གདགས་པར་མཛད
་ཅིང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་དཀྱིལ་འཁོར་ཆེན་པོར་བཅུག་ནས་དབང་བསྐུར་ཏེ། ཆོས་ཀྱི་ལོངས་སྤྱོད་སོ་སོར་མྱོང་བར་བྱ་བའི་ཕྱིར་ལོངས་སྤྱོད་རྫོགས་པའི་སྐུར་བཞག་གོ།། ། གང་མི་རྣམས་མཐུ་མ་ཐོབ་ཅིང་རི་རབ་ཀྱི
་མོར་འགྲོ་མི་ནུས་པ་དེ་རྣམས་ཀྱི་དོན་ད་དུང་མ་མཛད་དེ། དེ་བས་ན་དེ་རྣམས་ཀྱི་དོན་ནི་རྡུལ་ཚོན་གྱིས་བྲིས་པའི་དཀྱིལ་འཁོར་འདིས་མཛད་དེ། དེ་བས་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་གསོལ་བ་གདབ་པའི་ཕྱིར། དེ་ནས་ཞེས་བྱ
་པ་ལ་སོགས་པའི་གཞུང་གཞན་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། བདུད་བཞི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་མི་བསྐྱོད་པ་ལ་སོགས་པ་བཞི་པོ་སྤྲུལ་པ
་རྣམས་དང་བཅས་པའོ།། ཡང་ཞེས་བྱ་བ་ནི་འདས་མ་ཇུག་པའི་བསྡུ་བ་མཛད་ལ་བལྟོས་པའོ།། འཇོག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངསུ་བསྐྱ་རྙིང་འཛུར།
་པའི་སྡུག་བསྔལ་ལས་འདོན་པའི་ཕྱིར་དང་། ཐམས་ཅད་ལ་ཕན་པ་དང་ཞེས་བྱ་བ་ནི། ལས་གང་མ་འོངས་པའི་བདེ་བར་འགྱུར་བའོ།། བདེ་བ་ནི་ལུས་དང་སེམས་ཀྱི་བདེ་བ་ཐམས་ཅད་དོ།། དེ་བསྟབས་པ་ནི་ཐོབ་པ་སྟེ་དེའི་ཕྱིར་རོ།།
་བར་གྱི་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡོངས་སུ་བསྡུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་མཉམ་པ་ཉིད་དེ་ཆོས་ཉིད་དང་དེ་བཞིན་ཉིད་དོ།། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་ཉིད་མངོན་པར་ཤེས་པ་སྟེ། དེའི་ཡང་དག་པར་རྫོགས་པའི་བྱང་ཆུབ་པ
་ནི་ཐུགས་སུ་ཆུད་ཅིང་མངོན་སུམ་དུ་མཛད་པའོ།། དེ་ཉིད་ནི་དངོས་གྲུབ་དམ་པ་སྟེ་དེའི་ཕྱིར་རོ།། དེ་ཡང་སངས་རྒྱས་པ་ཉིད་ཀྱི་བར་གྱི་ཕྱིར་ཞེས་བྱ་བར་སྟོན་པ་ཡིན་ནོ།། རྡོ་རྗེ་འདི་ཁམས་དང་རྒྱུ་ཡིན་པས་ན་རྡོ་རྗེ་དབྱིངས
་ཏེ། རྡོ་རྗེ་དབྱིངས་སྨོས་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལས་བལྟོས་པའོ།། དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དཀྱིལ་འཁོར་ཆེན་པོ་སྟེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལ་སོགས
་པ་ལས་བལྟོས་པ་ཡིན་ནོ།། འདི་ཞེས་བྱ་བ་ནི་བཤད་མ་ཐག་པའོ།། བྱིན་གྱིས་བརླབ་པ་ནི་ཡོངསུ་གཟུང་བ་སྟེ། འདི་ལྟར་ཡོངསུ་བཟུང་བའི་ཚུལ་གྱིས་སྔགས་སྤྱོད་པའི་ཚུལ་ཡུན་རིང་དུ་གནས་པར་གྱུར་པ་དེ་ནི་བྱིན་གྱིས་བརླབས
་པབ་ཞེས་བཤད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རང་གི་རྡོ་རྗེ་སེམས་དཔའ་ནི་བདག་ཉིད་ཀྱི་བྱང་ཆུབ་ཀྱི་ཐུགས་སོ།། འདི་ལ་ཐོག་མ་ཡང་ཡོད་པ་མ་ཡིན་ལ། ཐ་མར་རྒྱུན་ཡོངས་སུ་ཆུད་པའི་མཚན་ཉིད་དུ
་འགགས་པ་ཡང་མ་ཡིན་པས་ཐོག་མ་དང་ཐ་མ་མེད་པའོ།། རྡོ་རྗེ་འཛིན་པ་གཞན་དག་ཀྱང་ཡོད་པས་དེ་རྣམས་ལས་དགའ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ནི་རྡོ་རྗེ་ཆེན་པོ་འཛིན་པ་ཞེས་བྱ་སྟེ། ཐམས
་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འཛིན་པས་ན་རྡོ་རྗེ་ཆེན་པོ་འཛིན་པའོ།། བརྒྱ་རྩ་བརྒྱད་ཅེས་སྨོས་པ་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་དེ། འདི་ནི་བཅུ་གཉིས་ལྷག་པའི་བརྒྱ་སྟེ། ཚིགས་སུ་བཅང་བ་རེ་རེ་ཞིང་ཡང་མཚན
་བདུན་བདུན་ཡོད་དོ།། དེ་ལ་སྔགས་ཀྱི་སྒོ་ནས་མཚན་གཅིག། ཕྱག་རྒྱའི་སྒོ་ནས་ཏེ་གཉིས། ཕྱག་རྒྱ་ལས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒོ་ནས་ཐུན་མོང་གི་མཚན་ཏེ་གསུམ། སྤྲོས
་པའི་སྒོ་ནས་མཚན་གཞན་དུ་གྱུར་པ་སྟེ་བཞི། ཕྱག་རྒྱ་ཆེན་པོའི་སྒོ་ནས་ཀྱང་མཚན་དུ་གྱུར་པོ་སྟེ་ལྔ། མིང་གིས་དབང་བསྐུར་བའི་སྒོ་ནས་མཚན་དུ་གྱུར་པ་སྟེ་དྲུག། དོན་མཛད་པའི་སྒོ་ནས་མཚན་དུ་གྱུར་པ་སྟེ་བདུན་ནོ།། དེ་ལྟར
་ཚོགས་སུ་བཅད་པ་རེ་རེ་ཞིང་ཡང་དོན་བདུན་པོ་ནི་མཚན་འདོགས་པའི་རྒྱུ་ཡིན་པར་ཤེས་པར་བྱའོ།། འདིས་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། མཆོད་པ་སྔོན་དུ་འགྲོ་བའི་བཀས་གསོལ་བ་འདོབས་པས།
་ན་གསོལ་བ་བཏབ་པ་སྟེ། མཆོད་པ་དེ་ཡང་གང་ཡིན་ཞེ་ན། མཚན་བརྒྱ་རྩ་བརྒྱད་པའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་སྔགས་ཀྱི་སྒྲོ་ནས་སོ།། སེམས་དཔའ་ཆེ་ཞེས་སྤྲོ་བའི་སྒོ་ནས་སོ།། རྡོ་རྗེ་ཞེས་བྱ་བ་ནི་ཕྱག་རྒྱའི་སྐྱོན་སོ།། དེ་བནིན།
་གཤེགས་པ་ཀུན་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པ་ཉིད་ཀྱིས་སོ།། རྡོ་རྗེ་རྣམས་ཀྱི་ཐོག་མ་ཡིན་པས་ནི་རྡོ་རྗེ་དང་པོ་སྟེ། དཀྱིལ་འཁོར་དུ་ཐོག་མ་བྱུང་བ་ཡིན་པའི་ཕྱིར་རོ།། ཀུན་ཏུ་བཟང་པོ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས།།
་ཕྱག་ན་རྡོ་རྗེ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་རྒྱལ་པོ་ནི་སྔགས་ཀྱི་སྒོ་ནས་སོ།། སངས་རྒྱས་དམ་པ་རྣམས་ཀྱི་མཆོག་ཡིན་པས་ན་སངས་རྒྱས་མཆོག་སྟེ། འགུགས་པའི་དོན་གྱིས་ལས་ཀྱི་སྒོ་ནས་མཚན་འདི་སྐད
་ཅེས་བྱའོ།། རྡོ་རྗེ་ལྕགས་ཀྱུ་ནི་ཕྱག་རྒྱའི་སྒོ་ནས་སོ།། དེ་བཞིན་གཤེགས་པ་ནི་དྲི་བཞིན་གཤེགས་པ་རྣམས་བསྐྱེད་པ་ཉིད་ཀྱིས་ཏེ། ཐམས་ཅད་ཅེས་བྱ་བ་མ་སྨོས་པ་ནི་ཚིགས་སུ་བཅད་པའི་དབང་དུ་བྱས་པ་ཡིན་ནོ།། དོན་ཡོད
་རྒྱལ་པོ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་མཆོག་ནི་རྡོ་རྗེ་རྣམས་ཀྱི་དམ་པ་ཡིན་པས་ན་རྡོ་རྗེ་མཆོག་སྟེ་སྤྲོ་བའི་སྒོ་ནས་སོ།། ལྕགས་ཀྱུའི་ཕྱག་རྒྱས་འགུགས་པས་ན་རྡོ་རྗེ་འགུགས་པ་སྟེ། མིང་གི་དབང་བསྐུར་བའི་སྒོ་ནསོ།། །
་རྡོ་རྗེ་ཆགས་པ་ནི་སྔགས་ཀྱི་སྒོ་ནས་སོ།། བདེ་བ་ཆེན་པོ་ནི་བདེ་བར་བྱེད་པ་སྟེ། ལས་ཀྱི་སྒོ་ནས་སོ།། རྡོ་རྗེ་མངའ་ནི་ཕྱག་རྒྱའི་སྒོ་ནས་སོ།། དབང་བྱེད་པ་ཞེས་བྱ་བ་འདི་ཡང་ལས་ཀྱི་སྒོ་ནས་ཏེ། གཞན་གྱི་རྒྱུད་དབང་དུ་བྱེད་པར་སྟོན་པའི་ཕྱིར
་རོ། བདུད་ནི་བདུད་བྱེད་པའི་དོན་གྱིས་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སས་བསྡུས་པའི་དགེ་བའི་སེམས་ཀྱི་བར་དུ་གཅོད་པ་ཡིན་པའི་ཕྱིར་རོ།། འདོད་པ་ནི་འདུན་པའི་ངོ་བོ་ཉིད་དུ་གྱུར་པ་སྟེ། འདོད་པ་དང་འདུན་པ་དང་ཆགས
་པ་ཞེས་བྱ་བ་ནི་རྣམོ་གྲངས་ཡིན་ནོ།། འདི་དག་མིང་གཅིག་པ་དེ་ཉིད་ཡིན་པ་ལས་དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བདུད་ཅེས་བྱ་བ་ནི་ལྷའི་བུའི་བདུད་ལ་ཡང་བྱ་བ་སྲིད་པས། དེ་བས་ན་འདོད་པ་ཞེས་བྱ་བའི་སྒྲ་གསུངས་པས་ནི་བྱང
་ཆུབ་ཀྱི་སེམས་ཀྱི་བདུད་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་སྟོན་ཏོ།། རྡོ་རྗེ་ཆེ་ནི་སྤྲོ་བའི་སྒོ་ནས་སོ།། རྡོ་རྗེ་གཞུ་ནི་རྣམོ་གྲངས་ཀྱི་སྒོ་ནས་མིང་གི་དབང་བསྐུར་བ་སྟོན་ཏོ།། གང་གི་ཕྱིར་དེར་རྡོ་རྗེ་གཞུ་རྡོ་རྗེ་གཞུ་ཞེས་རྡོ་རྗེ་མིང་གི་དབང་གི
་དབང་བསྐུར་བ་བྱིན་པ་ཡིན་པའི་ཕྱིར་རོ།། །། རྡོ་རྗེ་ལེགས་པ་ནི་སྔགས་ཀྱི་སྒོ་ནས་སོ།། སེམས་དཔའ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དམ་པ་རྣམས་ཏེ། དེ་རྣམས་ཀྱི་མཆོག་ནི་ཐམས་ཅད་མཉེས་པར་བྱེད་པའི་དོན
་གྱིས་སོ།། རྡོ་རྗེ་མགུ་བ་ནི་ཕྱག་རྒྱའི་སྒོ་ནས་སོ།། དགའ་བ་ཆེ་ནི་དགྱེས་པ་ཆེན་པོ་ཉིད་དེ་ཕྱག་རྒྱ་སྤྲོས་པའི་སྒོ་ནས་སོ།། རབ་དགྱེས་རྒྱལ་པོ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་མཆོག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ
་རྣམས་ངོ་བོ་ཉིད་གཅིག་ཏུ་བྱེད་པའི་དོན་གྱིས་ན་རྡོ་རྗེ་མཆོག་གོ།། རྡོ་རྗེ་དགྱེས་པ་ནི་མིང་གི་དབང་བསྒྱུར་བའི་སྒོ་ནས་སོ།། རྡོ་རྗེ་རིན་ཆེན་ནི་སྔགས་ཀྱི་སྒོ་ནས་སོ།། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་སོ།།
་དེ་རྣམས་ཀྱི་དོན་ཡིན་པས་ན་རྡོ་རྗེའི་དོན་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པའི་རྒྱུར་གྱུར་པའི་ཕྱིར་རོ།། རྡོ་རྗེ་ལྟ་བུའི་ཐུགས་ཀྱིས་ན་མཁའ་ལས་བྱུང་བ་ཡིན་པའི་ཕྱིར་རྡོ་རྗེ་ནམ་པའོ།། ནོར་བུ་ཆེ་ནི་ཕྱག་རྒྱའི་སྒོ་ནས་སོ།།
་ནམཁའི་སྙིང་པོ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་རྣམས་ཀྱིས་ཕྱུག་པ་ནི་རྡོ་རྗེ་ཕྱུག་པ་སྟེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་མཛད་པའི་སྒོ་ནས་སོ།། རྡོ་རྗེའི་སྙིང་པོ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་གཟི
་བརྗིད་ནི་སྔགས་ཀྱི་སྒོ་ནས་སོ།། ཆེར་འབར་བ་ནི་སྤྲོ་བའི་སྒོ་ནས་སོ།། རྡོ་རྗེ་ཉི་མ་ནི་ཕྱེ་ག་རྒྱའི་སྒོ་ནས་སོ།། རྒྱལ་བའི་འོད་ནི་ལས་ཀྱི་སྒོ་ནས་སོ།། རྡོ་རྗེའི་འོད་ཟེར་ནི་ལས་ཀྱི་ཁྱད་པར་གྱི་སྒོ་ནས་ཏེ། འོད་ཟེར་འགྱེད་པའི་ལས་བྱེད་པ་ཡིན
་པའི་ཕྱིར་རོ།། གཟི་བྱིན་ཆེ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་འོད་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། སེམས་ཅན་གྱི་དོན་གྱི་མཆོག་གི་རྒྱུར་གྱུར་པས་ན་སེམས་ཅན་དོན་རབ་བོ།། རྡོ་རྗེ་དཔལ་ནི་སྔགས་ཀྱི་སྒོ་ནས་སོ།། རྡོ་རྗེ
་རྒྱལ་མཚན་ནི་ཕྱག་རྒྱའི་སྒོ་ནས་སོ།། རབ་དགའ་བྱེད་ནི་ལས་ཀྱི་སྒོ་ནས་སོ།། རྡོ་རྗེ་ཆེན་པོ་ནི་སྤྲོ་བའི་སྒོ་ནས་སོ།། རིན་ཆེན་དཔལ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་དཔལ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་བཞད་མོ
་ནི་སྔགས་ཀྱི་སྒོ་ནས་སོ།། བཞད་པ་ཆེ་ནི་སྤོ་བའི་སྒོ་ནས་སོ།། རྡོ་རྗེ་འཛུམ་པ་ནི་ཕྱག་རྒྱའི་སྒོ་ནས་སོ།། ངོ་མཚར་ཆེ་བ་ནི་རྨད་དུ་བྱུང་བའི་དོན་སྟོན་པ་ཡིན་པའི་ཕྱིར་རོ།། དགའ་ཞིང་རབ་དགའ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ
་སྐྱོན་ནི་རྡོ་རྗེ་རྣམས་སྟོན་པས་ན་རྡོ་རྗེ་སྟོན་ཏེ། རྡོ་རྗེ་ཐུགས་སུ་ཆུད་པའི་འཛུམ་པ་སྟོན་པའི་ཕྱིར་རོ།། རྡོ་རྗེ་དགའ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་ཆོས་ནི་སྔགས་ཀྱི་སྒོ་ནས་སོ།། དེ་ཁོ་ན་ཉིད་དམ་པ་ནི་རབ་ང་ཉིད
་དོན་ཏེ། ཐམས་ཅད་དེའི་ཡུལ་ཡིན་པའི་ཕྱིར་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་དམིགས་པའི་ཕྱིར་རོ།། རྡོ་རྗེ་པདྨོ་ནི་ཕྱག་རྒྱའི་སྒོ་ནས་སོ།། རབ་ཏུ་དགའ་བར་བྱེད་པ་ནི་རབ་དགའ་བྱེད་དེ། སེམས་ཅན་རྣམས་ཀྱི་བསམ་པ་ཤིན་ཏུ་དག
་པར་མཛད་པ་ཡིན་པའི་ཕྱིར་རོ།། འཇིག་རྟེན་དབང་ཕྱུག་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་སྨནྡ་ནཱི་རྡོ་རྗེ་ལྟེ་བའི་ཕྱག་རྒྱའི་སྒོ་ནས་སོ།། རྡོ་རྗེ་སྟན་ནི་མི་གི་དབང་བསྒྱུར་པོའི་སྒོ་ནས་སོ།། རྡོ་རྗེ་རྣོ་བ་ནི་སྔགས་ཀྱི་སྒོ་ནས་སོ།།
་ཐེག་པ་སྟོན་པར་མཛད་པའི་སྒོ་ནས་སོ།། རྡོ་རྗེ་རལ་གྲི་ནི་ཕྱག་རྒྱའི་སྒོ་ནས་སོ།། མཚོན་ཆེན་པོ་ནི་སྤྲོ་བའི་སྒོ་ནས་སོ།། འཇམ་དཔལ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་རབ་ཏུ་ཟབ་ནི་ཆོས་ཟབ་མོ་སྟོན་པའི་དོན་གྱིས་སོ།།
་རྡོ་རྗེ་བློ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་རྒྱུ་ནི་སྔགས་ཀྱི་སྒོ་ནས་སོ།། སྙིང་པོ་ཆེ་ནི་སྤྲོས་པའི་སྒོ་ནས་སོ།། རྡོ་རྗེ་འཁོར་ལོ་ནི་ཕྱག་རྒྱའི་སྒོ་ནས་སོ།། ཚུལ་ཆེན་པོ་ནི་སྔགས་ཀྱི་སྒོར་སྤྱོད་པའི་ངོ་བོ་ཉིད་ཀྱིས་སོ།།
་རབ་སྐོར་ནི་འཁོར་ལོ་སྐོར་བ་སྟེ། ལས་ཀྱི་ཕྱག་རྒྱའི་སྒོ་ནས་སོ།། རྡོ་རྗེ་ལས་བྱུང་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེས་པའི་ཕྱིར་རོ།། རྡོ་རྗེ་སྙིང་པོ་ནུ་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་གསུང་བ
་ནི་སྔགས་ཀྱི་སྒོ་ནས་སོ།། རང་རིག་མཆོག་ནི་རིག་པ་དང་སྔགས་དོང་སྟོང་པོ་རྣམས་ཟློས་དེའི་དོན་གྱིས་ནི་མཆོག་ཡིན་པའི་ཕྱིར་རོ།། རྡོ་རྗེ་རྗེས་པ་ནི་ཕྱག་རྒྱའི་སྒོ་ནས་སོ།། རབ་གྲུབ་སྦྱིན་ནི་གྲུབ་པ་བཟང་བློ་སྦྱིན་པར་བྱུང་པ
་ཕྱིར་རོ།། མི་གསུང་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་མཆོག་གྲུབ་པ་ནི་མཆོག་རྣམས་སྦྱིན་པར་བྱེད་པས་ན་མཆོག་གྲུབ་པའོ།། རྡོ་རྗེ་གསུང་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་ལས་ནི་སྔགས་ཀྱི་སྒོ་ནས་སོ།། རབ
་ཏུ་གྱུར་པའི་རྡོ་རྗེ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། དེ་རྣམས་ཀྱི་བཀའ་བཞིན་བྱེད་པས་ནི་རབ་རྡོ་རྗེའི་བཀའོ།། ལས་ཀྱི་རྡོ་རྗེ་ནི་ཕྱག་རྒྱུའི་སྒོ་ནས་སོ།། ཐམས་ཅད་རབ་ཏུ་འགྲོ་བས་ན་ཀུན་རབ་འགྲོ་སྟེ་ལས་ཀྱི་སྒོ་ནས་སོ།། རྡོ་རྗེ
་ངས་པ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྒྱ་ཆེ་བ་ནི་མཆོད་པའི་ལས་ཏེ། སྤྲོ་བའི་སྒོ་ནསོ་སོ།། རྡོ་རྗེ་ཀུན་ནི་མིང་གི་དབང་བསྐུར་བའི་སྒོ་ནོས་སོ།། རྡོ་རྗེ་བསྲུང་བ་ནི་སྔགས་ཀྱི་སྒོ་ནས་སོ།། བསྟན་པ་ཆེ་ནི་མི་གཡོ་བའི་དོན་གྱིས་སོ།། རྡོ་རྗེ
་གོ་མ་ནི་ཕྱག་རྒྱའི་སྒོ་ནས་སོ།། སྲ་བ་ཆེ་ནི་མི་ཕྱེད་པའི་དོན་གྱིས་སོ།། བརྩོན་འགྲུས་བཟང་པོས་མཆོག་ཏུ་གྱུར་པས་ན་བརྩོན་འགྲུས་མཆོག་སྟེ། སངས་རྒྱས་བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། ཐུབ་པར་ག
་ནིཕྱག་རྒྱ་ཆེན་པོའི་སྐྱོ་ནས་སྷོ།། རྡོ་རྗེ་བརྩོན་འགྲུས་ནི་མིང་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་གནོད་སྦྱིན་ནི་སྔགས་ཀྱི་སྐྱོནས་སོ།། བས་ཆེན་པོ་མྱང་བྱས་ན་ཐབས་ཆེན་ཐོ་སྟེ། ཤེས་རབ་ཀྱི་ཁྱད་པར་རྫོསྐབས་ཆེན་བྲོནྡོ། དྷཱུ།
་མཆེ་བ་ནི་ཕྱག་རྒྱའི་སྒོ་ནས་སོ།། འཇིགས་པ་ཆེ་ནི་སྤྲོ་བའི་སྒོ་ནས་སོ།། བདུད་འཇོམས་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་རྣམས་ཀྱི་མི་ཟད་པ་ནི་རྡོ་རྗེ་མི་ཟད་པ་སྟེ། མ་རུངས་པའི་ལས་མཛད་པའི་ཕྱིར་རོ།། རྡོ་རྗེ་དྲག་པོ་ནི་མིང
་གི་དབང་བསྐུར་བའི་སྒོ་ནས་སོ།། རྡོ་རྗེ་མཚམས་སྦྱོར་ན་སྔགས་ཀྱི་སྒོ་ནས་སོ།། རབ་ཏུ་བསྡུས་ནི་ཕྱག་རྒྱ་ཐམས་ཅད་བྱིན་གྱིས་རློབ་པར་བྱེད་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ་འཆིང་བ་ནི་ཕྱག་རྒྱའི་སྒོ་ནས་སོ།། རབ་གྲོལ་བྱེད་ནི་རིམས་ལ
་སོགས་པ་སེལ་བར་བྱེད་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ་ཁུ་ཚུར་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། དམ་ཚིག་མཆོག་ནི་དམྦ་ཚིག་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ་ཁུ་ཚུར་ནི་མིང་གི་དབང་བསྐུར་བའི་སྒོ་ནསོ།། །
་དེ་ལས་གཞན་པ་ནི་བསྟོང་པའི་ཕན་ཡོན་ཡིན་ཏེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པས་ན་ཞི་བའོ།། རྡོ་རྗེ་མིང་གི་དབང་བསྐུར་བ་ལ་སོགས་པ་ཇི་སྐད་བཤད་པ་རྣམས་ཀྱིས་རྡོ་རྗེ་སེམས་དཔའ་བཞིན་དུ་ཀུན་གྱི་མཆོག
་གིས་ཞེས་བྱ་བ་དེ་བཞིན་གཤེགས་པ་རྣམས་ཏེ། ཀུན་གྱི་མཆོག་དེ་རྣམས་ཀྱིསོ་དེ་ལ་དབང་བསྐུར་བར་འགྱུར་རོ་ཞེས་གསུངས་སོ།། ཡོན་ཏན་གྱི་རྒྱུར་གྱུར་པས་ན་ཡོན་ཏན་ཏེ། སྔགས་པ་ལ་སོགས་པའི་རང་བཞིན
་གྱི་ཡོན་ཏན་ཐམས་ཅད་ཀྱི་རྒྱུ་ལས་ཞུགས་པ་ཡིན་པའི་ཕྱིར་ཡོན་ཏན་མིང་རྣམས་ཀྱིས་སོ།། རྡོ་རྗེ་འཆང་བ་ཆེན་པོ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ལའོ།། རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ་།།
་དབྱངས་ཀྱིས་བསྟོད་པ་ཞེས་བྱ་བ་ནི་གླུར་བླངས་པས་བསྟོད་པའོ།། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་སྔོན་དུ་འགྲོ་བ་ཉིད་དང་དཀྱིལ་འཁོར་སྤྲུལ་པ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་དང་། ཐེག
་པོ་ཆེན་པོ་མངོན་པར་རྟོགས་པའི་དོན་སྟོན་པ་ཡིན་པའི་ཕྱིར་དང་། མཚན་བརྒྱ་རྩ་བརྒྱད་པའི་ཐོག་མའི་སྔགས་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་མཚན་ཉིད་ཡིན་པས་ན་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི
་ཞེས་བྱ་བ་གསུངས་སོ།། ཚུལ་ཆེན་ནི་སྔགས་ཀྱི་སྤྱོད་པའི་ཚུལ་ལོ།། རྒྱས་པར་མཛོད་ཅེས་བྱ་བ་ནི་རྣམ་པར་སྤྲོ་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ།། མགོན་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཞུགས་པའི
་ཕྱིར་རྔ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཏུ་གྱུར་པའི་ཕྱིར་མགོན་པོ་ཞེས་བཤད་ངོ་།། མཆོད་པ་སྔོན་དུ་འགྲོ་བའི་བཀའ་ནི་གསོལ་བ་ཞེས་བཤད་པས་ཡང་དག་པའི་ཡོན་ཏན་གྱི་བསྟོད་པས་མཆོད་པ་བྱས
་ནོནས། གསོལ་བ་ནི་མགོན་པོ་ཁྱོད་ལ་ཞེས་བྱ་བ་ལ་སི་གས་པ་འདི་ཉིད་ཡིན་ནོ།། སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ་ཞེས་བྱ་བ་ནི་འཁོར་ལོ་ནི་ཆོས་ཀྱི་འཁོར་ལོ་ཡང་ཡོད་པས་དེ་ལ་ཁྱད་པར་དུ་བྱ་བའི་ཕྱིར་དཀྱིལ
་འཁོར་ཆེན་པོ་ཞེས་བྱ་བ་གསུངས་ཏེ། ཆེན་པོ་ཞེས་བྱ་བའི་སྒྲས་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལ་སོགས་པ་ལ་བལྟོས་པ་ཡིན་ནོ།། དམ་པ་ཞེས་སྨོས་པ་ནི་རྒྱུད་གཞན་དག་ལས་སྨོས་པའི་དཀྱིལ་འཁོར་ཆེན་པོ་ལས
་བལྟོས་པ་ཡིན་ནོ།། ཆོ་ག་མཆོག་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བའི་ཕྱིར་ཏེ། ཉན་ཐོས་ཀྱི་ཐེག་པའི་ཆོ་ག་གཅིག་སྟེ། ཆོ་ག་འདི་སེམས་ཅན་ཡོངསུ་སྨིན་པར་བྱེད་པའི་ཕྱིར་དེ་བས་ཁྱད་པར་དུ་འཕགས་པ་ཡིན་ནོ།། རང
་སངས་རྒྱས་ཀྱི་ཐེག་པ་ལས་ནི་ཐེག་པ་ཆེན་པོའི་ཆོ་ག་མཆོག་ཡིན་ལ། མདོ་སྡེ་བའི་སྤྱོད་པ་དེ་དག་པས་ཀྱང་སྔགས་ཀྱི་སྤྱོད་པའི་ཚུལ་ནི་ཤིན་ཏུ་མཆོག་ཡིན་ནོ།། དེ་ལས་ཀྱིས་བྱ་བའི་རྒྱུད་ལས་རྣལ་འབྱོར་གྱི་རྒྱུད་ནི་ཤིན་ཏུ
་ཕུལ་དུ་བྱུང་བ་ཡིན་པས་ཆོ་ག་མཆོག་ཅེས་གསུངས་སོ།། ཆོ་ག་མཆོག་དེ་གང་ཡིན་ཞེ་ན། སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ་ཞེས་གསུངས་པ་ཡིན་པས་སོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐིགས་ལའོ།། སྐལ་བ་ཕུན་སུམ་ཚོགས
་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤིན་ཏུ་རྣམ་པར་དག་ཅིང་ཡོངས་སུ་རྫོགས་པའི་སྟོང་པ་ཉིད་ཆེན་པོའི་རྡོ་རྗེ་འཛིན་པར་མཛད་པས་ན་རྡོ་རྗེ་ཆེན་པོ་འཛིན་པའོ།། དེ་བཞིན
་གཤེགས་པ་ཐམས་ཅད་ནི་དཀྱིལ་འཁོར་དུ་བསྡུས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་རྣམས་ཀྱི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ་འབྱུང་བ་ནི་རྡོ་རྗེ་ལྟ་བུའི་བསམ་པ་གང་ལས
་བྱུང་བ་འདི་ཏིང་ངེ་འཛིན་གང་གིས་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་གང་ཡིན་པ་ལ་དོན་དང་མཐུན་པའི་མིང་དེ་སྐད་ཅེས་བྱ་སྟེ། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། དཀྱིལ་འཁོར་གང་སྟོང་པ
་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་དབྱིངས་ཏེ། རྒྱུ་ཡོད་པའི་དཀྱིལ་འཁོར་དེ་ལ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བཤད་དོ།། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ།། རྒྱུད་མི་གནས་པས་ཡང་དག་པའི་མན་ངག་རྒྱུན་ཆད་པར་མ་གྱུར
་པར་བྱ་བའི་ཕྱིར། ཡང་དག་པོར་རབ་ཏུ་བཤད་པས་ན་ཡང་དག་བཤད་བགྱི་བོ་ཞེས་བྱ་སྟེ། གང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རི་རབ་ཀྱི་རྩེ་མོར་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་ལ་ཕན་གདགས་པར
་བྱ་བའི་ཕྱིར་སྤྲུལ་པར་མཛད་པ་དེ་ནི་རྡོ་རྗེ་དབྱིངས་མངོན་སུམ་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས། ལྷ་དང་མི་རྣམས་ལ་ཕན་གདགས་པའི་ཕྱིར་བསྟན
་པོ་གང་ཡིན་པ་དེ་ནི་རྡོ་རྗེ་དབྱིངས་དང་འདྲི་བས་ན་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་སོ་ཞེས་བྱ་བའི་དོན་ཏོ།། དེ་མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། དེའི་ཕྱིར་རྡོ་རྗེ་དབྱིངས་ཞེས་བགྱི་བར་གྲགས་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་ཞེས
་བྱའོ།། ཞེས་བྱ་བའི་དོན་ཏོ།། ཅི་རིགས་པར་ནི་མཆིས་ནས་ཀྱང་ཞེས་བྱ་བ་ནི་ཚུལ་ཇི་ལྟ་བ་བཞིན་དུ་འདུག་པའོ།། འདིར་ཅི་རིགས་པ་ཉིད་གང་ཡིན་ཞེ་ན། གལ་ཏེ་ས་ཡོངསུ་སྦྱངས་པ་ཡིན་ན་དེར་བྱུག་པ་དང་། ཕྱག་དར་བྱ
་བ་དང་སྤོས་ཆུས་ཆག་ཆག་གདབ་པ་དང་། མེ་ཏོག་གིས་སིལ་མ་གཏོར་བ་སྟེ། འདི་ནི་ཅི་རིགས་པའོ།། འོན་ཏེ་ས་མ་སྦྱངས་པ་ཞིག་ཡིན་ན། དེ་བརྐོས་ལ་ཕུབ་མ་དང་ཐལ་བ་དང་རུས་པ་དང་ཟུག་རྔུ་དང་སོལ་བ་ལ་སོགས་པ
་གསལ་ཏེ། ཆ་མཉམ་པ་ལ་སོགས་པ་འདི་ཡང་ཅི་རིགས་པའོ།། སེམས་ཅན་རྣམས་ཀྱི་བསམ་པའི་ཁྱད་པར་ལས་དཔགྲོས་ཏེ། ཚེས་དང་སྐར་མ་དང་གཟའ་ལ་སོགས་པ་བཟང་པོ་བརྟག་པ་འདི་ཡང་ཅི་རིགས་པ་ཡིན་ནོ།། ཕྱིས
་འགྱུར་བའི་ཚུལ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ས་ལ་ཡང་དཀྱིལ་འཁོར་ཞེས་བྱ་བའི་སྒྲར་གསུངས་ཏེ། དེའི་དབུས་ཉིད་དུ་མཆིས་ནས་ཀྱང་ཞེས་ནི་གསུངས་ན། ཇི་ལྟར་འདུག་པར་བྱ་བ་མི་ཤེས་པས། དེའི་ཕྱིར་སེམས་དཔའ
་ཆེ་བའི་ཕྱག་རྒྱ་ཆེ་བསྒོམ་ཞིང་ཞེས་བྱ་བ་གསུངས་ཏེ། སེམས་དཔའ་ཆེན་པོ་ནི་འདིར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ།། དེའི་ཕྱག་རྒྱ་ཆེན་པོ་ནི་སྐུའི་ཕྱག་རྒྱའོ།། དེ་རེ་ཞིག་རྒྱས་པར་བསྒོམ་པ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱས
་ལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཡོངས་སུ་རྫོགས་པས་བདག་ཉིད་རྐྱེན་དུ་འཆི་བ་དང་རབ་ཏུ་ལྡན་ཞིང་ལུང་དང་རྟོགས་པ
་མངོན་སུམ་དུ་བྱས་པ་ལ་སོགས་པ་དང་། འདུ་བྱེད་ཐམས་ཅད་མཉམ་པ་ཉིད་ཡིན་ཞིང་། སྟོང་པ་ཉིད་དུ་རོ་གཅིག་པར་ཡང་བདག་ཉིད་ལྷག་པར་མོས་པར་བྱའོ།། དེ་བས་ན་བདག་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས
་སུ་རྫོགས་པར་ལྟ་བར་བྱའོ།། དེ་ནས་བདག་ཉིད་སངས་རྒྱས་ཐམས་ཅད་ཀྱིས་རྒྱལ་ཚབ་དུ་དབང་བསྐུར་བར་བསམ་མོ།། དེ་ནས་བདག་ཉིད་དགའ་ལྡན་གྱི་གནས་སུ་སྐྱེ་བར་བསམས་ལ། དེར་ཆོས་ཀྱི་སྟན
་འདུག་སྟེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་མདོ་སྡེའི་ཚུལ་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་ཏོ།། དེ་ནས་རིགས་ལ་སོགས་པ་ལ་བལྟས་ལ། འདིར་བབས་ཏེ་སྐྱེ་བོ་ཡོངས་སུ་བཟུང་བ་བྱས་ནས། བྱིས་པ
་དང་གཞོན་ནུ་ལ་སོགས་པའི་རིམ་གྱིས་བདོག་ཉིད་ལང་ཚོ་ལ་གནས་པར་ལྷག་པར་མོས་ཤིང་བཟོའི་གནས་བསྟན་པ་དང་། བཙུན་མོའི་འཁོར་གྱི་ནང་ན་གནས་པ་དང་། མངོན་པོར་བྱུང་བ་དང་། རབ་ཏུ་བྱུང་བ་དང་། དཀའ་བ
་སྤྱོད་པ་བྱས་པས་པར་ལྷག་པར་མོས་པར་བྱས་ཏེ། དེ་ལ་གནས་བཞིན་དུ་མི་ལྕོགས་པ་མེད་པས་ན། དེ་ནས་བསམ་གཏན་དང་པོ་དང་། དེ་ནས་བསམ་གཏན་ཁྱད་པར་ཅན་དང་། བསམེ་གཏན་གཉིས་པ་དང་། གསུམ་པ
་དང་། བཞི་པ་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཚད་རྣམས་ལ་རིམ་པ་བཞིན་དུ་སྙོམས་པར
་འཇུག་པར་ལྷག་པར་མོས་པར་བྱའོ།། དེ་ནོས་ཡང་གོ་ཟློག་པའི་རིམ་གྱིས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ནས་མི་ལྕོགས་པ་མེད་པའི་བར་དུ་དབབ་པོ།། དེ་ནས་སླར་ཡང་མི་ལྕོགས་པ་མེད་པ་ནས་བསམ
་གཏན་ཁྱད་པར་ཅན་དང་། དེ་ནས་བསམ་གཏན་གསུམ་པ་དང་། དེ་ནས་ན་མཁའ་མཐའ་ཡས་སྐྱེ་མཆེད་དང་། དེ་ནས་ཅི་ཡང་མེད་པའི་སྐྱེ་མཆེད་དང་། དེ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དོ།། དེ་ནས་ཡང་བཟློག་པའི
་རིམ་གྱིས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། དེ་ནས་བསམ་གཏན་གཉིས་པ་དང་། དེ་ནས་དང་པོ་དེ་ནས་མི་ལྕོགས་པ་མེད་པ་དང་ངོ་ནས་ཡང་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ཅིང་། བསམ་གཏན་དང་པོའི་རྗེས་ལ
་བསམ་གཏན་ཁྱད་པར་ཅན་དང་། དེ་ནས་བསམ་གཏན་གཉིས་པ་དང་། དེ་ནས་གསུམ་པ་དང་། དེ་ནས་བཞི་པ་དང་། དེ་ནས་བསམ་གཏན་བཞི་པའི་ཆུང་ངུའི་ཆུང་ངུ་ལ་སྙོམས་པ་འཇུག་གོ།། དེ་ནས་ཆུང་ངུའི་འབྲིང་པོ་དང་། ཆུང་ངུའི
་ཆེན་པོ་དང་། ཡང་འབྲིང་པོའི་ཆུང་ངུ་དང་། འབྲིང་པོའི་འབྲིང་པོ་དང་། འབྲིང་པོའི་ཆེན་པོ་ལ་སྙོམས་པར་འཇུག་གོ།། དེ་ནས་ཡང་བསམ་གཏན་བཞི་པའི་ཆེན་པོའི་ཆུང་ངུ་དང་། ཆེན་པོའི་འབྲིང་པོ་དང་། ཆེན་པོའི་ཆེན་པོ་མངོན
་སུམ་དུ་བྱེད་དོ།། དེ་ལྟར་ཇི་སྐད་དུ་བསྟན་པའི་སྙོམས་པར་འཇུག་པ་ནི་ལམ་ལ་གོམས་པར་བྱ་བའི་ཕྱིར་ཐ་ན་ཚིག་ཙམ་དུ་ཡང་རྗེས་སུ་དྲན་པར་བྱའོ།། དེ་ནས་བསམ་གཏན་བཞི་པའི་ཆེན་པོའི་ཆེན་པོ་ལ་གནས་ཏེ། རྫུ་འཕྲུལ
་གྱིས་འོག་མིན་གྱི་གནས་བགྲོད་ནས། དེར་འདུག་ལ་སེམས་ཅན་གྱི་ཁམས་མགོན་མེད་པ་རྣམས་ལོ་བལྟས་ཏེ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་གཙོ་བོར་གྱུར་པའི་མི་གཡོ་བའི་ཏིང་ངེ་འཛིན་ལ་གནས་པར་བྱའོ།། དེ་ནས
་སངས་རྒྱས་ཐམས་ཅད་ཀྱིས་བསླང་སྟེ། མངོན་པར་བྱང་ཆུབ་པའི་ལུང་དབོག་པ་བྱིན་ནོ།། དེ་ནས་ཇི་སྐད་སྨོས་པའི་ཚུལ་གྱིས་སྔགས་ལྔས་མངོན་པར་བྱང་ཆུབ་པ་དང་། བྱིན་གྱིས་བརླབ་པ་ལ་སོགས་པ་དེ
་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱེད་དུ་སྩལ་ལོ།། དེ་ནས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐོར་བཞིན་དུ་རི་རབ་ཀྱི་རྩེ་མོར་བབས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེང་གེའི་གདན་ལ་འདུག་ཅིང་འཁོར་ལོ་སྤྲུལ
་པ་དང་། བསྡུ་བ་དང་བྱིན་གྱིས་བརླབ་པོ་བྱས་ཏེ། སྔར་བཤད་པའི་ཚུལ་གྱིས་འཁོར་ལོ་རྫོགས་པར་བྱས་ནས། རང་གི་ཕྱག་རྒྱའི་གནས་ན་གནས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་བོ།། དེ
་ནས་དེ་བཞིནི་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་དེ་ཐོས་ནས། སེམས་དཔའ་ཆེན་པོའི་ཕྱག་རྒྱ་ཚར།། བསྒོམ་ཞིང་བྱིན་གྱིས་རློབ་བགྱིད་ཅིང་།། བྱིན་གྱིས་རློབ་པ་ཞེས་སྨོས་པ་ནི་ཉེ་བར་མཚོན་པའི་དོན
་ཙམ་དུ་ཟད་དེ། བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། བསྲུང་བ་དང་མཆོད་པ་དང་། ཏིང་ངེ་འཛིན་ཡོངས་སུ་བཟུང་བས་རྡོ་རྗེ་སེམས་དཔར་བདག་ཉིད་བསྒོམ་ཞིང་དཀྱིལ་འཁོར་གྱི་ལས་བྱའོ།། ཡང་ན་མདོར་བསྡུ་ན།
་བཛྲ་བན་དྷ་ཏྲཊ་ཙོས་བྱས་ལ། བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བ་འདིས་ཡེ་ཤེས་དབབ་པ་བསྐྱེད་དེ། བདག་ཉིད་རྡོ་རྗེ་སེམས་དཔའི་སྐུར་བསམ་མོ།། དེ་ནས་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམ་ཞིང་བྱིན་གྱིས་བརླབ་པ་ལ་སོགས
་བ་བྱས་ནས། ཏིང་ངེ་འཛིན་དེ་ལ་གནས་ཏེ་དཀྱིལ་འཁོར་གྱི་ལས་རྣམས་བྱའོ།། དེ་ལྟར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྐྱེད་ནས། ད་ནི་བགེགས་དང་ལོག་འདྲེན་ལ་སོགས་པ་བསྐྲད་པའི་ཕྱིར་གཞུང་གཞན་གསུངས་པ་ཡིན་ཏེ།
་རང་གི་ལྷའི་རྣལ་འབྱོར་བྱས་ནས་རང་གི་སྟན་ལས་ལྡང་བར་བྱ་སྟེ། སྟན་ལས་ལྡང་བ་ནི་ཕྱག་རྒྱ་དགྲོལ་བ་དང་། ལྷ་རྣམས་གཤེགས་སུ་གསོལ་བ་ཡང་སྲིད་པས། དེའི་ཕྱིར་དེ་བཞིན་ལངས་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་མ་བཀྲོལ
་བར་ཞེས་བྱ་བའི་དོན་ཏོ།། ལྡང་བ་ལ་གལ་ཏེ་སེམས་རྣམ་པར་གཱཡངས་པས་ལྷ་ལ་ཡིད་གཏོད་པར་མི་འགྱུར་བ་ཡང་སྲིད་དེ། དེ་བས་ན་ཕྱག་རྒྱ་ལ་གནས་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་ལ་གནས་པས་ན་ཕྱག་རྒྱ་ལ་གནས་པའོ།།
་དེ་ཡང་རྡོ་རྗེ་སེམས་དཔའི་སྐུར་བདག་ཉིད་བསམ་མོ།། ཞེས་བྱ་བའི་དོན་ཏོ།། དེ་ལྟར་ལངས་པ་དེས་ཅི་ཞིག་བྱེ་ཞེ་ན། དེའི་ཕྱིར། ཀུན་ཏུ་རྣམ་པར་བལྟས་ནས་ནི།། རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས།། བསྒྱིངས་པའི་ཚུལ་གྱིས་ཡོངསུ
་བསྐོར་ཞེས་བྱ་བ་གསུངས་ཏེ། ཀུན་ཏུ་རྣམ་པར་ལྟ་བ་ནི་ཕྱོགས་བཅུ་རྣམས་སུ་ཡང་བྱམས་པའི་ལྟ་བ་འམ། ཁྲོ་བོའི་ལྟེ་བའི་ལྟ་བས་བལྟས་ཏེ། བྱ་བའི་དོན་ཡོངས་སུ་རྫོགས་ཀྱི་བར་དུ་བགེགས་དང་ལོག་འདྲེན་རྣམས་བསྐྲད་པར
་བྱ་བའི་ཕྱིར། ཁྱེད་རྣམས་གནས་པར་མ་འདུག་ཅིག་ཅེས་བརྗོད་པར་བྱ་བ་དང་། བགེགས་དང་ལོག་འདྲེན་དེ་རྣམས་ཀྱང་གནས་དེ་ནས་དབྱེར་བར་གྱུར་པར་ལྷག་པར་མོས་པར་བྱའོ།། ལྟ་བ་ནི་ཤར་ཕྱོགས་ནི་ས་བརྩམས་ཏེ།
་གཡས་ཕྱོགས་ནས་བསྐོར་ཞིང་བལྟ་བར་བྱའོ།། བསྐོར་བ་ནི་དཀྱིལ་འཁོར་གྱི་སའི་སྟེང་བསྐོར་ཞིང་རྡོ་རྗེ་སེམས་དཔའི་ཞབས་ཀྱི་མཐིལ་ནས་བརྩམས་ཏེ། རླུང་གི་འཁོར་ལོ་ནས་དེ་བཞིན་དུ་རི་རབ
་ཀྱི་སྟེང་གི་བར་དུ་རྡོ་རྗེར་བྱས་པར་ལྷག་པར་མོས་པར་བྱ་སྟེ། གང་གི་ཕྱི་རོ་འདི་དག་ནི་སེམས་ཙམ་ཡིན་ཏེ། ལུས་དང་ལོངས་སྤྱོད་གནས་འདྲ་བར།། མི་རྣམས་ལ་ནི་སེམས་སྣང་ངོ་།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། གང་དུ
་དཀྱིལ་འཁོར་འབྲི་ཡང་རུང་སྟེ། དེ་རི་རབ་ཀྱི་སྟེང་དུ་ལྷག་པར་མོས་པར་བྱའོ།། རྡོ་རྗེ་བཅིང་བ་ཡང་བཅིངས་ལ་ཕྱེ་སྟེ། སའི་སྟེང་དུ་ཁ་སྲུབ་ལ་ཨོཾ་བྷྲཱུཾ་ཁཾ་ཞེས་བྱ་བའི་སྔགས་འདི་ཡང་བརྗོད་པར་བྱའོ།། ཇི་ལྟར་བསྐོར་བར་བྱ་ཞེ
་ནཿབསྒྱིངས་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་སྟ་ཟུར་དུ་འཇོག་པ་ནི་བསྒྱིངས་པ་ཞེས་བྱ་སྟེ། གང་ལག་པ་སྟ་ཟུར་ལ་འཇོག་ཅིང་འདུག་པ་ནི་ཁེངས་པ་ཞེས་འཇིག་རྟེན་ན་གྲགས་པ་ཡིན།།
་ཕྱག་རྒྱ་ལ་གནས་ཞེས་བྱ་བ་འདིས་ནི་ཐུགས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་སེམས་དཔའ་བསྒོམས་པ་ཡིན་པར་བཤད་དོ།། སྐུའི་ཕྱག་རྒྱ་ནི་བསྒྱིངས་པའི་ཚུལ་ཞེས་བྱ་བ་འདིས་སྟོན་པ་ཡིན་ནོ།། འདིར་གསུང་གི་ཕྱག་རྒྱ་གང
་ཞོཞིག་ཡོན་ཞེས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་བརྗོད་ནས་ཞེས་བྱ་བ་གསུངས་པ་ཡིན་ཏེ། དེ་བས་ན་ཕྱག་རྒྱ་འདི་སུམ་ཆར་དང་ལྡན་པས་ས་གཟུང་བར་བྱའོ།། ཞེས་སྟོན་པ་ཡིན་ནོ།། ས་གཟུང་བའི་རྗེས་ལྀ་དེ་ན་བགེགས།
་དང་ལོག་འདྲོན་གང་དག་ཡོད་པར་དོགས་ན་བགེགས་དང་ལོག་འདྲེན་ཐམས་ཅད་ལ་ལ་ཕུར་བུས་གདབ་པར་བྱ་སྟེ། དེ་ནི་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པ་འམ་སོར་བཞི་པས་དེའི་འོག་ན་ཡོད་པར་རྣམ་པར་བསམ
་ལ། དེའི་སྟེང་དུ་ཕུར་བུ་གད་བ་བར་བྱ་སྟེ། སྔགས་འདི་ཡང་མངོན་པར་ཟླའོ།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་ཧཱུཾ་ཕཊ། དེར་སྲད་བུ་ཅི་འདྲ་བ་དང་ཐིག་གདབ་པར་བྱ་བ་མི་ཤེས་པས། དེའི་ཕྱིར་གསར་པ་ཞེས་བྱ
་པབ་ལ་སོགས་པ་གསུངས་ཏེ། གསར་བ་ནི་ཡོངསུ་མ་སྤྱད་པའོ།། གལ་ཏེ་མ་སྤྱད་པ་ཡིན་དུ་ཟིན་ཀྱང་ལྷོད་པ་ཞིག་ཡིན་དུ་ཟོན་ན་ཆད་པར་འགྱུར་བའི་དོགས་པ་གསལ་བའི་ཕྱིར་ལེགས་པར་བཀལ་ནས་ཀྱང་ཞེས་བྱ་བར
་གསུངས་ཏེ། ལེགས་པར་བཀལ་བ་ནི་ལེགས་པར་བསྒོམས་པས་ཤིན་ཏུ་སྲ་བ་ཞེས་བྱ་བའི་དོན་ཏོ།། གལ་ཏེ་སྲར་ཟིན་ཀྱང་ཚད་ལས་ཆུངས་ན་དཀྱིལ་འཁོར་གྱི་སའི་ཚད་ཀྱི་སྤྱོད་ཡུལ་དང་མི་འཚམས་པ་སྦྲིད་པས། དེ་ལས
་ཁྱད་པར་དུ་བྱ་བའི་ཕྱིར་ཚད་དང་མཐུན་པ་ཞེས་བྱ་བ་གསུངས་ཏེ། མི་མཐུན་པའི་དོགས་པ་གསལ་བའི་ཕྱིར་རོ།། ཚད་དང་ལྡན་དུ་ཟིན་ཀྱང་བརྒྱ་ལ་ཞིག་ནུ་དྲི་མ་ཅན་ཞིག་ཡིན་ཡོང་སྲིད་པ་དེའི་ཕྱིར་མཛེས་པའི་ཞེས་གསུངས
་ཏོ། མཛེས་པ་ནི་སྡུག་པ་སྟེ། སྨད་པའི་སྐྱོན་དང་བྲལ་བའོ།། དེ་ལྟ་བུའི་སྲང་བུས་ཅི་ཞིག་བྱ་ཞེ་ན། ཐིག་གདབ་ཅིང་ཞེས་བྱ་བའོ།། གང་གིས་གདབ་ཅ་ན། དེའི་ཕྱིར་མཁས་པས་ཞེས་བྱ་བ་གསུངས་ཏེ། མཁས་པ་ཞེས་བྱ་བ་འདིས
་ནི་ཐིག་ལེགས་པར་འདེབས་ཤེས་པ་འམ། ཆ་ལེགས་པར་བགོ་བ་ཤེས་པ་དེ་ནི་མཁས་པ་ཞེས་བྱའོ།། ཚང་ཇི་ཙམ་དུ་ཐེག་གདབ་པར་བྱ་ཞེ་ན། ཅི་ནུས་ཀྱིས་ཞེས་བྱ་བ་གསུངས་ཏེ། ནུས་པ་ནི་འདིར་སློབ་མ
་འབྱེར་བའི་ཆང་དྲུམ། བདག་ཉིད་མི་དགོས་པ་རྫོགས་པར་བྱེད་པའི་ཆུང་དུ།། དེ་ལྟ་བུས་ཅི་ཞིག་ཐིག་གང་བཅེ་མདོའི་བཱིར་ལ་འཁོར་ཞེས་བྱ་བ་གསུངས་ཏེ། ཀྱིལ་འཁོར་ནི་སྙིང་པོ་ལ་བུསྟེ། མར་གྱི་སྙིང་པོ་བཞིན་ནོང
་ཡང་བསྟན་པ་འདི་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་སྙིང་པོ་ཡིན་ལ། དེ་ལེན་པར་བྱེད་པས་ན་དཀྱིལ་འཁོར་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་པ་ཞེས་བྱ་བའི་དོན་ཏོ།།
་དཀྱིལ་འཁོར་གྱི་ཐིག་གདབ་པར་བྱའོ་ཞེས་ནི་གསུངས་ན། དོ་བྱིབས་ཇི་ལྟ་བུ་བྱ་བར་མི་ཤེས་པས། དེའི་ཕྱིར་གྲུ་བཞིར་བགྱི་ཞིང་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ནི་ཁང་བ་བརྩེགས་མོའི་རང་བཞིན་ཡིན་པའི་ཕྱིར
་རོ།། དེར་ནི་ངེས་པར་སྒྲོ་གདོད་དགོས་པས་ན་དེའི་ཕྱིར་སྒོ་བཞི་དང་ཞེས་བྱ་བ་གསུངས་སོ།། གནས་ཆེན་པོ་དྲག་ཏུ་ནི་རྟ་བཔས་དག་ཀྱང་བྱ་དགོས་པས་དེ་བསྟན་པའི་ཕྱིར། རྟ་བབས་བཞིས་ནི་མཛེས་བགྱིས་ལ་ཞེས་བྱ་བ
་གསུངས་སོ།། ཐིག་བཞི་དང་ནི་ཞེས་བྱ་བ་ནི་སྒོའི་དབུས་ཀྱི་ཐིག་གཉིས་དང་། མཚམས་ཀྱི་དབུས་ཀྱི་ཐིག་གཉིས་ཏེ། དཀྱིལ་འཁོར་གྱི་ཚེ་མཉམ་པར་བྱ་བའི་ཕྱིར་རོ།། གཞན་དག་ན་རེས་ཀ་བའི་ཐིག་ཉིད་ལ་ཐིག་བཞི་ཞེས
་ཟེར་རོ།། ད་ནི་ཁང་པ་བརྩེགས་མ་དེར་མཆོད་པའི་ཡོ་བྱད་དག་ཀྱང་བསྟན་པར་བྱ་བའི་ཕྱིར། དུར་དང་མེ་ཏོག་ཕྲེང་བས་བརྒྱན་ཅེས་བྱ་བ་གསུངས་ཏེ། དར་ནི་ཆུར་ཁྲུ་ཉི་ཤུ་རྩ་ལྔ་པ་ཞེང་དུ་ཁྲུ་གང་བའོ།། དེ་ལྟ་བུའི་དར
་སྔོན་པོ་དང་སེར་པོ་དང་དམར་པོ་དང་དཀར་པོ་ལ་སོགས་པ་སྟེ། དེས་བཾརྒྱན་ཅིང་སྲུང་པོ་དང་། མེ་ཏོག་ཕྲེང་བ་སྟེ་མེ་ཏོག་གི་ཆུན་འཕྱང་གིས་བརྒྱུན་ཅིང་བཞག་པའོ།། གྲཝའི་ཕྱོགས་ནི་ཞེས་པ་ནི་མཚམས་ཀྱི་ཆ་རྣམས
་སུའོ།། ཐམས་ཅད་དང་ཞེས་བྱ་བ་ནི་བཞི་ཆར་དུ་ཡང་ངོ་།། སྒོ་རྣམས་ཀྱི་སྒོ་གང་ནི་སྒོ་ཁྱུད་དེ། དེའི་མཚམས་རྣམས་ནི་གྲཝའི་ས་ཕྱོགས་ཏེ་རི་མོ་གཉིས་ཕྲད་པ་ལ་མཚམས་ཞེས་བྱའོ།། གནས་དེར་རྡོ་རྗེ་རིན་ཆེན་སྤྲས་པར
་ནཾནི་ཞེས་བྱ་བ་སྟེ། རྡོ་རྗེཉྩིང་རིན་པོ་ཆེ་ཉིད་ཡིན་པས་ན་རྡོ་རྗེ་རིན་ཆེན་ནོ།། ལ་ལ་ནི་རྡོ་རྗེ་དང་རིན་པོ་ཆེ་ནི་རྡོ་རྗེ་རིན་ཆེན་ནོ་ཞེས་འཆད་དོ།། རྡོ་རྗེ་ནི་དཀྱིལ་འཁོར་གྱི་སྒྲོ་ཁྱུད་དང་མཚམས་རྣམས་སུའོ།། རིན་པོ་ནི་ཚོན་གྱི་རིན་མོ
་མཐའ་མོར་རིན་པོ་ཆེའི་ཕྲེང་བས་ངོས་བཞི་ཆར་དུ་ཡང་སྨྲས་པ་སྟེ། ངེས་སྤྲས་པ་ནི་བརྒྱན་ཅེས་བྱ་བའི་དོན་ཏོ།། དེ་ལྟར་བསྟན་པ་དེ་གང་ཡིན་ཞེ་ན། དཀྱིལ་འཁོརཱི་གྱི་བྱི་རིམ་ཞེས་བྱ་བ་གསུངས་སོ།། དེའི་ཞེས་བྱ་བ་ནི་ཕྱིའི
་དཀྱིལ་འཁོར་གྱིའོ།། ཅི་ཞིག་ཅེ་ན། དེའི་རིམ་པའི་ནང་དུའོ།། ཇི་ལྟར་བྱས་ནས་ཤེ་ན། ཞུགས་པ་ལའོ།། འཁོར་ལོ་འདྲ་བར་ཞེས་བྱ་བ་སྟེ། འཁོར་ལོ་ལྟ་བུའོ།། ནང་གི་རིམ་པ་དེ་ཇི་ལྟ་བུར་བྱ་ཞེ་ན། རྡོ་རྗེ་ཐིག་གིས་ཡོངསུ་བསྐོར
་པར་བྱ་བ་སྟེ། ནས་འབྲས་འདྲ་བའི་རྡོ་རྗེས་རྒྱུན་ཆགས་སུ་བསྐོར་ཏེ་བྲིས་པའི་ཐིག་ནི་རྡོ་རྗེའི་ཐིག་གོ།། བསྐོར་ཅེས་བྱ་བ་ནི་ཀུན་ནས་ཡོངས་སུ་བསྐོར་བའོ།། ཀ་བ་བརྒྱད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ་སྒོ་རེ་རོའོ།
་ཐང་ཀར་ཡང་ཀ་བ་གཉིས་གཉིས་ཏེ། མཐའ་གཅིག་ནི་རྡོ་རྗེའི་ཐིག་ལ་བརྟེན་ལ། མཐའ་གཅིག་ནི་དཀྱིལ་འཁོར་གྱི་ལྟེ་བ་ལ་བརྟེན་ཏོ།། དེ་ལྟར་ན་སྒོ་བཞིའི་ཐང་ཀར་ཀ་པ་བརྒྱད་དུ་གྱུར་རོ།། རྒྱུད་འདིར་རྡོ་རྗེ་ལྟ་བུའི་བསམ་པས
་དངོས་པོ་ཐམས་ཅད་སྤྲུལ་པས་ན་མིང་ཐམས་ཅད་རྡོ་རྗེས་མཚན་པ་ཡིན་ཏེ། དེའི་ཕྱིར་རྡོ་རྗེ་ཀ་བ་ཞེས་གསུངས་སོ།། ཡང་གཞན་ངག་ནི་འདི་སྐད་དངོས་པོ་ཐམས་ཅད་རྡོ་རྗེས་མཚན་པས་ན། རྡོ་རྗེས་མཚན་པའི་ཀ་བ་ལ་ནི་རྡོ་རྗེ
་ཀ་བཱ་ཞེས་ཟེར་རོ།། ནང་ལོགས་སུ་ཞེས་བྱ་བ་ལ་ལོགས་ནི་གནས་ཏེ། རྡོ་རྗེ་ཀ་བའི་མདུན་གྱི་གནས་སུ་ཞེས་བྱ་བའི་དོན་ཏོ།། དེ་ཡང་སྒོའི་ཐང་ཀའི་ཀ་བ་གཉིས་གཉིས་ཀྱི་བར་གྱི་གནས་དང་། བརྒྱད་པོའི་དབུས་ཀྱི་གནས་གང་ཡིན
་པ་སྟེ། དེ་ལྟ་ན་གནས་ལྔ་པོ་འདི་རྣམས་ནི་རྡོ་རྗེ་ཀ་བའི་ནང་ལོགས་ཏེ། དེ་དག་ཏུ་ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་པ་ཞེས་བྱ་བ་སྟེ། ཟླ་བའི་དཀྱིལ་འཁོར་ལྔ་ལྔས་བརྒྱན་པར་བྱའོ།། དབུས་ཀྱི་དཀྱིལ་འཁོར་ནི་སྒོའི་ཐད་ཀར་བལྟས
་བཔ་བཞི་བཀོལ་ཏེ། ཀ་བ་བརྒྱད་ཀྱི་དབུས་སུ་ཆུད་པ་ལ་དབུས་མ་ཞེས་བྱ་སྟེ། དབུས་མའི་དཀྱིལ་འཁོར་དེའི་དབུས་ཀྱི་ཟླ་བའི་དཀྱིལ་འཁོར་ལ། སངས་རྒྱས་ཀྱི་ནི་གཟུགས་བཞག་ཅིང་ཞེས་བྱ་བ། བཅོམ་ལྡན་འདས་རྣམ་པར
་སྣང་མཛད་སངས་རྒྱས་བཞི་བཞུགས་པའི་ཚུལ་དུ་བཞག་གོ།། སངས་རྒྱས་བཅོམ་ལྡན་འདས་དེའི་ཤར་དུ་རྡོ་རྗེ་སེམས་མ། ལྷོར་རིན་ཆེན་སེམས་མ། ནུབ་ཏུ་རྡོ་རྗེ་ཆོས་མ། བྱང་དུ་རྡོ་རྗེ་ལས་མའོ།། ཐམས་ཅད་ཀྱང་དམ་ཚིག་གི་མཆོག
་ཡིན་པས་ན་དམ་ཚིག་མཆོག་སྟེ། རིགས་ཀྱི་ཡུམ་རྣམས་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་བཞི་པོ་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་བཞི་པོ་དེ་དག་ཏུ་རི་མོའམ། ཐིག་ཡིད་ཀྱིས་བཏེག་ལ་རྡོ་རྗེ་ཤུགས་ཀྱི་སྔགས་བརྗོད་དེ
་སོང་ལ། ཤར་ཕྱོགས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་མི་བསྐྱོད་པ། ལྷོའི་དབུས་སུ་རིན་ཆེན་འབྱུང་ལྡན། ནུབ་ཀྱི་དབུས་སུ་འོད་དཔག་ཏུ་མེད་པ། བྱང་གི་དབུས་སུ་གདོན་མི་ཟ་བར་གྲུབ་པའོ།། མི་བསྐྱོད་པའི་མདུན་དུ་རྡོ་རྗེ་འཛིན་པ། གཡས
་སུ་རྡོ་རྗེ་རྒྱལ་པོ། གཡོན་དུ་རྡོ་རྗེ་ཆགས་པ། རྒྱབ་ཏུ་རྡོ་རྗེ་ལེགས་པའོ།། མཉམ་པ་ཞེས་བྱ་བ་ནི་མེ་ཚང་བ་མེད་པ་སྟེ། ས་མ་ཡ་སཏྭ་ནི་དམ་ཚིག་སེམས་དཔའ་ལ་བྱ་བ་ཡིན་པས། ས་མ་ཡ་ཞེས་བྱ་བའི་ཡི་གེ་གཉིས་ཆ་འདྲ་བའི
་ཚུལ་གྱིས་མཉམ་པ་ཞེས་བྱ་བ་གསུངས་པ་ཡིན་ནོ།། རིན་ཆེན་འབྱུང་ལྡན་གྱི་མདུན་དུ་རྡོ་རྗེ་སྙིང་པོ། གཡས་སུ་རྡོ་རྗེ་གཟི་བརྗིད། གཡོན་དུ་རྡོ་རྗེ་དཔལ། རྒྱུབ་ཏུ་རྡོ་རྗེ་བཞོད་པའོ།། རྫོགས་པ་ཞེས་སྨོས་པ་ནི་མ་ཚུང་བ་མེད་པའི་དོན་ཏོ།།
་བསམ་པ་ཡོངས་སུ་རྫོགསོ་བར་གྱུར་པའི་གནས་ཡིན་པའི་ཕྱིར། བསམ་པ་ཡོངས་སུ་རྫོགས་པའི་ཚུལ་གྱིས་ནི་རྫོགས་པ་ཞེས་གསུངས་པ་ཡིན་ནོ།། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་མདུན་དུ་རྡོ་རྗེ་ཅན། གཡས་སུ་རྡོ་རྗེ
་ནོན་པོ། གམན་དུ་རྡུཿརྒྱུ་རྒྱུབ་ཏུ་རྡོ་རྗེ་སྨྲ་བའོ།། ག་པས་སྤྲོས་པ་ནམ་ཚང་བ་མེད་པའི་དོན་དང་། རང་བཞིན་གྱིས་དག་པའི་ཆོས་ཉིད་ཡོངས་གཟུང་བའི་དོན་གྱིས་ན་དག་པ་ཞེས་བཤད་དོ།། གདན་མི་ཟ་བ
་གྲུབ་པའི་མདུན་དུ་རྡོ་རྗེ་ལས། གཡས་སུ་རྡོ་རྗེ་གོ་ཆ། གཡོན་དུ་རྡོ་རྗེ་གནོད་སྦྱིན། རྒྱབ་ཏུ་རྡོ་རྗེ་ཁུ་ཚུར་རོ།། འདིར་ཡང་ལས་སྣ་ཚོགས་པ་ལ་དབང་བྱེད་པ་ཡིན་པས་ན་རྡོ་རྗེ་རྒྱ་གྲམ་ཞེས་གསུངས་པ་ཡིན་མོ།། འཁོར་ལོའི་གྲཝའི་གནས
་རྣམས་སུ་ཞེས་བྱ་བ་ནི་འཁོར་ལོའི་གྲཝའི་མཚམས་རྣམས་སུ་རྡོ་རྗེ་ལྷ་མོ་རྣམོས་ཞེས་བྱ་བ་སྔར་བཤད་པ་རྣམས་སོ།། མེའི་ཕྱོགས་ནས་བརྩམས་ཏེ་བདུག་པའི་མཆོད་པ་ཐོག་མར་བྱས་ནས་སངས་རྒྱས་ཀྱི་མཆོད་པ་རྣམས
་བཞག་པར་བྱའོ།། མི་བསྐྱོད་པའི་སྦྱོར་དང་པོ་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། ཞགས་པ་དང་ལྕགས་སྒྲོགས་དང་དྲིལ་བུ་རྣམས་བཞག་པར་བྱའོ།། ཕྱིའི་དཀྱིལ་འཁོར་གྱི་གནས་རྣམས་སུ་བྱམས་པ་ལ་སོགས་པའི་སྐལ་བ
་བཟང་པོ་པ་རྣམས་ཕྱག་རྒྱ་ཆེན་པོའི་གཟུགསུ་འམ། པདྨའི་གདན་དུ་ཇི་ལྟར་འདོད་པར་བྲི་བར་བྱའོ།། དཀྱིལ་འཁོར་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་གཟུགས་སུ་བྲི་བར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས
་ནི་སངས་རྒྱས་ཀྱི་གཟུགས་སུ་བྲི་བར་བྱའོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་ཡེ་ཤེས་ཀྱི་ཁུ་ཚུར་བཅངས་པ་སྟེ། ཕྱོགས་བཅུ་ཆར་དུ་ཡང་གཟུགས་སུ་བྲི་བར་བྱ་ཞིང་། སེང་གེའི་གདོན་ལ་བཞུགས་པར་བྱའོ།། བཅོམ
་ལྡན་འདས་མི་བསྐྱོད་པ་ནི་རྡོ་རྗེའི་གདན་ལ་བཞུགས་པ་ལྟ་བུའི་གཟུགས་སུ་བྲིའོ།། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ནི་ཕྱག་གཡས་པ་དམ་པ་སྦྱིན་པའི་ཚུལ་ལ། གཡོན་པ་སྐྱིལ་མོ་དཀྲུང་གི་སྟེང་དུ་བཀན་པའོ།། བཅོམ
་ལྡན་འདས་སྣང་པོ་མཐའ་ཡས་ནི་ཏིང་ངེ་འཛིན་གྱི་ཚུལ་དུ་བཞུགས་པ་སྟེ། ཕྱག་གཉིས་སྐྱིལ་མོ་ཀྲུང་གི་སྟེང་དུ་འཇོག་པའོ།། གདོན་མི་ཟ་བར་གྲུབ་པ་ནི་ཕྱག་གཡོན་པས་ཆོས་གོས་ཀྱི་གྲཝ་འཛིན་ཅིང་། གཡས་པ་མི་འཇིགས
་པ་སྦྱིན་པའོ།། བྱང་ཆུབ་སེམས་དཔའ་གཞན་རྣམས་ཀྱང་རང་རང་གི་ཕྱག་རྒྱ་འཛིན་ཅིང་། རང་རང་གི་ལས་མཛད་པའི་ཚུལ་དུ་གནས་པར་བྲིའོ།། མཆོད་པའི་ལྷ་མོ་དང་སྒོ་སྲུངས་རྣམས་ཀྱང་དེ་བཞིན་དུ་བྲི་བར་བྱའོ།། ཐམས་ཅད
་ཀྱི་ཡོང་ཐུག་སཽ་ཀ་འམ། ཕྱག་རྒྱ་འམ། འོད་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་ཡི་གེ་བྲི་བར་བྱའོ།། དེ་ལྟར་ཕྱག་རྒྱ་བཞི་དང་ལྡན་པ་ནི་དངོས་གྲུབ་ངེས་པར་བྱེད་པར་འགྱུར་ཏེ། ཕྱག་རྒྱ་བཞི་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་ཕྱག
་རྒྱུ་དང་། ལས་ཀྱི་ཕྱག་རྒྱ་དོང་། ཆོས་ཀྱི་ཕྱག་རྒྱ་རྣམས་སོ།། བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་གང་ལྷའི་སྣམ་བུ་ལ་གནས་པ་དེ་དག་ནི་ནང་གི་དཀྱིལ་འཁོར་དུ་སྤྲུལ་པ་འམ། བྲིས་པའི་ཕྱག་རྒྱ་ཆེན་པོ་རྣམས
་བྱིན་གྱིས་རློབ་པར་བྱེད་པ་ཡིན་ཏེ། མེ་ཏོག་དེར་བབས་པར་གྱུར་ན་ཡང་སེམས་དཔའ་དེ་རྣམས་ཉིད་འགྲོ་བ་ཡིན་པས། བསྟེན་པ་བྱས་ན་དངོས་གྲུབ་ཀྱང་དེ་དག་ཉིད་ཀྱིས་རྩོལ་བར་ཤེས་པར་བྱའོ།། དཀྱིལ་འཁོར་ཆེན་པོ།།
་བྲི་བའི་ཆོ་ག་རྒྱས་པར་བཤད་ཟིན་ཏོ།། ད་ནི་དཀྱིལ་འཁོར་བྲིས་པའི་འོག་ཏུ་སློབ་དཔོན་གྱིས་ལས་སུ་བྱ་བ་གང་ཡིན་པ་དེ་སྟོན་ཏོ།། དེ་བས་ན་དེ་བསྟན་པར་བྱའོ།། དཀྱིལ་འཁོར་ཐམས་ཅད་བྲིས་ནས་ཚེན
་སྣོད་ལ་སོགས་པ་བསྡུས་ཏེ། དཀྱིལ་འཁོར་གྱི་སའི་ཉེ་འཁོར་ཕྱག་དར་བྱས་ལ། རྐང་ལག་བཀྲུས་ཏེ་འདུག་ནས་ཉེ་རེག་བྱ་བ་འམ། རང་བཞིན་གྱིས་དག་པར་བསམ་པ་བྱས་ལྀ་དམ་ཚིག་མཆོག་གི་ཕྱག་རྒྱ་བཅིང་བར་བྱའོ།།
་དུམ་ཚིག་མཆོག་གི་ཕྱག་རྒྱ་ཡིན་པས་ན་དམ་ཚིག་མཆོག་སྟེ། དམ་ཚིག་མཆོག་ནི་རྡོ་རྗེ་སེམས་མའོ།། དེ་ཡང་རྡོ་རྗེ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཐོག་མར་དེ་ལས་བྱུང་བས་ན་མཆོག་ཅེས་གསུངས་སོ།།
་སེམས་སོ་སོར་རྟོགས་པའི་འོག་ཏུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་སེམས་དཔའ་སྟེ། ཀུན་ཏུ་བཟང་པོའི་རང་བཞིན་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་ཅན་གང་ཡིན་པ་དེ་ནི་སེམས་དཔའ་ཡིན་ནོ།། དེ
་བརྟན་པར་བྱ་བའི་ཕྱིར་ཡེ་ཤེས་ཀྱི་རྡོ་རྗེ་སྟྭཾ། སེམས་དཔའོ་དང་རྡོ་རྗེ་ནི་སེམས་དཔའ་རྡོ་རྗེའོ།། རྡོ་རྗེ་བསྡམས་པའི་གུང་མོ་གཉིས་གཞིབས་ནས་བསྒྲེང་བའི་ཕྱག་རྒྱ་གང་ཡིན་པ་དེའི་ཡུལ་ཇི་སྐད་སྨྲས་པའི་སེམས་དཔའ
་རྡོ་རྗེ་འདི་ལ་ཡོད་པས་ན་རྡོ་རྗེ་སེམས་མ་ཞེས་གསུངས་སོ།། དེ་བས་ན་དམ་ཚིག་ཅན་རྣམས་ཀྱི་མཆོག་ཅེས་གསུངས་ཏེ། དེ་ཆོ་ག་བཞིན་དུ་བཅིང་བར་བྱའོ།། སྔར་དཀྱིལ་འཁོར་འབྲི་བའི་ཚེ་བྱིན་གྱིས་བརླབ་པ་ལ
་སོགས་པ་བྱས་པ་ལས། གལ་ཏེ་བཀྲོལ་བར་གྱུར་ན་སླར་ཡང་བྱིན་གྱིས་བརླབ་པ་ལ་སོགས་པ་དེ་དག་བྱས་ནས། དེའི་འོག་ཏུ་ཕྱག་རྒྱ་བཅིངས་ཏེ་འཇུག་པར་བྱའོ།། ཡང་ན་ཕྱི་རོལ་ཆེ་ཆུང་ལ་སོགས་པ་བྱས་པར་གྱུར་ན། གལ་ཏེ་རྣམ
་པབར་རྟོགས་པ་ལ་དཔྱོད་པ་རྣམས་རང་བཞིན་གྱིས་དག་པ་ལ་གནས་པར་མ་ནུས་ན་ཁྲུས་ལ་སོགས་པ་བྱོས་ཏེ་ཉེ་རེག་བྱས་ནས། རྡོ་རྗེ་སེམས་དཔའ་འམ། རང་གི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་བདག་ཉིད་དབང་བསྐུར་བ་ལ
་སོགས་པ་བྱས་འཇུག་པར་བྱའོ།། འོན་ཏེ་རང་བཞིན་གྱིས་དགུ་པ་ལ་གནས་པར་ནུས་པ་ཞིག་ཡིན་ན་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བརྗོད་ནས། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོར་སྐད་ཅིག་བསྒོམས་ལ་ཕྱག་རྒྱ
་བཅིངས་ནས་འཇུག་པར་བྱ་སྟེ། ཆོ་ག་བཞིན་བཅིངས་ཞེས་སྨོས་པས་ནི་ཆོ་ག་འདི་རྣམས་སྟོན་ཏོ།། རྡོ་རྗེ་སེམས་མའི་ཕྱག་རྒྱ་དེས་ཕྲེང་བ་བཟུང་ལ་འཇུག་པར་བྱ་ཞིང་ཕྲེང་བ་དེ་རྡོ་རྗེ་སེམས་དཔའ་ལ་གཏོར་ཏེ། དེ་སློབ་དཔོན་དུ་ལྷག་པར
་མོས་པ་དང་། ཕྲེང་བ་དེ་བླངས་ལ་མགོ་ལ་བཅིངས་པར་བྱ་ཞིང་ཕྲེང་བ་དེ་ཉིད་ཀྱང་རྡོ་རྗེ་སེམས་དཔས་བཅིངས་པར་ལྷག་པར་མོས་པར་བྱའོ།། དབང་བསྐུར་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཐམས་ཅད་བདག་ཉིད་ཀྱིས་བྱེད་པས་ན
་དེས་བྱས་པར་བསམ་མོ།། ཕྱག་རྒྱ་དེ་ཡང་ལག་པ་གཡས་པའི་ཕྱག་རྒྱ་ཕྱེད་བཞག་ལ། ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་བྱས་ནས། དེའི་མཛུབ་མོ་བཀུག་པོས་གཡས་པའི་ལུང་མོ་ལན་དུ་མར་ཡང་ནས་ཡང་དུ་དྲང་ཞིང་དྲལ་བར་བྱས་ཏེ།
་རྡོ་རྗེ་དབབ་པའི་སྙིང་པོ་ཡང་བརྗོད་པར་བྱའོ།། འདིའི་དོན་ནི་ཕྱག་རྒྱ་དྲལ་བ་བྱས་ལ་དབབ་པར་བྱའོ་ཞེས་བྱ་བ་ཡིན་ནོ།། གལ་ཏེ་བདག་ཉིད་ལ་སེམས་དཔའ་དབབ་པར་འདོད་ན་དཀྱིལ་འཁོར་གྱིས་དབེན་པར་བྱེད་ལ། སེམ
་དཔའ་གང་དབབ་པར་འདོད་པ་ལྔར་བསྒོམས་པ་དེའི་གཟུགས་བདག་ཉིད་ཀྱི་སྙིང་དྲོ་ཐུགས་པར་བསམས་ཞིང་ཡན་ལག་དོང་ཉིང་ལག་ཐམས་ཅད་སན་ཏེ་གང་བར་བསམས་ལ་རྡོ་རྗེ་དབའི་པན་སྙིང་པོ་རྒྱུན་མ་ཆང་བ་ལན་སྙིང་བརྗོད
་ཅིང་དྲི་དང་བདུག་པ་ལ་སོགས་པ་ཡང་དབུལ་བར་བྱ་བ་དང་། དང་པོར་བདག་ཉིད་ཕྱག་རྒྱ་བཞི་དང་ལྡན་པར་བྱས་ནས་ལྕེ་ལ་རྡོ་རྗེ་དཀར་པོ་བཀོད་ན་དེ་ལྟ་བུས་ནི་བདག་གམ་གཞན་ལ་འབབ་པར་འགྱུར་རོ།། ཆོ་ག་ཤེས་པ་ཞིག་ཀྱང་དུ
་དུ་བཞག་པར་བྱ་སྟེ། གང་ལ་བབས་པར་གྱུར་པ་དེ་འཕར་བར་གྱུར་ན། དེའི་སྟེང་དུ་རྡོ་རྗེའི་རང་བཞིན་གྱི་རི་རབ་རྩེ་མོ་བརྒྱད་པ་བསམ་པར་བྱ་ཞིང་དེའི་དབུས་སུ་དཀྱིལ་འཁོར་གྲུ་བཞི་པ་གསེར་གྱི་མདོག་ཅན་བསམ་པ་དང་། དེའི་སྟེང
་དུ་རྡོ་རྗེ་སེར་པོ། དེའི་སྟེང་དུ་ཡི་གྷེ་ཨ། དེའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐྱིལ་མོ་ཀྲུང་དུ་བཞུགས་པར་བསམ་པར་བྱས་ཏེ། དེ་ལྟ་དུས་ནི་ཕྱུར་བར་མི་འགྱུར་རོ།། གལ་ཏེ་སྨྲ་བར་མི་བྱེད་ན་ཁའི་ནང་དུ་ལྕེ་ལ་རྡོ་རྗེ་བས
་ལ། དེ་ནས་དྲིས་ན་གང་དྲིས་སོ་ཅོག་དེ་ཐམས་ཅད་སྨྲ་བར་འགྱུར་ཏེ། འདི་ནི་དབབ་པའི་སྦྱོར་བའོ།། ལྡིང་བའི་ཚེ་ན་ཡང་ཅི་རིགས་པའི་ཚུལ་དུ་བཏང་བར་བྱའོ།། དཀའ་ནོད་ངོ་ཞེས་བྱ་བ་ལ། གང་ལས་བཀའ་ནོད་པར་བྱ་ཞེ་ན། ཕྱོགས
་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མ་མེད་པ་དག་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་གནོད་པར་བྱའོ།། མནོད་པ་ནི་འདི་ལྟར་བྱ་སྟེ། བདག་མིང་འདྲི་ཞེས་བྱ་འགྱེ་བ་གསང་སྔགས་ཀྱིས
་སྐྲོསྤྱོད་པ་ལ་གནས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀའ་སྩལ་པའི་ཆོ་གས་སེམས་ཅན་གྱི་དོན་བགྱིད་ཅིང་། བདག་གི་ཆོ་ག་རྣམས་རྫོགས་པར་བགྱིས་ལགས་ཀྱིས། ངོ་སངས་རྒྱས་དང་བྱང་ཆུབ
་སེམས་དཔའ་རྣམས་ཀྱིས་བདག་ལ་སྣང་བ་སྩལ་དུ་གསོལ། དགོངས་ཤིང་བརྟག་པར་ཡང་མཛད་དུ་གསོལ། དེ་ལྟར་བཀའ་མནོས་པའི་སྔར་དཀྱིལ་འཁོར་འདིར་ཞུགས་ཏེ། དེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལས
་དབང་བསྐུར་བ་ལ་སོགས་པ་གསོལ་བ་བཏབ་ཅིང་དེས་ཀྱང་གནང་ངོ་།། དེ་ནས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་དང་དབང་བསྐུར་བ་བྱས་པར་ལྷག་པར་མོས་པར་བྱས་པས། སློབ་དཔོན་དེས་དམ་ཚིག་ལས་འདས
་པ་གང་ཅུང་ཟད་བྱས་པ་དེ་དག་ཐམས་ཅད་དག་པར་གྱུར་པར་མོས་པར་བྱའོ།། ད་ལྟར་དག་པར་གྱུར་ནས་ཡང་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པའི་སྨོས་པ་ནི་ངེསོ་སྔར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ཟིན
་མོད་ཀྱི། འོན་ཀྱང་དམ་ཚིག་ལས་འདས་པ་ལ་སོགས་པར་བཤད་པའི་སྡིག་པ་དེ་ཡོངས་སུ་མ་དག་པར་གྱུར་པ་ཡིན་ལ། དེ་ཡོངས་སུ་མ་དག་པར་གྱུར་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར
་ཆོ་གའི་ཚོགས་བྱ་བར་མི་རིགས་པས་ན། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་ཝེ་བྱ་བ་ལ་སོཊ་པ་གསུང་པ་ཡིམོ།། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་ཇི་ལྟར་བྱ་ཞེ་ན། དེ་ལྟར་ཞེས་བྱ་བ་གསུངས་ཏེ། རྣམ་པ་ད
་ཉིད་ཀྱིས་སོ།། བདག་མི་བརྗོད་ཅེས་བྱ་བ་ནི་གནང་བར་གསོལ་བ་འདེབས་པའི་ཚེ་ཉིད་ནའོ།། དེ་ནས་རྡོ་རྗེ་བསྒྲུབས་བགྱི་བ་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ་ལས་ཀྱི་རྡོ་རྗེ་སྒྲུབ་པ་འོག་ནས་བཤོད་པ་སྟེ། སློབ་དཔོན་གྱིས
་རྗེག་ཟུགས་ན་དཀྱིལ་ཁོ་མ་སེགས་པར་ལུས་བྱ་བའི་ལས་ཀྱི་རྡོ་རྗེ་དེ་ཐོགས་ཏེ། དཀྱིལ་འཁོར་ཐམས་ཅད་དུ་ལུས་ཏྱཻའོ།། བསྒོ་བ་དང་བྱིན་གྱིས་བརླབ་པ་དེ་བཤད་པེ་བྷྲྀ་ག་པ་ཉིད་པ། སྣར་དྲི་བ་ནི་དགཤེགས་པསྣ
་ང་སུ་བརྟགས་པའི་སྤྲུལ་པའི་དཀྱིལ་འཁོར་དུ་བཅོམ་ལྡན་འདས་ཀྱིས་བསྡུ་བ་དང་བིན་གྱིས་བརླབ་པ་མཛད་པའོ།། སེམས་དཔའ་རྡོ་རྗེ་ལྕགས་ཀྱུ་ཡང་དེ་ཉིད་དུ་བཤད་ཟིན་ཏོ།། འདི་ནི་ཚོན་གྱིས་བྲིས་པའི་དཀྱིལ་འཁོར
་དུ་གསུང་སྔགས་ཀྱི་སྒོར་སྤྱོད་པ་ལྔ་གནས་པའི་བསྡུ་བ་དང་བྱིན་གྱིས་བརླབ་པ་ཡིན་ནོ།། དཀྱིལ་འཁོར་ཐམས་ཅད་གང་བ་རྣམས་ཞེས་བྱ་བ་ནི་ཐམས་ཅད་ཚེགས་པ་ཞེས་བྱ་བའི་དོན་ཏོ།། སློབ་དཔོན་དེས་རྡོ་རྗེ་སེམས་དཔའི
་རྣལ་འབྱོར་སྔར་ལྟ་བུ་བྱས་ཟིན་མོད་ཀྱི། འོན་ཀྱང་དུས་དེ་ཉིད་ཀྱི་ཚེ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྒོམ་བྱེད་ཅིང་ཞེས་སྨོས་པ་ནི་རྡོ་རྗེ་སེམས་དཔར་བདག་ཉིད་ངེས་པར་བསྒོམ་པར་གྱིས་ཤིག་པ་སྟེ། འདིས་ནི་རྣམ་པར
་གཡེང་བ་དགག་པར་མཛད་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཆོ་གའི་ཚོགས་ལ་ནན་ཏན་དུ་བསྒྲུབས་ཤིང་། བདག་ཉིད་རྡོ་རྗེ་སེམས་དཔར་བསྒོམ་པ་དང་། རྡོ་རྗེ་སེམས་དཔའ་ལ་མཚན་བརྒྱ་རྩ་བརྒྱད་བས
་བསྟོད་པས་དགྱེས་ཤིང་མཉེས་ནས་བརྟན་པར་གྱུར་པ་སྟེ། འདི་ནི་སེམས་ཅན་རྣམས་ཀྱི་དོན་སྒྲུབ་པར་འོས་པ་ཡིན་ནོ་ཞེས་སློབ་དཔོན་དེ་ལ་ཕན་འདོགས་པའི་དགོངས་པ་བརྟན་པར་མཛད་དོ།། ཞེས་བྱ་བའི་དོན་ཏོ།། དེ་བཞིན
་གཤེགས་པ་རྣམས་འབའ་ཞིག་དེ་ལྟར་མཛད་པར་མ་ཟད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡང་མཛད་པའོ།། རང་གྲུབ་པ་ཞེས་བྱ་བའི་མ་བསྒྲུབས་པ་ཉིད་དུ་ཞེས་བྱ་བའི་དོན་ཏོ།། ཅི་ཞིག་མཛོད་ཅེ་ན། དེའི་ཕྱིར་གྲོགས
་པོ་ཉིད་དུ་ཉེ་བར་གནས་ཞེས་བྱ་བ་གསུངས་ཏེ། གྲོགས་པོ་དང་འདྲ་བས་ན་གྲོགས་པོ་སྟེ། བྱ་བ་རྣམས་ལ་འབད་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་མཚན་བརྒྱ་རྩ་བརྒྱད་པོ་བརྗོད་ནས་སྒོ་རྣམས་དབྱེ་བར་བྱའོ།། དེ་ནས་སྒོ་ཕྱེ
་བའི་རྗེས་ལ། ལྕགས་ཀྱུ་ལ་སོགས་ལས་བགྱིས་ནས་ཞེས་བྱ་བ་སྟེ། སློབ་དཔོན་དེ་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་ཏེ། སེམས་དཔའ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལས་ཡོངས་སུ་གྱུར་པ་ཡིན་ལ། དེ་བོས
་ན་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་ལྕགས་ཀྱུ་ནི་ལྷན་ཅིག་ཐ་མི་དད་པར་བསམས་ལ། རྡོ་རྗེ་ལྕགས་ཀྱུ་ཉིད་དུ་བདག་ཉིད་བསམ་མོ།། དེ་ནས་ལྕགས་ཀྱུ་ཕྱག་རྒྱའི་གནས་ནས་བདག་གི་ལག་པར་བསམ་ལ། སེམས་དཔར
་ཆེན་པོ་རྣམས་ལ་རང་གི་སྒོའི་ཐད་ཀར་བཀུག་ལ་བཞག་གོ།། དེ་ནས་ལྕགས་ཀྱུ་དེ་དགོས་པར་བྱས་ཟིན་པའི་ཕྱིར་གནས་དེ་ཉིད་དུ་སླར་བཞག་པར་བྱའོ།། དེ་ནས་དེ་བཞིན་དུ་རྡོ་རྗེ་ཞགས་པ་དང་ཐ་མི་དད་པར
་བསམས་ལ། ཕྱག་རྒྱའི་གནས་ནས་ཀྱང་ཞགས་པ་བདག་གི་ལག་པར་བསམས་ཏེ། སེམས་དཔའ་ཆེན་པོ་དེ་རྣམས་རང་རང་གི་སྒོར་གཞུག་པར་བྱའོ།། བཅུག་ནས་སོ་སོའི་ཕྱག་རྒྱའི་གནས་སུ་རང་རང་གི་ཕྱག་རྒྱ་ལ་རྗེསུ་ཞུགས་པར
་དེ་བཞིན་དུ་བསམ་པར་བྱའོ།། དེ་ནས་ཞགས་པའི་ཕྱག་རྒྱ་དེ་བཞིན་དུ་ཕྱག་རྒྱའི་གནས་སུ་བཞག་ལ་ཡང་རྡོ་རྗེ་ལྕགས་སྒྲོག་དང་ཐ་མི་དད་པར་སྔ་མ་བཞིན་དུ་བསམ་མོ།། དེ་ནས་ཕྱག་རྒྱའི་གནས་ནས་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ
་རང་གི་ལག་ཏུ་བསམས་ལ། སོ་སོའི་ཞབས་ཀྱི་དྲུང་དུ་བཞག་ནས་འདི་སྐད་དུ་འདི་ལྟ་སྟེ། འདིས་ནི་སྟོན་པའི་བཀས་ཁྱེད་རྣམས་ཀྱི་དམ་ཚིག་གི་འཆིང་བ་ཡིན་ནོ།། དེ་བས་ན་ཇི་སྲིད་དུ་བྱ་བ་མ་ཟིན་ཅིང་གཤེགས་སུ་མ་གསོལ་གྱི
་བར་དུ་མ་བཞུད་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་ལྕགས་སྒྲོག་གི་ཕྱག་རྒྱ་གནས་དེ་ཉིད་དུ་བཞག་པར་བྱའོ།། དེ་ནས་རྡོ་རྗེ་དང་དྲིལ་བུ་དང་ཐ་མི་དད་པར་དེ་བཞིན་དུ་བསམ་མོ།། དེ་ནས་དྲིལ་བུ་དེ་དཀྲོལ་ཞིང་ཤེས་རབ་ཀྱི་ཕ་རོལ
་ཏུ་བྱིན་པའི་ཚིགསུ་བཅད་པ་ཡང་བརྗོད་པར་བྱ་སྟེ། དྲིལ་བུ་དེ་ནི་ཤོས་རབ་ཀྱི་ཕ་རོལ་ཏུ་བྱིན་པའི་དབྱངས་སྟོན་པ་ཡིན་ནོ།། དེ་བས་ན་དབྱངས་དེས་དེ་དག་མཉེས་པར་འགྱུར་བ་ཡིན་ནོ།། དེ་ནས་སྒོ་རྣམས་ཐམས་ཅད་དུ། ལྕགས་ཀྱུ
་ལ་སོགས་ལས་བགྱིས་ནས། ཞེས་བྱ་བ་འདིར་སྙིང་པོ་བཞི་དང་ཡང་སྦྱར་བར་བྱའོ།། ལས་ཆེན་མཆོག་གི་ཕྱག་རྒྱ་ཡིས་ཞེས་བྱ་བ་ལ། ལས་ཆེན་པོ་ཡིན་པས་ན་ལས་ཆེན་ནོ།། དེ་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས
་དཔའ་རྣམས་ཀྱི་ལས་གང་གི་ཕྱག་རྒྱ་གང་ཡིན་པ་དེ་ནི་མཆོག་ཅེས་བཤད་དོ།། དེ་བས་ན་ལས་ཆེན་མཆོག་གི་ཕྱག་རྒྱ་དེ་རྣམས་ཀྱིས། དམ་ཚིག་རྣམས་ནི་བཞག་པར་བགྱི་ཞེས་པ་སྟེ་བཞུགས་པར་བྱ་བའོ།། དཀྱིལ་འཁོར
་གང་དང་གང་དུ་སངས་རྒྱས་བཅོམ་ལྡན་འདས་སམ། བྱང་ཆུབ་སེམས་དཔའ་རྣམས་སམ། འཁོར་གང་དང་གང་ཡིན་པའི་ལས་ཀྱི་ཕྱག་རྒྱ་གང་དང་གང་ཡིན་པ་དེ་དང་དེས། སེམས་དཔའ་དེ་དང་དེ། ལས་དེ་དང་དེ་དེ་བཞིན་དུ
་མཛད་ཅིང་བཞུགས་པར་བསམ་པར་བྱའོ།། སེམས་དཔའ་དེ་དང་དེ་དག་ལ་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱི་ཕྱག་རྒྱ་དེ་དང་དྲི་བཅིངས་ཏེ། ཉེ་བར་བསྟན་ལ་ཁྱེད་རྣམས་ཀྱིས་ལས་འདི་དག་མཛོད་ཅིག་ཅེས་བྱའོ།། དེ་ལྟར་ལས་ཀྱི་ཕྱག་རྒྱ
་བསྟན་ནས། དམ་ཚིག་མཆོག་གི་ཕྱག་རྒྱ་དང་ཞེས་པས་ཅི་ཞིག་བྱ་ཞེ་ན། སེམས་དཔའ་ཆེན་པོ་བསྒྲུབ་ཅེས་བྱ་བའོ།། འདི་སྐད་སྟོན་ཏེ། ལས་ཀྱི་ཕྱག་རྒྱ་བསྟན་ལ་ཁྱེད་རྣམས་ཀྱིས་ལས་འདི་མཛོད་ཅིག་ཅེས་བྱ་ཞིང་། དེ་ཡོང
་བཅོམ་ལྡན་འདས་ཀྱི་བཀས་བྱ་བ་ཡིན་ལ། བཀའ་དེ་ཡང་དམ་ཚིག་གི་ཕྱག་རྒྱ་བཅིང་བ་ཡིན་ཏེ།། དམ་ཚིག་གི་ཕྱག་རྒྱ་དེ་རྣམས་ལ་བསྟན་པས་དེ་རྣམས་ལས་བྱེད་དོ།། དེ་བས་ན་འགྲུབ་པར་འགྱུར་ཏེ།། སྐྱེ་དགུ་རྣམས་ལ
་རྒྱལ་པོའི་ཕྱག་རྒྱ་བསྟན་པ་དང་འདྲའོ།། འདིར་ཆོས་ཀྱི་ཕྱག་རྒྱ་མ་སྨོས་མོད་ཀྱི། འོན་ཀྱང་ཆོས་ཀྱི་ཕྱག་རྒྱ་ཡང་བརྗོད་པར་བྱའོ།། དེ་ཡང་དེ་དག་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ནི་བྲིས། ལུས་དང་དམ་ཚིག་གོ།
་ཕྱག་རྒྱ་ནི་བསྟན། ཆོས་ཀྱི་ཕྱག་རྒྱ་ཡང་བརྗོད་པ་ཡིན་ཏེ། ཕྱག་རྒྱ་བཞིས་ནི་གདོན་མི་ཟ་བར་བྱིན་གྱིས་རློབ་པར་མཛད་པས་དེ་ལྟ་བུས་ནི་འགྲུབ་པར་ཡང་འགྱུར་རོ།། ཡི་གེ་ཛྭ་ལ་སོགས་པ་འདིར་སྨྲོས་མོད་ཀྱི། འོན་ཀྱང་རང
་གི་གནས་ཉིད་དུ་ཤེས་པར་བྱའོ།། དེ་ལྟ་བུའི་ཆོ་ག་རྣམས་ཀྱིས་བྱ་བའི་ཚོགས་རྣམས་རྫོགས་པར་མཛད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་དག་གི་འབྲས་བུ་སྟོན་ཏོ།། དེའི་དབང་དུ་གྱུར་ཅིས་བྱ་བ་ནི་སྔགས་པའི
་དབང་དུ་གྱུར་པའོ།། དེ་ནས་སྔོགས་པ་བདག་ཉིད་ཆེན་པོ་དང་འབྲེལ་བའི་གསང་བའི་མཆོད་པ་གང་ཡིན་པ་དེ་རྣམས་སྒེག་མོ་ལ་སོགས་པས་མཉེས་པར་བྱ་ཞིང་མཆོད་པར་བྱའོ།། ཇི་ལྟར་མཉེས་པར་བྱ་ཞེ་ན། གང་དང་ག
་གི་ལས་ཀྱི་ཕྱག་རྒྱ་གང་དང་གང་ཡིན་པའི་ལས་ཀྱི་ཕྱག་རྒྱ་དེ་དང་དེ་བསྟན་ལ། ལྷ་མོ་དེ་ཉིད་དེ་རྣམས་ཀྱི་སྤྱན་སྔར་རོལ་པ་སྟོན་པ་དང་། ཕྲེང་བ་འཆིང་བར་བྱེད་པ་དང་། པི་ཝང་བརྡུང་ཞིང་གླུ་ལེན་པ་དང་། གར་བྱེད་པར
་ལྷག་པར་མོས་པར་བྱའོ།། དེ་ལྟར་གསང་བའི་མཆོད་པ་རྣམས་ཀྱིས་མཉེས་པར་བྱས་ནས་བདུག་པ་ལ་སོགས་པས་མཆོད་པ་དང་། དེ་ནས་བཟའ་བ་དང་བཏུང་བ་ལ་སོགས་པ་དང་། གདུགས་དང་རྒྱལ་མཚན་དང
་བ་ངན་ལ་སྩོགས་པ་དང་། བུམ་པ་རྣམས་ཅི་འབྱོར་པ་ལ་རྡོ་རྗེ་སེམས་དཔའི་སྔགས་ཀྱིས་བཟླས་ཏེ་མཆོད་པ་ཅི་ནུས་པར་བྱའོ།། བུམ་པ་གཅིག་ནི་རྡོ་རྗེས་བྱིན་གྱིས་བརླབས་ནས་རྡོ་རྗེ་སེམས་དཔའི་གནས་སུ་བཞག་པ
་དང་། གང་གིས་བསངས་ནས་སློབ་མ་གཙུག་པའི་བུམ་པ་གཉིས་པ་ནི་སྒོའི་ཕྱི་རོལ་ཏུ་བཞག་པར་བྱ་སྟེ། བུམ་པ་གཉིས་པོ་འདི་དག་ནི་ངེས་པར་མི་བཞོག་ཏུ་མི་རུང་ལ། གཞན་ནི་ངེས་པ་མེད་དོ།། ཐམས་ཅད་དོན
་ཀུན་འགྲུབ་པའི་ཕྱིར་ཞེས་བྱ་བ་ནི་མཉེས་པར་བྱས་ནས་དོན་འབྱུང་བ་ལ་སོགས་པ་འགྲུབ་པའི་ཕྱིརརོ་ཞེས་བྱ་བའི་རབ་ཏུ་སྟོན་པར་འགྱུར་བ་ཡིན་ནོ།། ཐམས་ཅད་མཛོད་ཅེས་གསོལ་བར་བགྱི་ཞེས་བྱ་བ་ནི་སེམས
་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་སེམས་ཅན་རྣམས་རྗེསུ་བཟུང་བར་མཛད་དུ་གསོལ་ཞེས་གསོལ་བ་གདབ་པ་སྟེ། སེམས་དཔའ་གང་དང་གང་གི་རང་གི་བྱ་བ་གང་དང་གང་ཡིན་པའི་སེམས་དཔའ
་ངག་གི་ཕྲིན་ལས་དེ་དང་དེ་དག་གིས་དེ་རྣམས། སེམས་ཅན་དེ་རྣམས་རྗེས་སུ་གཟུང་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་ཐམས་ཅད་ཅེས་བྱ་བ་ནི་འོག་ནུས་བཤད་པའི་རྟོག་པ་བཞི་པོར་གསུང
་པ་རྣམས་སུའོ།། རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ནི་རྡོ་རྗེས་ཉེ་བར་མཚོན་པའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ཏེ། འདི་ནི་ཉེ་བར་མཚོན་པ་ཙམ་དུ་ཟད་ཀྱི། པདྨ་དང་རིན་པོ་ཆེའི་སློབ་དཔོན་དག་གི་ལས་ཀྱང་འདི་ཉིད་ཡིན
་པར་ཤེས་པར་བྱའོ།། དེ་བཞིན་དུ་ཞེས་བྱ་བ་ཇི་སྐད་སྨྲས་པའི་ཚུལ་གྱིས་སོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། ། རྡོ་རྗེས་ཉེ་བར་མཚོན་པའི་སློབ་མ་ལུ་ནི་རྡོ་རྗེ་སློབ་མ་ཞེས
་བྱའོ།། གཞུག་པ་ཐོག་མར་བྱས་ནས་དབང་བསྐུར་བ་ལ་སོགས་པ་ནི་ཆོ་ག་རྒྱས་པ་སྟེ། ཆོ་གའི་ལས་ཀྱི་རབ་ཏུ་དབྱེ་བ་ཡིན་ལ། ཆོ་ག་རྒྱས་པ་དེ་ལས་ཆོ་ག་དང་པོ་ནི་གཞུག་པར་ཡིན་ཏེ། གཞུག་པ་དེའི་དགོས་པ་དེ་ཡང་གང་ཡིན
་ཞེ་ན། འཇིག་རྟེན་གྱི་ཁམས་མ་ལུས་པ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་ཡོངསུ་བསྒྲུབ་པ་དང་། སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་། བདེ་བའི་དངོས་གྲུབ་ཀྱི་མཆོག་ཐོབ་པར་བྱ་བའི་ཕྱིར་ཏེ། དེ་ལ་ཕན་པ་ཐམས
་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའོ།། བདེ་བ་ཐམས་ཅད་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དེ་ཉིད་དོ།། དངོས་གྲུབ་ཀྱི་མཆོག་ནི་སངས་རྒྱས་ཉིད་དམ། བྱང་ཆུབ་སེམས་དཔའ་ཉིད་དོ།། དེ་ལྟར་ཇི་སྐད།།
་སྨྲས་པའི་དགོངས་པ་དེ་དག་ནི་འབྲས་བུ་སྟེ། འབྲས་བུ་དེ་ནི་རྒྱུའི་སྒྲུབ་པ་ཉམས་སུ་ལེན་པའོ།། དེའི་ངོ་བོ་ཉིད་ཡིན་པས་ན་རྒྱུ་དང་འབྲས་བུའི་ངོ་བོ་ཉིད་དོ།། རྒྱུ་དང་འབྲས་པའི་རྒྱུར་གྱུར་པ་དེས་གང་གིས་ཕྱིར་དཀྱིལ་འཁོར་ཆེན་པོ
་འདིར་འཇུག་པར་འགྱུར་བ་དེའི་ཕྱིར་རྒྱུད་གཞན་ལས་སྣོང་དང་སྣོད་མ་ཡིན་པར་རྟོག་པར་བྱེད་པ་བཞིན་དུ། འདིར་སྣོད་དུ་གྱུར་པ་དང་སྣོད་དུ་མ་གྱུར་པ་བརྟག་མི་འཚལ་ལོ་ཞེས་བྱ་བ་ནི་དཔལ་རྡོ་རྗེ་འཛིན་པའི་ཐ་ཚིག
་གོ།། དེ་ཅིའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱིའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་རྗེ་སར་བོས་པ་དང་བཅས་པའི་ཚིག་གི་ལན་ནོ།། དེ
་ཡང་དང་པོ་ཞུགས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཐོང་ཞིང་། སོ་སོའི་ཕྱག་རྒྱ་བསྟན་པས་ངན་སོང་ཐམས་ཅད་དང་བྲལ་བར་འགྱུར་རོ།། བཅོམ་ལྡན་འདས་ནོར་དང་བཟའ་བ་དང་ཞེས་བྱ་བ་ལ
་སོགས་པ་ནི་རྒྱུའི་བྱེ་བྲག་གཉིས་པ་སྟོན་ཏོ།། ནོར་དང་ཞེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལ་ཆགས་པ་ཞེས་བྱ་བ་ནི་རེ་རེ་ཞིང་སྦྱར་བར་བྱའོ།། དམ་ཚིག་ལ་མི་དགའ་ཞེས་བྱ་བ་ལ་དམ་ཚིག་ནི་ཚངས་པར་སྤྱོད་པ་ལ་གནས
་པ་ལ་སོགས་པའོ།། སྔར་སྤྱད་པ་ནི་རིགས་པའི་བརྟུལ་ཞུགས་སོ།། ཇི་ལྟར་འཚལ་བ་བཞིན་དུ་བགྱིད་ཅིང་ཞེས་བྱ་བོ་ནི་ཇི་ལྟར་འདོད་པར་རོ།། ཞུགས་པ་རྣམས་ཀྱི་བསམ་པ་ཐམས་ཅད་ཡོངསུ་རྫོགས་པར་འགྱུར་རོ་ཞེས་བྱ
་པ་ནི། འདི་སྐད་སྟོན་ཏོ།། སེམོས་ཅན་གང་དག་སྡིག་པ་བྱེད་པ་དང་། ནོར་ལ་ཆགས་པ་དང་། བཟའ་བ་དང་བཏུང་བ་ལ་ཆགས་པ་དང་། ཚངས་པར་སྤྱོད་པ་ལ་གནས་པར་མི་ནུས་པ་དང་། རིག་པའི་བརྟུལ་ཞུགས་ལ་སྤྱོད་པར
་ཡང་མི་ནུས་པ་ཡོད་དེ། དེ་རྣམས་ལ་ཡང་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་འགལ་བ་མེད་དེ། དེའི་ཕྱིར་དཀོན་མོ་ཆོག་གསུམ་དང་བྱང་ཆུབ་ཀྱི་སེམས་ལ་དད་པ་བརྟན་པ་རྣམས་ནི་དཀྱིལ
་འཁོར་དུ་འཇུག་ན་ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་བས་ན་རིམ་གྱིས་དེ་རྣམས་འཇུག་པར་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་རྗེསུ་གནང་བ་ཡིན་ནོ།། དེ་དག་ཀྱང་ཁྱིམ་པ་བརླབ་པ་མ
་མནོས་པ་ཡིན་པས། དེའི་ཕྱིར་དེ་རྣམས་ལ་བཟའ་བ་དང་བཏུང་བ་ཐམས་ཅད་དང་། གླུ་དང་གར་དང་དྲི་དང་ཕྲེང་བ་དང་བྱུག་པ་ལ་སོགས་པ་འདོད་པའི་ཡོན་ཏན་ཐམས་ཅད་ས་སྤྱོད་དུ་གནང་ངོ་།། འོད་ནི་རྣལ་འབྱོར་གྱི
་རྒྱུད་ཡིན་ཏེ། འདིར་བསྒོམ་པའི་ཆོ་ག་ལ་གནས་པ་རྣམས་ལ་ནི་འཇིག་རྟེན་པའི་ཚེ་འདིའི་འབྲས་བུ་ཡང་ངེས་པ་ཉིད་དུ་འབྱུང་བར་འགྱུར་ལ། དེ་ནས་དེ་ལ་ཡིད་ཚས་པ་སྐྱེས་པའི་ཕྱིར་འཇིག་རྟེན་ལས་འདས་པོའི་ཡང
་ཚངས་པར་སྤྱོད་པ་ལ་གནས་པ་ལ་སོགས་པ་ལ་ཤིན་ཏུ་སྤྲོ་བར་འགྱུར་རོ།། དེ་བས་ན་འཚང་རྒྱ་བའི་བར་དུ་ཡང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། བཅོམ་ལྡན་འདས་སེམས་ཅན་ཁ་ཅིག་ཅེས
་བྱ་བ་ལ་སོགས་པས་ནི་རྒྱུའི་བྱེ་བྲག་གསུམ་པ་སྟོན་ཏེ། སྤྱོད་པ་ཞེས་བྱ་བ་ནི་འདུག་པ་དང་འགྲོ་བ་དང་ཉལ་བའི་སྤྱོད་ལམྱ་བཞི་པོ་རྣམསུ་ཇི་ལྟར་གནས་ཀྱང་རུང་སྟེ། ཡིད་ལ་བྱང་ཆུབ་ཀྱི་སེམས་བསྒོམས་ན་ཐམས
་ཅིང་འགྲུབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཉིད་ནི་སྟོང་པ་ཉིད་དེ་ཆོས་བདག་མེད་པའོ།། དེ་ཁོང་དུ་མ་ཆུང་པོ་ནི་ཡོངས་སུ་མ་ཤེས་པས་སོ།། འདི་སྐད
་སྟོན་ཏེ། སྟོང་པ་ཉིད་བསྒོམས་པ་ལ་ཡིད་གཏོང་བ་རྣམས་ནི་ཟས་དང་། སྤྱོད་པ་དང་། བཟའ་བ་དང་གླུ་དང་གྲར་དང་འདོད་པའི་ཡོན་ཏན་རྣམས་ལ་བསྟེན་དུ་ཟིན་ཀྱང་། བསྒོམ་པ་བྱས་པ་ནི་དངོས་གྲུབ་དང་འགྲལ་བར་མི་འགྱུརརོ།།
་འདི་མ་གཏོགས་ན་རྒྱུ་དེས་ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་དུ་འཇུག་གི་ཞེས་བྱ་བ་ལ། ལྷ་གཞན་ནི་དབང་ཕྱུག་ཆེན་པོ་ལ་སོགས་པའོ།། དེ་དག་གི་རིགས་ནི་ལྷ་གཞན་གྱི་རིགས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་ག
་ཡིན་པ་དེ་ནི་ལྷ་གཞན་གྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། དེར་འཇུག་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས
་སོ།། དེ་དག་གི་རིགས་ནི་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་པོ་ཆུ་དང་། པདྨ་དང་། ལས་ཀྱི་རིགས་རྣམས་ཏེ། དེ་རྣམས་ཀྱི་དཀྱིལ་འཁོར་རོ།། རེ་བ་ཐམས་ཅད་ནི་རེ་བ་ཀུན་ཏེ། སྲེད་པའི་རྣམ་པ་ཐམས་ཅད་ཅེས་བྱ
་བའི་དོན་ཏོ།། དེ་དག་ཡོངས་སུ་རྫོགས་པ་ནི་ཇི་ལྟར་སྨོན་པའི་དོན་གྲུབ་པའོ།། དེའི་ཡང་དག་པར་བསྡུས་པར་གྱུར་པའི་ངོ་བོ་ཉིད་ནི་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་རོ།། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་ཡཱ་དག་པ
་བསྡུས་པར་གྱུར་པ་འབའ་ཞིག་ཏུ་མ་ཟད་ཀྱི་བླ་ན་མེད་པའི་དགའ་བ་དེང་མགུ་བ་དང་རངས་པ་རྣམས་འབྱུང་བར་ཡང་འགྱུར་ཏེ། བླ་ན་མེད་པ་ཞེས་པ་ལ་བླ་མ་ནི་ལྷག་པ་སྟེ། བླ་མར་གྱུར་པ་མེད་པས་ན་བླ་ན་མེད་པའོ།། དགེའ་བ
་ནི་གནས་ལ་སོགས་པའི་ཡུལ་ལ་དགའ་བའོ།། མགུ་བ་ནི་སེམས་ཅན་གྱི་ཡུལ་ལའོ།། རངས་པ་ནི་ཡིད་བདེ་བ་སྟེ། བླ་ན་མེད་པ་ཡང་ཡིན་ལ་དགའ་བ་དང་མགུ་བ་དང་རངས་པ་ཡང་ཡིན་པས་བླ་ན་མེད
་བའི་དགའ་བ་དང་མགུ་བ་དང་རངས་པའོ།། དེ་རྣམས་འབྱུང་བ་ནི་སྐྱེ་བ་སྟེ། དེ་བྱེད་པའི་ངང་ཚུལ་ཅན་ཡིན་པས་ན་བླ་ན་མེད་པའི་དགའ་བ་དང་མགུ་བ་དང་རངས་པ་རྣམས་འབྱུང་བར་བྱིང་པ་སྟེ། བླ་ན་མེད་པའི་དགའ་བ་དང་མགུ
་བ་དང་རངས་པ་རྣམས་འབྱུང་བར་བྱེད་པ་དེར་རོ།། དེ་ལྟ་བུ་དེ་གང་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ཞེས་བྱ་བར་བསྙེགས་ཏེ། དེར་མི་འཇུག་པའོ།། རྒྱུ་གང་གིས་མི་འཇུག་ཅེ
་ན། བསླབ་པའི་བཞིས་འཛེགས་ཤིང་སྐྲག་ཅེས་བྱ་བ་གསུངས་ཏེ། བསླབ་པ་ནི་སྲོག་གཅོད་པ་ལ་སོགས་པ་ལྔ་ལྡོག་པའོ།། དེས་འཇིགས་པ་བྲེང་བའོ།། སྒྲོག་པ་ནི་དངངས་པ་དེ་དེས་མི་འཇུག་པའོ།། བདེ་འགྲོ་དང་བྲལ་བས
་ན་ངན་སོང་སྟེ། དམྱལ་བ་དང་དུད་འགྲོ་དང་ཡི་དགོས་རྣམས་སོ།། དེ་དག་གི་དཀྱིལ་འཁོར་ནི་སྐྱེ་བའི་གནས་སོ།། དེ་རེ་འཇུག་པ་ནི་སྐྱེ་བའོ།། དེའི་ལམ་ནི་མོ་དགེ་བ་བཅུའི་ལས་ཀྱི་ལམ་མོ།། དེར་ཁ་བལྟས་ཤིང་གནས་པ་ནི
་འཇིག་རྟེན་པའི་དཀྱིལ་འཁོར་དོར་མི་དགེ་བ་བཅུའི་ལས་ཀྱི་ལམ་མི་འགོག་སྟེ། ཁ་ཅིག་ནི་ཆེ་གར་ཡང་སྟོན་ཏོ།། དེ་བས་ན་གང་དེར་འཇུག་པ་དེ་ངན་སོང་གི་དཀྱིལ་འཁོར་གྱི་ལམ་ལ་མངོན་དུ་ཕྱོགས་ཤིང་འཇུག
་སྟེ་གནས་པ་ཡིན་ནོ།། དེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་འདིར་དེ་ལྟ་བུ་དག་གཟུད་པའི་རིགས་ཏེ། དེ་ལྟ་བུ་འདིར་བཙུད་ན་དེ་ཁོ་ན་ཉིད་རྟོག་པས། ཉེས་པ་རྣམས་ལ་ཉེས་པ་ཉིད་དུ་ཤེས་ནས་རིམ
་གྱིས་ལྡོག་པར་འགྱུར་རོ།། དེ་ནས་རིམ་གྱིས་ཇི་སྐད་དུ་གསུངས་པའི་དངོས་གྲུབ་རྣམས་ཀྱང་ཐོབ་པར་འགྱུར་རོ།། བཅོམ་ལྡན་འདས་ཆོས་ཅན་ཞེས་བྱ་བ་ལ་སོགས་པས་ནི། སེམས་ཅན་ཁྱད་པར་ཅན་རྗེས་སུ་གཟུད་པར་སྟོན
་པ་སྟེ། ཆེས་ལ་སྤྱོད་པས་ན་ཆོས་ཅན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཁྲིམས་ཏེ། སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ།། ཏིང་ངེ་འཛིན་ནི་སེམས་རྩེ
་གཅིག་པའོ།། ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ།། འདི་དག་ཉིད་ནི་ཐབས་ཏེ། གྲང་གི་ཞེ་ན། དངོས་གྲུབ་དམ་པ་སྟེ་སངས་རྒྱས་པ་ཉིད་ཀྱི་མཚན་ཉིད་དོ།། དེ་བས་ན་ཐབས་འདི་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་བྱང་ཆུབ
་ཚོལ་བ་སྟེ། མངོན་པར་འདོད་པའོ།། བསམ་གཏན་དོང་རྣམ་པར་ཐར་པ་དང་། ས་རྣམས་ཀྱིས་འབད་ཅིང་ཞེས་བྱ་བ་ལ་བསམ་གཏན་ནཱི་བཞིའོ།། རྣམ་པར་ཐར་པ་ནི་བརྒྱད་དོ།། ས་ནི་བཅུའོ།། འདི་རྣམས་ཀྱིས་འབད་ཅིང་ཉོན་མོངས
་བར་གྱུར་པ་སྟེ། བསླབ་པ་དང་སྡོམ་པ་ལ་སོགས་པ་ལ་གནས་སུ་ཟིན་ཀྱང་དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡོངས་སུ་མ་བཟུང་ཞིང་། ཉེ་བར་བསྟེན་པ་མ་བྱས
་པས་དབང་པོ་ཡོངས་སུ་སྨིན་པ་མེད་པའི་ཕྱིར། ས་དང་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་བྱ་བའི་དོན་དུ་མདོ་སྡེ་ལས་བསྟན་པ་ཉི་ཚེ་ལ་བསྟེན་ཅིང་མགོན་མེད་པར་སྤྱོད་པས་ཡུན་རིང་པོར་ཉོན་མོངས་སོ།།
་དེ་བས་ན་དེ་དག་འདིར་བཞུགས་པའི་རིགས་ཏེ། གང་གི་ཕྱིར་ཡོན་ཏན་ལ་གནས་པ་རྣམས་ནི་སེམས་ཡོངས་སུ་སྤྱད་པ་བྱས་པ་ཡིན་པའི་ཕྱིར་འཇུག་པ་ཙམ་གྱིས་ཀྱང་དངོས་གྲུབ་དམ་པ་རྣམས་ཀྱང་ཐོབ་པར་འགྱུར།
་ན། གཞན་ལྟ་སྨོས་ཀྱང་ཅི་འཚལ་ཞེས་གསུངས་སོ།། །། ད་ནི་སློབ་མ་གཟུང་བའི་ཆོ་ག་བསྟན་པའི་ཕྱིར། དེ་ལ་དང་པོ་ཁོ་ནར་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། དེར་ལུང་བསོད་ནམས་ཀྱི་ཚོགས
་ཡོངས་སུ་བསྡུ་བའི་ཕྱིར། དང་པོར་ཕྱག་བཞི་བྱ་བར་བསྟན་ཏོ།། ཇེ་ཐོག་མར་ཁ་ནུབ་ཕྱོགས་སུ་བལྟས་ལ་ཕྱག་བྱ་སྟེ། མི་བསྐྱོད་པའི་དཀྱིལ་འིཁོར་དུ་བྱིན་གྱིས་བརླབ་པའི་ཕྱིར་རོ།། བྱིན་གྱིས་བརླབ་པ་ནི་བྱང་ཆུབ་ཀྱི
་སེམས་ཡོངས་སུ་སྦྱོང་བ་ལ་སོགས་པ་དང་། དམ་ཚིག་བརྟན་པར་བྱ་བའི་ཕྱིར་རོ།། དེ་ནས་ཁ་བྱུང་ཕྱོགས་སུ་བལྟས་ལ་དབང་བསྐུར་བའི་ཕྱིར་རིན་པོ་ཆེའི་རིགས་ལ་ཕྱག་བྱའོ།། དེ་ནས་ཁ་ཤར་ཕྱོགས་སུ་བལྟས་ལ།
་ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་རྒྱ་ཆེ་བ་ལུང་དང་རྟོག་བཱི་བདག་ཉིད་ཅན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཕྱིར་པདྨའི་རིགས་ལ་ཕྲག་པའོ།། ལྷོ་ཕྱོགས་སུ་བལྟས་ལ་མཆོད་པོ་ལ་སོགས་པའི་ལས་ལ་འཇུག་པའི
་སྤྱིཕྱིར་ཕྱུག་བྱ་སྟེ། དེའི་སྔགས་ཀྱི་དོན་ནི་འདིའོ།། དེ་བཞིན་དུ་ཞེས་བྱ་བ་ནི་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ།། ཞེས་བྱ་བ་དང་སྦྱར་རོ།། བཛྲ་ཀཱརྨྨ་ཞེས་བྱ་བ་ནི་རྡོ་རྗེ་ལས་ཏེ་བོད་པའོ།། ཀུ་རཱ་མཾ་ཞེས་པ་ནི་བདག་མཛོད་ཅིག་ཅེས་པ
་སྟེ། སྣོད་དུ་རུང་བར་མཛོད་ཅིག་ཅེས་ཞེས་པ་སྟེ། དངོས་གྲུ་བོ་ལ་སོགས་པའི་ལས་རྣམས་ཀྱི་སྣོད་དུ་རུང་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ།། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ལ་སོགས་པ་ལ། ཅི
་འདི་ནི་དཀྱིལ་འཁོར་མ་མཐོང་བ་ཡིན་ཏེ། དེ་ལཾ་ནི་ཕྱག་རྒྱ་གཅིག་ཀྱང་བསྟན་པར་མི་བྱའོ་ཞེས་མ་གསུངས་སམ་ཞེ་ན། ཇི་ལྟར་སློབ་མ་དཀྱིལ་འཁོར་དུ་ཞུགས་པ་མ་ཡིན་ཡང་། འོན་ཀྱང་བཅོམ་ལྡན་འདས་ཀྱིས་རྗེས
་སུ་གནང་བ་དེ་ལ་བསྟན་པར་བྱ་དགོས་ཏེ། དཀྱིལ་འཁོར་དུ་མ་ཞུགས་པ་ལ་ཕྱག་རྒྱ་གཅིག་ཀྱང་བརྟན་པར་མི་བྱའོ།། ཞེས་གང་དུ་དགག་པ་མཛད་པ་དེར་ཡང་དམ་ཚིག་གི་ཕྱག་རྒྱ་ནི་མ་གཏོགས་ཏེ། ངེས་པ་འདི
་ནི་ཐམས་ཅད་དུ་མ་ཡིན་ནོ།། དེ་ནས་བཅུག་མ་ཐག་ཏུ་འདི་སྐད་དུ་སྒོ་བཞི་ཅེས་བྱ་བ་ལ་སོགས་པ་ལ། ཅི་ཞིག་བསྒོ་བར་བྱ་ཞེ་ན། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་ཞེས་བྱ་བ་ལ
་སོགས་པའོ།། ཇི་ལྟར་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་པ་ཡིན་ཞེ་ནི། ཕྱིར་མི་ལྡོག་པའི་འཁོར་ལོར་ཞུགས་པ་ཡིན་པའི་ཕྱིར་ཏེ། གང་གི་ཕྱིར་དེ་ཉིད་ནི་དེའི་ས་བོན་དུ་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས།།
་པའི་རིགས་སུ་ཞུགས་པ་ཡིན་ནོ།། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱས་ཞེས་བྱ་བ་ལ། དེ་ལྟ་བུའི་ཞེས་བྱ་བ་ནི་དམ་ཚིག་ཐོབ་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ་ཡེ་ཤེས་ནི་རྡོ་རྗེ་དབབ་པ་སྟེ། གང
་གིས་འདས་པ་དང་མ་འོངས་པ་ལ་སོགས་པ་ཐམས་ཅད་ཤེས་པའི་ལྷའི་ཡེ་ཤེས་སྐྱེ་བར་འགྱུར་རོ།། ཁྱོད་ཀྱི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག་ཅེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་མ
་མཐོང་བ་སྟེ། རྒྱུད་འདིར་གཙོ་བོ་ནི་དཀྱིལ་འཁོར་ཆེན་པོ་ཡིན་ལ། དཀྱིལ་འཁོར་ཐམས་ཅད་དུ་ཡང་འདིར་སྨོས་པའི་མཚན་ཉིད་ལ་ཕལ་ཆེར་སྙེགས་པའི་ཕྱིར་རོ།། དེ་བས་ནི་དཀྱིལ་འཁོར་ཆེན་པོ་འདི་ནི་གཙོ་བོ་ཡིན་ལ།
་འདི་མཐོང་བ་ནི་ཆོ་ག་བཞིན་དུ་བཅུག་ནས། དབང་བསྐུར་བ་སྦྱིན་པར་བྱ་བའི་ཕྱིར། སློབ་དཔོན་གྱི་མན་ངག་གིས་སོ་སོར་ཕྱག་རྒྱ་ཆེན་པོ་བསྟན་ན། དེ་ལྟ་བུ་ནི་དུས་ཕྱིས་དཀྱིལ་འཁོར་ཆེན་པོ་མཐོང་བ་ཞེས་བྱ་བ་སྟེ། གང
་གིས་ཆོ་ག་འདི་ལྟ་བུས་མ་མཐོང་པོ་དེ་ནི་དཀྱིལ་འཁོར་ཆེན་པོ་མ་མཐོང་བའོ།། དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བྱ་བ་ནི་གང་འདི་མནའ་ཆུ་བླུད་པ་ལ་སོགས་པས་དམ་ཚིག་ཅན་དུ་བྱས་ཤིང་། མནའི་སྙིང་པོ་བྱིན་པ
་དེ་ལས་འདའ་བར་གྱུར་ན་ཉམས་པ་སྟེ། སྡུག་བསྔལ་འཐོབ་པའོ།། དེ་ཡང་ཚེ་འདིར་ནང་ལ་སོགས་པས་གནོད་པར་འགྱུར་བ་དང་། གཞན་དུ་ངན་སོང་དུ་འགྲོ་བའོ།། ཁ་ནང་དུ་བསྟན་པ་ནི་ཁ་ཐུར་དུ་བསྟན་པའོ།། རྡོ་རྗེ་སེམས
་དཔའ་ཉིད་ནི་དེང་། ཁྱོད་ཀྱི་སྙིང་ལ་ཡང་དག་བཞུགས།། ཞེས་བྱ་བ་ནི་བཀའ་ནོད་པའི་ཚེ་སློབ་དཔོན་གྱིས་གསོལ་བ་བཏབ་པ་དང་། ཕྱག་བཞིའི་ཚེ་སློབ་མས་བདག་ལ་བྱིན་གྱིས་རློབ་པར་མཛོད་ཅིག་ཅེས་གསོལ་བཏབ་པ་དང་།
་བཅོམ་ལྡན་འདས་ཀྱིས་བཀས་ཀྱང་བཞུགས་པ་སྟེ། དེ་ལ་དེའི་ཚེ་རྡོ་རྗེ་སེམས་དཔའ་རང་ཉིད་སྙིང་ལ་གནས་པར་གྱུར་པ་ཡིན་ནོ།། མི་བདེ་བ་མ་སྤངས་པས་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱིས་བསྒྲུབ་པའི་དམ་ཚིག
་བསྒོས་ནས་མཱནའི་སྙིང་པོའི་རྗེས་ལ། དེ་ནས་ཕྱག་རྒྱས་བྱིན་གྱིས་བརླབ་པ་བྱའོ།། དེའི་འོག་ཏུ་རྡོ་རྗེ་སེམས་དཔའ་དབབ་བོ།། མྱུར་དུ་ཞེས་བྱ་བ་གང་གསུངས་པ་དེ་ནི་ལྷོད་པ་སྤང་བའི་ཕྱིར་ཏེ། ཡེ་ཤེས་དབབ་པའི་ཕྱིར་སེམས
་དཔའ་རྡོ་རྗེ་མའི་ཕྱག་རྒྱ་རྡོ་རྗེ་སློབ་མའི་སྙིང་གོར་བཞག་ལ་སྙིང་པོ་བརྗོད་པར་བྱའོ།། ཕྱི་མས་ནི་སེམས་དཔའ་དབབ་པ་ཡིན་ཏེ། དེ་ནས་ཁྲོ་བོའི་ཕྱག་རྒྱ་བཅིངས་ལ་ཞེས་བྱ་བ་ལ་སོགས་པ་ལ། ལག་པ་གཡོན་པ་ཁྲོ་བོའི་ཁུ
་ཚུར་བྱས་ལ། མཛུབ་མོ་ལྕགས་ཀྱུར་བྱས་ཏེ། ལག་པ་གཡས་པ་ལ་གནས་སེམས་དཔའ་རྡོ་རྗེའི་མའི་ཕྱག་རྒྱ་ཕྱེད་ཡིན་ཡང་སེམས་དཔའ་རྡོ་མ་ཞེས་བྱ་སྟེ། ལྕགས་ཀྱི་དེས་དྲང་ཞིང་གཡས་པའི་གུང་མོ་ལ་དྲལ་བར་བྱའོ།།
་ཐིག་པོ་ཆེན་པོ་མངོན་པར་རྟོགས་པ་ནི་འོག་ནས་བཤད་པའི་ཡི་གེ་བརྒྱ་པའོ།། རྡོ་རྗེའི་ཚིག་ནི་སྒྲ་སྤངས་པའོ།། ཅི་དགའ་བར་ཞེས་བྱ་བ་ནི་གཅིག་གམ་གཉིས་སམ་གསུམ་དུ་ཅི་དགའ་བར་བཟླ་བར་བྱའོ།། དེ་ནས་ཕོབ་སྟེ།
་བབས་མ་ཐག་ཏུ་ལྷའི་ཡེ་ཤེས་སྐྱེ་བ་དང་། འདས་པ་དང་མ་འོངས་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། འདིའི་སྙེམས་བསྟན་པར་འགྱུར་ཞེས་བྱ་བ་ནི་རྟོགས་པ་མ་ཐོབ་ཅིང་ཚེ་གཞན་དུ་རྗེས་སུ་ཟིན
་ཀྱང་། ཐེག་པ་ཆེན་པོ་ལས་སེམས་ལྡོག་པར་མི་འགྱུར་བས་ན་བརྟན་པ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔས་ཡོངསུ་བཟུང་བ་ཡིན་པའི་ཕྱིར་རོ།། སྡུག་བསྔལ་ཐམས་ཅད་ནི་གཞན་གྱིས་གནོད་པ་བྱས་པ་དང་། ནད་ལ་སོགས
་པའོ། ཞེ་འཇིགས་པ་ཐམས་ཅདང་བྲལ་ཞེས་བྱ་བ་ལ། འཇིགས་པ་ནི་ངན་འགྲོ་དང་དབུལ་བ་དང་། འཁོར་གྱི་བག་ཚ་བའི་འཇིགས་པའོ།། གནོད་པ་མེད་པ་ནི་འཚེ་བ་མེད་པའོ།། སྔོན་མ་བྱུང་བའི་ཞེས་བྱ་བ་ལ་སོགས་པ་ལ
་གང་རང་དང་འཚམ་པའི་ཡུལ་ལ་ཡོངསུ་ལོངས་སྤྱོད་པ་ལས་བྱུང་བ་ནི་སྟོན་བྱུང་བ་ཡིན་ལ། གང་ཏིང་ངེ་འཛིན་གྱི་དབང་གིས་བསམ་གྱིས་མི་ཁྱབ་པར་བྱུང་བ་དེ་ནི་སྔོན་བྱུང་བ་ཞེས་བྱའོ།། ཁ་ཅིག་གིས་ནི་ཏིང་ངེ་འཛིན
་ཅེས་བྱ་བ་ལ་སོགས་པ་འདི་སྐད་སྔོན་ཏཱཾ། ཅི་ནས་ཀྱང་ཚོགས་ཡོངསུ་རྫོགས་པར་འགྱུར་བའི་ཡོན་ཏན་རྣམས་འཐོབ་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་བཟླས་པའི་རྗེས་ཐོགས་ལྔའོ།།
་བཅོམ་ལྡན་འདས་དེ་དེ་ལ་བབས་ཤིང་སྙིང་ལ་ཞུགས་པ་དང་། དེ་དེར་བརྟན་པར་བྱ་བའི་ཕྱིར་འདི་སྐད་ཅེས་གསུངས་སོ།། ཕྱག་རྒྱ་དེ་ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱའོ།། བཅིངས་ཞེས་བྱ་བ་ནི་སློབ་མ
་འཇུག་ཁར་བཅིངས་པ་ལྷས་སྙིང་གར་འགྲོལ་དུ་བཞུག་པ་སྟེ། ཅི་ནུས་ཀྱང་ཕྲེང་བ་ལྟུང་བར་མི་འགྱུར་བ་དེ་ལྟར་སོར་མོ་དབྱེ་བ་ཙམ་དུ་དགྲོལ་དུ་བཅུག་གོ།། མདྷཱུ་བ་ལ་ཞེས་བྱ་བ་ནི་ཝཱ་ལ་རྗེས་སྔར་བོང་པའོ།། འདི་ནི་ཕྲེང་བུར
་དབང་བསྐུར་བ་སྟེ་དང་པོའོ།། སེམས་དཔའ་ཆེན་པོ་དེས་བདག་གིར་བྱས་པར་གྱུར་པ་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་གནས་ཀྱི་བར་དུ་ཡོངས་སུ་གཟུང་བར་འགྱུར་རོ།། བབས་བཞིན་དུ་ཞེས་བྱ་བ་ནི་བབས་པ་དང་མ་བྲལ་བཞིན
་དུ་གདོང་གཡོགས་པ་དང་དགྲོལ་བར་བྱའོ།། རིམ་བཞིན་དུ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཐུག་གི་བར་དུ་བསྟན་པར་བྱའོ།། རྡོ་རྗེ་སེམས་དཔའ་ཡང་འདིའི
་སྙིང་ཁ་ན་གནས་སོ།། ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། སྔར་ཡེ་ཤེས་དབབ་པ་དང་སེམས་དཔའ་དབབ་པའི་དུས་སུ་དེས་གཟུགས་ཀྱི་སྐུ་མྱི་མཐོང་བ་ཡིན་ལ། ད་ནི་གཟུགས་ཀྱི་སྐུ་མཐོང་སྟེ། དེ་བྲས་གཟུགས་ཀྱི་སྐུ་དེ
་བྱིན་གྱིས་བརླབ་པ་ལ་སོགས་པ་མཛད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཉིད་དུ་ཞེས་བྱ་བ་ལ་གང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་གྱུར་པ་རྡོ་རྣམས་ནི་དེ་བཞིན་གཤེགས་པ་ཉིད
་དུ་འགྱུར་ལ། གང་དེར་སྐལ་པ་དང་ལྡན་པ་དེ་རྣམས་ནི་དཀྱིལ་འཁོར་དུ་ཞུགས་པར་གྱུར་པས། འབྲས་བུ་དེ་ལྟ་བུའི་རྣམ་པ་འཐོབ་པར་འགྱུར་རོ།། རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པའི་ཞེས་བྱ་བ་ནི་རྡོ་རྗེའི་ཆུ་བླངས
་ལ་དཀྱིལ་འཁོར་གྱི་སྒོ་ན་འདུག་བཞིན་པ་ཉིད་ལ་མགོར་ལག་པ་གཉིས་ཀྱིས་དབང་བསྐུར་བར་བྱ་སྟེ། བུམ་པ་གདེག་པར་ནི་མི་བྱའོ།། ཆུའི་དབང་བསྐུར་བ་སྟེ་གཉིས་པའོ།། གཅིག་ཅེས་བྱ་བ་ནི
་ཡང་རུང་བས་བྱ་བར་ཤེས་པར་བྱ་སྟེ། རྒྱུད་ཐམས་ཅད་ལ་ཡང་འདིས་བསྒྲེ་བར་བྱའོ།། དེ་བཞིན་གཤེགས་པའི་རིགས་ལོ་ནི་དེ་བཞིན་གཤེགས་པའི་ཕྲེང་བའོ།། རྡོ་རྗེའི་རིགས་ལ་ནི་རྡོ་རྗེ་ཕྲེང་བའོ།། རིན་པོ་ཆེའི་རིགས་ལ་ནི
་རིན་པོ་ཚའི་ཕྲེང་བའོ།། པདྨའི་རིགས་ལ་ནི་པདྨའི་ཕྲེང་བའོ།། དེ་ལ་སོགས་པ་གང་གི་ཚེ་སློབ་མ་དེ་ལ་དབང་བསྐུར་བ་དེའི་ཚེ། དེ་འདི་དག་ནི་སེམས་ཙམ་དུ་ཟང་ངོ་ཞེས་རྣམ་པར་བསམས་ལ། དེར་ཟླ་བའི་དཀྱིལ་འཁོར་དེ
་བསམ་མོ།། དེ་ནས་དེ་བཞིན་གཤེགས་པའི་རིགས་ལ་དེའི་སྟེང་དུ་ཡེ་ཤེས་ཀྱི་རྡོ་རྗེ་བསམ་པར་བྱའོ།། དེ་ནས་དེར་དེ་བཞིན་གཤེགས་པ་རྣམས་བཞུག་གོ། དེ་ནས་རྡོ་རྗེ་སེམས་དཔའི་སྐུར་བསམ་མོ།། དེ་ནས་ལུང་ནས་ཇི་སྐད
་བཤད་པ་བཞིན་དུ་དབང་བསྐུར་བ་སྦྱིན་པར་བྱའོ།། དེ་བཞིན་དུ་རྡོ་རྗེ་རིགས་ལ་སོགས་པ་ལ་ཡང་སེམས་དཔའ་གླང་དང་གང་གི་ཕྱག་རྒྱ་གང་དང་གང་ཡིན་པ་དེ་དང་དེ་ལས་བསྐྱེད་དེ། ཟླ་བའི་དཀྱིལ་འཁོར་དང་སེམས་དཔ
་དེར་དེ་བཞིན་གཤེགས་པ་ཐམས་ཅད་སེམས་དཔའ་དེ་ཡོངས་སུ་གྱུར་ནས་ཕྲེང་བར་གྱུར་པར་བསམས་ཏེ། དེའི་རྗེས་ལ་ཕྱག་རྒྱའི་དབང་བསྐུར་བ་ལ་སོགས་པ་སྦྱིན་པར་བྱའོ།། རང་གི་མཚན་མ་ནི་རང་གི་ཕྱག་རྒྱའོ།། དེ
་བའི་དབང་བསྒྱུར་བ་ནི་དང་པོ་སྟེ། རང་གིས་ཡོངས་སུ་གཟུང་བའི་ལྷས་ཕྲེང་བ་བཅིངས་པའི་ཕྱིར་རོ།། དེ་ནས་རྡོ་རྗེས་བྱིན་གྱིས་བརླབས་པའི་བུམ་པ་ལས་ཆུའི་དབང་བསྐུར་བ་ནི་གཉིས་པ་ཡིན་ནོ།། དེ་ནས་སངས་རྒྱས་ཀྱི་དབུ
་རྒྱན་གྱི་དབང་བསྐུར་བ་ནི་གསུམ་པ་ཡིན་ནོ།། དེ་ནས་ཕྱག་རྒྱའི་དབང་བསྐུར་བ་ནི་བཞི་པ་ཡིན་ནོ།། དེ་ནས་བདག་པོའི་དབང་བསྐུར་བ་ནི་ལྔ་པ་ཡིན་ནོ།། དེ་ནས་མིང་གི་དབང་བསྐུར་བ་ནི་དྲུག་པ་ཡིན་ནོ།། རྡོ་རྗེ་སེམས་དཔའ་འབའ
་ཞིག་གིས་བདག་པོའི་དབང་བསྐུར་བར་རིགས་ཀྱི། གཞན་དག་གིས་ནི་མུ་ཡིན་ནོ་ཞེ་ན། དེ་མ་ཡིན་ཏེ། ཐམས་ཅད་ཀྱང་རང་གི་ལས་ལེ་བདག་པོར་གྱུར་པར་ནི་འགལ་བ་མེད་དོ།། དཀྱིལ་འཁོར་ཐམས་ཅད་དུ་འཇུག་པའི
་ཆོ་ག་རྒྱས་པ་ཞེས་བྱ་བ་ལ། དེ་ལ་འོག་ནས་བཤད་པའི་དཀྱིལ་འཁོར་ཇི་སྙེད་པ་དེ་དག་ཐམས་ཅད་ལ་ཡང་གོ་རིམ་འདི་ཉིད་བཞིན་དུ་ཤེས་བྱར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། དང་པོ་འཇུག་པ་ནས་ཐ་མ་དབང་བསྐུར
་བའི་བར་ནི་སློབ་མ་ཡོངས་སུ་སྦྱང་བ་བྱས་པ་ཡིན་ནོ།། འཇུག་པ་འདིའི་འབྲས་བུ་ནི་རྣམ་པ་གཉིས་ཏེ། མཐོང་བ་དང་མ་མཐོང་བའོ།། དེ་ལ་མཐོང་བ་ནི་དོན་འགྲུབ་པོ་ལ་སོགས་པའོ།། མྱ་མཐོང་བ་ནི་འཇིག་རྟེན་ཕ་རོལ་གྱིས
་ཏེ། རིམ་གྱིས་བླ་ན་མེད་པ་ཡི་ངོ་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ།། དེ་ལ་རེ་ཞིག་མཐོང་བ་སྟེ། དོན་འགྲུབ་པ་ལ་སོགས་པ་ནི་དོན་གྱི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དོན་ནི་གསེར་ལ
་སོགས་པའོ།། དེ་འགྲུབ་པ་ནི་འཐོབ་པའོ།། དེ་ཉིད་ནི་འགྲུབ་པ་སྟེ། དེའི་ཕྱག་རྒྱའི་ཡེ་ཤེས་ཏེ། ཐབས་གང་ཞིག་བསྒོམས་པས་དོན་འཐོབ་པར་འགྱུར་བ་དེ་ནི་ཐབས་ཀྱི་ཡེ་ཤེས་ནི་དོན་གྱི་དངོས
་གྲུབ་འགྲུབ་པའི་ཕྱག་རྒྱའི་ཡེ་ཤེས་སོ།། དེ་ལ་རི་ཞིག་འོག་ནས་བཤད་པའི་ཚུལ་གྱིས་བདག་ལོ་བྱིན་གྱིས་བཱརླབ་པཱ་ལ་སོགས་པ་བྱས་ལ། དེ་ནས་ཟླ་བ་གཅིག་གམ་ཟླ་བ་བཞིའི་བར་དུ་ཐུན་མཚམས་བཞིར་རྣལ་འབྱོར
་འདི་བསྒོམ་ཞིང་། དྲི་དང་མེ་ཏོག་དང་བདུག་པ་ལ་སོགས་པ་འབྱོར་པ་ཅི་ཡོད་པ་ལས་མཆོད་པ་བྱོའོ།། རྡོ་རྗེ་དབྱིབས་ནི་གཏེར་གནས་པ་ཞེས་བྱ་བ་ལ་སོགས་པ་ལ། ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཏེར་གྱི་གནས་བཞག
་ལུ། དེའི་སྟེང་དུ་རྡོ་རྗེའི་གཟུགས་ཡོངས་སུ་བསྒོམ་པར་བྱའོ།། དོ་ནས་ཟླ་བ་གཅིག་གམ་ཟླ་བ་བཞིའི་བར་དུ་ཙཽ་ནུས་པར་མཆོད་པ་བྱས་ནས་མཚན་ཐོག་ཐག་བསྒོམས་པའི་རྗེས་ལ་གནས་གང་ན་གཏེར་ཡོད་པར་རེ་པ་དེར
་སོང་སྟེ། ཅི་འབྱོར་པས་མཆོད་པ་བྱས་ལ། གཏོར་མ་ཁོ་ན་མ་ཐོ་བ་མེད་པ་ཡང་ཅི་ནུས་སུ་བྱིན་ནས་དེར་འདུག་སྟེ་བསྒོམ་པར་བྱའོ།། དེ་ནས་སའི་ཕྱོགས་གངྒ་ན་གཏེར་ཡོད་པ་དེས་མཐོང་བར་འགྱུར་རོ།། རྡོ་རྗེའི་དབྱིབས
་གཅིག་བྲིས་ནས་ཀྱང་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་ལ་ཡང་བཤང་མ་ཐག་ཏུ་ཚུ་ལ་ཉིད་དོ།། ནམ་མཁའ་ལ་བསྒོམ་པ་འབའ་ཞིག་གིས་ཁྱད་པར་དུ་གྱུར་པ་ཡིན་པར་ཤེས་པར་བྱའོ།། གང་དུ་ཞེས་བྱ་བ་ལ་སོགས་པ་ལ་རྡོ
་རྗེའི་དབྱིབས་བསྒོམ་པ་ན་རྣལ་འབྱོར་གྱི་སྟོབས་སམ། ལྷའི་སྟོབས་ཀྱིས་ན་མཁའ་ལས་གང་དུ་བབས་པར་མཐོང་བ་དེ་ན་གཏེར་ཡོད་པར་ཤེས་པར་བྱའོ།། བློ་ལྡན་མི་ཡིསྭཱ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཡང་རྣལ་འབྱོར་བྷི
་མཐུ་འོམ། ལྷའི་མཐུ་ཡིས་ཚིག་ཏུ་སྨྲ་བར་འགྱུར་བར་ཤེས་པར་བྱའོ།། བདེན་པ་ཉིད་དུ་ཞེས་བྱ་བ་འདིས་ནི་ཆོས་ཉིད་ཀྱི་མཐུ་ལས་ཀྱང་ཤེས་པར་བྱའོ།། བདག་གི་ལུས་ནི་ཐམས་ཅད་ལ་ཞེས་བྱ་བ་ལ་སོགས་པ་ལ། ལོས་ཀྱི
་རིགས་ལ་བདག་ཉིད་ལས་ཀྱི་རྡོ་རྗེའི་ཚུལ་དུ་སྔར་བཤད་པའི་ཚུལ་ཉིད་ཀྱིས་བསྒོམས་ཤྲཱིག་ཅེས་བྱ་བའི་དོན་ཏོ།། བསྒོམ་པ་པོས་སྙིང་པོ་འདྀ་དགཱ་ནི་བཟླ་བར་བྱ་བ་ཡིན་ནོ།། རྡོ་རྗེའི་རྫུ་འཕྲུལ་ཞེས་བྱ་བ་ལ་སོགས་པ
་ལ། འབྱོར་པས་ན་རྫུ་འཕྲུལ་ཏེ་སེམས་ཀྱི་ཡང་དག་པར་འབྱོར་པའི་དབང་ཕྱུག་གོ།། དེའི་དངོས་གྲུབ་ནི་གྲུབ་པའོ།། དེའི་ཕྱག་རྒྱ་ནི་བདུག་ལ་བྱིན་གྱིས་བརླབ་པ་ལ་སོགས་པས་གང་བྱས་པའི་ཕྱག་རྒྱ་ཆེན་པོའོ།། དེའི
་ཡེ་ཤེས་ཡིན་པས་ན་རྫུ་འཕྲུལ་གྱི་དངོས་གྲུབ་གྲུབ་པའི་ཕྱོག་རྒྱའི་ཡེ་ཤེས་སོ།། རྡོ་རྗེ་དབབ་པ་བྱས་ནས་ནི་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམས་པས་བརྟན་པར་གྱུར་པ་ལ་བྱའོ།། དེ་སྐྱེས་པ་དང་ཆུ་ལ་རྡོ་རྗེའི་དབྱིབས
་འདྲ་བར་བསྒོམས་ལ། དེ་ནས་ཆུའི་སྟེང་དུ་བཅག་པར་བྱའོ།། འདིར་ཡང་སྔར་ཇི་སྐད་བཤད་པ་དེ་བཞིན་དུ་བྱ་བ་ཡིན་པས་དེ་ལྟར་དབབ་པ་བསྐྱེད་པར་བྱ་ཞེས་བྱ་སྟེ། སྔར་བཤད་པའི་ཆོ་གས་རྡོ་རྗེ་ཕྲ་མོ་བསྒོམ་པ་བརྟན
་པར་བྱས་ལ་གདུལ་བའི་དབང་གིས་བདག་ཉིད་གཟུགས་གང་དང་གང་དུ་སྟོན་པར་འདོད་པ་དེ་དང་དེར་བདག་གི་གཟུགས་བསམ་པར་བྱའོ།། དེ་ནས་བདག་ཉིད་ཀྱིས་གཟུགས་དེ་ལྟ་བུར་རང་ཉིད་ཀྱིས།།
་ཀྱང་མཐོང་ཞིང་གཞན་དག་ལ་ཡང་སྟོན་པར་འགྱུར་ཏེ། དེ་ལྟ་བུའི་ངོ་བོ་ཉི་དུ་ཇི་སྲིད་བསྒོམ་པ་དེ་སྲིད་དུ་དེ་ལྟར་སྣང་གི་ཕྱིན་ཆད་ནི་མ་ཡིན་ནོ།། དེ་ལྟར་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་དབབ་པ་སྟོན་པའོ།། བདག་གིས་བདག་ཉིད
་ན་མཁར་ནི་ཞེས་བྱ་བ་ལ་འདི་ལྟར་བསྒོམ་སྟེ། བདག་གི་ལུས་ཇི་སྲིད་ཆ་ཤེས་སུ་གྱུར་པ་དེ་སྲིད་ཀྱི་བར་དུ་རྣམ་པར་གཞིག་ཅིང་རྡུལ་ཕྲ་རབ་ལས་ཆ་དྲུག་ཏུ་རྣམ་པར་བརྟགས་པས་བསྒོམ་མོ།། དེ་ནས་བདག་ནི་ན་མཁའ
་ཞེས་མི་སྣང་བར་བྱས་ན་དེ་ལྟར་བདག་ཉིད་ཇི་སྲིད་བསྒོམས་པ་དེ་སྲིད་གྱི་བར་དུ་མི་སྣང་བར་འགྱུར་རོ།། ཡང་ན་ལག་པ་གཡོན་པའི་མཐིལ་དུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བསམས་ལ། དེའི་དབུས་སུ་བདག་ཉིད་འདུག་པར
་བསམ་མོ།། དེ་ནས་རྡོ་རྗེ་ཁུ་ཚུར་བཅིངས་ལ། ཁུ་ཚུར་དེ་ཇི་སྐད་བཤད་པའི་ཚུལ་གྱིས་ན་མཁའི་ཞེས་བསྒོམས་ན། ཇི་སྲིད་ཁུ་ཚུར་མ་བཤིག་པ་དེ་སྲིད་ཀྱི་བར་དུ་མི་སྣང་བར་འགྱུར་རོ།། རྡོ་རྗེ་དང་བ་པ་ཞེས་བྱ་བ་ནི་སྔ་མ
་བཞིན་ཏེ། བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ་ཟླ་བ་གཅིག་གམ་ལོ་གཅིག་གི་བར་དུ་ཇི་སྐད་བཤད་པའི་ཚུ་ལ་གྱིས་བདག་ཉིད་ཡང་བ་ཉིད་དུ་ལྷག་པར་མོས་པར་བྱའོ།། རྡོ་རྗེ་ཡིན་པར་བདག་བསྒོམས
་ན་ཞེས་བྱ་བ་ནི་བདག་ནི་རྡོ་རྗེ་སེམས་དྲཔའོ་ཞེས་བསྒོམ་མོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཟླ་བ་བཞི་འམ་ལོ་གཅིག་གི་མཐར་གནས་དེ་ན་འདུག་བཞིན་དུ་སྒྲུབ་པའི་དུས་སུ་ཁྲི་འམ་གཙུག་ལག་ཁང་གི་སྟེང་ངམ། རི་ལཱ་སོགས་པའི
་སྟེང་དུ་འདུག་པ་མཚན་ཟློག་ཐག་ཏུ་སྙིང་པོ་ཟློས་ཤིང་བསྒོམས་ན་འགྲུབ་པར་འགྱུར་ཏེ། ཇི་སྲིད་འདོད་པ་དེ་སྲིད་ཀྱི་བར་དུ་ན་མཁའ་ལ་འགྲོ་བར་འགྱུར་རོ།། རྡོ་རྗེ་འཛིན་ཅེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་སཾ་ཉེ་བར་མཚོན་པའི་རིག
་འཛིན་ནི་རྡོ་རྗེ་རིག་འཛིན་ནོ།། ཡང་ན་རྡོ་རྗེའི་ཕྱག་རྒྱ་གྲུབ་པའི་རེག་འཛིན་ཡིན་པས་ན་རྡོ་རྗེ་རིག་འཛིན་ནོ།། དེའི་དངོས་གྲུབ་ཉིད་ནི་གྷུ་བ་པའོ།། དེའི་ཕྱག་རྒྱ་ནི་རྣམ་པ་བཞི་སྟེ། ཕྱོག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི
་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་སོ།། གོང་གིས་དངོས་གྲུབ་ཕྱིན་ཅི་མ་ལོག་པར་འགྲུབ་པར་གྱུར་པ་དེའི་ཡེ་ཤེས་ནི་རྡོ་རྗེའི་རིག་འཛིན་གྱི་དངོས་གྲུབ་གྲུབ་པའི་ཕྱག་རྒྱའི་ཡེ་ཤེས་སོ།། ཟླ་བའི་དབྱིབས་ཤིག་བྲིས་ནས་ནི་ཞེས
་བྱི་བ་ལ་སོགས་པ་ལ། གོང་སུ་ཡང་རུང་བ་ཚུལ་འདི་ལྟ་བུས་རྡོ་རྗེ་རིག་པ་འཛིན་པ་ཉིད་འདོད་ན། དེས་ཚེས་བཅོ་ལྔའི་ཟླ་བའི་མདུན་དུ་སྣོད་ཆུས་བཀང་བ་བཞག་ལ། ཟླ་བའི་གཟུགས་ཀྱི་གཟུགས་བརྙན་ལོ་ཤིན་ཏུ་བརྟག་པར་བྱའོ།།
་དེའི་མཚན་མ་ཡང་ལེགས་པར་ཡིད་ལ་བྱའོ།། དེ་ནས་བྱ་བ་ཐམས་ཅད་སྤངས་ཏེ། ས་ཕྱོགས་དབེན་པར་སྐྱིལ་མོ་ཀྲུང་བཅས་ཏེ། ལུས་དྲང་པོར་བསྲངས་ནས་ལྕེ་རྐན་ལ་བཅར་ཏེ། དབང་པོ་བསྡམས་ཤིང་བློ་བདེ་བས་སྣང་བའི
་ཕྱོགས་སུ་ཇི་ལྟར་མཐོང་བའི་ཟླ་བའི་དཀྱིལ་འཁོར་ཁྲུ་བཞི་པ་ཙམ་དུ་གཟུགས་དེ་བཞག་ལ་བསྒོམ་པར་བྱའོ།། ཉིན་རེ་ཞིང་ཡང་ཇི་སྲིད་ཟླ་བ་མ་ཟད་པ་དེ་སྲིད་སྔར་བཤད་པའི་སྣོད་ཀྱི་མཚན་མ་ཡིད་ལ་གཟུང་ནས
་བསྒོམ་པར་བྱའོ།། ཡང་ཚེས་བཅོ་ལྔའི་མཚན་མ་ཡིད་ལ་གཟུང་ལ། དེ་ལྟར་ཇི་སྲིད་གཡོ་བ་འམ་སྣང་བ་འམ། འོད་ཟེར་གྱི་མཚན་མོ་བྱུང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་སེམས་བརྟན་པར་གྱུར་པ་དང་མདུན་དུ་བྲིས་པའི་ཟླ
་བའི་དཀྱིལ་འཁོར་ལྟ་བུ་དེ་མེད་པར་བྱས་ལ། མདུན་དུ་ཟླ་བའི་དཀྱིལ་འཁོར་ཁྲུ་གང་ཙམ་པ་བསམས་ལ། ཇི་སྲིད་དུ་རེག་པའི་མ་ཚན་མ་བྱུང་གི་བར་དུ་བསྒོམ་པར་བྱའོ།། དེ་ནས་སྤྲོ་བར་བྱས་ཏེ། ནས་ཙམ་དང་། ནས་གཉིས་ཙམ་དང་།
་སོར་གཅིག་ཙམ་དང་སོར་གཉིས་ཙམ་དང་། སོར་བཞི་ཙམ་དང་། སོར་བརྒྱད་ཙམ་དང་། དེ་ནས་ཁྲུ་གང་ཙམ་གྱི་བར་དུ་སྤྲོས་ལ། ཇི་ལྟར་སྤྲོས་པ་དེ་བཞིན་དུ་བསྡུ་བར་བྱའོ།། དེ་ནས་ཡང་ཟླ་བའི་དཀྱིལ་འཁོར་དེ་ཉིད་སོར་གཅིག་ཙམ་གྱི
་ཚད་དུས་བཞི་ནས་འཕགས་པ་བསྒོམ་པར་བྱའོ།། དེ་ནས་སོར་གཉིས་དང་སོར་གསུམ་དང་སོར་བཞི་དང་སོར་བརྒྱད་དང་། དེ་ནས་ཁྲུ་གང་ཙམ་དུ་རིམ་གྱིས་བསྒོམ་ཞིང་། དེའི་འོག་ཏུ་སྒྲུབ་པ་ལ་འཇུག་པར་བྱ་སྟེ། ཟླ་བའི་དཀྱིལ
་འཁོར་གྱི་སྟེང་དུ་བདག་ཉིད་གནས་པར་བསྒོམས་ལ། ལག་ན་རྡོ་རྗེ་ལ་སོགས་པ་ཕྱག་རྒྱ་ཡོད་པར་རབ་ཏུ་བསྒོམ་ཞིང་། ཟླ་བའི་དཀྱིལ་འཁོར་གྱི་འོག་ནས་རླུང་གིས་བཏེག་ཅིང་གང་དུ་འདོད་པ་དེར་ཁྱེར་བར་བསམས་ན། དེ་ལྟ་བུས
་ནི་རྡོ་རྗེ་རིག་འཛིན་ལ་སོགས་པ་འགྲུབ་པར་འགྱུར་རོ།། བདག་ཉིད་དག་པ་ཞེས་བྱ་བ་ནི་བསྒོམ་པ་དག་པ་བདག་ཉིད་དག་པར་ཤེས་པར་བྱའོ།། རིག་འཛིན་གོ་འཕང་ཞེས་བྱ་བ་ནི་རིག་འཛིན་ཉིད་དེ། རྡོ་རྗེ་ཅན་ཞེས་བྱ་བ་བཅོམ་ལྡན་འདས་འཇིག
་རྟེན་དབང་ཕྱུག་སྦྱིན་པར་བྱེད་ཅེས་བྱ་བའི་དོན་ཏོ།། རྡོ་རྗེ་ཐམས་ཅད་པའི་ཏིང་ངེ་འཛིན་གྱིས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ། ལས་ཀྱི་རྡོ་རྗེ་ལག་ན་གནས་པར་བསྒོམ་མོ།། དེ་ཡང་རྡོ་རྗེ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས
་རྡོ་རྗེ་ཐམས་ཅད་དོ།། དེ་འཛིན་པར་བྱེད་པས་ན་རྡོ་རྗེ་ཐམས་ཅད་འཛིན་པ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ལས་སོ།། རྩེ་མོ་ཐམས་ཅད་པའི་རྡོ་རྗེས་ཉེ་བར་མཚོན་པའི་རིག་པ་འཛིན་པ་ནི་རིག་འཛིན་ཀུན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད
་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔར་རྣམས་གཟུང་ངོ་།། དེ་རྣམས་དང་འབྲེལ་བའི་དངོས་གྲུབ་དམ་པ་གང་ཡིན་པ་དེ་གྲུབ་པ་ནི་ཐོབ་པའོ།། དེའི་ཕྱག་རྒྱུ་ནི་བནི་སྟེ་དེའི་ཡེ་ཤེས་སོ།། དེ་ལྟ་བུའི་ཕྱག་རྒྱ་གང་ཡིན་པ་བསྒོམས་བས
་འདོད་པ་བཞིན་དུ་འགྲུབ་པར་འགྱུར་རོ།། དངོས་གྲུབ་དེ་དག་ནི་གི་བཟློག་པའི་ཚུལ་གྱིས་གནས་ཏེ། དང་པོ་ནི་ལས་ཀྱི་རིགས་སུ་གཏོགས་པ་ཡིན་པས་དེའི་ཕྱིར། རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ
་རྗེ་ཀུན་གྱི་རྩེ་གསུམ་པ་ཁ་བཞི་པ་སྟེ། དེ་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔའི་རིམ་པས་རྒྱ་ཆེར་ཡང་དག་པར་བསམ་མོ།། ནམ་མཁའི་ཁམས་སུ་ཞེས་བྱ་བ་འདིས་ནི་སྤྲོ་བ་སྟོན་ཏོ།། ཡང་དག་པར་བསམ་པས་ན
་བསམས་པ་སྟེ། རང་གི་ངོ་བོ་ཉིད་ཀྱང་བསམས་ལ། ལས་ཀྱི་རྡོ་རྗེའི་འོད་ཟེར་རྣམས་ལས་དེ་བཞིན་གཤེགས་པའི་སྐུ་བྱུང་སྟེ། རྫོགས་པར་བྱས་པར་བསམས་ལ་སྣ་ཚོགས་པའི་གཟུགས་དང་། ཡང་བ
་ཉིད་དུ་བསམས་ཏེ་འོག་ནས་འདོད་བཞིན་དུ་རྒྱུ་བའི་རླུང་གིས་གཏོགས་པར་བསམས་ན། ཇི་སྲིད་འདོད་པ་དེ་སྦྲིད་ཀྱི་བར་དུ་ལྡིང་བར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། ཀུན་ནས་དག་ཅེས་བྱ་བ་འདི་ནི་ཆོས་ཀྱི་རིགས་དང་འབྲེལ
་པའི་དངོས་གྲུབ་སྟོན་ཏེ། ཀུན་ལས་དག་པ་ནརྀ་བཅོམ་ལྡན་འདས་ཀྱི་དོན་དམ་པའི་ཆོས་ཡིན་ལ། ཡུལ་དེ་ལ་དམིགས་པའི་སེམས་ནི་བསྒོམ་པའི་སེམས་ཏེ། ཀུན་ལས་དག་པའི་ཏིང་ངེ་འཛིན་ཅེས་བཤད་དོ།། བསྒོམ་པ་ནི
་བསྒོམ་པར་བྱེད་པའོ།། བླ་མེད་ཅེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་ལ་སོགས་པ་དང་འབྲེལ་པའི་མངོན་པར་ཤེས་པ་ལྔའོ།། དེ་ཡང་ལྷའི་མིག་དང་། ལྷའི་རྣ་བ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ
་དྲན་པཱ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་རྣམས་ཏེ། མངོན་པར་ཤེས་པ་ལྔ་པོ་འདི་དག་གང་ཡེ་ཤེས་སྒྲུབ་པར་འདོད་པས་མྱུར་བ་ཉིད་དུ་ཐོབ་པར་འགྱུར་རོ།། རྡོ་རྗེ་སེམས་དཔའ་འདྲ་བར་ནི་ཞེས་བྱ་བ་ལ་སོགས་པ་ནི་རིན
་པོ་ཆེའི་རིགས་ཀྱི་སྒོ་ནས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རིན་པོ་ཆེའི་རིགས་ལ་དངོས་སུ་མ་སྨོས་མོད་ཀྱི། འོན་ཀྱང་འདི་དག་ཐམས་ཅད་ནི་དེ་ཡོངསུ་གྱུར་པ་ཡིན་པས་ན། འདིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན
་བསྟན་པ་ཡིན་ནོ།། དེ་ཡང་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ཀྱི་རང་བཞིན་ནི་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད་ཡིན་ལ། དངོས་པོ་འབའ་ཞིག་ཏུ་མ་ཟད་ཀྱི། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ན་མཁའ་ཡང་ཅུང་ཟད་མ་ཁྱབ
་པར་མེད་པ་ཉིད་ཡིན་ནོ།། དེ་ལྟར་བསྒོམ་ནི་དྲན་པ་བརྟན་ལྡན་ཞེས་བྱ་སྟེ། བསྒོམ་པ་བརྟན་པའི་འདུས་བྱས་པ་དང་ལྡན་པའོ།། དེ་ལྟར་སྤྲོ་བ་དང་སྡུད་པར་བྱེད་པ་དང་ལྡན་པའི་རྣལ་འབྱོར་པས་ནི་རྡོ་རྗེ་འཛིན་པ་ཉིད་མྱུར་བ་ཐོབ
་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། །། ད་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་སྒོ་ནས་དངོས་གྲུབ་ཀྱི་མཆོག་གི་ལུང་དབོག་པ་སྟོན་ཏེ། སེམས་སོ་སོར་རྟོག་པ་ལ་སོགས་པའི་རིམ་གྱིས་བདག་ཉིད་སངས་རྒྱས་ཀྱི
་གཟུགས་སུ་སྐྱེད་ལ། གཟུགས་དེ་ཡང་ཇི་སྲིད་བརྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ།། དེ་ནས་གཉིས་པ་མདུན་དང་གཡས་དང་གཡོན་དང་། རྒྱབ་དང་། དེ་ནས་རིམ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་དུ་སངས
་རྒྱས་ཀྱི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་གང་བར་བསམ་པར་བྱའོ།། དེ་ལྟར་ན་སངས་རྒྱས་ཀྱི་ཏིང་ངེ་འཛིན་གྱིས་ཐམས་ཅད་དུ་ཁྱབ་པས་སངས་རྒྱས་ཉིད་དུ་ཡང་འགྲུབ་པར་འགྱུར་རོ།། ཞེས་གསུངས་པ་ཡིན་ནོ།། ཇི་སྐད་བཤད
་པའི་ཏིང་ངེ་འཛིན་རྣམས་ལ་སྔོན་དུ་བསྙེན་པ་དང་སྒྲུབ་པའི་ཚེ་ན་རང་རང་གི་སྙིང་པོ་འདི་རྣམས་ཡིན་ནོ།། ཐམས་ཅད་ཀྱི་དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་ན་ཇི་སྐད་དུ་བཤད་པའི་དངོས་གྲུབ་ཀྱི་རབ་ཏུ་བྱེད་པའི
་མཇུག་སྡུད་པ་ཡིན་ནོ།། དེ་ལྟར་ཕྱིས་བསྒྲུབ་པར་བྱ་བའི་འབྲས་བུ་ནི་སྔར་བསྙེན་པ་དང་སྒྲུབ་པ་ལ་རག་ལས་པར་བསྟན་ནས། ད་ནི་བསྒོམ་པ་ཙམ་ལ་རག་ལས་པའི་ཉེ་བའི་འབྲས་བུའི་གསང་ཞིང་སྦ
་བའི་ངོ་བོ་ཉིད་སྟོན་པར་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་ཐུབ་ཡིན་པས་ཞེས་བྱ་བ་ནི་གང་གསང་བར་བྱ་བའི་དོན་སྲོག་གི་ཕྱིར་ཡང་སུ་ལ་ཡང་མི་སྨྲ་བ་སྟེ། དེ་ལྟ་བུའི་བརྟན་པ་དང་ལྡན་པའི་སེམས
་ནི་གསང་ཐུབ་པ་ཞེས་བྱའོ།། དེ་ལ་དང་པོར་མོནའི་སྙིང་པོར་བ་སྟེ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏེ། དེ་ལྟ་བུའི་སེམས་ཅན་ལ་ཡང་གྱ་ཆོམ་དུ་བསྟན་པར་མི་བྱ་སྟེ། མནའ་ཡང་བསྒྲགསས་ཏེ་བསྟན་པར་བའོ།། མནའི་སྙིང་པོ་བྱིན
་ནས་ཀྱང་སླར་ཡང་འདའ་བར་མི་བྱ་བའི་དམ་བསྒོའོ།། འདའ་བ་ནི་ཉེས་པ་སྟེ་གསང་བའི་དོན་སྨྲས་པར་གྱུར་ནའོ།། གནོད་པ་མ་སྤངས་པས་ཞེས་བྱ་བ་ནི་གང་ཞིག་སྨྲས་པས་འཆི་བའི་རྒྱུར་གྱུར་པ་འདི་ལྟོ་སྟེ། མེར་འཇུག་པ་དང་།
་གཡང་དུ་ལྷུང་བ་དང་དུག་ཟ་བ་དང་། མཚོན་གྱིས་འདེབས་པ་སྟེ། དེ་ལྟ་བུ་ལ་སོགས་པ་གནོད་པ་དེ་རྣམས་མ་སྦྱངས་པས། ཅི་ནུས་ཀྱང་སྡུག་བསྔལ་དང་ཕྱད་པའི་རྒྱུར་གདོན་མི་ཟ་བར་འགྱུར་རོ།། དེ་བཞིན་དུ་འདིར་ཡང
་མནའ་ལས་འདས་ན་ངེས་པར་སྡུག་བསྔལ་དང་ཕྲད་པར་འགྱུར་བའོ།། རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ།། དེ་འབོབས་པས་ན་རྡོ་རྗེ་དབབ་པའོ།། དེ་བསྐྱེད་པས་ནི་རྡོ་རྗེ་སེམས་དཔའི་རྣལ་འབྱོར
་བྱས་ཏེ། བསྒྲུབ་པར་བྱ་བ་ལ་ཞུགས་ནས། ཞུགས་པའི་རྗེས་ཐོགས་ལ་རྡོ་རྗེ་ཐལ་མོ་བཅིངས་ནས་ལུས་ལ་བར་མཚམས་མེད་པར་ཁྱབ་པར་བྱས་ཏེ། རྡོ་རྗེ་ཐལ་མོ་བརྡབ་པར་བྱའོ།། མཉམ་པར་བཞག་པ་ཞེས་བྱ་བ་འདིས
་ནི་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ།། ཐལ་མོ་ཞེས་བྱ་བ་ནི་སྔོ་མོ་མི་དབྱེ་བར་བྱ་བའི་དོན་ཏོ།། ཐལ་མོ་ཇི་ལྷོར་བརྡ་བོ་པར་བྱ་ཞེས་ན། དེའི་ཕྱིར་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། བགས་ཀྱིས
་ཞེས་བྱ་བའི་དོན་ཏོ།། རི་བོ་ཡང་ནི་དབང་དུ་འགྱུར་ཞེས་བྱ་བ་ནི་སྦྱོར་བའི་མཐུ་སྟོན་པ་ཡིན་ཏེ། སྦྱོར་བ་འདིས་ནི་སེམས་མེད་པའི་རྡོའི་ཕུང་པོ་ཡང་དབང་དུ་འགྱུར་ན། སེམས་དང་ལྡན་པ་རྣམ་སོ་ལྟ་མོས་ཀྱང་ཅི་དགོས་ཞེས
་བྱ་བའི་དོན་ཏོ།། ཇི་སྐད་པའི་རྡོ་རྗེ་དབབ་པ་ནི་སྦྱོར་བའི་བཞི་ཆར་ལ་ཡང་སྦྱར་བར་བལྟ་བར་བྱའོ།། རྡོ་རྗེ་བསྡམས་པའི་ངོས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་གོང་མ་ཉིད་དེ་བཞིན་དུ་མ་བཤིག་པར་ལག་པ་གཉིས་ཀྱི་མཐིལ
་གྱིས་སྙིང་གར་བརྡབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྷག་མ་རྣམས་ནི་འདྲའོ།། རྡོ་རྗེ་དབབ་པ་ཞེས་བྱ་བ་ནི་སྔ་མ་བཞིན་ཏེ། རྡོ་རྗེ་བསྡོམས་པ་སྙིང་གེར་བརྐྱང་ལ། སོར་མོ་ཐམས་ཅད་བརྡབ་པར་བྱའོ།། རྩེ་མོ་ཞེས་བྱ་བ་ནི
་མཚོན་པ་ཙམ་དུ་ཟད་དེ། སོར་མོ་ཐམས་ཅད་ཀྱང་འདིར་བརྡབ་པར་བྱའོ།། མཉམ་བརྡབས་ནས་ཞེས་བྱ་བ་ནི་ཅིག་ཅར་དུ་བརྡེབ་པ་སྟེ། བུད་མེད་ལ་སོར་མོ་བརྡེབས་པའི་ཚུལ་དུ་བྱའོ།། ཕྲ་མོ་དབབ་པའི་ཆོ་ག་བྱས་ཞེས
་བྱ་བ་ནི་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་བསྒོམ་པ་ལ་གོམས་པར་བྱས་པའོ།། འདིར་ནི་རྡོ་རྗེ་ཕྲ་མོའི་རྣལ་འབྱོར་བསྟན་གྱི་ལྷ་དབབ་པ་ནི་མ་བསྟན་ལ། དེ་བཞིན་དུ་གོང་དུ་ནི་ལྷ་དབབ་པ་ནི་བསྟན་ལ། རྡོ་རྗེ་ཕྲ་མོ།
་བསྒོམ་པ་ནི་མ་བསྟན་མོད་ཀྱི། འདིར་རྡོ་རྗེ་ཕྲ་མོ་བསྒོམ་པ་ཇི་ལྟ་བ་དེ་བཞིན་དུ་སྔ་མ་རྣམས་ལ་ཡང་ཤེས་པར་བྱ་ལ། ཇི་ལྟར་དེར་ལྷ་དབབ་པ་དེ་བཞིན་དུ་འདིར་ཡང་ལྷ་དབབ་པ་བལྟ་བར་བྱ་སྟེ། དེ་བཞིན་དུ་ཞུགས་ནས་ལུས
་ཐམས་ཅད་བཀང་ལ། གང་སྡུག་བསྔལ་གང་གིས་གཟིར་བ་དེའི་སྡུག་བསྔལ་དེ་བཛྲ་ཧེ་ར་ཞེས་བྱ་བའི་སྙིང་པོ་བརྗོད་ནས། སོར་མོ་ཐམས་ཅད་མཉམ་གཞག་ཅིང་ཞེས་བྱ་བ་སོར་མོ་ཐམས་ཅད་ཤིན་ཏུ་བསྡམས་ལ་རྡོ་རྗེ
་བསྡམས་ལ་སྙིང་གའི་གནས་སུ་དགྲོལ་བར་བྱའོ།། ཞུགས་ནས་དྭགོས་པ་འདི་དག་བྱའོ་ཞེས་གསུངས་ན། དེ་ལ་བུ་ག་མང་དུ་ཡོད་པས། གང་ནས་ཞུགས་པ་མི་ཤེས་པས་དེའི་ཕྱིར་བུ་གའི་ནང་དུ་ཞེས་བྱེ་བ་གསུངས
་ཏེཧཱུཾ་སྐྱེས་པ་དང་བུད་མེད་ཀྱི་བྷ་ག་ལ་བུ་གུ་ཞེས་བྱའོ།། དེ་སྐད་དུ་སྤྱིར་སྨོས་མོད་ཀྱི། འོན་ཀྱང་བུད་མེད་དང་། སྐྱེས་པའི་དབང་པོ་ཡིན་པར་གཟུང་བར་བྱའོ།། དེ་ཡང་བུ་ག་ཤིན་ཏུ་ཆུང་བླ་ལུས་ཆུད་པ་མི་སྲིད་དོ་ཞེ་ན།
་དེའི་ཕྱིར་ཡིད་ཀྱིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབབ་པ་བསྐྱེད་པར་བྱའོ་ཞེས་གསུངས་པས། དེའི་ཕྱིར་རྡོ་རྗེ་འབེབས་པའི་ཡིད་རང་གི་ལྷའི་ཕྱག་རྒྱ་ཆེན་པོར་སྣང་བས་སོ།། ཅི་ཞུགས་ནས་ཕྱོགས་གཅིག་ཏུ་གནས
་བཱར་བྱ་རམ་ནེནྡྲ། མ་སྦྱིན་ཏེ། འོ་ན་ཇི་ལྟ་བུ་ཞེ་མ། དེའི་ལུས་ཀུ་ཁྱབ་པར་བསྡུམ་ཞེས་བྱ་བ་གསུངས་ཏེ་དབང་པོ་ཐམས་ཅད་ཁྱབ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། གང་ཞིག་ཇི་སྐད་དུ་བཤད་པའི་ལས་འདི་རྣམས་བྱེད་པར
་འདོད་ན་དེས་དཀྱིལ་འཁོར་དུ་ཞུགས་ལ། སློབ་དཔོན་ལ་སྦྱོར་བ་འདི་རྣམས་དཀྱིལ་འཁོར་དུ་མནོད་པར་བྱ་ཞིང་སྙིང་པོ་ཡང་གཟུང་བར་བྱའོ།། དེ་ནས་ཟླ་བ་བཞིའི་བར་དུ་འཇུག་པ་དང་སྤྲོ་བ་བསྒོམ་མོ།། དེ་ནས་མཚན་ཐོག
་ཐག་སྙིང་པོ་བརྗོད་ཅིང་བསྒོམས་ཏེ། བསྒྲུབས་ལ་ཕྱིས་ལས་བྱའོ།། ལས་བྱེད་པའི་ཚེ་ན་ཡང་ཐོག་མ་ཉིད་དུ་རང་གི་ལྷའི་རྣལ་འབྱོར་བྱས་ལ། སྙིང་པོ་སྟོང་རྩ་བརྒྱད་ཟླས་བརྗོད་བྱའོ།། དེ་ནས་སངས་རྒྱས་ཀྱི་བདེདུན་པ
་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པས་བདག་གི་ལུས་འདི་གྲུབ་པར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབས་བསྐུལ་ལ། དེ་ནས་ལས་རྣམས་བརྩམ་པར་བྱའོ།།
་རྣམ་པ་ཐམས་ཅད་དུ་དམ་ཚིག་བསྲུང་བ་ལ་འབད་པར་བྱ་སྟེ། དེས་ན་ངེས་པར་སྒྲིབ་པ་མེད་པར་འགྲུབ་པར་འགྱུར་རོ།། ། དཀྱིལ་འཁོར་གྱི་ལས་གང་བསྟན་པ་དེ་རྣམས་ནི་ཕྱག་རྒྱ་བཞིའི་སྦྱོར་བས
་བྱའོ་ཞེས་ནི་གསུངས་ན། ཕྱག་རྒྱ་དེ་རྣམས་མ་གསུངས་ཏེ། དེ་བས་ན་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་སོ།། སྙིང་པོ་བྱིན་ལ་རང་གི་རིགས་ཀྱི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས
་བསླབ་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་ལ། དེ་ལ་དང་པོ་ཁོ་ནར་རང་གི་རིགས་ནི་དེ་བཞིན་གཤེགས་པའི་རིགས་ལ་སོགས་པའོ།། དེར་ལྷ་ནི་དེ་བཞིན་གཤེགས་པ་ལ་སོགས་པའོ།། དེ་རྣམས
་ཀྱི་ཕྱག་རྒྱ་བཞི་ནི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་སོ།། དེའི་ཡེ་ཤེས་ཡིན་པས་ན་རང་གི་རིགས་ཀྱི་ལྷའི་ཕྱག་རྒྱ་བཞིའི་ཡེ་ཤེས་སོ།། བསླབ་པ་ནི་མན
་ངག་བསྟན་པར་བྱའོ།། ཇི་ལྟར་དཔོག་པ་དེ་བསྟན་པར་བྱ་བའི་ཕྱིར། ཆོ་ག་འདི་སྐད་དུ་ཞེས་བྱ་བ་གསུངས་སོ།། ཆོ་ག་དེ་གང་ཡིན་ཞེ་ན། དེའི་ཕྱིར་ཁྱོད་ཀྱིས་བསྟན་པར་མ་བྱེད་ཅིག་ཅེས་པའོ།། ཅི་ཐམས་ཅད་ལ་བསྙད་པར་མི་བྱ་འ
་ཞེ་ན། སྨྲས་པ་མ་ཡིན་ཏེ། གཞན་སུ་ཡང་རུང་བ་ལ་མ་སྨྲ་ཞིག་པའོ།། སུ་ཞིག་ཅེ་ན། གཞན་པ་ནི་མུ་སྟེགས་པ་རྣམས་སོ།། ཅི་བསྟན་པ་འདི་ལ་ཞུགས་པ་ལ་ཡང་མི་སྨྲ་འམ་ཞེ་ན། དེ་ཡང་ཕྱག་རྒྱ་ལ་མི་མཁས་པ་ལ་མི
་བསྟན་པ་སྟེ། ཕྱག་རྒྱ་འདི་རྣམས་ལ་མཁས་ན་ཞེས་བྱ་བའི་དོན་ཏོ།། ལ་ལ་ནི་ཕྱག་རྒྱ་ལ་མི་མཁས་པ་ནི་མངོན་པར་མི་ཤེས་པའོ་ཞེས་ཟེར་ཏཱཾ། གལ་ཏེ་ཕྱག་རྒྱ་མི་ཤེས་པ་ལ་མི་བསྟན་ནུ་དེ་ལྟ་ན་ནཱི་སུ་ལ་ཡང་བསྟན
་པར་མེ་བྱ་བར་འགྱུར་ཏེ། དང་པོ་ནི་ཐམས་ཅད་ཀྱང་ཕྱག་རྒྱ་མི་ཤེས་པ་ཡིན་ནོ།། དེ་བས་ན་ཕྱག་རྒྱ་ལ་མི་མཁས་པ་ཞེས་བྱ་བ་ནི་དམ་ཚིག་མི་ཤེས་པ་ཞེས་བྱ་བའི་དོན་ཏོ།། འདི་སྐད་སྟོན་ཏོ།། དཀྱིལ་འཁོར་དུ་འཇུག
་པའི་ཚེ་སེམས་དཔའ་རྡོ་རྗེ་མཱའི་ཕྱག་རྒྱ་བཅིངས་པས་ན། དམ་ཚིག་ཐོབ་པར་གྱུར་པ་ཡིན་ཏེ། ཞུགས་ནས་སྦྱང་བ་བྱས་པ་དེའི་ཚེ་རྡོ་རྗེ་སློབ་དཔོན་གྱིས་རྡོ་རྗེ་སློབ་མ་ལ་ཕྱག་རྒྱ་སྟོན་པ་ཡིན་ནོ།། དེ་བས་ན་དམ་ཚིག་ཐོབ་པར་མ་གྱུར
་པ་དེ་ནི་ཕྱག་རྒྱ་རྣམས་ལ་མི་མཁས་པ་ཡིན་ཏེ། དེ་ལ་བསྟན་པར་མི་བྱའོ།། ཕྱག་རྒྱ་ཐམས་ཅད་བསྟན་པར་མི་བྱ་བ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱག་རྒྱ་གཅིག་ཙམ་ཡང་བསྟན་པར་མི་བྱའོ།། མ་བསྟན་ཅིག་ཅེས་ནི་གསུངས
་ན། བསྟོན་ན་ཉེས་པ་ཅི་ཞིག་ཡོད་ཅེས་འདྲི་ན། དེ་ཅིའི་ཕྱིར་ཞེ་ན། ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནི་འདི་ལྟར་ཞེས་བྱ་བ་ལ་སོགས་པས་ཉེས་པ་གང་ཡིན་པ་དེ་རྒྱས་པར་སྟོན་ཏོ།། དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ཞེས
་བྱ་བ་འདིས་ནི་དམ་ཚིག་མི་ཤེས་པ་ཉིད་དུ་སྟོན་ཏོ།། ཕྱག་རྒྱ་བཅིང་བར་བྱེད་ན་ཞེས་བྱ་བ་ནི་ཕྱག་རྒྱ་འཆིང་བར་བྱེད་ན་ཞེས་བྱའོ།། དེ་ནས་དེ་དག་དམ་ཚིག་མ་ཐོབ་པ་དང་། རྡོ་རྗེ་ཕྲ་མོ་མ་བསྒོམས་པས་དེ་ལྟར་འགྲུབ
་པར་མི་འགྱུར་ཏེ། དེ་རྣམས་གསང་སྔགས་སྤྱོད་པའི་ཚུལ་ལ་ཐེ་ཚོམ་སྐྱེ་བར་འགྱུར་གྱི་བདག་ཅག་ནི་རྣལ་འབྱོར་འདིའི་ཆོ་ག་དང་མི་ལྡན་པ་ཡིན་ནོ་ཞེས་རང་གི་ཉེས་པ་མཐོང་བར་མི་འགྱུར་རོ།། དེ་ལྟ་བས་ན་དེ་རྣམས
་གནོད་པ་མ་སྤངས་པས་ཞེས་བྱ་བ་སྟེ། གནོད་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བཀའ་ལས་འདས་པའོ།། དེ་མ་སྤངས་པས་ན་ཚེ་འདིར་མྱུར་བ་ཉིད་དུ་འཆི་བར་འགྱུར་ཏེ། ཚེ་ཟད་ཅེས་བྱ་བའི་དོན་ཏོ།། གཞན
་དུ་ན་ངན་འགྲོར་ལྟུང་བར་འགྱུར་རོ་ཞེས་པའོ།། ཁྱོད་ཉིད་ཅེས་བྱ་བ་ནི་དམ་ཚིག་མི་ཤེས་པ་ལ་ཕྱག་རྒྱ་སྟོན་པར་བྱེད་པ་ཁྱོད་དོ།། ཆོ་ག་འདི་སྐད་ཅེས་བྱ་བས་ཕྱག་རྒྱ་བསྟན་པར་བྱའོ་ཞེས་ཇི
་སྐད་གསུངས་པ་བཤད་ཟིན་ནས། ད་ནི་ཕྱག་རྒྱ་བསྟན་པར་བྱའོ།། དེ་ལ་རོ་ཞིག་དྲང་པོ་ཉིད་དུ་ཕྱག་རྒྱ་ཐམས་ཅད་ཀྱི་གཞིར་གྱུར་པ་ཡིན་པས་ན་ཕྱག་རྒྱ་ཆེན་པོ་བཤད་པར་བྱ་སྟེ། དེ་བས་ན་དེ་ནི་དེ་བཞིན་གཤེགས་པ
་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཟུང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་སེམས་དཔའ་ཡང་ཡིན་པས
་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་དཔའོ།། དེ་རྣམས་ཀྱི་སྒྲུབ་པ་ནི་མངོན་པར་འདོད་པའི་དོན་སྩོལ་བར་མཛད་པའོ།། དེ་ཡང་ཕྱག་རྒྱ་རྣམས་མེད་ན་མི་འབྱུང་ལ། ཕྱག་རྒྱ་དེ་རྣམས་ཀྱང་རྣམ་པ་མང་བས་དེ་ལ
་ཁྱད་པར་དུ་བྱ་བའི་ཕྱིར་ཕྱག་རྒྱ་ཆེན་པོ་ཞེས་གསུངས་པ་ཡིན་ཏེ། དེའི་ཡེ་ཤེས་སོ།། དེ་ལ་དང་པོ་ཁོ་ནར་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པར་བཤད་དེ། སྔར་བཤད་པའི་ཆོ་གས་གནས་ཇི་ལྟ་བ་བཞིན་དུ
་འདུག་ལ། འདི་དག་ཐམས་ཅད་ནི་སེམས་ཙམ་མོ་ཞེས་ཤེས་པ་ནི་སེམས་རྟོགས་པ་སྟེ། འདིས་ནི་སེམས་སོ་སོར་རྟོགས་པའི་མཚན་ཉིད་མངོན་པར་བྱང་ཆུབ་པའི་སྔགས་དང་པོ་སྟོན་པ་ཡིན་ནོ།། དེ་ནས་བརྩམས་ཏེ
་སྔགས་ལྔ་པའི་བར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དུ་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ལ། དེ་ནས་རྡོ་རྗེ་ཉི་མའི་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། ལྷག་པའི་ཐད་ཀར་འོད་ཀྱི་དཀྱིལ་འཁོར་བསམ་མོ།།
་དྲིདེ་ཡང་མུན་པ་ཐམས་ཅད་ཞི་བར་བྱེད་པའི་མཚན་ཉིད་ཉི་མའི་དཀྱིལ་འཁོར་བསྒོམ་སྟེ། མཚན་མོ་ཡང་ཉིན་མོ་ཇི་ལྟོ་བ་བཞིན། མུན་པ་ལ་ཡང་ཉི་མའི་དཀྱིལ་འཁོར་བཞིན་དུ་སྣང་བར་གྱུར་བར་བསམ་པར་བྱའོ།། ཉི་མའི
་འོད་ཟེར་གྱི་སྣང་བ་དེ་ཡང་ཇི་སྲིད་ནོ་མཁའི་ཁམས་ཀྱི་བར་དུ་སྤྲོ་བར་བྱ་ཞིང་། བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་ཡང་བསྒོམ་ཞིང་། རྡོ་རྗེ་དབྱིངས་ཀྱི་སྔགས་བརྗོད་པར་བྱ་སྟེ། འདི་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན
་བློའི་ཡེ་ཤེས་སོ།། གྲུབ་མུ་ཐག་ཏུ་ཞེས་བྱ་བ་ནི་ཕྱག་རྒྱ་ལ་དབང་ཐོབ་མ་ཐག་ཏུ་ཞེས་བྱ་བའི་དོན་ཏོ།། འདི་ཡིས་ནཱི་ཞེས་བྱ་བ་ནི་བཤད་མ་ཐོག་པའི་ཕྱག་རྒྱས་སོ།། ཡེ་ཤེས་ནི་དུས་གསུམ་ལ་ཐོགས་པ་མེད་ཅིང
་སྒྲིབ་པ་མེད་པའོ།། ཚེ་ནི་རིང་བར་འགྱུར་བའོ།། སྟོབས་ནི་ལུས་ཀྱི་སྟེ། གང་གི་སེམས་ཅན་ཐམས་ཅད་ཀྱིས་མི་ཐུབ་པོར་འགྱུར་བའོ།། ན་ཆོད་ནི་ལོ་བོ་རྒྱུ་པ་ཡང་ལོ་བཅུ་དྲུག་པ་ལྟ་བུར་འགྱུར་བའོ།། གཞན་ཡང
་ཀུན་ཏུ་འགྲུབ་པ་ཉིད་རྣམས་འཐོབ་ཅེས་བྱ་བ་དང་། སངས་རྒྱས་ཀྱི་ཕྱག་རྒྱ་གྲུབ་པས་འཚང་རྒྱ་བ་ཉིད་ཀྱང་འཐོབ་པའོ།། འདི་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་རྫོགས་པ་ཉིད་ཀྱི་ཚེ་ན་ཡང་རྣལ་འབྱོར་ལ
་གོམས་པའི་སྟོབས་ཀྱིས། སངས་རྒྱས་ཀྱི་སྐུའི་ཕྱག་རྒྱའི་གཟུགས་བསྒྲུབས་པ་ཙམ་གྱིས་འབྲས་བུ་བཤད་པ་ཡིན་ཏེ། གང་ཡང་ཤིན་ཏུ་རྙེད་པར་དཀའ་བའི་གཙོ་བོར་གྱུར་པའི་སངས་རྒྱས་ཉིད་དུ
་གྱུར་པ་དེ་ཡང་རྙེད་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བཤད་ཟིན་ནས། ད་ནི་འཁོར་ལོ་སྒྱུར་བའི་ཕྱག་རྒྱ་ཆེན་པོ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཇི
་རྗེ་བསྒྱིངས་པར་སེམས་བསྐྱེད་དེ་ཞེས་པ་ལྀ། རྡོ་རྗེ་བསྒྱིངས་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་སྟེ། དེར་སྔགས་པའི་ལུས་བསྐྱེད་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་ཡང་སྒྱུར་པ་ཙ་མཽ་འབའ་ཞིག་ཏུ་ཟད་པ་མ་ཡིན་གྱི།
་གཞན་ཡང་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའ་ནི་བདག་ཡིན་པར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་བསྒོམ་པའོ།། བསྒྱིངས་བཅས་རྡོ་རྗེ་གསོར་བྱེད་ན་ཞེངས་བྱ་བ་ལ། བསྒྱིངས་པ་ནི་གཡོན་པའི་རྡོ་རྗེ་ཁུ
་ཚུར་སྟ་ཟུར་དུ་འཇོག་པའོ་ཞེས་བཤད་པ་སྟེ། བསྙེམས་པ་དང་བཅས་པས་ན་བསྒྱིངས་བཅས་སོ།། དེ་གང་ཡིན་ཞེ་ན། རྡོ་རྗེ་ཞེས་བྱ་བ་སྟེ། ལོག་པ་གཡས་པ་ན་གནས་པའི་རྩེ་ལྔ་པོ་ལ་ནི་བསྒྱིངས་བཅས་རྡོ་རྗེ་ཞེས་བྱའོ།། དེ
་གསོར་བ་ནི་རྣམ་པ་གཉིས་ཏེ། ས་ཡོངས་སུ་གཟུང་བ་ལ་སོགས་པའི་དུས་སུ་དབུས་ནས་བཟུང་ནས་ཡང་ནས་ཡང་དུ་འཕེན་ཙོང་འཛིན་པར་བྱེད་པའི་གསོར་བ་དང་། མཉམ་པར་གནས་པས་འདུག་པའི་དུས་སུ་རང་གི།
་སྙིང་གར་བསྟོད་པའི་ཚུལ་གྱིས་འཇོག་པའི་གསོར་བའོ།། དེ་ལྟར་བསྒྱིངས་པ་དང་བཅས་པའི་རྡོ་རྗེ་གསོར་བ་དེ་ཡང་དང་པོར་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས་སོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒྲུབས་ནས།
་ད་ནི་དངོས་གྲུབ་དེའི་འབྲས་བུ་སྟོན་ཏེ། ཀུན་ཏུ་འགྲོ་བ་ནི་འཇིག་རྟེན་གྱི་ཁམས་གཞན་དུ་འགྲོ་བའི་ཕྱིར་རོ།། དེ་བཞིན་དུ་འདོད་པ་ཀུན་བདག་ཅེས་བྱ་བ་སྟེ། འདོད་པའི་ཁམས་ཐམས་ཅད་ཀྱི་བདག་པོ་ནི་འདོད་པ་ཀུན
་བདག་སྟེ་བདག་པོར་གྱུར་པའོ།། འདི་ལ་བདེ་བ་ཡོད་པས་ན་བདེ་བ་ཅན་ཏེ། འདིས་ནི་ནད་མེད་པ་ཉིད་སྟོན་ཏོ།། རྫུ་འཕྲུལ་ནི་འབྱོར་པའོ།། ཚ་ནཱི་རིང་དུ་འཚོ་བའོ།། སྟོབས་ནི་ལུས་ཀྱི་སྟི་རི་འཕེན་པ་ལ་སོགས་པའོ།། གཟུགས།།
་ནི་མཚན་ལ་སོགས་པས་བརྒྱན་པའོ།། མཆོག་ནི་འདི་རྣམས་ཀྱིས་མཆོག་ཏུ་གྱུར་པ་སྟེ། རྫུ་འཕྲུལ་ཚེ་སྟོབས་གཟུགས་མཆོག་རྣམས་ཀྱིས་ཏེ། དེ་ལྟེ་བས་ན་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་བསྔགས
་པ་རྡོ་རྗེ་སེམས་དཔའ་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་དང་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཤད་ཟིན་ནས། སེམས་དཔའ་ལྷག་མོ་རྣམས་ཀྱི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ
་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཞེས་བྱ་བ་ལ་སོགས་པོས་འདྲེས་གཅིག་ཏུ་བསྒྲེས་པ་ཡིན་ནོ།། འདི་སྐད་སྟོན་ཏེ། བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ནས། སེམས་དཔའ་གང་དང་གང་གིས་ཕྱག་རྒྱ་གང་དང་གང་ཡིན་པ་དེ
་དང་དེ་བཟུང་བ་འམ། ལག་པར་བསྒོམས་ཏེ་གང་དང་གང་གིས་ལས་ཀྱི་ཕྱག་རྒྱ་གང་དང་གང་ཡིན་པ་དེ་དང་དེའི་ཚུལ་དུ་བསྒྱུར་ཏེ་གནས་ལ། དེ་དང་དེའི་གཟུགས་སུ་བདག་ཉིད་བསམ་ཞིང་། གོས་དང་རྒྱན་དྲང
་བཅས་པའི་དཀྱིལ་འཁོར་ཇི་ལྟར་མཐོང་བའི་དེ་དང་དེ་བཞིན་དུ་བདག་བསམ་ལ། སེམས་དཔའ་དེ་དང་དེ་ལྟ་བུའི་སྐུ་གསུང་ཐུགས་རྡོ་རྗེ་དང་བདག་ཐ་མི་དད་པར་བསྒོམ་མོ།། མཚན་མ་ནི་གོས་དང་རྒྱན་ལ་སོགས་པའོ།། ཕྱག་རྒྱ་ནི
་རྣམ་པ་བཞིའོ།། དེ་རྣམས་དང་ལྡན་པ་ནི་དེ་དང་བཅས་པའོ།། སེམས་དཔའ་ཆེན་པོ་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པའོ།། བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། །། བཤད
་མ་ཐག་པའི་གཞུང་གི་ཕྱག་རྒྱ་བསྒྲུབ་པ་ཅུང་ཞིག་ནི་བཤད་ལ། ཅུང་ཞིག་ནི་མ་བཤད་དེ། ཅི་ཞིག་བཤད་ཅེ་ན། ཕྱག་རྒྱ་ཆེན་པོ་སྒྲུབ་པ་ནི་བཤད་ལ། བྱིན་གྱིས་བརླབས་པ་ལ་སོགས་པ་དང་། རང་གི་ལྷ་གཞུག་པ་ནི་མ་བཤད
་དོ།། དེ་བས་ན་མ་བཤད་པར་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ།། རྟོག་ཀུན་གྱི་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་དང
་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའོ།། སྒྲུབ་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཡོངས་སུ་རྫོགས་པར་བསྒྲུབ་པ་སྟེ། བྱ་བའི་ཚོགས་ཇི་སྙེད་ཀྱིས་ཕྱག་རྒྱ་ཆེན་པོའི་ལས་མཐར་ཕྱིན་པར་ནུས་པ་འདི་ནི་བསྒྲུབ་པ་ཞེས
་བྱའོ།། དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོ་རྫོགས་པའོ།། གྲུབ་ཅིང་རྫོགས་པ་རྣམས་ཀྱི་ལས་ཆེན་པོ་རྣམས་ནི། ཕྱག་རྒྱ་གང་དང་གང་གི་ལས་གང་དང་གང་ཡིན་པ་དཀྱིལ་འཁོར་དུ་གསུངས་པ་དེ་ནི་ལས་ཆེན་པོ་ཞེས་བཤད་དེ། དེ
་བཤད་པར་བྱ་ཞེས་བྱ་བ་ནི་རབ་ཏུ་རྣམ་པར་ཕྱེ་སྟེ་བསྟན་པར་བྱའོ།། ཞེས་བྱའོ།། ཅིག་ཅར་དུ་འམ་ཞེ་ན། མ་ཡིན་ནོ།། འོ་ན་ཇི་ལྟར་ཞེ་ན། གོ་རིམས་བཞིན་དུ་བྱ་བ་སྟེ། རིམ་གྱིས་ཞེས་བྱ་བའི་དོན་ཏོ།། སྒྲུབ་པ་དང་ནི་དངོས་གྲུབ་དང་།།
་གྲུབ་པ་རྣམས་ཀྱི་ལས་ཆེན་རྣམས།། གོ་རིམ་བཞིན་དུ་བཤད་པར་བྱ་ཞེས་གསུངས་པས་ན། ཇི་ལྟར་བསྟན་པར་མཛད་པ་དེ་བཞིན་དུ་བཤད་པ་མཛད་པར་རིགས་ཏེ། དེའི་ཕྱིར་དང་པོར་རེ་ཞིག་སྒྲུབ་པ་བཤད་པར་བྱ་བའི་ཕྱིར
་དང་པོར་ཉིན་རེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་ཐོག་མར་རོ།། ཉིན་རེ་ཞེས་བྱ་བ་ནི་ཉི་མ་རེ་རེ་ཞིང་ངོ་།། གང་ལས་ཤེས་ན། ལས་ཀྱི་མཐའ་ལས་ཏེ། དུས་བཞིན་དུ་ཞེས་བྱ་བ་ནི་རྒྱུད་ཕྱི་མ་ལས་དུས་བཞིར
་བྱ་བའི་དུས་ངེས་པ་འོག་ནས་གསུངས་ཏེ་འདི་ནི་དུས་ངེས་པ་ཡིན་ནོ།། དུས་མ་ངེས་པ་ཡང་ཡོད་དེ། ལུས་ཕྲན་ཚེགས་ལ་སོགས་པ་ཅུང་ཟད་བྱེད་པར་འདོད་པ་འདི་ཡང་དུས་ཡིན་ནོ།། རང་ལ་བྱིན་གྱིས་བརླབས་པ་ལ
་སོགས་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབ་པ་ལ་སོགས་པ་སྟེ། བྱིན་གྱིས་བརླབ་པ་ལ་སོགས་པ་ནི་རྒྱུད་ཕྱི་མ་ལས། ཕྱིས་འཆང་ལ་ཅུང་ཟོང་ནི་འདི་ཉིད་ནས་ཀྱང་སྟོན་ཏོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་དབང་བསྐུར་བ་ལ
་སོགས་པ་བསྡུའོ།། བྱས་ནས་ཞེས་བྱ་བ་ནི་བྱིན་གྱིས་བརླབ་པ་ལ་སོགས་པ་འོག་ནས་ཇི་སྐད་བཤད་པའི་ཆོ་ག་ངེས་བྱས་པའོ།། ནུས་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བ་སྟེ། བྱིན་གྱིས་བརླབ་པ
་ལ་སོགས་པ་བྱས་ནས་བྱ་བ་ཉིད་ཡིན་གྱི། མ་བྱས་པ་ཉིད་དུ་མ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། ཐམས་ཅད་ཅེས་བྱ་བ་ནི་ཡོངས་སུ་རྫོགས་པའོ།། པོ་སྒྲུབ་བྱ་སྟེ་ཞེས་བྱ་བ་ནི་རྫོགས་པར་བྱ་བའོ།། དེའི་འོག་ཏུ་ཅི་དགའ་ཞེས་བྱ་བ
་ནི་འདི་སྐད་སྟོན་ཏེ། ཕྱག་རྒྱ་བསྒྲུབ་སྟེ་རྫོགས་ནས་དཀྱིལ་འཁོར་གྱི་ལས་སམ། རྗེས་སུ་དྲན་པ་འམ་བསྒྲུབ་པ་འམ། ལས་ཕྲན་ཚེགས་དང་། དེ་དག་ལས་ལས་གང་འདོད་པ་དེ་བྱའོ།། ཞེས་བྱ་བའི་དོན་ཏོ།། བྱིན་གྱིས་བརླབ
་པ་ལ་སོགས་པ་བྱས་ནས་བསྒྲུབ་པར་བྱའོ་ཞེས་ནི་གསུངས་ན། དེ་ཇི་ལྟར་བསྒྲུབ་པར་བྱ་བ་མ་གསུངས་པས་དེ་ལ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་པ་ཡིན་པ་ཡིན་ཏེ། རྡོ་རྗེ་དབབ་པ་བྱས་ནས་ནི་ཞེས་བྱ་བ་ནི་རྡོ་རྗེ་དབབ་པའི
་ཕྱག་རྒྱ་བཅིངས་ལ་རྡོ་རྗེ་དབབ་པའི་སྙིང་པོ་བརྗོད་པར་བྱ་བ་དང་། ཕྱག་རྒྱ་ཆེན་པོ་བཅིང་བར་བྱ་བའོ།། ཇི་ལྟར་བཅིང་བ་བྱ་ཞེ་ན། བྱིན་གྱིས་བརླབ་པ་ལ་སོགས་པའི་རིམ་གྱིས་སོ།། གང་གི་ཚེ་བཅིང་ཞེ་ན། བཤང་མ་ཐག
་བའི་རྡོ་རྗེ་དབབ་པའི་སྔ་རོལ་ཏུ་ཕྱག་རྒྱའི་ལྷ་དེ་ཡོངས་སུ་གཟུང་བར་བྱ་སྟེ། དེ་བས་ན་དེའི་མདུན་ཕྱོགས་སུ་སེམས་དཔའ་ཆེན་པོ་དེ་བསྒོམ་མོ། ཞེས་བྱ་བ་གསུངས་ཏེ། མདུན་ཕྱོགས་སུ་ཞེས་བྱ་བ་ནི་མདུན་གྱི་དྲང་ཐང
་དུའོ།། སེམས་དཔའ་ཆེན་པོ་དེ་ཞེས་བྱ་བ་ནི་གང་གི་ལྷ་གང་ཡིན་པ་དེ་མདུན་དུ་བསྒོམ་ཞིང་ཡེ་ཤེས་ཀྱིས་བཞག་གོ།། ཞེས་བྱ་བའི་དོན་ཏོ།། ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ནི་ཡེ་ཤེས་ཀྱིས་བཞག་པའི་སེམས་དཔའ་ནི་ཡེ
་ཤེས་སེམས་དཔའོ།། དེ་མཐོང་ནས་ཞེས་བྱ་བ་ལ་དེ་ཞེས་བྱ་བ་ནི་གང་བཞག་པའོ།། མཐོང་ནས་ཞེས་བྱ་བ་ནི་མིག་གིས་མཐོང་བ་བཞིན་དུ་ཡིད་ཀྱིས་གསལ་བར་བྱས་པ་སྟེ། དེ་རང་གི་ལུས་སུ་བསྒོམ་པར་བྱ་ཞེས་བྱ་བ
་བཅུག་ནས་རབ་ཏུ་བསྒོམ་པ་ནི་བསྒོམ་པར་བྱ་ཞེས་བྱ་བའོ།། ཇི་ལྟར་བཅུག་ནས་བསྒོམ་ཞེ་ན། བཀུག་ཅིང་བཅུག་ལ་བཅིང་བ་དང་། དབང་དུ་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། ཕྱག་རྒྱ་བཞི་དང་སྔགས་ཀྱི་ཚིག་བཞིས་བྱའོ།། དབང
་དུ་བྱཱ་སྟེ་ཞེས་བྱ་བ་མཉེས་པར་བྱ་བའོ།། སྒྲུབ་པ་ནི་རང་གི་ལྷའི་རྣལ་འབྱོར་རྫོགས་པར་བྱས་པའོ།། དེ་ལ་ཞེས་བྱ་བ་ནི་གནས་སྐབས་སོ།། དེ་ལྟ་བུ་འདིར་རྡོ་རྗེ་དབབ་པར་བྱའོ།། ཞེས་གསུངས་པ་དེ་ལ་རྡོ་རྗེ་དབབ་པའི་སྙིང་པོ་ནི་རྒྱུད
་ལས་ཇི་སྐད་གསུངས་པའོ།། དེའི་འོག་མིན་རྗེས་སུ་དྲན་པའི་སྙིང་པོའོ།། དེའི་འོག་ཏུ་དགུག་པ་དང་གཞུག་པ་དང་། བཅིང་བ་དང་དབང་དུ་བྱ་བའི་སྙིང་པོ་རྣམས་ནི་རྒྱུད་ལས་ཇི་སྐད་གསུངས་པ་རྣམས་སོ།། ཕྱག་རྒྱ་བ་ཞི་པོ
་ཆོ་ག་བཞིན། བཅིངས་ནས་ཞེས་གསུངས་པའི་ཕྱག་རྒྱ་ཆེན་པོ་དེ་ཡང་བྱིན་གྱིས་རློབ་པ་ལ་སོགས་པས་རང་གི་ལུས་ལ་བསྒྲུབས་ལ། དེ་ནས་དེ་དབབ་པ་ལ་སོགས་པས་རང་གི་ལྷ་གཞུག་པའི་མཚན་ཉིད་དུ་ཡོངསུ
་གཟུང་བ་ཡང་གསུངས་ན། དེའི་འོད་ཀྱི་དཀྱིལ་འཁོར་བསྒྲུབ་པ་མ་གསུངས་ཤིང་། དེ་ཡང་དུས་གང་གི་ཚེ་ཞེས་བྱ་བ་མི་ཤེས་ཏེ། དེ་བས་ན་དེའི་དུས་བསྟན་པར་བྱ་བའི་ཕྱིར། ས་མ་ཡསྟྭཾ་ཞེས
་བརྗོད་པས་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འདི་སྐད་སྟོན་ཏེ། དུས་གང་གི་ཚེ་ད་མ་ཚིག་གི་ཕྱག་རྒྱ་འཆིང་བའི་དུས་དེ་ཉིད་ཀྱི་ཚེ་འོད་ཀྱི་དཀྱིལ་འཁོར་བསམ་པར་བྱའོ།། དེ་ཇི་ལྟར་བསམ་པར་བྱ་ཞེ་ན། དེའི་ཕྱིར
་དམ་ཚིག་གི་ཕྱག་རྒྱ་བཅིངས་པ་སྔགས་བརྗོད་པ་དེ་ཉིད་ཀྱི་ཚེ་རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས་ཅི་ཞིག་བྱ་ཞེས་ཡིད་གཉིས་སུ་གྱུར་ན། དེའི་ཕྱིར་དེ་བདག་སེམས་དཔའི་ལུས་སུ་བསྒོམ་ཞེས་བྱ་བ
་གསུངས་ཏེ། དེར་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་དར་རོ།། བདག་ཅེས་བྱ་བ་འདིས་ནི་རྣམ་པར་སྨིན་པ་ལས་བྱུང་བའི་ལུས་དང་སྦྱར་རོ།། སེམས་དཔའི་ལུས་སུ་བསྒོམ་ཞེས་བྱ་བ་ནི་ཡེ་ཤེས་དབབ་པའི་ཚེ། ཡེ
་ཤེས་ཀྱི་སེམས་དཔའི་གཟུགས་སུ་བསམས་པ་གང་ཡིན་དེ་ལ་སེམས་དཔའ་ཞེས་བྱའོ།། འདི་སྐད་སྟོན་ཏེ། ཡེ་ཤེས་དབབ་པའི་ཆུ་ཉིད་ན་བདག་ཏུ་བསྒོམ་ཞིང་ཡེ་ཤེས་སེམས་དཔའི་གཟུགས་ཀྱང་དེར་ལྷག་པར་མོས
་པས་གཞག་པའི་སེམས་དཔའི་གཟུགས་ཀྱི་བདག་ཏེ། ཟླ་བའི་དཀྱིལ་འཁོར་དེ་ལ་རྒྱབ་བརྟེན་པར་བསྒོམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། དེ་དང་ཐ་མི་དད་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱག་རྒྱ་དང་ཡང་ཐ་མི་དད་པར
་སྟོན་ཏོ།། ཇི་ལྟར་ཕྱག་རྒྱ་དག་མི་དད་པ་ཡིན་ཞེ་ན། གང་གི་ཕྱིར་རང་གི་ངོ་བོ་ཉིད་རྣམ་པར་བསྒོམས་ཏེ། སེམས་ཙམ་དུ་བཞག་ལ་སེམས་ཙམ་དེ་ཡང་ཟླ་བའི་དཀྱིལ་འཁོར་ལྟ་བུར་བཤད་དེ། དེ་བརྟེན་པར་བྱ་བའི་ཕྱིར་ཡང
་དེ་ཡེ་ཤེས་ཀྱི་རྡོ་རྗེ་རྩི་ལྔ་པ་གཞག་པ་འདི་ནི་དམ་ཚིག་ཡིན་ཏེ། ཐེག་པ་ཆེན་པོ་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་ཀྱི་སྐུར་བསྒྲུབས་པ་ཡིན་ནོ།། གང་གི་ཕྱིར་རྡོ་རྗེ་བསྡམས་པོས་ནི་ཟླ
་བའི་དཀྱིལ་འཁོར་སྟོན་པ་ཡིན་ལ། སོར་མོ་གཉིས་བསྒྲེང་པས་ནི་རྡོ་རྗེར་བསྟན་ཏེ། ཡེ་ཤེས་ཀྱི་རྡོ་རྗེ་དེ་ཡང་རྡོ་རྗེ་སེམས་དཔར་ལྷག་པར་མོས་པར་བྱས་པ་ཡིན་ནོ།། དེ་བས་ན་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་དང་། ཡེ་ཤེས
་སེམས་དཔའ་ནི་ཁྱད་པར་མེད་དོ།། དེའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་འཆིང་བའི་ཚེ་ཉིད་ནི་དམ་ཚིག་གི་སྔགས་བརྗོད་ལ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་བྱ་བ་ཁྱོད་ནི་བདག་པོ་ཞེས་བྱ་བ་འདི་བསྟན་པ་ཡིན་ནོ།། འདི་སྐད་ཟེར་ཏེ། ཁྱོད་གང
་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་ཁྱོད་ཡིན་ནོ།། དེ་ལྟ་བས་ན་ཕྱག་རྒྱའི་ལྷ་ངེས་སྒྲུབ་པ་པོ་དེའི་བསམས་པའི་དོན་རྣམས་རང་གི་བྱ་བ་བཞིན་དུ་ཐམས་ཅད་སྒྲུབ་པར་བྱེད་དོ།། དེའི་ཕྱིར་ཐ་མི་དད་པར་ལྷག་པར
་མོས་པའི་འབྲས་བུ་ནི་འདི་ཡིན་ནོ།། དེ་ལྟར་རེ་ཤིག་ཕྱག་རྒྱ་དང་ཐ་མི་དད་པ་ལ་སོགས་པར་ལྷག་པར་མོས་པའི་སྤྱིའི་བཤད་ནས། རྡོ་རྗེ་སེམས་དཔའ་དང་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་འབའ་ཞིག་ཐ་མི་དད་པར་ཟད་ཀྱི།
་གཞན་དག་དང་ནི་མ་ཡིན་ནོ་ཞེས་སུ་ཡང་འཁྲུལ་པར་མ་གྱུར་ཅིག་སྙམ་དུ་དགོངས་ཏེ། དེ་བས་ན་ཐེ་ཚོམ་དེ་གསལ་བར་བྱ་བའི་ཕྱིར། སེམས་དཔའ་གང་གི་ཕྱག་རྒྱ་གང་ཞེས་བྱ་བ་ལ་སོགས
་གསུངས་སོ།། སེམས་དཔའ་གང་གི་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སེམས་དཔའ་གང་གི་ཕྱག་རྒྱ་གང་ཞེ་ན་བྱ་བ་ཕྱག་རྒྱ་ཆེན་པོ་གང་ཡིན་པོ་དེ། ཟླ་བའི་དཀྱིལ་འཁོར་དེ་ལ་བརྟེན་པར་བདག་ཉིད་བསྒོམ་པ་སྟེ། བདག
་ཉིད་དེ་ལྟ་བུའི་ཚུལ་དུ་བསྒོམ་པར་བྱའོ།། རྡོ་རྗེ་བཟླས་པས་ཞེས་བྱ་བ་ནི་ལྕེ་རྩེ་ཤིན་ཏུ་མི་བསྐུལ་ཞིང་། སོ་དང་མཆུ་གཉིས་སྦྱོར་ནས་ནི། ཞེས་བྱ་བ་ལ་སོགས་པ་འོག་ནས་བཤད་པ་སྟེ། ཕྱག་རྒྱ་ཆེན་པོ་བསྒྲུབ་པ་ལ་སྙིང་པོ་ཇི་སྙེད
་དགོས་པ་དེ་དག་ནི་རྡོ་རྗེ་འདས་པས་གདོན་པར་བྱའོ་ཞེས་སྟོན་ཏོ།། བསྒྲུབ་པར་བྱ་ཞེས་བྱ་བ་ནི་དེ་ལྟར་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། །། དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཕྱག་རྒྱ་ཆེན་པོ་སྒྲུབ་པ་བསྟན
་ནསད་ནི་དེ་བཞིན་དུ་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སྤྱིར་སྒོ་བ་སྟོན་ཏོ།། ཕྱག་རྒྱ་ཐམས་ཅད་ཀྱི་སྒྲུབ་པ་ཡིན་པོས་ན་ཕྱག་རྒྱ་ཐམས་ཅད་སྒྲུབ་པའོ།། དེ་ཡང་སེམས་དཔའ་གང་གི་ཕྱག་རྒྱ་གང་ཞེས་རབ་ཏུ་ཕྱེ་སྟེ
་བསྒྲུབས་པས་ན་རབ་ཏུ་སྒྲུབ་པ་སྟེ་རྫོགས་པར་བྱས་པའི་དོན་ཏོ།། དཀྱིལ་འཁོར་འདི་འབའ་ཞིག་ཏུ་མ་ཟད་ཀྱི། རྟོག་པ་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་རབ་ཏུ་སྒྲུབ་པའི་ཆོ་ག་འདི་ཉིད་ཡིན་ནོ།། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ
་དང་། རྡོ་རྗེ་སེམས་དཔའ་ཐ་མི་དད་པར་ནི་རིགས་ཀྱི། རྡོ་རྗེ་རྒྱལ་པོ་ལ་སོགས་པ་དང་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། དེ་དག་ཀྱང་དེ་ཉིད་ལས་གྲུབ་པ་ཡིན་ནོ།། གང་གི་ཕྱིར་འདི་དག་ཐམས་ཅད་རྡོ་རྗེ་སེམས་དཔའི་རང་བཞིན
་ཡིན་པས་ན། སེམས་དཔའ་ཆེན་པོ་འབའ་ཞིག་ཏུ་མ་ཟད་ཀྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱང་ཡིན་ཏེ། དེ་བས་ན་ཉེས་པ་མེད་དོ།། དེ་ཡང་ཕྱག་རྒྱ་ཆེན་པོ་སྒྲུབ་པའི་ཆོ་ག་འདི་ནི་མདོར་བསྡུས་པ་ཡིན་ཏེ། གང
་གི་ཕྱིར་གཞན་ཡང་སྒྲུབ་པ་ཆེན་པོ་ནི་ཞེས་སྨོས་པ་ཡིན་ནོ།། སྙིང་པོ་བཞི་བརྗོད་ལ་ལེགས་སོ་ཞེས་བྱ་བའི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས་པའི་ཚུལ་གྱིས། རང་གི་སྙིང་གར་དེ་བཞིན་གཤེགས་པ་ཐམས་ཅད་བཅུག
་པས་ན་དེའི་ཕྱིར་སྔ་མ་ནི་སྒྲུབ་པ་མདོར་བསྡུས་པ་ཡིན་པར་མངོན་ནོ།། འདི་སྐད་སྟོན་ཏེ། གང་ཕྱག་རྒྱ་རྒྱས་པར་བསྒྲུབ་པར་འདོད་པ་དེས་ཇི་སྐད་དུ་བཤད་པའི་སངས་རྒྱས་རང་གི་སྙིང་གར་གཞུག་པར་བྱའོ།། གང་གི་ཕྱིར་དང
་བོའི་རྣལ་འབྱོར་ལ་ནི་ཟླ་བའི་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་བྱང་ཆུབ་ཀྱི་སེམས་ཡིན་པར་གསུངས་པ་དང་། དེ་ལ་ནི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། དེ་ནས་སེམས་དཔའི་ང་རྒྱལ་བྱ་བ་དང་། དེར་ཡང་སངས་རྒྱས་རྣམས་གཞུག་པ་དང་། དེ
་ལ་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་སྒྲུབ་པ་དང་། སངས་རྒྱས་ཀྱི་ཕྱག་རྒྱ་ལས་སེམས་དཔའ་ཐམས་ཅད་ཀྱི་ཕྱག་སྒྲུབ་པའོ།། ཇི་ལྟར་ན་ཕྱག་རྒྱ་ལས་དེ་བཞིན་གཤེགས་པའི་སྐུ་རྣམས་བྱུང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་དེ་ཉིད
་ཀྱང་གཅིག་ཏུ་གྱུར་ནས། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་རྣམས་ཀྱི་གཟུགས་སུ་འགྱུར་ཏེ། དེ་ལྟར་སེམས་དཔའ་སྒྲུབ་པའི་ཕྱག་རྒྱ་དང་པོ་བསྟན་ནས། དེ་ལས་སྔགས་པ་གང
་རྒྱས་པར་སྒྲུབ་པར་འདོད་པ་དེས་བཛྲ་བནྡྷ་ཏྲཊ་ཅེས་བྱ་བ་བརྗོད་པས། དེའི་འོག་ཏུ་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིང་བར་བྱ་ཞིང་། རང་གི་སྙིང་པོ་ཡང་བརྗོད་དོ།། དེ་ཉིད་ཀྱི་ཚེ་ཡིད་ཀྱི་བདག་ཉིད་རྣམ་པར་བསྒོམ་ཞིང་སེམས་ཙམ
་ཉིད་དུ་བཞག་པར་བྱ་སྟེ། དེར་ཟླ་བའི་དཀྱིལ་འཁོར་དུ་ལྷག་པར་མོས་པར་བྱ་བ་དང་། དེ་ལ་ཡེ་ཤེས་ཀྱི་རྡོ་རྗེ་བསམ་པར་བྱ་བ་དང་། དེ་ལ་ཡང་ང་རྒྱལ་བསྐྱེད་པར་བྱ་བ་དང་། དེ་ཡང་ཇི་སྐད་དུ་བཤད་པའི་སངས་རྒྱས་གཞུག་པ
་དང་། སངས་རྒྱས་དེ་རྣམས་ཀྱང་སེམས་དཔའི་གཟུགས་སུ་ཡོངས་སུ་གྱུར་པར་ལྷག་པར་མོས་པར་བྱའོ།། དེ་ནས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། སངས་རྒྱས་གཞུག་པ་ཇི་སྐད་དུ་བཤད་པ་བཞིན་དུ་བྱ་བ་འདི
་ནི་ཆོ་ག་རྒྱས་པ་ཡིན་ནོ།། འདིར་ཡང་གལ་ཏེ་འདོད་ན་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དགོད་པ་ལ་སོགས་པ་བཞིན་དུ། ལྕགས་ཀྱུ་དགོད་པ་ལ་སོགས་པ་ཡང་བྱ་བ་དང་། དེ་ནས་ལྕགས་ཀྱུ་ལ་སོགས་པ་ལ་ང་རྒྱལ་བསྐྱེད་པ
་དང་། དེ་ནས་སངས་རྒྱས་བཅུག་སྟེ། རང་གི་སེམས་དཔར་ལྷག་པར་མོས་པར་བྱ་སྟེ། དེ་ལྟ་ན་ཡང་འགལ་བ་མེད་དོ།། ཡང་ན་རྡོ་རྗེ་ཉིད་ལས་རང་གི་སེམས་དཔ་མོས་པར་བྱ་བ་དེ་ལྟ་བུ་ཡང་ཉེས་པ་མེད་དོ།། དེ་ནས་དེའི
་འོག་ཏུ་དམ་ཚིག་གི་ཕྱག་རྒྱ་བཅིང་སཱ་ལ་ཁྱོད་ནི་བདག་གོ་ཞེས་མོས་པར་བྱའོ།། གལ་ཏེ་རྒྱས་པར་བྱེད་པར་མི་འདོད་ན་རྡོ་རྗེ་ཉིད་ལས་ང་རྒྱལ་བསྐྱེད་ལ། རང་གི་སེམས་དཔར་བསམ་པར་བྱའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ
་བཅིང་བར་བྱའོ།། དེ་ནས་བྱིན་གྱིས་བརླབ་པ་ལ་སོགས་པའི་ལས་བྱའོ།། དེ་ནས་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཕྱི་རོལ་གྱི་སེམས་དཔའ་བསམ་པར་བྱའོ།། དེ་ནས་དགུག་པ་ལ་སོགས་པའི་ལས་བྱ་སྟེ། འདིར་ཡང
་མདོར་བསྡུས་པ་ཡིན་ནོ།། བསྒྲུབ་པ་ཆེན་པོ་ལ་ཡང་ཕྱོགས་གཉིས་ཏེ། དང་པོར་སངས་རྒྱས་གཞུག་པ་མ་བྱས་པར་ཕྱག་རྒྱ་ཆེན་པོ་བསྐྱེད་ལ་བྱིན་གྱིས་བརླབས་པ་ལ་སོགས་པ་བྱས་ནས་ཕྱིས་རང་གི་སེམས་དཔའ
་གཞུག་པའི་ཚེ། རང་གི་སེམས་དཔའ་མ་བཅུག་པ་ཉིད་དུ་ཇི་སྐད་དུ་བཤད་པའི་ཚུལ་གྱིས་ཕྱག་རྒྱ་ཐམས་ཅད་བྱིན་གྱིས་རློབ་པར་མཛད་པས་སངས་རྒྱས་ཐམས་ཅད་གཞུག་གོ།། དེ་བས་ན་སངས་རྒྱས་ཚད་མེད་པ་བཅུག་པའི་ཕྱིར།
་སྒྲུབ་པ་ཆེན་པོ་ཞེས་བཤད་དོ།། འདི་ནི་རྟོག་པ་ཐམས་ཅད་དང་རྒྱུད་ཐམས་ཅད་ལ་ཡང་ཕྱག་རྒྱ་ཆེན་པོར་སྒྲུབ་པའི་ཆོ་གར་གསུངས་པ་ཡིན་ནོ།། གང་ཡང་སྔར་སྒྲུབ་པ་བཤད་པར་བྱའོ་ཞེས་དམ་བཅས་པའི་སྒྲུབ་པ་དེ་ནི་འདི
་ཡིན་ནོ།། དངོས་གྲུབ་དང་ཞེས་གང་གསུངས་པ་ནི་གང་ཕྱག་རྒྱ་རྫོགས་པ་དེ་ནི་དངོས་གྲུབ་ཡིན་ནོ།། གྲུབ་པ་རྣམས་ཀྱིས་ལས་ཆེན་རྣམས་ཞེས་གང་དམ་བཅའ་བ་མཛད་པ་དེ་ནི། དེ་ནས་བླ་ན་མེད་པའི་རྡོ་རྗེ་ལས། དེ་དག་གི
་ནི་ལས་བཤང་དེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། རྡོ་རྗེའི་ལས་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་ལས་ཡིན་པ་འམ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཇི་སྐད་དུ་གསུངས་པའི་ལས་ཡིན་པ་འམ། ཡང་ན་རྡོ་རྗེ
་དབྱིངས་ཀྱི་ལས་གང་ཡིན་པ་དེ་རྡོ་རྗེའི་ལས་སོ།། ལས་དེ་ནི་ཐུན་མོང་དུ་གྱུར་པའི་བླ་ན་ཡོད་པ་དང་བཙོས་པའི་ལས་ཀྱང་གལ་ཏེ་ཁ་ཅིག་ཏུ་འབྱུང་སྲིད་པས་དེའི་ཕྱིར་བླ་མེད་ཅེས་གསུངས་པ་ཡིན་ནོ།། དེ་དག་གི་ནི་ཞེས་བྱ་བ་ནི
་ཕྱག་རྒྱ་ཆེན་པོའོ།། ལས་ཞེས་བྱ་བ་ནི་གང་དང་གང་གི་རང་གི་འབྲས་བུ་ནི་དེ་དང་དེའི་ལས་སོ།། ལས་དེ་གང་ཡིན་ཞེས་དྲིས་པ་ལས། བསྟན་པ་ཇི་ལྟ་བ་བཞིན་དུ་བཤད་པ་དེ་ལྟ་བུར་མཛད་པའི་ཚུལ་གྱིས་དང་པོ་སངས་རྒྱས་ཀྱི
་ཕྱག་རྒྱ་ཆེན་པོའི་ལས་སྟོན་པས་ན། དེའི་ཕྱིར་དེའི་ལས་དང་པོ་བསྟན་པ་ནི། སངས་རྒྱས་རྗེས་སུ་དྲན་སྒྲུབ་ན་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས
་ཤིང་གནས་ཡོངས་སུ་གྱུར་པའི་མཚན་ཉིད་ཅན་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་། དཔེ་བྱད་བཟང་པོ་བརྒྱད་ཅུས་ཡང་དག་པར་བརྒྱན་པ་འོད་འདོམ་གང་བ་ཀུན་ཏུ་འབར་བར་བྱེད་པའི
་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་མཚན་ཉིད་ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྫོགས་པར་བྱས་ནས། དེར་རྗེས་སུ་དྲན་པ་དང་། དེའི་ཡོན་ཏན་རྗེ་སུ་དྲན་པ་སྟེ། ཡང་དང་ཡང་དུ་གཅིག་ཏུ་བྱས་ནས་མང་པོར་བྱེད་པ་དང་། མང
་པོར་བྱས་ནས་གཅིག་ཏུ་བྱེད་པ་དང་། སངས་རྒྱས་ཀྱི་གཟུགས་སུ་བྱས་ནས་བྱང་ཆུབ་སེམས་དཔའི་གཟུགས་སུ་བྱེད་པ་དང་། བྱང་ཆུབ་སེམས་དཔའི་གཟུགས་སུ་བྱས་ནས་སླར་ཡང་སངས་རྒྱས་ཀྱི་གཟུགས་སུ་བྱེད་པ་སྟེ། དེ་ལྟར
་སངས་རྒྱས་ཀྱི་ཕྱག་རྒྱས་ཆེན་པོ་རྣམ་པ་དུ་མར་རྗེས་སུ་དྲན་པ་ནི་སངས་རྒྱས་རྗེས་སུ་དྲན་པའོ།། དེ་ཡང་དག་པ་གྲུབ་ཅིང་རྫོགས་པ་ནི། སངས་རྒྱས་རྗེ་སུ་དྲན་གྲུབ་ན་ཞེས་པའོ།། བྱ་བ་འདར་འབྲས་བུ་འདི་ཡིན་པར་བསྟན་པར་བྱ
་བའི་ཕྱིར། སངས་རྒྱས་ཉིད་དུ་མྱུར་དུ་འགྱུར་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་འདིའི་ལས་ནི་འདི་ལྟ་སྟེ། མྱུར་དུ་སངས་རྒྱས་ཉིད་སྦྱིན་པར་བྱེད་པ་ཡིན་ནོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་རྡོ་རྗེ་སེམས་མ་ལ
་སོགས་པ་ཕྱག་རྒྱ་བཞི་ནི་འཁོར་ཉིད་དུ་བསྟན་པ་ཡིན་ལ། དེ་བས་ན་འདི་རྣམས་ཀྱི་ཕྱག་རྒྱ་ཆེན་པོའི་དབུས་ན་བཞུགས་པའི་ཕྱིར་དང་། རིགས་ཀྱི་ཡུམ་ཡིན་པས་གཙོ་བོར་གྱུར་པ་ཡིན་ལ། གཙོ་བོར་གྱུར་པས་ན་དེ་བཞིན་གཤེགས
་པའི་ཕྱག་རྒྱ་ཆེན་པོའི་འོག་ཏུ་དེའི་ལས་སྟོན་ཏེ། འདི་རྣམས་ཀྱི་མཚན་ཉིད་ནི་འོག་ནས་འཆད་དོ།། སེམས་དཔའ་ནི་སེམས་སོ།། རྡོ་རྗེ་ནི་སྟོང་པ་ཉིད་ཀྱིས་ཡེ་ཤེས་ཀྱི་རྡོ་རྗེའོ།། དེ་བས་ན་སེམས་དཔའ་དང་རྡོ་རྗེའི་ངོ་བོ་ཉིད་ཡིན་པས་ན།
་སེམས་དཔའི་རྡོ་རྗེ་མའོ།། དེ་ཡང་དག་པར་གྲུབ་ན་ཕྱག་རྒྱ་ཀུན་གྱི་བདག་པོར་འགྱུར་ཞེས་བྱ་བ་སྟེ། ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོར་གྱུར་ཅིང་། དབང་བྱེད་པར་གྱུར་པས་ཕྱག་རྒྱ་ཀུན་གྱི་བདག་པོར་འགྱུར་བཔ་སྟེ། རྡོ་རྗེ་སེམས་དཔའ
་འགྱུར་ཞེས་བྱ་བའི་དོན་ཏོ།། རིན་པོ་ཆེ་ཉིད་མི་ཕྱེད་པས་ན་རྡོ་རྗེའོ།། དེའི་ངོ་བོ་ཉིད་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ།། རིན་ཆེན་རྡོ་རྗེ་མ་ཡོད་པ་འམ། ཡང་ན་རྒྱུར་གྱུར་པ་ཡང་དག་པར་གྲུབ་པར
་གྱུར་པ་དེས་ན་རིན་ཆེན་ཀུན་དབང་འགྱུར་ཞེས་བྱ་བ། རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་དབང་པོར་འགྱུར་ཞིང་བདག་པོར་གྱུར་པས་ན་རིན་ཆེན་ཀུན་དབང་འགྱུར་ཞེས་བྱ་སྟེ། རྡོ་རྗེ་རིན་ཆེན་དུ་འགྱུར་ཞེས་བྱ་བའི་དོན་ཏོ།། ཆོས་ཀྱི་རིགས
་ཀྱི་རྡོ་རྡོ་རྗེ་མ་ཡིན་པས་ན་ཆོས་ཀྱི་རྡོ་རྗེ་མའོ།། ཆོས་ཀྱི་བསམ་པ་ཉིད་ནི་མི་ཕྱེད་པས་ན་རྡོ་རྗེའོ།། དེ་སྟོན་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ཆོས་ཀྱི་རྡོ་རྗེ་མ་ཞེས་བཤད་དོ།། གྲུབ་པ་ནི་རྫོགས་པ་སྟེ་བསམ་པ་ཡོངས་སུ་རྫོགས་པའོ།། གང་གིས
་ཤེ་ན། ཆོས་ཀྱི་རྡོ་རྗེ་མས་སོ།། སངས་རྒྱས་རྣམས་ཀྱི་ཆོས་ཡིན་པས་ན་སངས་རྒྱས་ཆོས་དེ་འཛིན་པས་ན་སངས་རྒྱས་ཆོས་ནི་འཛིན་པར་འགྱུར་ཞེས་བྱ་བ་སྟེ། འཇིག་རྟེན་དབང་ཕྱུག་ཏུ་གྱུར་ཞེས་བྱ་བའི་དོན་ཏོ།། དགེ་བའི་སེམས
་ལ་ལས་ཞེས་བྱ་བའི་དོན་ཏོ།། དགེ་བའི་སེམས་ལ་ལས་ཞེས་བྱ་བའི་སྒྲར་བཤད་དེ། དེ་ནི་མི་ཕྱེད་པས་ན་རྡོ་རྗེའོ།། དེ་ངེས་པར་སྟོན་པའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ལས་ཀྱི་རྡོ་རྗེ་མིའི་ཕྱག་རྒྱའོ།། དེ་བཅིངས་ན་རྡོ་རྗེའི་ལས་ནི་བྱེད
་པར་འགྱུར་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ལས་ཇི་ལྟ་བ་བཞིན་དུ་ཐོགས་པ་མེད་པར་ལས་བྱེད་པར་འགྱུར་ཞེས་བྱ་བའི་དོན་ཏོ།། སེམས་དཔའ་ཕྱག་རྒྱ་བཅིངས་པ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས
་པའོ།། དེས་ཅི་ཞིག་འགྲུབ་ཅེ་ན། རྡོ་རྗེ་སེམས་དཔར་འགྲུབ་པར་འགྱུར་ཞེས་བྱ་བ་སྟེ། མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་དུ་འགྲུབ་པའོ།། རྡོ་རྗེ་འདྲེན་པ་ནི་བཅོམ་ལྡན
་འདས་རྡོ་རྗེ་རྒྱལ་པོའོ།། དེའི་ཆོ་ག་ནི་དེའི་ཕྱག་རྒྱ་རྫོགས་པར་བྱས་པ་སྟེ། རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་བཅིངས་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་འཛིན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། སྤྱན་འདྲེན་པ་ནི་འགུགས་པའོ།།
་རྡོ་རྗེའི་རང་བཞིན་གྱི་ཆགས་པ་ནི་རྡོ་རྗེ་འདོད་པ་སྟེ། བྱང་ཆུབ་སེམས་དཔའ་དེ་ནི་རྒྱུ་མེད་པར་ཡང་སེམས་ཅན་རྣམས་སྨིན་པ་དང་གྲོལ་བའི་མཚན་ཉིད་ཅན་གྱིས་ཚོགས་པས་སེམས་ཅན་རྣམས་ལ་ཆགས་པ་ཡིན་ལ། དེ་ནི
་སེམས་ཅན་རྣམས་ལོག་པར་སྒྲུབ་པ་མང་པོས་ཀྱང་དབྱེ་བར་མི་ནུས་པས་ན། རྡོ་རྗེའི་རང་བཞིན་ཅན་དུ་བཤད་དེ། རྡོ་རྗེ་ཆགས་པ་དེའི་ཕྱག་རྒྱ་ཆེན་པོ་ཡིན་པས་ན་རྡོ་རྗེ་འདོད་པའི་ཕྱག་རྒྱ་ཆེ་ཞེས་བྱའོ།། དེས་སངས་རྒྱས་དང
་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་བྱེད་པོ་སྟེ། དགྱེས་པར་བྱེད་ཅེས་བྱ་བའི་དོན་ཏོ།། སངས་རྒྱས་ཐམས་ཅད་དུ་གཏོགས་པ་ནི་རྡོ་རྗེ་ལེགས་པ་སྟེ། འདི་ཉིད་ཀྱི་རང་གི་ཕྱག་རྒྱའི་ཆོ་གས་སོ།། དེ་ཅི་ཞིག་བྱེད་ཅེ
་ནོ།། དགྱེས་པར་བྱེད་དོ།། སུ་ཞིག་དགྱེས་པར་བྱེད་ཅེ་ན། སངས་རྒྱས་ཐམས་ཅད་ཅེས་བྱ་བ་སྟེ། དེ་དག་དང་སེམས་ཅན་གཞན་རྣམས་ཀྱང་དགའ་བར་མཛད་པའོ།། །། རིན་ཆེན་ཕྱག་རྒྱའི་ཆོ་ག་ཡིས་ཞེས་བྱ་བ
་ནི་རིན་པོ་ཆེའི་ཕྱག་རྒྱ་འཆང་བས་ན་རིན་ཆེན་ཕྱག་རྒྱའི་ཆོ་ག་སྟེ། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་ཆེན་པོ་ཞེས་བྱ་བའི་དོན་ཏོ།། དེས་ཅི་ཞིག་བྱེད་ན། སངས་རྒྱས་དབང་བསྐུར་སྦྱིན་པར་བྱེད་ཅེས་བྱ་བ་སྟེ།
་སངས་རྒྱས་རྣམས་ཀྱི་དབང་བསྐུར་བ་ཡིན་པས་ན་སངས་རྒྱས་དབང་བསྐུར་ཏེ། དེ་སྦྱིན་པར་བྱེད་པའོ།། རྡོ་རྗེ་གཟི་བརྗིད་ཆོ་གས་ནི་ཞེས་བྱ་བས་ནི་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱ་ཆེན་པོས་སོ།། དེས་ཅིར་འགྱུར་ཞེ་ན། རྡོ་རྗེ་གཟི་བརྗིད
་མྱུར་དུ་འགྲུབ་པས་བྱ་བ་སྟེ། རྡོ་རྗེ་གཟི་བརྗིད་ནི་རྡོ་རྗེ་ཉི་མའོ།། དེ་ནི་རྡོ་རྗེའི་རང་བཞིན་ཅན་གྱི་གཟི་བརྗིད་མངའ་བས་ན་རྡོ་རྗེ་གཟི་བརྗིད་ཅེས་བྱ་སྟེ། དེ་གཞན་གྱིས་མི་བཟློག་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ་དཔལ་ཞེས་བྱ་བ་ལ
་དཔལ་ནི་མཚན་མ་ལོ་བྱ་སྟེ། རྡོ་རྗེའི་རང་བཞིན་ཅན་གྱི་དཔལ་ནི་རྡོ་རྗེའི་དཔལ་ལོ།། དེ་འཛིན་པས་ན་རྡོ་རྗེ་དཔལ་འཛིན་ནོ།། དེའི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་དེ་བསྟེན་པ་སྟེ་སྒོམ་པར་བྱེད་པའོ།། རེ་བ་རྣམས་ནི་ཡོངས་སུ་སྐོང་ཞེས
་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངསསུ་རྫོགས་པར་བྱེད་པ་སྟེ། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པའི་སོའི་ཕྲེང་བ་གཉིས་ཀྱིས་བཞད་པ་སྟོན་པས་ན་རྡོ་རྗེ
་བཞད་པ་སྟེ། དེའི་ཆོ་ག་ནི་ཕྱག་རྒྱ་ཆེན་པོ་གང་ཡིན་པ་སྟེ། དེའི་སྦྱོར་བ་བྱས་པས་སོ།། སངས་རྒྱས་ཀུན་དང་མཉམ་དུ་བཞད་ཅེས་བྱ་བ་སངས་རྒྱས་ཀུན་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་དག་གི་བཞད་པ་ནི་སེམས
་ཅན་རྣམས་ཀྱི་དོན་མཛད་པའི་ཕྱིར་ཅུང་ཟད་འཛུམ་པ་ཡིན་ལ། འདིའང་དེ་རྣམས་དང་མཉམ་ཞིང་མཚུངས་པར་འགྲོ་བའི་དོན་མཛད་པའི་རྒྱུར་ཅུང་ཟད་འཛུམ་པར་བྱེད་དོ།། འདི་སྐད་སྟོན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཐམས
་ཅད་འདུལ་བའི་དུས་མཁྱེན་ཅིང་། སེམས་ཅན་རྣམས་བསམ་པ་དང་བག་ལ་ཉལ་དང་ཁམས་དང་རང་བཞིན་མཁྱེན་ནས། འཛུམ་པ་ཡང་དག་པར་བསྟན་པས་སེམས་ཅན་རྣམས་ཆོས་ཞུ་བ་ལ་འཛུད་ཅིང་དམ་པའི་ཆོས་སྟོན་པས
་དོན་མཛད་པ་ཡིན་ནོ།། དེ་བཞིན་དུ་སྔགས་པ་དེ་ཡང་རྡོ་རྗེ་བཞད་པའི་ཕྱག་རྒྱ་ཆེན་པོར་བསྒོམས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དོ།། དེ་ལྟ་བས་ན་དེ་དང་དེ་བཞད་པ་མཉམ་ཞིང་མཚུངས་པ་ཡིན་ནོ།། རྡོ་རྗེའི་རང་བཞིན
་ཅན་གྱི་ཆོས་མངའ་བས་ན་རྡོ་རྗེ་ཆོས་དེ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཉིད་དོ།། དེ་གང་གིས་ཀྱང་གཞིག་པར་མི་ནུས་པས་ནི་རྡོ་རྗེའི་སྒྲར་གསུངས་ལ། ཆོས་དེ་གཙོ་བོར་བྱས་པས་ཚགས་ཡོངས་སུ་རྫོགས་པར་བྱས
་པའི་བྱང་ཆུབ་སེམས་དཔའ་དེ་ལ་ཡང་རྡོ་རྗེ་ཆོས་ཞེས་བྱ་སྟེ་སྤྱན་རས་གཟིགས་ཀྱི་དབང་པོའོ།། དེའི་ཕྱག་རྒྱ་ཆེན་པོ་དང་ལྡན་པས་ན་སྔགས་པ་འདི་ཡང་རྡོ་རྗེ་ཆོས་འཛིན་པར་འགྱུར་རོ།། རྡོ་རྗེ་རྣོན་པོ་ནི་བཅོམ་ལྡན་འདས
་འཇམ་དཔལ་ལོ།། དེའི་ཆོ་ག་ཡིས་ཏེ་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཞེས་བྱ་བའི་དོན་ཏོ།། དེས་ཅིར་འགྱུར་ཞེ་ན། སངས་རྒྱས་ཀུན་གྱི་ཤེས་རབ་མཆོག་ཅེས་བྱ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོ།
་དུ་ཤེས་རབ་ཅེས་བྱ་བ་ཆོས་རབ་ཏུ་རྣམ་པར་འབྱེད་པའི་མཚན་ཉིད་དོ།། ཤེས་རབ་དེས་མཆོག་ཏུ་གྱུར་པས་ན་ཤེས་རབ་མཆོག་ཏུ་འགྱུར་བའོ།། རྡོ་རྗེ་མཚན་པའི་འཁོར་ལོ་ནི་རྡོ་རྗེ་འཁོར་ལོ་སྟེ། དེ་འཆང་ཞིང
་འཛིན་པར་བྱེད་པས་ན་རྡོ་རྗེ་འཁོར་ལོ་འཛིན་པའོ།། དེ་བསྟེན་པ་ནི་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་ནས་སྔགས་པ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཏེ། ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་འཁོར་ལོ་འཛིན་པ། ཆོས་ཀྱི་འཁོར་ལོ
་བསྐོར་བར་མཛད་པ་དེ་བཞིན་དུ། སྔགས་པ་དེས་ཀྱང་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་ན། དེ་བཞིན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ། ཞེས་བྱ་བའི་དོན་ཏོ།། ཆོས་ཀྱི་འཁོར་ལོ་ནི་སྔགས་སྤྱོད་པའི་ཚུལ་གྱིས་དཀྱིལ
་འཁོར་ལ་སོགས་པའོ།། རྡོ་རྗེ་གསུང་བ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྨྲ་བ་སྟེ། དེའི་ཕྱག་རྒྱ་ཆེན་པོའི་ཆོ་གས་སྔགས་པ་སངས་རྒྱས་ཀྱི་གསུང་གྲུབ་པའོ།། སངས་རྒྱས་རྣམས་ཀྱི་གསུང་ཡིན་པས་ན
་སངས་རྒྱས་གསུང་སྟེ། གང་འདུལ་བྱ་རྣམས་ཀྱི་ཁྱད་པར་ལ་ཐུགས་རྩ་བར་དགོངས་ནས་གསུངས་པ་དེ་ནི་སངས་རྒྱས་ཀྱི་གསུང་སྟེ། དེའི་གྲུབ་པ་འཐོབ་པར་འགྱུར་བའོ།། རྡོ་རྗེ་ལས་མཆོག་བསྒྲུབས་པས་ན་ཞེས་བྱ་བ་ནི་ཕྱག
་རྒྱ་ཆེན་པོ་བསྒོམས་པས་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་ལས་སུ་མྱུར་དུ་འགྲུབ་ཅེས་བྱ་བ་ནི་རྡོ་རྗེའི་རང་བཞིན་གྱི་ཆོད་པ་ལ་སོགས་པའི་ཕྲིན་ལས་མཛད་པས་ན་རྡོ་རྗེ་ལས་སོ།། དེ་ནི་བཅོམ་ལྡན་འདས་ན་མཁའ་མཛོད་དེ
་སྔགས་པ་དེ་འདིར་འགྱུར་བའོ།། རྡོ་རྗེའི་གོ་ཆ་ངེས་བགོས་པས་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་གོ་ཆ་ཡིན་པས་ནཱ་རྡོ་རྗེ་གོ་ཆའོ།། ངེས་པར་དགོས་པས་ན་ངེས་དགོས་ཏེ། བདགུ་གམ་གཞན་གྱི་ལུས་ལ་ངེས་པར་བསྐོན
་པའོ།། རྡོ་རྗེའི་སྐུ་ནི་འཐོབ་པར་འགྱུར་ཞེས་བྱ་བ་ནི་མི་ཕྱེད་པའི་ལུས་ཐོབ་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་གནོད་སྦྱིན་བསྒྲུབས་པས་ན་ཞེས་བྱ་བ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེར་སྤྲུལ་པའི་རྡོ་རྗེ་གནོད་སྦྱིན་ནི
་རྡོ་རྗེ་གནོད་སྦྱིན་ནོ།། ཡང་ན་རྡོ་རྗེའི་མཆེ་བས་ཉེ་བར་མཚོན་པའི་གནོད་སྦྱིན་ནི་རྡོ་རྗེ་གནོད་སྦྱིན་ནོ།། དེ་བསྒྲུབས་པ་ན་ཞེས་བྱ་བ་ནི་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་དེ་དང་མཚུངས་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།།
་རྡོ་རྗེའི་ཁུ་ཚུར་བཅིངས་པས་ན་ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་གྱི་ཁུ་ཚུར་མངའ་བས་ན་རྡོ་རྗེ་ཁུ་ཚུར་ཏེ། མི་ཕྱེད་པའི་དོན་གྱིས་སོ།། དེ་བཅིངས་པས་ན་ཞེས་བྱ་བ་ནི་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་ཞེས་བྱ་བའི་དོན་ཏོ།།
་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་གྲུབ་པ་འཐོབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་འཛིན་མ་ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི
་ཡུལ་ལ་དགའ་བ་དེ། ལུས་ཅན་གྱི་མཆོད་པའི་ཕྱག་རྒྱའི་ལྷ་མོའི་གཟུགས་སུ་བཞག་པའོ།། དེ་བསྒྲུབས་པ་ནི་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་པས་སོ།། རྡོ་རྗེ་ཆེན་པོ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེའི
་དགའ་བ་འཐོབ་བོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་ཕྲེང་བ་བཅིངས་པས་ན་ཞེས་བྱ་བ་ནི་རྡོ་རྗེ་དང་ལྡན་པའི་རིན་པོ་ཆེ་ནི་རྡོ་རྗེ་རིན་པོ་ཆེ་སྟེ། རྡོ་རྗེ་རིན་པོ་ཆེ་དེ་རྣམས་ཀྱི་ཕྲེང་བ་བཅིངས་པ་ངེས
་དབང་བསྐུར་ནས། སངས་རྒྱས་ཀུན་གྱི་དབང་བསྐུར་འགྱུར་ཞེས་བྱ་བ་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་སྩོལ་པ་སྟེ་རྡོ་རྗེ་འཕྲེང་བའི་ཕྱག་རྒྱའི་ལྷ་མོའི་རྡོ་ཛྙཱ་ཕྲེང་བ་བཅིང་བ་འདི་ནི་དེའི་རྒྱུན་དུ་འགྱུར
་བ་ཡིན་ཏེ། དེ་བས་ན་དེའི་ཕྱག་རྒྱ་ཆེན་པོ་བསྒོམས་ན། སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་བ་སྩོལ་བས་ན། སངས་རྒྱས་ཀུན་གྱིས་དབང་བསྐུར་འགྱུར་ཞེས་བྱའོ།། རྡོ་རྗེའི་གླུའི་ཆོ་ག་ཡིས་ཞེས་བྱ་བ་ནི་རྡོ་རྗེ་གློའི་ཕྱག
་རྒྱ་ཆེན་པོར་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་གླུ་ནི་ལེན་པར་འགྱུར། ཞེས་བྱ་བ་ནི་རྡོ་རྗེ་གླ་ནི་ཐེག་པ་ཆེན་པོའི་ཆོས་བླ་ན་མེད་པ་ཡང་དག་པར་སྟོན་ཅིང་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེ་སྟོན་པར་བྱེད་པ་ཡིན་ལོ། དེ
་ཡང་སྔགས་པ་ལེན་པར་འགྱུར་བའོ།། རྡོ་རྗེ་ལྟ་བུའི་གར་ཡིན་པས་ན་རྡོ་རྗེ་གར་ཏེ། སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་གང་ཡིན་པ་དེ་རྡོ་རྗེ་གར་གྱི་ལྷ་མོར་བཏགས་པའོ།། དེའི་ཕྱག་རྒྱར་སྦྱར
་བ་ནི་ཕྱག་རྒྱ་ཆེན་པོར་བཅིང་ངོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཀུན་གྱི་དེ་མཆོད་དོ་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱིས་ངོ་མཆོད་པར་འགྱུར་ཞེས་བྱ་བའི་དོན་ཏོ།། ། རྡོ་རྗེ་བདུག་པའི་ཆོ་ག་ཡིས
་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་བདུག་པ་ཡིན་པས་ན་རྡོ་རྗེ་བདུག་པ་མའོ།། ཡང་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་རབ་ཏུ་ལྡན་པའི་བདུག་པ་ནི་རྡོ་རྗེ་བདུག་པའོ།། ཆོ་ག་ཡིས་ཞེས་བྱ་བ་ནི་རྡོ་རྗེ་བདུག་པ་མའི་ཕྱག་རྒྱ་ཆེན་པོ་བསྒོམས་པའོ།།
་འགྲོ་བ་ཐམས་ཅད་ཚིམ་པར་བྱེད་ཅེས་བྱ་བ་ནི་བདེ་བ་དང་ཡིད་བདེ་བ་བསྐྱེད་པས། འགྲོ་བ་ཐམས་ཅད་ཚིམ་པར་བྱེད་དེ། ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་མེ་ཏོག་སྦྱོར་བྱེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེས་སྤྲུལ་པའི་མེ་ཏོག
་སྟེ། དེས་ཉེ་བར་མཚོན་པའི་མཆོད་པའི་ལྷ་མོ་ལ་ནི་རྡོ་རྗེ་མེ་ཏོག་སྦྱོར་བྱེད་པ་ཞེས་བྱའོ།། དེའི་ཕྱག་རྒྱ་ཆེན་པོ་བཅིངས་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་ཅེས་བྱ་བའི་དོན་ཏེ།། རྡོ་རྗེ་སྣང་བའི་ཕྱག་རྒྱ་ཆེས་ཞེས་བྱ་བ་ལ། སྟོང
་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྣང་བ་ནི་རྡོ་རྗེ་སྣང་བ་སྟེ། དེས་ཉེ་བར་མཚོན་པའི་ལྷ་མོ་གང་ཡིན་པ་དེ་ལ་ཡང་རྡོ་རྗེ་སྣང་བ་ཞེས་བྱ་བའི་སྒྲར་བརྗོད་དོ།། དེའི་ཕྱག་རྒྱ་ཆེན་པོ་བསྒོམས་ཤིང་བསྟེན་ན་ལྷའི་མིག་འཐོབ་པར་འགྱུར་རོ།། ཞེས
་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་རྣམས་ལ་རྡོ་རྗེ་སྣང་བའི་ཕྱག་རྒྱ་ཆེན་པོས་རབ་ཏུ་མཆོད་ན། རྡོ་རྗེ་སྣང་བའི་ཕྱག་རྒྱ་ཆེན་པོ་དེ་ཉིད་མིག་སྦྱིན་པོར་བྱེད་པ་ལ་བྱེད་པ་པོ་ཡིན་པར་སྟོན་ཏོ།། རྡོ་རྗེ་དྲིའི་ཆོ་གས་ནི་ཞེས་བྱ་བ་ནི་སྟོང
་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་གོམས་པར་བྱེད་པའི་དོན་དམ་པའི་ཚུལ་ཁྲིམས་ཀྱི་དྲི་སྟེ། དེ་གྲུབ་པར་བྱེད་པའི་ལྷ་མོ་གང་ཡིན་པ་དེ་ལ་ཡང་རྡོ་རྗེ་དྲི་ཞེས་བྱ་བའི་སྒྲར་བཤད་དོ།། དེའི་ཆོ་ག་ནི་དེའི་ཕྱག་རྒྱ་ཆེན་པོར་སྒོམ་པའོ།། སྡུག་བསྔལ
་ཐམས་ཅད་ནི་འཁོར་བ་པ་རྣམས་ཀྱིའོ།། དེ་སེལ་བ་ནི་ཡང་དག་པའི་ཡེ་ཤེས་བསྐྱེད་པས་སེམས་ཅན་རྣམས་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའོ།། དེ་སུ་ཞིག་ཅེ་ན། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ
་བྱར་བྱེད་པའི་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ། ཡེ་ཤེས་ཀྱི་རྡོ་རྗེ་མངོན་པར་འདུས་བྱས་པའི་ཕྱིར་རྡོ་རྗེའི་རང་བཞིན་གྱི་ལྕགས་ཀྱུ་ནི་རྡོ་རྗེ་ཨཱ་\ུ0f7fསྟེ། སྙིང་རྗེ་ཆེན་པོའི་ལྕགས་ཀྱུ་ཞེས་བྱེ་བའི་དོན
་ཏོ།། ཅི་ཕྱིར་ཐུགས་རྗེ་ཆེན་པོ་ལ་ལྕགས་ཀྱུ་ཞེས་བྱ་ཞེ་ན། དེས་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་འདྲེན་པར་བྱེད་པས་ན་དེའི་ལས་ཀྱང་འདི་ཉིད་དེ་ཐམས
་ཅད་འདྲེན་པའི་ལས་བྱེད་པས་ན་འདྲེན་པ་ཀུན་གྱིའོ།། ཅི་འདྲེན་པའི་ལས་བྱེད་པ་དེ་ལས་གཞན་དག་ཀྱང་ཡོད་དམ་ཞེ་ན། འདི་ཉིད་ལས་ལྷག་པ་གཞན་མེད་པའི་ཕྱིར་མཆོག་ཅེས་སྨོས་པ་ཡིན་ཏེ། དམ་པ་ཞེས་བྱ་བའི་དོན་ཏོ།། སྔགས
་པས་ལྕགས་ཀྱུ་དེའི་ཕྱག་རྒྱ་ཆེན་པོར་བསྒོམས་ན། ཐམས་ཅད་འདྲེན་པར་བྱེད་པའི་མཆོག་ཏུ་འགྱུར་བའོ།། རྡོ་རྗེ་ཞུགས་པའི་ཆོ་གས་ནི་ཞེས་བྱ་བ་ལ་ཞགས་པས་ཞེས་བྱ་བ་ནི། རྡོ་རྗེ་ཞིགས་པའི་ཕྱག་རྒྱ་ཆེན་པོ་བསྒོམས་པ་ཞེས་བྱ་བའི
་དོན་ཏོ།། ཐམས་ཅད་རབ་ཏུ་འཇུག་པར་འགྱུར་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དཀྱིལ་འཁོར་དེར་འཇུག་པར་བྱེད་པས་ན་ཐམས་ཅད་རབ་ཏུ་འཇུག་པར་ཏེ། དེ་སུ་ཞིག་ཡིན་ཞེ་ན། སྔགས་པའོ།། འགྱུར།
་ཞེས་བྱ་བ་ནི་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། དཀྱིལ་འཁོར་གྱི་གནས་ན་གནས་པ་ཉིད་ཀྱིས་རང་གི་དམ་བཅས་པ་གསལ་བར་བྱེད་པས་ན་ལྕགས་སྒྲོག་སྟེ་འཆིང་བ་ལ་བྱ་ལ། རྡོ་རྗེའི་ཡེ་ཤེས་མངོན་པར་འདུས་བྱས་པའི
་ལྕགས་སྒྲོག་ཡིན་པས་ན་རྡོ་རྗེའི་ལྕགས་སྒྲོག་གོ།། དེའི་དོན་སྒྲུབ་པར་བྱེད་པའི་ལྷའི་ཁྱད་པར་གང་ཡིན་པ་དེ་ལ་ཡང་རྡོ་རྗེ་ལྕགས་སྒྲོག་ཅེས་བྱ་བའི་སྒྲར་བཤད་དེ། དེའི་ཕྱག་རྒྱ་ཆེན་པོར་ཡང་དག་པར་སྦྱོར་ཞིང་བཅིངས་ན་ཐམས་ཅད
་འཆིང་བར་ནུས་པར་འགྱུར་རོ།། རྡོ་རྗེའི་ཡེ་ཤེས་མངོན་པ་ར་འདུས་བྱས་པའི་འབེབས་པ་ཡིན་པས་ན་རྡོ་རྗེ་དབབ་པ་སྟེ། དེ་སྒྲུབ་པར་བྱེད་པའི་ལྷ་ལ་ཡང་རྡོ་རྗེ་དབབ་པའི་སྒྲར་བཤད་།། དེའི་ཆོ་ག་ནི་ཕྱག་རྒྱ་ཆེན་པོ་སྟེ། ངེས
་སྦྱོར་ཞིང་འཆིང་བའོ།། ཐམས་ཅད་དབབ་པར་རབ་ཏུ་འགྲུབ་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་པོར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་འབེབས་པ་རབ་ཏུ་སྒྲུབ་པར་བྱེད་པ་ཞེས་བྱ་བའི་དོན་ཏེ།
་དྲིལ་བུས་ནི་ཐམས་ཅད་མཉེས་པར་བྱེད་པའི་དོན་ཏོ།། ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པོར་བྱའོ།། ཞེས་གསུངས་པ་དེ་ལ་ཕྱག་རྒྱ་ཆེན་པོ་ནི་བཤད་ཟིན་ཏོ།། ད་ནི་དམ་ཚིག་གི་ཕྱག་རྒྱ་བསྟོན་པར་བྱ
་དགོས་ཏེ། དེ་བས་ན་དེ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས
་པ་ཐམས་ཅད་དོ།། རྡོ་རྗེའི་ཡེ་ཤེས་ལས་བྱུང་བ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའོ།། དེ་རྣམས་ཀྱི་དམ་ཚིག་ནི་ཐ་ཚིག་དང་གཞུང་ལུགས་ཏེ། ལག་པའི་ཚུལ་འདི་ལྟར་བསྒྱུར་ལ་ལས་འདི
་དག་བྱའོ་ཞེས་པའི་ལག་པའི་བསྒྱུར་བའི་ཚུལ་ལ། དམ་ཚིག་གི་ཕྱག་རྒྱ་ཞེས་བཤད་དེ། བདག་ཉིད་ཆེན་པོ་རྣམས་ཀྱི་མཚན་མ་ནི་ཕྱག་རྒྱ་ཡིན་པར་འོག་ནས་འཆད་དོ།། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱའི་ཡེ་ཤེས་སོ།། ཐལ་མོ་དམ་དུ་སྦྱར་ཞེས་བྱ་བ་ནི་ཕྱག་འཚལ་བའི་ཐལ་མོ་སྦྱར་བའོ།། སཽར་མོ་ཐམས་ཅད་བསྣོལ་བ་ནི་ཞེས་བྱ་བ་ནི་ལག་པ་གཉིས་ཀྱི་སོར་མོ་ཕན་ཚུན་པར་མཚམས
་བསྣོལ་བ་ནི་རྡོ་རྗེ་ཐལ་མོ་ཞེས་བཤད་དོ།། དེ་ཉིད་ལས་གཅིག་ལས་གཅིག་གི་ལག་པ་རྒྱབ་ཏུ་བཅངས་པ་ལ་ནི་རྡོ་རྗེ་བསྡམས་པ་ཞེས་བྱའོ།། གལ་ཏེ་ཁ་ཅིག་འདི་སྙམྦ་དུ་ཅི་ཞིག་ལྔར་ལྷོད་པར་བཞག་པ་ཙམ་གྱིས་ཀྱང་རྡོ་རྗེ
་བསྟིམས་པར་འགྱུར་རོ་སྙམ་དུ་རྟོག་པ་ལ། རབ་ཏུ་བསྡམས་ཕྱིར་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་བསྡམས་པ་ལས་གཟོད་རྡོ་རྗེ་བསྡམས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི་ཞེས་བྱ་བ་ནི
་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སེམས་དཔའ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ཇི་སྙེད་པ་དེ་དག་ཐམས་ཅད་ནི་རྡོ་རྗེ་བསྡམས་པ་ཉིད་ལས་བྱུང་བས་ན། དེ་དག་ཅེས་བྱ་བ་གསུངས་ཏེ། ཕྱག་རྒྱ་དེ་དག་འབྱུང་བའི་རྒྱུའི་རྩ་བ
་ནི་རྡོ་རྗེ་བསྡམས་པ་ཡིན་ལ། མཚན་ཉིད་ནི་རེ་རེ་ཞིང་ཡང་ཐ་དད་པ་ཡིན་ནོ།། དེ་བས་ནཱ་དེ་དག་བསྡམས་པ་རྡོ་རྗེ་ཡི།། བསྡུམ་པ་བླ་མེད་བཤད་པར་བྱ།། ཞེས་བྱ་བ་གསུངས་པ་ཡིན་ནོ།། ཇི་ལྟ་བུ་ཞེ་ན། རྡོ་རྗེ་བསྣམས་པ་ཞེས་བྱ་གསུངས
་སོ། ཅི་བླ་ན་ཡོད་པ་ཞིག་གམ་ཞེ་ན། མ་ཡིན་ཏེ། བླ་མེད་བཤད་པར་བྱ་ཞེས་གསུངས་སོ།། བཤད་པར་བྱ་ཞེས་བྱ་བ་ནི་སོ་སོའི་མཚན་ཉིད་བསྟན་པར་བྱ་བའི་དོན་ཏོ།། འདི་སྐད་སྟོན་ཏེ། ཇི་ལྟ་བུའི་རྡོ་རྗེ་བསྡམས་པ་བཅིངས་ན་ཕྱག་རྒྱ་དེ་འཇིག
་རྟེན་གསུམ་གྱི་བྱ་བ་ལ་མི་བཟློག་པ་དེ་ལྟ་བུའི་རྡོ་རྗེ་བསྡམས་པ་བཤད་པར་བྱའོ། ཞེས་བྱ་བའི་དོན་ཏོ།། །། ད་ནི་སོ་སོའི་མཚན་ཉིད་བཤད་པར་བྱ་སྟེ། སེམས་མ་རྡོ་རྗེ་དམ་བྱས་ལ་ཞེས་བྱ་བ་འདི་ནི་མཚན་གཞིའོ།། གུང་མོ་མྱུ་གུ་ལྟར་མཉམ
་བསྒྲེང་ཞེས་བྱ་བ་འདི་ནི་མཚན་ཉིད་དོ།། འདི་སྐད་སྟོན་ཏེ། བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཤིབས་པ་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱར་འགྱུར་རོ།། རྡོ་རྗེ་བསྡམས་པ་དེ་ཉིད་ལས་གུང་མོ་གཉིས་རྡོ་རྗེ
་བསྡམས་པའི་ནང་དུ་བཅུག་པར་གྱུར་ན་གདོན་མི་ཟ་བའི་ཕྱག་རྒྱར་འགྱུར་རོ།། ཕྱག་རྒྱ་དང་པོའི་རྗེས་ཐོགས་ཡིན་པས་གཉིས་པ་ཞེས་གསུངས་མོད་ཀྱི། འོན་ཀྱང་དོན་གྱི་གོ་རིམ་གྱི་ཕྱག་རྒྱ་འདི་ནི་བཞི་པ་ཡིན་ནོ།། འདི་ལ་གུང་མོ་ནང་དུ་བཅུག
་པ་འབའ་ཞིག་ཏུ་མ་ཟད་ཀྱི། མཐེའུ་ཆུང་དང་མཐེ་བོ་གཉིས་བཤིབས་ལ་བསྒྲེང་བ་ཡང་འདིར་བྱ་དགོས་སོ་ཞེས་ཟེར་རོ།། རྡོ་རྗེ་བསྡམས་པ་ཉིད་ལས་གུང་མོ་གཉིས་བསྒྲེང་ལ་རྒྱ་བོ་ལ་བཀུག་སྟེ་རྩེ་སྦྲང་ལ་མཐེ་བོ་ལྟོ་སྤྲད་ཅིང་ཁ་ཐུར་དུ
་བསྟུན་པའི་མཐེ་བོ་དང་གུང་མོ་རིན་པོ་ཆེར་བྱ་བ་འདི་ནི་རྡོ་རྗེ་རིན་ཆེན་མའི་འོ།། རྡོ་རྗེ་བསྡམས་པ་དེ་ཉིད་ལས་གུང་མོའི་རྩེ་སྦྲང་ལ་གཞུ་བཀུག་པ་ལྟར་བྱས་ཏེ་པདྨའི་འདབ་མའི་ཚུལ་དུ་བྱས་པ་འདི་ནི་རྡོརྗེ།
་ཆོས་མིའོ།། སངས་རྒྱས་ལྟ་བའི་ཕྱག་རྒྱ་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་ཞེས་བྱ་བ་ནི་གུང་མོ་ཅུང་ཟད་ཙམ་རྡོ་རྗེ་ཆོས་མའི་ཚུལ་དུ་བྱས་ལ། མཛུབ་མོ་གཞུ་བཀུག་པའི་ཚུལ་དུ
་སྐུ་བར་བྱས་ཏེ་གུང་མོའི་ཚོགས་གསུམ་པ་དང་རྩི་སྦྱར་བ་འདི་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་བསྟན་ཟིན་ནས། ད་ནི་གཞན་ཡོད་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་བཞིན
་གཤེགས་པའི་རིགས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་ནས་ཤེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་འཛིན་པས་ན་དམ་ཚིག་འཛིན་པའི་ཕྱག་རྒྱ་སྟེ། ཕྱག་རྒྱ་གང་ཞིག་བཅིངས་ན་སངས་རྒྱས
་དང་བྱང་ཆུབ་སེམས་དཔའ་རྣམས་དམ་ཚིག་ལ་གནས་པོར་འགྱུར་ཞིང་ཐུགས་དམ་ཇི་ལྟར་བཅས་པ་བཞིན་དུ། དེ་མཛད་པར་ཞལ་གྱིས་བཞེས་པ་ནི་དམ་ཚིག་ལ་གནས་པ་ཞེས་བྱའོ།། ཕྱག་རྒྱ་དེ་རྣམས་ཀྱི་བཅིང་བ་བཤད
་བཔར་བྱ་ཞེས་པ་ནི་བཅིངས་པའི་མཚན་ཉིད་བཤད་པར་བྱ་བའོ།། དངོས་གྲུབ་ཅེས་བྱ་བ་ནི་སྦྱོར་བ་གང་ཞིག་སྦྱར་བས་འཕྲལ་དུ་དངོས་གྲུབ་བྱེད་པའི་སྦྱོར་བ་དེ་ལ་ནི་དངོས་གྲུབ་ཅེས་བཤད་དོ།། ལས་རྣམས་ཞེས་བྱ་བ་ནི་གང
་དང་གང་གི་ལས་གང་དང་གང་ཡིན་པ་སྟེ། རང་གི་ཡུལ་གྱི་བྱ་བ་དེ་དང་དེ་ནི་ལས་ཀྱི་སྒྲར་བཤད་དོ།། ཟླ་བ་ལྟ་བུའི་ལག་གཉིས་ཀྱི་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ལ་བྱའོ།། གུང་མོ་བཏང་བར་གྱུར་པ་ཡི་ཞེས་བྱ་བ་ལ། གུང་མོ་ནི
་ལག་པ་གཉིས་ཀྱིའོ།། བཏང་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པོ་ལས་མཐེ་བོ་དང་མཐེ་བོ་ཆུང་མ་གཏོགས་པའོ།། མཐེ་བོ་མཐེ་ཆུང་སོ་སོར་བསྒྲེང་ཞེས་བྱ་བ་ནི་རྡོ་རྗེ་བསྡོམས་པ་ལས་མཐེ་བོ་དང་མཐེའུ་ཆུང་གཉིས་སོ་སོར་པྲལཱ་ལ
་བསྒྲེང་བའོ།། འདི་ལས་ཅིར་འགྱུར་ཝཱ་ན། རྡོ་རྗེ་ཞེས་བྱ་བ་གསུངས་སོ།། དྲིས་པ་འདི་ནི་རྩ་གཅིག་པ་ཡང་མ་ཡིན་ལ། རྩེ་གསུམ་པ་ཡང་མ་ཡིན་ཏོ། རྩེ་ལྟ་པ་ཡང་མ་ཡིན་ན། ཇི་ལྟར་རྡོ་རྗེར་འགྱུར་ཞེ་ན། སེམས་དཔའི་རྡོ་རྗེ་ཧྭེ་བྱཱ
་བ་གསུངས་སོ།། དེ་ཡང་སེམས་དཔའི་རྡོ་རྗེ་ཞེས་བྱ་བོ་འདིས་ནི་གུང་མོ་གཞིབས་ཏེ་བསྒྲེངས་བྱུང་སྟོན་ཏེ། དེ་བས་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་རྩེ་ལྟ་བར་འགྱུར་རོ།། མཛུབ་མོ་ཞེས་བྱ་བ
་མཛུབ་མོ་གཉིས་ཏེ། རྡོ་རྗེ་བསྡམས་པ་དེ་ཉིད་ལས་ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ།། རྡོ་རྗེ་མཛུབ་མོ་སྦྱར་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་ལ། མཛུབ་མོ་གཡོན
་པའི་ལྟོ་ལ་མཛུབ་མོ་གཡས་པའི་ལྟོ་སྦྱར་ན་རྡོ་རྗེ་མངའི་ཕྱག་རྒྱར་འགྱུར་རོ་ཞེས་གསུངས་སོ།། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ངོ་ཉིད་ལས་མཐེ་བོ་གཉིས་ཀྱི་ལྟོས་མཛུབ་མོ་གཉིས་ཀྱི་རྩེ་མོ་གཟུང་ལ་སེ་གོལ་གཉིས་གཏོགས
་པ་འདི་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱའོ།། རྡོ་རྗེ་སེམས་དཔའ་བཞི་པོ་ཡི་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་མཚོན་པའི་བྱང་ཆུབ་སེམས་དཔའ་བཞི་པོའོ།། ཕྱག་རྒྱ་མང་པོའི་དངོས་གྲུབ་འདིའོ།། ཞེས་བྱ་བ་ནི
་ཕྱག་རྒྱའི་ཚོགས་འདི་ནི་དངོས་གྲུབ་ཀྱི་ཕྱིར་ཡིན་པས་ན་ཕྱག་རྒྱ་མང་པོའི་དངོས་གྲུབ་བོ།། རྡོ་རྗེ་བསྡམ་པ་ཉིད་ལས་མཐེ་བོ་གཉིས་བསྙམས་ལ་འཛུབ་མོ་གཉིས་ཀྱི་ཚོགས་པར་མ་བཀུག་སྟེ། རྩེ་སྤྲད་ཅིང་མཐེ་བོ་གཉིས་ཀྱི་རྩི་དང
་སྦྱོར་བ་འདི་ནི་རྡོ་རྗེ་རིན་ཆེན་གྱི་བྱུགྲོ་རྒྱུའོ།། དེ་ཉིད་ཅེས་བྱ་བོ་འདིས་ནི། དམ་ཚིག་ཕྲག་རྒྱ་ཐམས་ཅད་ནི། རྡོ་རྗེ་བསྡམས་ལས་བྱུང་བས་ནཱཾ་ཞེས་བྱ་བ་སྤྱིར་སྤྲོས་པ་དེ་ལས། འདིར་སྒོ་བརྩེགས་སུ་སྟོན་ཏེ། རྡོ་རྗེ་རིན་ཆེན་དེ་ཉིད་ལས
་མཐེ་བོ་གཉིས་དང་མཛུབ་མོ་གཉིས་ཉི་མའི་དཀྱིལ་འཁོར་ལྟ་བུར་བྱས་ལ། སོར་མོ་ལྷག་མ་རྣམས་འོད་ཟེར་གྱི་ཚུལ་དུ་བརྐྱང་བ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱའོ།། རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་དེ་ཉིད་ལུས་པ་དན་དུ་འགྱུར་ཏེ། དེ་ལས་སྲིན
་ལག་མཐེའུ་ཆུང་གཉིས། མཉམ་པར་གཤིབས་པ་རྒྱལ་མཚན་ནོ་ཞེས་བྱ་བ་གསུངས་ཏེ། ལག་པ་གཉིས་ཀའི་མཐེའུ་ཆུང་དང་སྲིན་ལག་གཉིས་ཟུང་དུ་བཤིབས་ཅིང་བསྒྲེང་བའོ།། འདི་སྐད་སྟོན་ཏེ། སྔ་མའི་རིན་པོ་ཆེའི་ཕྱག
་རྒྱ་ལས། སྲིན་ལག་དང་མཐེའུ་ཆུང་གཉིས་བསྒྲེང་ན་བ་དན་དུ་འགྱུར་ཏེ། འདི་ནི་རྡོ་རྗེ་དཔལ་གྱི་ཕྱག་རྒྱའོ།། དེ་ཉིད་ལས་ཞེས་བྱ་བ་ནི་རྡོ་རྗེ་དཔལ་གྱི་ཕྱག་རྒྱ་སྟེ། ཁའི་ཕྱོགསུ་བཞག་ཅེས་བྱ་བ་ཁའི་གནས་སུ་བཞག་ལ
་སྒེག་པའི་ཚུལ་གྱིས་སོར་མོ་རྣམས་ནང་རོལ་ཏུ་སྡུད་ཅིང་བཟློག་སྟེ་དགྲོལ་བར་བྱ་བ་འདི་ནི་བཞད་པའི་ཕྱག་རྒྱའོ།། ། ད་ནི་ཆོས་ཀྱི་ཕྱག་བསྟན་པར་བྱ་བའི་ཕྱིར། མཐེ་བོ་གཉིས་ཀ་མཉམ་པར་གཤིབས་ཅེས
་བྱ་བ་གསུངས་ཏེ། རྡོ་རྗེ་བསྡམས་པ་དེ་ཉིད་ལས་མཐེ་བོ་གཉིས་གཤིབས་སྡེ་བརྐྱང་ལ། སོར་མོ་པདྨའི་འདོབ་མའི་ཚུལ་དུ་བཀུག་ལ་བཞག་གོ།། དེ་གང་ཡིན་ཞེ་ན། མཛུབ་མོ་གཉིས་ཀ་སྟེ་འདི་ལྟར་བྱས་ན་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱར་འགྱུར
་རི།། དེ་ཉིད་ཅེས་བྱ་བ་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ལས་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བའི་ཚིགསུ་གསུམ་པ་ཅུང་ཟད་བཀུག་པ་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ།། དེ་ལས་སྲིན་ལག་མཐེ་ཆུང་གཉིས། འཁོར་ལོ་ཡིན་པར་བཤད་པ་ཡིན་ཞེས
་བྱ་བ་ནི་འཁོར་ལོའི་ཚུལ་དུ་སོར་མོ་བཞི་ཕན་ཚུན་ནང་བསྣོལ་བ་ནི་འཁོར་ལོ་ཞེས་བྱ་སྟེ། རྡོ་རྗེ་རྒྱུའི་ཕྱག་རྒྱའོ།། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་ཅུང་ཟད་དཀྲོལ་ལ། ཁའི་ཕྱོགས་སུ་བསྒྲེང་བ་བྱས་ན་རྡོ་རྗེ་སྨྲ་བའི་ཕྱག
་རྒྱོཚོར་འགྱུར་རོ།། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ལས་མཐེའུ་ཆུང་གཉིས་དང་མཐོ་བོ་གཉིས་རྩེ་བསྡུས་ཏེ་སྤང་ལ་བསྒྲེངས་ནོས་ལག་པའི་མཐིལ་སྦྱར་བ་དྲལ་ན་ལས་ཀྱི་རྡོ་རྗེ་ཡིན་པར་བཤད་ཅེས་བྱ་བ་སྟེ། རྡོ་རྗེ་ལས་ཀྱི་ཕྱག
་ཞེས་བྱ་བའི་དོན་ཏོ།། དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པའི་ཕྱག་རྒྱའོ།། མཛུབ་མོ་གཉིས་གཤིབས་ལ་བསྒྲེང་བ་གང་ཡིན་པ་དེ་ནི་མཛུབ་མོ་གཉིས་ག་ཤིབས་པའོ།། མཛུབ་ཆེག་གབས་པ་འབའ་ཞིག་ཏུ་མ་ཟད་ཀྱི། སྙིང་གར་བདག
་ཅེས་བྱ་བ་སྟེ། སྙིང་གར་བཞག་གོ་ཅེས་བྱ་བའི་དོན་ཏོ།། སྙིང་གཱར་བཞག་པ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། བརྐྱང་ཞེས་པ་སྟེ། མཛུབ་མོ་གཉིས་གྱེན་དུ་བསྒྲེང་སྟེ་བཞག་ལ། སོར་མོ་ལྷག་མ་རྣམས་ཤིན་ཏུ་བརྐྱང་བར
་བྱའོ།། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ལྕགས་ཀྱུའི་ཚུལ་དུ་བཀུག་པ་ནི། མཛུབ་མོའི་རྩེ་བཀུག་ཅེས་བྱ་བ་སྟེ། མཛུབ་མོ་དེ་ཉིད་མཚོ་བའོ།། མཐེའུ་ཆུང་གཤིབས་པ་དགྲོལ་བའོ་ཞེས་བྱ་བ་ནི་མཐེའུ་ཆུང་སོ་སོར་ཕྲལ་ཏེ།
་བཞག་ལ་ཁའི་ཕྱོགས་སུ་བཞག་ན་རྡོ་རྗེ་གནོད་སྦྱིན་ཕྱག་རྒྱར་འགྱུར་རོ།། རྡོ་རྗེ་བསྡམས་པ་དེ་ཉིད་ལས་མཐེའུ་ཆུང་དང་སྲིན་ལག་གི་བར་དུ་མཐེ་བོའི་ལྟོ་བཙིར་བ་ནི་མཛུབ་མོ་གཉིས་ཀྱིས་གཙིར་བའོ།། ཡང་ན་མཛུབ་མོ་བཙིར་བ་སྟེ། མཐེ
་པོ་གཉིས་ཀྱི་རྒྱབ་ཏུ་བཙིར་བའོ།། འདི་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ།། སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་བཤད་ཟིན་ཏོ།། ། ད་ནི་སྙིང་གར་མཐེ་བོ་བསྙམས་ལ་བཞག་ཅེས་བྱ་བ་ལ་སོགས་པས་མཆོད་པའི་ཕྱག་རྒྱ་རྣམས
་སྟོན་ཏེ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ལས་མཐེ་བོ་གཉིས་བརྐྱང་སྟེ་སྙིང་གར་བཞག་ན་རྡོ་རྗེ་སྒེག་མོའི་ཕྱག་རྒྱར་འགྱུར་རོ།། ཕྱག་རྒྱ་དེ་ཉིད་སྙིང་ག་ནས་བསྟོད་དེ་མདུན་དུ་བརྐྱང་ནས་བཟུང་བ་ནི་རྡོ་རྗེ་ཕྲེང་བ་མའི་ཕྱག་རྒྱའོ།། ཐལ
་མོ་ཡང་ཡིན་ལ་རྩེ་མོ་ཡང་ཡིན་པས་ན་ཐལ་མོའི་རྩེ་མོ་སྟེ། རྡོ་རྗེ་ཐལ་མོ་ཞེས་བྱ་བའི་དོན་ཏོ།། དེ་ཁ་ནས་གྱེན་དུ་དྲངས་ཏེ་ཚིག་སྨྲ་བའི་ཚུལ་དུ་བྱས་ནས་ཁ་ནས་འབྱུང་བར་འགྱུར་ཏེ། རྡོ་རྗེ་གླུ་མའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་མདུན
་དུ་རིམ་གྱིས་དགྲོལ་བ་ཞིག་ལག་པ་གཉིས་སྒེག་པའི་ཚུལ་གྱིས་བསྐོར་ཏེ་ཐལ་མོ་ཁོང་སྟོང་དུ་སྦྱར་བ་སྤྱི་བོར་བཞག་ན་རྡོ་རྗེ་གར་གྱི་ཕྱག་རྒྱར་འགྱུར་རོ།། ། རྡོ་རྗེ་བསྡམས་པ་ཐུར་དུ་བླུགས་ཞེས་བྱ་བ་ནི་རྡོ་རྗེ་བསྣམས་པ
་ཁ་ཐུར་དུ་བསྟན་ནས་བྲལ་ན་རྡོ་རྗེ་བདུག་པའི་ཕྱག་རྒྱར་འགྱུར་རོ།། རང་གི་ཐལ་མོ་ནི་རྡོ་རྗེ་བསྡམས་པའི་ཐལ་མོ་སྟེ། རྡོ་རྗེ་ཐལ་མོ་ནི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཕྱིར་རོ།། མེ་ཏོག་གྱེན་དུ་འཐོར་ཞེས་བྱ་བ་ནི་རྡོ་རྗེ་གྱེན་དུ་འཐོར་བའི་ཚུལ་དུ་བྱ
་ནཱནུ་རྡོ་རྗེ་མེ་ཏོག་མའི་ཕྱག་རྒྱར་འགྱུར་རོ།། རྡོ་རྗེ་བསྡམས་པ་དེ་ཉིད་མཐེ་བོ་གཉིས་བསྙེམས་ཏེ་བསྒྲེང་བ་དྲང་རབ་ཏུ་བསྡམ་ཞེས་བྱ་བ་ལེགས་པར་གཤིབས་ཏེ་མར་མོའི་ལྕེ་ལྟར་ཟུང་ཤིག་པའི་དོན་ཏེ། འདི་རྡོ་རྗེ་མར་མེ་མའི་ཕྱག་རྒྱར་འགྱུར་རོ།།
་རྡོ་རྗེ་བསྡམས་པའི་ཕྱག་རྒྱ་ཉིད་རབ་ཏུ་བརྐྱང་སྟེ་བྱུག་པ་ནི་བྱུག་པ་མའི་ཕྱག་རྒྱར་འགྱུར་ཏེ། ནམ་བདག་ཉིད་ལྷའི་གཟུགས་སུ་གྱུར་པ་ལ་མཆོད་པ་བྱེད་པ་དེའི་ཚེ་ནི་རྡོ་རྗེ་བསྡམས་པ་དེ་ཉིད་སྙིང་གར་བརྐྱང་ངོ་།། གལ་ཏེ་ལྷོའི་གཟུགས་ཀྱི་བྱི
་རོལ་ན་གནས་པ་རྣམས་ལ་མཆོད་པ་ནམ་བྱེད་པ་དེའི་ཚེ་ཁ་ཕྱི་རོལ་ཏུ་བསྟན་ཏེ་དགྲོལ་ལོ།། འདི་ནི་རྡོ་རྗེ་དྲིའི་ཕྱག་རྒྱ་ཡིན་ནོ།། རྡོ་རྗེ་བསྡམས་པ་དེ་ཉིད་ལས་མཛུབ་མོ་གཡས་པ་བཀུག་ན་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱར་འགྱུར་རོ།། རྡོ་རྗེ
་བསྡམས་པའི་མཐེ་བོ་གཡས་པ་གཡོན་པའི་མཐེ་བོ་དང་མཛུབ་མོར་བུ་གར་བཅུག་ལ་མཐེ་བོ་གཉིས་མདུད་པོར་བཅིངས་པ་ལ་ཞགས་པའི་ཕྱག་རྒྱར་འགྱུར་རོ།། རྡོ་རྗེ་བསྡམས་པ་དེ་ཉིད་ཀྱི་མཐེ་བོ་གཡོན་པ་མཛུབ་མོ་གཡོན་པའི་རྩེ
་མོར་སྦྱར་ཏེ་བཟླུམ་པོར་བྱས་པ་དེའི་ནང་དུ་མཐེ་བོ་གཡས་པ་བཅུག་སྟེ་མཛུབ་མོ་གཡས་པ་དང་རྩེ་སྤྲད་ནས་ཟླུམ་པོར་བྱའོ།། དེ་ལྟར་ན་མཐེ་བོ་དང་མཛུབ་མོ་གཉིས་གདུ་བུར་བཅིང་བར་འགྱུར་ཏེ། རྡོ་རྗེ་ལྕགས
་སྒྲོག་གི་ཕྱག་རྒྱའོ།། རྡོ་རྗེ་བཅིང་བ་མཛུབ་མོ་བསྡམས་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་འདི་ཉིད་ཀྱི་མཐེའུ་ཆུང་དང་སྲིན་ལག་གི་བར་དུ་མཐེ་བོ་གཉིས་ཀྱི་རྩེ་མོ་བཅུག་ལ་མཛུབ་མོ་བསྡམས་པ་ནི་རྡོ་རྗེ་བཅིང་བ་མཛུབ་མོ་བསྡམས་ཞེས་བྱ
་སྟེ། རྡོ་རྗེ་དབབ་པའི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ།། གང་སྔར་ཕྱག་རྒྱ་བཅིངས་དང་དངོས་གྲུབ་དང་། ལས་རྣམས་ཡང་དག་བཤད་པར་བྱ་ཞེས་ཇི་སྐད་གསུངས་པ་ལས་ཕྱག་རྒྱ་བཅིང་བ་ནི་བཤད་ཟིན་ཏོ།། ། དེ་ནས
་དངོས་གྲུབ་བཤད་དོགོས་པས་དེ་ནས་ཞེས་བྱ་བ་ལ་སོགསོ་བས་སྟོན་ཏོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། འདི་རྣམས་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བཤད་པ་རྣམས་སོ།། འདི་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ། སྦྱོར
་བ་གང་གིས་ལས་འདི་དག་འགྲུབ་པར་འགྱུར་བ་དེ་ལ་སྒྲུབ་པ་ཞེས་བྱ་བའོ།། བཤད་ཅེས་བྱ་བ་ནི་བསྟན་པར་བྱ་བའོ།། དེ་གང་ཞིག་ཅེ་ན། རྡོ་རྗེ་སྒྲུབ་པ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ལྟར་མི་ཕྱེད་པའི་སྒྲུབ་པ་ཡིན་པས་ན་རྡོ་རྗེ་སྒྲུབ་པའོ།།
་ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་དམ་པ་ཡིན་ཞེས་བྱ་བ་གསུངས་ཏེ། དམ་པ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པའོ།། སྒྲུབ་པ་དེ་གང་ཞིག་ཡིན་ཞེ་ན། རང་གི་ཕྱག་རྒྱ་ཞེས་བྱ་བ་གསུངས་ཏེ། རང་གི་ཕྱོག་རྒྱ་ནི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་སྟེ།
་དེའི་སྙིང་གར་བཞག་པས་སོ།། དེ་གང་གི་རང་གི་ཕྱག་རྒྱ་ཡིན་ཞེ་ན། རྡོ་རྗེ་སེམས་དཔའི་འོ།། དེ་གང་ལས་ཤེས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས། ཞེས་བྱ་བ་གསུངས་པའི་ཕྱིར་རོ།། འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའི་རྣལ
་འབྱོར་བྱས་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དམིགས་ཏེ། དེ་ནས་གདོད་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ།། དེས་ན་ཐམས་ཅད་འགྲུབ་པར་འགྱུར་ཏེ། འདི་ནི་ཕྱག
་རྒྱ་ཐམས་ཅད་ཀྱི་སྤྱིའི་ཆོ་ག་ཡིན་ནོ།། ལས་རྣམས་ཡང་དག་པར་བཤད་པར་བྱ་ཞེས་གང་སྔར་དམ་བཅས་པ་དེ་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་གང་གི་བྱ་བ་གང་ཡིན་པ་དེ་ལ་འདིར
་ལུས་ཤེས་བཤད་དོ།། རྡོ་རྗེ་འཛིན་པས་གསུངས་པའི་ལས་ཡིན་པས་ན་རྡོ་རྗེའི་ལས་སོ།། ཡང་ན་རྡོ་རྗེ་རྣམས་ཀྱི་ལས་ཡིན་པོས་ན་རྡོ་རྗེའི་ལས་སོ།། དེ་ཡང་བླ་ན་མེད་པ་སྟེ་ཕུལ་དུ་བྱུང་བ་གཞན་མེད་པ་ཞེས་བྱ་བའི་དོན་ཏོ།།
་རྡོ་རྗེ་དབྱིངས་སོགས་ཕྱག་རྒྱས་ནི་ཞེས་བྱ་བ་ནི་དང་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པའི་ཕྱག་རྒྱ་ཡིན་པས་ན་རྡོ་རྗེ་དབྱིངས་སོགས་ཕྱག་རྒྱའོ།། དེ་ཡང་གང་ཞེ་ན། དེ་བཞིན་གཤེགས་པ་ལྷོའི་ཕྱག་རྒྱ་ལྔ་པོ
་རྣམས་སོ།། དེ་དག་བཅིངས་པར་འགྱུར་ན་དེ་བཞིན་གཤེགས་པོ་རྣམས་འདུས་ཤིང་ཚོགས་ནས་དཀྱིལ་འཁོར་བྱིན་གྱིས་རློབ་པར་མཛད་དོ།། སློབ་དཔོན་གྱིས་ཀྱང་སྲོས་རྣམས་ཀྱི་དོན་དུ་བྲིས་པ་ཡིན་པའི་ཕྱིར། དཀྱིལ་འཁོར
་སློབ་དཔོན་སློབ་མར་བཅས་ཞེས་གསུངས་སོ།། དེ་བཞིན་གཤེགས་པའི་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་ལས་བསྟན་ནས། ད་ནི་སེམས་དཔའ་རྣམས་ཀྱི་ཕྱག་རྒྱའི་སོ་སོའི་ལས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས
་མའི་རྡོ་རྗེ་བཅིངས་པས་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྡོ་རྗེ་སེམས་མའི་རྡོ་རྗེ་མ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེ་མ་སྟེ། ཇི་ལྟར་སེམས་དཔའི་རྡོ་རྗེ་མའི་རྡོ་རྗེ་རྩེ་ལྔ་པ་ཡིན་པ་དེ་བཞིན་དུ་རྡོ་རྗེ་སེམས་དཔའི་གནས་སུ་ཡང་རྡོ་རྗེ་རྩེ
་ལྔ་པ་ཉིད་ཡིན་ནོ།། དེ་ལ་ཁྱད་པར་ནི་འདི་ཡོད་དོ།། སེམས་དཔའི་རྡོ་རྗེ་མ་ནི་རྡོ་རྗེ་བསྡམས་པ་ལསཾ་གུང་མོ་གཉིས་གཤིབས་ཏེ་བསྒྲེང་བ་ཡིན་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ནི་རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་གཞིབས་ཏེ་བསྒྲེང་བ
་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། ལག་པ་གཉིས་ཀའི་མཐེ་བོ་དང་མཐེའུ་ཆུང་བསྒྲེང་ལ་རྩེ་བཞི་པ་དང་ལྡན་པར་བྱའོ།། དེ་ལས་ན་དེའི་ལས་བཤད་དེ། འདི་བཅིངས་པས་རྡོ་རྗེ་འཛིན་པ་འདྲ་བར་འགྱུར་ཞེས་བྱ་བ་གསུངས་ཏེ། སྔགས་པ་རྡོ་རྗེ
་སེམས་དཔའ་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ལྕགས་ཀྱུ་བཅིངས་པ་ཡིས།། སངས་རྒྱས་ཐམས་ཅད་ཀུན་ནས་འགུགས།། ཞེས་བྱ་བ་ཀུན་ནས་དུས་གཅིག་ཏུ་མཉམ་པར་འགུགས་པ་སྟེ་སྤྱན་འདྲེན་ཏོ།། ཞེས་བྱ་བའི
་དོན་ཏོ།། འདོད་པའི་རྡོ་རྗེ་ནི་རྡོ་རྗེ་ཆགས་པ་ཞེས་བྱ་བའི་དོན་ཏོ།། ངའི་སྦྱོར་བ་ནི་དམ་ཚིག་གི་ཕྱག་རྒྱ་བཅིང་བ་སྟེ། དེས་རྫོགས་པའི་སངས་རྒྱས་རྣམས་ཀྱང་མཉེས་པར་བྱེད་དོ།། ཀྱང་གི་སྒྲས་ནི་བྱང་ཆུབ་སེམས་དཔའ་རྣམས་དང་།
་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་། སེམས་ཅན་ཐམས་ཅད་ཀྱང་མཉེས་ཤིང་མགུ་བར་བྱེད་པ་སྟེ། སེམས་ཅན་གྱི་དོན་གྱི་ཡུལ་མངོན་པར་འདོད་པ་སྐྱེད་པར་བྱེད་པའོ།། རྡོ་རྗེ་དགའ་བའི་ཕྱག་རྒྱ་བཅིངས་པས་ནི་ཇི་སྐད་གསུངས་པའི
་ལས་རྣམས་དོན་དང་མཐུན་པར་བྱེད་པས་ན་རྒྱལ་བ་ཀུན། ལེགས་སོ་བས་ནི་བསྟོད་པར་བྱེད་ཅེས་བྱ་བ་སྟེ། ལེགས་སོ་བྱ་བའི་ཕྱག་རྒྱ་བཅིངས་པ་ལས་སེ་གོལ་གཏོགས་པ་སྔགས་པ་དེ་ལ་བསྟོད་པར་མཛད་པ་སྟེ། སྔགས་པར
་མཛད་དོ། ཞེས་བྱ་བའི་དོན་ཏོ།། རིན་ཆེན་རྡོ་རྗེ་བཅིངས་པས་ན་ཞེས་བྱ་བ་ལ་སོགས་པ་ལོ།། རིན་ཆེན་རྡོ་རྗེ་མཾ་ཞེས་སྨོས་ཀྱང་རིན་པོ་ཆེའི་མྱུ་གུ་འདི་ནི་རིན་པོ་ཆེའི་སྤྱིར་གསུངས་ཏེ། དེ་བས་ན་འདི་བཅིངས་པས་སངས་རྒྱས་ཀྱི་དཔུང
་བསྐུར་བར་བྱེད་དོ། སངས་རྒྱས་ཀྱི་དབང་བསྐུར་བ་བྱིན་ན་སྔགས་པོ་དེ་ལ་སངས་རྒྱས་རྣམས་ཀྱི་འོད་ཟེར་གྱིས་དབང་བསྐུར་བ་ལ་སོ་གས་པས་དབང་བསྐུར་བར་འགྱུར་རོ།། རྡོ་རྗེ་ཉི་མའི་ཕྱག་རྒྱ་བཅིངས་པས་ནི་སྔགས་པ་དེ
་སངས་རྒྱས་ཀྱི་ནི་འོད་འདྲར་འགྱུར་ཞེས་བྱ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་འོད་ཉིད་ཡོད་པར་འགྱུར་བས་ན། སངས་རྒྱས་ཀྱི་ནི་འོད་འདྲ་སྟེ། སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་འཐོབ་པར་འགྱུར་རོ།། ཞེས་བྱ་བའི་དོན
་ཏོ།། རྡོ་རྗེ་རྒྱལ་མཚན་འཆང་འགྱུར་བསོ་ཞེས་བྱ་བ་ནི་རྡོ་རྗེ་དཔལ་གྱི་ཕྱག་རྒྱ་བཅིངས་ན་དེ་རེ་བ་ཀུན་ཡང་རྫོགས་པར་བྱེད་ཅེས་བྱ་བ་སྟེ། དེའི་རེ་བ་ཐམས་ཅད་འབྲས་བུ་དང་བཅས་པར་འགྱུར་བའི་དོན་ཏོ།། རེ་བ་ཀུན་ནི་སྔགས
་པ་དེའི་འདོད་པའི་སྲེད་པ་རྫོགས་པར་བྱེད་ཅིང་འབྲས་བུ་དང་བཅས་པར་བྱེད་ཅེས་བྱ་བའི་དོན་ཏོ།། རྡོ་རྗེ་བཞད་པའི་སྦྱོར་བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་བཞད་པའི་དམ་ཚིག་གི་ཕྱག་རྒྱ་འཆིང་བའོ།། སངས
་རྒྱས་ཀུན་དང་ལྷན་ཅིག་བཞད་ཅེས་པ་ནི་དེས་སེམས་ཅན་རྣམས་ཀྱི་ཡོངས་སུ་སྨིན་པའི་དུས་ཞེས་ནས་ཆོས་ཡོངསུ་ཞུ་བའི་ཕྱིར་བསྐུལ་བར་བྱ་བོའི་ཅུང་ཟད་བཞད་པའི་སྔགས་པ་སྟེ། སངས་རྒྱས་ཀུན་དང་ལྷན་ཅིག་བཞད
་ཅེས་བྱ་སྟེ། སྔགས་པ་དེ་ཡང་སངས་རྒྱས་ཀྱི་བཞད་པ་སྟོན་པས་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཆོས་ཀྱི་རྡོ་རྗེ་བཅིངས་པས་ན་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་དམ་ཚིག་གི་ཕྱག་རྒྱ
་བཅིངས་ན་རྡོ་རྗེ་ཆོས་དང་འདྲ་བར་འགྱུར་ཞེས་བྱ་བ་སྟེ། འཇིག་རྟེན་དབང་ཕྱུག་དང་འདྲ་བར་འགྱུར་ཞེས་བྱ་བའི་དོན་ཏོ།། པདྨའི་རིགས་སྤྱིར་རྡོ་རྗེ་ཆོས་མ་ཞེས་གསུངས་མོད་ཀྱི། འོན་ཀྱང་འ་ཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ
་ཉིད་ཡིན་པར་ཤེས་པར་བྱའོ།། རྡོ་རྗེ་རལ་གྲི་ནི་བཅོམ་ལྡན་འདས་འཇམ་དཔལ་དབྱངས་ཀྱི་རལ་གྲིའི་ཕྱག་རྒྱའོ།། དེ་ཐོགས་པ་ནི་བཅིངས་པའོ།། ཉོན་མོངས་པ་ཐམས་ཅད་ངེས་གཅོད་དོ་ཞེས་པ་ནི་ཤཽ་ས་རབ་ཀྱི་རཱ
་གྲིས་ཉོན་མོངས་པ་ཐམས་ཅད་གཅོད་དོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་འཁོར་ལོ་བསྟན་བྱས་པས་ཞེས་བྱ་བ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་པས་སོ།། དཀྱིལ་འཁོར་གྱི་ནི་དབང་པོར་འགྱུར་ཞེས་བྱ་བར་ནི་བྱང
་ཆུབ་སེམས་དཔའ་རྡོ་རྗེ་འཁོར་ལོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་སྨྲ་བའི་སྦྱོར་བས་ཞེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་དམ་ཚིག་བཅིངས་པས་སོ།། རྡོ་རྗེ་ངག་མཆོག་གྲུབ་པར་འགྱུར་ཞེས་བྱ་བ་ནི་རྡོ་རྗེའི་ཚིག་མཆོག་དེ་ཡང་རྡོ་རྗེ་ལྟར་མི་ཕྱེད
་པའི་ངག་ཡིན་པས་ན་རྡོ་རྗེ་ངག་གོ།། ལས་ཀྱི་རྡོ་རྗེ་བཅིངས་པས་ན་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་སོ།། རྡོ་རྗེ་ལུས་དང་འདྲ་བར་འགྱུར་ཞེས་བྱ་བ་ནི་མཚུངས་པར་འགྱུར་བ་སྟེ། དེའི་ལས་ཀྱི་བྱ་བ་བྱེང་ནུལ་འགྱུར
་རོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ།། རྡོ་རྗེ་གོ་ཆ་བསྟན་བྱས་པས་ཞེས་བྱ་བ་ནི་རྡོ་རྗེ་གློ་ཆའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་སོ།། ལུས་ནི་རྡོ་རྗེ་འདྲ་བར་འགྱུར་ཞེས་བྱ་བ་ནི་བདག་གམ། གཞན་གྱི་ལུས་རྡོ་རྗེ་དང་འདྲུ་བར་དབྱེར་མི་ཕྱེད་པར
་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་མཆེ་བ་མཆོག་རྒྱས་པ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་མཆེ་བའི་ཕྱག་རྒྱ་བཅིངས་པས་སོ།། མ་རུངས་བདུད་ནི་དེས་འཇོམས་སོ་ཞེས་བྱ་བ་ནི་སྔགས་པ་དེས་བགེགས་དང་ལོག་འདྲེན་མ་རུངས་པ་རྣམ
་འཇོམས་ཤིང་བརླག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཁུ་ཚུར་དམ་བཅིངས་པས་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་བཅིངས་པས་སོ།། ཕྱག་རྒྱ་ཀུན་ཀྱང་དབང་དུ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཐམས་ཅད་དབང་དུ་འགྱུར
་བ་སྟེ། ལས་ལ་རང་དབང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། འཛེམ་པས་ལྷའི་དགའ་བ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་སྒེག་མོའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་སྔགས་པས་ལྷའི་དགའ་བ་དང་མགུ་བ་འཐོབ་པར་འགྱུར་རོ།། རྡོ
་རྗེ་ཕྲེང་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་འདི་འམ་གཞན་དུ་རྒྱན་དང་སྤུང་པ་རྣམས་འཐོབ་པར་འགྱུར་རོ།། རྡོ་རྗེ་གླའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་ངག་ཡོངསུ་དག་པ་འཐོབ་པར་འགྱུར་རོ།། རྡོ་རྗེ་གར་གྱི་དམ་ཚིག
་གི་ཕྱག་རྒྱ་བཅིངས་ན་སངས་རྒྱས་ཐམས་ཅད་ཀྱིས་ཡང་དག་པར་མཆོད་པར་འགྱུར་རོ།། ལྷ་མོ་བདུག་པ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ན། འཇིག་རྟེན་ཚིམ་པར་བྱེད་ཅེས་པ་སྟེ། འཇིག་རྟེན་པ་རྣམས་ཀྱི་དགའ་བ་སྐྱེད་པར་བྱེད
་ངོ་ཞེས་བྱ་བའི་དོན་ཏོ།། ལྷ་མོ་མེ་ཏོག་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ནི་མཛེས་པའི་གཟུགས་ཞེས་པ་སྟེ། གཟུགས་བཟང་བ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། མར་མེ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ནི་སྣད
་བས་ངག་ཅེས་པ་སྟེ། ཡེ་ཤེས་ཀྱི་སྣང་བ་ཡོངས་སུ་དག་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དྲི་སྟེ་ལྷ་མོ་བྱུག་པ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པས་ནི་ལྷ་རྫས་དྲི་ཅན་དུ་ཞེས་པ་སྟེ་ཚེ་འདི་འམ་གཞན་དུ་ལུས་ལ་དྲི་ཉིད་འཐོབ
་བར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ལྕགས་ཀྱུའི་དམ་ཚིག་གི་ཕྱག་རྒྱ་བཅིངས་པོས་ནི་འགུགས་པ་ཞེས་པ་སྟེ། འདྲེན་པར་བྱེད་དོ།། ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཞགས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་ཐམས་ཅད་དཀྱིལ་འཁོར
་དུ་འཇུག་པར་བྱེད་དོ།། རྡོ་རྗེ་ལྕགས་སྒྲོག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་ཐམས་ཅད་འཆིང་ནུས་པར་འགྱུར་རོ།། རྡོ་རྗེ་དྲིལ་བུ་མའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ན་ཐམས་ཅད་འབེབས་ནུས་པར་འགྱུར་རོ།། ཕྱག་རྒྱ་བཞིའི་ཡེ་ཤེས
་བསླབ་པར་བྱའོ།། ཞེས་གང་དམ་བཅས་པ་དེ་ལས་ཕྱག་རྒྱ་ཆེན་པོ་དེ་དང་དམ་ཚིག་གི་ཕྱག་རྒྱ་བསྟན་ཟིན་ཏོ།། །། ད་ནི་ཆོས་ཀྱི་ཕྱག་རྒྱའི་སྐབས་ལ་བབ་པས་ན་དེ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཆོས་ཀྱི་ཕྱག་རྒྱ་ཞེས
་བྱ་བ་ལ་སོགས་པ་གསུངས་ཏེ། བཛྲ་ཛྙཱ་ན་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། དེའི་ཡེ་ཤེས་ཡིན་པས་ན། རྡོ་རྗེའི་ཡེ་ཤེས་སོ།། དེ་ཡང་སངས་རྒྱས་ལྔ་རྣམས་ཀྱི་སྟེ། བཛྲཱ་ཛྙཱ་ན་ཞེས་བྱ་བའི་སྒྲ་གཟུགས་འདི་ནརྀ་སངས་རྒྱས
་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ།། རྡོ་རྗེ་དབྱིངས་ནི་བསྟན་པར་བྱེད་ཅེས་བྱ་བ་ནི་དེའི་ལས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་པར་བྱེད་དོ།། དེ་ལྟར་སངས་རྒྱས་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་བསྟན་ནས། བྱང་ཆུབ་སེམས་དཔའ
་རྣམས་ཀྱི་སོ་སོའི་ཕྱག་རྒྱ་སྟོན་པར་བཞེད་པའི་ཕྱིར་དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་པའོ།། ཅི་ཞིག་བཤད་ཅེ་ན། ཆོས་ཀྱི་ཕྱག་རྒྱ་ཆོ་ག་བཞིན་ཞེས་གསུངས་ཏེ།
་སེམས་དཔའ་གང་དང་གང་གི་ཆོ་ག་གང་དང་གོང་ཡིན་པ་དེ་ནི་ཆོ་ག་བཞིན་ཏོ། སེམས་དཔའ་གང་དང་གང་གི་ཆོས་ཀྱི་ཕྱག་རྒྱ་གང་དང་གང་ཡིན་པ་ཞེས་བྱ་བའི་དོན་ཏོ།། ས་མ་ཡ་སྟྭཾ་ཞེས་པའི་སྒྲའི་གཟུགས་འདི་ནི་བཅོམ
་ལྡན་འདས་རྡོ་རྗེ་སེམས་དཔའི་ཆོས་ཀྱི་ཕྱག་རྒྱ་ཡིན་ཏེ། གང་གི་ཕྱིར་འདི་ནི་རྒྱུད་འདིར་ཕྱག་རྒྱ་ལ་སོགས་པ་དངོས་པོ་གང་ཅུང་ཟད་ཅི་ཡོད་པ་དེ་ཐམས་ཅད་ནི། རྡོ་རྗེ་སེམས་དཔའི་རང་བཞིན་ཡོངས་སུ་གྱུར་པ་ཡིན་ནོ།། དེ
་བས་ན་འདི་ནི་དམ་ཚིག་ཆེན་པོ་ཡིན་ལ། ཇི་སྐད་གསུངས་པ་དེ་ཡང་དེའི་ཆོས་ཀྱི་ཕྱག་རྒྱ་ཡིན་ནོ།། ཕྱག་རྒྱ་ཀུན་གྱི་དབང་པོར་འགྱུར་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་ལས་སྟོན་པ་ཡིན་ཏེ། རྡོ་རྗེ།
་སེམས་དཔར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཨཱ་ན་ཡ་སཱ་ཞེས་བྱ་བ་ནི་ལྷ་རྣམས་འགུགས་པར་བྱེད་པའི་ལས་སྟོན་པའི་སྒྲའི་གཟུགས་དེ་བཅོམ་ལྡན་འདས་རྡོ་རྗེ་རྒྱལ་པོའི་ཆོས་ཀྱི་ཕྱག་རྒྱའོ་ཞེས་བརྗོད་ན་ཞེས་བྱ་བ་ནི་དེ་བརྗོད
་ནའོ།། གདོན་མི་ཟ་བར་སངས་རྒྱས་འགུགས་ཅེས་བྱ་བ་ནི་དེའི་ལས་སྟོན་པ་ཡིན་ནོ།། ཨ་ཧོ་སུ་ཁཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཆགས་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། འདིའི་ལས་ནི་སངས་རྒྱས་ལ་སོགས
་པ་མཉེས་པར་བྱེད་པའོ།། ཆགས་པ་ནི་འདུན་པ་སྟེ། སེམས་ཅན་རྣམས་ཀྱི་དོན་བྱ་བའི་ཕྱིར་སངས་རྒྱས་སོམ་གཞན་རྣམས་ཀྱང་གང་དག་གི་འམ། ཆོ་ག་ཇི་བཞིན་པས་འདོད་པ་དེ་ནི་ཆགས་པ་ཞེས་བཤད་དོ།། སཱ་དྷུ་སཱ་དྷཱ་ཞེས
་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ལེགས་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། འདི་བརྗོད་ན་ལེགས་སོ་ཞེས་བྱ་བའི་ཚིག་གིས་སངས་རྒྱས་ལ་སོགས་པ་མཉེས་པར་བྱེད་པ་ནི་འདིའི་ལས་ཡིན་ནོ།། སུ་མ་ཧེ་ཏ་ཏྲི་ཞེས
་བྱབྱོབྱ་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་ཆོས་ཀྱི་ཕྱག་རྒྱའོ།། སངས་རྒྱས་རྣམས་ཀྱི་དབང་བསྐུར་བ་འཐོབ་ཅེས་བྱ་བ་ནི་སངས་རྒྱས་རྣམས་དབང་བསྐུར་བའི་སྔགས་པ་ནི་སངས་རྒྱས་རྣམས་ཀྱི་དབང་བསྐུར་བ་འཐོབ།
་བོ་ཞེས་བྱ་བའི་དོན་ཏོ།། རཱུ་པ་དྱོ་ཏ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གཟི་བརྗིད་ཀྱི་ཆོས་ཀྱི་ཕྱག་རྒྱའོ།། ཞེས་སྨྲས་ན་ཞེས་བྱ་བ་ནི་བརྗོད་ན་སྔགས་པ་དེ་ཆོས་ཀྱི་གཟི་བརྗིད་ཉིད་དུ་འགྱུར་ཞེས་བྱ་བ་སྟེ།
་ལུང་དང་རྟོགས་པའི་བདག་ཉིད་ཅན་གྱི་ཆོས་ཀྱི་གཟི་བརྗིད་ཡོད་པར་འགྱུར་བས་ན་ཆོས་ཀྱི་གཟི་བརྗིད་དོ།། འདི་སྐད་སྟོན་ཏོ།། འཇིག་རྟེན་ལས་འདས་པའི་ཆོས་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་འཐོབ་ཅེས་བྱ་བའི་དོན་ཏོ།།
་ཨརྠ་པྲཱབྷེ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རིན་ཆེན་དཔལ་གྱི་ཆོས་ཀྱི་ཕྱག་རྒྱ་སྟེ། དེ་བརྗོད་ན་རེ་བ་ཀུན་ནི་རྫོགས་པར་བྱེད་ཅེས་བྱ་བ་སྟེ། སྔགས་པ་དེ་དེ་ལྟར་འགྱུར་པ་སྟེ་འདིའི་ལས་བསྟན་པའོ།། ཧ་ཧ་ཧཱུཾ
་ཧེ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་བཞད་པའི་ཆོས་ཀྱི་ཕྱག་རྒྱའོ།། ཞེས་རྒད་ན་ཞེས་བྱ་བ་ནི་སྔགས་པ་དེས་སོ།། སངས་རྒྱས་བཞད་པ་རྙེད་པར་འགྱུར་ཞེས་བྱ་བ་འདི་ནི་ལས་ཡིན་ཏེ། སངས་རྒྱས་ལྟར
་འཛུམ་པ་ཡང་དག་པར་སྟོན་པས། དེ་ཡང་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ། ཞེས་བྱ་བའི་དོན་ཏོ།། སརྦ་ཀཽ་རི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ།། སྔགས་པ་དེ་བརྗོད་ན་མི་བྱ་བའི
་རྣམས་ཀྱང་སྦྱོང་ཞེས་བྱ་བ་སྟེ། བྱ་བ་ཡིན་པས་ན་བྱ་བའོ།། དེ་མི་བྱེད་པས་ན་མི་བྱ་བ་སྟེ་ཆོས་ཀྱི་དབྱིངས་ཡིན་ལ། དེ་ཡང་སྦྱོང་བ་སྟེ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་རྟོགས་པའོ།། དུཁ་ཙྪེ་ང་ཞེས་བྱ་བའི
་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་རྣོན་པོའི་ཆོས་ཀྱི་ཕྱག་རྒྱའོ།། ཞེས་སྨྲས་ནཱ་ཞེས་བྱ་བ་ནི་བརྗོད་ནའོ།། དེ་ནི་སྡུག་བསྔལ་ཐམས་ཅད་གཅོད་ཅེས་བྱ་བ་ནི་གདུལ་བྱ་བ་རྣམས་སྡུག་བསྔལ་ཐམས
་ཅད་གཅོད་པའོ།། དེ་བྱ་བ་ནི་སྔགས་པའོ།། པུདྡྷ་བོ་དྷི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་རྒྱུའི་ཆོས་ཀྱི་ཕྱག་རྒྱའོ།། ཞེ་ས་སྨྲས་ན་ཞེས་བྱ་བ་ནི་དེ་བརྗོད་ནའོ།། དཀྱིལ་འཁོར་ཀུན་གྱི་བདག་པོར་འགྱུར་ཞེས
་བྱ་བ་ནི་འདིའི་ལས་སོ།། པྲ་ཏི་ཤེཔྟ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་སྨྲ་བའི་ཆོས་ཀྱི་ཕྱག་རྒྱའོ།། ཞེས་སྨྲས་ན་ཞེས་བྱ་བ་ནི་དེ་བརྗོད་ན་སྔགས་པ་སངས་རྒྱས་རྣམས་དང་ལྷན་ཅིག་སྨྲ་ཞེས་བྱ་བ་འདི་ནི་དྭེའི
་ལས་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་གསུང་དབྱངས་གཅིག་ཏུ་སྨྲ་བས་སེམས་ཅན་རྣམས་ཀྱི་སོ་སོའི་ཇི་ལྟར་བསམ་པའི་དོན་སྟོན་པར་བྱེད་པའོ།། སྨྲ་བ་ནི་ཚིག་ལ་བྱ་ལ་མཉམ་པར་སྨྲ་བས་ན་ལྷན་ཅིག
་སྨྲ་བ་སྟེ། སངས་རྒྱས་རྣམས་དང་ལྷན་ཅིག་སྨྲ་བ་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སུ་བྷཱུ་ཥི་ཏཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ།། ཞེས་སྨྲས་ན་ཞེས་བྱ་བ་ནི་སྔགས
་པས་དེ་བརྗོད་ནའོ།། ཀུན་གྱི་དབང་དང་ལྡན་པར་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་དེའོ་ལས་སྟོན་པ་ཡིན་ཏེ། སངས་རྒྱས་མཆོད་པ་ལ་སོགས་པའི་ལས་རྣམས་ལ་ཐམས་ཅད་དུ་དབང་དང་ལྡན་པ་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ
་བའི་དོན་ཏོ།། ནཱིནྟ་ཡ་སྟྭཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་བསྲུང་བའི་ཆོས་ཀྱི་ཕྱག་རྒྱའོ།། ཞེས་སྨྲ་བ་ཞེས་བྱ་བ་ནི་སྔགས་པས་དེ་བརྗོད་ནའོ།། དེ་མ་ཐག་ཏུ་འཇིགས་མེད་འགྱུར་ཞེས་བྱ་བ་ནི་དེའི་ལས་སྟོན
་པ་ཡིན་ནོ།། འདི་སྐད་སྟོན་ཏེ། རྡོ་རྗེ་བསྲུང་བའི་ཆོས་ཀྱི་ཕྱག་རྒྱ་བརྗོད་ནི་འཇིགས་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། ཤ་ཏྲཱུཾ་བྷྲྀཀྵ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཆོས་ཀྱི་ཕྱག་རྒྱའོ།།
་སྔགས་པས་དེ་བརྗོད་ན་དགྲ་རྣམས་ཐམས་ཅད་ཟ་བར་འགྱུར་ཞེས་བྱ་ནི་དེའི་ལས་སྟོན་པ་ཡིན་ཏེ་དགྲ་རྣམས་ཟ་བ་ཞེས་བྱ་བ་ནི་མཐུ་མོང་པར་བྱེད་པའོ།། སརྦ་སིདྡྷི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཆོས
་ཕྱག་རྒྱའོ།། དེ་སྔགས་པས་བརྗོད་ན་ཐམས་ཅད་གྲུབ་པ་ཉིད་དུ་འགྱུར་ཞེས་བྱ་བ་ནི་དེའི་ལས་ཡིན་ཏེ། ཐམས་ཅད་གྲུབ་པ་ནི་དགོས་པ་ཐམས་ཅད་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། །། མཧཱ་རཱ་ཏཱི་ཞེས་བྱ་བའི་སྐུའི་གཟུགས
་འདྲི་ནི་རྡོ་རྗེ་སྒེག་མོའི་ཆོས་ཀྱི་ཕྱག་རྒྱ་སྟེ། སྔགས་པས་འདི་བརྗོད་ན་དེའི་ལས་ནི་རྣལ་འབྱོར་པ་མཉམ་པར་འཇོག་པའི་ཆ་འམ། ཡང་ནུ་ལས་ཀྱི་རྐྱེན་ལྷའི་དགའ་བ་འཐོབ་པར་འགྱུར་བའོ།། རཱུ་པ་ཤོ་བྷཻ་ཞེས་བྱ་བའི་སྒྲའི་གཟུགས
་འདི་ནི་རྡོ་རྗེ་ཕྲེང་མའི་ཆོས་ཀྱི་ཕྱག་རྒྱ་སྟེ། སྔ་མ་བཞིན་དུ་བརྗོད་ན་སྔགས་པས་གཟུགས་བཟང་བ་འཐོབ་པར་འགྱུར་རོ་ཞེས་སྟོན་ཏོ།། ཤོ་ཏྲ་སཽ་ཁྱཱ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གླུ་མའི་ཆོས་ཀྱི་ཕྱག
་རྒྱའོ།། སྔགས་པས་དེ་བརྗོད་ན་བདེ་བ་ཐོབ་པ་སྟེ། རྣལ་འབྱོར་བསྒོམ་པའི་ཚེ་འམ། དུས་གཞན་གྱི་ཚེ་ན་ཡང་བདེ་བ་དང་ཡིད་བདེ་བ་མང་བར་འགྱུར་རོ།། སརྦ་པཱུ་ཛེ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི།
་བཅོམ་ལྡན་འདས་རྡོ་རྗེ་གར་ཆོས་ཀྱི་ཕྱག་རྒྱའོ།། སྔགས་པས་དེ་བརྗོད་ན་རབ་ཏུ་མཆོད་པར་བྱེད་པ་འཐོབ་པ་སྟེ། ལྷ་དང་མིས་ཤིན་ཏུ་མཆོད་པར་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། པྲ་ཧཱུ~ཾ་ད་ནི་ཞེས་བྱ་བའི་སྒྲའི
་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་བདུག་པ་མའི་ཆོས་ཀྱི་ཕྱག་རྒྱའོ།། སྔགས་པས་དེ་བརྗོད་ན་ཡིད་བདེ་བ་སྟེ། ཡིད་བདེ་བར་འགྱུར་པ་སྦྱིན་པར་བྱེད་པ་འདི་ནི་དེའི་ལས་ཡིན་ནོ།། ཕ་ལཱ་གཱ་མི་ཞེས་བྱ་བའི་སྒྲའི
་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་མེ་ཏོག་མའི་ཆོས་ཀྱི་ཕྱག་རྒྱའོ།། སྔགས་པས་དེ་བརྗོད་ན་ཡིད་ལ་མངོན་པར་འདོད་པའི་འབྲས་བུ་འཐོབ་པར་འགྱུར་བ་སྟེ། འདི་ནི་དེའི་ལས་ཡི་ནོ།། སུ་ཏེ་ཛཱ་གྲི་ཞེས་བྱ་བའི་སྒྲའི
་གཟུགས་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་མར་མེ་མའི་ཆོས་ཀྱི་ཕྱག་རྒྱའོ།། སྔགས་པས་དེ་བརྗོད་ན་གཟི་བརྗིད་ཆེན་པོ་ཐོབ་པར་བྱེད་པ་འདི་ནི་དེའི་ལུས་ཡིན་ནོ།། སུ་གན་དྷདྷཱི་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ
་བྱུག་པ་མའི་ཆོས་ཀྱི་ཕྱག་རྒྱའོ།། སྔགས་པས་དེ་བརྗོད་ན་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་དྲི་ལུས་ལ་འཐོབ་པར་འགྱུར་ཏེ། འདི་ནི་དེའི་ལས་ཡིན་ནོ།། ། ཨཱ་ཡ་ཧི་ཛ་ཞེས་བྱ་བའི་སྒྲའི་གཟུགས
་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ལྕགས་ཀྱུའི་ཆོས་ཀྱི་ཕྱག་རྒྱའོ།། ཡང་དྲུག་པར་འགུགས་པར་བྱེད་ནཱི་དེའི་ལས་ཡིན་ནོ།། ཨཱ་ཡ་ཧི་ཧཱུཾ་ཧཱུཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ་ཞགས་པའི་ཆོས་ཀྱི་ཕྱག་རྒྱ་སྟེ། ལྕུག་མ་ནི་དེའི་ལས་ཡིན་ནོ།།
་ཧཱུཾ་སྥོ་ཊ་བཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ་ལྕོགས་སྒྲོག་གི་ཆོས་ཀྱི་ཕྱག་རྒྱ་སྟེ། ལྷག་མ་ནི་ལས་ཡིན་ནོ།། གྷཱཎྜ་ཊ་ཨ་ཨཾ་ཞེས་བྱ་བའི་སྒྲའི་གཟུགས་འདི་ནི་རྡོ་རྗེ་དྲིལ་བུའི་ཆོས་ཀྱི་ཕྱག་རྒྱའོ།། རབ་བསྐྱོང་པ་ཞེས་བྱ་བ་ནི་དྲིའི་ལས
་ཡིན་ནོ།། ཆོས་ཀྱི་ཕྱག་རྒྱ་དང་དེ་དག་གི་ལས་རྣམས་བཤད་ཟིན་ཏོ།། ། ད་ནི་སྒྲུབ་པ་བཤད་དགོས་པས་དེའི་ཕྱིར་དེ་ནས་དྲི་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་སྒྲུབ་པ་དགེ་བོ་བཤད་ཅེས་བྱ་བ་གསུངས་སོ།། འདིས་སྒྲུབ
་བས་ན་སྒྲུབ་པ་སྟེ། ངེས་པའི་སྦྱོར་བ་གང་གིས་རང་གི་ལས་སྒྲུབ་པ་དེ་ལ་སྒྲུབ་པ་ཞེས་བྱའོ།། སྦྱོར་བ་དེ་ཡང་གང་ཡིན་ཞེ་ན། དེའི་ཕྱིར་ལྕེ་ལ་རྡོ་རྗེ་དགེ་བ་སྒོམས་ནས་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་ཕྱག་རྒྱ་བརྗོད་པའི་ཚེ་ལྕེ་ལ
་རྗེ་ཞེས་བྱ་བ་རྩེ་ལྔ་པ་དགེ་བ་ཞེས་བྱ་བ་དཀར་པོ་བསྒོམ་པ་སྟེ་དགོང་བུར་བྱའོ།། ངའི་འོག་ཏུ་ཆོས་ཀྱི་ཕྱག་རྒྱ་བརྗོད་པར་བྱ་སྟེ། དེས་ན་འདིའི་དགོས་པ་ཐམས་ཅད་འགྲུབ་པོར་འགྱུར་རོ།། ཕྱག་རྒྱ་བཞིའི་ཡེ་ཤེས
་བསླབ་པར་བྱའོ།། ཞེས་གསུངས་པོས། ད་ནི་ལས་ཀྱི་ཕྱག་རྒྱ་བརྗོད་དགོས་ཏེ། དེ་བས་ན་དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བ་བཤད་དེ་ཞེས་བྱ་བ་གསུངས་ཏེ། ལས་རབ་ཏུ་སྟོན་པའི་ཕྱག་རྒྱ་ནི་ལས་ཀྱི་ཕྱག་རྒྱ་སྟེ། གང་གིས་བཅིངས
་པས་རྒྱུད་ལས་གསུངས་པའི་ལས་རྣམས་གྲུབ་པར་བྱེད་པ་དེ་རྣམས་ལ་ནི་ལས་ཀྱི་ཕྱག་རྒྱ་བཤད་དོ།། དེ་རྣམས་བཅིང་བ་ནི་མཚན་ཉིད་ཇི་ལྟ་བ་བཞིན་དུ་སྦྱར་བའོ།། རྡོ་རྗེ་ཁུ་ཚུར་དམ་བཅིངས་ཏེ་ཞེས
་བྱ་བ་ལ་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་ནི་སྔར་བཤད་པའོ།། དེ་དམ་དུ་བཅིངས་པ་ནི་མཚོན་ཉིད་ཇི་ལྟ་བ་བཞིན་དུ་རྫོགས་པར་བྱས་པའོ།། མཉམ་པར་བཞག་པས་ཞེས་བྱ་བ་འདིས་ནི་རང་གི་ལྷར་བདག་ཉིད་མངོན་སུམ་དུ་བྱས་ནས་གདོད
་ལས་རྣམས་ཀྱིས་ཤིག་ཅེས་སྟོན་པ་ཡིན་ནོ།། གཉིས་སུ་ཞེས་བྱ་བ་ནི་བཅིང་བ་དེ་སོ་སོར་དབྲལ་བར་བྱའོ།། རྡོ་རྗེ་ཁུ་ཚུར་ལག་པ་གཉིས་སུ་ཕྲལ་ན་རྡོ་རྗེའི་ཕྱག་རྒྱ་གཉིས་སུ་འགྱུར་ཏེ། ང་ལ་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་སོ་སོའི་དབྱེ་བ
་བཅིང་བ་འཆད་དོ།། དེ་ལ་རེ་ཞིག་ཐོག་མར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་སྟོན་ཏེ། དེའི་མཚན་ནི་གཡོན་པ་ཞེས་བྱ་བ་ལ་སོགས་པ་འདི་ཡིན་ཏེ། སྙིང་ག་ན་གནས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་སོར་མོ་སྟེ།
་སོར་མོ་བྱེ་བྲག་ཏུ་མ་ཕྱེ་བར་གསུངས་ཀྱང་། མན་ངག་ལས་མཛུབ་མོ་ཡིན་པར་ཤེས་པར་བྱའོ།། གཡས་པ་ཞེས་བྱ་བ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་སོ།། ཅི་བཀུག་པ་ཉིད་ལ་བཟུང་ངམ་ཞེ་ན། མ་ཡིན་ཏེ། བསྒྲེང་བར་བྱ་བ་ཞེས
་གསུངས་ཏེ། བསྒྲེང་བ་ནི་རྩེ་མོ་གྱེན་དུ་བསྟན་པའོ།། བྱང་ཆུབ་ནི་རྟོགས་པ་སྟེ། ཐུགས་སུ་ཆུད་པ་ཞེས་བྱ་བའི་དོན་ཏོ།། རྟོགས་པ་ཐམས་ཅད་ཀྱི་དམ་པར་གྱུར་པས་ན་མཆོག་སྟེ། བྱང་ཆུབ་མཆོག་གོ།། དེ་སྟོན་པར་བྱེད་པའི་ཕྱག་རྒྱ་ནི
་སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ་ཞེས་པ་སྟེ་ཐ་མའི་འབྲས་བུ་སྟོན་པའོ།། མི་གཡོ་བའི་ས་རེག་པ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཡོན་པ་བཀུན་ཏེ་སྐྱིལ་མོ་ཀྲུང་གི་སྟེང་དུ་བཞག་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་བརྐྱང་ནས་པུས་མོ་གཡས
་པའི་ཕྱོགས་སུ་ཁ་སྦུབ་ཅིང་སོར་མོ་རྣམས་ཀྱི་རྩེ་མོ་ཅུང་ཟད་ས་ལ་མ་རེག་པར་བྱས་པ་ནི་མི་བསྐྱོད་པའི་ཕྱག་རྒྱའོ།། དེ་བཞིན་རིན་ཆེན་མཆོག་སྦྱིན་པའོ་ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཡོན་པ་སྔ་མ་བཞིན་དུ་སྐྱིལ
་མོ་ཀྲུང་གི་སྟེང་དུ་བཞག་པའོ།། རིན་ཆེན་ཞེས་བྱ་བ་ནི་རིན་ཆེན་འབྱུང་ལྡན་གྱིའོ།། ནི་ཞེས་བྱ་བའི་སྒྲ་ནི་བྱེ་བྲག་ཏུ་དབྱེ་བའི་དོན་ཏོ།། མཆོག་སྦྱིན་པ་ནི་གཡས་པ་མཆོག་སྦྱིན་པའི་ཚུལ་དུ་འཇོག་པ་སྟེ། རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱལ
་ཚེ་དཔག་མེད་པ་ཞེས་བྱ་བ་ལ་དཔག་པ་ནི་ཅུང་ཟང་ཙམ་ལ་བྱ་ལ། འདི་ནི་མི་དཔོག་པས་ནི་དཔག་མེང་། དཔག་ཏུ་མེད་པའི་སྐུ་ཚེ་མངའ་བས་ན་ཚེ་དཔག་མེད་དོ།། ཏིང་ངེ་འཛིན་མཆོག་ཅེས་བྱ་བ་ནི་སྐྱིལ་མོ་ཀྲུང་གི་སྟེང་དུ་རྡོ་རྗེ་ཁུ
་ཚུར་གཉིས་བཞག་ལ། མཛུབ་མོ་གཉིས་བཀུག་པའི་སེན་མོ་རྒྱབ་གཅིག་ལ་གཅིག་སྦྱར་བར་བྱ། དེ་ནས་མཐེ་བོ་གཉིས་ཁ་ཐུར་དུ་བསྟན་ལ་རང་རང་གི་མཛུབ་མོ་དང་རྩེ་སྤྲད་པ་ནི་ཚེ་དཔག་ཏུ་མེད་པའི་ཕྱག་རྒྱའོ།། གདོན་མི་ཟ་བར
་མིམོ་འཇིགས་སྦྱིན་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཡོན་པ་སྐྱིལ་མོ་ཀྲུང་གི་སྟེང་དུ་བཀན་ཏེ་བཞག་ལོ། རྡོ་རྗེ་ཁུ་ཚུར་གཡས་པ་བརྐྱང་སྟེ་མི་འཇིག་པ་སྦྱིན་པའི་ཚུལ་དུ་འཇོག་པ་འདི་ནི་གདོན་མི་ཟ་བར་འགྲུབ་པའི་ཕྱག་རྒྱའོ།།
་སངས་རྒྱས་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་བཤད་ཟིན་ནས། སེམས་དཔའ་རྣམས་ཀྱི་ཕྱག་རྒྱའི་མཚན་ཉིད་འཆད་པར་བཞེད་ནས། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ན།
་མདོར་བསྡུས་ཞེས་བྱ་བ་ནི་མདོར་བྱས་པའོ།། གང་གི་ཞེ་ན། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས་ཞེས་བྱའོ།། ཇི་ལྟ་བུ་ཞིག་ཅེ་ན། རྡོ་རྗེའི་ལས་བྱེད་པ་དེ་ཞེས་བྱ་བ་སྟེ། ཐོགས་པ་མེད་པའི་ལས་ལ་འཇུག་པར་བྱེད་པའོ་ཞེས
་སྟོན་པ་ཡིན་ནོ།། བསྒྱིངས་པ་དང་ལྡན་པས་ན་བསྒྱིངས་བཅས་ཏེ། བསྒྱིངས་ཞེས་བྱ་བའི་སྒྲ་ནི་རྡོ་རྗེ་ཁུ་ཚུར་གཡོན་པ་སྟ་ཟུར་དུ་བཞག་པ་ལ་བྱའོ།། གོ་སོར་བ་ནི་རྡོ་རྗེ་ཁུ་ཚུར་གཡས་པའི་གུང་མོའི་རྩེ་མོ་ལ་རྡོ་རྗེ་རྩེ་ལྔ་པོའི་རྩེ་མོ་དབུས
་མཾ་བཏད་དེ་ཐུགས་ཀར་གྱེན་དུ་བསྟན་ནས་འཛིན་པ་ལ་ནི་གསོར་བ་ཞེས་བྱའོ།། རྡོ་རྗེ་མེད་ན་སེམས་ཀྱིས་ཀྱང་བསམ་པར་བྱ་སྟེ། འདི་ནི་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཡས་པའི་སྙིང་ག་ནས་སོར་བརྒྱད་པ
་ཙམ་གྱིས་ཐད་ཀར་མདུན་དུ་བཞག་ལ། དེའི་ཡང་མདུན་དུ་རྡོ་རྗེ་ཁུ་ཚུར་གཡོན་པ་དེ་བཞིན་དུ་བཞག་ན་ལྕགས་ཀྱུ་འཛིན་པའི་ཚུལ་དུ་གནས་པ་ཡིན་ནོ།། དེ་ལྟར་བཟུང་བའི་ལྕགས་ཀྱུས་བསྒྲུབ་པར་བྱ་བ་འདྲེན་པར་བྱེད་པར་བསམ
་མོ།། མངའ་འཕང་བའི་ཚུལ་ནི་ཞེས་པ་ནི་གོ་སླ་སྟེ། མངས་ཀྱང་སྒྲུབ་པར་བྱེད་པའི་སྙིང་ལ་ཕོག་པར་བྱེད་པར་བསམ་མོ།། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གར་བཞག་ལ་སེ་གོལ་གཉིས་གཏོག་པར་བྱའོ།། ། དབང་བསྐུ
་ངའི་གནས་སུ་རྡོ་རྗེ་ཁུ་ཚུར་གཉིས་བཞག་ལ། རིན་པོ་ཆེ་དགོད་པ་ཡང་བསམ་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་སྙིང་གའི་ཐད་ཀར་གཡས་ཕྱོགས་སུ་བསྐོར་ཞིང་དཀྱིལ་འཁོར་གྱི་ཚུལ་དུ་བསྐོར་བ་འདི་ནི་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱའོ།།
་རྡོརྗེ་ཁུ་ཚུར་གཡོན་པ་བཀན་ཏེ་བཞག་པའི་སྟེང་དུ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་གྲུ་མོ་གཟུགས་ནས་བསྒྲེང་ལ། གཡོན་པའི་མཚན་ཁུང་གི་ཐ~ཾད་ཀར་བཞག་ནས་དོན་ཐམས་ཅད་ཀྱི་ཆར་ཡང་འབེབས་པར་བསམས་ཞིང་། རེ་བ་ཐམས་ཅད
་ཀུན་ཏུ་སྐེང་བ་ནི་རིན་ཆེན་དཔལ་གྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ཐད་ཀར་བཏེག་ལ་ཁའི་གཡས་གཡོན་དུ་མཛེས་པས་བསྐོར་བ་ནི་རྡོ་རྗེ་བཞད་མོའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཡོན་པ་པདྨོར་བསམས་ལ། གཡས་པའི་ཁུ་ཚུར
་གྱིས་པདྨའི་འདབ་མ་འབྱེད་པའི་ཚུལ་དུ་ཁ་འབྱེད་པར་སྟོན་པ་འདི་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཡོན་པའི་སྙིང་གར་བཞག་ལ། རྡོ་རྗེ་ཁུ་ཚུར་གཡོས་པ་རལ་གྲི་འཛིན་པའི་ཚུལ་དུ་གཡས་ཕྱོགས་སུ་བཞག་པར་བྱ་བ་འདི་ནི
་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་ལག་ངར་གཉིས་གཅིག་ཏུ་སྦྱར་ལ་འགལ་མའི་འཁོར་ལོ་ལྟར་མ་དུན་དུ་བསྐོར་བ་འདི་ནི་རྡོ་རྗེ་རྒྱུའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་གྱེན་དུ་དྲང་བ་འདི་ནི་རྡོ་རྗེ་སྨྲ་བའི་ཕྱག
་རྒྱའོ།། རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་བཞག་ལ། གཡོན་པའི་མཛུབ་མེ་ལ་སོགས་པ་ནས་དགྲོལ་ཞིང་། གཡས་པ་མཐེའུ་ཆུང་ལ་སོགས་པ་ནས་དགྲོལ་ཏེ་སྒེག་པས་ཡོངས་སུ་བསྐོར་ལ། མཁུར་ཆོས་གཡོན་པའི་ཐད་དུ་དྲང་།
་དེ་ནས་བསྐོར་བ་གཉིས་པ་བྱས་ལ་མཁུར་ཆོས་གཡས་པའི་ཐད་དུ་དྲང་། དེ་ནས་བསྐོར་བ་གསུམ་པ་བྱེད་ཅིང་སྤྱི་བོར་ཁྱེར་ལ་སྤྱི་གཙུག་ཏུ་བཞག་པ་འདི་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ལྔ་པའི
་ཐད་ཀར་མདུད་པ་བོར་ལ་ཁུ་ཚུར་དེ་གཉིས་རང་རང་གི་ལོགས་ནས་རྒྱབ་ཏུ་དྲངས་ལ་ཡང་མདུད་པ་དོར་བར་བྱའོ།། དེ་ནས་ཁུ་ཚུར་གཉིས་རང་གི་མཆན་ཁུང་གི་འོག་ནུས་དྲངས་ལ་སྙིང་གར་མདུད་པ་དོར་རོ།། དེ་ནས་ཁུ་ཚུར་གཉིས་ཕྲག་པའི
་ཕྱོགས་ནས་དྲངས་ལ་ལྷག་པར་ཕྱུང་སྟེ། མགྲིན་པ་ནས་ལྷག་པར་མདུད་པ་དོར་རོ།། དེ་ནས་ཁུ་ཚུར་གཉིས་ལྷག་པ་ནས་ཏེ་དཔྲལ་བའི་ཕྱོགས་སུ་མདུད་པ་དོར་རོ།། དེ་ནས་ཕྲེང་བ་བཅིང་བའི་ཚུལ་དུ་དྲངས་ལ་ལྷག་པར་ཕྱུང་སྟེ་མདུད་པ
་དོར་རོ།། དེ་ནས་ཁུ་ཚུར་གཉིས་རང་རང་གི་རྣ་བའི་ལྷག་ཏུ་དྲངས་ལ། སོ་སོའི་ངོས་ངོས་སུ་མདུད་པའི་འཇུག་བཅིངས་ལ་ལྡན་པ་གཉིས་ནས་མཐའ་མ་ལ་སོགས་པ་ནས་དགྲོལ་བའི་ཚུལ་གྱིས་དར་ཐོད་འཆང་བའི་ཚུལ་དུ་མཛེས་པར
་དགྲོལ་བར་བྱ་སྟེ། འདི་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེའུ་ཆུང་གཉིས་ཁ་འགྲམ་གྱི་ཐང་ཀར་བཞག་པ་འདི་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཡོན་པ་མདུན་དུ་བཀན་ཏེ་བཞག་ལ། དེའི་སྟེང་དུ
་གཡས་པ་ཁ་སྦུང་ཏུ་བནག་སྟེ་ངེས་འདི་བཙིར་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་སྟ་ཟུར་གཉིས་སུ་བཞག་ན་རྡོ་རྗེ་བསྒྱིངས་པའི་སྦྱོར་བར་འགྱུར་ཏེ། རྡོ་རྗེ་བསྡུས་པའི་སྦྱོར་བ་དེས་ཀྱང་མགོ་གཡོན་དུ་འདུད་བས་འདུ
་པར་བྱའོ།། ཇི་ལྟར་བྱ་ཞེ་ན། བསྡམ་པ་གཡོས་པས་ཞེས་བྱ་བ་སྟེ། དགའ་བ་དང་བཅས་པའི་དོན་ཏོ།། འདི་སྐད་སྟོན་ཏོ།། མཆོག་ཏུ་དགའ་བས་ཕྱག་བྱེད་པས་ན་འདར་བར་འགྱུར་བ་དང་། གལ་ཏེ་རྡུལ་འབྱུང་བར་འགྱུར་བ་དང་། གལ་ཏེ་བ་སྤུ
་ལྡང་པོར་འགྱུར་རོ།། དེ་བས་ན་ཤིན་ཏུ་དགའ་བའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་དེ་ལྟ་བུ་བྱུང་བའི་བདུད་པ་དེ་ལ་བསམ་པ་གཡོས་པ་ཞེས་བྱ་བའི་སྒྲར་བཤད་དོ།། ཕྲེང་བ་བཅིངས་དང་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱིས་འོད་འཆིང་བ
་ལྟར་བྱ་བ་སྟེ། རྡོ་རྗེ་ཕྲེང་བ་མཱའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཁ་ནས་གྱེན་དུ་དྲངས་པ་ནི་ཁ་ནས་འབྱུང་བ་སྟེ་རྡོ་རྗེ་གླུ་མའི་ཕྱག་རྒྱའོ།། རྡོ་རྗེ་གར་ནི་སྔར་རྡོ་རྗེ་གར་གྱི་དམ་ཚིག་གི་ཕྱག་རྒྱར་བཤད་པ་དེ་ཉིད་རྡོ་རྗེ་གར་མཁན་མའི
་བྱུག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ཐུར་དུ་ལྷུག་པའི་ཚུལ་དུ་བྱ་བོ་ནི་རྡོ་རྗེ་བདུག་པ་མྦྷའི་ཕྱག་རྒྱའོ།། སྣང་རྡོ་རྗེ་ཁུ་ཚུར་དེ་ཉིད་མེ་ཏོག་འཐོར་བའི་ཚུལ་དུ་གྱེན་དུ་འབོར་བ་ལྟར་བྱ་བ་ནི་རྡོ་རྗེ་མེ་ཏོག་མའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར
་གོཉིས་ལས་མཐེའོ་གཉིས་བསྒྲེང་སྟེ། མར་མེའི་ལྕེ་ལྷུར་བཞག་པ་ནི་རྡོ་རྗེ་མར་མེའི་ཕྱག་རྒྱའོ།། རྡོ་རྗེ་ཁུ་ཚུར་གཉིས་བདག་ཉིད་ལྷར་གྱུར་པའི་སྙིང་གར་དྲིས་བྱུག་པའི་ཚུལ་དུ་བརྐྱང་བར་བྱ་ལ། ལྷ་ཕྱི་རོལ་ན་བཞུགས་པ་ལ་དྲི་དབུལ
་བའི་ཚེ་ན་ནི་ཁ་ཕྱི་རོལ་ཏུ་བསྟེན་ཏེ་བརྐྱང་བར་བྱ་བ་ནི་རྡོ་རྗེ་དྲིའི་ཕྱག་རྒྱའོ།། གཡོན་པོའི་རྡོ་རྗེ་ཁུ་ཚུར་མདུན་དུ་ཁ་སྦུབ་ཏེ་བཞག་ལ། དེའི་སྟེང་དུ་གཡས་པ་བཀན་ཏེ་བཞག་ནས་དེ་གཉིས་ལས་གཡོན་པའི་མཛུབ་མོ་བརྐྱང་ལ། དེའི་སྟེང
་དུ་གཡས་པའི་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བཞག་པ་ནི། མཛུབ་མོས་ལྕགས་ཀྱུ་བཅིང་བ་ནི། མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ་ཞེས་བྱ་བའོ།། འདི་སྐད་སྟོན་ཏེ། མཐེའུ་ཆུང་གཉིས་ཕན་ཚུན
་ལྕགས་ཀྱུའི་ཚུལ་དུ་སྦྲེལ་ལ་མཛུབ་མོ་གཉིས་རྒྱབ་སྤང་པ་ནི་ལྕགས་ཀྱུ་ཆེན་པོའོ།། ལྕགས་ཀྱུའི་ཕྱག་རྒྱ་ལསྲ་གཡས་པའི་མཛུབ་མོ་བཀུག་སྟེ། གཡོན་པ་ཡང་བཀུག་ལ་གཅིག་ལ་གཅིག་ལྟོ་སྤྲད་དེ།། ཞགས་པ་ལྟ་བུ་ལ
་ཁྲིགས་མ་གཡོན་པའི་སྟེང་དུ་གཡས་པ་བཞག་སྟེ། ལག་པ་གཉིས་ཀྱི་རྒྱབ་མ་སྦྱར་བར་ལག་ངར་སྣོལ་བ་ནི་ཞགས་པའི་ཕྱག་རྒྱའོ།། ཞེས་བྱ་བའི་དོན་ཏོ།། ཞགས་པའི་ཕྱག་རྒྱལ་གཡས་པའི་ལྕགས་ཀྱུ་ལ་གཡོན་པའི
་ལྕགས་ཀྱུར་བྱས་པས་གཟུང་བ་ནི་མཛུབ་མོ་གཉིས་གདུ་བུར་འགྱུར་ཏེ། རྡོ་རྗེ་ལྕགས་སྒྲོག་བི། ཕྱག་རྒྱའོ།། རྒྱབ་གཉིས་ཀྱང་ནི་བསྣམས་ཏེ་མནམ་ཞེས་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱ་ལས་རྒྱབ་གཉིས་གཅིག་ལ་གཅིག་སྦྱར་བ་བྱས་པ་ནི་རྡོ་རྔ་དབ་པ་དེ་བྱ་། དེ་ནས་འདི་རྣམས་སྒྲུབ་པ
་བཤད་ཅེས་བྱ་བ་ལ། དེ་ནས་འདི་རྣམས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་རྣམས་སོ།། སྒྲུབ་པ་ཞེས་བྱ་བ་ནི་འདིས་སྒྲུབ་པར་བྱེད་པས་ན་སྒྲུབ་པ་སྟེ། སྦྱོར་བ་གང་གིས་ལས་ཀྱི་ཕྱག་རྒྱ་གང་འདོད་པའི་དངོས་གྲུབ་སྦྱིན་པར
་བྱེད་པའི་སྦྱོར་བ་དེ་ལ་སྒྲུབ་པ་ཞེས་བྱའོ།། རྡོ་རྗེ་ལས་ནི་བྱེད་དང་མཉམ་ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་ཅན་གྱི་ལས་བྱེད་པས་ན་རྡོ་རྗེའི་ལས་བྱེད་པ་སྟེ། མཆོད་པ་ལ་སོགས་པའི་ལས་རྣམས་ཇི་ལྟར་འདོད་པ
་བཞིན་དུ་ཐོགས་པ་མེད་པར་སྒྲུབ་པས་དེའི་ཕྱིར་རྡོ་རྗེའི་ལྔས་ནི་བྱེད་དང་མཉམ་ཞེས་པ་སྟེ་དེ་དང་མཚུངས་པའོ།། སྦྱོར་བ་དེ་གང་ཡིན་ཞེ་ན། དེའི་ཕྱིར་རྡོ་རྗེ་ཀུན་གྱི་རྡོ་རྗེ་ནི་ཞེས་བྱ་བ་ནི་རྡོ་རྗེའི་རང་བཞིན་ཅན་གྱི་ལས་བྱེད་པས་ན་རྔ
་རྗེའི་ལས་བྱེད་པ་གསུངས་ཏེ། ལས་ཀྱི་རྡོ་རྗེ་ཁ་བཞི་པ་སྙིང་གཱརོ་བསྒོམས་ལ། དེ་ནས་གདོང་ལས་ཀྱི་ཕྱག་རྒྱ་རྣམས་སྦྱར་བ་བྱས་ན། དེའི་ཕྱིར་དེ་རྣམས་འགྲུབ་པར་འགྱུར་རོ།། ། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས
་པས་ལས་ཀྱི་ཕྱག་རྒྱའི་ལས་སྟོན་ཏོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། འདྲི་རྣམས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱུ་རྣམས་རྡོ་རྗེ་ལས་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ལས་ཡིན་པས་ན་རྡོ་རྗེའི་ལས་སོ།། རྣམ་པ་མང
་ཞེས་བྱ་བ་ནི་རྣམ་པ་མང་པོ་སྟེ་དུ་མའོ།། བསྟན་པ་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་བའི་ཚུལ་གྱིས་ན། ཐོག་མར་ཡེ་ཤེས་ཀྱི་ཁུ་ཚུར་བསྟན་པས། དེའི་ལས་དང་པོ་ཁོ་ནར་ཡེ་ཤེས་ཀྱི་ཁུ་ཚུར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།།
་བླ་ན་མེད་པའི་ཡེ་ཤེས་རྟོགས་པའི་ཁུ་ཚུར་ཡིན་པས་ན་ཡེ་ཤེས་ཁུ་ཚུར་རོ།། དེ་བཅིངས་པས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྤངས་རྒྱས་ཀྱི་ཡེ་ཤེས་ཏེ། དེ་སྔགས་པ་དེ་ལ་འཇུག་པར་འགྱུར་བ་སྟེ་རིམ་གྱིས
་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་མི་བསྐྱོད་པའི་ལས་ཀྱི་ཕྱག་རྒྱ་ཡིན་པས་ན་མི་གཡོ་བའི་སྟེ། དེ་བཅིངས་པས་ནི་ཡིད་ནི་གཡོ་བ་མེད་པར་འགྱུར་ཞེས་བྱ་བ་སྟེ། བགེགས་དང་ལོག་འདྲེན
་ཐམས་ཅད་ཀྱིས་སྔགས་པའི་ཡིད་མི་གཡོ་བར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། རིན་ཆེན་འབྱུང་བའི་ཕྱག་རྒྱ་ཡིས་ཞེས་བྱ་བ་ནི་དད་པ་ལ་སོགས་པའི་ཡོན་ཏན་གྱི་རིན་པོ་ཚ་རྣམས་འདི་ལས་བྱུང་བས
་རིན་ཆེན་འབྱུང་བ་སྟེ། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་ནོ།། བཅོམ་ལྡན་འདས་དེའི་ལས་ཀྱི་ཕྱག་རྒྱ་ནི་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱ་སྟེ། དེ་བཅིངས་ན་གཞན་ལ་ཕན་བྱེད་ལྡན་པར་འགྱུར་ཞེས་བྱ་སྟེ། གཞན་རྣམ
་རྗེས་སུ་འཛིན་པར་ནུས་པས་ན་གཞན་ལ་ཕན་པ་བྱེད་པ་སྟེ། གཞན་གྱི་དོན་བྱེད་པ་ཞེས་བྱ་བའི་དོན་ཏོ།། དེ་ཡོད་པས་ན་གཞན་ལ་ཕན་བྱེད་ལྡན་ཏེ་དེར་འགྱུར་བའོ།། དམ་པ་རྣམས་ཀྱི་ཆོས་ཡིན་པས་དམ་པའི་ཆོས་ཏེ། དེ་གདུལ
་བྱ་རྣམས་ཀྱི་རྒྱུད་ལ་འཇུག་པར་བྱེད་པའི་དོན་གྱིས་ན་འཁོར་ལོ་ཞེས་བཤད་དོ།། ཕྱག་རྒྱ་དེ་བཅིངས་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་ཞེས་བྱ་སྟེ། དམ་པའི་ཆོས་སྟོན་པས་སེམས་ཅན་རྣམས་ལ་ཕན་འདོགས་ནུས་པར
་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། མི་འཇིགས་པ་སྦྱིན་པའི་མཆོག་ཡིན་པས་མི་འཇིགས་མཆོག་སྟེ། བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པའི་ཕྱག་རྒྱའོ།། སྔགས་པས་དེ་བཅིངས་མྱུར་བར་ནི།། སེམས་ཅན་ཀུན་ལ་མི
་འཇིགས་སྦྱིན་ཞེས་བྱ་བ་སྟེ།། མྱུར་དུ་འཇིགས་པ་སེལ་ནུས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ད་ནི་རྡོ་རྗེ་འགྱིང་བ་བརྟན་བྱས་པས་ཞེས་བྱ་བ་ལ་འགྱིང་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ལས་ཀྱི་ཕྱག་རྒྱའོ།། དེ
་བཅིངས་ན་སྔགས་པས་དེ་ཉིད་ཀྱི་བདེ་བ་རྙེད་པར་འགྱུར་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་ནི་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ།། སྐད་ཅིག་ཅེས་བྱ་བ་ནི་མྱུར་བ་ཉིད་དུ་ཁུགས་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། སུ་ཞིག་ཅེ་ན། དེ
་བཞིན་གཤེགས་པ་ཀུན་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། འགུགས་ཞེས་བྱ་བ་ནི་སྤྱན་འདྲེན་པའོ།། རྡོ་རྗེ་མངའ་ཡིས་ཞེས་བྱ་བ་རྡོ་རྗེ་ཆགས་པའི་ལས་ཀྱི་ཕྱག་རྒྱའོ།། དེའི་སྦྱོར་བས་ནི་རྡོ་རྗེའི
་ལྷ་མོའང་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་ཡང་མཉེས་པར་བྱེད་པར་འགྱུར་བའོ།། བདག་ཉིད་བྱེད་ཅེས་བྱ་བ་ནི་སྔགས་པའོ།། རྡོ་རྗེ་དགའ་བ་ནི་རྡོ་རྗེ་ལེགས་པའི་ལས་ཀྱི་ཕྱག་རྒྱའོ།། དེ་སྔགས་པ
་མཚན་ཉིད་དང་ལྗོན་པར་བཅིངས་ན། རྒྱལ་བ་ཀུན་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ།། ཞེས་བྱ་བའི་ཚིག་ཀྱང་སྦྱིན་པར་མཛད་དོ།། རྡོ་རྗེ་ཆེན་པོའི་ནོར་བུ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱི་ལས་ཀྱི
་ཕྱག་རྒྱའོ།། དེ་བཅིངས་ན་སྟོན་པ་རྣམས་ཀྱིས་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སོ།། དེ་ཞེས་བྱ་བ་ནི་སྔགས་པའོ།། དབང་བསྐུར་ཞེས་བྱ་བ་ནི་དབང་བསྐུར་བ་བྱིན་པས་མཆོད་པར་འགྱུར་རོ་ཞེས་བྱ་བའི་དོན
་ཏོ།། རྡོ་རྗེ་ཉི་མ་ནི་བཅོམ་ལྡན་འདས་རྡོ་རྗེ་གཟི་བརྗིད་ཀྱི་ལས་ཀྱི་ཕྱག་རྒྱའོ།། དེ་བཅིངས་ན་སྔགས་པ་དེ་ཉིད་དང་འདྲ་བར་འགྱུར་རོ།། རྡོ་རྗེ་རྒྱལ་མཚན་ནི་བཅོམ་ལྡན་འདས་རིན་ཚོན་དཔལ་གྱི་ལས་ཀྱི་ཕྱག་རྒྱའོ།། བསྒྲེང་བས
་ནི་ཞེས་བྱ་བ་ནི་དེ་བཅིངས་པས་སོ།། དེ་ནི་ཞེས་བྱ་བ་ནི་སྔགས་པའོ།། རིན་ཆེན་ཆུར་ཡང་འབེབས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་མངོན་པར་འདོད་པའི་དོན་གྱི་དངོས་གྲུབ་སྟེ། དེ་འབེབས་པར
་བྱེད་དོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་འཛུམ་པ་ནི་བཅོམ་ལྡན་འདས་རྡོ་རྗེ་བཞོད་པའི་ལས་ཀྱི་ཕྱག་རྒྱའོ།། བཅིངས་པས་ཞེས་བྱ་བ་ནི་བཅིངས་པ་བྱས་པའོ།། སངས་རྒྱས་འདྲ་བར་མྱུར་བཞད་འགྱུར་ཞེས་བྱ་བ་ནི་ཇི་ལྟར་བཅོམ
་ལྗོལྡན་འདས་འཛུམ་པ་ཡང་དག་པར་སྟོན་པར་མཛད་པས་སེམས་ཅན་རྣམས་ཀྱི་དོན་མཛད་པོ་དེ་བཞིན་དུ་སྔགས་པ་དེས་ཕྱག་རྒྱ་བཅིངས་པས་འཛུམ་པའི་རང་བཞིན་གྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ།། ཞེས་བྱ་བའི
་དོན་ཏོ།། རྡོ་རྗེ་མེ་ཏོག་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་བྱུག་གི་ལས་ཀྱི་ཕྱག་རྒྱའོ།། དེ་བཅིངས་པས་ནི་རྡོ་རྗེའི་ཆོས་ནི་དེ་ཡིས་མཐོང་ཞེས་པ་སྟེ། འཇིག་རྟེན་དབང་ཕྱུག་ངེས་མཐོང་བར་འགྱུར་རོ།། རྡོ་རྗེ་རལ་གྲྀ་ནི
་བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་ལས་ཀྱི་ཕྱག་རྒྱའོ།། དེ་བཅིངས་ན། དེ་ནི་སྡུག་བསྔལ་ཐམས་ཅད་གཅོད་ཅེས་བྱ་བ་སྟེ། སེམས་ཅན་ཐམས་ཅད་ཀྱི་འཁོར་བའི་སྡུག་བསྔལ་ཐམས་ཅད་གཅོད་པར་འགྱུར་རོ་ཞེས་བྱ
་པའི་དོན་ཏོ།། རྡོ་རྗེ་འཁོར་ལོ་ནི་བཅོམ་ལྡན་འདས་རྡོ་རྗེ་རྒྱུའི་ལས་ཀྱི་ཕྱག་རྒྱའོ།། སྔགས་པ་དེ་བཅིངས་ན་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ་ཞེས་བྱ་བ་སྟེ། ཆོས་སྤྲོ་བ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོརན་ཏེ།།
་སངས་རྒྱས་ཀུན་གྱི་ཚིག་རྣམས་ནི།། རྡོ་རྗེ་བཟླས་པས་འགྲུབ་པར་འགྱུར་ཞེས་བྱ་བ་ལ། རྡོ་རྗེ་བཟླས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སྨྲ་བའི་ལས་ཀྱི་ཕྱག་རྒྱ་སྟེ། དེ་བཅིངས་ན་སངས་རྒྱས་ཀུན་གྱི་ཚིག་རྣམས་འགྲུབ་པར་འགྱུར་ཞིང
་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་གར་གྱི་མཆོད་པ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱའོ།། སྔགས་པས་དེ་བཅིངས་ན་སངས་རྒྱས་ཀྱང་ནི་དབང་དུ་འགྱུར་ཞེས་བྱ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱང་དབང
་དུ་འགྱུར་བ་སྟེ། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་སྤྱོད་པའི་གར་གྱི་ཕྱག་རྒྱ་ངོས་སངས་རྒྱས་བཅོམ་ལྡན་འདས་ཀྱང་མཉེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ།། རྡོ་རྗེ་གོ་ཆས་ལུས་བཅིངས་པས་ཞེས་བྱ་བ་ནི་རྡོ་རྗེ་གོ
་ཆའི་ལས་ཀྱི་ཕྱག་རྒྱའོ།། དེ་བཅིངས་ན་རྡོ་རྗེའི་སྙིང་པོ་འཐོབ་པར་འགྱུར་ཞེས་བྱ་བ་སྟེ། མི་ཕྱེད་པའི་ལུས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་མཚོ་བ་བཅིངས་པས་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི
་ལས་ཀྱི་ཕྱག་རྒྱའོ།། དེ་བཅིངས་ནས་བགེགས་དང་ལོག་འདྲེན་འབའ་ཞིག་སྐྲག་པར་ནུས་པ་མ་ཡིན་གྱི། རྡོ་རྗེ་ཉིད་ཀྱང་བདོག་གི་ཆོམ་ཞེས་བྱ་བ་སྟེ། ཕྱག་ན་རྡོ་རྗེ་ཡང་སྐྲག་པར་བྱེད་དོ།། ཞེས་བྱེ་བའི་དོན་ཏོ།། རྡོ་རྗེ་ཁུ་ཚུར
་ཀུན་འཕྲོག་ཅིང་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ལས་ཀྱི་ཕྱག་རྒྱ་བཅིངས་ན་དོན་ཐམས་ཅད་འགུགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཕྱག་རྒྱ་གྲུབ་པ་ཀུན་ཀྱང་ཐོབ་ཅེས་བྱ་བ་འང་བཅིངས་པས་སྐུ་གསུང་ཐུགས་རྡོ
་རྗེ་གཅིག་ཏུ་བྱས་པས་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་འཛིན་མའི་ལས་ཀྱི་ཕྱག་རྒྱ་བཅིངས་པས་དགའ་བ་སྦྱིན་པ་སྟེ། བདེ་བ་དང་ཡིད་བདེ་བ་སྦྱིན་ནོ་ཞེས
་བྱ་བའི་དོན་ཏོ།། རྡོ་རྗེ་འཕྲེང་བའི་ལས་ཀྱི་ཕྱག་རྒྱས་ནི་གཟུགས་བཟང་བ་སྦྱིན་པར་བྱེད་པར་བྱེད་དོ།། རྡོ་རྗེ་གླུའི་ལས་ཀྱི་ཕྱག་རྒྱས་གླུ་སྙན་པ་སྟི་དབྱངས་སྙན་སྦྱིན་པར་བྱེད་དོ།། ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་གར་གྱི་ལས་ཀྱི
་ཕྱོཕྱག་རྒྱས་ནི་སེམས་ཅན་ཐམས་ཅད་དབང་དུ་བྱེད་དོ།། ལྷ་མོ་བདུག་པ་མའི་ལས་ཀྱིས་ཕྱག་རྒྱས་ནི་ཡིད་ཚིམ་པར་བྱེད་པོ་སྟེ་ཡིད་རབ་ཏུ་དགའ་བ་སྦྱིན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་མེ་ཏོག་གི་ལས་ཀྱི་ཕྱག་རྒྱ་ནི
་རྒྱུཚོ་ཐམས་ཅད་སྦྱིན་པར་བྱེད་དེ། གང་གི་ཕྱིར་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་སྟེང་དུ་མཻ་ཏོག་གི་འཕྲེང་བ་འདོགས་པོས་ན་རྒྱན་གྱི་དམ་པ་ནི་མེ་ཏོག་གི་འཕྲེང་བ་ཡིན་ནོ།། མར་མེའི་མཆོད་པ་མའི་ལས་ཀྱིས་ཕྱག་རྒྱས
་ནཱིནི་གཟི་ཆེན་པོ་སྟྭཾ། ལུས་ལ་སོགས་པ་ལ་འོད་སྦྱིན་པར་བྱེད་དོ་ཞེས་བྱ་བོའི་དོན་ཏོ།། རྡོ་རྗེ་དྲིའི་ལས་ཀྱི་ཕྱག་རྒྱས་ནི་དྲི་རབ་ལྡན་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་ཀྱི་དྲི་འཐོབ་པར་འགྱུར་རོ་ས་བྱ་བ
་དོན་ཏོ།། རྡོ་རྗེ་རྒྱལ་པོའི་ལས་ཀྱི་ཕྱག་རྒྱའི་ལས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱི་ཞིང་གི་འཇིག་རྟེན་གྱི་ཁམས་གཞན་ནས་སྤྱན་འདྲེན་པ་ཡིན་ལ། རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག
་རྒྱའི་ལས་ཀྱི་གཙོ་བོ་ནི་དཀྱིལ་འཁོར་གྱི་སྒོར་མངོན་པར་ཕྱོགས་ནས་བཞུགས་པ་འགུགས་པ་ཡིན་ནོ།། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱའི་ལས་ནི་སྒོ་ལ་མངོན་པར་ཕྱོགས་ནས་བཞུགས་པ་རྣམས་རང་རང་གི་སྒོ་ནས
་གཞུག་པའོ།། རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱའི་ལོས་ནི་ཞུགས་ཟིན་པ་རྣམས་རང་གྲི་གནས་ནས་མི་གཡོ་བར་འཆིང་བར་བྱེད་པའོ།། རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱའི་ལས་ནི་བསྐྱོད་ཅིང་འབེབས་པའོ།། སྙིང
་པོ་བྱིན་ལ་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ།། ཞེས་གསུངས་པ་ལས། ཕྱག་རྒྱ་བཞིའི་ཆོ་ག་ནི་བསྟན་ཟིན་ཏོ།། ། ད་ནི་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་ཕྱག་རྒྱ་བཅིང་བའི་ཆོ་ག་རྒྱས་པར་བསྟན་པར
་བྱ་བའི་ཕྱིར། ང་ནས་ཕྱག་རྒྱ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། ཕྱག་རྒྱ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕྱག་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་ཕྱག་རྒྱ
་ཐམས་ཅོད་དེ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་བཞི་པོ་དེ་དག་ཐམས་ཅད་ཀྱིའོ།། སྤྱིའི་ཕྱག་རྒྱ་བཅིང་བའི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི་བཅིང་བའི་ཐབས་མཚུངས
་པའོ།། དེ་གང་ཡིན་ཞེ་ན། ཐུན་མོང་གི་བཅིང་བའི་ཐབས་ཡིན་ཏེ། དེ་ལ་ཐོག་མ་ཉིད་དུ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། དེ་ལ་ཐོག་མོ་ཉིད་དུ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་ལས་བྱུང་བ་ཡིན་དུ་ཟིན་ཀྱང་རྡོ
་དྷཱི་ཐལ་མྱོ་ལས་ནི་མ་ཡིན་ཏེ། གང་གི་ཕྱིར་རྡོ་རྗེ་ཐལ་མོ་ལས་ནི་རྡོ་རྗེ་བསྣམས་པ་འབྱུང་ལ། རྡོ་རྗེ་བསྡམས་པ་ལས་གུང་མོ་གཉིས་བསྐྱེད་ན་ཕྱིས་གདོད་སེམས་མ་རྡོ་རྗེ་མའི་ཕྱག་རྒྱུར་འགྱུར་ཏེ།
་ཚིག་ཕྱག་རྒྱ་ཐམས་ཅད་ནི།། རྡོ་རྗེ་བསྡམས་པས་བྱུང་བས་ན་ཞེས་གསུངས་པ་ཡིན་པའི་ཕྱིར་རོ།། ལས་ཀྱི་ཕྱག་རྒྱ་རྣམས་ཀྱང་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་ལས་འབྱུང་ལ། ཕྱག་རྒྱ་ཆེན་པོ་ཡོང་དམ་ཚིག་གི
་ཕྱག་རྒྱ་ལས་འབྱུང་སྟེ། གང་གི་ཕྱིར་རྡོ་རྗེ་འབེབས་པ་ནི་ཕྱག་རྒྱ་ཆེན་པོའི་རྩོམ་པ་ཡིན་ནོ།། ཕྱག་རྒྱ་དེ་གསུམ་ཆར་བཅིངས་ནས་ཕྱིས་གདོང་ཆོས་ཀྱི་ཕྱག་རྒྱ་བརྗོད་། དེའི་ཕྱིར་རྡོ་རྗེ་ཐལ་མོ་འབའ་ཞིག་མ་གཏོགས་པར
་ཕྱོག་རྒྱ་ཐམས་ཅད་ཀྱི་ཐོག་མ་རྡོ་རྗེ་བསྡམས་པ་ཡིན་ནོ།། གཏན་ཚིགས་དེའི་ཕྱིར་ན་ཐོག་མོ་ཉིད་དུ་ཞེས་གསུངས་པ་ཡིན་ནོ།། རྡོ་རྗེ་བཅིང་བའི་སོར་མོ་སྙིང་གཪྵ་བརྡབ་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་རང
་གི་སྙིང་གར་སྒྲ་དང་བཅས་པར་དགྲོལ་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། ཏྲ་ཏ་ཞེས་བྱ་བ་འདིས་ནི་སྔ་མ་བཞིན་དུ་རྡོ་རྗེ་གོ་ཆ་དབྱེ་བ་སྟོན་ཏོ།། དེ་བས་ན་ཕྱག་རྒྱ་བཅིངས་པ་ཀུནྡོ་རང་གི་ལུས་དང་ངག་དང་སེམས་རྡོ་རྗེའི་དང
་དུ་འགྱུར་རོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། འདི་སྐད་སྟོན་ཏོ།། སྔར་རྗེས་སུ་དྲན་པ་ལ་སོགས་པ་དང་། སྡང་བའི་ཚེ་ཕྱག་རྒྱ་ཐམས་ཅད་རང་རང་གི་གནས་སུ་བཞག་སྟེ། གོ་ཆ་བསྐོན་ཞིང་དབང་བསྐུར་ཏེ་བཞག་པ་རྣམས
་མ་བཀྲོལ་བས་ན་བཅིངས་ཏེ་གནས་པ་ཡིན་ལ། དེ་ལྟར་བཅིངས་པ་དེའི་ཕྱིར་དེ་རྣམས་ལས་ལ་སྦྱར་བ་ལ་དབང་བྱེད་མི་ནུས་སོ།། དེ་ནས་སྔགས་པ་ཕྱིས་ཡང་ཕྱག་རྒྱ་འཆིང་བའི་ཚེ་རྡོ་རྗེ་བཅིངས་པ་སྙིང་གར་དཀྲོལ་བུས
་དེ་རྣམས་གྲོལ་བར་འགྱུར་རོ།། དེ་རྣམས་ཀྱི་ཕྱག་རྒྱ་བཅིངས་པའི་ཚེ་ནི་ཡང་དབང་བྱེད་ནུས་པ་ཉིད་དུ་ཡང་འགྱུར་ཏེ། རྡོ་རྗེ་བཅིང་བ་སྙིང་གར་བཀྲོལ་བའི་དོགོས་པ་ནི་རེ་ཤིག་དེ་ལྟ་བུ་ཡིན་པར་ཤེས་སོ།། དེ་བས་ན་ཐོག
་མར་རྡོ་རྗེ་བཅིང་བ་སྙིང་གར་དཀྲོལ་བ་འདི་བྱས་ལ། དེའི་འོག་ཏུ་ཕྱག་རྒྱ་ལྷག་མ་རྣམས་བཅིང་བར་བྱ་སྟེ། འདི་ནི་ཆོ་ག་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བརྡབ་པའི་འོག་ཏུ་རྡོ་རྗེ་དབབ་པའི་ཕྱག་རྒྱ་བཅིངས་ལ། སྙིང་པོ
་བརྗོད་པར་བྱ་བ་སྟེ། གང་གི་ཕྱིར་ཕྱག་རྒྱ་ཆེན་པོ་མ་བཅིངས་པར་ནི་ཕྱག་རྒྱ་གཞན་རྣམས་ཀྱི་འཆིང་བ་ཡོད་པ་མ་ཡིན་ཏེ། ཕྱག་རྒྱ་ཆེན་པོས་སྟོང་ན་དགོས་པ་ཐམས་ཅད་མེད་པ་ཡིན་པའི་ཕྱིར་རོ།། རྡོ་རྗེ་དབབ་པ་ཞེས་བྱ་བ་ལ།
་དབབ་པ་འདི་ནི་ཡེ་ཤེས་དབབ་པ་ཡིན་གྱི། སེམས་དཔའ་དབབ་པ་ནི་མ་ཡིན་ནོ།། སེམས་དཔའ་དབང་པ་ནི་སྨྲས་ཟིན་ཏེ། དེ་ཡང་གནས་སྐབས་གང་དུ་བྱུང་བའི་གནས་སྐབས་དེར་ཕྱིས་ཀྱང་བཤད་པར་བྱའོ།། ཡེ་ཤེས་དབབ་པ
་ཞེས་བྱ་བ་འདིས་ཅི་ཞིག་སྟོན་ཅེ་ན། རྡོ་རྗེ་དབབ་པ་བཅིང་བ་ཉིད་ཀྱི་ཚེ་ན་སེམས་ཀྱི་རང་གི་ལུས་དང་དབང་པོ་རྣམ་པར་གཞིག་པར་བྱ་སྟེ། ཆ་ཤས་སུ་ཕྱེ་བ་ནས་བརྩམས་ནས། རྡུལ་ཕྲ་རབ་ལ་ཐུག་གི་བར་དུ་བསྒོམ་པར་བྱའོ།།
་རྡུལ་ཕྲ་རབ་ཀྱང་ཕྱོགས་ཆའི་རྣམ་པར་བསྒོམ་ཞིང་། ཡེ་ཤེས་ཙམ་དུ་བཞག་པར་བྱ་སྟེ། འདི་ནི་རྣམ་པར་རིག་པ་ཙམ་མོ།། ཞེས་བྱ་བ་ནི་རང་གི་ལུས་དང་དབང་པོ་རྣམ་པར་གཞིག་པ་འམ།
་གཟུགས་ཀྱི་དངོས་པོ་ཐམ་ས་ཅད་རྣམ་པར་གཞོག་པ་ཡིན་ནོ།། དེ་ནས་ཡེ་ཤེས་དེ་ཟླ་བའི་དཀྱིལ་འཁོར་དུ་བསམ་ལ་བརྟན་པར་བྱ་བའི་ཕྱིར་རྡོ་རྗེ་རྩེ་ལྔ་པ་འམ་རང་གི་ཕྱག་རྒྱ་དགོད་པར་བྱའོ།། དེ་ནས་དེ་ལ་བདག་གོ
་བར་ང་རྒྱལ་བསྐྱེད་པར་བྱའོ།། དེ་ནས་ན་མཁའི་ཁམས་རྣམས་ལས་སངས་རྒྱས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་གཞུག་པར་བྱའོ།། དེ་ནས་ནི་རང་གི་ལྷའི་གཟུགས་སུའོ།། སངས་རྒྱས་ཀྱི་དབྱིངས་གཞུག་པ་མ་པ་ཞིག་ན
་དཀྱིལ་འཁོར་དུ་གཞུག་པོའི་ཚེ། སློབ་དཔོན་གྱིས་རང་གི་ལྷའི་གཟུགས་ཇི་ལྟར་བསྟན་པ་དེ་ལྟ་བུའི་ཁ་དོག་དང་རྟགས་དང་དབྱིབས་དང་ནི་བཟའ་དང་རྒྱན་ལ་སོགས་པར་ལྡན་པ་དེ་ལྟ་བུ་བདག་ཡིན་ནོ་བར་ང་རྒྱལ་བསྐྱེད་ལ།
་ཕྱག་རྒྱའི་རང་གི་རང་བཞིན་ལྷའི་གཟུགས་སུ་བརྟག་པར་བྱའོ།། གང་ཡང་དེ་བཞིན་གཤེགས་པ་ཟློས་པ་དེས་ནི་རྡོ་རྗེ་སེམས་དོ་བའི་གཟུགས་སུ་བརྟག་པར་བྱའོ།། འོན་ཏེ་སངས་རྒྱས་ཀྱི་དབྱིངས་འཇུག་པར་བྱུང་ན་དེ་ནས་སངས
་ཆོས་ཀྱི་སྐུར་ཏེ། སེམས་ཞེས་པ་ནས་བརྩམས་ནས་ནི། རྡོ་རྗེ་ཉི་མ་སྒོམ་པར་བྱ་ཞེས་གསུངས་པ་དེའི་སྐབས་ནི་འདི་ཉིད་ཡིན་ནོ།། གང་ཞིག་རྡོ་རྗེ་སེམས་དཔའ་ཟློས་པར་བྱེད་པ་དེས་ནི། འབྲིང་བཅས་རྡོ་རྗེ་གསོརོ་བྱེང་ན་ཞེས་པ་ལ
་སོགས་པ་ཇི་སྐད་གསུངས་པ་དེས་རྡོ་རྗེ་སེམས་དཔའི་སྐུར་བརྟག་པར་བྱའོ།། སེམས་དཔའ་ཆེན་པོ་ལྷག་མ་རྣམས་ནི། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས།། ཇི་ལྟར་རི་མོའི་རྗེས་མཐུན་ཞིང་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པས།།
་གང་གི་སེམས་དཔའ་གང་ཡིན་པ་དེས་དེའི་གཟུགས་སུ་བརྟག་པར་བྱ་སྟེ། འདི་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པའི་སྐབས་ཡིན་ནོ།། དེ་ནས་ཡང་དག་པར་བབས་ནས་ཞེས་བྱ་བ་ནི་ཡང་དག་ཅིང་ཕྱིན་ཅི་མ་ལོག་པར་ཀུན་ནས་ཡན་ལག
་རྣམས་ཁྱད་པར་བབས་ལ། བབས་ནས་གྲོགས་པོར་འགྱུར་བ་སྟེ་བསམ་པའི་དོན་རྣམས་ལ་འཛའ་བོ་བཞིན་དུ་བྱ་བ་བྱེད་པར་འགྱུར་བའོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། ཕྱག་རྒྱའི་དམ་ཚིག་གི་སེམས་དཔའ་ཆེན
་པོ་རྗེ་སུ་དྲན་པར་བྱ་སྟེ་ཞེས་བྱ་བ་ནི། ཕྱག་རྒྱ་ཡང་ཡིན་ལ་དམ་ཚིག་ཀྱང་ཡིན་པས་ཕྱག་རྒྱའི་དམ་ཚིག་སྟེ། སེམས་དཔའ་ཆེན་པོའོ།། དེ་རྗེས་སུ་དྲན་པ་ནི་རང་གི་ལྷའི་ཕྱག་རྒྱ་ཆེན་པོའི་གཟུགས་སུ་བདག་ཉིད་ཡོངས་སུ་རྫོགས
་པར་བསམ་མོ་ཞེས་བྱ་བའི་དོན་ཏོ།། དེའི་གཟུགས་ཀྱི་སྐུ་བདག་གིས་སེམས་ཀྱིས་བསམས་སུ་ཟིན་ཀྱང་འོན་ཀྱང་དེའི་ང་རྒྱལ་མ་བསྐྱེད་པས་དེའི་ཕྱིར་སྙིང་པོ་འདི་བརྗོད་དོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ཧཱ་ས་མ་ཡ
་སཏྭ་ཧཾ་ཞེས་བྱའོ།། འདིས་ཞེས་བྱ་བ་ནི་སེམས་དཔར་ང་རྒྱལ་བསྐྱེད་པས་སོ།། ཕྱག་རྒྱ་ཐམས་ཅད་འགྲུབ་སྟེ་ཞེས་བྱ་བ་ནི་སེམས་དཔའ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་འགྲུབ་པར་འགྱུར་བའོ།། འདི་སྤྱིར་སྨོས་པ་ཡིན་དུ་ཟིན
་ཀྱང་འོན་ཀྱང་དོན་གྱི་ཤུགས་ཀྱིས་སེམས་དཔའ་ཆེན་པོ་ཟློས་པ་ཉིད་ཀྱི་ཡིན་པ་ར་མངོན་གྱི། དེ་བཞིན་གཤེགས་པ་ཟློས་པ་རྣམས་ཀྱིས་ནི་མ་ཡིན་ཏེ། དེ་དག་གི་སྔགས་ལྔ་བརྗོད་པའི་མན་ངག་འབོག
་པས་དེ་བཞིན་གཤེགས་པར་ང་རྒྱལ་བསྐྱེད་པ་སྨྲས་ཟིན་ཏོ།། སེམས་དཔའ་ཆེན་པོ་ཟློས་པའི་སྔགས་པས་ཀྱང་ནམ་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་དམིགས་པའམ། རང་གི་ཕྱག་རྒྱར་དམིགས་པར་བྱེད་པ་དེའི་ཚེ་དེ་དག་གི་ང་རྒྱལ
་བསྐྱེད་པར་བསྟན་པ་ཡིན་ནོ་ཞེ་ན། དེ་ལྟར་བསྟན་པ་ནི་བདེན་མོད་ཀྱི། དེ་ནི་དམ་ཚིག་གི་ཕྱག་རྒྱ་དང་ཐ་མི་དད་པར་བསྟན་པ་ཡིན་གྱི། ཕྱག་རྒྱ་ཆེན་པོ་དང་ནི་མ་ཡིན་ནོ།། ད་ལྟར་ནི་ཕྱག་རྒྱ་ཆེན་པོ་དང་ལྷན་ཅིག་ཏུ་སེམས་དཔའ་ཆེན
་བོཔོ་བདག་གོ་ཞེས་ང་རྒྱལ་དུ་བྱ་བར་གསུངས་པ་ཡིན་ནོ།། དེ་ལྟར་ང་རྒྱལ་བསྐྱེད་ནས་ས་མ་ཡ་སྟྭཾ་ཞེས་བྱ་བ་དང་། དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་རྒྱབ་ཏུ་ཟླ་བ་གྲུབ་ནས་ནི་དེ་ལ་སེམས་དཔའི་ལུས་སུ་བསྒོམས། ས་མ
་ཡསྟྭཾ་ཨ་ཧཾ་བརྗོད། དེ་ནས་རིགས་དེ་ཉིད་ཀྱི་ཕྱག་རྒྱས་བྱིན་གྱིས་བརླབ་པར་བྱའོ།། དེ་ནས་ནཱི་དེའི་རྗེས་ཐོགས་ལྔའོ།། སྤྱིའི་སྒྲུབ་པའི་ཆོ་ག་རྒྱས་པར་བཤད་དོ་ཞེས་བྱ་བ་ལ། ཐམས་ཅད་ཀྱི་ཐུན་མོང་གི་སྒྲུབ་པ་འབྱུང་བས་ན་སྤྱིའི
་སྒྲུབ་པའི་ཆོ་ག་རྒྱས་པ་ཞེས་བཤད་དོ།། གང་གི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱང་དམ་ཚིག་གི་ཕྱག་རྒྱས་བྱིན་གྱིས་བརླབས་པར་འགྱུར་བ་དང་། རྡོ་རྗེ་སེམས་དཔའ་དང་སེམས་དཔའ་གཞན་རྣམས་ཀྱང་རང་རང
་གི་དམ་ཚིག་གི་ཕྱག་རྒྱས་བྱིན་གྱིས་བརླབས་ཤིང་སྒྲུབ་པར་འགྱུར་བས་ན་སྤྱི་ཞེས་བཤད་དོ།། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པ་འབའ་ཞིག་ཏུ་མ་ཟད་ཀྱི། རྟོག་པ་ཐམས་ཅད་ཀྱི་ཡང་ཡིན་པས་ན་རྒྱུ་དེས་ཀྱང་ཊཱི
་ཆོ་ག་ཞེས་བཤད་།། ། ད་ནི་སྤྱིའི་སྒྲུབ་པའི་ཆོ་ག་རྒྱས་པ་དེ་བཤད་པ་ནི་དེ་ལ་ཐོག་མར་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གང་ལས་ཐོག་མར་གྱུར་པ་ཡིན་ཞེ་ན། དབང་བསྐུར་བ་ལས་ཞེས་བྱ་བའི་དོན་ཡིན་གྱི
་རྡོ་རྗེ་བཅིངས་པ་ལས་ཀྱང་མ་ཡིན་ལ། རྡོ་རྗེ་དབབ་པ་ལས་མ་ཡིན་ཞིང་། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལས་ཀྱང་མ་ཡིན་ནོ།། ཕྱག་རྒྱ་བཅིངས་ནས་ཞེས་བྱ་བ་ནི་རང་གི་སེམས་དཔའི་དམ་ཚིག་གི་ཕྱག་རྒྱའོ།། རང་གི་ཕྱག་རྒྱའི
་སེམས་དཔའ་ཡིན་པས་ན་རང་གི་ཕྱག་རྒྱའི་སེམས་དཔའོ།། བདག་ཅེས་བྱ་བ་ནི་རང་གི་ལུས་སོ།། སྔར་རང་གི་སེམས་དཔའ་གཟུགས་སུ་གྲུབ་ཟིན་པ་ཡིན་ཀྱང་། ང་ཡང་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར་སྒྲོམ་མོ་ཤེས་བྱ་བ་སྟེ།
་མངོན་སུམ་དུ་གྱིས་ཤིག་པའོ།། སྙིང་པོ་ཡང་ཇི་སྐད་གསུངས་པ་བཞིན་དུ་བརྗོད་པར་བྱའོ།། འདིས་བྱིན་གྱི་བརླབ་པོ་ཞེས་བྱ་བ་ནི་རང་གི་སེམས་དཔའི་ཕྱག་རྒྱ་དང་། ཇི་སྐད་གསུངས་པའི་སྔགས་བརྗོད་པས་སོ།། དེ་ནས
་བསྒྲུབ་པར་བྱའོ།། ཞེས་བྱ་བ་འདི་ནི་འདི་སྐད་སྟོན་ཏེ། རང་ལ་བྱིན་གྱིས་བརླབ་པའི་འོག་ཏུ་གང་དུ་དབང་བསྐུར་བ་གང་ཡིན་པས་དབང་བསྐུར་བ་སྟེ། དེ་ཡང་དེ་བཞིན་གཤེགས་པ་ཟློས་པ་རྣམས་ལ་ནི་རྡོ་རྗེ་རིན་པོ་ཆེའི་དབང
་བསྐུར་བའོ།། དེ་བཞིན་གཤེགས་པའི་རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་སངས་རྒྱས་ལྔའི་དབུ་རྒྱུན་གྱི་དབང་བསྐུར་བྱའོ།། རྡོ་རྗེ་རིགས་ཟློས་པ་རྣམས་ཀྱིས་ནི་རྡོ་རྗེ་འཕྲེང་བས་དབང
་བསྐུར་བའོ།། འགྲོ་བ་འདུལ་པོའི་རྟོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་འདི་དཔག་ཏུ་མེད་པའི་དབང་བསྒྱུར་བའོ།། རིན་པོ་ཆེའི་རིགས་ལ་ནི་རིན་པོ་ཆེའི་མྱུ་གུས་དབང་བསྒྱུར་བྱེར་བྱའོ།། དེ་ནསྣ་དཔུང་བཿ
་འོག་ཏུ་ཏིང་ངེ་འཛིན་ལ་བཞག་པ་ནི་རང་གི་ལྷོའི་ཚུལ་དུ་བསྒོམ་པར་བྱའོ།། དེ་ནས་མཆོད་པ་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་པནི་མཆོད་པ་རྣམ་པ་བཞི་འམ། ལས་ཀྱི་དཀྱིལ་འཁོར་རྡོ་བཤ་བའི་རྣམ་པ་བཅུ་དྲུག
་གོ་བྱང་ཆུབ་སེམས་དཔའ་རྣམས་ལ་ནཱི་རྣམ་པ་བརྒྱད་ད། ཇི་ལྟར་རྡོ་རྗེ་འཛིན་པའི་རང་གི་ལས་ཀྱི་དཀྱིལ་འཁོར་ལས་བྱེ་ཤང་བའི་རྣམ་པ་བཅུ་དྲུག་གོ།། དེ་ནས་བསྲུང་བར་བྱའོ།། བྱུརྱ་སླེབས་འདིར་སེསྐྱེས་དབྱུ
་ཤིན་དུ་འདག་ལ་བྱེད་ཀྱིས་བརླབ་པ་མི་སོགས་ནས་གིས་ས་ན་རོ།། དེ་ཡང་དབ་པར་སྣང་བ་བནྡྷ་དེ་ལ་དབབ་པར་བས་ན་ཏུ་སེམས་དཔ་ན་ཨཱ་ན་ཅིའི་འི
་xxx
་ལུས་བསྒྱུར་ཞིང་བཞག་པར་བྱའོ།། ཆོས་ཀྱི་ཕྱག་རྒྱ་ཡང་ཟླ་བའི་དཀྱིལ་འཁོར་ལ་བཞག་ཅིང་བརྗོད་པར་ཡང་བྱའོ།། དེ་ནས་བསྲུང་བ་བྱའོ།། དེ་ནས་ལྷ་དགོད་པར་བྱ་བའི་ཕྱིར་རྡོ་རྗེ་ཁུ་ཚུར་བཅིང་བར་བྱ་སྟེ། སྐུ་གསུང་ཐུགས་ཀྱི
་རྡོ་རྗེ་རྣམས།། བསྡུས་པོས་ཁུ་ཚུར་ཞེས་བཤད་ངོ་ཞེས་གསུངས་པའི་ཕྱིར་རོ།། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེ་རྣམས་བསྒྲུབ་པར་བྱ་བ་དང་། ལྷན་ཅིག་ཐ་མི་དོང་པར་བསྲུང་བར་བྱ་བའི་ཕྱིར། བར་སྐབས་འདིར་རྡོ
་རྗེཁུ་ཚུར་ཡང་བཅིང་བར་བྱའོ།། དེ་ལྟར་ན་བཛྲ་བནྡྷ་ཏྲཊ་ཅེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་ཁུ་ཚུར་གྱི་བར་འདི་དང་། སྔགས་པས་རང་གི་ལྷའི་རྣལ་འབྱོར་བསྒོམ་པར་བྱའོ།། ཆོ་ག་རྒྱས་པ་ནི་རིག་པའི་འདུལ་བའི་རྒྱུད་ཕྱི་མ
་ལས། དམ་ཚིག་བསྲུང་བར་བྱ་བ་དང་། ཆོས་བསྒོམ་པར་བྱ་བ་དང་། ལས་ལ་ནན་ཏན་དུ་བསྒྲུབ་པར་བྱ་བ་དང་། བདེན་པ་བསྐྱང་བར་བྱ་བ་ཇི་སྐད་གསུངས་པ་བཞིན་དུ། སྔགས་པས་དེའི་ཚེ་བདག་གིས་ཅི་ཞིག་ནི་བསྲུངས།།
་གང་ཞིག་ནི་མཾ་བསྲུངས་ཞེས་བྱ་བ་ལ་སོགས་པར་བསམ་པོར་བྱའོ།། དེ་ལྟར་མཆོད་པ་རྣམ་པ་བཞི་བྱོས་ནས། མཚན་རྒྱ་རྩ་བརྒྱད་ཀྱང་བསྟོད་པར་བྱའོ།། དེའི་འོག་ཏུ་སྒོམ་པ་ལ་སོགས་པ་བྱའོ།། ཨརྠ་སིདྡྷ་ཞེས་བྱ་བ་ནི
་དངོས་གྲུབ་ལ་སོགས་པའི་ལོས་བྱེད་པར་འདོད་ན། ལས་ཇི་ལྟ་བུ་བྱེད་པར་འདོད་པ་དེ་ལྟ་བུ་དང་རྗེསུ་མཐུན་པའི་བཀྲ་ཤིས་པའི་ཚིག་རྒྱུད་ལས་གསུངས་པ་དང་པོར་བརྗོད་ལ་ལས་གང་ཡིན་པ་དེ་བྱའོ།། དེ་བས་ན་དེ་ལྟར
་མངོན་པར་འདོད་པའི་དངོས་གྲུབ་རྣམས་འགྲུབ་པར་འགྱུར་ཏེ། དགོས་པ་འགྲུབ་པར་འདོད་པ་རྣམས་ཀྱིས་བཀྲ་ཤེས་པའི་ཚིག་ནི་གཟུང་བར་བྱ་ཞིང་ཚིག་ངན་པ་རྣམས་ནི་སྤང་བར་བྱའོ་ཞེས་འཇིག་རྟེན་དུ་ཇི
་སྐད་བཤད་པ་ལྟ་བུའོ།། དངོས་གྲུབ་མཆོག་ལ་ཡང་རྒྱུད་ལས་བཟླས་པར་བྱ་བའི་སྙིང་པོ་གསུངས་པ་དེ་ཉིད་ཐོག་མ་ཉིད་དུ་འདི་བཞིན་དུ་བརྗོད་པར་བྱ་སྟེ། གང་གི་བྱིར་དེ་ཁོ་ན་ནི་བཀྲ་ཤིས་པ་ཡིན་པོའི་ཕྱིར་རོ།། དེ་ལྟ་བུའི་བྱ
་བ་ཟིན་པར་བྱས་ནས་གང་དགོངས་པའི་ཚུལ་དང་མཐུན་པའི་རང་གིས་བསྒྲུབ་པར་བྱ་བའི་ལྷའི་སྙིང་པོ་བཟླས་པ་བརྗོད་པར་བྱའོ།། ལྷག་མ་རྣམས་ནི་གོ་སླའོ།། དེ་ལྟར་དངོས་གྲུབ་ཀྱི་རྒྱུར་བཀྲ་ཤིས་པའི་ཚིག་དངོས་གྲུབ་ཀྱི
་སྒྲར་བཤད་ནུས། ད་ནི་བཟླས་བརྗོད་ལ་སོགས་པ་ལ་ཞུགས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཇི་སྐད་བཤད་པའི་ཕྱག་རྒྱ་བཅིང་བ་རྣམས་བརྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་རང་གི་ལུས་དང་ངག
་དང་སེམས་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། ཕྱག་རྒྱ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཕྱག་རྒྱུ་རྣམ་པ་བཞི་ཆར་གྱི་ཡང་ཅི་རིག་པ་རྣམས་ཀྱིའོ།། སྤྱི་ཞེས་བྱ་བ་ནི་མཚུངས
་པའོ།། དེ་གང་ཡིན་ཞེ་ན། རྡོ་རྗེ་བྱ་བ་སྟེ་བསྟན་པར་བྱའོ།། གང་ལོ་ཞེ་ན། ལུས་དང་ངག་དང་སེམས་རྡོ་རྗེ་ཞེས་བྱ་བ་སྟེ་སྐུའི་ཕྱག་རྒྱ་རི་ལུས་རྡོ་རྗེར་བྱའོ།། གསུང་གི་ཕྱག་རྒྱ་ནི་ངག་རྡོ་རྗེར་བྱ་བའོ།། ཐུགས་ཀྱི་ཕྱག་རྒྱ
་ནི་སེམས་རྡོ་རྗེར་བྱ་བའོ།། ཆོ་ག་རྒྱས་པ་ནི་ཐབས་ཀྱི་བྱ་བ་རྒྱས་པའོ།། རྡོ་རྗེར་བྱ་བ་འདི་ཐོག་མ་འམ། ཐ་མ་འམ། བར་དུ་ནམ་བྱ་བ་མི་ཤེས་པས་ན། དེའི་ཕྱིར་ནམ་ཕྱག་རྒྱའི་བྱིན་གྱིས་བརླབས་ལྷོད་པར་གྱུར་ཏཱམ་ཞེས་བྱ་བ
་གསུངས་ཏེ། ནམ་ཞེས་བྱ་བ་ནི་གང་གི་ཚེ་ནའོ།། ཕྱག་རྒྱ་རྣམས་ཀྱི་བྱིན་གྱིས་བརླབས་ཡིན་པས་ན་ཕྱག་རྒྱའི་བྱིན་གྱིས་བརླབས་ཏེ་གནས་ཞེས་བྱ་བའི་དོན་ཏོ།། དྲི་ཡང་སྐུའི་ཕྱག་རྒྱ་རྣམས་ཀྱི་ནི་ལུས་སོ།། གསུང་གི་ཕྱག་རྒྱ་རྣམས
་ཀྱི་ནི་ངག་གོ།། ཐུགས་ཀྱི་ཕྱག་རྒྱ་རྣམས་ཀྱི་ནི་སེམས་ཏེ། གནས་ངན་ལེན་ལ་སོགས་པའི་ཉེས་པས་ལུས་ལ་སོགས་པ་ལྷོད་པར་གྱུར་ན། རྡོ་རྗེར་བྱ་བའི་ཆོ་ག་འདི་བྱའི་འདི་ལ་དུས་ཀྱི་ངེས་པ་ནི་ཡོད་པ་མ་ཡིན་ནོ།། ལན་འགའ་ལེ
་ལོ་ལ་སོགས་པའི་སྐྱོན་གྱིས་བྱ་བ་མ་རྫོགས་པར་ཡང་བདག་ཉིད་གཏོར་བར་འདོད་པར་འགྱུར་ན། དེའི་ཚེ་འདིས་ཞེས་བྱ་བ་འོག་ནས་བཤད་པའི་ཡི་གེ་བརྒྱ་པས་གནས་ངན་ལེན་དུང་ལེ་ལོ་ལ་སོགས་པ་ཐམས་ཅད་དང་བགེགས
་དང་ལོག་འདྲེན་རྣམས་རྣམ་པར་གཞིག་ཅིང་ཕྱག་རྒྱའི་བྱིན་གྱིས་བརླབས་ཀྱི་ཁྱད་པར་གྱིས་ལུས་ལ་སོགས་པ་བརྟན་པར་བྱའོ།། འདིས་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་སྙིང་པོས་སོ།། མཚམས་མེད་པ་བྱས་པ་དང་ཞེས་བྱ
་བ་ནི་སྡིག་པ་སྤྱོད་པ་ཐམས་ཅད་ཀྱི་ནང་ན་ཤིན་ཏུ་མི་ཟད་པ་ནི་མཚམས་མེད་པ་བྱེད་པ་སྟེ། ཤི་འཕོས་པའི་རྗེས་ཐོགས་ཉིད་ལ་ལས་གང་གིས་ཀྱང་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ལྟུང་བར་བྱེད་པ་དེའི་མཚམས
་མེད་པ་ཞེས་བྱའོ།། དེ་ཡང་མ་གསོད་པ་དང་། ཕ་གསོད་པ་དང་། དགྲ་བཅོམ་པ་གསོད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་རྣམས་སོ།། དེ་ལྟར་ཇི
་སྐད་བཤད་པ་རྣམས་བྱེད་པ་ནི་མཚམས་མེད་པ་བྱས་པ་སྟེ། དེ་ལྟ་བུས་ནི་བདེ་འགྲོར་འགྲོ་བར་ཡང་རྙེད་པར་དཀའ་ན། གསང་སྔགས་འགྲུབ་པ་ལྟ་མོས་ཀྱང་ཅི་དགོས་མོད་ཀྱི། འོན་ཀྱང་སྙིང་པོ་འོད་བརྗོད་པ་དེ་རྣམས་ཀྱང་འགྲུབ
་བར་འགྱུར་རོ་ཞེས་གསུངས་སོ།། དེ་བཞིན་གཤེག་པ་ཐད་བསླུས་པ་དང་། ཞེས་བྱ་བ་ནི་གང་གིས་དེ་བཞིན་གཤེགས་པའི་ཆོས་རྣམས་ཐོས་ནས་འདི་ནི་ངའི་ཆོས་ཡིན་ནོ་ཞེས་དེ་ལྟར་སྟོན་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད
་བསླུས་པ་ཞེས་བྱའོ།། ཡང་ན་ངའི་སྟོན་པའི་ཆོས་ནི་འདི་ཡིན་ནོ།། ཞེས་སྟོན་པར་བྱེད་ཅིང་། ཆོས་རྐུ་བར་བྱེད་པ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསླུས་པ་ཞེས་བྱ་སྟེ། དེ་ཡང་ཤིན་ཏུ་སྡིག་པ་ཆེན་པོ་བྱེད་པ་ཡིན་ལ། དེ
་རྣམས་ཀྱིས་ཀྱང་སྙིང་པོ་འདི་བརྗོད་པས་འགྲུབ་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ།། སེམས་ཅན་གང་དམ་པའི་ཆོས་ལ་སློང་པ་དེ་ཡང་སྡིག་པ་ཆེན་པོ་བྱེད་པ་ཡིན་ཏེ། མདོ་སྡེ་ལ་སོགས་པ་སངས་རྒྱས་ཀྱི་ཞལ་ནས་གསུངས་པ
་རྣམས་ལ་ཡང་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྨོད་པའོ།། ཡང་ན་ནི་སངས་རྒྱས་ཀྱི་གསུངས་པ་མ་ཡིན་ནོ།། ཞེས་ཟེར་བ་འདི་ཡང་དམ་པའི་ཆོས་ལ་སྨོང་བ་ཡིན་ནོ།། དེ་བས་ན་དམ་པའི་ཆོས་ལ་སྨོད་པར་བྱེད་པ་དེ་རྣམས་ཀྱང་།
་སྙིང་པོ་བཟླས་པས་འགྲུབ་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། ཁ་ན་མ་ཐོ་བ་རེ་རེ་ཙམ་ཞིག་བྱེད་པ་འབལ་ཞིག་ཏུ་མ་ཟད་ཀྱི། ཉེས་པ་ཐམས་ཅད་བྱས་པ་ཡང་སྙིང་པོ་འདི་བརྗོད་ན་དངོས་གྲུབ་འཐོབ་པར་འགྱུར་བ་སྟེ།
་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་སྒྲུབ་པ་པོར་འགྱུར་བར་སྟོན་པའོ།། དེ་བས་ན་རྡོ་རྗེ་སེམས་དཔའ་བརྟན་པར་གྱུར་པས་ཞེས་གསུངས་སོ།། འདི་སྐད་སྟོན་ཏོ།། བསྐུལ་བའི་སྙིང་པོ་འདིས་བཅོམ་ལྡན་འདས་རྡོ་རྗེ
་སེམས་དཔའ་བསྐུལ་བར་གྱུར་ན། བརྟན་པར་གྱུར་པས་ཚེ་འདི་ཉིད་ལ་ཇི་ལྟར་འདོད་པ་ཞེས་བྱ་བ་ཇི་ལྟར་དགའ་བར་རོ།། དངོས་གྲུབ་ཐམས་ཅད་དམ་ཞེས་བྱ་བ་ནི་ཐུན་མོང་གིའོ།། དངོས་གྲུབ་དམ་པ་ཞེས་བྱ་བ་ལ་སོགས
་པས་ནི་ཁྱད་པར་སྟོན་ཏེ། ཁྱད་པར་དེ་གང་ཡིན་ཞེ་ན། རྡོ་རྗེའི་དངོས་གྲུབ་བོ།། དྲིས་པ་སངས་རྒྱས་ཀྱི་དངོས་གྲུབ་ནི་དངོས་གྲུབ་ཀྱི་དམ་པར་གསུངས་ན། རྡོ་རྗེ་དངོས་གྲུབ་ཅིའི་ཕྱིར་དངོས་གྲུབ་ཀྱི་དམ་པར་གསུངས་ཤེ་ན།
་གང་གི་ཕྱིར་སྟོང་པ་ཉིད་ཀྱི་ཡེ་ཤེས་ལས་སངས་རྒྱས་ཉིད་ལ་སོགས་པ་དངོས་གྲུབ་ཐམས་ཅད་འབྱུང་སྟེ། དེས་ན་རྡོ་རྗེའི་དངོས་གྲུབ་ཀྱང་དངོས་གྲུབ་ཀྱི་དམ་པར་གསུངས་པོ་ལ་ཉེས་པ་མེད་དོ།། རྡོ་རྗེ་སེམས་དཔའི་དངོས
་གྲུབ་ནི་དངོས་གྲུབ་ཀྱི་དམ་པ་ཉིད་ཡིན་ནོ།། བར་དུ་ཞེས་བྱ་བའི་སྒྲས་ནི་བྱང་ཆུབ་སེམས་དཔའ་ལྷག་མ་རྣམས་ཀྱི་དངོས་གྲུབ་སྡུད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔས་ཞེས་བྱ་བ་ནི་དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་སྟེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་བྱ་བའི་དོན་ཏོ།། འདི་དག་ཀྱང་ཡང་དག་པར་སྡུད་པར་བྱེད་པའི་ཚིག་ཡིན་ནོ།། ཕྱག་རྒྱ
་རྣམས་ཀྱི་བཅིང་བ་ཡང་བཤད་ཟིན་ཏོ།། དངོས་གྲུབ་ཀྱང་བཤྭད་ཟིན། ལས་རྣམས་ཀྱང་བཤད་ཟིན། བརྟན་པར་བྱ་བ་ཡང་བཤད་ཟིན་ན། ལྡང་བའི་ཚེ་ཕྱག་རྒྱ་རྣམས་བཀྲོལ་ནས་ལྡང་བར་བྱ་དགོས་ན་ཇི་ལྟར་དགྲོལ
་བར་བྱ་བ་འམ། གང་དུ་དགྲོལ་བར་བྱ་བ་མ་བཤད་པས་དེའི་ཕྱིར་དེ་ནས་ཕྱག་རྒྱ་ཐམས་ཅད་དགྲོལ་བའི་སྤྱིའི་ཆོ་གོ་རྒྱས་པ་བཤད་དོ་ཞེས་གསུངས་པ་ཡིན་ཏོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། ཕྱག་རྒྱ་ཐམས
་ཅད་ཙོས་བྱ་བ་ནི་རྣམ་པ་བཞིའོ།། སྤྱིའོ་ཞེས་བྱ་བ་ནི་མཚུངས་པའི་འོ།། དགྲོལ་བའི་ཆོ་ག་རྒྱས་པ་ཞེས་བྱ་བ་ནི་བཅིང་པ་གཞིག་པའི་ཐབས་ཀྱི་བྱེ་བྲག་གོ།། དགྲོལ་བའི་ཚི་ག་རྒྱས་པ་དེ་ཡང་རྣམ་པ་མང་བས་ན། དེའི་ཕྱིར་དེའི
་ངེས་པའི་དམིགས་བསྟན་པའི་ཕྱི་རོ། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོག་མ་ཉིད་དུ་ཞེས་བྱ་བ་ནི་དང་པོ་ཁོ་ནར་དགྲོལ་བ་ཉིད་བཤད་པར་བྱའོ་ཞེས་བྱ་བ་སྟེ། དོ་བྱ་བ་གཞན་གྱི་གཞི་ཡིན་པའི་ཕྱིར་རོ།། ཐོག་མ
་ཉིད་དུ་ཞེས་བྱ་བའི་ཉིད་ཀྱི་སྒྲ་ནི་དགྲོལ་བ་ཁོ་ན་དང་སྦྱར་རོ།། ཕྱག་རྒྱ་ཐམས་ཅད་གང་དང་གང་ནས་འབྱུང་བ་ཞེས་བྱ་བ་ནི་གང་དང་གང་ལས་བྱུང་བ་མ་བསྟན་དུ་ཟིན་ཀྱང་རབ་ཏུ་བྱེད་པའི་དོན་གྱི་དབང་གིས་རིག་པར་བྱའོ།།
་དེ་ལ་རེ་ཞིག་ཕྱག་རྒྱ་ཐམས་ཅད་ཀྱི་གཎྜཱི་ནི་ཕྱག་རྒྱ་ཆེན་པོ་ཡིན་ལ། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་ནི་རྡོ་རྗེ་བཅིང་བ་ཡིན་ནོ།། རྡོ་རྗེ་བཅིང་བའི་ནི་རྡོ་རྗེ་ཐལ་མོ་ཡིན་ནོ།། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་ནི་རྡོ་རྗེ་ཁུ་ཚུར་གཉིས་ཡིན་ནོ།། རྡོ
་རྗེ་ཁུ་ཚུར་གཉིས་ཀྱི་ནི་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་ཡིན་ནོ།། ཆོས་ཀྱི་ཕྱག་རྒྱ་རྣམས་ཀྱི་ནི་ལྕེ་ཡིན་ནོ།། ཕྱག་རྒྱ་ཆེན་པོ་རྣམས་ཀྱི་ནི་སྙིང་གཱ་ཡིན་ནོ།། དེ་ལྟ་བས་ན་ལྡང་བའི་ཚེ་ཡང་རྀ་ཞིག་ལས་ཀྱི་ཕྱག་རྒྱ་རྣམས་ནི་ཁུ་ཚུར་གཉིས་སུ
་ཡིད་ཀྱིས་བསྡུ་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ནི་དམ་ཚིག་གི་རྡོ་རྗེ་ཁུ་ཚུར་དུའོ།། དེ་བས་ན་དམ་ཚིག་གི་ཕྱག་རྒྱ་ཐམས་ཅད་ནི་རྡོ་རྗེ་བཅིང་བར་རོ།། རྡོ་རྗེ་བཅིང་བ་ནི་རྡོ་རྗེ་ཐལ་མོར་རོ།། རྡོ་རྗེ་ཐལ་མོ་ནི་ཕྱག་རྒྱ་ཆེན་པོར་རོ།།
་ཆོས་ཀྱི་ཕྱག་རྒྱ་རྣམས་ནི་ལྕེ་རུའོ།། ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེར་རོ།། རྡོ་རྗེ་ནི་ཟླ་བའི་དཀྱིལ་འཁོར་དུའོ།། ཟླ་བའི་དཀྱིལ་འཁོར་ནི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་རྣམ་པར་སྨིན་པའི་ལུས་ཀྱི་སྙིང་ཀཱར་དགྲོལ་ལོ།། དེར་རྫོགས
་ནས་བརྟུལ་བའི་ཚུལ་ཇི་ལྟ་བ་དེ་བཞིན་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ཕྱག་རྒྱ་བཞི་བཅིང་བ་ལ་ཡང་བརྟག་པར་བྱ་སྟེ། གང་དང་གང་ལས་བྱུང་བ་དེ་དང་དེར་ཡིད་ཀྱིས་ཉེ་བར་བསྡུས་པ་དེ
་ནས་རིམ་གྱིས་ཇི་སྐད་གསུངས་པའི་སྙིང་པོས་སྙིང་ག་ལ་སོགས་པར་དཀྲོལ་བར་བྱའོ།། ཁྱད་པར་ནི་འདི་ཡོད་དོ།། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་ལ་ནི་བཛྲ་མུཿཞེས་བྱ་བའོ།། པདྨའི་རིགས་ལ
་ནི་པདྨའི་མིང་སྨོས་པསོ།། རིན་པོ་ཆེའི་རིགས་ལ་ནི་རིན་པོ་ཆེའི་མིང་སྨོས་པས་སོ།། རྟོག་པ་ཐམས་ཅད་ལ་ཡང་དམ་ཚིག་གི་ཕྱག་རྒྱ་གནས་དེ་དང་དག་ཏུ་དགྲོལ་ནང་སྣང་པོ་སྒྲས་མ་ཐག་བནན
་ཀྱིས་ཕྱག་རྒྱ་ཐམས་ཅད་དགྲོལ་བར་བྱའོ།། དེ་ནས་སྙིང་གནས་བྱུང་བ་ལ་སོགས་པའི་གཞུང་ནི་གོ་སླ་བས་མ་བཤད་དོ།། ཁྱད་པར་ནི་འདི་ཡོད་དོ།། རྟོག་པ་གང་དང་གང་རཱིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་ཇི་ལྟ་ཇི་ལྟར་བྱུང་བ་དེ་དང
་དེས་དཽ་དུང་དེར་ཕྱག་རྒྱ་དང་སྔགས་འདི་ཉིད་ཀྱིས་དབང་བསྐུར་བར་བྱའོ།། དེ་ནས་ཡང་གོ་ཆའི་མཐར་ཞེས་བྱ་བ་ནི་གོ་ཆའི་མཐའ་མར་འཕྲེང་བ་བཅིང་བ་གང་ཡིན་པ་ད་ནི་གོ་ཆའི་མཐར་འཕྲེང་བ་བཅིང་བ་ཞེས་བྱ་སྟེ། དེ་བཏང
་ལ་ཐལ་མོ་མཉམ་པར་བརྔུབས་ཏེ། མཉེས་པར་བྱ་ཞེས་བྱ་བ་ནི་ལག་པ་གཉིས་མཉམ་པར་བྱས་ལ་སྙིང་གར་ཕྱོགསུ་ཐལ་མོ་དལ་བུས་ལན་གསུམ་བརྡབ་པར་བྱ་བ་འདི་ནི་ཐལ་མོ་མཉམ་པ་སྟེ་ཇི་སྐད་དུ་གསུངས་པའི་སྙིང
་པོཔོ་ཡང་བརྗོད་པར་བྱའོ།། ཆོ་ག་འདིས་ཞེས་བྱ་བ་ནི་བཤད་མ་ཐག་པ་སྟེ། ཇི་སྐད་དུ་བཤད་པོའི་གནས་རྣམས་སུ་དགྲོལ་བའི་ཆོ་གས་སོ།། དེ་ལ་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་རང་གི་ལུས་ལ་བདག་པོར་བཞག་ཅིང་གོ་ཆའི་མཐའ
་མར་ཕྲེང་བ་བཅིང་བ་བཅིངས་ཏེ། བརྟན་པོར་བྱས་ལ་ཐལ་མོ་མཉམ་པས་མཉེས་པར་བྱས་ན་རྡོ་རྗེ་ལྟ་བུར་འགྱུར་བ་སྟེ། ནམ་ཡང་ཡོངས་སུ་མི་གཏོང་ངོ་ཞེས་བྱ་བའི་དོན་ཏོ།། ཇེ་ཆོ་ག་འདི་ཉིད་ཀྱིས་རྡོ་རྗེ་ལྟ་བུར་འགྱུར་རམ། འོན
་ཏེ་དུས་འདིའི་ཚེ་ཆོ་ག་གཞན་ཡང་ཡོད་ཅེ་ན། དེའི་ཕྱིར་ཡང་ན་རྡོ་རྗེ་སེམས་དངསྣ་ཀྱང་བྱའོ་ཞེས་བྱ་བྱ་སྟེ། ཡི་གེ་བརྒྱ་པས་ཀྱང་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་སྐད་སྟོན་ཏེ། གནས་ཇི་ལྟ་བར་ཕྱག་རྒྱ་རྣམས་བཀྲོལ་ལ། རིན་ཆེན
་འི་ཕྱག་རྒྱས་དབང་བསྐུར་ནས་གོ་ཆའི་མཐར་ཕྲེང་བམ་བྱས་སུ་ཟིན་ཀྱང་ཡི་གེ་བརྒྱ་པ་བརྗོད་ཅིང་མཉམ་པའི་ཐལ་མོས་མཉེས་པར་བྱོས་ཏེ་ལངས་ན་དེ་ལྟ་བུས་ཀྱང་རྡོ་རྗེ་ལྟ་བུར་འགྱུར་རོ།། །། ཕྱག་རྒྱ་བཞི་རྒྱས་པ་དང་།
་བཅས་པར་སྨྲས་ཟིན་ནས། ཕྱག་རྒྱ་ལ་གནས་པའི་བཟླས་པའི་ཆོ་ག་བཤད་དགོས་པས། དེའི་ཕྱིར་རྡོ་རྗེ་སེམས་དཔའ་ལན་གཅིག་བཟླས་ཞེས་བྱ་བ་ལ་སོགས་པས་བཟླས་པའི་ཆོ་ག་སྟོན་ཏོ།། རྡོ་རྗེ་སེམས་དཔའ་ནི་དཀྱིལ
་འཁོར་གྱི་བཅོམ་ལྡན་འདས་དང་པོའི་སེམས་དཔའི་སྟེ། དེའི་སྔགས་ནི་འདི་ཉིད་ཡིན་ལ། དེ་བསོ་ན་འདིའི་དོན་བསྒོམས་ནས་གཅིག་བརྗོད་པས་ཀྱང་འགྲུབ་པར་འགྱུར་རོ།། ཇི་ལྟར་བཟླ་བར་བྱ་ཞེ་ན། བཟླས་པའི་ཆོ་ག་ནི་ཇི
་ལྟར་འདོད་པར་ཞེས་བྱ་བ་སྟེ་ཅི་དགའ་བར་རོ།། དེ་ཡང་འདུག་གམ་ཉལ་ལམ་འགྲེང་ངམ་བསྙེས་ཀྱང་རུང་སྤྱོད་པ་ཅི་དགྲས་གང་ཅི་ཡང་རུང་བ་རུ། བྱང་ཆུབ་སེམས་བསྐྱེད་བཟླས་པ་བྱས་པ་ཡིས།། མཁས་པས་ཐེ་ཚོམ
་མེད་པར་དངོས་གྲུབ་ཐོབ་ཅེས་ཇི་སྐད་གསུངས་པ་ལྟ་བུའོ།། བདག་བདེ་བར་ཞེས་བྱ་བ་ནི་སེམས་བདེ་བ་ལ་བྱ་སྟེ། སེམས་བདེ་བ་རྣམས་ནི་རྩེ་གཅིག་པར་འགྱུར་རོ་ཞེས་ཇི་སྐད་གསུངས་པོ་ལྟ་བུའོ།། འདི་སྐད་སྟོན་ཏེ། བདེ་བའི
་བདག་ཉིད་ཅན་གང་ཡིན་པ་དེ་ནི་བདེ་བ་སྟེ། བདག་ཅེས་བྱ་བ་ནི་ང་རྒྱལ་གྱི་གཞི་ཡིན་པས་སེམས་ལ་བྱའོ།། བདེ་བ་ནི་བདེ་བའི་ཚོར་བ་སྟེ། བདེ་བ་དང་ལྡན་པའི་སེམས་སོ།། དེ་ལྟ་བུའི་བདག་བདེ་བ་ལས།
་འགྲུབ་པར་འགྱུར་གྱི་ཉོན་མོངས་ལས་ནི་མ་ཡིན་ཏེ། དཀའ་ཐུབ་དཀའ་སྤྱད་མི་བཟད་པས།། ལུས་སྐམས་འགྱུར་ཞིང་སྡུག་བསྔལ་ཏེ།། སྡུག་བསྔལ་བས་ན་སེམས་གཡེངས་ལ།། སེམས་གཡེངས་དངོས་གྲུབ་གཞན་དུ་འགྱུར།།
་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། དེ་ལྟ་བུའི་རྣམ་པའི་བཟླས་པ་ཙམ་གྱིས་ཀྱང་འགྲུབ་པར་འགྱུར་རོ།། ཇི་ལྟར་ན་བཟླས་པ་ཙམ་གྱིས་འགྲུབ་ཅེ་ན། དེའི་ཕྱིར་ལག་ན་རྡོ་རྗེས་གསུངས་པ་བཞིན་ཞེས་བྱ་བ་གསུངས་ཏེ། བཞིན
་ཞེས་པ་ནི་རྒྱུ་དང་དེ་དག་གིས་ནང་ནས་མ་བསྒྲུབས་པར་ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གཟུགས་བསྒོམ་ཞིང་། འདི་ལྟ་བུའི་བཟླས་པ་ཙམ་གྱིས་ཀྱང་འགྲུབ་པར་འགྱུར་རོ།། ཞེས་བཅོམ་ལྡན་འདས་ཕྱག་ན་རྡོ།
་རྗེས་གསུངས་པ་འབྱུང་བ་ལྟ་བུའོ།། འདི་ཉིད་ཀྱང་སུ་ཞིག་གི་གསུངས་ཤེ་ན། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་གསུངས་ཤེས་བྱ་བ་སྟེ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་བཀའ་སྩལ་བའོ།། དྲོ་ནི་སེམས
་དཔའ་ལྷག་མ་རྣམས་ཀྱི་བཟླས་པའི་ཆོ་ག་བསྒྲེས་ཏེ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་སེམས་སོགས་སེམས་དཔའ་རྣམས།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་སེམས་དཔའ་དང་པོར་བྱས་པའི་སེམས
་དཔའ་གང་ཡིན་པ་རྣམས་ནི་རྡོ་རྗེ་སེམས་དཔའ་རྣམས་སོ།། དེ་སྐད་སྨོས་སུ་ཟིན་ཀྱང་དེ་རྣམས་ཀྱི་སྔགས་དང་སྙིང་པོ་རྣམས་ཀྱང་ཡིན་པར་རིག་པར་བྱ་སྟེ། ཐཱ་མི་དད་པས་ཉེ་བར་གདགས་པས་བསྟན་པའི་ཕྱིར་རོ།། ཅི་དགའ
་བར་བཟླས་པའི་ཡུལ་གང་ཡིན་ཞེ་ན། དེའི་ཕྱིར་སྒྲུབ་པ་དང་ནི་ལས་ཀུན་ལ་ཞེས་བྱ་བ་གསུངས་ཏེ། དོན་གྱི་དངོས་གྲུབ་ལ་སོགས་པ་ལ། ཅི་དགར་ཞེས་བྱ་བ་སྟེ་ཅི་འདོད་པར་རོ།། ཡང་ན་ལན་གཅིག་བཟླས་པ་སྟེ། དགོས་པ་ཁ
་ཅིག་ཏུ་རྡོ་རྗེ་སེམས་དཔའ་ལན་གཅིག་བཟླས་པ་ཙམ་གྱིས་ཞེས་གསུངས་པས། ལན་གསུམ་མམ། ལན་བདུན་ནམ། ལན་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་དམ། སྟོང་རྩ་བརྒྱད་ལ་སོགས་པ་སྟེ། རྣལ་འབྱོར་ལ་ནི་བསྒོམ་པ
་གཙོ་བོར་གྱུར་པ་ཡིན་པས་ན། དུས་ཇི་སྲིད་ཀྱིས་ཕྱག་རྒྱ་བསྒོམ་པ་བརྟན་པོར་གྱུར་པ་དེ་སྙིང་དུ་བཟླས་ཤིང་ཕྱག་རྒྱུའི་སྦྱོར་བ་བྱཱ་བའི་དོན་ཏོ།། རྟོག་པ་ཀུན་ལས་ཞེས་བྱ་བ་ནི་ཐུག་པ་ཆེན་པོ་མངོན་པར་རྟོག་པ་ལ་སོགས་པའོ།།
་པོ་དང་ཕྱག་རྒྱ་དང་སྔགས་དང་རིག་པ་རྣམས་ཀྱིས་བཟླས་པའི་ཆོ་ག་བཤད་ཟིན་ནས། དེ་ནི་སྒྲུབ་པའི་ཆོ་ག་བཤད་པར་བྱ་དགོསཽ་ཏེ། དེ་ནི་སྙིང་པོ་ཕྱག་རྒྱ་སྔགས་རིགས་རྣམས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། ཇི་ལྟར་འདོད་པའི
་ཚུལ་གྱིས་ནི་ཞེས་བྱ་བ་ནི་སྦྱོར་བའི་མངོན་པར་འདུས་བྱས་པ་ལ་སོགས་པའི་ཁྱད་པར་གྱིས་སོ།། སྦྱོར་བའི་མངོན་པར་འདུ་བྱེད་པའི་ཁྱད་པར་དེ་ཡང་ཁ་ཅིག་ཏུ་རྟོག་པ་ལས་གསུངས་པ་ཡང་ཡོད། ལ་ལར་ནི་རང་གིས་བྱས་པ
་ཡང་ཡོད་དེ། ཇི་ལྟར་རྣལ་འབྱོར་གྱི་རྒྱུད་འདིར་ལན་གསུམ་ཁྲུས་བྱ་བ་དང་། གོས་གསུམ་བརྗེ་བ་ལ་སོགས་པ་གསུངས་སུ་ཟིན་ཀྱང་། ཁ་ཅིག་ཆོ་ག་དེ་ཉིད་ཀྱིས་སེམས་རྩེ་གཅིག་པར་འགྱུར་ན་དེའི
་ཆོ་ག་ཡང་དེ་ཉིད་ཡིན་ནོ།། ཁ་ཅིག་ནི་དེ་མེད་པ་ཉིད་ཀྱིས་ཏེ། ཁྲུས་ཀྱི་ཆོ་གུའི་རྩོམ་པ་བྱས་པས་ལུས་མི་བདེ་བར་གྱུར་ན། དེའི་ཆོ་ག་ནརྀ་རྟོག་པ་ལས་གསུངས་པ་ཉིད་ཡིན་ནོ།། དེ་ལྟ་བས་ན་གང་ལ་ཇི་ལྟ་བུའི་ཆོ་གའི་ཚོགས་བསྒྲུབ་ཤིང་ཁྲུས
་དང་ཁ་ཟས་ལ་སོགས་པས་སེམས་རྩེ་གཅིག་ཏུ་གྱུར་ན་དེའི་ཆོ་ག་ནི་དེ་ཉིད་ཡིན་ཏོ། སེམས་རྩེ་གཅིག་པ་ཁོ་ན་ལ་རག་ལས་པ་ཡིན་པའི་ཕྱིར་རོ།། རྒྱུད་ལས་གསུངས་པའི་འབྲས་བུ་གང་གིས་ཆོ་ག་གང་ཡིན་པ་གང་གི་ཏིང་ངེ་འཛིན
་དང་རྗེས་སུ་མཐུན་པར་འདོད་པ་དེ་ཉིད་ལ་ནི་རང་བྱས་པ་འམ་ཞེས་བྱའོ།། སྒྲུབ་པ་ནི་སྒྲུབ་པའི་ལས་ཕལ་མོ་ཆེ་རྣམས་སོ།། འདིར་ཞེས་བྱ་བ་ནི་རྒྱུད་འདིར་རོ།། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། ངེས་པ་ནི་བཟླས་པ་ཉི་ཚེ་མ་ངེས་པར
་མ་ཟད་ཀྱི་སྒྲུབ་པ་རྟོགས་མོས་པ་རྣམས་ལ་ཡང་མཽ་ངེས་པ་ཡོད་དོ་ཞེས་པའོ།། ཐམས་ཅད་དོ་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་དམ་པ་ལ་སོགས་པའོ།། བཟླས་པའི་ཆོ་ག་དང་སྒྲུབ་པའི་ཆོ་ག་བཤད་ཟིན་ནས། ཇི་ལྟར་སྤྱན་དྲང་བའི་ལྷ་རྣམས
་སླར་གཤེགས་སུ་གསོལ་བའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་གསང་བའི་མཆོད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། ཇི་ལྟར་སྤྱན་དྲངས་པའི་ལྷ་རྣམས་སླར་གཤེགས
་པར་བྱ་བའི་ཕྱིར་ཡང་མཆོད་པ་དྷའོ།། ཇི་ལྟར་མཆོད་ཅེས་ན་གསང་བའི་མཆོད་པ་བརྗོད་ཅིང་ཞེས་བྱ་བ་གསུངས་ཏེ། མཆོད་པ་རྣམས་ཀྱི་ནང་ནང་གསང་བ་ཡིནྡ་པས་ན་གསང་བའི་མཆོད་པའོ།། དེ་ཡང་མཆོད་པ་རྣམ་པ་བརྒྱད་དུ
་གསུངས་ཏེ། དེའི་གསུང་བ་ནི་དཀྱིལ་འཁོར་གྱི་ཡང་དག་པར་སྡུད་པའོ།། དེ་བརྗོད་པ་ནི་དེ་སྨྲ་བུའོ།། གྲཝསདྲ་བའི་མཆོད་པ་བཞི་བྱའོ་ཞེས་བྱ་བ་ལྱ། གསང་བུའི་མཆོད་པ་བཎྜི་ནི་སྒེག་མོ་ལ་སོགས་པའི་མཆོད་བྱ་བཞིའོ།། བདུག
་པ་ལ་སོགས་པའི་མཆོད་པ་རྣམས་ནི་བདུག་སྤོས་ལ་སོགས་པ་ཕྱིའི་མཆེད་པའི་ཡོ་བྱད་ཡོད་པ་ཡིན་གྱི། སྒེག་མོ་ལ་སོགས་པ་ནི་ཕྱིའི་ཡོ་བྱད་ལ་བལྟོས་སུ་མེད་པ་ཡིན་པས་གཞན་དུ་དེ་ལྟ་བུ་ལ་མ་གཏོགས་པར་འདིས
་མཆོད་པ་བྱས་སོ་ཞེས་སུས་ཀྱང་ཤེས་པར་མི་འགྱུར་ཏེ། དེ་བས་ནི་གསང་བའི་མཆོད་པ་ཞེས་བཤད་དོ།། མེ་ཏོག་ལ་སོགས་པ་ནི་མ་སྨོས་སུ་ཟིན་ཀྱང་བ་ལང་རྫིའི་ཆུང་མ་ལ་སོགས་པ་རྣམས་ལ་ཡང་གྲགས་པ་ཡིན་ནོ།།
་དེ་བས་ན་སྒྲོག་མོ་ལ་སོགས་པ་ཉིད་ལ་བས་པའི་མཆོད་པའི་སྒྲར་གསུངས་སོ།། གསང་བའི་མཆོད་པ་བརྗོད་ཅིང་ཞེས་ནི་གསུངས་ན། གསུང་བའི་མཆོད་པ་དེ་ཇི་ལྟར་བྱ་བས་མི་ཤེས་ཏེ། དེ་བས་ན་རྡོ་རྗེའི་བསྟོད་པ་འདིས
་གླུ་བླངས་ཏེ་ཞེས་བྱ་བ་གསུངས་སོ།། རྡོ་རྗེའི་བསྟོད་པ་ནི་རྡོ་རྗེ་རྣམས་ཀྱི་བསྟོད་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིའོ།། ཡང་ན་རྡོ་རྗེའི་བསྟོད་པ་སྟེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི
་བསྟོད་པ་སྟེ། བསྟོད་པ་ནི་ཡང་དག་པར་ཡོན་ཏན་སྒྲོག་པའོ།། འདི་ནི་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། གླུ་ནི་གྲཱ་མ་ར་ག་ལ་སོགས་པའི་སྦྱོར་བའོ།། བླངས་པ་ནི་སྒྲར་ལེན་པའོ།། ད་ནི་ཨོ་ཞེས་བྱ་བ
་ལ་སོགས་པ་གསང་བའི་མཆོད་པ་སྟོན་སྟེ། རྡོ་རྗེ་སེམས་དཔའ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་སོ།། དེའི་བསྡུས་པ་ནི་ཡང་དག་པར་བསྡུས་པ་སྟེ། དཀྱིལ་འཁོར་ལ་སོགས་པར་འཇུག་པར་ཐོག་མར་བྱས་པས་སོ།། དེ
་ལྟར་བསྡུས་པ་ཡིན་པས་ན་རྡོ་རྗེ་རིན་ཆེན་བླ་ན་མེད་པར་འགྱུར་ཏེ། རིན་པོ་ཆེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྱོར་པ་ཕུན་སུམ་ཚོགས་པ་ཐམས་ཅད་སྦྱིན་པར་བྱེད་པ་དང་དབུལ་བུ་ཐམས་ཅད་ཡོངས་སུ་གཅོད
་པར་བྱེད་པའོ།། འདིར་ནི་དད་པའི་ནོར་བུ་རིན་པོ་ཆེ་ལ་བྱ་བར་དགོངས་ཏེ། རྡོ་རྗེའི་རང་བཞིན་ཅན་གྱིས་བྱང་ཆུབ་ཀྱི་སེམས་ཀྱིས། དད་པའི་ནོར་བུ་རིན་པོ་ཆེ་བྱིན་གྱིས་བརླབས་པས་ན་རྡོ་རྗེ་རིན་པོ་ཆེར་འགྱུར་ཞིང་། ཕུན་སུམ
་ཚོགས་པའི་བདེ་བ་ཐམས་ཅད་བསྐྱེད་པས་ན་བླ་ན་མེད་པར་ཡང་འགྱུར་ལ། དེ་ལས་ངེས་པར་སྐྱེས་པའི་རིན་པོ་ཆེའི་རིགས་སུ་ཡང་འགྱུར་རོ།། དེ་ལས་བྱུང་བའི་བྱང་ཆུབ་ཀྱི་སྙེམས་དེ་ཡོངས་སུ་གཟུང་ན་དད་པའི་ནོར་བུ
་རིན་པོ་ཆེ་ཡོངས་སུ་དག་པར་འགྱུར་ཏེ། དེ་ལས་རྡོ་རྗེ་ཆོས་ནི་གླུར་བླངས་པས་ཞེས་བྱ་བ་སྟེ། རྡོ་རྗེ་ཆོས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པས་ན་རྡོ་རྗེའི་ཆོས་སོ།། ཡང་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི
་རྡོ་རྗེ་ལས་བྱུང་བས་ན་རྡོ་རྗེའི་ཆོས་སོ།། ཡང་ན་རྡོ་རྗེ་ལྟ་བུའི་ཆོས་ཡིན་པས་རྡོ་རྗེའི་ཆོས་ཏེ། སྔགས་ཀྱི་སྤྱོད་པ་ལ་སོགས་པ་ཐེག་པ་ཆེན་པོའི་ཆོས་རྣམས་པས་ཀྱི་རྒོལ་བ་ལ་སོགས་པས་མི་ཤིགས་པ་ཡིན་པའི་ཕྱིར་རོ།།
་གླུར་བླངས་པ་ནི་ཆོས་རྣམས་ལ་སྒྲུབ་པ་རྣམ་པ་བཅུའི་རྡོ་རྗེ་ཆོས་ཀྱི་གླུ་བླངས་པས་རྡོ་རྗེའི་ལས་ནི་བྱེད་པར་འགྱུར་ཞེས་བྱ་བ་སྟེ། རྡོ་རྗེ་རྣམས་ཀྱིས་ལས་ཡིན་པས་ན་རྡོ་རྗེའི་ལས་ཏེ། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས
་དཔའ་རྣམས་ཀྱིས་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས། དད་པའི་ནོར་བུ་རིན་པོ་ཆེ་ལ་སོགས་ཏེ་བྱང་ཆུབ་ཀྱི་ཡོན་ལག་གྲི་ནོར་བུ་རིན་པོ་ཆ་སྦྱངས་ནས། ཐེག་པ་ཆེན་པོའི་ཆོས་སྒྲུབ་པ་རྣམ་པ་བཅུས་གླུ་ཡང་དག་པར
་བླངས་ཏེ། བདག་དང་གཞན་གྱི་མཚོན་ཉིད་ཕྲིན་ལས་བླ་ན་མེད་པ་ཇི་ལྟར་མཛད་པ་དེ་བཞིན་དུ། ཁྱེད་ཀྱང་ལྷ་དང་མི་འདུས་པ་འདི་རྣམས་ལ་རྡོ་རྗེའི་ལས་རྣམས་བྱེད་པར་འགྱུར་རོ་ཞེས་སྟོན་པ་ཡིན་ནོ།། འདི་ནི་ལྷ་དང་མི
་རྣམས་ལ་གླུ་བླངས་པའི་ཐབས་ཀྱི་ཆོས་ཀྱི་སྟོན་པ་ཡིན་ནོ།། རྡོ་རྗེ་སྒེག་མོ་ལ་སོགས་པའི་ཕྱག་རྒྱ་བཞི་དང་། རྡོ་རྗེ་གླུས་བསྟོད་པའི་ཚིག་རྐང་པ་བཞི་ལས་རྐང་པ་རེ་རོ་དང་ཕྱག་རྒྱ་རེ་རེ་རཱ་སྦྱར་ལ་རིམ་བཞིན་དུ་མཆོད་པར་བྱ་སྟེ།
་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིན་པར་ཤེས་པར་བྱའོ།། རྡོ་རྗེ་གོར་ལོག་པ་གཤིབ་པ་ཞེས་བྱ་བ་ནི་སྔར་སྨྲས་ཟིན་ཏོ།། བདུག་པ་ལ་སོགས་པའི་ཕྱག་རྒྱའི་གནས་ནས་རྡོ་རྗེ་གར་གྱི་ཐལ་མོ་ཁང
་སྟོང་དུ་སྦྱར་བས་བདུག་པ་ལ་སོགས་པ་ཡིད་ཀྱིས་བླངས་ལ་བདུག་པ་ལ་སོགས་པས་ནང་གི་དཀྱིལ་འཁོར་དུ་མཆོད་པར་བྱའོ།། དེ་ནས་ཕྱིའི་དཀྱིལ་འཁོར་དེ་བཞིན་དུ་མཆོད་པ་བྱས་ལ།
་ཕྱག་རྒྱ་དེ་རྣམས་རང་རང་གི་གནས་སུ་བཞག་པར་བྱའོ།། དེ་ནས་སློབ་དཔོན་གྱིས་མཆོད་པ་བྱས་ནས་སློབ་མ་རྣམས་ལ་ཁྱེད་ཐམས་ཅད་ཀྱིས་ཀྱང་དཀྱིལ་ལཡོས་མཆོད་པ་ཅི་ནུས་པ་གྱིས་ཤིག་ཅེས་སྒོ་བར་བྱའོ།། ཅི་ནུས
་པོར་ཞེས་བྱ་བ་ནི་འདི་སྐད་སྟོན་ཏོ།། གང་གི་ཕྱག་རྒྱ་བཟུང་བ་དེས་ནི་ཕྱག་རྒྱ་རྣམས་ཀྱི་མཆོད་པ་གྱིས་ཤིག། གང་གི་ཕྱག་རྒྱ་མ་མནོས་པ་དེས་ནི་བདུག་པ་ལ་སོགས་པས་མཆོད་པ་གྱིས་ཤིག་པའོ།། དེ་ལྟར་བདུག་པ
་ལ་སོགས་པས་མཆོད་པ་ཅི་དགར་བྱས་པའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་བོ།། ཇི་ལྟར་གསོལ་བ་གདབ་ཅེས་ན། ཇི་ལྟར་སེམས་ཅན་འདི་དག་ནི་བཟའ་དང་བཏུང་བ་སྟེ། ཟས་དང་རོ་ལ
་རྐམ་པ་ལགས་ཏེ། སྲེད་པ་དེས་འཇིག་རྟེན་པའི་དཀྱིལ་འཁོར་ངན་སོང་གི་སྒོར་གྱུར་པ་དེ་དག་ཏུ་འཇུག་པར་གྱུར་ལ། འདི་ན་ཡང་བཟའ་བ་དང་བཏུང་བ་ལ་སོགས་པ་ཡོད་དོ་ཞེས་བཅོམ་ལྡན་འདས་ཀྱིས་སྔར་དམ་བཅས
་པ་མཛད་པ་ལགས་ཏེ། དེ་བས་ན་འདིར་ཇི་ལྟར་ཕུལ་བའི་ཞལ་ཟས་ལ་སོགས་པ་དེ་རྣམས་ལ་སྩལ་དུ་གསོལ་ཞེས་གསོལ་བ་གདབ་པར་བྱའོ།། ཇི་ལྟར་ཞུགས་པ་རྣམས་ཞེས་བྱ་བ་ནི་བསམ་པ་གང་དང་གང་གིས་ཞུགས
་བའོ།། འདི་སྐད་སྟོན་ཏེ། གང་བཟའ་བ་དང་བཏུང་བ་ལ་སོགས་པ་འདོད་པས་ཞུགས་པ་དེ་རྣམས་ལ་དེ་དང་དེ་དག་ཉིད་ཀྱིས་ཀུན་ཏུ་ཚིམ་པར་བྱའོ།། གང་ཚུལ་ཁྲིམས་ལ་སོགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི
་བྱང་ཆུབ་དོན་དུ་གཉེར་བ་དེ་རྣམས་ལ་ནི་དེ་ལྟ་བུའི་དངོས་པོ་ལ་འདོད་པ་མེད་དོ་ཞེས་སྔར་བྱེ་བྲག་ཏུ་ཕྱེ་སྟེ་སྨྲས་ཟིན་པ་ཡིན་ནོ།། དེ་བས་ན་ཐམས་ཅད་ལ་བཟོའ་བ་དང་བཏུང་བ་ལ་སོགས་པ་ངེས་པར་མི་སྦྱིན་དུ་མི་རུང་བ་ནི་མང
་དོཅི་འབྱོར་པའི་ཞེས་བྱ་བ་ནི་ཅི་བདོག་པ་ལས་སོ།། རོ་ཐམས་ཅད་ཅེས་བྱ་བ་ནི་བཏུང་བ་ལ་སོགས་པས་སོ།། ཁ་ཟས་ཞེས་བྱ་བ་ནི་བཟའ་བ་དང་བཅའ་བའོ།། གནས་པ་ནི་གླུ་དང་གར་ལ་སོགས་པོས་སོ།། ཡོ་བྱད་ཐམས
་ཅད་ཅེས་བྱ་བ་ནི་གོས་དང་གདུགས་དང་བུམ་པ་ལ་སོགས་པས་སོ།། མགུ་བར་བྱས་ཏེ་ཞེས་བྱ་བ་ནི་དགའ་བར་བྱས་པའོ།། དེ་ལྟར་ལྷ་རྣམས་མཆོད་པ་དང་། སློབ་མ་རྣམས་ཡིང་དག་པར་མགུ་བར་བྱས་ནས། ད་ནི་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་ནོ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་སོ།། དེ་དག་གི་དངོས་གྲུབ་ཡིནོ་པས་དེ་བཞིན་གཤེགས།
་པ་ཐམས་ཅད་ཀྱི་དངོས་གྲུབ་བོ།། དེའི་མཚན་མར་གང་ཞིག་ཐོགས་ནས་སློབ་དཔོན་དཀྱིལ་འཁོར་ལ་སོགས་པའི་ལས་བྱེད་པ་སྟེ། རྩེ་གསུམ་པོའི་རྡོ་རྗེ་ཡིན་ལ། དེའི་བརྟུལ་ཞུགས་ནི། རྡོ་རྗེ་བརྟུལ་ཞུགས་རྟག་ཏུ་འཆང
་བྱའོ།། ཇི་ལྟར་སྦྱིན་པར་བྱ་ཞེ་ན། འདི་དེ་སངས་རྒྱས་ཐམས་ཅད་ཉིད་ཅེས་བྱ་བཱ་ལ་སོགས་པའི་ཚིག་གིས་སོ།། འདི་ཞེས་བྱ་བ་ནི་ལག་ནཱ་གན་སཱ་པའོ།། དེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ལག
་ན་འདུག་པ་གང་ཡིན་པ་དེའོ།། སངས་རྒྱས་ཐམས་ཅད་ཉིད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཉིད་ཡིན་པའི་ཕྱིར་རོ།། ཁྱོད་ཀྱིས་ཀྱང་ནི་རྟོག་ཏུ་བཅང་ཞེས་བྱ་བ་ནི་སློབ་མཱ་ལ་བསྒོ་བའོ།། ཅིའི་ཕྱིར་ཞེ་ན། གང
་ཕྱིར་འདི་ནི་ལག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན་ཞེས་བྱའོ།། འདི་སྐད་སྟོན་ཏེ། འདི་ནི་བཅོམ་ལྡན་འདུས་ཕྱག་ན་རྡོ་རྗེ་མ་རུངས་པ་ཐམས་ཅད་འདུལ་བར་མཛད་པ་ལ་མི་ཕྱེད་པའི་བརྟུལ་ཞུགས་ཡིན་ནོ།། དེ་ལྟར་སློབ
་དཔོན་གྱིས་བསྒོ་བར་བྱ་ཞིང་། སློབ་མས་ཀྱང་རྡོ་རྗེ་བླངས་ལ་ཇི་སྐད་བཤད་པའི་སྙིང་པོ་བརྗོད་པར་བྱའོ།། འདི་ནི་ལས་ཀྱི་རྡོ་རྗེ་ཡིན་ནོ།། དབང་བསྐུར་བའི་ཚེའི་རྡོ་རྗེ་གང་ཡིན་པ་དེ་ནི་ཡེ་ཤེས་ཀྱི་རྡོ་རྗེ་ཡིན་ནོ།། དེ་ནས
་ཐམས་ཅད་ཅེས་བྱ་བ་ལ་སོགས་བྱས་ནི་ཡང་སྡེར་བཤད་པའི་མནའི་སྙིང་པོ་ཉིད་སྟོན་ཏོ།། འགའ་ཞིག་འདི་སྙམ་དུ་སེམས་ཏེ། དཀྱིལ་འཁོར་དུ་མ་ཞུགས་ཤིང་དམ་ཚིག་མ་ཐོབ་པ་རྣམས་ལ་ཕྱག་རྒྱ་འབའ་ཞིག་བསྟན་པར
་མི་བྱའི། སླར་གཤེགས་སུ་གསོལ་བ་ལ་སོགས་པའི་ཆོ་གའི་ཚོགས་རྣམས་ནི་མ་གཏོགས་སོ་སྙམ་དུ་གཏོགས་པར་མ་གྱུར་ཅིག་སྙམ་དུ་དགོངས་ནས། སླར་ཡང་མནའི་སྙིང་པོ་བརྣན་ཏེ་བྱིན་ཅིག་པར་གསུངས
་པ་ཡིན་ན། མཐར་མནའི་སྙིང་པོ་བྱིན་པས་ནི་འདི་ལྟར་སྟོན་ཏེ། ཅུང་ཟད་ཀྱང་སྨྲ་བར་མི་བྱའོ་ཞེས་སྨྲས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། ཇི་ལྟར་ཞུགས་པ་རྣམས་སླར་བཀྱེ་སྟེ་ཞེས་བྱ་བ་ནི་ཡང་དག་པར
་སླར་བཏང་བ་སྟེ། ཞུགས་པའི་རྣམས་བསམ་པ་རྫོགས་པར་བྱས་ལ་སླར་བཏང་ངོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ།། གསོལ་བ་ཇི་ལྟར་གདབ་ཅེ་ན། སྔར
་གསོལ་བ་བཏབ་པ་བཞིན་དུ་ཁྱོད་ཀྱིས་སེམས་ཅན་གྱི་ཁམས་ལ་རྗེསུ་བརྩེ་བས་བཀའ་སྩོལ་ཅིང་། དཀྱིལ་འཁོར་བྱིན་གྱིས་བརླབས་ཏེ་སེམས་ཅན་གྱི་དོན་མཛད་ན། སོ་སོའི་སྐྱེ་བོ་རྣལ་འབྱོར་ལ་དབང་མ་ཐོབ་པ་རྣམས་བསྐྱང
་ངད་པ་འམ། ཡོ་བྱད་མ་ཚང་བ་ལ་སོགས་བྱས་ཉེས་པ་གང་ཅུང་ཟད་ཅི་བགྱིས་པ་དེ་དག་བཟོད་པར་མཛད་དུ་གསོལ་ཅེས་གསོལ་བ་བཏབ་ལ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ནས་ཁཾ་གྱེན་དུ་བསྟན་ཏེ་བཀྲོལ་ལ། དཀྱིལ
་འཁོར་བའི་སེམས་དཔའ་ཐམས་ཅད་དགྲོལ་ཏེ། གང་དུ་དགྱེས་པར་གཤེགས་པར་བསམ་ཞིང་། རྒྱུད་ལས་གསུངས་པའི་སྙིང་པོ་ཀྲི་ཏོ་བ་སརྦ་སཏྭཱརྠ་ཞེས་བྱ་བ་ལ་སོགས་པ་ཡང་བརྗོད་པར་བྱའོ།། ཁྱེད་ཀྱིས་སེམས་ཅན་དོན་ཀུན
་མཛད་ཅེས་བྱ་བ་ལ། ཁྱེད་ཅེས་བྱ་བ་ནི་ཁྱེད་རྣམས་ཀྱིས་སོ།། སེམས་ཅན་ཐམས་ཅད་ཀྱི་དོན་ནི་སེམས་ཅན་ཀུན་ཏེ། སློབ་དཔོན་དང་སློབ་མ་ལ་སོགས་པ་རྣམས་ཀྱིའོ།། མཛད་པ་ནི་བསྒྲུབས་པའོ།། རྗེས་སུ་མཐུན་པར་དངོས་གྲུབ
་སྩལ་ཅེས་བྱ་བ་ནི་ཇི་སྐད་བཤང་བའི་དགེ་བའི་རྩ་བ་རྣམས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཅི་རིག་པར་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཡུལ་དུ་བཞུད་པར་མཛོད་ཅེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི
་ཡུལ་ཡིན་པས་ན་སངས་རྒྱས་ཡུལ་ཏེ། འཇིག་རྟེན་གྱི་ཁམས་ཡོངས་སུ་དག་པ་རྣམས་སོ།། ཇི་ལྟར་ཡེ་མི་གཤེགས་པར་རམ་ཞེ་ན། དེ་ནས་སླར་ཡང་གཤེགས་པར་གསོལ་ཅེས་བྱའོ།། འདི་སྐད་སྟོན་ཏེ། སེམས་ཅན་གྱི་དོན
་མཛད་ཅིང་ཅི་ནས་ཀྱང་སླར་གཤེགས་པ་ལྟ་བུར་གཤེགས་སུ་གསོལ་གྱི། སླར་མི་འབྱོན་པར་གཤེགས་སུ་གསོལ་བ་ནི་མ་ཡིན་ནོ།། དེ་ལྟར་ཞེས་བྱ་བ་ནི་གང་འདིར་གསུངས་པའི་ཆོ་ག་ནི་སྤྱི་ཡིན་ནོ་ཞེས་བསྒྲེ་བ་ཡིན་ནོ།། དཀྱིལ
་འཁོར་ཐམས་ཅད་ལ་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལ་སོགས་པ་འོག་ནས་བཤད་པ་རྣམས་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལ་སོགས་པ་རྣམས་ལ། དཀྱིལ་འཁོར་སླར་གཤེགསུ་གསོལ
་བ་ལ་སོགས་པ་ནི་སྤྱིའི་ཆོ་ག་ཡིན་པར་ཤེས་པར་བྱའོ།། དམ་ཚིག་མཆོག་ཅེས་བྱ་བ་ལ་སོགས་པ་ལ་ཁྱད་པར་འདི་ཡོད་དོ།། དཀྱིལ་འཁོར་གང་དང་གང་དུ་དམ་ཚིག་མཆོག་གི་ཕྱག་རྒྱ་གང་དང་གང་འབྱུང་བ་དེ་དང་དེར་ཁ་གྱེན་དུ
་བསྟན་ཏེ། དཀྲོལ་ན་དཀྱིལ་འཁོར་བའི་སེམས་དཔའ་རྣམས་དཀྲོལ་བ་བྱས་པར་འགྱུར་རོ།། །། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་བཞིན་གཤེགས
་བབ་དེ་དག་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ནི་དེ་ཐུགས་སུ་ཆུད་པའོ།། ཐེག་པ་ཆེན་པོ་ཞེས་བྱ་བ་ལ་ཆེན་པོ་རྣམས་ཀྱི་ཐེག་པ་སྟེ། ཆེ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ཉིད་དོ།། ཐེག་པ
་འདིས་ནི་འགྲོ་བར་བྱེད་པས་ན་ཐེག་པ་སྟེ་ས་བཅུའོ།། ཡང་ན་བགྲོད་པར་བྱ་བ་ཡིན་པས་ན་ཐེག་པ་སྟེ། སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོའོ།། དེ་བས་ན་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ལ་ཐེག་པ་ཆར
་པོ་ཞེས་བྱ་ལ། དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་ཐེག་པ་ཆེན་པོ་ཞེས་བྱའོ།། དེ་བས་ནུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་སྟེ། དེའི་རྟོགས་པ་ཆེན་པོའི་རྒྱལ་པོ་ལས་ཞེས
་བྱ་བ་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་དངོས་གྲུབ་ཀྱི་དོན་དུ་འདིར་བརྟགས་པའི་ཆོ་ག་རྣམས་ནི་རྟོག་པ་སྟེ། རྟོག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པོ་ཆེན་པོའོ།། རྟོག་པ་གཞན་རྣམས་ལས་ཤིན་ཏུ
་ཕོལ་དུ་བྱུང་བས་ན་རྒྱལ་པོ་སྟེ། དེའི་ཕྱིར་དེ་ལས་སོ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་དབྱིངས་ཀྱིས་ཉེ་བར་མངོན་པའི་དཀྱིལ་འཁོར་ཡིན་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ
་འཁོར་རོ།། དེའི་ཆོ་ག་ནི་ཐབས་ཏེ། གང་གིས་འདི་རབ་ཏུ་སྒྲུབ་པར་བྱེད་པའོ།། རྒྱས་པ་ནི་དེའི་བྱེ་བྲག་གོ། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱུན་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཚོན་པོའི་འགྲེལ
་པ་རྫོགས་སོ།། །། རྒྱུད་འདིར་ཕྱག་རྒྱ་བཞི་བསྟན་པ་ལས། ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་བསྟན་ཟིན་ནས། དུ་ནི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱི་དམ་ཚིག་གི་དོན་དུ་དཀྱིལ་འཁོར
་བཤད་པར་བྱ་དགོས་ཏེ། དེ་བས་ན་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། དེ་ནས་ཞེས་བྱ་བ་ནི་གནས་སྐབས་ཀྱི་དོན་ཏོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐལ་པ་ཕུན་སུམ་ཚོགས་པའི་ཕྱིར་རོ།།
་དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་བཞོན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའོ།། །
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གཟུངས་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེའི་གཟུངས་ཏེ། རྡོ་རྗེ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། གཟུངས་ཞེས་བྱ་བ་གཉི་ག་དང་སྦྱར
་བར་བྱའོ།། གཟུངས་ཞེས་བྱ་བའི་སྒྲ་ནི་སྔགས་ཀྱི་གཟུངས་ཡོངསུ་གཟུང་ངོ་།། དེ་རྣམས་ཀྱི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའོ།། དེ་བསམ་པའི་ཁྱད་པར་གང་ལས་བྱུང་བ་དེ་བྱིན་གྱིས་བརླབས
་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པར་མཛད་དོ།། སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་དོན་ཏོ།། ཡང་དེ
་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་དེ་ནས་སྐད་ཅིག་མ་དེ་ཉིད་ལའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་བཞིའི་ཐུགས་ལས་སོ།། དྲིས་པས་དཀྱིལ་འཁོར་སླར་བཀྱེ་བས།། དེ་བཞིན་གཤེགས
་པ་རྣམས་སླར་གཤེགས་སུ་གསོལ་བ་ཡིན་ནུ། ཇི་ལྟར་ན་དེ་རྣམས་སླར་ཡང་སྙོམས་པར་ཞུགས་པར་མཛད། གླེང་གཞི་མེད་པར་ཡང་སྔགས་ལ་སོགས་པ་ཡང་ཇི་ལྟར་གསུང་། དེ་ནི་བདེན་མོད་ཀྱི་གང་སླར་གཤེགས་སུ
་གསོལ་པ་དེ་ནི་དེ་ལྟར་དཀྱིལ་འཁོར་གྱི་སློབ་དཔོན་དག་དཀྱིལ་འཁོར་གཅིག་གི་དགོས་པ་མངོན་པར་འདོད་པ་རྣམས་ཡིན་པར་ཟད་ཀྱི། གང་རྒྱུད་ཀྱི་དོན་སྟོན་པར་མངོན་པར་བཞེད་པའི་བཅོམ་ལྡན་འདས་དེ་རྣམས་ནི་སོ
་ནུ་བཞུགས་བཞིན་དུ། བརྟག་པ་གཞན་རྣམས་དང་དཀྱིལ་འཁོར་གཞན་རྣམས་སུ་ཐུགས་བསྐྱེད་པ་ཙམ་གྱིས་བྱོན་ཅིང་དགོངས་པར་མཛད་དོ།། དེ་ལྟ་བས་ན་དེ་བཞིན་གཤེགས་པ་ལྔ་ནི་རྟག་ཏུ་ཡང་དེ་ན་བཞུགས་པའི
་ཕྱིར། གླེང་གཞི་མ་སྨོས་སུ་ཟིན་ཀྱང་དཀྱིལ་འཁོར་ཆེན་པོར་གསུངས་པའི་གླེང་གཞི་དེ་ཉིད་ཡིན་པར་ཤེས་པར་བྱའོ།། དེའི་ཕྱིར་དཀྱིལ་འཁོར་ཆེན་པོར་སླར་གཤེགས་པའི་ཆོ་ག་བསྟན་ལ། དེ་ལྟར་གཟུངས་ཀྱི་དཀྱི
་འཁོར་ལ་འཇུག་པའི་ཆོ་ག་བརྩམས་པ་ཡིན་ནོ།། དེ་བས་ན་དཀྱིལ་འཁོར་ཐམས་ཅད་དུ་ཡང་དཀྱིལ་འཁོར་སྔ་མ་ལོས་སླར་གཤེགས་སུ་གསོལ་ཞིང་། ཕྱི་མའི་མགོ་རྩོམ་པ་འདི་ཉིད་ནི་རྣལ་འབྱོར་གྱི་གནས་ཡིན་པར
་གདུལ་བྱའི་བྱེ་བྲག་རྣམས་རྗེས་སུ་གཟུང་བའི་དབང་དང་། དགོས་པའི་ཁྱད་པར་སོ་སོར་བསྒྲུབ་པར་བྱ་བའི་ཕྱིར། བརྟག་པ་གཞན་དང་དཀྱིལ་འཁོར་གཞན་དུ་ཏིང་ངེ་འཛིན་གཞན་དག་ལ་སྙོམས་པར་ཞུགས
་པར་མཛད་ཅིང་སྙིང་པོ་བརྗོད་ཅིང་། འཇིག་རྟེན་གསུམ་པོ་དམ་ཚིག་འཛིན་པ་ལ་བཙུད་ནས་རྒྱུད་ཡོངས་སུ་སྟོན་པར་མཛད་དེ། དེ་བས་ན་གླེང་གཞི་ནི་གཅིག་ཁོ་ནུར་ཟད་པར་ཤེས་པར་བྱའོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ
་དེ་ཉིད་ཅེས་བྱ་བ་ནི་གང་སྔར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བསྟན་པ་དེས་ཇི་སྐད་གསུངས་པའི་དགོས་པ་དག་མཛད་ནས་ཆེད་དུ་བརྗོད་པ་འདི་ཆད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ།། རྡོ་རྗེ་འཛིན་པའི་གཟུགས་འཛིན
་པ་ཞེས་བྱ་བ་ནི་རྡོ་རྗེ་འཆང་བར་མོ་ཛད་པས་ན་རྡོ་རྗེ་འཛིན་པའོ།། འདི་ནི་དེའི་གཟུགས་འཛིན་པའི་ངང་ཚུལ་ཅན་ཡིན་པས་ན་རྡོ་རྗེ་འཛིན་པའི་གཟུགས་འཛིན་པའོ།། རྡོ་རྗེ་འཛིན་པའི་གཟུགས་འཛིན་པ་འབའ་ཞིག་ཏུ་མ་ཟད
་ཀྱི། ཀུན་ཏུ་འབར་བས་སྙིང་པོ་ཡང་ཡིན་ཏེ། ཀུན་ནས་འབར་བས་བསྐོར་བས་ན་ཀུན་ཏུ་འབར་བའི་སྙིང་པོ་སྟེ། འབར་བའི་འབྲེང་བར་ཀུན་ནས་འཁྲུག་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུ་དེ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་གཟུངས
་གྱི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་ཞེས་བྱ་གསུངས་ཏེ། རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། དེ་རྣམས་ཀྱི་གཟུངས་ཡིན་པས་ན། རྡོ་རྗེའི་གཟུངས་སོ།། ཡང་ན་རྡོ་རྗེས་ཉེ་བར་མཚོན་པའི
་གཟུངས་ཡིན་པས་ནཱ་རྡོ་རྗེའི་གཟུངས་སོ།། དེ་རྣམས་ཀྱི་དམ་ཚིག་ནི་དམ་ཚིག་ཅེས་བྱ་བའི་སྒྲས་འདིར་དཀྱིལ་འཁོར་ལ་བྱ་བར་བཤད་ལ། དེའི་ཕྱག་རྒྱ་སྟེ། ཧཱུཾ་ལྷ་མྱོར་གྱུར་ནས་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུའི་ཕྱག་རྒྱའི་ལྷ
་མོར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་བའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཙོས་བྱ་བ་ལ་སོགས་པས་ནི་སྤྲོ་བ་སྟོན་ཏོ།། སངས་རྒྱས་ཀུན་གྱི་དེ་བཞིན་གཤེགས་པ་ཐམས་ཅད
་ཀྱི་རྡོ་རྗེའི་གཟུངས་ཀྱི་ཡེ་ཤེས་བསྒྲུབས་ཏེ་ཞེས་བྱ་བ་ནི་རྡོ་རྗེའི་གཟུངས་མ་ཐམས་ཅད་ཀྱི་དགོས་པ་རྣམས་བྱས་ནས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའི་གཟུགས་སུ་གྱུར་ནས་ཞེས་བྱ་བ་ནི
་བདག་ཉིད་ཀྱི་ལྷ་མོའི་གཟུགས་མི་སྣང་བར་བྱས་ནས་ཕྱག་རྒྱའི་གཟུགས་སུ་གནས་ཏེ་སླར་བྱོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཏོགས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཇི་སྐད་གསུངས་པ
་དེའི་བཀོད་པའི་ཚུལ་གྱིས་ཟླ་བའི་དཀྱིལ་འཁོར་རྣམས་ལོ་འཁོད་དེ། ཆེང་དུ་བརྗོད་པ་འདི་ཆེད་དུ་བརྗོད་པ་སྟེ། ཟླ་བའི་དཀྱིལ་འཁོར་རྣམས་ཀྱིས་དགོད་པ་དང་། སྒྲུབ་པ་རྣམས་ཀྱང་སྔ་མ་བཞིན་དུ་ཤེས་པར་བྱའོ།། ཨ
་མ་ཧོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་བྱང་ཆུབ་སེམས། སེམས་ཅན་ཀུན་ལ་ཕན་བཞེད་པ་ཞེས་བྱ་བ་སྟེ། གང་ཕྱི་ར་ཞེས་བྱ་བ་ནི་སེམས་ཅན་ཀུན་ལ་ཕན་མཛོད་པ་གང
་གི་ཕྱིར་རོ།། གདུལ་བྱའི་དབང་གིས་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་སྤྱོད་པའི་སེམས་ཅན་རྣམས་ཀྱི་དབང་གིས་སོ།། དཔའ་བོ་གང་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟེ། ཀུན་ཏུ་བཟང་པོ་ལ
་སོགས་པའོ།། བུད་མེད་གཟུགས་སུའང་མཛད་པར་གྱུར་ཞེས་བྱ་བ་ནི་འཇིག་རྟེན་ན་ཤིན་ཏུ་སྨད་པའི་བུད་མེད་ཀྱི་གཟུགས་སུ་ཡང་ཞལ་གྱིས་བཞེས་པར་མཛད་པ་འདི་ནི་ངོ་མཚར་ཆེའོ།། དེ་ལྟར་དཀྱིལ་འཁོར་སྤྲུལ་པར
་མཛད་ནས། ད་ནི་དེ་རྣམས་ཀྱི་རིག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡ
་ཤེས་སོ།། དེ་རྣམས་ཀྱི་ཕྱག་རྒྱ་ཡིན་ཞིང་དེའི་དམ་ཚིག་སྟྭ~ཾ། དམ་ཚིག་ཀྱང་ཡིན་ལ་རྡོ་རྗེ་དབྱིངས་ཀྱང་ཡིན་ཏེ། རྡོ་རྗེ་དབྱིངས་ཞེས་བྱ་བ་ནི་དཀྱིལ་འཁོར་དབུས་ལས་བྱའོ།། དེ་བྱིན་གྱིས་བརླབས་པའི་ཕྱིར་ཏིང་ངེ་འཛིན
་གང་མིང་འདི་སྐད་ཅེས་བྱ་བཱ་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ། རིག་པ་འདི་གསུངས་པའོ།། དདེ་ནི་དེ་བཞིན་གཤེགས་པུ་མི་བསྐྱོད་པས་ཀྱང་རང་གི་རིག་པ་བསྟན་ཏེ། དེ་བཞིན་གཤེགས་པ
་ཐམས་ཅད་ཀྱང་ཡིན་ལོ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེའི་ཡེ་ཤེས་ཡིན་པས་ན་དེ
་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཡེ་ཤེས་སོ།། དེའི་ཕྱག་རྒྱ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དེ་དག་གི་དཀྱིལ་འཁོར་རོ།། དེ་བྱིན་གྱི་རློབ་པར་བྱེད་པའི་ཏིང་ངེ་འཛིན་གང་དོན་དང་མཐུན
་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ།། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང
་ཡིན་ལ་རྡོ་རྗེ་རིན་པོ་ཆུ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེའི་ཡེ་ཤེས་ཡིན་ཞིང་དེའི་དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་དེ་བྱིན
་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ།། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པའི་ཡང་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ཆོས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་སོ།། དེའི་ངམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེའི་ཡེ་ཤེས་ཡིན་ཞིང་དེའི་ཕྱག་རྒྱ་སྟེ་དམ་ཚིག་གི་ཕྱག
་རྒྱའོ།། དེའི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་ལྡན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་རང་གི་རིག་པའི་མཆོག་འདི་གསུངས་སོ།། དེ
་བཞིན་གཤེགས་པ་གུདོན་མི་ཟ་བར་འགྲུབ་པའི་ཡང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ལས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་སོ།། དེའི་དམ་ཚིག་ནི
་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེའི་ཡེ་ཤེས་ཡིན་ཞིང་དེའི་ཕྱག་རྒྱ་སྟེ། དམ་ཚིག་གི་ཕྱག་རྒྱའོ།། དེ་དག་གི་དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར། ཏིང་ངེ་འཛིན་གང་དེན་དང་ལྡན་པའི་མིང་འདི་སྐད་ཅེས་བྱ་བའི
་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ་རང་གི་རིག་པའི་མཆོག་འདི་གསུངས་སོ།། ད་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རང་རང་གི་རིག་པ་བཤད་པ་ཡིན་ཏེ། དེ
་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུངས་ཆེན་མོ་ཞེས་བྱ་བ་ནི་མཐུ་ཆེན་པོ་དང་ལྡན་པས་ན་གཟུངས་ཆེན་མོའོ།། དམ་ཚིག་གི་ཕྱག་རྒྱ་བཞི་པོ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་བཞིའི་རིག་པ་ཞེས་བྱ་བའི་དོན་ཏོ།།
་དེ་ལྟར་ཕྱག་རྒྱའི་རིག་པ་བསྟནྡ་ནས། དེའི་མིང་བསྟན་པར་བྱ་བའི་ཕྱིར་ཀུན་ཏུ་བཟང་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐུ་དང་གསུང་དང་ཐུགས་རྣམ་པ་ཐམས་ཅད་དུ་བཟང་བས་ན་ཀུན་ཏུ་བཟང་མེའོ།། དེ་བཞིན
་གཤེགས་པ་རྣམས་བསྡུ་བའི་ཚེ་མངོན་དུ་ཕྱོགས་པར་སྤྱན་འདྲེན་པའི་གཙོ་མོ་ཡིན་པས་ནི་དེ་བཞིན་གཤེགས་པའི་ལྕགས་ཀྱུ་མའོ།། དགའ་བ་ལ་ཆགས་མ་ཞེས་བྱ་བ་ལ་དགའ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། གང
་རྣལ་འབྱོར་པ་རྣམས་ཀྱི་མཉམ་པ་མེད་པར་སྡུག་པའོ།། དེ་ལ་དེའི་ཆགས་པ་ནི་མངོན་པར་འདོད་པ་སྟེ། དེ་ལྟ་བའི་ངོ་བོ་ཉིད་ཀྱི་ཆོས་གཉིས་སྟོན་པར་བྱེད་པའི་ཕྱག་རྒྱ་གང་ཡིན་པ་དེ་ལ་ནི་དགའ་བ་ལ་ཆགས་མ་ཞེས་བྱའོ།། ལེད
་ལྡན་མ་ཞེས་བྱ་བ་ལ། རྟག་ཏུ་ལེགས་སོ་ཞེས་བྱ་བ་སྦྱིན་པའི་བློ་མངའ་བ་གང་ཡིན་པ་དེ་ནི་ལགས་ལྡན་མའོ།། གཟུངས་ཆེན་མོ་ཞེས་བྱ་བ་ལ་རང་གི་ཆོས་འཛིན་པར་བྱེད་པས་ན་གཟུངས་ཡིན་ལ། དོན་ཆེན་པོ་རྫོགས་པར
་བྱེད་པས་ན་འདི་རྣམས་ནི་ཆེན་མོ་ཡང་ཡིན་ཏེ། དཽ་བས་ན་གཟུངས་ཆེན་མོ་རྣམས་སོ་ཞེས་གསུངས་པ་ཡིན་ནོ།། རིན་པོ་ཆེའི་གཙོ་མོ་ཞེས་བྱ་བ་ལ་སོགས་པ་ལ་རིན་པོ་ཆེའི་རིགས་ཀྱི་དམ་པ་ཡིན་པས་ན་རིན་པོ་ཆེའི་གཙོ
་མོའོ།། རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་ནི་དངོས་པོ་རྣམ་པ་སྣ་ཚོགས་པ་གསལ་བར་བྱེད་པའི་དོན་གྱིས་ན། སྒྲོན་མ་དང་ཆོས་མཐུན་པའི་ཕྱིར་སྒྲོན་མ་དང་འདྲ་ཞིང་། རིན་པོ་ཆེའི་རིགས་ཀྱི་སྒྲོན་མ་ཡིན་པས་ན་རིན་པོ་ཆེའི
་སྒྲོན་མའོ།། རྒྱན་མཚན་གྱི་རྩེ་མོའི་དཔུང་རྒྱན་མ་ཞེས་བྱ་བ་ནི་རྒྱལ་མཚན་གྱི་རྩེ་མོ་ལ་བརྟགས་པའི་ནོར་བུ་དང་རིན་པོ་ཆེ་དང་དཔུང་རྒྱན་གྱི་རྒྱན་གྱིས་བརྒྱན་པས་ཉེ་བར་མཚོན་པས་ན་རྒྱལ་མཚན་གྱི་རྩེ་མོའི་དཔུང
་རྒྱན་མའོ།། དགོད་པ་དང་ལྡན་མ་ཞེས་བྱ་བ་ལ་བཞད་པས་ན་དགོད་པ་སྟེ། སངས་རྒྱས་རྣམས་ཀྱི་འཛུམ་པ་ཡང་དག་པར་སྟོན་པར་བྱེད་པ། རྡོ་རྗེ་གཉིས་ཀྱི་བར་དུ་ཆུད་པའི་སོའི་ཕྲེང་བ་གཉིས་ཀྱི་རང་བཞིན་ནོ།།
་དེ་ཉིད་ལ་མངའ་བས་ན་དགོད་པ་དང་ལྡན་མའོ།། རྡོ་རྗེ་རིན་པོ་ཆེའི་གཟུངས་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་གཟུངས་འཛིན་པས་ན་རྡོ་རྗེ་རིན་པོ་ཆེའི་གཟུངས་རྣམས་ཏེ། ཐ་མའི་ཚིག་མི་མངོན་པར
་བྱས་པའོ།། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ་ལ། པདྨ་སྟེ་ཆུ་སྐྱེས་ལ་རྡོ་རྗེས་མཚན་པ་གང་ལ་མངའ་བ་དེ་ནི་རྡོ་རྗེ་པདྨའོ།། ཀུན་འཛིན་མ་ཞེས་བྱ་བ་ནི་ཀུན་ནས་འཛིན་པས་ན་ཀུན་འཛིན་ཏེ་སྔགས་དང་ཚིག་དང་དོན་དང
་མངོན་པར་རྟོགས་པ་འཛིན་པས་ན་ཀུན་འཛིན་མའོ།། ཀུན་ཏུ་འཁོར་ལོ་ཞེས་བྱ་བ་ལ་འཁོར་ལོ་ནི་དཀྱིལ་འཁོར་ལ་བྱ་བར་བཤད་དེ་རྒྱུད་ཐམས་ཅད་དུ་གཏོགས་པའི་འཁོར་ལོ་འདིའི་ནང་དུ་འདུས་པས་ན་ཀུན་ཏུ་འཁོར
་ལོ་མའོ།། སྟོང་དུ་ཟློས་མ་ཞེས་བྱ་བ་ནི་དགོས་པ་གྲུབ་པར་བྱ་བའི་ཕྱིར། ལན་སྟོང་གི་སྟེང་དུ་བརྒྱད་ཀྱི་མཐུན་པ་ཚིག་ཏུ་འདོན་ཞིང་ཟློས་པ་གང་ཡིན་པ་དེ་ནི་སྟོང་དུ་ཟློས་མ་ཞེས་བྱའོ།། ཆོས་ཀྱི་གཟུངས་ཞེས་བྱ་བ་ནི་ཆོས
་ཀྱིས་ཉེ་བར་མཚན་པའི་གཟུངས་མ་ཡིན་པས་ན་ཆོས་ཀྱི་གཟུངས་མ་རྣམས་སོ།། དངོས་གྲུབ་ཀྱི་གཙོ་མོ་ཞེས་བྱ་བ་ལ་སོགས་པ་ལ། མཆོད་པ་ཐམས་ཅད་ཀྱི་ལས་སྣ་ཚོགས་པའི་དངོས་གྲུབ་ཀྱི་རབ་ཀྱི་མཐར་ཐུག་པ
་བརྙེས་པས་ན་དངོས་གྲུབ་ཀྱི་གཙོ་མོའོ།། ཐམས་ཅད་སྲུང་མ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམས་དང་། སེམས་ཅན་གཞན་རྣམས་ཀྱང་བཅིངས་པ་ཙམ་གྱིས་ཁྱད་པར་མེད་པར་སྲུང་བར
་མཛད་པས་ན་ཐམས་ཅད་སྲུང་མའོ།། མདངས་སླར་འཕྲོག་མ་ཞེས་བྱ་བ་ལ་སོ་སོ་སོ་སོའི་མདངས་འཕྲོག་པར་མཛད་པས་ན་མདངས་སླར་འཕྲོག་མ་སྟེ། སེམས་ཅན་མི་བགྲུངས་པ་རྣམས་སྐྲག་པར་མཛད་ཅིང་། སྙིང་སྟོབས
་ཉམས་པར་མཛད་པས་ན་མདངས་སླར་འཕྲོག་མ་ཞེས་སྟོན་པ་ཡིན་ནོ།། གཟུངས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ལ། གཟུངས་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའི་ནང་དུ་འདུས་པས་ན་རིག་པ་དེ་ལ་གཟུངས་ཀྱི་ཕྱག་རྒྱ
་ཞེས་གསུངས་སོ།། ཐམས་ཅད་ཀྱི་གཟུངས་ཞེས་བྱ་བ་ལ། ལས་ཀྱི་རིགས་ཀྱི་རྩེ་མོ་ཐམས་ཅད་པའི་རྡོ་རྗེས་ཉེ་བར་མཚོན་པའི་གཟུངས་ཡིན་པས་ན་ཐམས་ཅད་ཀྱི་གཟུངས་རྣམས་སོ།། དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ
་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་ཡིན་པས་ནཱ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ་སྟེ། གསང་བའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ།། དེའི་རྡོ་རྗེ་གསང་བའི་དམ་ཚིག
་གི་ཕྱག་རྒྱ་ཡིན་པས་ན། རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱའོ།། དུ་ཞིག་ཅེ་ན། དེའི་ཕྱིར་བཞི་པོ་ཞེས་བྱ་བ་གསུངས་སོ།། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་ལ་སོགས་པ་ཞེས་བྱ་བ་ལ་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ནི་ཡེ
་ཤེས་ཀྱི་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའོ།། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པའོ།། སོགས་པ་ཞེས་སྨོས་པས་ནི་རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཟུང་ངོ་།། དེ་བཞིན་གཤེགས་པ་ཐམས
་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་ཉིད་རྡོ་རྗེ་ཡིན་ལ་དེ་རྣམས་ཀྱི་གསང་བ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གསང་བའོ།། དེའི་དམ་ཚིག་ནི་གཞུང་ལུགས་ཏེ། ཐ་ཚིག་ལ
་རྣམ་པར་བཞག་པའོ།། དེ་ལྟ་བུ་ཡང་ཡིན་ལོ་གཟུང་ཀྱང་དེ་རྣམས་ཡིན་པས་ན་རྡོ་རྗེ་གསང་བའི་དམ་ཚིག་གི་གཟུངས་སོ།། དེ་རྣམས་སྡུད་པ་ནཾ་དམ་ཚིག་གི་ཕྱག་རྒྱ་རྣམས་ཏེ། སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་ཡིན་ནོ།། གང་གི་ཕྱིར་དེ་རྣམས
་ནི་རིགས་ཀྱི་ཡུམ་ཡིན་པས་རེ་རེའི་ཕྱག་རྒྱ་བྲིས་པས་ཀྱང་རིགས་སྟོན་པར་བྱེད་པ་ཡིན་ཏེ། དེ་བས་ན་སྡུད་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་ཞེས་གསུངས་སོ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ངས
་ཚིག་གི་ཕྱག་རྒྱའོ།། དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ཆེན་པོ་ཡིན་པས་ན་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དཀྱིལ་འཁོར་ཆེན་པོ་སྟེ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་དཀྱིལ་འཁོར་ཆེན་པོ་དེར་ཇི་སྐད་གསུངས་པའི་ཚུལ
་བཞིན་དུ་བཞག་པར་བྱའོ།། ད་ནི་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་མཆོད་པའི་ཕྱག་རྒྱ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསེང་པོའི་མཆོད་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བའི
་ཆོད་པའོ།། དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཞི་བོ་བཤད་པའོ།། དེ་དག་གི་རང་གི་མཚན་མའི་ཕྱག་རྒྱ་དང་བཅས་པར་དགོད་དོ་ཞེས་བྱ་བའི་དོན་ཏོ།། རང་གི་མཚན་མ་ནི་རྡོ་རྗེ་ལ་སོགས་པའོ།། བདུག་པ་ལ་སོགས་པ་དང་། སྒོ
་སྦྱངས་རྣམས་ཀྱི་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་ཡིན་ཏེ། དེ་དགྲ་ལ་དགོད་པའི་སྔགས་ཀྱང་དེ་རྣམས་ཉིད་ཡིན་པར་ཤེས་པར་བྱའོ།། རྡོ་རྗེ་གསང་བ་ཞེས་བྱ་བ་ནི་གསང་བའི་དགོས་པའི་དངོས་གྲུབ་ཀྱི་མུན་དག
་སྟོན་པས་ན་གསང་བ་ཞེས་བཤད་དོ།། རྡོ་རྗེ་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་ཆེན་པོ་སྟེ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། གང་གི་ཕྱིར་དཀྱིལ
་འཁོར་མ་མཐོང་བར་ཕྱག་རྒྱ་རྣམས་ཀྱིས་དམ་ཚིག་མི་འགྲུབ་པས་དེའི་ཕྱིར་ཡང་དག་པར་རབ་ཏུ་བཤད་པས་ན་རབ་ཏུ་བཤད་པས་ན་རབ་ཏུ་བཤད་པར་བྱའོ།། རྡོ་རྗེའི་ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེའི
་དཀྱིལ་འཁོར་རོ།། ཇི་ལྟ་བུ་ཞེ་ན། དམ་པའོ།། ཅི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར་རྡོ་རྗེ་དབྱིངས་དང་འདྲ་བས་ན་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་དང་མཚུངས་པོའོ།། མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་གསང་བ་ཞེས་བཤད་དོ་ཞེས་བྱ
་བའོ།། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་ཚན་པའི་དབྱིངས་སུ་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱའོ།། དཀྱིལ་འཁོར་ཀུན་གྱི་དབུས་སུ་ནཱི་ཞེས་བྱ་བ་ནི་དཀྱིལ་འཁོར་ལྔ་ཆར་གྱི་ཡང་ངོ་།།
་སངས་རྒྱས་ཕྱག་རྒྱ་བྲི་བར་བྱ་ཞེས་བྱ་བ་ལ། སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་ཡིན་པས་ན་སངས་རྒྱས་ཕྱག་རྒྱའོ།། མཆོད་རྟེན་ཁྲི་ལ་ལེགས་འདུག་པ་ཞེས་བྱ་བ་ནི་ཁྲིར་བྱས་པའི་སྟེང་དུ་མཆོད་རྟེན་བཞག་པར་བྱའོ།
་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་བརྩེགས་ཞེས་བྱ་བ་ནཱི་མི་བསྐྱོད་པའི་གནས་སུ་རྡོ་རྗེ་རྩེ་ལྔ་པ་མཆུར་གནས་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འགྲེང་བ་བྲི་བར་བྱའོ།། རྡོ་རྗེ་སེམས་ཞེས་བཤད་པའོ།། ཞེས་བྱ་བ་ནི
་ཕྱག་རྒྱའི་མིང་གསུངས་པ་ཡིན་ནོ།། རྡོ་རྗེས་མཚན་པའི་རིན་པོ་ཆེ་ནི་རྡོ་རྗེ་རིན་ཆེན་ནོ།། རྡོ་རྗེས་མཚན་པའི་པདྨ་ནི་རྡོ་རྗེ་པདྨའོ།། མཚོན་ཆ་ཞེས་ནི་བྱ་བར་བཤད་ཅེས་བྱ་བ་ནི་མིང་དུ་གྲགས་སོ་ཞེས་བྱ་བའི་དོན་ཏོ།། ལྷག་མ་རྣམས
་ནི་གོ་སླའོ།། ཡང་སངས་རྒྱས་རྣམས་ཀྱི་ཕྱག་རྒྱ་བསྟན་ཟིན་ནས། ཁྲིའི་སྟེང་དུ་རྡོ་རྗེ་བྲི་ཞེས་བྱ་བ་ལ་སོགས་པས་སེམས་དཔའ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏོ།། རྡོ་རྗེ་རྒྱལ་པོ་ལ་སོགས་པའི་ཕྱག་རྒྱ་ཡང་ཁྲིའི་སྟེང་དུ་བྲི་བར་བྱའོ།།
་ལྕགས་ཀྱུ་འགྲེང་བ་གཉིས་ཞེས་བྱ་བུ་ནི་རྩ་བ་ཐུར་དུ་ལྟ་བ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་རྡོ་རྗེ་ལོ་སྐྱེས་པར་ཞེས་བྱ་བ་ནི་རྡོ་རྗེ་གཉིས་ཀྱི་རྩེ་མོ་གཅིག་ལ་གཅིག་འབྱོར་པར་བྲི་བར་བྱའོ།། ཉི་མོའི་ཕྱག་རྒྱའང་དེ་བཞིན་ནོ།། ཞེས་བྱ་བ
་ནིནི་འོད་ཟེར་འབར་བ་ཞེས་བྱ་བའི་དོན་ཏོ།། རྒྱལ་མཚན་རྩེ་མོ་འབར་དང་བཅས་ཞེས་བྱ་བ་ནི་རྒྱལ་མཚན་གྱི་རྩེ་མོ་ལ་བརྟགས་པའི་རིན་པོ་ཆེ་འབར་བ་དང་བཅས་པའོ།། རྡོ་རྗེ་གཉིས་པར་སོའི་ཕྲེང་ཞེས་བྱ་བ་ནི་རྡོ་རྗེ་གཉིས
་ཚུར་གནས་པར་བྲིས་ལ། དེའི་དབུས་སུ་སོའི་ཕྲེང་བ་གཉིས་བྲི་བའོ།། རྡོ་རྗེའི་དབུས་སུ་པདྨ་བི་ཞེས་བྱ་བ་ནི་རྡོ་རྗེ་ནས་ཀྱི་དབྱིབས་ལྟ་བུ་རྒྱ་ཆེ་བ་བྲིས་ལ། དེའི་དབུས་སུ་པདྨ་བྲི་བའོ།། རྡོ་རྗེ་འཁོར་ལོ་རྡོ་རྗེ་རྩིབས་ཞེས་བྱ་བ་ནི་འཁོར
་ལོ་བྲིས་ལ་རྩིབས་རྣམས་རྡོ་རྗེའི་རང་བཞིན་ལྟ་བུར་བྲིའོ།། འབར་བའི་འོད་ཟེར་ཅན་གྱི་ལྕེ་ཞེས་བྱ་བ་ནི་ལྕེ་རྡོ་རྗེའི་འོད་ཟེར་དང་ལྡན་པ་བྲི་བའོ།། རྡོ་རྗེ་ཀུན་ཏུ་ཞེས་བྱ་བ་ནི་རྡོ་རྗེ་ཁ་བཞི་པའོ།། གོ་ཆ་རྡོ་རྗེ་ཡང་ངག་ལྡན་ཞེས་བྱ་བ་ནི་གོ་ཆའི
་གྲཝ་རྣམས་སུ་རྡོ་རྗེ་བྲི་བའོ།། རྡོ་རྗེ་མཆེ་བ་དེ་བཞིན་བྲི་ཞེས་བྱ་བ་ནི་མཆེ་བའི་ངོས་གཉིས་སུ་རྩེ་མོ་གཉིས་བསྟན་ན་རྡོ་རྗེ་མཆེ་བར་འགྱུར་རོ།། ལག་གཉིས་ཁུ་ཚུར་ཕྱག་རྒྱར་བྱ། ཞེས་བྱ་བ་འདིས་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟོན་ཏོ།། སེམས
་དཔའ་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་ནི་གོ་སླའོ།། མཚན་མའི་ཕྱག་རྒྱ་ཞེས་བྱ་བ་ནི་སྒེག་མོ་ལ་སོགས་པའི་རྡོ་རྗེ་དང་རིན་པོ་ཆེའི་འཕྲེང་བ་དང་། པི་ཝང་དང་གཽར་བྱེད་པའི་ལག་པ་རྣམས་རིམ་བཞིན་དུ་བྲི་བར་བྱའོ།། ཕྱི་རོལ་ཏུ
་ཡང་ཅི་རེག་པར་ཞེས་བྱ་བ་ནི་ཕྱག་རྒྱའི་དོན་བརྟགས་ཏེ། བདུག་པའི་ནི་སྤོས་ཁང་ངོ་།། མེ་ཏོག་གི་ནི་མེ་ཏོག་གི་ཟ་མ་ཏོག་གོ། མར་མེའི་ནི་མར་མེའི་ཀོང་བུའོ།། དྲིའི་ནི་དྲིའི་སྣོད་རྣམས་སོ།། སྒོ་བ་རྣམས་ཀྱི་ནི་ལྕགས་ཀྱུ་དང
་ཞགས་པ་དང་ལྕགས་སྒྲོགས་དང་དྲིལ་བུ་རྣམས་སོ།། བྱམས་པ་ལ་སོགས་པ་ཕྱི་རོལ་གྱི་སྣམ་བུ་ལ་གནས་པ་རྣམས་ཀྱི་ནི་རང་གི་མཚན་ཞེས་བྱ་བ་ན་གཱ་གེ་སར་གྱི་མེ་ཏོག་ལ་སོགས་པའོ།། ཇི་ལྟར་དགའ་བ་བཞིན་དུ་བྲི་ཞེས
་བྱ་བར་ནི་ཡང་ན་པདྨའི་གདན་དུ་བྲི་བར་བྱའོ།། དཀྱིལ་འཁོར་བྲི་བའི་བྱ་བ་རྣམས་རྫོགས་པར་བྱས་ནས། དེ་ནས་ཞེས་བྱ་བ་ལ་སོགས་པར་བྱ་བ་གཞན་སྟོན་ཏེ། འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཡིན་ཏེ། ཞེས་བྱ་བ་ནི་དང
་པོར་འཇུག་པར་བྱ་བ་ལ་སོགས་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་ནི་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་སྟེ། སོགས་པ་ཞེས་སྨོས་པས་ནི་དངོས་གྲུབ་དང་ཕྱག་རྒྱའི་ཡེ་ཤེས་བསྟན་པ་ལ་སོགས་པ་བསྡུའོ།། སློབ
་མ་གཞུག་པའི་ཆོ་གའི་དུས་ལ་བབ་པ་དང་། སློབ་དཔོན་ཉིད་འཇུག་པའི་ཆོ་ག་དང་པོར་བྱ་དགོས་ཏེ། གང་གི་ཕྱིར་གང་ལ་ལ་དག་བརྗེད་ངས་པ་ལ་སོགས་པས་དམ་ཚིག་ལས་འདས་པ་འགའ་ཞིག་འབྱུང་བ་དག་སྲིད་པས་ན། དེའི་ཕྱིར
་སློབ་དཔོན་ཉིད་དང་པོར་འཇུག་པར་བྱའོ།། དེར་ལྷ་སྤྱན་དྲང་བ་ལྟ་མ་བྱས་མོད་ཀྱི། འོན་ཀྱང་ཕྱག་རྒྱ་རྣམས་དེ་ན་རྣམ་པར་བཀོད་པ་དང་། དཀྱིལ་འཁོར་རྩོམ་པའི་ཚེ་ཉིད་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངསུ
་བཟུང་བ་ཡིན་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བ་ཡང་ཡིན་པས། སློབ་དཔོན་ཉིད་དེར་དང་པོར་ཁོ་ནར་འཇུག་པར་བྱའོ།། གཞན་དུ་ན་ཕྱག་རྒྱ་དེ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕུལ་ནས་ཞེས་བྱ་བ་མི
་རིགས་པར་འགྱུར་རོ།། སེམས་དཔའ་རྡོ་རྗེ་མཱའི་ཕྱག་རྒྱ་རང་གིས་བཅིངས་ཏེ་འཇུག་པར་བྱའོ་ཞེས་བྱ་བ་ལ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་གྱི་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་རྡོ་རྗེ་ཐལ་མོ
་ལས་བྱུང་བ་དེ་འདིར་གཟུང་བར་བྱ་སྟེ། དེ་བཅིངས་ནས་འཇུག་པར་བྱའོ།། རང་གིས་ཞེས་བྱ་བ་ནི་སློབ་དཔོན་ནོ།། ཞུགས་ནས་ལྷན་ཅིག་བསྐོར་ཏེ་ཞེས་བྱ་བ་ནི་ནང་གི་འཁོར་ལོའོ།། ཕྱག་ན་རྡོ་རྗེ་ལ་ཕུལ་ནས་ཞེས་བྱ་བ་ནི་ཕྱག་བྱས་ལ
་བཅོམ་ལྡན་འདས་འདི་ནི་ཁྱེད་ཀྱི་བཙུན་མོའི་ཕྱག་རྒྱ་ལགས་ཀྱིས། རྣམ་པ་ཐམས་ཅད་དུ་བདུག་ལ་སྩོལ་ཅིག་ཅེས་བྱ་བའོ།། དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སློབ་དཔོན་དུ་ཡིད་ཀྱིས་རྣམ་པར་བཞག་ལ། བདག་ཉིད་སློབ་མར
་བསམས་ཏེ། སློབ་མ་གཞུག་པའི་ཆོ་ག་ཐམས་ཅད་དེས་མཛད་ཅིང་། དེའི་ཕྱག་རྒྱ་ཡང་མནོས་ལ། རང་གི་སྙིང་གོར་ཇི་ལྟ་བ་བཞིན་དུ་དགྲོལ་བ། ཏཥྚྲྀ་བཛྲ་ཌྷི་ཌྷོ་མ་བྷ་བ་ཞེས་བྱ་བ་ལ་སོགས་པ་དང་། དབང་བསྐུར་བའི་ཆོ་ག་རྩ་བའི
་དཀྱིལ་འཁོར་དུ་གསུངས་པའི་ཆོ་གས་བྱ་ཞིང་། བཀའ་ཡང་མནོད་པར་བྱའོ།། དེ་ནས་སྒོ་བཞིར་ཡང་ཕྱག་རྒྱ་བཞི་དང་། སྙིང་པོ་བཞི་པོ་རྩ་བའི་དཀྱིལ་འཁོར་ལས་གསུངས་པས་ཇི་ལྟ་བའི་ལས་རྣམས་བྱས་ཏེ་ཞེས་བྱ་བ་དགུག་པ་དང
་གཞུག་པ་དང་བཅིང་བ་དང་དབང་དུ་བྱ་བ་སྟེ། འདིར་ནི་རྡོ་རྗེ་འཛིན་པའི་གཟུགས་འཛིན་པའི་ལྷ་མོ་གང་ཡིན་པ་དེ་འདིར་བཀུག་ནས་རང་གི་ཕྱག་རྒྱ་རྣམས་ལ་གཞུག་པར་བྱའོ།། དེ་ལྟར་བཅུག་པའི་འོག་ཏུ་མཆོད་པ་ལ་སོགས་པ་རྩ
་བའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་ག་རྣམས་བྱའོ།། དེ་ནས་རྡོ་རྗེ་སློབ་མ་རྣམས་ཞེས་བྱ་བ་ནི་རྡོ་རྗེས་ཉེ་བར་མཚན་པའི་སློབ་མ་ཡིན་པས་ནཱ་རྡོ་རྗེ་སློབ་མ་སྟེ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་ལག་པ་གཉིས་ཀྱིས་བཅིངས
་པའི་ཕྱིར་རོ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གཟུང་བའི་ཚུལ་དུ་གཟུང་ངོ་།། ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་འཇུག་པའི་ཆོ་གས་གཞུག་གོ་ཞེས་བྱ་བའི་དོན་ཏོ།། བཙུད་ནས་དངོས་གྲུབ་ཀྱི་གསང་བའི
་ཞེས་བྱ་བ་ལ་སོགས་པ་ལ། དངོས་གྲུབ་ཀྱི་རྒྱུར་གྱུར་པའི་མཚན་མ་ནི་དངོས་གྲུབ་ཀྱི་གསང་བ་སྟེ། དེའི་རྡོ་རྗེ་ཡིན་པས་ན་དངོས་གྲུབ་ཀྱི་གསང་བའི་རྡོ་རྗེའོ།། དེའི་མཚན་མ་ནི་དེའི་རང་བཞིན་གྱི་རྡོ་རྗེ་ཕྲ་མོ་ཙི་ནས་ཀྱང
་ང་བས་ཁེབས་པ་སྟེ་བྱིན་ཏེ་བསླབ་པོ་ཞེས་བྱ་བར་སྦྱར་རོ།། ཆང་བས་གཡོགས་ཏེ་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སློབ་མའི་ལག་པར་རྡོ་རྗེ་མངོན་དུ་ཕྱུང་ནས་བྱིན་པ་འདིར། དེ་ལྟར་བྱ་བ་མ་ཡིན་གྱི། ཅི་ནས
་སུས་ཀྱང་མི་མཐོང་བར་གཡོགས་ནས་སྦྱིན་པར་བྱ་སྟེ། དོན་འདི་ཉིད་ཀྱིས་ན་ཆང་བས་གཡོགས་ལ་བྱིན་ཏེ་ཞེས་བྱ་བ་གསུངས་པ་ཡིན་ནོ།། མངོན་སུམ་དུ་ཕྱུང་ན་གསང་བའི་དངོས་གྲུབ་ཏུ་མི་འགྱུར་བའི་ཕྱིར་དངོས་གྲུབ་འདོད་པས
་རྡོ་རྗེ་དེ་དེ་ལྟར་སྦྱིན་པར་བྱའོ།། དེས་ཀྱང་མངོན་དུ་འབྱུང་བར་མི་བྱ་སྟེ། དེ་ལྟ་བུས་ནི་དེའི་གསང་བའི་དངོས་གྲུབ་འགྲུབ་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ།། རྡོ་རྗེ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ལ། རྡོ་རྗེ
་གསང་བའི་དཀྱིལ་འཁོར་དེ་དེའི་ལས་ཀྱི་ཕྱག་རྒྱ་གང་ཡིན་པས། ཡིན་ལ་གཏོད་པའི་དགོས་པ་བྱེད་པ་གླང་ཡིན་པ་དེ་ལ་བསླབ་པར་བྱ་ཞིང་ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཕྱག་རྒྱ་རྣམས་ནི་རྣམ་པ་མང
་བས་ན་དེ་ལ་དང་པོར་ཞེས་བྱ་བ་གསུངས་ཏེ། དང་པོར་ཞེས་བྱ་བ་ནི་གོ་རིམ་གྱིས་སོ།། ལུས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱ་བ་ནི་ཡེ་ཤེས་གང་ལ་ལུས་ཀྱི་ཕྱག་རྒྱ་བསྒོམ་པ་གང་ཡིན་པ་དེ་ལུས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཏེ། བསླབ
་བོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གསང་བའི་དཀྱིལ་འཁོར་དུ་ཞུགས་ནས་ཟླ་བའི་དཀྱིལ་འཁོར་ལ་སོགས་པ་བསྒོམ་པ་གོམས་པར་བྱས་ཏེ། གསང་བའི་དཀྱིལ་འཁོར་ལས་གསུངས་པའི་ཆོ་གས་ཕྱག་རྒྱ་འདི
་ངག་ཉིད་ཀྱིས་བྱིན་གྱིས་བརླབ་པ་ལ་སོགས་པ་བྱས་ལ། དགོས་པ་སྒྲུབ་པའི་སྙིང་པོ་སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་གམ་འབུམ་ཕྲག་གཉིས་སམོ་འབུམ་ཕྲག་གསུམ་ཡོངས་སུ་བཟླས་ཏེ་ལས་བྱེད་པའི་དུས་སུ་ཡོང་སྙིང་པོ
་བརྒྱ་སྟོང་བཟླས་ན་དགོས་པ་འདི་དག་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ།། ཟླ་བའི་དཀྱིལ་འཁོར་བསྒྲུབ་པར་བྱ་བའི་སྙིང་གར་བསམས་ལ། དེར་བདག་ཉིད་རྡོ་རྗེ་ཆེན་པོར་བསྒོམ་པར་བྱའོ།། ཇི་ལྟ་བུ་ཞེ་ན། ཁ་གླལ་ཞིང་ཞེས་བྱ་བ
་སྟེ། གླལ་བ་དང་བཅས་པའི་ཁ་བསམས་ལ། བདག་ཉིད་དེར་རང་གི་ལྷའི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཞེས་བྱ་བ་ནི་ལག་ངར་སྤྱི་བོའི་སྟེང་དུ་ཐལ་མོ་སྦྱར་བར་བྱ་ཞིང་། རྐང་པ་གཉིས་ཀྱང་ཐལ་མོ་ལྟ་བུར
་བསམས་ལ། རྐང་མཐིལ་གཅིག་ལ་གཅིག་སྦྱར་ལ་ཐལ་མོ་སྦྱར་བ་ལྟ་བུ་ཉིད་དུ་བསམ་པར་བྱ་སྟེ། འདི་ནི་ཁ་གློལ་བ་དང་བཅས་པའི་རྡོ་རྗེ་ཆེན་པོའོ།། རྡོ་རྗེ་མ་ཡང་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཙུན་མོ་ནི་རྡོ
་སྟེ། དེ་ཡང་ཆགས་པར་བྱེད་པར་འགྱུར་རོ།། དཔུང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་དུ་བསྒྲུབ་པར་བྱ་བའི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསམ་ལ། དེ་ནས་དེར་བདག་ཉིད་ལྕགས་གྱུར་བསམ་པར་བྱའོ།། ཕྱི་རོལ་ཏུ
་ཡང་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དཔུང་པ་བསྐུམ་པའི་ལྕགས་ཀྱུ་དང་ཞེས་བྱ་བ་གསུངས་ཏེ། དཔུང་པ་གཡས་པ་བརྐྱང་ལ་ལག་པ་བཀུག་ནས་ལྕགས་ཀྱུ་ལྟ་བུར་བཞག་པར་བྱའོ།། མགོ་ལ་རྡོ་རྗེ་བསྒོམ་པར་བྱ་ཞེས
་བ་ནི་བདག་ཉིད་ཀྱི་མགོའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་བསྒོམ་པར་བའོ།། ལག་པ་ཡི་ནི་འབོད་བྱེད་ཅིང་ཞེས་བྱ་བ་ནི་གཡོན་པས་སེ་གོལ་གཏོག་ཅིང་སྙིང་པོས་ཀྱང་དེའི་མིང་ནས་བརྗོད་པར་བྱའོ།། ལྕགས་ཀྱུ་མ་ཡང་འགུགས་པར་བྱེད
་ཅེས་བྱ་བ་དེ་ནི་དེའི་སྙིང་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལག་པ་གཡས་པའི་སོར་མོ་བཞིས་བཟུང་ལོ། ཟླ་བའི་དཀྱིལ་འཁོར་དགུག་ཅིང་བསྒྲུབ་པར་བྱ་བ་ཡང་ངེས་པར་འོངས་པར་བསམ་པར་བྱའོ།། བྱིན་གྱིས་བརླབ་པ་ལོ
་སོགས་པའི་ཆོ་ག་ལྷག་མ་རྣམས་ནི་སྦྱོར་བ་འདི་དང་། འོག་མ་རྣམས་ལ་ཡང་ཤེས་པར་བྱའོ།། མདའ་འཕེན་པའི་ཚུལ་གྱིས་ཞེས་བྱ་བ་ནི་དཔེར་ན་འགྲའ་ཞིག་མངའ་འཕེན་པར་བྱེད་པ་དང་འདྲ་བར་མཐུན་པའི་རྐང་སྟབས
་དང་ས་གའི་འདུག་སྟངས་དང་། ཟླུམ་པོའི་འདུག་སྟངས་དང་། གཡས་བརྐྱང་བ་དང་། གཡོན་བརྐྱང་བའི་ཐབས་རྣམ་པ་ལྔས་འདུག་སྟེ། མངའ་འཕེན་པ་ཇི་ལྟ་བ་དེ་བཞིན་དུ་བྱའོ།། དེ་ལ་མཐུན་པའི་རྐང་སྟབས་ནི་རྐང་པ་གཉིས
་པར་མཚམས་མེད་པར་མཉམ་པོར་གཤིབས་ཏེ། ལུས་དྲང་པོར་བྱའོ།། ས་གའི་འདུག་སྟངས་ནི་རྐང་པ་གཉིས་ཀྱི་བར་མཐོ་གསུམ་ཙམ་གྱིས་མཆོད་པར་བྱས་ལ་ལུས་དྲང་པོར་བྱའོ།། ཟླུམ་པོའི་འདུག་སྟངས་ནི་པུས་མོ
་གཉིས་ཡང་ངོས་གཉིས་སུ་བཀུག་ལ་བར་མཐོ་བཞིས་ཆོད་པ་ཙམ་དུ་བྱས་ན་ཟླུམ་པོའི་འདུག་སྟངས་སུ་འགྱུར་རོ།། རྐང་པ་གཡོན་པ་བསྐུམ་ལ་གཡས་པའི་དབུས་མོ་རྒྱབ་ཏུ་ཅི་རན་ཙམ་དུ་བརྐྱང་ན་གཡས་རྐྱང་བྱར་འགྱུར
་རོ།། གཡས་པ་བསྐུམ་ལ་གཡོན་པ་བདུན་ལོགས་སུ་ཙི་འོས་ཙམ་དུ་བརྐྱང་ན་གཡོན་བརྐྱང་བར་འགྱུར་རོ།། དེ་ལྟ་བུ་གང་ཡང་རུང་བ་གཅིག་གིས་གནས་ལ། གཞུ་ལས་མདའ་འཕེན་པའི་ཚུལ་གྱིས་མེ་ཏོག་གི་རྩེ་མོ་ཅན་གྱི
་མའ་གླལ་བ་དང་བཅས་པས་བསྒྲུབ་པར་བྱ་བའི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་འཕང་བར་བསམ་མོ།། འཕངས་ན་ནི་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་མདའི་རྩེ་མོ་ལ་གནས་པའི་མེ་ཏོག་གི་མདོག་གིས་ཟླ་བའི་དཀྱིལ
་འཁོར་མདོག་དམར་པོར་གྱུར་པར་བསྒོམ་པར་བྱའོ།། ཉིད་ཀྱིས་ཞེས་བྱ་བ་ནི་སྔགས་པས་སོ།། རྡོ་རྗེ་དགའ་མ་ཡང་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་བཙུན་མོ་ཡང་ཞེས་བྱ་བའི་དོན་ཏོ།། བདུད་ཀྱི་ཚུལ་གྱིས་མཉེས་པར་བྱེད་ཅེས་བྱ་བ་ནི
་ལྷ་མོ་རྡོ་རྗེ་ཆགས་པ་མོའི་ཚུལ་གྱིས་མཉེས་པར་བྱེང་པའོ།། བདག་གི་ལུས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྔགས་པ་གང་སུ་ཡང་རུང་བ་ཞིག་སྲུང་བར་འདོད་ན་དེའི་ཚེ་གསང་བའི་དཀྱིལ་འཁོར་ལས་གསུངས་པའི
་ཆོ་གས་དམ་ཚིག་བསྟན་པ་ལ་སོགས་པ་ཐམས་ཅད་བྱས་ལ། སེམས་ཅན་དེ་ཉིད་དམ། ཁྱིམ་འམ་གྲོང་ངམ་གྲོང་ཁྱེར་རམ། ཡུལ་ཕྱོགས་གང་ཡང་རུང་བ་ཞིག་བདག་གི་ལུས་ཀྱི་ནང་དུ་ཞུགས་པར་བསམས་ལ། བདག
་ཉིད་ཀྱི་སྙིང་གུར་དཔུང་བ་བསྣོལ་བ་བཅིང་བར་བྱའོ།། ཇི་ལྟར་བཅིང་བར་བྱ་ནེ་མ་རྡོ་རྗེ་ཁཱ་ཆུར་བཅིངས་ལ། རྡོ་རྗེ་ཁྭ་ཚུར་གཡོན་པ་གཡས་པའི་མཚན་འོག་ཏུ་གཟུག།། དེ་ནས་གཡས་པས་ལག་ངར་གཡོན་པ་མནན
་ལ། གཡོན་པའི་མཆན་ཁུང་གི་འོག་ཏུ་གཞུག་པ་འདི་ནི་སྙིང་གར་དཔུང་པ་བསྣོལ་བའོ།། རྡོ་རྗེ་གོ་ཆའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གོ་ཆའི་སྦྱོར་བ་བྱས་ཏེ་བསྲུངས་ནའོ།། སངས་རྒྱས་ཉིད་ཀྱང་སྲུང་བར་བྱེད་ཅེས་བྱ
་བ་ནི་འདི་སྐད་སྟོན་ཏེ། ཐམས་ཅད་སྲུང་ནུས་པར་འགྱུར་རོ་ཞེས་པ་སྟེ། ཇི་སྲིད་དཔུང་པ་བསྣོལ་ནས་སྙིང་པོ་ཟློས་ཤིང་འདུག་པ་དེ་སྲིད་དུ་དེ་བསྲུང་བར་འགྱུར་ཏེ། དབང་པོ་དང་བཅས་པའི་ལྷ་རྣམས་ཀྱིས་ཀྱང་ཅི་ཡང་བྱེད་པར་མི
་མི་ནུས་པར་འགྱུར་རོ།། ལུས་ཀྱི་ཕྱག་རྒྱའི་འོག་ཏུ་ལྟ་བའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་གསང་བ་ནི་བཤད་ཟིན་ཏོ།། ལྟ་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ། ལྟ་བའི་ཕྱག་རྒྱ་ཡིན་པས་ནུ་ལྟ་བའི་ཕྱག་རྒྱའོ།། དེའི་ཡེ་ཤེས་ཡིན་པས
་ནི་ལྟེ་བའི་ཕྱག་རྒྱའི་ཡེ་ཤེས་སོ།། དེ་བསླབ་པ་ནི་བསྟན་པའོ།། རྡོ་རྗེ་ལྟ་བ་ཞེས་བྱ་བ་ནི་ལྟ་བའི་ཕྱག་རྒྱའོ།། དེའི་མཚན་ཉིད་ནི་ཆགས་པས་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ཆགས་པ་ནི་འདོད་པའོ།། དེ་ལས་བྱུང་བའི་རབ་ཏུ་དགའ་བ་ནི་ཆགྶས
་བས་རབ་ཏུ་དགའ་བ་སྟེ། དགའ་བ་ནི་ཡིད་བདེ་བའོ།། དེས་མིག་རབ་ཏུ་བགྲད་ཅིང་འབྱེད་པའི་ལྟོ་བའི་ཕྱག་རྒྱ་གང་ཡིན་པ་དེ་ནི། ཆགས་པ་ནི་དགོའ་བས་མིག་ནི་རབ་ཏུ་བགྲང་ཅེས་བྱ་བའོ།། རྟག་ཏུ་ཞེས་བྱ་བ་ནི་ངེས་པར་ཞེས་བྱ་བའི
་དོན་ཏོ།། རབ་ཏུ་མྱུར་བར་ཞེས་བྱ་བ་ནི་ཤིན་ཏུ་མྱུར་བས་ན་རབ་ཏུ་མྱུར་བ་སྟེ་སྦྱིན་པར་ཞེས་བྱ་བའི་དོན་ཏོ།། མིག་རབ་ཏུ་བསྐུལ་བས་ན། མིག་བསྐུལ་བའོ།། མིག་གི་རྫི་མ་འགུགས་པར་བྱེད་པ་ཞེས་བྱ་བ་ལ་རྫི་མ་ནཱི་མིག་གི་རྫི་མའོ།།
་དེ་གཉིས་ཀྱིས་གང་དུ་འགུགས་པར་བྱེད་པ་དེ་ནི་མིག་གི་རྫི་མ་འགུགས་བྱེད་པ་ཞེས་བྱ་སྟེ། འདི་ནི་མཚན་ཉིད་ཡིན་ནོ།། ལྟ་བ་གཟི་ཅན་ཡིན་པར་བཤད་ཅེས་བྱ་བ་ནི་འཇིག་རྟེན་དུ་གྲགས་པ་སྟེ། ལྟ་བ་ཡང་ཡིན་ལ་གཟི་ཅན་ཡང་ཡིན་པས
་ལྟ་བ་གཟི་ཅན་ནོ།། དེ་ཡང་གཟི་བརྗིད་ཅན་ཞེས་བྱ་བའི་དོན་ཏེ། འདི་ནི་ལྟ་བའི་ཕྱག་རྒྱའོ།། འགྲོ་བ་ཐམས་ཅད་འགུགས་བྱེད་པའོ།། ཞེས་བྱ་བ་ནི་རེ་ཞིག་བསྒྲུབ་པར་བྱ་བ་གཅིག་ལྟ་ཞོག་གི། འགྲོ་བ་ཐམས་ཅད་ཀྱང་འགུགས་པར་བྱེད་པའོ།།
་ཁྲོ་གཉེར་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་གཉེར་གཉེར་མ་ནི་ཁྲོ་གཉེར་གྱི་གནས་ཀྱི་གཉེར་མ་སྟེ་དཔྲལ་བའི་རི་མོའོ།། རབ་བསྡུས་པ་ནི་དེ་མེད་པའོ།། དེ་ཡང་ཁྲོ་བ་གང་གི་ཁྲོ་གཉེར་གྱི་གཉེར་མ་རབ་ཏུ་བསྡུས་པ་གང་ཡིན་པ་དེ་ནི་ཁྲོ་གཉེར
་གྱི་གཉེར་མ་རབ་ཏུ་བསྡུས་པའི་ཁྲོ་བ་སྟེ། དེས་མིག་བཙུམ་པའི་ལྟ་བ་གང་ཡིན་པ་དེ་ནི།། ཁྲོ་གཉེར་གཉེར་མ་རབ་བསྡུས་པ། ཁྲོ་བའི་མིག་ནི་བཙུམ་པ་སྟེ།། ཞེས་བྱ་བའོ།། དེ་ལ་ཁྲོ་བོའི་ལྟ་བ་ཞེས་བྱ་བ་ནི་ཁྲོ་བོའི་དེ་ལེགས་པར་བྱས་ན་ནི།
་ཁམས་གསུམ་ཡང་འཇིག་པར་བྱེད་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཤེས་པའོ།། རི་རབ་རི་ཞེས་བྱ་བ་ལ་སོགས་པ་ལ་རི་རབ་ནི་རིའི་རྒྱལ་པོའོ།། རི་ནི་མནྡ་ར་སྟེ་དེ་ཡང་དེ་དང་འདྲ་བའོ།། བྲག་དེ་གཉིས་དང་འདྲ་བར་མིག་གི་རྫི་མ་མི་འགྱུར་ཞིང
་བསྟན་ལ། མིག་འཛུམས་པར་ལྟ་བའི་མིག་གང་ཡིན་པ་དེ་ནི། རི་རབ་རི་ཡི་བྲག་འདྲ་བར།། བརྟན་པས་འཛུམས་པ་མེད་པའི་མིག་ཅེས་བྱ་བའོ།། བྱམས་པའི་ལྟ་བ་ཡིན་པར་བཤད།། ནད་དང་གདོན་དང་དུག་སེལ་ཏོ།། ཞེས་བྱ
་བ་ནི་འདི་སྐད་སྟོན་ཏེ། རླུང་གི་ལྷའི་རྣལ་འབྱོར་བྱས་ལ་བྱམས་པའི་སེམས་བསྟན་པར་བྱས་ནས་མིག་གདངས་ཏེ། རྫི་མ་མི་གཡོ་བར་བྱས་ནས། རིམ་གྱིས་ལས་རྣམས་གྲུབ་པ་དང་ཚ་བ་དང་འདར་བ་ལ་སོགས་པའི་རྟགས་དང་དེ་བཞིན་དུ་འདྲེན
་མ་ལ་སོགས་པའི་རིམ་གྱིས་མཚན་ཉིད་ཤེས་པར་བྱས་ལ། དེ་དང་དེ་འདྲ་བར་སྤྱི་བོ་ནས་བརྩམས་ཏེ། གང་དང་གང་དུ་བལྟས་པ་དེ་དང་དེར་རིམ་གྱི་རྣམ་པ་འོག་ཏུ་ཕབ་ཅིང་སྤོས་ལ་བལྟས་པ་ཡན་ཆ་དུ་བསོས་ནས་ཐ་མལ་བར་གནས་པར
་བསྒོམ་པར་བྱའོ།། དེ་ལྟར་བྱེད་ཅིང་དེ་དང་དེ་ནས་ངེས་པའི་སེམས་ཀྱིས་རིམས་དོབབ་ཅིང་གསལ་བར་བྱ་སྟེ། གདོན་དང་དུག་ལ་ཡང་དེ་དང་འདྲའོ།། །། ད་ནི་ངག་གི་ཕྱག་རྒྱ་སྟོན་ཏེ། ཧོ་ཞེས་བྱ་བ་ཟློས་ཤིང་རྒྱུན་མི་འཆད་པར་འདོན་པ
་དང་། སྒྲ་དང་བྲལ་བས་ཞེས་བྱ་བ་ལྕེ་རྐན་ལ་བཅར་བའི་སྨྲ་བས་རྣ་བའི་རྣམ་པར་ཤེས་པའི་ཡུལ་དུ་མ་གྱུར་པའི་ཚུལ་གྱིས་གདོན་པར་བྱའོ།། དེ་མ་ཐག་ཏུ་ཅེས་བྱ་བ་ནི་སྐད་ཅིག་གིས་སོ།། རྡོ་རྗེའི་ཚིག་ཅེས་བྱ་བ་ནི་རྡོ་རྗེའི་ཚིག་ནི་སྒྲ་སྤངས་པ
་ཞེས་བྱ་བ་འོག་ནས་བཤད་པོའོ།། གསལ་བའོ།། ཞེས་བྱ་བ་ནི་སྙིང་པོ་ཐམས་ཅད་ལ་བྱེ་བྲག་མེད་པར་འདོན་པས་སྙིང་པོ་རྒྱུན་མི་འཆད་པར་ཟློས་པ་སྟེ། སྦྱོར་བ་འོག་མ་གསུམ་ཆར་ལ་ཡང་བྱའོ།། ཚིག་ཏུ་བརྗོད་པ་གསལ་བ་ཡིས་ཞེས་བྱ་བ།
་ནི་རྣ་བའི་རྣམ་པར་ཤེས་པས་གཟུང་དུ་རུང་བའོ།། རི་རབ་དང་ནི་འདྲ་བ་ཡིས། ཞེས་བྱ་བ་ནི་ཆེ་བ་ཉིད་དང་བརྟན་པ་ཉིད་ཀྱི་རི་རབ་དང་འདྲ་བ་ཡང་འདུད་པར་བྱེད་ན་སེམས་ཅན་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་པའོ།། སྨྲ་བའི
་ཚིག་ནི་ཆོས་ཀྱི་ཚིག་སྟེ། ཤིན་ཏུ་གཟུང་མིན་མི་གཟུང་མིན་ཞེས་བྱ་བའོ།། དེ་ནས་རྡོ་རྗེ་གསང་བའི་སེམས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པ་ཐམས་ཅད་མཆོག་ལྡན་པ་ཞེས་བྱ་བ་ནི་རྣམ་པ་ཡང་ཡིན་ལ
་ཐམས་ཅད་ཀྱང་ཡིན་པས་རྣམ་པ་ཐམས་ཅད་དོ།། མཆོག་ཀྱང་དེ་ཉིད་ཡིན་ཏེ། དམ་པར་གྱུར་པས་སོ།། དེ་དང་ལྡན་པས་ན་ཐམས་ཅད་མཆོག་ལྡན་པ་སྟེ། ལྡན་པ་ནི་བཅས་པའོ།། དེ་ཡང་ཡན་ལག་དང་ཉིང་ལག་དང་ཁ་དོག་དང་མད
་ལ་སོགས་པའོ།། དེ་ལྟ་བུར་སུ་ཞིག་བསྒོམ་ཞེ་ན། ཕྱག་ན་རྡོ་རྗེའོ།། གང་དུ་བསྒོམ་ཞེ་ན། བདག་ཉིད་ལ་ཏེ་གལ་ཏེ་གཞན་དག་གི་ཡང་བདག་སྲིད་པས་དེའི་ཕྱིར་བདག་ཉིད་ལ་ཞེས་བྱ་བ་ལ་གསུངས་ཏེ། འདིས་ནི་ལས་ཀྱི་ཚུལ་དུ་སྟོན་ཏོ།། 28
་ཉིད་ཀྱིས་ནི་ཞེས་བྱ་བ་འདིས་ནི་བྱེད་པ་པོའི་ཚུལ་དུ་སྟོན་པའོ།། བསྒོམ་བྱས་ན་ཞེས་བྱ་བ་ནི་ཡིད་ལ་བྱའོ།། སངས་རྒྱས་ཐམས་ཅད་དབང་དུ་བྱེད་ཅེསོ་བྱ་བ་ནི་དཀྱིལ་འཁོར་གྱི་ལས་ལ་སངས་རྒྱས་ཐམས་ཅད་ཀྱང་དབང་དུ་བྱུང
་ཞེས་བྱ་བའི་དོན་ཏོ།། རྣམ་པ་ཐམས་ཅད་མཆོག་ལྡན་པའི་ཞེས་བྱ་བ་ནི་འོག་ནས་བཤད་པ་གསུམ་ཆར་ལ་ཡང་འདྲ་བར་ཤེས་པར་བྱའོ།། རྡོ་རྗེ་སྙིང་པོ་བདག་ཉིད་དུ་བདག་ཉིད་ཀྱིས་བསྒོམ་པར་བྱས་ལ། འབར་བའི་ལྟ་བོས་ཀྱང
་ཕྱགར་རྡོ་རྗེ་འགྲུགས་པར་བྱེད་དོ།། རྡོ་དྷ་བྷཱུ་བདྲུག་ལ་བསྒོམས་ལ་རྡོ་རྗེ་ཆོས་རྣམས་ཐམས་ཅད་ཅེས་བྱ་བ་སྣམས་ཅན་ཐམས་ཅད་དེ།། ངེས་པསད་རྗེས་བྱ་བཁྲོ་བར་མྦྷ་བས་དངས་པྱོང་བསྒྱུལ་བར་བྱུ་རྨཱ་རྫ།
་སྲིད་འདོད་ཀྱིས་བར་དུ་འདུ་ཤེས་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཐམས་ཅད་བདག་ཉིད་དུ་བསྒོམས་ན་རྡོ་རྗེ་ཐམས་ཅད་ཅེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱམས་པའི་ལྟོ་བུས་དེ་སྲུང་བར
་མཛད་པའོ།། ལུས་དང་ལྟ་བ་དང་ཚིག་དང་ཡིད་ཀྱི་ཕྱག་རྒྱ་རྣམས་ལ། ལན་འགའ་ནི་བཞི་ཆར་གྱིས་ཀྱང་དགོས་པ་བྱེད་དོ།། ཆེད་འགོའ་ནི་གསུམ་གྱིས་སོ།། ཚད་དགའ་ནི་ཡིད་དང་ལྟ་བའི་ཕྱག་རྒྱ་གཉིས་ཀྱིས་སོ།། ཆེད་དགའ་ནི
་གང་ཡང་རུང་བས་བྱེད་དེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལས་ཕྱག་རྒྱ་རེ་རེ་ཞིང་ཡང་ཕྱག་རྒྱ་བཞི་དང་སྙིང་པོ་སྦྱར་བར་བྱའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། དེ་ནས་ཞེས་བྱ་བ་ནི་གཞན་ཡང་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ
་གསང་བ་ཞེས་བྱ་བ་ནི་རྡོ་རྗེ་གསང་བའི་དཀྱིལ་འཁོར་རོ།། དེའི་ཕྱག་རྒྱ་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པའོ།། དེའི་ཡེ་ཤེས་ནི་དེ་རྣམས་ཀྱི་སྦྱོར་བའི་ཡེ་ཤེས་སོ།། བསླབ་པོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།།
་སེམས་དཔའ་རྡོ་རྗེ་བཅིངས་བྱས་ལ་ཞེས་བྱ་བ་ནི་བཅིང་བའོ།། གང་དུ་ཞེ་ན། སྙིང་གར་རོ།། གང་གིས་ཤེ་ན། བདག་གིས་སོ།། གང་གིས་ཤེ་ན། བདོག་གིའོ།། རྡོ་རྗེ་ལྟ་བ་ནི་བཤད་ཟིན་ཏོ།། དེས་བལྟས་ནས་སྣོད་ལ་དབབ་པར་བྱ་བ
་ནི་གཅིག་གམ་གཉིས་སམ་མང་པོ་ནས་འགྲོ་བ་ཐམས་ཅད་ཀྱི་བར་དུའོ།། འབར་བའི་ལྟ་བས་བལྟས་ནས་ནི་ཞེས་བྱ་བ་ནི་ལྷ་གང་དབབ་པར་བྱ་བ་དེ་འབར་བའི་ལྟ་བས་དེར་དགུག་པའོ།། ཐམས་ཅད་དབང་དུ་བྱེད་པར་འགྱུར་ཞེས་བྱ།
་བ་ནི་སྐྱེ་བོ་ཐམས་ཅད་དབང་དུ་བྱེད་དོ།། ཞེས་བྱ་བའི་དོན་ཏོ།། ཁྲོ་བོའི་ལྟ་བས་རབ་བལྟས་ནས།། འགྲོ་བ་ཐམས་ཅད་དེས་འདུད་བྱེད་ཅེས་བྱ་བ་སྟེ། འདུ་ཤེས་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རང་གི་སྙིང་གར་ལས་ཀྱི་རྡོ་རྗེ་བསམས
་ལ་བྱམས་པའི་ལྟ་བས་བལྟས་ན་དེས་ཐམས་ཅད་བསྲུང་བ་བྱས་པར་འགྱུར་རོ།། དེ་ལྟར་སྦྱོར་བ་དེ་རྣམས་ཀྱིས་ཇི་སྐད་དུ་གསུངས་པའི་ལས་རྣམས་སོ་སོར་བྱས་ཀྱང་རུང་། སྤྱིར་བསྡུས་ཏེ་དབབ་པ་བྱས་ཀྱང་རུང་ངོ་།། དེ་ནས་ཞེས
་བྱ་བ་ནི་གཞན་ཡང་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་གསང་བ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་རོ།། ཕྱག་རྒྱ་ཆེན་པོ་བཅིང་བ་བསླབ་བོ། ཞེས་བྱ་བ་ནི་འདིར་དམ་ཚིག་གི་ཕྱག་རྒྱ་ཉིད་ལ་ཕྱག་རྒྱ་ཆེན་པོའི་སྒྲར་གསུངས་ཏེ། གྲང་གི
་ཕྱིར་འདི་ནི་ཕྱག་རྒྱའི་དཀྱིལ་འཁོར་ཡིན་ཏེ། དེ་བས་ན་འདི་རྣམས་ཉིད་འདིར་གཙོ་བོ་ཡིན་ནོ།། འདི་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཉིད་ནི་འོག་ནས་འབྱུང་སྟེ། རྡོ་རྗེ་གསང་བ་དེ་རྣམས་ནི་ཞེས་གང་བཤད་པའོ།། རྡོ་རྗེ་ཐལ་མོ་ལས
་བྱུང་བ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཐལ་མོ་སྨོས་པ་ནི་རྡོ་རྗེ་བསྡམས་པ་ལས་དགར་བའི་དོན་ཏེ།། བྱུང་བ་ཞེས་བྱ་བ་ནི་སྤྲོས་པའོ།། གསང་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ནི་གསང་བ་ཆེན་པོ་སྟེ། མུ་སྟེགས་བྱེད
་གཞན་རྣམས་ཀྱིས་མི་ཤེས་པས་ན་གསང་བའོ།། མཐུ་ཆེ་བས་ན་ཆེན་པོའོ།། རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤད་ཅེས་བྱའོ།། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ནི་འདིར་དེ་གཙོ་བོ་ཡིན་པའི་ཕྱིར་རོ།། མདོར་བསྡུས་པ་ཞེས་བྱ།
་བ་ནི་མདོར་བྱས་པའོ།། དེ་དག་གིས་ནི་བཅིང་བ་བཤད་ཅེས་བྱ་བ་ནི་རབ་ཏུ་བྱེ་སྟེ་བཤད་པའོ།། རྡོ་རྗེ་ཐལ་མོ་ལས་བྱུང་བ་ཞེས་གསུངས་པས་ན་རྡོ་རྗེ་ཐལ་མོ་བྱས་ལ། མཐེ་བོ་གཉིས་ནི་བསྣོལ་བྱས་ལ་ཞེས་བྱ་བ་སྟེ། གཡོན་པའི་མཐེ་བོ
་གཡས་པས་མནན་ལ། མཛུབ་མོ་གཡས་པའི་རྩ་བ་མཐེ་བོ་གཡོན་པས་མནན་པའོ།། མཛུབ་མོ་རྩེ་མོ་བཀུག་པས་ན་ཞེས་བྱ་བ་ནི་མཛུབ་མོ་གཉིས་ཀྱི་རྩེ་མོ་སྟེ། ཚིག་གསུམ་པ་བཀུག་པ་གང་ཡིན་པ་དེ་ནི་མཛུབ་མོའི་རྩེ་མོ་བཀུག
་པའོ།། མཛུབ་མོའི་བཀུག་པ་དེ་ཡང་གུང་མོ་བསྙམས་པའི་ཚིགས་གསུམ་པར་སྦྱར་བར་བྱ་སྟེ། གུང་མོ་བསྙམས་པའི་ཚིགས་གསུམ་པ་དེ་དང་མཛུབ་མོའི་རྩེ་སྤྲད་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་དབྱིངས་ཀྱི་དབང་མོ་ནི་རྣམ་པར
་སྣང་མཛད་ཀྱི་གནས་ཀྱིའོ།། དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་ཐུལ་མེའོ།། ཀུང་མེ་རྡོ་རྗེར་བྱ་བ་ནཱི་གུང་མོ་གཉིས་བཞིབ་པར་བྱ་བའི་དོན་ཏོ།། མི་བསྐྱོད་པའི་གནས་དང་། སེམས་དཔའ་རྡོ་རྗེ་མའི་གནས་ཀྱིའོ།། གུང་མོ་གཉིས་ནི་ནོར་བུར་བྱ་ཞེས
་བྱིབྱ་བ་ནི་རྡོ་རྗེ་ཐལ་མོ་དེ་ཉིད་ལས་གུང་མོ་གཉིས་རིན་པོ་ཆེའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་རིན་ཚན་མའི་གནས་དང་རིན་ཚོན་འབྱུང་ལྡན་གྱི་གནས་ཀྱིའོ།། རྡོ་རྗེ་ཐལ་མོ་དེ་ཉིད་ལས་གུང་མོ་དང་སྲིན་ལག་དང་མཐེ་བོ་ཆུང་པདྨ་ཁ་མ་བྱེ་བ་ལྟ།
་བྲནྡྷ་བྱཱ་བ་ནི་པདྨོ་ཞེས་བྱ་སྟེ། འོད་དཔག་ཏུ་མེད་པའི་གནས་དང་རྡོ་རྗེ་ཆོས་མའི་གནས་ཀྱིའོ།། རྡོ་རྗེ་ཐལ་མོའི་ལག་མཐིལ་གཉིས་སྤྱང་ལ་མཐེ་བོ་དང་མཐེའུ་ཆུང་གཉིས་གྲཞིབས་ཏེ། སོར་མོ་ལྷག་མ་དྲུག་མ་འབྱུར་བར་གཅིག་ལ
་གཙོག་ཕན་ཚུན་ལྟ་བར་བྱས་པ་ནི་གདོན་མི་ཟ་བར་གྲུབ་པའི་གནས་དང་རྡོ་རྗེ་ལས་མའི་གནས་ཀྱིའོ།། རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་གཤིབ་བྱས་པ་ནི་རྡོ་རྗེ་སེམས་དཔའི་གནས་ཀྱིའོ།། རྡོ་རྗེ་ཐལ་མོ་ལས་འཛུབ་མོ་གཉིས
་ལྕགས་ཀྱུའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱོའོ།། དེ་ཉིད་མཐེའོ་གཉིས་ཀྱིས་སྒྲས་ཞེས་བྱ་བ་ལ། དེ་ཉིད་ཅེས་བྱ་བ་ནི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་པའོ།། མཐེ་བོ་གཉིས་ཀྱིས་སྦས་ཞེས་བྱ་བ་ནི་མཛུབ་མོ་གཉིས
་ལྕགས་ཀྱུར་བྱས་པའི་རྩེ་མོ་མཐེ་བོ་གཉིས་ཀྱི་རྩེ་མོས་གནོན་ཅིག་ཅེས་བྱ་བའི་དོན་ཏོ།། འདི་ནི་རྡོ་རྗེ་ཚོགས་པའི་ཕྱག་རྒྱ་སྟི་མདའི་སྒྲོ་ལྟ་བུའོ།། རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས་བཀུག་ལུ་རྩེ་མོ་མཐེ་བོས་མཐེ་བོས་མནན
་ནས་སེ་གོལ་གཏོག་པའི་ཚུལ་དུ་བརྡབ་པ་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱའོ།། རྡོ་རྗེ་ཐུལ་མོ་ལས་མཛུབ་མོ་གཉིས་རིན་པོ་ཚར་བྱ་བ་ནཱཾ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་ལས་མཛུབ་མོ་རིན་ཆེན་ཞེས་བྱ་བ་སྟེ། རིན་པོ་ཆེ
་དང་བཅས་པའི་མཛུབ་མོ་གང་ཡིན་པ་དེ་ནི་མཛུབ་མོ་རིན་ཆེན་ཙོན་ཏེ། མཛུབ་མོ་རིན་པོ་ཆེ་ལྟ་བུར་གནས་པ་ཞེས་བྱ་བའི་དོན་ཏོ།། འོད་འབར་བ་ཞེས་བྱ་བ་ནི་གུང་མོ་གཉིས་འོད་ཏེ་འོད་ཟེར་གྱི་ཚུལ་དུ་བརྐྱང་བ་ནི་རྡོ་རྗེ་གཟི
་བརྗིད་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་ཉིད་ལས་སྲིན་ལག་གཉིས་གཞིབས་ལ། མཐེའུ་ཆུང་རིན་པོ་ཆེའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་དཔལ་གྱི་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་ཁྱེར་ཕྱོགས་སུ་དྲངས་ལ་སྐྲག་པས་དགྲོལ་ན
་སོར་དབྱེ་བ་ནི་རྡོ་རྗེ་བཞད་མོའི་ཕྱག་རྒྱའོ།། ཀུན་གྱི་རྩེ་མོ་རབ་ཏུ་དགྱེད་ཅེས་བྱ་བ་ནི་རྡོ་རྗེ་ཐལ་མོ་ལས་སོར་མོ་རྣམས་ཀྱི་རྩ་བྱ་ཕན་ཚུན་སྦྱར་ལ་བརྐྱང་བ་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཐིལ་མོ་ལོས་མཐེ་བོ་གཉིས་གཞིབས་ཏེ།
་སྲིན་ལག་དང་མཐེའུ་ཆུང་གི་བར་དུ་མཐེ་བོ་གཉིས་ཀྱི་རྩེ་མོ་གཞུགས་པ་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་འཁོར་ལོའོ་ཚུལ་དུ་བརྐྱང་བ་ནི་རྡོ་རྗེ་རྒྱུའི་ཕྱག་རྒྱའོ།། དེ་ཉིད་ཅེས་བྱེ་བ་ནི་རྡོ་རྗེ་ཐལ་མོ་དེ་ཉིད་དོ།། ཁ་ནས་འབྱུང་བ
་ནི་ཁ་ནས་གྱེན་དུ་གྲངས་པ་སྟེ། རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་ལས་འཛུབ་མོ་གཉིས་ཀྱི་སྟེང་དུ་མཐེ་བོ་གཉིས་ཀྱིས་མནནཱ་ན་མཐེ་བོས་རྡོ་རྗེ་བཀབ་པར་འགྱུར་ཏེ་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་།། རྡོ་རྗེ་ཐལ་མོ་ལས་མཛུབ་མོ་གཉིས
་བསྣམས་ལ་མ་བོར་དྲུང་དུ་གཞུག་ཅིང་མཐེ་བོ་གཉིས་ཀྱིས་མནན་ན་མཛུབ་མོ་དེ་གཉིས་ནང་ངུ་བེནག་པ་ཡིན་ཏེ། རྡོ་རྗེ་སྲུང་བའི་ཕྱག་རྒྱའོ།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་དེ་ཉིད་ལས་མཐོ་བོ་གཉིས་དབྱེ་ཞིང་བརྒྱང་བྱའོ།།
་གཙུག་ཅེས་མ་སྨོས་ཀྱང་དོན་གྱིས་ན་ངེས་པར་འདི་ལྟར་ཤེས་པར་བྱ་དགོས་ཏེ། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་དེ་ཉིད་ལས་སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་བར་དུ་མཐེ་བོ་གཉིས་ཀྱི
་མོ་བཅུག་སྟེ་བཞག་ན་རྡོ་རྗེ་ཁུ་ཚུར་གྱིས་ཕྱག་རྒྱར་འགྱུར་རོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་བསྟན་ཟིན་ནས་ད་ནི་རྡོ་རྗེ་གསང་བ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་རྣམས་སྟོན་ཏེ། རྡོ་རྗེ་གསང་བ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི
་དཀྱིལ་འཁོར་གྱི་གསང་བ་གང་ཡིན་པ་དེ་ནི་རྡོ་ཛཱ་གསེང་བ་ཞེས་བཤད་དེ། དེ་ནི་སྔར་རྡོ་རྗེ་ཐལ་མོ་ལས་བྱུང་བར་གསུངས་པ་གོང་ཡིན་པ་དེ་ལྟ་འདིར་ནི་རྡོ་རྗེ་བཙོངས་པ་ལས་བྱུང་བ་ཡིན་ནོ།། ཆོས་ཀྱི་གསང་བ་ཞེས་བྱ་བ་ལ་ཆོས་ཀྱི
་དུདཀྱིལ་འཁོར་གྱི་གསང་བ་ཡིན་པས་ན་ཆོས་ཀྱི་གསང་བའོ།། མཚན་རྣམས་ཀྱིས་ཞེས་བྱ་བ་ནི་འདིར་རྡོ་རྗེ་ཐལ་མོ་ལས་བྱུང་བའི་མཚན་མ་རྣམས་ཀྱིས་སོ།། ཐལ་མོ་ནང་ན་བཀུག་པས་སོ་ཞེས་བྱ་བ་ནི་ཐལ་མོའི་ནང་ན་ནི་ཐལ
་མོ་ཁོང་སྟོང་དུ་ཁ་སྦྱར་བའི་ནཱང་དུའོ།། འདི་སྐད་སྟོན་ཏེ། རྡོ་རྗེ་ཐལ་མོ་ལས་བྱུང་བའི་གསང་བ་ཆེན་པོའི་མཚན་མ་གང་ཡིན་པ་དེ་ཉིད་ནི་ཐལ་མོ་ཁོང་སྟོང་ངོ་ཞེས་བྱ་བ་ནི་མན་ངག་གོ། ལས་ཀྱི་གསང་བ་ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ
་འཁོར་གྱི་གསང་པོ་ནི་ལུས་ཀྱི་གསང་བ་སྟེ། དེ་ཉིད་ནི་ཕྱག་རྒྱ་ཆེན་པོའོ།། གནས་པའི་མཚན་མས་ཞེས་བྱ་བ་ནི་རྡོ་རྗེ་ཐལ་མོའི་ནང་ནས་ཕྱག་རྒྱའི་མཚན་མས་བསྟན་པར་བྱ་བ་སྟེ། དེ་ཉིད་ནི་གསང་བའི་གསང་བ་ཡིན་ནོ།། རིན་པོ་ཆེའི
་རིགས་ཀྱི་ཁྱད་པར་མ་སྨོས་པ་ནི་བྱེ་བྲག་ཏུ་མ་ཕྱེ་བས་ལས་ནི་གཉིས་དེ་གཉི་གའི་ཚུལ་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་ཕྱུགས་མང་པོ་མཚན་མ་བཏབ་པ་ལས་གཅིག་ལ་མཚན་མ་བཏབ་ན་མཚན་མ་མེད་པ་དེ་ཉིད་དེའི་མཚན
་མར་གྱུར་པ་ཡིན་ནོ།། དེ་བཞིན་དུ་འདིར་ཡང་ཁྱད་པར་དུ་མ་ཕྱེད་པ་ཉིད་ཁྱད་པར་ཡིན་པར་ཤེས་པར་བྱའོ།། ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་ནི་བཤུད་ཟིན་ཏོ།། དེ་ནས་གཞན་ཡང་རབ་བཤད་པ།
་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་ཕྱག་རྒྱ་ཡང་བསྟན་པ་ཡིན་ནོ།། སངས་རྒྱས་རྣམས་དང་མཆོད་པ་རྣམས་དང་སྒོ་བ་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོས་ཀྱི་ཕྱག
་རྒྱ་གང་ཡིན་པ་དེ་ཉིད་རྒྱུད་ཐམས་ཅད་དུ་ཡང་ཤེས་བར་བྱའོ།། ད་ནི་ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ་དགོས་པས། གསང་བའི་ཕྱག་རྒྱ་གཉིས་བྱས་ནས། ཞེས་བྱ་བ་ལ་སོགས་པའི་ཉེ་བར་དགོད་པར་མཛད་པ་ཡིན་ཏེ། གསང་བའི
་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོར་བསྟན་པ་གང་ཡིན་པ་དེ་ཉིད་གཉིས་སུ་བྱས་ལོ་སྔར་གསུངས་པོའི་ཚུལ་གྱིས་སོ་སོའི་ལས་ཀྱི་ཕྱག་རྒྱ་བརྟག་པར་བྱ་སྟེ། ཕྱག་རྒྱའི་ལྷ་མོ་རྣམས་ཀྱི་ལས་འདི་ནི་དཀྱིལ་འཁོར་གྱི་ལ་སོགས
་པ་ཤིན་ཏུ་གསང་བ་ཡིན་པས། དཀྱིལ་འཁོར་དུ་གཟུགས་ཀྱི་སྐུར་མི་སྣང་བའི་ཕྱིར། ཕྱག་རྒྱ་ཆེན་པོ་མ་གསུངས་མོད་ཀྱི། འོན་ཀྱང་ལྷ་མོ་དེ་དག་ཉིད་འདིར་ཕྱག་རྒྱ་ཆེན་པོ་ཡིན་ནོ།། ཤིན་ཏུ་གསང་བའི་ལས་རྣམས་ལ་གསང
་བའི་གསང་བར་གསུངས་པ་གང་ཡིན་པ་དེ་རྣམས་ཀྱི་ལས་སྟོན་པར་བཞེད་ནས། དམ་ཚིག་མཆོག་ནི་ཇི་སྙེད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམ་ཚིག་མཆོག་ནི་ཇི་སྙེད་པ་ཞེས་བྱ་བ་ནི་དཀྱིལ་འཁོར་འདིར་དམ་ཚིག་གི
་ཕྱག་རྒྱ་གསུངས་པ་དེ་ཐམས་ཅད་ཀྱང་གཉིས་སུ་ཕྲལ་ནས་ལས་ཀྱི་ཕྱག་རྒྱར་བརྟག་པར་བྱའོ།། དེ་བཞིན་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་བརྟག་པ་འདི་ལྟར་བྱའོ།། ཞེས་འདས་མ་ཐག་པར་ཡང་མ་བཤད། འདིར་ཡང་མ་བཤད
་པས་ན་དེ་བཞིན་ནོ། ཞེས་གསུང་པ་ཡིན་ནོ།། འདི་སྐད་སྟོན་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་མཚན་ཉིད་ཇི་ལྟར་གསུངས་པོ་ཡང་དེ་བཞིན་དུ་བྱ་སྟེ། དེ་རྣམས་ནི་རྡོ་རྗེ་ཁུ་ཚུར་གཉིས་ལས
་འབྱུང་། འདི་དག་ནི་དམ་ཚིག་མཆོག་ཉིད་གཉིས་སུ་བྱས་པ་ལས་བྱུང་བ་ཙམ་འབའ་ཞིག་གི་ཁྱད་པར་ཡོད་པ་ཡིན་ནོ།། དཀྱིལ་འཁོར་ཆེན་པོར་ཕྱག་རྒྱ་རྣམ་པ་བཞིའི་སྒྲུབ་པ་ཡང་རྣམ་པ་བཞིར་གསུངས་པ་བཞིན་དུ་འདིར
་ཡང་དེ་བཞིན་དུ་བཤད་དགོས་པས་ནི། དེ་ནས་འདི་རྣམས་བསྒྲུབ་པ་བཤད་ཅེས་བྱ་བ་གསུངས་པ་ཡིན་ཏེ། སྦྱོར་བ་གང་ཞིག་བཅིངས་པར་གྱུར་ན་རང་ཉིད་ཁོ་ན་དངོས་གྲུབ་སྟེར་བར་འགྱུར་བ་དེ་ནི་འདི་རྣམས་ཀྱི་སྒྲུབ་པ་ཡིན་ནོ།།
་དེ་གང་ཞིག་ཡིན་ཞེ་ན། ས་མ་ཡསྟྭཾ་ཞེས་སྨྲ་ཞིང་ཞེས་བྱ་བ་གསུངས་ཏེ། ས་མ་ཡུསྟཾ་ཞེས་བསྐུལ་བའོ།། དེ་ཡང་སྙིང་པོ་འདི་བརྗོད་ནས་བཅིངས་པར་འགྱུར་ན་རང་ཉིད་འགྲུབ་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ།། གང་གིས་གྲུབ་པར་འགྱུར།
་ཞེ་ན། འདོད་ལ་ཆགས་པ་བདེ་བའི་བདག་ཅེས་བྱ་བ་གསུངས་ཏེ། འདོད་པ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའོ།། ཆགས་པ་ནི་དེའི་ཕྱག་རྒྱ་དེ་རྣམས་ལ་ཤིན་ཏུ་ཆགས་པའོ།། བདེ་བའི་བདག་ཅེས་བྱ་བ་ནི་བདེ་བ་དང་ལྡན་པ
་ཁོ་ན་ཡིན་གྱིས་སྡུག་བསྔལ་དང་ལྡན་པ་མ་ཡིན་པའོ། འདི་སྐད་སྟོན་ཏོ།། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཕྱག་རྒྱ་དེ་རྣམས་ལ་མཆོག་ཏུ་སྡུག་པར་བདེ་བའི་སེམས་ཀྱིས་རྣལ་འབྱོར་བསྒོམ་པ་རིམ་བཞིན་དུ
་བཅིངས་པར་གྱུར་ན་ངེས་པར་དངོས་གྲུབ་སྦྱིན་པར་འགྱུར་རོ།། དམ་ཚིག་མཆོག་ནི་ཇི་སྙེད་པ་གཉིས་སུ་ཕྲལ་ནས་དེ་བཞིན་ནོ། ཞེས་གསུངས་པ་ཐམས་ཅད་དུ་དེ་རྣམས་དང་འདི་འདྲ་བ་ཉིད་ཡིན་ནོ།། སྙམ་དུ་འགའ་ཞིག་རྟོག་པར
་འགྱུར་ན། དེ་ཟློག་པའི་ཕྱིར་འདི་རྣམས་ལྷག་པར་གཅིག་ཀྱང་ནི་ཞེས་གསུངས་པ་ཡིན་ནོ།། ལྷག་པ་དེ་ཡང་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་དུས་ཀུན་ཏུ་ནི་བཅིང་མི་བྱ་ཞེས་གསུངས་སོ།། ཅི་ནམ་ཡང་བཅིང་བར་མི་བྱ་འམ་ཞེ་ན། གསང
་བའམ་ནི་དོན་ཆེན་ལ་ཞེས་བྱ་བ་གསུངས་ཏེ། གསང་བ་ནི་གང་སུ་ལ་ཡང་མི་སྙད་པའོ།། དོན་ཆེན་ནི་སྲོག་སྲུང་བ་ལ་སོགས་པ་སྟེ། དེའི་ཚེ་བཅིང་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། གལ་ཏེ་རྟག་ཏུ་བཅིངས་ན་ཉོས་པ་ཅི་ཡོད་ཅེ་ན།
་དེའི་ཕྱིར་འདི་རྣམས་ཀུན་གྱི་བདག་ཉིད་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་འདི་རྣམས་ནི་ཐམས་ཅད་ཀྱི་བདག་ཉིད་དུ་གནས་ཏེ། ཐམས་ཅད་ཀྱི་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སྟེ། དེ
་བཞིན་གཤེགས་པའི་ཕྱག་རྒྱའི་མཛོད་ཡིན་པའི་ཕྱིར། དེ་ལ་འདི་རྣམས་གནས་སོ།། འདི་རྣམས་སུ་ཞིག་གི་ཡིན་ཞེ་ན། རང་འབྱུང་རྣམས་ཀྱི་ལྷ་མོ་བརྟན་ཞེས་བྱ་བ་གསུངས་ཏེ། རང་འབྱུང་ནི་སངས་རྒྱས་བཅོམ་ལྡན་འདས་སོ།།
་དྲི་རྣམས་ཀྱིས་གསོ་བར་བྱ་ཞིང་བསྲུང་བར་བྱ་བ་ཡིན་པས་ན་ལྷ་མོ་སྟེ་བཙུན་མོའོ།། བརྟན་པ་ཞེས་བྱ་བ་ནི་གཞན་ལ་མི་འགྲོ་བའོ།། སྒྲུབ་པ་རྣམས་ལ་རབ་ཆགས་ན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་རྣལ་འབྱོར་ལ་གནས་པ་དང་། རྡོ་རྗེ
་སེམས་དཔའི་རྣལ་འབྱོར་ལ་ཕྱིན་ཅི་མ་ལོག་པར་གནས་པ་ལ། རབ་ཆགས་ན་ཞེས་བྱ་བ་དགའ་བོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྒྲིབ་པ་པོ་རྣམས་ལ་རབ་ཏུ་ཆགས་པོའི་ལྷ་མོས་རང་གི་བདག་པོ་བཏང་ང་རེ་ཞེས་བྱ་བ་སྟེ། སངས
་རྒྱས་དང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནས་པས་ན་སྒྲུབ་པ་པོ་ཉིད་ནི་རང་གི་བདག་པོའོ།། དེ་བས་ན་གང་འདི་སྒྲུབ་པ་པོས་ཕྱག་རྒྱ་འདི་དག་དགོས་པ་ཅི་ཡང་རུང་བ་ལ་སྦྱར་ན། དེ་བས་ན་འདི་ནི་ཁྱད་པར་མི་ཤེས་པས
་བདག་ཅག་རྣམས་ཀྱི་གནས་སུ་འོས་པ་མ་ཡིན་ནོ། སྙམ་ནས་ཕྱག་རྒྱ་དེ་དག་གིས་རྟག་པའི་བདག་པོ་བཏང་བ་རཾ་ཞེས་བྱ་བའོ།། དེ་ལྟ་བུའི་དོན་གྱིས་ནུ་གསང་བ་འམ་དོན་ཆེན་པོ་ལོ་སྦྱར་བར་བྱའི་ཐམས་ཅད་དུ་ནི་མ་ཡིན་ནོ།། ཆོ་ག
་ལྷག་མ་རྣམས་ཀྱི་ཆོ་གར་བྱ་བའི་དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། དེ་ནས་ཕྱག་རྒྱ་འདི་རྣམས་ཞེས་བྱ་བ་ནི་ཕྱག་རྒྱ་རྣམ་པ་བཞི་རྣམས་ཀྱིའོ།། བཅིང་བ་ལ་སོགས་པའི་ལས་ཡིན་པས་ན་བཅིང་བའི་རྒྱུ་ལ་བཅིང་བ་ཞེས
་གསུངས་སོ།། བཅིང་བ་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་བཅིང་བ་ལ་སོགས་པ་སྟེ། བཅིང་བ་དེ་ལ་སོགས་པའི་ལོས་རྣམས་བཤད་དོ།། བདག་གམ་འོན་ཏེ་གཞན་ཡང་རུང་ཞེས་བྱ་བ་ནི་ནམ་བདག་ཉིད་ཕྱག་རྒྱ་འཆིང་བར
་འདོད་པ་དེའི་ཚེ་བདག་ཉིད་ལ་རྡོ་རྗེ་དབབ་པ་བསྐྱེད་པར་བྱའོ།། ནམ་གཞན་ལ་འཆིང་བར་འདོད་པ་དེའི་ཚེ་དེ་ལ་རྡོ་རྗེ་དབབ་པ་བསྐྱེད་པར་བྱའོ།། རྡོ་རྗེ་དབབ་པ་བྱས་ནས་ནི་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ཚུལ
་གྱིས་རྡོ་རྗེ་དབབ་པ་བསྐྱེད་པའོ།། སྙིང་པོར་བྱ་བ་འདི་ཡིས་ནི།། ཞེས་བྱ་པོ་ནི་གསུ་རབ་ལས་གསུངས་པའི་སྙིང་པོས་གསང་བའི་དཀྱིལ་འཁོར་དུ་སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིང་བར་བྱའོ།། བཙོང་ངམ་འཆིང་དུ་གཞུག་ཀྱང་རུང
་ཞེས་བྱ་བ་ནི་ནཱམ་བདག་ལ་རྡོ་རྗེ་དབབ་པ་བསྐྱེད་པ་དེའི་ཚེ་ན་བཙོང་བའོ།། ནམ་གཞན་ལ་སྐྱེད་པར་བྱེད་པ་དེའི་ཚེ་ནི་འཆིང་དུ་གཞུག་པར་བྱའོ།། ད་ནི་མདོར་ན་ཕྱག་རྒྱ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་དགྲོལ་བ་སྟོན
་པ་ཡིན་ཏེ། ཆོས་ཀྱི་ཕྱག་རྒྱ་ནི་ལྕེ་ལལོ།། ལས་ཀྱི་ཕྱག་རྒྱ་གཉིསུ་བྱས་པ་ལས། དང་པོ་ནི་ཕྱག་རྒྱ་ཆེན་པོ་ལ་དགྲོལ་བར་བྱའོ།། གཉིས་པ་ནི་དམ་ཚིག་གི་ཕྱག་རྒྱ་ལ་དགྲོལ་བར་བྱའོ།། གསང་བའི་གསང་བ་རྡོ་རྗེའི་དཀྱིལ་འཁོར་དུ
་གསུངས་པ་ནི་རྡོ་རྗེ་བསྡམས་པར་དགྲོལ་བར་བྱའོ།། ཆོས་ཀྱི་གསང་བ་ནི་ཐལ་མོ་ཁོང་སྟོང་དུའོ།། ལས་ཀྱི་གསང་བ་ནི་རྡོ་རྗེ་ཐལ་མོའི་ནང་དུའོ།། རིན་པོ་ཆེའི་གསང་བ་ནི་རིན་པོ་ཆེའི་ཐལ་མོའི་ནང་དུ་དགྲོལ་བར་བྱའོ།། ཕྱག་རྒྱ་ཆེན
་བོ་ནི་ཐལ་མོར་དགྲོལ་བར་བྱ་སྟེ། རིམ་གྱིས་གོང་དང་གང་ནས་བྱུང་བ་དེ་དང་དེར་ཡིད་ཀྱིས་དཀྲོལ་ལ། ཐ་མར་རྡོ་རྗེ་བལ་མོ་སྙིང་གར་དགྲོལ་བར་བྱའོ།། ། ད་ནི་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པོས་ནི་བརྟན།
་བར་བྱ་བའི་ཆོ་ག་སྟོན་ཏེ། རིན་ཆེན་རྡོ་རྗེ་ནི་གསང་བའི་དཀྱིལ་འཁོར་བསྟན་པ་གང་ཡིན་པ་དེ་ཉིད་འདིར་གཟུང་བར་བྱའོ།། དེ་བརྟན་བྱས་ཏེ་ཞེས་བྱ་བ་ནི་སྙིང་གའི་གནས་སུ་བཅིངས་ཏེ། སྤྱི་བོར་དབང་བསྐུར་བའི་གྲན་སུ་དགྲོལ་བའོ།།
་བཀྲོ་ལོ་ནས་ཀྱང་མཛུབ་མོ་གཉིས་ཀྱིས་སྔར་གསུང་བའི་ཚུལ་བཞིན་དུ་གོ་ཆ་བཅིང་བར་བྱའོ།། འདི་ཉིད་ཅེས་བྱ་བ་ནི་སྙིང་པོ་འདིར་གསུངས་པོ་འདིས་སོ།། བཅིང་ཞེས་བྱ་བ་ཕྱག་རྒྱ་རྣམས་དཀྲོལ་ནས་ཡང་ཐལ་མོ་བརྡབས་པས
་མཉེས་པར་བྱ་བ་ནི་བཅིང་བ་ཞེས་བྱའོ།། དམ་ཚིག་ནི་གཞུང་ལུགས་སུ་རྣམ་པར་བཞག་པའོ།། ཇི་ལྟར་གནས་པ་བཞིན་དུ་དགྲོལ་ཞེས་བྱ་བ་ནི་གནས་ཇི་ལྟ་བ་བཞིན་དུ་བཀྲོལ་ལ། རྡོ་རྗེ་རིན་ཆེན་གྱིས་ཕྱག་རྒྱས་དབང་བསྐུར་ཏེ།
་དེ་ལྟར་ཕྲེང་པོ་བཅིང་ཞིང་གོ་ཆ་བཙོངས་ནས། ཐལ་མོ་བརྡབས་པས་མཉེས་པར་བྱ་བ་ཇི་སྐད་གསུངས་པའི་ཚུལ་དུ་བསྟན་པར་བྱ་བ་ཉིད་ནི་བཅིངས་པ་ཞེས་བྱ་བར་བཤད་དོ།། ཐལ་མོ་བརྡབས་པས་ཀུན་ཅིང་བ་ཞེས་བྱ་བ་ནི
་ཐལ་མོ་བརྔུབས་པས་མཉེས་པར་བྱ་ཞེས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་ཇི་སྐད་གསུངས་པ་བཞིན་དུའོ།། རྡོ་རྗེ་སེམས་དཔའ་ཅི་དགར་བཟླས་ཞེས་བྱ་བ་ནི་ཇི་སྲིད་དུ་འདོད་ཀྱི་བར་དུ་བཟླ་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། གང
་དུ་ཞེ་ན། དཀྱིལ་འཁོར་དང་ནི་ལས་ཀུན་ལ་ཞེས་བྱ་བ་གསུངས་པ་ཡིན་ཏེ། དཀྱིལ་འཁོར་གྱི་ལས་ལ་སོགས་པ་ལས་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ།། དུས་འདི་ཉིད་དུ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་གྱི
་དུས་སུའོ།། སྦྱར་བར་བྱ་ཞེས་བྱ་བ་ནི་ལས་ལ་སྦྱར་བར་བའོ།། ཇི་ལྟར་སྦྱར་བར་བྱ་ཞེ་ན། ཐམས་ཅད་གྲུབ་པར་བྱེད་པའི་མཆོག་ཅེས་བྱ་བ་གསུངས་ཏེ། ཐམས་ཅད་གྲུབ་པར་བྱེད་པའི་དམ་པའོ་ཞེས་བྱ་བའི་དོན་ཏོ།།
་དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པོ་ཀོ་ས་ལའི་རྒྱན་ལས་རྡོ་རྗེ་དབྱིངས་ཀྱིས་བརྟག་པའི་གཟུངས་མའི་དཀྱིལ་འཁོར་གྱི་འབྲེལ་པའོ།། དམ་ཚིག་གི་ཕྱག་རྒྱའི་དཀྱིལ་འཁོར་བསྟན་ནས་ཀྱིས་ཀྱི་དཀྱིལ་འཁོར་སྟོན་པར་བཞེད་པོའི་ཕྱིར། དེ་ནས
་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། ཡང་ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་སྟོན་པའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས
་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དོ།། དེ་རྣམས་ཀྱི་རྡོ་རྗེ་ཕྲ་མོ་ནི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ། གང་མི་མཐོང་ཞིང་མི་ཤིག་པ་ཡིད་ལས་བྱུང་བའི་ཕྱིར། སུས་ཀྱང་གཞོམ་དུ་མེད་པ་དེ་ལ་ནི་རྡོ་རྗེ་ཕྲ་མོ་ཞེས་གསུངས་སོ།།
་རྣལ་འབྱོར་གྱི་རྒྱུད་ལ་གསང་སྔགས་ཀྱི་སྒོར་སྤྱོད་པའི་རྣལ་འབྱོར་པ་རྣམས་ལ་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་མཚན་མར་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཡེ་ཤེས་གང་ཡིན་པ་དེ་ནི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་སོ།། དེ་ཉིད
་ནི་ཕྱག་རྒྱ་སྟེ། རྩེ་མོ་ལྔ་པའི་རྡོ་རྗེའི་ཕྱག་རྒྱའི་ཚུལ་དུ་ཡོངས་སུ་བསྐོར་བར་བྱའོ།། དེའི་དམ་ཚིག་ནི་དཀྱིལ་འཁོར་རོ།། དེ་བསྒོམ་པའི་ཕྱིར་དཀྱིལ་འཁོར་གང་གིས་དམ་ཚིག་སྦྱིན་པར་བྱེད་པ་དེ་ནི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ཀྱི་ཕྱག་རྒྱའི་དང
་ཚིག་གི་དཀྱིལ་འཁོར་རོ།། དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་ལ་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཏེ། འོག་ནས་འབྱུང་བའི་རིག་པའི་མཆོག་འདི་གསུངས་སོ།། དེ་བཞིན་གཤེགས་པ་ཐམས
་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དཔའ་ཡང་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའོ།། དེའི་ཡེ་ཤེས་ཕྲ་མོ་སྟེ་བསྒོམ་པར་བྱ་བའི་ཕྱིར་དམ་ཚིག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ
་འཛིན་དེ་ལ་བཅོམ་ལྡན་འདས་མི་བསྐྱོད་པ་ཡང་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་རིན་པོ་ཆེ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའོ།།
་དེདེརི་ཡེ་ཤེས་ཕྲ་མོ་དེ་བསྒོམ་པར་བྱ་བའི་ཕྱིར་དམ་ཚིག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡང་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི
་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ཡིན་ལ་རྡོ་རྗེ་ཆོས་ཀྱང་དེ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆོས་སོ།། དེའི་ཡེ་ཤེས་ཕྲ་མོ་དེ་བསྒོམ་པར་བྱ་བའི་ཕྱིར། དམ་ཚིག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པ་ཞེས
་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ཡང་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ཡིན་ལ་རྡོ་རྗེ་ལས་ཀྱང་དེ་ཡིན
་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་སོ།། དེའི་ཡེ་ཤེས་ཕྲ་མོ་དོ་བསྒོམ་པར་བྱ་བའི་ཕྱིར། དམ་ཚིག་གི་དཀྱིལ་འཁོར་དེ་བྱིན་གྱིས་རློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་བཅོམ
་ལྡན་འདས་གདོན་མི་ཟ་བར་གྲུབ་པ་ཡང་སྙོམས་པར་ཞུགས་ཏེ། རང་གི་རིག་པའི་མཆོག་འདི་གསུངས་སོ།། སྔགས་འདི་ལྔ་ནི་རང་གི་དཀྱིལ་འཁོར་བྱིན་གྱིས་རློབ་པ་ཡིན་ནོ།། དེ་ནས་དེ་བཞིན་གཤེགས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ
་སོགས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་རྡོ་རྗེ་སེམས་དཔའ་ཡང་དག་པར་སྐུལ་བར་བྱེད་པའི་ཏིང་ངེ་འཛིན་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་གཏོགས་པའི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཏིང་ངེ་འཛིན་གང་ལ་རབ་ཏུ་སྣང་བ་དེ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་ནས་དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ལ
་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ལ་གནས་པའི་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་ཡེ་ཤེས་བསྐུལ་བ་དེ་ལས་རྡོ་རྗེ་ཡེ་ཤེས་ཕྲ་མོའི་འོད
་ཟེར་རྣམས་བྱུང་ནས་སོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་སོ།། ཞེས་བྱ་བ་འདིས་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་འཕྲོ་བ་སྟོན་ཏོ།། སྣང་བར་བྱས་པ་ནི་གསལ་བར་བྱས་པའོ།། ལས་གཉིས་པ་བསྟན་པ་ནི་སེམས་ཅན་ཐམས
་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ནི་ཕྲ་མོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་བརྟན་པར་བྱས་ཏེ་ཞེས་བྱ་བ་ཡིན་ཏེ། སེམས་ཅན་ཐམས་ཅད་དང་འབྲེལ་པ་རྡོ་རྗེའི་ཡེ་ཤེས་ཕྲ་མོའི་ཏིང་ངེ་འཛིན་ལ་སྙོམས
་པར་ཞུགས་པ་གང་ཡིན་པ་དེ་བརྟན་པར་བྱས་ཤིང་མི་གཡོ་བར་བྱས་པའོ།། ཡང་གཅིག་ཏུ་གྱུར་ནས་ཞེས་བྱ་བ་འདིས་སྡུད་པ་སྟོན་ཏོ།། ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྐུར་དམིགས་ཏེ་ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས
་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་སོ།། ཏིང་ངེ་འཛིན་གྱི་ཡེ་ཤེས་ཉིད་ནི་རྡོ་རྗེ་ཡིན་པས་ན་ཏིང་ངེ་འཛིན་གྱི་ཡེ་ཤེས་ཀྱི་རྡོ་རྗེའོ།། དེའི་སྐུ་ནི་གཟུགས་ཅན་ནོ།། དམིགས་པ་ནི་སྤྲུལ་པའོ།། གཅིག་ཏུ་འདུས་ནས་ཞེས་བྱ་བ་ལ། གཅིག་ནི་ཐ་མི་དད་པའོ།།
་འདུས་པ་ཞེས་བྱ་བའི་སྒྲས་ནི་བརྟན་པ་ལ་བྱ་བར་བཤད་དེ། དེ་བཞིན་གཤེགས་པ་རྣམས་ཀྱི་ཡེ་ཤེས་གཅིག་ཏུ་འདུས་པར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་སོ།། འདི་སྐད་སྟོན་ཏེ། བཅོམ་ལྡན
་འདས་རྡོ་རྗེ་སེམས་དཔར་གྱུར་ཏེ་ཞུགས་པའོ།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཕྲ་མོའི་ཏིང་ངེ་འཛིན་གྱིས་བསྐུལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས
་ཕྲ་མོའི་དམ་ཚིག་ཆེན་པོའི་རྡོ་རྗེ་བརྟན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཡེ་ཤེས་ཀྱི་འོད་ཟེར་ཏུ་གྱུར་ནས་བྱུང་སྟེ། ཏིང་ངེ་འཛིན་ལ་དབང་ཐོབ་པ་སྒྲུབ
་པའི་ཕྱིར།། སྤྲོ་བ་དང་བསྡུ་བ་བྱས་ནས་སླར་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུག་སུ་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའི་དམ་ཚིག་ཆེན་པོའི་རྡོ་རྗེ་འང་གསུངས་པ་ཡིན་ཏེ། དེ་བཙུན།
་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ན་འདིར་དེ་བཞིན་གཤེགས་པ་ལྔ་པོ་གཟུང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པ་ཡང་ཡིན་ལ་ཡེ་ཤེས་ཕྲ་མོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའོ།།
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་ཡང་ཡིན་ལ་དམ་ཚིག་ཆེན་པོའི་རྡོ་རྗེ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་དམ་ཚིག་ཆེན་པོའི་རྡོ་རྗེའོ།། དམ་ཚིག་ནི་གཞུང་ལུགས་སུ་རྣམ་པར་བཞག་སྟེ། སྔགས།
་དང་ཕྱག་རྒྱ་ལ་སོགས་པར་རྣམ་པར་བརྟགས་པའི་མཚན་ཉིད་དོ།། ཆེན་པོ་ནི་རྒྱུད་ཀྱི་དོན་མ་ལུས་པ་དང་། རྒྱུད་གཞན་རྣམས་ཀྱི་དོན་ཀྱང་ཡེ་ཤེས་ཕྲ་མོའི་རྡོ་རྗེར་གཏོགས་པས་ན་དམ་ཚིག་ཆེན་པོ་ཞེས་བཤད་དོ།། རྡོ་རྗེ་ནི་དམ་ཚིག་ཆེན།
་པོའི་དོན་སྒྲུབ་པར་བྱེད་པའི་རྡོ་རྗེ་ཡིན་པས་ན་དམ་ཚིག་ཆེན་པོའི་རྡོ་རྗེའོ།། དེ་སྟོན་པར་བྱེད་པའི་སྒྲའི་གཟུགས་ལ་ཡང་དམ་ཚིག་ཆེན་པོའི་རྡོ་རྗེ་ཞེས་བཤད་དེ་དེ་གསུངས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། སྨྲས་མ་ཐག་ཏུ་ཞེས་བྱ་བ་ནི
་བསྟན་པའི་རྗེས་ཐོགས་ཉིད་ལའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་བྱུང་ནས་ཞེས་བྱ་བ་ནི་མངོན་པར་འཐོན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོ་དེ་ཉིད་ཇི
་རྗེའི་དབྱིབས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཕྲ་མོའོ་རྡོ་རྗེའི་དབྱིབས་སོ།། བདག་ཉིད་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་དེར་བྱས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤངས་ཀྱི་རྩེ་མོར་ཕྱོགསུ་གནས་ནས
་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ལ། མ་དྲིས་ཀྱང་སེམས་ཅན་རྣམས་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་གང་གསུངས་པ་དེ་ནི་ཆེད་དུ་བརྗོད་པ་ཞེས་བྱའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། དེ་ཡང་གང་གི་ཕྱིར་སངས
་རྒྱས་ཐམས་ཅད་ཀྱི། རྡོ་རྗེ་ཕྲ་མོ་བདག་སྟེ་ཚེ་ཞེས་བྱ་བ་སྟེ། ཕྲ་བ་ཞེས་བྱ་བའི་སྒྲས་ནི་ཆུང་བ་དང་མི་ཤིགས་པ་གཉི་ག་ལ་བྱ་ན། ཕྲ་བའི་རྡོ་རྗེའི་བདག་ཉིད་ཀྱང་བདག་ཡིན་ལ། ཆེ་བ་ཡང་ཡིན་པ་འདི་ནི་ངོ་མཚར་ཏོ།། ཇི་ལྟར་ན་ཚྭ་བ་ཉིད
་ཡིན་ཞེ་ན། གང་ཕྱིར་བླ་ཡང་ཆེ་བའི་ཕྱིར།། ཁམས་གསུམ་ཡང་ནཱི་རྒྱུསཽ་པར་བྱེད་ཅེས་བྱ་བ་གསུངས་ཏེ། སྣའི་རྩེ་མོ་ལ་གནས་ཤིང་ཕྲ་མོ་ཡིན་པ་ལས་ཀྱང་དེ་ལྟར་སྣང་བའོ།། ཤིན་ཏུ་ཕྲ་བའི་རྡོ་རྗེ་དེའི་གནས་སྣའི་རྩེ་མོ་ཡིན་པའི
་ཏིང་ངེ་འཛིན་གྱི་དམིགས་པར་བསྟན་ནས། ད་ནི་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མ་རྒྱས་པར་བྱ་བའི་ཚུལ་གྱིས་ཞེས་བྱ་བ་ལ་སོགས་པས་རྣལ་འབྱོར་པ་རྣམས་ལ་བསྒོམ་པའི་ཕྱིར་མཚན་མ་གང་ཞིག་སྐྱེ་བར
་འགྱུར་བ་དེ་སྟོན་ཏོ།། ཤིན་ཏུ་ཕྲ་བས་ན་རབ་ཏུ་ཕྲ་བའོ།། རབ་ཏུ་ཕྲ་བ་ཡང་དེ་ཡིན་ལ་རྡོ་རྗེ་ཡང་དེ་ཡིན་པས་ནི་རབ་ཏུ་ཕྲ་བའི་རྡོ་རྗེའོ།། རབ་ཏུ་ཕྲ་བའི་རྡོ་རྗེ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་རབ་ཏུ་ཕྲ་བའི་རྡོ་རྗེ་ཡེ་ཤེས་སོ།། དེའི
་མཚན་མ་ཡིན་པས་ན་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མའོ།། མཚན་མ་ལ་ཡང་རྣམ་པ་གཉིས་ཏེ། རེག་པའི་མཚན་མ་ནི་ལུས་དང་ཡིད་ཀྱི་དབང་པོས་གཟུང་བར་བྱའོ།། གཟུགས་ཀྱི་མཚན་མ་ནི་མིག་དང་ཡིད་ཀྱི་དྲུང
་པོས་གཟུང་བར་བྱའོ།། དེ་ལ་རེག་པའི་མཚན་མ་ནི་རྣལ་འབྱོར་པས་སྣའི་རྩེ་མོར་བསྒོམས་པ་ན། སྣའི་རྩེ་མོ་དེ་ཁོ་ན་ཉིད་དུ་རེག་པའི་ཁྱད་པར་བསིལ་བ་སྐྱེ་ཞིང་གང་ཤིན་ཏུ་ཡང་ལུས་ཀྱི་དབང་པོ་ལ་ཕན་པར་བྱེད་པ་སྟེ། འདི་ནི་རེག་པའི
་མཚན་མའོ།། གཟུགས་ཀྱི་མཚན་མ་ནི་སྣའི་རྩེ་མོར་རྡོ་རྗེ་གངས་ལྟར་དཀར་བ་ལ་སོགས་པ་ཇི་ལྟ་བུར་བསྒོམས་པ་དེ་ལྟ་བུའི་རྡོ་རྗེ་ཉིད་སྣའི་རྩེ་མོ་ལས་ལོགས་གཅིག་པའི་ཉེ་འཁོར་གཞན་དུ་ཡང་སྣང་བར་འགྱུར་ལ། དྲི་མིག་གིས
་ཀྱང་མཐོང་དུ་རུང་བ་འདི་ནི་གཟུགས་ཀྱི་མཚན་མའོ།། དེ་ལྟར་ན་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤྭེ་ཀྱི་མཚན་མ་རྣམ་པ་གཉིས་སོ།། དེའི་སྤྲོ་བར་བྱ་བ་ནི་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མ་རྒྱས་པར་བྱ་བ་དང་། དེའི་ངོ་བོ་ཉིད་ཡིན་པས་ན
་རབ་ཏུ་ཕྲ་བའི་ཡེ་ཤེས་ཀྱི་མཚན་མ་རྒྱས་པར་བྱ་བའི་ཚུལ་ཏེ། མཚན་མ་རྒྱས་པར་བྱ་བའི་ཚུལ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལ་ཁྱབ་པར་བྱས་ནས་ཞེས་བྱ་བ་ནི་རེག་པའི་མཚན་མ་ལུས་ཐམས་ཅད་ལ་ཕན
་འདོགས་པ་ལུས་ཀྱི་གནས་ངན་ལེན་ལ་སོགས་པ་བར་ཚད་རྣམས་སེལ་བར་བྱེད་ནུས་པས་ནང་གི་རེག་པའི་ཁྱད་པར་དབང་པོ་ཐམས་ཅད་ལ་ཁྱབ་པར་ཕན་པར་བྱེད་པའི་རེག་པའི་ཁྱད་པར་གང་ཞིག་མངོན་པར་འཕེལ
་ན་ཏིང་ངེ་འཛིན་ཀྱ་མངོན་པར་འབྲེལ་བར་འགྱུར་ཞིང་། ཁམས་གསུམ་གྱི་བར་དུ་ཁྱད་པར་བྱར་རུང་བ་ངེས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྐུས་ཁྱབ་པར་བྱས་ལ། དེ་ནས་གཟུགས་ཀྱི་མཚན་མ་རྣམས་ཀྱིས་ཆོས་ཀྱི་དབྱིངས
་ཐམས་ཅད་ཁྱབ་པར་བྱ་བའི་ཚུལ་གྱིས་ཞེས་བྱ་བ་ལ། ཐམས་ཅད་མ་ལུས་པའི་ཆོས་ཀྱི་དབྱིངས་ཁྱབ་པར་བྱས་ཤིང་། སྤྲོས་པའི་སྦྱོར་བས་ཞེས་བྱ་བ་རྣལ་འབྱོར་ཏེ། གང་གི་ཚེ་ཏིང་ངེ་འཛིན་རྫོགས་པར་གྱུར་པ་ན། དེ་ཆོས་ཀྱི་དབྱིངས
་ཐམས་ཅད་ཁྱབ་པ་བྱ་བའི་ཚུལ་གྱིས་ཁམས་གསུམ་ཡང་ཁྱབ་པར་བྱེད་དོ།། དེ་ལྟར་རིམ་གྱིས་ན་མཁའི་དབྱིངས་ཐམས་ཅད་རབ་ཏུ་ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་མཚན་མ་རྣམས་ཀྱིས་ཁྱབ་པར་བྱས་སོ།། ཞེས་བྱ་བ་ནི་སྤྲོས་པས
་ཀྱང་ཁྱབ་བོ།། ན་མཁའི་དབྱིངས་ཐམས་ཅད་ནཱི་ནམ་པའི་ཁམས་ཐམས་ཅད་དུ་ཁྱད་པར་དུ་ཁྱབ་པར་བྱས་པསོ་ན་ཁྱབ་པར་བྱས་པ་ཞེས་བྱའོ།། ཡེ་ཤེས་ཀྱི་རྡོ་རྗེའི་དབྱིངས་སུ་བདག་ཉིད་བྱིན་གྱིས་བརླབས་ཞེས་བྱ་བ་ནི་བཅོམ
་ལྡན་འོདས་རྡོ་རྗེ་སེམས་དྲ་བའི་རྣལ་འབྱོར་གྱི་སྟོབས་ཀྱིས་རྫོགས་པར་བསྒྲུབས་ནས་བཞུགས་པོའོ།། དེ་ནུས་དེ་ཉིད་ཀྱི་ཚིན་ཞེས་བྱ་བ་ནི་ཕྲ་བའི་རྡོ་རྗེ་ཡེ་ཤེས་ཀྱི་སྐུས་ཁྱབ་པའི་དུས་ཉིད་དུའོ།། དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་དེའི་དབུས་སུ་རྡོ་རྗེའི་ཆོས་ཉིད་དུ་དམིགས་ནས་ཞེས་བྱ་བ་ནི་བདག་ཉིད་ཡེ་ཤེས་ཀྱི་རྡོ་རྗེའི་ངོ་བོ་ཉིད་དུ་བསམས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་རྡོ་རྗེའི་ཡེ་ཤེས་ཕྲ་མོ་ག
་ཡིན་པ་དེ་བྱིན་གྱིས་བརླབས་པའི་ཕྱིར། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས་ཞུགས་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་ལས
་ཞེས་བྱ་བ་ལ། ཡེ་ཤེས་ཕྲ་མོ་ནི་ཡེ་ཤེས་ཀྱི་རྡོ་རྗེའོ།། ཏིང་ངེ་འཛིན་གྱི་ཡེ་ཤེས་སྙིང་པོ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ན། ཏིང་ངེ་འཛིན་གྱི་ཡེ་ཤེས་ཏེ། དེ་སྒྲུབ་པར་བྱེད་པའི་སྙིང་པོ་འདི་བྱུང་ངོ་།། སྙིང་པོ་འདིས་བཅོམ་ལྡན་འདས་ཕྱག་ན
་རྡོ་རྗེ་བསྐུལ་བ་དང་། ཕྲ་བའི་རྡོ་རྗེའི་ཡེ་ཤེས་ཀྱི་དབྱིབས་ཏེ། ན་མཁའི་དབྱིངས་ཐམས་ཅད་ཀྱི་ཚད་དུ་ཁྱབ་པར་བྱེད་པ་གང་ཡིན་པ་དེ་བྱིན་གྱིས་བརླབ་པའི་ཕྱིར། དེ་བཞིན་དུ་ཡེ་ཤེས་ཀྱི་རྡོ་རྗེའི་དབུས་དེ་ཉིད་ན་བཞུགས་པའི་དེ་བཞིན་གཤེགས
་པ་སྔར་བཤད་པའི་གདན་དེ་ཁོ་ན་ཉིད་ལ་བཞག་ནས། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་ཐུགས་སུ་ཞུགས་སོ།། ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་གྱིས་ཞེས་བྱ་བ་ལ། ཡེ་ཤེས་ཕྲ་མོ་ནི་རྡོ་རྗེའི་ཡེ་ཤེས་ཏེ། དེར་འཇུག་པའི་རྣལ་འབྱོར
་ནི་ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་ལོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་ཞེས་ཁྱད་པར་མེད་པར་གསུངས་མོད་ཀྱི། འོན་ཀྱང་དོན་གྱི་དབང་གིས་ན་མི་བསྐྱོད་པ་ལ་སོགས་པའི་ཐུགས་སུ་རིམ་གྱིས་ཞུགས
་པར་ཁོང་དུ་ཆུད་པར་བྱའོ།། ཕྱག་རྒྱ་རྣམས་ཀྱི་རིགས་ཀྱི་རྣམ་པར་དབྱེ་བ་དགོས་པས་ན་རིམ་གྱིས་ཡང་དང་ཡང་དུ་འཇུག་པ་སྟོན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་སེམས་དཔའ་སྟེ་ཟླ་བའི་དཀྱིལ
་འཁོར་རོ།། དེའི་སྟེང་དུ་བླ་མོའི་རྡོ་རྗེའོ།། ཡེ་ཤེས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཡེ་ཤེས་ཆེན་པོ་སྟེ། ཐམས་ཅད་ཁྱབ་པའི་ཕྱིར་ཆེན་པོ་ཡིན་ཏེ། བསྒོམ་པའི་སྟོབས་ཀྱིས་ཡེ་ཤེས་རེ་རེས་ཀྱང་ཁམས་གསུམ་པོ་ཐམས་ཅད་ཁྱབ་པ་ཡིན་པ།
་ཕྱིར་རོ།། ཡེ་ཤེས་ཆེན་པོ་བསྐུལ་བའི་སྙིང་པོ་བཞི་ཡིན་པས་ན་ཡེ་ཤེས་ཆེན་པོའི་སྙིང་པོ་བཞིའོ།། རྡོ་རྗེ་སེམས་དཔའི་ཡེ་ཤེས་ཡིན་པས་ན། རྡོ་རྗེ་སེམས་དཔའི་ཡེ་ཤེས་སོ།། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་བསྐུལ་བར་བྱེད་པའི་སྙིང་པོའོ།།
་དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་དག་བསྡུ་བའི་བྱིན་གྱིས་བརླབས་པ་ནི་འདུས་པར་བྱེད་པ་སྟེ། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་བསྡུ་བའི་བྱིན་གྱིས་བརླབས
་ཀྱི་ཡེ་ཤེས་སོ།། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་དེ་བསྐུལ་བར་བྱེད་པའི་སྙིང་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་མཉེས་པར་བྱེད་པ
་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱེད་པ་སྟེ། དེའི་ཡེ་ཤེས་སོ།། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་བསྐུལ་བར་བྱེད་པའི་སྙིང་པོའོ།། དགའ་བ་ཆེན་པོ་ཡིན་པས་ན་དགའ་བ་ཆེན་པོ་སྟེ་དེའི་ཡེ་ཤེས་སོ།། དེའི་ཕྱག་རྒྱ
་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་སྐུལ་བར་བྱེད་པའི་སྙིང་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ཆེན་པོ་རྣམས་སོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་བཞིའོ།། དེ་རྣམས་ཀྱི་ཏིང
་འཛིན་ཆེན་པོ་རྣམས་ནི་དམ་ཚིག་གི་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར་ཏེ། དེའི་ཕྱག་རྒྱ་རྣམས་ལས་ཕྱག་རྒྱ་ཆེན་པོ་ལ་དམིགས་པ་ལས་སེམས་རྩེ་གཅིག་པའི་ཁྱད་པར་ལ་ནི་ཏིང་ངེ་འཛིན་ཆེན་པོ་ཞེས་གསུངས་སོ།།
་བཞིན་གཤེགས་པ་རྣམས་ལས་མི་བསྐྱོད་པའི་རིགས་བསྐྱེད་ཟིན་ནས། ད་ནི་རིན་ཚོན་འབྱུང་ལྡན་གྱི་རིགས་བསྐྱེད་པར་བྱ་བའི་ཕྱིར། དེ་ནས་ཤེས་བྱ་བ་ལ་སོགས་པའི་གཞུང་སྨོས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས
་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཡིན་པའོ།། ཡང་ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ལ་བལྟོས་པའོ།། ཡེ་ཤེས་ཕྲ་མོ་འཇུག་པའི་ཚུལ་གྱིས་ཞེས་བྱ་བ་ནི་བཤད་ཟིན་ཏོ།། རང་གི་ཐུགས་སུ་ཞེས་བྱ་བ
་ནི་ཕྲ་མོའི་རྡོ་རྗེའི་གཟུགས་སུ་བཞུགས་པའི་རིན་ཆེན་འབྱུང་ལྡན་གྱི་ཐུགས་སོ།། སྙིང་གའི་རྡོ་རྗེ་དབྱིབས་ཞེས་བྱ་བ་ནི་སྙིང་པོ་འབྱུང་བའི་མཚན་མའི་རྡོ་རྗེའི་དབྱིབས་ཡིན་པས་ན་སྙིང་གའི་རྡོ་རྗེའི་དབྱིབས་ཏེ། དེའི་གཟུགས་སུ་བདག་ཉིད
་མཛད་ནས་བཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའོ།། དེ་རྣམས་ཀྱི་དབང
་བསྐུར་བ་སྟེ་དེའི་ཡེ་ཤེས་སོ།། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་བསྐུལ་བར་བྱེད་པའི་སྙིང་པོའོ།། འོད་ཀྱི་དཀྱིལ་འཁོར་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འོད་ཀྱི་དཀྱིལ་འཁོར་ཆེན་པོའོ།། དེ་རྣམས་ཉིད་ཀྱི་བཀོད་པ་ལས་རྒྱན་ཞེས
་བྱ་སྟེ། དེའི་ཡེ་ཤེས་སོ།། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་བསྐུལ་བར་བྱེད་པའི་སྙིང་པོའོ།། ཡང་ན་ཆེན་པོ་རྣམས་ཀྱི་འོད་ཀྱི་དཀྱིལ་འཁོར་ཡིན་པས་ན་འོད་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། ཆེན་པོ་ནི་སངས་རྒྱས་བཅོམ་ལྡན་འདས་སོ།། ལྷག་མ
་རྣམས་ནི་སྔར་བཤད་པ་དྲང་མཚུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་གང་གིས་སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་རྫོགས་པར་མཛད་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་བྱེད་པ་དེའི་ཡེ
་ཤེས་སོ།། ལྷག་མ་རྣམས་ནི་དེ་འདྲའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན་པོ་ཡིན་པ་འམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་བཞད་པ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཞད་པ་ཆེན
་པོཔོ་སྟེ། བཞད་པ་ཆེན་པོས་དོན་ཆེན་པོ་མཛད་པའི་ཕྱིར་སྟེ། དེའི་ཡེ་ཤེས་སོ།། ལྷག་མ་རྣམས་ནི་གོ་སླའོ།། རྡོ་རྗེ་རིན་པོ་ཆོས་མཚན་པའི་ཏིང་ངེ་འཛིན་ཡིན་པས་ན་རྡོ་རྗེའི་ཏིང་ངེ་འཛིན་ཏོ།། རིན་པོ་ཆེའི་རིགས་བསྐྱེད་ཟིན་ནས་ཆོས་ཀྱི་རིགས་བསྐྱེད
་པའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་གཞུང་གཞན་སྨོས་པ་ཡིན་ཏེ། ཡང་ཞེས་བྱ་བ་ནི་རིན་པོ་ཆེའི་རིགས་ལ་བལྟོས་པའོ།། ཡེ་ཤེས་ཕྲ་མོས་འཇུག་པའི་ཚུལ་ནི་བཤད་ཟིན་ཏོ།། རང་གི་སྙིང་ག་ནི་སྔར་བཤད་པའི་རྡོ་རྗེ་ཕྲ
་མོས་ཁྱབ་པའོ།། རྡོ་རྗེ་སྙིང་པོ་ན་དེ་བཞིན་གཤེགས་པ་དང་རྡོ་རྗེ་རྣམས་ཀྱི་སྙིང་པོ་སྟེ། རང་གི་སྙིང་ག་དང་རྡོ་རྗེ་སྙིང་པོ་ནི་རང་གི་སྙིང་ག་དང་རྡོ་རྗེའི་སྙིང་པོའོ།། དེར་ཞུགས་ནས་སྙིང་པོ་བཞི་འབྱུང་བའི་རྣལ་འབྱོར་རྡོ་རྗེའི་དབྱིབས་སུ་བདག
་ཉིད་བྱིན་གྱིས་བརླབས་ནས་བཞུགས་པའོ།། ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པས་ན་ཆོས་ཐམས་ཅད་མཉམ་པ་ཉིད་དེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་སྟེ་དེའི་ཡེ་ཤེས་སོ།། ལྷག་མ་རྣམས་ནི་སྔ་མ
་བཞིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡོན་ལ་ཤེས་རབ་ཀྱི་ཡེ་ཤེས་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་ཀྱི་ཡེ་ཤེས་སོ།། ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་དེ་ལ་སོགས་པའོ།། འཁོར་ལོ་ཡང་ཡིན་ལ་ཆེན
་ཡ་ཡིན་པས་འཁོར་ལོ་ཆེན་པོ་སྟེ། དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ།། དེར་འཇུག་པ་དང་དེའི་ཡེ་ཤེས་སོ།། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟེ་ཕྱག་རྒྱ་གང་བཅིངས་ན་ཆོས་ཀྱི་འཁོར་ལོར་འཇུག་པར་འགྱུར་བའོ།། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱང་ཡིན་ལ་ཆོས་ཀྱི་ཚིག་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཚིག་སྟེ། དགོངས་པ་གསུང་བ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་ན་སྤྲོས་པ་མེད་པ་སྟེ། དེའི་ཡེ་ཤེས་ལ་སོགས་པའོ།། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་རིགས་ཀྱི་ཏིང་ངེ་འཛིན་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཏིང་ངེ་འཛིན་ཏོ།། དེ་ལྟར་ཆོས་ཀྱི་རིགས་སུ་གཏོགས་པ་བསྐྱེད་ནས། ད་ནི་ལས་ཀྱི་རིགས་སུ་གཏོགས་པའི་སྙིང་པོ་བསྐྱེད
་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ།། ཡང་ཞེས་བྱ་བ་ནི་ཆོས་ཀྱི་རིགས་ལ་བལྟོས་པའོ།། རང་ཡི་སྙིང་པོ་དང་རྡོ་རྗེའི་ཐུགས་ཀ་ནི་རང་གི་སྙིང་པོ་རྡོ་རྗེའི་ཐུགས་ཀའོ།། དེ་ཉིད་རྡོ་རྗེ་ཡིན་པས་ན་རང་གི་སྙིང་པོ་རྡོ་རྗེ་ཐུགས
་ཀའི་རྡོ་རྗེ་སྟེ། དེ་ལས་བྱུང་ངོ་ཞེས་བྱ་བར་སྦྱར་རོ།། ཡེ་ཤེས་ཕྲ་མོར་འཇུག་པའི་ཚུལ་གྱིས་ཞེས་བྱ་བ་ནི་སྣའི་རྩེ་མོ་ལས་སྣའི་བུ་ག་གཡས་པར་ཅི་ནས་ཀྱང་མི་རེག་པར་འཇུག་པ་དེ་ལྟ་བུའི་གཟུགས་སུ་བདག་ཉིད་སྤྲུལ་ནུས། རྣལ
་འབྱོར་གང་གིས་འཇུག་པ་དེ་ནི་ཡེ་ཤེས་ཕོ་མོར་འཇུག་པའི་ཚུལ་ལོ།། རྡོ་རྗེའི་ཐུགས་དེར་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་ཐམས་ཅད་དུ་སོང་བ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལྕག་སུ་ཞུགས་པའོ།། ཡང་རྡོ་རྗེ་ཤིན་ཏུ་ཕྲ་མོའི་དབྱིབས
་སུ་ཞེས་བྱ་བ་ནི་རང་གི་སྙིང་པོ་བསྐྱེད་པའི་ངོ་བོ་ཉིད་དུ་བྱིན་གྱིས་བརླབས་ཏེ་བཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་ལས་སྣ་ཚོགས་པ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་ལས་སྣ་ཚོགས་པ་སྟེ་དེའི་ཡེ་ཤེས་སོ།། དེའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོ་སྟྭཾ། དེ་ནི་དྲི་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་སྣ་ཚོགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའོ།། ཐུབ་པར་དཀའ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གོ་ཆ་སྟེ། དེའི་བརྩོན
་འགྲུས་དང་དེའི་ཡེ་ཤེས་དང་དེའི་ཕྱག་རྒྱའོ།། བདུད་ཐམས་ཅད་ཀྱི་དཀྱིལ་འཁོར་འཇོམས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ཏེ་དེའི་ཡེ་ཤེས་སོ།། ལྷག་མ་རྣམས་ནི་གོ་སླའོ།། དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བའི་ཡེ་ཤེས
་ནི་རྡོ་རྗེ་ཁུ་ཚུར་ཏེ། དེའི་ཡེ་ཤེས་དང་དེའི་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་རིགས་ཀྱི་ཏིང་ངེ་འཛིན་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་ཏིང་ངེ་འཛིན་ཏོ།། ལྷག་མ་རྣམས
་ཀྱི་སྙིང་པོ་དང་ཕྱག་རྒྱ་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པ་ཡིན་པར་ཤེས་པར་བྱའོ།། དེ་ལྟར་ཇི་སྐད་དུ་གསུངས་པའི་ཚུལ་གྱིས་སྙིང་པོ་བཅུ་དྲུག་བསྐྱེད་ནས། ང་ནི་སེམས་དཔའ་བཅུ
་དྲུག་བསྐྱེད་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་ཏེ། ཡང་ཞེས་བྱ་བ་ནི་སྙིང་པོ་བསྐྱེད་པ་ལ་བལྟོས་པའི་ཚིག་གོ།། བར་སྐབས་འདིར་འཇུག་པ་མ་སྨོས་སུ་ཟིན་ཀྱང་། འོན་ཀྱང་དོན་གྱི་དབང་གིས་ཤེས
་པབཔར་བྱ་དོགོས་ཏེ། གང་གི་ཕྱིར་གདོན་མི་ཟ་བར་གྲུབ་པའི་ཐུགས་ཀ་ནས་སྙིང་པོ་བཞིར་གྱུར་ཏོ།། བྱུང་བ་སྨོས་མོད་ཀྱི། དེའི་འཇུག་པ་ནི་མ་གསུངས་སོ།། དེ་བས་ན་བྱུང་བར་གསུངས་པ་ལས་ན་འདིར་འཇུག་པར་འགྱུར་བར་ཡང
་ཤེས་པར་བྱའོ།། ཇི་ལྟར་བྱུང་ཞེ་ན། ཡེ་ཤེས་ཕྲ་མོའི་མཚན་མས་ཁྱབ་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་ཕྲ་བས་ན་རབ་ཏུ་ཕྲ་བའོ།། རབ་ཏུ་ཕྲ་བ་ཡང་ཡིན་ལ་ཡེ་ཤེས་ཀྱང་ཡིན་པས་ན་རབ་ཏུ་ཕྲ་བའི་ཡེ་ཤེས་སོ།།
་དེདེའི་མཚན་མོ་ནི་བསྒོམ་པའི་དུས་སུའོ།། དེའི་ཁྱབ་པ་ནི་སྤྲོས་པ་སྟེ། དེ་རྣལ་འབྱོར་ཅི་འདྲ་བ་དེ་འདྲ་བའི་རྣལ་འབྱོར་གྱི་ཚུལ་དུ་བྱུང་བའོ།། འདི་སྐད་སྟོན་ཏེ། རྡོ་རྗེ་ཕྲ་མོས་ཁྱབ་པར་བྱེད་པའི་ཚེ། རྣལ་འབྱོར་ཇི་ལྟ་བུས་དེ་བཞིན
་གཤེགས་པའི་ཐུགས་ལས་བྱུང་བ་དེ་བཞིན་དུ་སེམས་དཔའ་རྣམས་བསྐྱེད་པར་བྱ་བའི་ཕྱིར། དེ་ལྟ་བུའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ལས་བྱུང་བའོ།། ཅིར་གྱུར་ཙམ་བྱང་ཆུབ་སེམས་དཔའ་ཆེན
་པོ་ཕྱག་ན་རྡོ་རྗེའི་སྒྲར་གྱུར་ནས་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ་ཕྱག་ན་རྡོ་རྗེ་ཡང་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེའོ།། དེའི་སྐུ་ཡིན་པས་ན་བྱང་ཆུབ་སེམས་དཔའ
་ཆེན་པོ་ཕྱག་ན་རྡོ་རྗེའི་སྐུའོ།། གྱུར་པ་ནི་རེག་པའོ།། དེ་ནས་ཕྱག་ན་རྡོ་རྗེའི་སྐུ་ལས་སླར་ཡང་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྒོར་གྱུར་ཏེ། རང་རང་གི་མཚན་མ་རྡོ་རྗེ་ལ་སོགས་པ་ཉིད་ཀྱི་ཐུགས
་ཀའི་ཟླ་བའི་དཀྱིལ་འཁོར་ལ་བཞག་ནས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དགོད་པའི་ཚུལ་གྱིས་ཞེས་བྱ་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་དབྱིབས་སུའོ།། རང་གི་སྙིང་པོའི་ཏིང་ངེ་འཛིན་ནི་རང་གི་སྙིང་པོའི་དོན་དང
་རྗེསུ་མཐུན་པའི་ཏིང་ངེ་འཛིན་ནི་རང་གི་སྙིང་པོའི་ཏིང་ངེ་འཛིན་ཏེ། ཏིང་ངེ་འཛིན་དུ་མཛད་པ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཡང་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བ་ནི་གཟུངས་ཀྱི་དཀྱིལ་འཁོར་ལ་བལྟོས་བྱའོ།
་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཏིང་ངེ་འཛིན་གྱི་ཡེ་ཤེས་ཡིན་པས་ན་ང་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་སོ།། དེ་ཉིད་ནི་མངོན་པར་ཤེས་པ་ཡིན་པས་ནུ་ཏིང་ངེ་འཛིན
་གྱི་ཡེ་ཤེས་ཀྱི་མངོན་པར་ཤེས་པའོ།། དེ་བསྒྲུབ་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་རྣམས་ལ་དེ་བསྟན་པའི་ཕྱིར་རོ།། རྡོ་རྗེ་ཕྲ་མོ་ནི་ཕྲ་བའི་རྡོ་རྗེ་ཞེས་བྱ་བའི་དོན་ཏོ།། ཡེ་ཤེས་ཀྱི་དཀྱིལ་འཁོར་འདི་བཤད་དོ།། ཞེས་བྱ་བ
་བ་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐུགས་ལ་གན་པ་འདི་བཀའ་སྩལ་པའོ།། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་མེད་པར་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་དེ་ནས་རབ་ཏུ
་བཤད་པར་བྱ་བ་ཞེས་གསུངས་སོ།། ཆོས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཡིན་པས་ན་ཆོས་ཀྱི་དཀྱིལ་འཁོར་རོ།། དམ་པ་ནི་མཆོག་གོ།། རྡོ་རྗེ་དབྱིངས་དང་འདྲ་བ་ནི་རྡོ་རྗེ་དབྱིངས་དང་མཚུངས་པའོ།། མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་ཕྲ་མོ་ཞེས་བཤད་དེ
་ཞེས་བྱ་བར་གསུངས་པའོ།། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི་ཞེས་བྱ་བ་ནི་སྐུའི་ཕྱག་རྒྱ་ལ་སོགས་པའི་རིམ་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་འདྲ་བའོ།། རྡོ་རྗེའི་དབུས་སུ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་དབུས་སུའོ།། སངས་རྒྱས་བྲི
་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་།། སངས་རྒྱས་དཀྱིལ་འོཁོར་རྣམས་སུ་ཡང་ཞེས་བྱ་བ་ནི་མཽ་འཁྲུགས་པའི་དཀྱིལ་འཁོར་དུ་ཡང་མི་བསྐྱེད་པ་ལ་སོགས་པ་རྡོ་རྗེའི་དབུས་སུ་བྲིས་ཤིག་ཅེས་བྱ་བའི་དོན་ཏོ།།
་སེམས་དཔའ་ཆེན་པོ་རྣམས་བྲི་ཞིང་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པའོ།། དེ་བཞིན་ཞེས་བྱ་བ་ནི་སངས་རྒྱས་རྣམས་རྡོ་རྗེའི་དབུས་སུ་ཇི་ལྟར་བྲིས་པ་དེ་བཞིན་དུ་སེམས་དཔའ་ཆེན་པོ་རྣམས་ཀྱང་རྡོ་རྗེའི་དབུས་སུ
་བྲིས་ཤིག་ཅེས་བྱ་བའི་དོན་ཏོ།། ཐུགས་ཀར་ཉིད་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་སྟེ། འདི་རྣམས་ཀྱི་ཉིད་ཀྱི་ཐུགས་ཀའི་ཕྱག་རྒྱ་ཡིན་པས་ན་ཐུགས་ཀར་ཉིད་ཕྱག་རྒྱའོ།། བཞུགས་པའི་ཚུལ་ཇི་ལྟ་བུར་བྲི་ཞེ
་ན་ཏིང་ངེ་འཛིན་དུ་བཞུགས་པ་དང་ཞེས་གསུངས་པ་སྟེ། ཏིང་ངེ་འཛིན་གྱི་ཚུལ་གྱི་སྤྱོད་ལམ་གྱི་བཞུགས་པ་ཞེས་བྱ་བའི་དོན་ཏོ།། ཕྱག་གཉིས་རྡོ་རྗེ་བཅིང་བར་བཅིངས་ཞེས་བྱ་བ་ནི་འདི་རྣམས་ཀྱི་ཕྱག་གཉིས་རྡོ་རྗེ་བསྡམས་པས་གནས་པ
་ཡིན་པས་ན་ཕྱག་གཉིས་རྡོ་རྗེ་བཅིངས་པར་བཅིངས་ཞེས་བྱ་བས་པདྨའི་སྟེང་དུ་རྡོ་རྗེ་བསྡམས་པ་བཀན་ཏེ་བརྐྱང་ནས་བཞག་པ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི
་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་རྣམས་བྱ་བར་སྟོན་ཏོ།། རྡོ་རྗེ་ཕྲ་མོས་མཚན་པའི་ཆོས་ཀྱི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེ་ཕྲ་མོའི་ཆོས་ཀྱི་དཀྱིལ་འཁོར་ཏེ། ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པའི་དཀྱིལ་འཁོར་ཡིན་པས་ན་ཆོས་ཀྱི་དཀྱིལ
་འཁོར་རོ།། ཡེ་ཤེས་ཀྱི་མཚན་མ་ལག་ཏུ་བྱིན་ནས་ཞེས་བྱ་བ་ནི་ཡེ་ཤེས་ཡོངས་སུ་སྨིན་པར་བྱ་བའི་དོན་གྱི་མཚན་མ་ནི་ཡེ་ཤེས་ཀྱི་མཚན་མ་སྟེ། རྡོ་རྗེ་ཕྲ་མོ་ཞེས་བྱ་བའི་དོན་ཏོ།། རང་གི་སེམས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་སེམས་ཡིན་པ
་ན་རང་གི་སེམས་སོ།། དེའི་ལས་སུ་བྱ་བ་ནི་བསྒོམ་པ་ལ་གོམས་པར་བྱའོ།། དེའི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལཱ་ཡེ་ཤེས་ཀྱི་མཚན་མ་སྟེ། འཇུག་པོ་ལ་སོགས་པའི་ཆོ་གས་རྡོ་རྗེ་ཕྱེ་མོའི་དབང་བསྐུར་བ་དང་ལྷན་ཅིག་ཏུ་དབང་བསྐུར
་བ་ལྔ་བྱིན་ནས། བསྒོམ་པ་ལ་མངོན་པར་བརྩོན་པར་འདོད་པས། དང་པོ་ཁོ་ནར་མན་ངག་ལེགས་པར་བླང་བ་དང་། ཏིང་ངེ་འཛིན་གྱི་དམིགས་པ་ལེགས་པར་མནོད་པར་བྱའོ།། མཚན་མ་དེའི་ཁ་དོག་དང་དབྱིབས་ལ་སོགས་པ་ཡང་ལེགས་པར
་ཤེས་པར་བྱས་ལ། བྱ་བ་ཐམས་ཅད་རྫོགས་པར་བྱས་ནས་སྒྲའི་ཀླག་ཅོར་མེད་ཅིང་། དབེན་པའི་ཕྱོགས་སུ་འདུག་ལ། སྐྱིལ་མོ་ཀྲུང་བཅུས་ཏེ་འདུག་ཅིང་ལུས་དྲང་པོར་བསྲང་ནས་བློ་གསལ་ཞིང་མ་རྨུགས་པས་དྲན་པ་ཉེ
་བར་གཞག་པ་སྟེ། ཇི་ལྟར་མནོས་པའི་བོསྒོམ་པར་བྱ་བའི་དམིགས་པོ་སྣའི་རྩེ་མོར་བཞག་ལ་བསྒོམ་པར་བྱ་བ་ནི། ལྕེ་ནི་རྐན་ལ་གཞ་རོ་བྱ་ཞིང་།། སྣའི་རྩེ་མོར་བསམ་པར་བྱ་བ།། ཞེས་བྱ་བ་སྟེ། ལྕེ་ནི་རྐན་ལ་གཞར་བྱ་ཞིང་། ཞེས་བྱ་བ་ནི་ལྕེའི
་རྩ་བ་ནས་མདུན་སིའི་བར་དུ་རྣམ་པ་འདིས། ལྕེའི་སྟེང་གི་ཕྱོགས་སུ་སྦྱར་བར་བྱ་བའོ།། འདི་སྐད་སྟོན་ཏེ། ཁའི་ཕྱི་དང་ནང་དུ་བཅས་པ་མཉམ་པར་བཞག་པར་བྱའོ།། སྣའི་རྩེ་མོར་བསམ་བྱ་བ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་དམིགས་པ་རྡོ་རྗེ་ཕྲ་མོ
་སྣའི་རྩེ་མོར་བཞག་པ་གང་ཡིན་པ་དེ་ལ་བསམ་པར་བྱའོ།། འདི་སྐད་སྟོན་ཏེ། མཚན་མ་ངེས་སེམས་ཀྱི་རྒྱུན་རྒྱུན་མི་འཆང་བར་བསྐྱེད་པར་བྱ་བ་སྟེ། ཉིན་རེ་ཞིང་ཏིང་ངེ་འཛིན་གྱི་དམིགས་པ་ལེགས་པར་རྟོགས་པར་བྱས་ནས། རྟོག་པ་ངན
་པ་དང་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་འདྲེ་བ་ལ་སོགས་པ་རྣམ་པར་རྟོག་པའི་མཚན་མ་རྣམས་སྤང་བར་བྱའོ།། དེ་ཡང་ཇི་སྐད་དུ། ཡིད་ཀྱི་གླང་སྨོན་ལམ་ལོག་སྤྱོང་།། དྲན་པའི་ཐག་པས་དམིགས་པ་ཡི།། ཀ་བ་ལ་བདོག་རིམ་གྱིས་ནི།། ཤེ
་རབ་ལྕགས་ཀྱུས་དབང་དུ་བྱ་ཞེས་བཤད་པ་ལྟ་བུ་སྟེ། དེ་ལྟར་ན་སྣའི་རྩེ་མོར་བསམ་པ་ཡིན་ནོ།། རྡོ་རྗེ་ཕྲ་མོར་སྣའི་རྩེ་མོར་བསྒོམས་པ་བསྟན་པར་གྱུར་ནས་བདེ་བའི་རེག་པའི་མཚན་མ་སྐྱེ་སྟེ། བདེ་བའི་རྒྱུའི་རིག་པ་ཡིན་པས་ན་བ
་བའི་རེག་པའོ།། རྡོ་རྗེ་ཕྲུ་མོ་ཡོད་ནུ་བདེ་བ་ལ་རེག་པས་ན་རྡོ་རྗེ་ཕྲ་མོ་བདར་རེག་པ་སྟེ། རྡོ་རྗེ་ཕྲ་མོའི་བདེ་བའི་རེག་པ་དེ་ལས། སེམས་ནི་མཉམ་པར་བཞག་པར་འགྱུར་ཞེས་བྱ་བ་སྟེ། ཏིང་ངེ་འཛིན་ཐོབ་པར་འགྱུར་རོ་ཞེས་བྱ་བའི
་དོན་ཏོ།། འདི་སྐད་སྟོན་ཏོ།། རྡོ་རྗེ་ཕྲ་མོ་བསྒོམས་པར་གྱུར་ན། སྣའི་རྩེ་མོ་འམ་དེ་མ་ཡིན་པའི་ཕྱོགས་གཞན་དུ་བདེ་བའི་རེག་པའི་མཚན་མའི་ཁྱད་པར་གང་གིས་ལུས་ཀྱི་གནས་ངན་ལོན་ལ་སོགས་པའི་ཉེས་པ་སེལ་བར་ནུས་པ། ལུས
་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་སྐྱེ་བར་འགྱུར་རོ།། ལུས་ཀྱི་གནས་ངན་ལེན་དང་བྲལ་བར་གྱུར་ན་ལུས་ལས་སུ་རུང་བར་འགྱུར་ཏེ། མངོན་པར་བརྩོན་པར་བྱེད་ནུས་པར་འགྱུར་རོ།། ལུས་ཤིན་ཏུ་སྦྱངས་པས་ནི་སེམས་ཤིན་ཏུ་སྦྱངས་པ
་བསྐྱེད་དེ། ལུས་ཤིན་ཏུ་སྦྱངས་པས་བདེ་བ་མྱོང་བར་འགྱུར་ལ། བདེ་བ་དང་ལྡན་པས་ན་སེམས་རྩེ་གཅིག་པར་འགྱུར་ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། རྡོ་རྗེ་ཕྲ་མོའོ་བང་རིག་པའོ།། མཚན་མ་གང་ཚེ་བྱུང་བ་ན་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ
་བསྒོམས་པར་གྱུར་པ་ལས་གང་གི་ཚེ་ལུས་ཀྱི་འམ་སེམས་ཀྱི་བདེ་བའི་རེག་པ་སྐྱེས་པར་གྱུར་པ་དེའི་ཚེ། མཚན་མ་དེ་ནི་ཁྱབ་བྱ་བ་ཞེས་བྱ་བ་སྟེ། རྣམ་པར་སྤྲོ་ཞིང་རྒྱ་ཆེར་གྱིས་ཤིག་པའོ།། སེམས་དེ་ཞེས་བྱ་བ་ནི་གང་ཕྱི་རོལ་གྱི
་གཟུགས་ཀྱི་མཚན་མ་དཀར་པོ་འམ། སེར་པོ་ལ་སོགས་པ་སེམས་སོ་སོར་སྣང་བའི་རང་བཞིན་དེ་ལ་སེམས་དེ་ཞེས་བྱའོ།། ཀུན་ཏུ་ཁྱབ་པར་བྱེད་པ་ཞེས་བྱ་བ་ནི་ཕྱོགས་བཅུ་རྣམས་སུ་ཡང་བཏང་བར་བྱ་བའི་དོན་ཏོ།། ནང་གི
་མཚན་མ་ནི་བདེ་བའི་ཚོར་བའི་རྒྱུ་རེག་པའི་ཁྱད་པར་ཏེ། དེ་ལ་ཡང་སེམས་ཞེས་བྱའོ།། ཀུན་ཏུ་ཁྱབ་པར་བྱ་ཞེས་བྱ་བ་ནི་རང་གི་ལུས་ཐམས་ཅད་དུ་བདེ་བའི་རེག་པའི་མཚན་མ་ངེས་ཁྱབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།།
་ཇི་ཙམ་འདོད་པར་སེམས་ཁྱབ་ནས། ཁམས་གསུམ་དུ་ཡང་ཁྱབ་པར་འགྱུར་ཞེས་བྱ་བ་ལ། ཇི་ཙམ་འདོད་པར་ཁྱབ་པར་བྱ་བ་ནི་གནས་ཁང་དང་ཀུན་དགའ་ར་བ་དང་ཡུལ་ལ་སོགས་པར་སྤྲོ་བ་ནི་ཇི་ཙམ་འདོད་པར་ཁྱབ་པར་བྱའོ།། དེ
་ལྟར་ཇི་ཙམ་འདོད་པར་ཁྱབ་པར་བྱ་བས་སེམས་ཞེས་བྱ་བ་མཉམ་པར་བཞག་པའི་སེམས་གཟུགས་སུ་སྣང་བའོ།། ཁམས་གསུམ་དུ་ཡང་ཞེས་བྱ་བ་ལ། ཡང་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་ལ་དབང་ཐོབ་པས། ནི་མཁའི་ཁྲིམས
་རྣམས་སུ་ཡང་ཁྱབ་པར་བྱ་བའོ།། དེ་ནས་དེ་ཡང་བསྡུ་བ་ནི་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་སེམས་སོ།། ཡང་ཞེས་བྱ་བའི་སྒྲས་ནི་ཁྱབ་པ་ལས་བལྟོས་པའོ།། བསྡུ་བ་ནི་ཞེས་བྱ་བ་ནི་བརྟུལ་བའོ།། ཇི་ཙམ་གྱི་བར་དུ་བསྡུ་བར་བྱ་ཞེ་ན། དེའི
་ཕྱིར་སྣའི་རྩེ་མོའི་བར་དུ་གནས་ཞེས་བྱ་བ་གསུངས་པ་སྟེ། ཁྲུ་གང་དང་ཁྲུ་ངོ་དང་ཁྲུ་གསུམ་ལ་སོགས་པ་འདོར་ཞིང་། ཇི་སྲིད་དུ་སྣའི་རྩེ་མོར་ཕྱིན་པ་དེ་སྲིད་ཀྱི་བར་དུ་བསྡུ་བར་བྱའོ།། དེ་ནས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ལ་དབང་དུ
་གྱུགྱུར་པ་ཐོབ་པ་ནས་བརྩམས་ཏེ། གང་ཅུང་ཟད་ཅེས་བྱ་བ་མཆོད་པ་ལ་སོགས་པའི་ལས་རྣམས་སོ།། ཤིན་ཏུ་མཉམ་གཞག་ཅེས་བྱ་བ་ནི་སེམས་རྩེ་གཅིག་པའོ།། སྒོམ་བྱ་བ་ཞེས་བྱ་བ་ནི་གོམས་པར་བྱ་བའོ།། དེ་དག་ཐམས་ཅད་ཅེས
་བྱ་བ་ནི་མཆོད་པ་ལ་སོགས་པའི་ལས་དེ་དག་ཐམས་ཅད་བརྟན་པར་བྱའོ།། ཏིང་ངེ་འཛིན་ཤེས་པ་བརྟགས་པའོ་ཞེས་བྱ་བ་ནི་མཉམ་པར་བཞག་པའི་སེམས་ཀྱིས་མཉམ་པར་བཞག་པའོ།། སྙིང་པོ་དང་པོས་ནི་བསྒོམ་པ
་ཚེ་སྙིང་ག་ནས་སྣའི་རྩེ་མོར་དྲངས་ཏེ་བཞག་པའོ།། གཉིས་པས་ནི་ཁྱབ་པར་བྱ་བའོ།། གསུམ་པས་ནི་བསྡུ་བའོ།། བཞི་པས་ནི་སྣའི་རྩེ་མོ་ནས་སྣའི་བུ་ག་གཡས་པར་བཅུག་སྟེ། སྙིང་གར་བཞག་ཅིང་བསྟན་པར་བྱའོ།། རྣལ་འབྱོར
་པས་སྒྲུབ་པའི་དྲི་བང་དུ་བྱ་ན་ཐམས་ཅད་ཀྱི་ནང་ན་ཚད་མེད་པ་བཞི་བསྒོམ་པ་ནི་དོན་ཆེན་པོ་བྱེད་པ་ཡིན་ཏེ། ང་བས་ན་ཐོག་མར་བསྟན་ལ། དེ་ལས་ཀྱང་བྱམས་པ་ནི་ཤིན་ཏུ་ཡང་སེམས་ཅན་རྣམས་ལ་རྗེས་སུ་ཕན་འདོགས་པར་བྱེད་པ
་ཡིན་པ་ས་ན་དེ་ནི་སེམས་དཔའི་གང་གིས་བྱམས་པ་ནི་ཞེས་བྱ་བ་ལ་སོགས་པས་དང་པོར་སྟོན་ཏེ། གང་ལ་ལ་ཞིག་གང་ཞིག་རྒྱུ་མེད་པར་བདེ་བ་ལ་ཉེ་བར་སྦྱོར་བར་བྱེད་ན། དེ་ནི་དེའི་མཛའ་བོ་ཞེས་བྱ་བ་ལ། མཛའ་བོའི་ངོ་བོ་ཉིད་ཡིན
་པས་ན་བྱམས་པའོ།། སེམས་དཔའ་གང་གིས་བྱམས་པ་ནི་མཉམ་པར་འགྱུར་ཞེས་བྱ་བ་ལ། སེམས་དཔའ་གང་གིས་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་སོ།། མཉ་མོ་འགྱུར་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་པའི་ཟླ་གཉིས་པ་ལ
་བལྟོས་པ་སྟེ། གང་དང་ལྷན་ཅིག་ཏུ་མཉམ་པར་གྱུར་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟ་བུ་ཞེ་ན། བརྟན་པ་ཆེན་པོ་ཡིས་ཞེས་བྱ་བ་སྟེ། ཤིན་ཏུ་བརྟེན་པ་ཞེས་བྱ་བའི་དོན་ཏོ།། སེམས་ཀྱིས་ཁྱབ་པའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ
་ཕྲ་མོའི་ཕྱོགས་གཅིག་ནས་སྤྲོ་བར་བྱ་བ་ཇི་སྐད་བསྟན་པ་ནི་སེམས་ཏེ། དེའི་ཚུལ་གྱིས་བདེ་བ་ལ་ཉེ་བར་སྦྱོར་བར་བྱེད་པའི་བྱམས་པས་སེམས་ཅན་གཅིག་དང་གཉིས་དང་གསུམ་དང་། ཁྱིམ་དང་གྲོང་དང་གྲོང་ཁྱེར
་དང་ཡུལ་རྣམས་དང་། དེ་བཞིན་དུ་ཕྱོགས་གཅིག་དང་གཉིས་དང་གསུམ་ནས་ཕྱོགས་བཅུའི་བར་གྱི་སེམས་ཅན་ཐམས་ཅད་ལ་དེས་རོམ་བཞིན་དུ་ཁྱབ་པར་བྱའོ།། འདི་སྐད་སྟོན་ཏེ། དགྲ་བོ་དང་མཛའ་པོ་དང་ཐ་མལ་བའི་བྱེ་བྲག་གིས
་སེམས་ཅན་གྱི་ཚོགས་གསུམ་བྱས་ལ་དེ་ལས་ཀྱང་ཆེན་པོ་དང་འབྲིང་དང་ཐ་མལ་པའི་ཁྱད་པར་གྱིས་རེ་རེ་ཞིང་གསུམ་གསུམ་དུ་བྱའོ།། དེ་ལ་ཐོག་མ་ཁོ་ནར་མཛའ་བོ་ཆེན་པོ་བདེ་བ་ལ་ཉེ་བར་སྦྱར་བར་བསམ་པར་བྱའོ།། དེ་ནས་ནི
་འབྲིང་ལའོ།། དེ་ནས་ནི་ཐ་མ་ལའོ།། དེ་ནས་ནི་ཐ་མལ་པ་ཆེན་པོ་དང་འབྲིང་དང་ཐ་མཱ་ལའོ།། དེ་ནས་དགྲ་བོ་ཐ་མ་ལའོ།། དེ་ནས་འབྲིང་ལའོ།། དེ་ནས་ཆེན་པོ་ལ་བདེ་བ་ལ་ཉེ་བར་སྦྱར་བའི་བསམ་པ་མཛའ་བོ་ར་བ་ལ་བྱེད་པ་བཞིན་དུ་དེ་ལ་བྱེད
་པར་གྱུར་པ་དེའི་ཚེ། དེས་བྱམས་པ་ཐོབ་པར་གྱུར་པ་ཡིན་ནོ།། དེ་ནས་དེའི་འོག་ཏུ་ཇི་སྐད་གསུངས་པ་བཞིན་དུ་ཁྱབ་པར་བྱའོ།། བྱམས་པས་ཁྱབ་པའི་ཚུལ་གྱིས་ནི་ཞེས་བྱ་བས་ནི་བྱམས་པས་ཁྱབ་པའི་སྦྱོར་བས་སེམས་ཅན་དང
་ཕྱོགས་ལ་སོགས་པར་ཁྱབ་པ་བཞིན་དུའོ།། སྙིང་རྗེ་ཅན་ནི་གང་ཡིན་པ་ཞེས་བྱ་བ་ལ། སྙིང་རྗེ་ནི་ཀཱ་རུ་ཎ་སྟེ། ཀཱ་ནི་བདེ་བ་ལ་བྱའོ།། རུ་ནི་འགོགས་པ་ལ་བྱ་སྟེ། བདེ་བ་འགོགས་པར་བྱེང་པས་ན་སྙིང་རྗེའོ།། ངོ་ཡང་གཞན་གྱི་རྒྱུད་ངུ
་གཏོགས་པའི་སྡུག་བསྔལ་མཐོང་ན་རང་གི་རྒྱུད་ལ་ཡོད་པའི་བདེ་བ་འགོག་པར་བྱེད་དོ་ཞེས་བྱ་བའི་བར་དུ་སྟོན་པ་ཡིན་ནོ།། སྙིང་རྗེའི་བདག་ཉིད་ཅན་ཡིན་པས་ན་སྙིང་རྗེ་ཅན་ནོ།། གང་ཡིན་པ་ཞེས་བྱ་བ་ནི་རྣལ་འབྱོར་པའོ།། སེམས
་ཅན་ཀུན་དོན་ལྡན་པ་ཡིས་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་རྫོགས་པར་བྱེད་པའི་བསམ་པའོ།། བསམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། བསྒྲུབ་པ་སྟེ་བསྒྲུབ་པར་བྱ་བའོ།། ཁྱད་པར་བྱ་ཞེས་བྱ་བ་ནི་རིམ་པ་དེ་ཉིད་ཀྱིས་སྤྲོ
་བར་བྱ་བའོ།། འདི་སྐད་སྟོན་ཏེ། སྙིང་རྗེའི་སེམས་བསྐྱེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གང་གི་ཕྱིར་སྡུག་བསྔལ་དང་འབྲལ་བར་བྱེད་པ་དེ་ནི་སྙིང་རྗེ་ཡིན་པས། ཅི་ནུས་པར་སྡུག་བསྔལ་གསོལ་བར་ཡང་བྱ་དགོས་སོ།། དེ་བས་ན
་སེམས་ཅན་གཅིག་ལ་སོགས་པའི་རིམ་གྱིས་སྡུག་བསྔལ་དང་བྲལ་བར་བསམ་པར་བྱ་ཞིང་། ནུས་པ་ཡོད་བཞིན་དུ་སེམས་ཅན་སྡུག་བསྔལ་དང་ལྡན་པ་རྣམས་ལ་བཏང་སྙོམས་མི་བྱའོ།། དེ་ལྟར་ན་བསྒྲུབ་པས་ཁྱད་པར་བྱས
་པ་ཡིནོ།། འདིར་ཡང་སྙིང་རྗེའི་རྗེས་ལ་དགའ་བྱ་བསྟན་པར་བྱ་དགོས་ཏེ། དེ་བས་ན་ཀུན་ཀྱང་རང་བཞིན་འོད་གུསལ་བཱ་ཞེས་བྱ་བ་ལ་སོགས་པས་དགའ་བའི་ཡུལ་སྟོན་པ་ཡིན་ནོ།། དེ་ཡང་རང་བཞིན་ཏེ་ངོ་བོ་ཉིད་ཀྱིས་འོང
་གསལ་ཞིང་དག་པ་ཡིན་པས་ན་རང་བཞིན་འོད་གསལ་བའོ།། ཇི་ལྟར་ན་རང་བཞིན་གྱི་འོད་གསལ་བ་ཡིན་ཞེ་ན། དེའི་ཕྱིར་གདོད་ནས་དག་པ་ཞེས་གསུངས་ཏེ། གང་གི་ཕྱིར་བཟོད་མ་ཉིད་ནས་རྣམ་པར་དག་པས་ན་གདོད་ནས
་དག་པའོ།། ཇི་ལྟ་བུར་གདོད་ནས་དག་པ་ཡིན་ཞེ་ན། དེའི་ཕྱིར་ན་མཁའ་བཞིན་ཞེས་གསུངས་ཏེ། ན་མཁའ་དང་འདྲ་བས་ན་མཁའ་བཞིན་ཏེ། དོན་དམ་པར་སྟོང་པ་ཉིད་ཡིན་པས་ན་ན་མཁའ་ལྟར་གོས་པ་མེད་པ་ཞེས་བྱ་བའི་དོན་ཏོ།། །
་འདི་དང་མཚུངས་པ་དེ་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་ཆོས་སམ་ཡང་ན་ཆོས་མིན་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཞེས་བྱ་བ་ནི་དགེ་བ་བཅུའི་ལས་ཀྱི་ལམ་མོ།། ཆོས་མ་ཡིན་པ་ཞེས་བྱ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། དེ་དག
་ཀྱང་དོན་དམ་པར་སྟོང་པ་ཉིད་ཡིན་པས་ན་ཆོས་ཐམས་ཅད་བདག་མེད་པ་ཡིན་ནོ།། བསམ་པས་ཁྱབ་ཅིང་དགའ་བར་འགྱུར་ཞེས་བྱ་བ་ནི་བསམ་པ་ཞེས་བྱ་བ་གཞན་གྱི་ངོར་བྱེད་པའི་ལྷག་པའི་བསམ་པས་ཁྱབ་ཅིང་ཞེས་བྱ་བ་སྟེ།
་སྤྲོས་པས་ཁྱབ་པར་བྱེད་ལ་དགའ་བར་འགྱུར་ཞེས་བྱ་བའི་དོན་ཏོ།། འདི་ནི་དགའ་བའི་མཆོག་སྟེ་དམིགས་པ་མེད་པའོ།། དེས་ན་འདི་ཕྱོགས་པ་མེད་པའོ།། དེས་ན་འདི་ཕྱོགས་ཀྱི་ཆས་ཁྱབ་པར་བྱ་བར་མ་གསུངས་ཏེ། ཚོས་རྣམ
་བདུདག་མེད་པས་ཁྱབ་པར་བྱ་བ་ཉིད་ཀྱིས་ཆོས་ཐམས་ཅད་སྣང་བ་མེད་པར་བྱས་པ་ཉིད་ཡིན་པའི་ཕྱིར་རོ།། དགའ་བའི་འོག་ཏུ་བཏང་སྙོམས་བསྟན་པར་བྱ་དགོས་པས། དེ་ནི་དེ་འདུལ་དཀའ་བ་དང་མཚུངས་འདྲ་བ་ཞེས་བྱ་བ་ལ
་སོགས་པས་སྟོན་ཏེ། གདུལ་དཀའ་བ་ནི་ལོག་པར་ལྟ་བའོ།། དེ་དང་མཚུངས་ཞེས་བྱ་བ་ནི་ཡོད་པར་ལྟ་བ་ཡང་མི་དགེ་བ་ལ་མངོན་པར་དགའ་བར་གྱུར་ན། དེ་དང་འདྲ་བ་ཡིན་ལ། དགེ་བ་ལ་མངོན་པར་དགར་ཟིན་ཀྱང་ཐེག
་པ་ཆེན་པོ་ལ་མི་འཇུག་ན་དེ་དང་འདྲ་སྟེ། གདུལ་དཀའ་བ་དང་མཚུངས་པ་ཡང་ཡིན་ལ་དེ་དང་འདྲ་བ་ཡང་ཡིན་པས་ན་གདུལ་དཀའ་བ་དང་མཚུངས་འདྲ་བའོ།། སངས་རྒྱས་བྱང་ཆུབ་སྣོད་མ་ཡིན་ཞེས་བྱ་བ་ནི་སངས་རྒྱས་ཞེས་བྱ
་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ནི་སངས་རྒྱས་བྱང་ཆུབ་བོ།། དེའི་སྣོད་མ་ཡིན་པ་ནི་དེ་རྟོགས་པར་བྱ་བ་བསྟན་པའི་སྣོད་དུ་མ་གྱུར་པ་ཞེས་བྱ་བའི་དོན་ཏོ།། དེ་དག་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ལ།
་དེ་དག་ནི་སྣོད་མ་ཡིན་པ་རྣམས་སོ།། རྟོགས་པར་བྱ་བ་ནི་སྣོད་དུ་རུང་བར་བྱ་བོའོ།། ཕྱིར་ཞེས་བྱ་བ་ནི་དེའི་རྒྱུར་རོ།། བཏང་སྙོམས་ཆེན་པོ་གོམས་པར་བྱ་ཞེས་བྱ་བ་ལ། བཏང་སྙོམས་སུ་འཛེག་པས་ན་བཏིང་སྙོམས་ཏེ། དེ་དག་སྨིན
་པར་བྱ་བའི་ཕྱིར་དུས་གཞན་ལ་སྣོད་ཅིང་། བརྩོན་འགྲུས་ཀྱི་བློ་གྲོས་ལས་ལྡོག་པའོ།། དེ་ཡང་བཏང་སྙོམས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་བཏང་སྙོམས་ཚོན་པོ་སྟེ། དེ་གོམས་པར་བྱ་བ་ནི་ཡང་དང་ཡང་དུ་མངོན་སུམ་དུ
་གྱིས་ཤིག་པའི་དོན་ཏོ།། གང་གི་ཕྱིར་དེ་ལྟར་དུས་གཞན་ལ་བསྡུད་དགོས་པ་དེ་ནི་དུས་དེར་སྣོད་དུ་བྱའི།། ད་ལྟར་ཕན་པ་བསྟན་ཀྱང་། ལེན་པར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱི། བླ་མ་ལ་འཁུ་བ་དག་ཀྱང་བྱེད་པར་འགྱུར་ཏེ། དེ
་བས་ན་དེ་དག་ལ་བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་སྟོན་པ་ཡིན་ནོ།། སརྦ་ཤུདྡྷ་བྲ་མོ་ངོ་ཞེས་བྱ་བ་ནི་ཐམས་ཅད་དག་པར་རབ་ཏུ་དགའ་བ་ཞེས་ཟེར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ཉིད་རབ་ཏུ་དགའ་བ་སྟེ། རབ
་ཏུ་དགའ་བ་ནི་རབ་ཏུ་མགུ་བའོ།། སརྦ་སཏྭ་ཏཱཾ་སཾ་བོ་དྷ་ཡ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་རྟོགས་པ་བྱ་ཞེས་ཟེར་ཏེ། གལ་ཏེ་སེམས་ཅན་ཐམས་ཅད་རྟོགས་པར་བྱེད་འདོད་ན། དུས་གཞན་ལ་སྣོད་དུ་རུང་བར་འགྱུར
་བ་རྣམས་ལ་བཏང་སྙོམས་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། དེ་ལྟར་ཚད་མེད་པ་བསྒོམས་པ་བསྟན་ཟིན་ནས། དེ་བཞིན་གཤེགས་པ་ཐམས་ཅད་རྗེས་སུ་དྲན་པར་བྱ་བའི་མན་ངག་བསྟན་པས་བཞེད་པས། དེ་ནས་ཞེས་བྱ་བ་ལ་སོགས
་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་གཟུང་ངོ་།། དེ་དག་རྗེས་སུ་དྲན་པ་ནི་རྗེས་སུ་དྲན་པར་བྱ་བ་སྟེ། དེའི་ཡེ་ཤེས་དེ་བསླབ་པར་བྱ་ཞིང་བསྟོན་པར་བྱའོ།།
་ན་མཁའ་འམ་ནི་ཕྱོགས་གཞན་དུ་ཞེས་བྱ་བ་ལ། ན་མཁའོ་ཞེས་བྱ་བ་ནི་གྲགས་པར་ཟད་དོ།། ཕྱོགས་གཞན་དུ་ཞེས་བྱ་བ་སྨོས་པས་ནི་རས་དང་རྩིག་པ་ལ་སོགས་པ་གཟུང་ངོ་།། རྡོ་རྗེ་ཕྲ་བའི་ཚུལ་གྱིས་ནཱི་ཞེས་བྱ་ལ། རྡོ་རྗེ་ཕྲ་མོའི་སྦྱོར་བ
་ནི། ལྕེ་ནི་རྐན་ལ་གཞར་བྱ་ཞིང་ཞེས་བྱ་བ་ལ་སོགས་པར་བཤད་ཟིན་ཏོ།། འགྲེང་ངམ་ཡང་ན་འདུག་ཀྱང་རུང་ཞེས་བྱ་བ་ནི་འཆག་པའམ་ཉལ་བ་ཞེས་རྣམ་པར་རྟོག་པའོ།། འདི་སྐད་སྟོན་ཏེ། སྤྱོད་ལམ་བཞི་ཆར་དུ་ཡང་བསྒོམ་པ་གམས
་པར་བྱེད་པ་ལ་ཡང་དགག་པ་མེད་པ་ཡིན་ནོ།། རྡོ་རྗེ་དབྱིབས་ནི་ཞེས་བྱ་བ་ནི་རྡོ་རྗེ་ལྔ་པའོ།། གོམས་པར་བྱ་ཞེས་བྱ་བ་ནི་བསྒོམ་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་དུ་ཡང་གནས་ཀུན་ཏུ་ཞེས་བྱ་བ་ནི་བཤང་མ
་ཐག་པའོ།། ནམ་མཁའ་འམ་ནི་ཕྱོགས་གཞན་དུ་ཞེས་བྱ་བ་དང་སྦྱར་རོ།། རྡོ་རྗེ་ཕྲ་མོ་སྦྱོར་བ་ཡི་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་སྦྱོར་བ་ལྕེ་ནི་རྐན་ལ་གཞར་བྱ་ཞིང་ཞེས་བྱ་བ་ལ་སོགས་པས་སོ།། རབ་མཉམ་བཞག་པས་ཞེས་བྱ་བ་ནི་ཤིན་ཏུ་མཉམ
་བཔབར་བཞག་པས་ན་རབ་མཉམ་བཞག་པ་སྟེ་མི་གཡེང་བའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ།། སྙིང་གར་ནི་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་གང་གིས་ཐུགས་ཀ་ན་རྡོ་རྗེ་མངའ་བ་དེ་ནི་སྙིང་གར་རྡོ་རྗེ་སྟེ། སྙིང་གར་རྡོ་རྗེ་ནི་བཅོམ
་ལྡན་འདས་རྡོ་རྗེ་སེམས་དཔའོ།། ཇི་ལྟ་བའི་རིམ་བཞིན་དུ་ཞེས་བྱ་བ་ནི་གོམ་པ་སྔོན་དུ་འགྲོ་བའི་ཁྱབ་པ་སྟེ། ཕྱག་ན་རྡོ་རྗེའི་གཟུགས་གཅིག་དང་གཉིས་དང་མང་པོ་ན་མཁའི་ཁམས་ཀྱི་བར་དུ་སྤྲོ་བ་སྟོན་ཏོ།། ཇི་ལྟར་བསྒོམ་པར་བྱ་ཞེ
་ནདེའི་ཕྱིར་རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི་ཞེས་བྱ་བ་གསུངས་པ་ཡིན་ནོ།། ཕྱག་ན་རྡོ་རྗེའི་དབྱིབས་ཚོན་པོ་ཞེས་བྱ་བ་ལ། ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ།། དབྱིབས་ཆེན་པོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ།། གནས་རྣམས་ཀུན་ཏུ
་བསྒོམ་པོར་བྱ་བ་ནི་ནམ་མཁའ་ལ་སོགས་པའི་གནས་ཐམས་ཅད་དུའོ།། རྣམ་པ་ཐམས་ཅད་མཆོག་ལྡན་པའི་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་ཀྱང་ཡིན་ལ་མཆོག་ཀྱང་ཡིན་པས་རྣམ་པ་ཐམས་ཅད་མཆོག་སྟེ། མཚན་དང་དཔེ
་བྱད་ལ་སོགས་པའོ།། དེ་དང་ལྡན་པ་ནི་དེ་དང་བཅས་པའོ།། སངས་རྒྱས་སྐུ་ནི་སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོའོ།། དུས་ཀུན་ཏུ་ཞེས་བྱ་བ་ནི་ཕྱོགས་བཅུ་ཐམས་ཅད་ན་མཁའི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་སྐུས་ཁྱབ
་བར་བྱེད་པའོ།། ཇི་ལྟ་བའི་གོ་རིམ་བཞིན་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་བདག་ཉིད་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་བསགས་པ་ཡིན་པར་བསམས་ལ་དགའ་ལྡན་གྱི་གནས་སུ
་སྐྱེས་ནས། རིགས་ལ་རྟོག་པ་དང་སྐྱེ་བོ་ཡོངས་སུ་གཟུང་བ་ལ་སོགས་པ་དང་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བ་དང་། སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་མངོན་པར་བྱང་ཆུབ་པར་བྱས་ནས་སངས་རྒྱས་སུ་བདག་ཉིད
་བསྒོམ་པར་བྱའོ།། དེ་ནས་མདུན་དང་ངོས་གཉིས་དང་རྒྱབ་ཏུ་སྟེ། དེ་ལྟར་དཀྱིལ་འཁོར་སྤྲོ་བའི་ཚུལ་གྱིས་ཤིན་ཏུ་མཉམ་པར་བཞག་པར་བསྒོམ་པར་བྱ་ཞིང་གོམས་པར་བྱའོ།། བཛྲ་ཨ་མུ་ཁི་བྷ་བ་ཞེས་བྱ་བ་ནི་རྡོ་རྗེ་མངོན་དུ་བྱ་བ
་ཞེས་ཟེར་ཏེ། ཏིང་ངེ་འཛིན་དེ་ནི་དེའི་ཡུལ་ཡིན་པས་སྙིང་གར་རྡོ་རྗེའི་ཕྱག་རྒྱ་མངོན་སུམ་དུ་བྱ་བར་གསུངས་སོ།། མ་ཧཱ་བོ་དྷི་སཏྭ་ཨཱ་བེ་ཤ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་དབབ་པ་ཞེས་ཟེར་ཏེ། དེའི་ནང་ན་གནས་པས
་ན་རྡོ་རྗེ་སེམས་དཔའ་དབབ་པར་གསུངས་སོ།། བཛྲ་པཱ་ཎི་དྷ་ར་ཤ་ཡ་སཽ་རུ་པཾ་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེ་རང་གི་ངོ་བོ་ཉིད་སྟོན་ཅིག་ཅེས་ཟེར་ཏེ། ཕྱི་རོལ་ཏུ་གྱུར་པའི་ཕྱག་ན་རྡོ་རྗེ་ཡིན་པས་ན་ངོ་བོ་ཉིད་སྟོན་ཅིག་ཅེས་གསུངས་སོ།།
་བུདྡྷ་ཨ་ནུ་སྨྲྀ་ཏི་ཨཱ་བེ་ཤ་ཞེས་བྱ་བ་ནི་སངས་རྒྱས་རྗེས་སུ་དྲན་པ་དབབ་པ་ཞེས་ཟེར་ཏེ། སེམས་རྟོགས་པ་ལ་སོགས་པའི་རིམ་གྱིས་ནད་ཡོངས་སུ་རྫོགས་པར་བྱས་པས་ན་སངས་རྒྱས་ཀྱི་གཟུགས་དབབ་པར་གསུངས་སོ།།
་མངོན་པར་བྱང་ཆུབ་པའི་རིམ་གྱིས་དང་པོའི་རྣལ་འབྱོར་བསྟུན་ནུས། རྡོ་རྗེ་ཕྲ་མོའི་ཚུལ་གྱིས་ནི་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་གྱི་ཁྱད་པར་བསྟན་པ་སོ་སོར་སྟོན་ཏེ། རྡོ་རྗེ་ཕྲ་མོ
་བསྒོམ་པའི་སྦྱོར་བ་ཇི་སྐད་གསུངས་པའི་སྦྱོར་བ་ངོས་སྣའི་རྩེ་མོར་བསམ་པར་བྱའོ་ཞེས་གསུངས་པ་ཡིན་ཏེ། འདི་ནི་ལུས་རྣམ་པར་བསྒོམས་ནས་བསྒོམ་པ་གོམས་པར་བྱའོ་ཞེས་སྟོན་ཏོ།། བདག་ཉིད་ཀྱིས་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་གྱི
་སྟོན་པར་ཡང་འགྱུར་པ་སྲིད་པས། དེ་ལས་ཁྱད་པར་དུ་བྱ་བའི་ཕྱིར་བདག་ཉིད་ཅེས་གསུངས་པ་ཡིན་ནོ།། ཅི་ཞིག་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་ཟླ་བའི་དབྱིབས་སུ་ཞེས་གསུངས་པ་ཡིན་ཏེ། ཟླ་བའི་གཟུགས་ཅན་དུ་བསྒོམ་པའོ།། གལ་ཏེ་སློབ
་མ་འམ་བུས་ཀྱང་བྱེད་པ་སྲིད་པས། དེའི་ཕྱིར་བདག་ཉིད་ནི་ཞེས་བྱ་བ་གསུངས་པ་ཡིན་ནོ།། དེའི་བསྒོམ་པའི་ནི་འདི་ཡིན་ཏེ། ཟླ་བའི་དཀྱིལ་འཁོར་སྔར་བསྒོམས་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་དབྱིབས་སུ
་བདག་ཉིད་བསྒོམ་པར་བྱའོ།། སེམས་དཔའི་རྡོ་རྗེ་བསྒོམ་པའོ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ལ་ནི་སེམས་དཔའ་ཞེས་བྱ་ལ་རྡོ་རྗེ་ནི་འདི་ཉིད་དེ། དེ་ལྟ་བས་དེ་གཉིས་བསྒོམ་པ་ནི་སེམས་དཔའ་རྡོ་རྗེ་བསྒོམ་པའོ།། རྡོ་རྗེ་ཕྲ་མོའི་ཚུལ
་སྦྱར་ལ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་སྦྱོར་བ་གོམས་པར་བྱ་བའོ།། བདག་ཉིད་སྙིང་གར་རྡོ་རྗེ་སེམས་ཞེས་བྱ་བ་ནི་བཤད་མོ་ཐག་པའི་སེམས་དཔའ་རྡོ་རྗེ་བདག་ཉིད་ཀྱི་སྙིང་གར་བསྒོམ་ཞིང་གཟུགས་ཀྱི་སྐུ་ཡང་རྣམ་པ་ཐམས་ཅད་ཀྱི
་མཆོག་དང་ལྡན་པའི་རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ་སྟེ། འདི་ནི་རྡོ་རྗེ་སེམས་དཔའ་བསྒོམ་པའོ།། རྡོ་རྗེ་སེམས་དཔའ་བསྒོམས་ནས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་ཞིང
་ལྷག་པར་མོས་པར་བྱའོ།། སུ་ལ་ཞེ་ན། བདག་ཉིད་ལ་སྟེ། སངས་རྒྱས་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ།། ཏིང་ངེ་འཛིན་གསུམ་གྱིས་ནི་སྙིང་པོ་གསུམ་གྱི་དབབ་པ་གསུངས་པ་ཡིན་ལ། སྙིང་པོ་བཞི་པས་ནི་དགོས་པ་ཡོངས་སུ་རྫོགས་པ
་ཡིན་པའི་ཕྱིར་ང་རྒྱལ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་དེ་ནས་གཞན་ཡང་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་བསྒོམ་པའི
་དོན་གྱི་བྱ་བོ་རྫོགས་པར་ནུས་པའི་ཆོས་ཉིད་དོ།། དེ་ཉི་ག་གིསང་བ་སྟེ་གཞན་ལ་བསྙད་བར་བྱ་བ་མ་ཡིན་པའི་ཕྱིར་རོ།། དེ་ཉིད་ནི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་སོ།། བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་པའོ།། སྔགས་དང་སྨན་རྣམས་ནི་གསང
་ན་སྟོབས་ཅན་དུ་འགྱུར་བས། དེའི་ཕྱིར་དངོས་གྲུབ་འདོད་པས་ཆོ་ག་འདི་དག་གཞན་ལ་བསྒྲགས་པར་བྱ་བ་མ་ཡིན་པས་ན་གསང་པོའི་ཕྱག་རྒྱ་ཞེས་བྱའོ།། ཁདག་ནི་དེ་བཞིན་གཤེགས་དང་མཉམ་ཞེས་བྱ་བ་ནི། ཨི་ཧྲྀ་ཏ་ཐཱ་ག་ཏ།
་ས་མ་ཞེས། རྡོ་རྗེའི་ཚིག་ཏུ་ལྷན་ཅོག་བརྗོད་ཅེས་བྱ་བ་ང་རྒྱལ་བསྐྱེད་པར་བྱ་བ་སྟེ། རྡོ་རྗེའི་ཚིག་སྒྲ་སྤངས་པ་ཞེས་འོག་ནས་འཆང་ངོ་།། དབང་པོ་གཉིས་ནི་མཉམ་པར་སྦྱར་ཞེས་བྱ་བ་ནི་ལྷའི་སྐུའི་དང་བདག་ཉིད་ཐ་མི་དང་པར
་ལྷག་པར་མོས་པའོ།། སེམས་ཅན་ཐམས་ཅད་ཆགས་པར་བྱེད་ཅེས་བྱ་བ་ནི་ཇི་སྐད་གསུངས་པའི་རིམ་གྱིས་སངས་རྒྱས་ཀྱི་ཕྱག་རྒྱར་བསྒྲུབས་ལ། རྣམ་པར་སྨིན་པ་ལས་བྱུང་བའི་ལུས་འདི་དང་། དེ་བཞིན་གཤེགས་པའི་སྐུ་དེ་གཉིསུ་ཐ་མི
་དང་པར་མོས་པའི་དབང་པོ་གཉིས་མཉམ་པར་སྦྱོར་བས་སངས་རྒྱས་ཀྱི་བྱ་བ་བྱེད་ཅིང་། སེམས་ཅན་ཐམས་ཅད་ཆགས་པར་བྱེད་པ་སྟེ་དགའ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཆེན་པོ་ནི་བཅོམ་ལྡན་འདས་ན་མཁའི་སྙིང་པོའོ།། དབང
་པོ་གཉིས་ནི་མཉམ་སྦྱར་ལ་ཞེས་བྱ་བ་ནི་དགུག་པ་དང་གཞུག་པ་དང་བཅིངས་པོ་དྲང་དབང་དུ་བྱ་བ་བྱས་ནས་དེ་དང་ལྷན་ཅིག་ཐ་མི་དད་པར་བསྒོམ་ཞིང་མོས་པར་བྱེད་པས་ན་དབང་པོ་གཉིས་ནི་མཉམ་པར་སྦྱར་ཞེས་གསུངས་སོ།། དེ
་དང་ལྷན་ཅིག་ཐ་མི་དད་པར་མོས་པ་དབང་པོ་གཉིས་མཉམ་པར་སྦྱར་ན། ན་མཁའི་སྙིང་པོ་དང་འདྲོ་བར་ནོར་སྦྱིན་པས་འཇིག་རྟེན་ཐམས་ཅད་འགུགས་པར་འགྱུར་རོ།། གདོན་མི་ཟ་བ་ཞེས་བྱ་བ་ནི་ངེས་པ་ཉིད་དུའོ།། བདག་ནི་རྡོ་རྗེ་ཆོས་དང
་མཉམ་ཞེས་བྱ་བ་ལ། རྡོ་རྗེ་ཆོས་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གོ།། དེའི་ཕྱག་རྒྱ་བསྐྱེད་ལྔ་དགུག་པ་དང་གཞུགས་པ་དང་བཅིང་བ་དང་དབང་དུ་བྱ་བ་བྱས་ནས་དེ་དང་ལྷན་ཅིག་ཐ་མི་དྲང་པའི་དབང་པོ་གཉིས་མཉམ་པར
་སྦྱར་བས། དེའི་འཇིག་རྟེན་ཐམས་ཅད་འཇིག་ཅེས་བྱ་བ་སྟེ། འཇིག་པ་ནི་རང་དབང་མེད་པར་བྱེད་ཅིང་སེམས་པར་བྱེད་པའོ།། བདག་ནི་སྣ་ཚོགས་ལས་མཉམོ་ཞེས་བྱ་བ་ལ། སྣ་ཚོགས་པས་ནི་བཅོམ་ལྡན་འདས་རྡོ་རྗེ་ལས་ཏེ། དེའི་ཕྱག
་རྒྱ་ཆེན་པོ་ཇི་སྐད་གསུངས་པའི་ཚུལ་གྱིས་བསྒོམས་ན་ཁས་རྣམས་ཐམས་ཅད་ངེས་འགྲུབ་བོ་ཞེས་བྱ་བ་སྟེ། མཆོད་པ་ལ་སོགས་པའི་ལས་རྣམས་རྣལ་འབྱོར་པ་དེས་སྒྲུབ་ཅིང་རྫོགས་པར་བྱེད་དོ།། འདིར་དབང་པོ་གཉིས
་མཉམ་པར་སྦྱར་བ་ཞེས་སྨོད་པས་ནི་ལྷའི་ལུས་དང་། བདག་གི་ལུས་གཉིས་སུ་ཐ་མི་དང་པར་ལྷག་པར་མོས་པ་ལ་བྱ་སྟེ། ང་རྒྱལ་དེས་དགོས་པ་འགྲུབ་པར་འགྱུར་བའི་ཕྱིར་རོ།། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས
་པས་དཀྱིལ་འཁོར་རྣམ་པའི་ཚེ་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་བྱིན་གྱིས་བརླབས་པར་མཛད་པ་དེའི་བསྒོམ་པའི་ལུང་ཡང་དབོག་པར་བཞེད་ནས་དེ་སྟོན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད
་ཀྱིར་གཏོགས་པའི་ཡེ་ཤེས་རྡོ་རྗེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་ཡིན་པ་དེ་ཉིད་ནི་ཕྱག་རྒྱ་སྟེ། དེ་བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའོ།། རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཕྲ་མོའི་སྦྱོར་བ་མངོན་དུ་བྱས
་ལ་རྡོ་རྗེ་ཕྲ་མོའི་སྦྱོར་བ་རྒྱུར་གྱུར་པ་དེས་དུས་ཕྱི་མཔོ་བསྒོམ་པར་བྱ་བ་སྟེ། གོམས་པར་བྱ་བ་རྡོ་རྗེའི་དབུས་སུ་བདག་ཉིད་སངས་རྒྱས་ཀྱི་སྐུ་ཉིད་དུ་བསམས་ན་སྔགས་པ་དེ་ནི་སངས་རྒྱས་ཉིད་དུ་འགྲུབ་པ་སྟེ། འཚང་རྒྱབ
་ཉིད་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་དོ་ནས་གཞན་ཡང་ཞེས་བྱ་བ་སྟེ། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་ཡེ་ཤེས་སྟོན་པའོ།། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མེ་བསྒོམ
་པ་དང་པོར་བྱས་ནས། རང་གྱི་ལྷའི་རྣལ་འབྱོར་དུ་གནས་ལ། སྙིང་གར་རྡོ་རྗེ་ལ་སོགས་འཁོར་ཞེས་བྱ་བ་ལ། རྡོ་རྗེ་ལ་སོགས་པའི་འཁོར་གང་ཡིན་པ་དེ་དག་ནི་རྡོ་རྗེ་ལ་སོགས་ཏེ། དམ་ཚིག་གི་ཕྱག་རྒྱ་རྣམས་སྙིང་གར་བསྒོམས
་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་བྱང་ཆུབོ་སེམས་དཔའ་རྣམས་རང་གི་དངོས་གྲུབ་སྦྱིན་པར་བྱེད་ཅེས་བྱ་བ་སྟེ། སོ་སོ་ནས་རང་རང་གི་དངོས་གྲུབ་རྣམས་སྩོལ་བར་མཛད་པའོ།། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི
་ཕྱག་རྒྱའི་མཚན་ཉིད་སྟོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་རྣམས་གཟུང་ངོ་།། རིགས་ཞེས་སྨོས་པས་ནི་རིགས་བཞི
་གཟུང་ངོ་།། ཏིང་ངེ་འཛིན་གྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པས་ན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་སོ།། དེ་བསླབ་བོ་ཞེས་བྱ་བ་བསྟན་ཏོ་ཞེས་པའོ།། རྡོ་རྗེ་བཅིངས་པས་ལེགས་འབྱུང་བར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ
་བཅིང་བ་ནི་བཤད་ཟིན་ཏོ།། ཡང་དག་པར་འབྱུང་བས་ན་ལེགས་པར་འབྱུང་བའོ།། ཇི་སྙེད་ཅིག་ཅེ་ན། བཅུ་དྲུག་རྣམས་སུ་བཤད་པ་སྟེ་ཞེས་བྱ་བ་གསུངས་ཏེ། རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་བཤད་པའོ།། དེ་རྣམས་ཀྱང་གང
་ཞིག་ཡིན་ཞེ་ན། ཏིང་ངེ་འཛིན་ནི་དམ་ཚིག་གི་མཆོག་ཅེས་བྱ་བ་སྟེ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་དམ་ཚིག་ཀྱང་ཡིན་ལ། མཆོག་ཀྱང་ཡིན་པས་ན་ཏིང་ངེ་འཛིན་ནི་དམ་ཚིག་མཆོག་གོ།། དེ་ནས་དེ་རྣམས་ཀྱི་ནི་ཞེས་བྱ་བ
་ནི་ཏིང་ངེ་འཛིན་གྱི་དམ་ཚིག་གི་མཆོག་དེ་རྣམས་ཀྱིའོ།། བཅིང་བ་བཤད་ཅེས་བྱ་བ་ནི་བཅིང་བའི་མཚན་ཉིད་རབ་ཏུ་ཕྱེ་སྟེ་བཤད་པས་ན་བཅིང་བཤད་པ་ཅེས་བྱ་བའོ།། དེ་བས་ན་རྡོ་རྗེ་བཅིངས་ལས་ལེགས་འབྱུང་བར་ཞེས
་གསུངས་པའི་ཕྱིར། རྡོ་རྗེ་བསྡམས་པ་བཅིངས་ལ་སྐྱིལ་མོ་ཀྲུང་དུ་གནས་པས་ན་སྐྱིལ་མོ་ཀྲུང་དུ་འདུག་སྟེ། ལེགས་པར་བཀན་ན་རྡོ་རྗེ་སེམས་དཔའི་དམ་ཚིག་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་དེ་ཉིད་གཡས་ཕྱོགས་སུ་བཅུས་ཏེ་བཞག་ན
་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་གང་ཡིན་པ་དེ་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་དྲངས་ལ་བཅུ་ཞིང་བཞག་པ་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱའོ།། དེ་ཉིད་སྙིང་གར་བཞག་ན་རྡོ་རྗེ་ལེགས་པའི་ཕྱག་རྒྱ་སྟེ་བཞི་པ་ཡིན་ནོ།། རྡོ
་རྗེ་སེམས་དཔའ་ལོ་སོགས་པའི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེ་སེམས་སོགས་དཀྱིལ་འཁོར་རོ།། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་དཔྲལ་བར་གནས་པས་ནི་དཔྲལ་བར་བཞག་པ་སྟེ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ།། ལྷག་པར་བཞག་ན་རྡོ་རྗེ
་གཟི་བརྗིད་ཀྱི་ཕྱག་རྒྱར་འགྱུར་རོ།། ཕྲག་པའི་གཡས་པའི་ཕྱོགས་སུ་བཞུག་པ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱའོ།། རྒོང་པའི་ཚུལ་དུ་ཁའི་གཡས་ལོག་སུ་འགྱིང་བག་གིས་བསྐོར་བ་ནི་རྡོ་རྗེ་བཞང་བ་མའི་ཕྱག་རྒྱའོ།། ཆོས་རྣམས་ཁ་ཐོ་ནི
་འཛིན་ཅིང་འཚོང་བས་ན་ཁར་བཞག་སྟེ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ཁར་བཞག་པ་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ།། སྙིང་གར་རལ་གྲི་ཡིན་པས་ན་སྙིང་གར་རལ་གྲི་སྟེ། སྙིང་གར་ལག་པ་གཉིས་རོལ་གྲི་འཛིན་པའི་ཚུལ་དུ་གཟུང
་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ།། སྙིང་གར་བརྐྱང་སྟེ་བཞག་ལ་རྡོ་རྗེ་རྒྱུའི་ཕྱག་རྒྱར་འགྱུར་རོ།། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་དེ་ཉིད་ཁའི་གནས་སུ་བཞག་ལ་གྱེན་དུ་གྲངས་ན་ཁ་ནས་འབྱུང་བར་འགྱུར་ཏེ་རྡོ་རྗེ་སྨྲ་བའི་ཕྱག་རྒྱའོ།། རྡོ་རྗེ་བསྡམས
་བའི་ཕྱག་རྒྱ་དེ་ཉིད་སྤྱི་བོར་བཞིག་ན་རྡོ་རྗེ་ལས་ཀྱི་ཕྱག་རྒྱར་འགྱུར་རོ།། ཐོན་ཀའི་གནས་སུ་བཞག་ན་རྡོ་རྗེ་གོ་ཆའི་ཕྱག་རྒྱར་རོ།། འཛུབ་མོ་གཉིས་ཕྲལ་ཏེ་བཞག་པ་ནི་བཀུག་སྟེ་བཞག་པ་སྟེ། འཛུབ་མོ་གཉིས་བཀོག་ཅིང་བཞག་པ་དེ་ཡང
་མཆེ་བོའི་ཚུལ་དུ་བརྐྱང་ན་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱར་འགྱུར་རོ།། མདུན་དུ་ཞེས་བྱ་བ་ནི་སྔོན་དུའོ།། དེ་བཞིན་ཞེས་བྱ་བ་ནི་མཛུབ་མོའི་སོར་མོ་གཉིས་རྡོ་རྗེ་བསྡམས་པའི་ཚུལ་དུ་བཞག་ལ། མདུན་དུ་བཞག་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱའོ།།
་དེ་ནས་གཞན་ཡང་ཆོས་ཀྱི་ཕྱག་རྒྱ་ནི་ཇི་སྐད་གསུངས་པ་རྣམས་སོ།། དེ་ནས་ཞེས་བྱ་བྱ་ནི་གཞན་ཡང་ངོ་།། ཆོས་ནི་ཆོས་ཀྱི་དཀྱིལ་འཁོར་གྱིའོ།། ལས་ཀྱི་ཕྱག་རྒྱ་ཡང་ཡིན་ལ། ཏིང་ངེ་འཛིན་གྱི་ལས་སྟོན་པས་མཆོག་ཀྱང་ཡིན་པས་ན་ཆོས་དང
་ལས་ཀྱི་མཆོག་གོ། གང་གི་ཞི་ནཱ། པཱ་བའི་རྡོ་རྗེ་ཅན་རྣམས་བསླབ་ཅེས་བྱ་བ་སྟེ། ཕྲ་མའི་དཀྱིལ་འཁོར་གྱི་རྡོ་རྗེ་ཅན་ཡིན་པསུ་ན་བླ་མོའི་རྡོ་རྗེ་ཅན་དྷེ། ཟླ་བའི་རྡོ་རྗེ་ཅན་དེ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་བསླབ་ཅིང་བསྟན་པར་བྱའོ།། ཡེ་ཤེས་ཁྲུ
་ཚུར་ནི་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་གང་ཡིན་པ་དེ། ཡེ་ཤེས་ཀྱི་ཁུ་ཚུར་གྱི་ཕྱག་རྒྱར་གསུངས་སོ།། དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་དམ་ཚིག་ལས་ཞེས་བྱ་བ་གསུངས་ཏེ། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ།།
་འདི་སྐད་སྟོན་ཏེ། མདུན་དེ་བཞིན་ཞེས་གང་གསུངས་དྨའི་རྡོ་རྗེ་བསྣུངས་པ་དེ་གཉིས་སུ་བྱས་ཏེ། རོདྷ་ཁུ་ཆུར་གཉིས་སུ་བྱས་ལ། དོནྡ་ད་སཀྵྨཱི་དཀྱིལ་འཁོར་ལས། བསྒྱིངས་བཅུས་གསོར་བ་གཉིས་ཀ་ལས
་ལྕགས་ཀྱུ་འཛིན་ལྟར་གནས་པ་དང་ཞེས་བྱ་བ་ལ་སོགས་པ་ལས་ཀྱི་ཕྱག་རྒྱ་ཇི་སྐད་གསུངས་པའི་ཚུལ་དུ་ལས་ཀྱི་ཕྱག་རྒྱ་རྣམས་སྦྱར་བར་བྱའོ།། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས་རྡོ་རྗེ
་ཤེས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །། དང་པོ་ནི་ཕྱག་རྒྱ་ཆེན་པོའོ།། གཉིས་པ་ནི་དམ་ཚིག་གི་ཕྱག་རྒྱའོ།། གསུམ་པ་ནི་ཆོས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་གསུམ་གྱི་དཀྱིལ་འཁོར་བསྟན་ཟིན་ཏོ།། ཆོས་ཀྱི་དཀྱིལ་འཁོར
་དུ་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་མ་བསྟན་མོད་ཀྱི། འོན་ཀྱང་ཆོས་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་ཕྱག་རྒྱ་རྣམས་ཀྱི་དོན་བསྟན་པ་ཡིན་ནོ།། ད་ནི་ལས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས
་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། ཡུང་ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་ལ་བལྟོས་པའོ།། བདུད་བཞི་བཅོམ་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས
་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་དག་གི་གོང་ན་གཞན་མེད་པས་ན་བླ་ན་མེད་པའོ།། བླ་ན་མེད་པ་ཡང་ཡིན་ལ་མཆོད་པའི་ཆོ་ག་རྒྱས་པ་ཡང་ཡིན་པས་ན་བླ་ན་མེད་པའི་མཆོད་པའི་ཆོ་ག་རྒྱས་པའོ།། དེ
་ལ་ཆོ་ག་ནི་རྣམ་པའོ།། རྒྱས་པ་ནི་བྱེ་བྲག་རྣམས་སོ།། ཁྱབ་པ་ནི་སྤེལ་བའོ།། དེ་ཉིད་ནི་ལས་ཏེ། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པའོ།། དེ་ཉི་ཉི་མི་ཕྱེད་པས་རྡོ་ཛཱ་ཞེས་བྱ་སྟེ། དེ་བྱིན་གྱིས་བརླབ
་བའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་ལྡན་པའི་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ཏེ་མངོན་སུམ་དུ་མཛད་པའོ།། ཉིད་ཀྱི་རིགས་པའི་དམ་པ་ཡིན་པས་ན་རིགས
་པའི་མཆོག་སྟེ། མའི་ག་པ་འཇིག་པའི་རྒྱུ་རུ་གྱུར་པས་ན་རིག་པའོ།། གཞན་རྣམས་ལས་ཕུལ་དུ་བྱུང་བས་ན་མཆོག་གོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། སྨྲས་པ་ཞེས་བྱ་བ་ནི་བཀའ་སྩལ་ཏོ།། ཞེས་བྱ་བའི
་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ།། དོན་ཇི་ལྟར་གནས་པ་དེ་བཞིན་དུ་ཐུགས་སུ་ཆུད་ཅིང་སངས་རྒྱས་པས་ན་དེ་བཞིན་གཤེགས་པའོ།། ཐུགས་འཁྲུལ་པ་མེད་པ་མངའ་བས་ནི་གཡོ་བའོ།། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་སེམས་དབའ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའོ།། དེའི་དཀྱིལ་འཁོར་དུ་གཏོགས་པའི་བླ་ན་མེད་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ་སོགས
་པ་ནི་བཤད་ཟིན་ཏོ།། དེ་ནས་ཞེས་བྱ་བ་ཡང་བཤད་ཟིན་ཏོ།། ཡོན་ཏན་གྱི་རང་བཞིན་ཅན་གྱི་རིན་པོ་ཆེ་རྣམ་པ་སྣ་ཚོགས་འདི་ལས་འབྱུང་བས་ན་རིན་པོ་ཆེ་འབྱུང་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ།
་རྡོ་རྗེ་རིན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིན་པོ་ཆེའོ།། དེར་གཏོགས་པའི་མཆོད་པ་བླ་ན་མེད་པའི་ཆོ་ག་རྒྱས་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། ངེས་པའི་ཚིག་གི་ཚུལ་གྱིས་ན་ང
་ཁོ་ན་ཉིད་ཡང་དག་པ་ཇི་ལྟ་བ་བཞིན་དུ་གསུང་བར་མཛད་པས་ན་དེ་བཞིན་གཤེགས་པའོ།། ཚད་ནི་ཡོངས་སུ་ཆད་པའོ།། ཚད་ཡོད་པ་མ་ཡིན་པས་ཚད་མེང་བའོ།། ཚེ་ཚད་མེད་པ་མངའ་བས་ན་ཚང་མེད་པའོ།། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཆོས་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཆོས་སོ།། དེར་གཏོགས་པའི་དཀྱིལ་འཁོར་གྱི་མཆོད་པ་བླ་ན་མེད་པ་ལ་སོགས་པ་ནི་བཤད་ཟིན་ཏོ།། དོན་ཡོད་པའི་དངོས
་གྲུབ་མངའ་བས་ན་གདོན་མི་ཟ་བར་གྲུབ་པ་སྟེ། གདོན་མི་ཟ་བར་ནི་ངེས་པ་ཡིན་ལ། གྲུབ་པ་ནི་མངོན་པར་འདོད་པའི་དོན་གྲུབ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ལས་ཀྱང་ཡིན་པས་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་སོ།། དེར་གཏོགས་པའི་དཀྱིལ་འཁོར་གྱི་མཆོད་པ་བླ་ན་མེད་པ་ལ་སོགས་པ་ནི་བཻ་ཤྭད་ཟིན་ཏོ།། དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར་དང་། དེ་བཞིན་གཤེགས་པ་དགོད
་པར་བྱ་བའི་སྔགས་ལྔ་བསྟན་ཟིན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་བའི་ལྷ་རྣམས་བསྐྱེད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཡོང་ཏིང་ངེ་འཛིན་དེ་ལ་སྙོམས་པར་འཇུག
་པབར་མཛད་པ་སྟོན་ཏེ། ཡང་ཞེས་བྱ་བ་ན་སྔགས་སྔ་མ་ལ་བལྟོས་པའོ།། ཁྱད་པར་དུ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དེ་འབར་བའི་རྣམ་པར་སྣང་བར་མཛད་པས་ན་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་མཆོད་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ། མཆོད་པ་ནི་རྗེད་པ་སྟེ། གོས་དང་མེ་ཏོག་ལ་སོགས་པའོ།། ཆོ་གུ་ནི་རྣམ་པའོ།། རྒྱས་པ་ནི་ཕལ་མོ་ཆའོ།། དེ་ཚད་ཇི་ཙམ་དུ་ཆེ་བ་ཡིན་ཞེ་ན། ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པ་ཞེས་སྨོས་ཏེ།
་ནུམཁའི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པའོ།། ཁྱབ་པ་ཉིད་ནི་ལས་ཏེ། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེའི་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་གི་མཽང་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་དེ་ལ
་སྙོམས་པར་ཞུགས་ཏེ། མངོན་སུམ་དུ་མཛད་ནས་ཞུགས་སོ་ཞེས་བྱ་བའི་དོན་ཏོ།། སྙོམས་པར་ཞུགས་མོ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྗེས་ཐོགས་ལའོ།། དེ་ཉིད་ཀྱི་ཚེ་ཞེས་བྱ་བ་སྐད་ཅིག་མ་དེ་ཉིད་ཀྱི་ཚེ་ཞུས
་བྱི་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་བཞི་པོ་ལས་བཅོམ་ལྡན་འདས་ཕྱུག་ན་རྡོ་རྗེ་ཉིད་མཆོད་པའི་སྤྲིན་རྒྱ་མཚོའི་ལྷ་མོ་རྣམས་སུ་གྱུར་ནས། སངས་རྒྱས་ཀྱི་རྫུ་འཕྲུལ་དྲང་ཚེ
་འཕྲུལ་ཐམས་ཅད་བསྟན་ནས་བཞུགས་སོ་ཞེས་བྱ་བར་སྦྱར་རོ།། མཆོད་པའི་སྤྲིན་རྒྱ་མཚོའི་ལྷ་མོ་དེ་རྣམས། དེ་ཇི་ལྟ་བུ་ཞེ་ན། དེའི་ཕྱིར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བ་གསུངས་ཏེ། ཆེས་ཀྱི་དབྱིངས
་ཐམས་ཅད་ནི་སྟོང་པ་ཉིད་ཆེན་པོ་སྟེ། དེ་ཡང་ཐམས་ཅད་དུ་འགྲོ་བའོ།། དེའི་ཁྱབ་པ་ནི་ཁྱབ་པར་གྱུར་པའོ།། ད་ནི་ཁྱབ་པ་དེ་ཉིད་གསལ་བར་སྟོན་ཏེ། འདི་ནི་ན་མཁའི་དབྱིངས་ཐམས་ཅད་དུ་ཀུན་ནས་འཇུག་པ
་ཡིན་པས་ན་ན་མཁའི་དབྱིངས་ཀུན་ཏུ་རྒྱས་པ་སྟེ། རྒྱས་པ་ནི་ཁྱབ་པའོ།། རྣམ་པ་སྣ་ཚོགས་པའི་མཆོད་པ་ཐམས་ཅད་ཀྱིས་རྒྱན་གྱི་ཆོ་ག་རྒྱས་པ་ཡང་ཡིན་ཏེ། རྣམ་པ་སྣ་ཚོགས་པ་ནི་རྣམ་པ་དུ་མའོ།། མཆོད་པ་ནི་རྗེང་པའོ།། ཐམས
་ཅད་ནི་མ་ལུས་པའོ།། རྒྱན་ནི་ཕལ་མོ་ཆེའོ།། ཆོ་ག་རྒྱས་པ་ནི་བཀོད་པའི་རྣམ་པ་ཕལ་མོ་ཆེའོ།། རབ་འབྲུམ་ནི་རྒྱུན་ནོ།། དེ་དག་གི་སྤྲིན་ནི་ཚོགས་སོ།། དེ་དག་གི་རྒྱ་མཚོ་ནི་རྩིས་ཀྱི་གྲངས་ལས་འདས་པའི་གྲངས་ལ་རྒྱ་མཚེ་ཞེས་བྱ་བའི
་སྒྲསླར་བཤད་དོ།། དེ་ལྟ་བུའི་རྒྱ་མཚོ་རྣམས་སུ་གྱུར་ཏེ་བྱུང་ན་གང་དུ་གནས་ཤེ་ན། དེའི་ཕྱིར་འཇིག་རྟེན་གྱི་ཁམས་རབ་འབྱམ་གྱི་སྤྲིན་རྒྱ་མཚོ་རྣམས་སུ་ཞེས་གསུངས་ཏེ། འཇིག་རྟེན་གྱི་ཁམས་ན་གླིང་བཞི་པ་ལ་སོགས་པ་སྔར
་བཤད་པའོ།། འཇིག་རྟེན་གྱི་ཁམས་དེ་རྣམས་ཀྱི་རབ་འབྱམ་དང་། དེ་རྣམས་ཀྱི་སྤྲིན་དང་། དེ་རྣམས་ཀྱི་རྒྱ་མཆོད་རྣམས་སུ་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམ་རྒྱ་མཚོ་རྣམས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་གྱི
་དཀྱིལ་འཁོར་གང་ཡིན་པ་རྣམས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཛད་པའི་ཁྱད་པར་རྣམས་སྟོན་ཅིང་བཞུགས་སོ།། མཛད་པའི་ཁྱད་པར་དེ་དག་ཀྱང་གང་ཡིན་ཞེ་ན། དེ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐ
་ཅད་ཀྱི་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བླ་ན་མེད་པ་ཞེས་སྨོས་པས་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་ལས་དགར་བའོ།། བྱང་ཆུབ་ཀྱི་སེམས་ཆེན་པོ་ཞེས་སྨོས
་བས་ནི། བྱང་ཆུབ་ཀྱི་སེམས་ཡོངསུ་དག་པ་གཟུང་ངོ་།། དེ་ལྟར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས་མཆོད་པའི་སྤྲིན་གྱི་རྒྱ་མཚོའི་ལྷ་མོར་གྱུར་ནས་བཞུགས་སོ་ཞེས་བྱ་བ་སྔ་མ་བཞིན་དུ་སྦྱར་རོ།། འོག་ནས་བཤད་པའི་ཚིག་རྣམས་ལ་ཡང་བྱེད
་བའི་ཚིག་འདི་ཉིད་ལྟར་སྦྱར་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་མ་བྱས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་མཉེས་པར་བྱ་བ་ཉེ་བར་སྟོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས
་མཉེས་པར་བྱ་བ་ལ་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་སྒྲུབ་པ་ཉེ་བར་སྟོན་ཏོ།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པ་རྣམས་ལ་ནི་བྱང་ཆུབ་ཆེན་པོའི་སྙིང་པོར་ཉེ་བར་འགྲོ་བ་སྟོན་ཏོ།། བདུད་རྣམས་ཚར་མ་བཅད་པ་ལ་ནི་བདུད་ཐམས
་ཅད་འདུལ་བ་སྟོན་ཏོ།། མངོན་པར་རྫོགས་པར་བྱང་ཆུབ་པ་རྣམས་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་སྟོན་ཏོ།། དེ་ཡང་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ
་པར་བྱ་བ་ནི་བྱང་ཆུབ་པར་མངོན་པར་རྫོགས་པར་སངས་རྒྱས་པའི་དོན་ཏེ། དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་དང་མཚུངས་པར་གྱུར་པས་ན་མཉམ་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བའི་དོན་ཏོ།། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་པ་ནི་དཀྱིལ་འཁོར་མ་བསྐྱང་བ་རྣམས་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བསྐྱེད་པ་སྟོན་པའོ།། འཇིག་རྟེན་གསུམ་ལས་རྣམ་པར་མ་རྒྱལ་བ་རྣམས་ལ
་ནི་ཁམས་གསུམ་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱ་བ་སྟོན་ཏོ།། དམ་པའི་ཆོས་ཀྱི་འཁོར་ལོ་མ་བསྐོར་བ་རྣམས་ལ་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་སྟོན་པོ་སྟེ། འོངས་ནི་འགྲོ་བ་འདུལ་བའི་དཀྱིལ་འཁོར་སྟོན་པ་ཡིན་ནོ།། འཇིག་རྟེན
་གྱི་ཁམས་མ་ལུས་པ་རྣམསུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ཀྱི་དོན་བྱ་བ་ནི་དོན་གྲུབ་པ་སྟེ། འདིས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་སྟོན་ཏོ།། སོགས་པ་ཞེས་བྱ་བའི་སྒྲས་ནི་མཐོང་བའི་ཆོས་ཀྱི་ཉེས་དམིགས
་སེལ་བ་དང་། མངོན་པར་མཐོ་བའི་བདེ་བ་ལ་ཉེ་བར་སྦྱོར་བར་བྱེད་པ་ལ་སོགས་པ་སྟོན་ཏོ།། དེ་ལྟ་བུ་ནི་སངས་རྒྱས་རྣམས་ཀྱི་རྫུ་འཕྲུལ་ཡིན་པས་ན་སངས་རྒྱས་ཀྱི་རྫུ་འཕྲུལ་ལོ།། ཆོ་འཕྲུལ་ནི་མཐུ་སྟོན་པ་སྟེ་འོད་ཟེར་འགྱེད་པ་ལ
་སོགས་པའོ།། སངས་རྒྱས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སངས་རྒྱས་ཀྱི་རྫུ་འཕྲུལ་ཐམས་ཅད་དེ། དེ་དག་ཐམས་ཅད་བསྟན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཉིད་དེ་བཞིན་གཤེགས་པ་ཐམས
་ཅད་ཀྱི་ཐུགས་ཀ་ནས་ཕྱུང་སྟེ་ལས་ཀྱི་དཀྱིལ་འཁོར་དུ་མཆོད་པའི་ལྷ་མོ་རྣམསུ་གྱུར་ཅིང་བཞུགས་སོ།། མཆོད་པའི་སྤྲིན་རྒྱ་མཚོའི་ལྷ་མོ་དེ་དག་ཀྱང་ཞེས་བྱ་བ་ནི་མཆོད་པའི་སྤྲིན་གྱི་རྒྱ་མཚོའི་ལྷ་མོ་ཡིན་པས་མཆོད་པའི་སྤྲིན་རྒྱ
་མཚོའི་ལྷ་མོའོ།། རང་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་འཛིན་ཅིང་ཞེས་བྱ་བ་ལ། རང་གི་ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པ་སྟེ། ལག་པ་གཉིས་ཀྱི་འཛིན་ཅིང་གང་ཡིན་པ་དེ་ནི་རང་གི་ཕྱག་རྒྱ་ལག་པ་གཉིས་ཀྱིས་འཛིན་པའོ།། དེ་བཞིན་གཤེགས
་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། ཆོ་ག་བཞིན་ཞེས་བྱ་བ་ནི་སྔགས་དང་ཕྱག་རྒྱ་དང་རོལ་མོ་དང་མེ་ཏོག་ལ་སོགས་པ་ཉེ་བར་བསྡུ་བ་ནི་ཚི་ག་སྟེ། མཆོད་པའི་བྱ་བ་གང་ལ་ཡོད་པ་དེ་ནི་ཆོ་ག་བཞིན་དུ
་མཆོད་པ་ཞེས་བྱའོ།། དེ་ཡང་ལེགས་པར་མཆོད་པས་ན་ཡང་དག་པར་མཆོད་པའོ།། ཨོཾ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་ཞེ་ན། གང་གི་ཕྱིར་སངས་རྒྱས་མཆོད་པ་བདག་ཅེས་བྱ་བའོ།། ཇི་ལྟ་བུའི་སངས་རྒྱས
་ཀྱི་མཆོད་པ་ཡིན་ཞེ་ན། དེའི་ཕྱིར་མཆོད་པ་ཀུན་ནི་བྱེད་པ་ཡིན་ཞེས་བྱ་བ་གསུངས་སོ།། སངས་རྒྱས་ཀྱི་མཆོད་པ་དེ་ཡང་གང་ཞིག་ཡིན་ཞེ་ན། ཇི་སྐད་གསུངས་པའི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་མཆོད་པ་དང་། ཕྱིའི་ཡོ་བྱད་ཀྱི
་མཆོད་པ་རྣམས་སོ།། གལ་ཏེ་ཁྱོད་དེ་ལྟ་བུའི་སངས་རྒྱས་ཀྱི་མཆོད་པ་ཡོད་པ་ཡིན་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར་གང་ཕྱིར་སངས་རྒྱས་བྱིན་ཅན་དུ།། སོངས་རྒྱས་ཀུན་གྱིས་གྲུབ་པར་མཛད་ཅེས་གསུངས་སོ།། འདི་སྐད
་ཅེས་སྟོན་ཏེ། ངས་མཆོད་ན་སངས་རྒྱས་པའི་མཚན་ཉིད་ཆེ་བ་ཉིད་ཀྱང་སངས་རྒྱས་ཐམས་ཅད་ཀྱིས་གསོལ་བར་མཛད་དེ། འདི་ནི་ངོ་མཚར་ཆེའོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་མཆོད་པའི་ལྷ་མོ་རྣམས་བསྐྱེད་ནས། ད་ནི་དེ་ནས
་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་སྟོན་པར་མཛད་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལའོ།། ཡང་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་ལས་བལྟོས་པའོ།། ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ།། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་མཆོད་པ་ལ་སོགས་པའི་ལས་ཞེས་བྱ་བ་ལ། མཆོད་པ་ནི་རྗེད་པ་སྟེ། མེ་ཏོག་ལ་སོགས་པའོ།། སོགས་ཞེས་སྨོས་པས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལྀ་སོགས་པ་གཟུང་ངོ་།། ལས་ཞེས་བྱ་བ་ནི་ནཱན
་ཏན་ཏུ་སྒྲུབ་པའོ།། རྡོ་རྗེ་རྣམས་ཀྱི་བྱ་བ་ཡིན་པས་རྡོ་རྗེའི་བྱ་བ་སྟེ། མིང་རྡོ་རྗེའི་བྱ་བ་ཞེས་བྱ་བའི་དཀྱིལ་འཁོར་དེ་བཤད་པའོ།། ལས་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་ལས་ཀྱི
་དཀྱིལ་འཁོར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རབ་ཏུ་དགའ་བ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་དགའ་བ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་དོན་ཏོ།། དེའི་ཡིད་དུ་འོང་བ་གང་ཡིན་པ་དེ་ནི
་རབ་ཏུ་དགའ་ཞིང་བདེ་མའོ།། དེ་སྐུ་གང་གིས་སྟོན་པར་བྱེད་པ་དེ་ལ་ཡང་དེ་སྐད་ཅེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དྲི་རྣམས་ཀྱི་མཆོད་པ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས
་ཆོད་པ་སྟེ། མཆོད་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་མཆོད་པ་ཆེན་པོའོ།། ཆོས་ཀྱི་རྒྱལ་པོ་བླ་ན་མེད་པའི་དབང་སྩོལ་ཅིང་། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པའི་རྒྱུ་ཉིད་ཀྱིས་དོན་ཆེན་པོ་མཛད་པས་ན་དབང་མོ་ཆེན
་བེའོ།། གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་མི་ཤེས་པའི་མུན་ནག་གསལ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་འོད་ཀྱི་དཀྱིལ་འཁོར་གྱིས་སྣང་བའི་མཛད་པས་ན་རྡོ་རྗེ་ཉི་མ་ནི་སྣང་བ་ཆེན་པོའོ།། སློངས་མོ་པའི་སྐྱེ་བོ་ཐམས་ཅད་ཀྱི་བསམ་པ་ཐམས
་ཅད་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར། རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱ་ནི་རིན་པོ་ཆེ་ཆེན་པོའི་ཆར་འབེབས་མའོ།། གདུལ་བྱའི་སྐྱེ་བོ་རྣམས་ཀྱི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་སེལ་བར་བྱེད་པའི་དོན་གྱིས་ན་རྡོ་རྗེ་བཞད་པ་ནཱི་རབ
་ཏུ་དགའ་ཞིང་མགུ་མའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཏེ། དེ་རྣམས་ཀྱི་མཆོད་པ་དབང་བསྐུར་བའི་མཚན་ཉིད་ཅན་ནི་དབང་བསྐུར་བའི་མཆོད་པའོ།། ཡེ་ཤེས་ཀྱང་ཡིན་ལ་ཆེན
་པོ་ཡང་ཡིན་པས་ཡེ་ཤེས་ཆེན་མོའོ།། དེའི་དོན་གྱི་གྲུབ་པས་ན་ཡེ་ཤེས་ཆེན་མོའི་གླུའོ།། དབྱངས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་དབྱངས་ཆེན་མོ་སྟེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཕྱོགས་བཅུར་ཁྱབ་པ་དེའི་རྗེས་སུ་འཇུག
་པའི་ཤེས་རབ་གང་ཡིན་པ་དེ་ནི་དབྱངས་ཆེན་མོའི་རྗེས་སུ་འབྲང་མའོ།། ཇི་ལྟར་རྗེ་སུ་འབྲང་ཞེ་ན། ཉེ་བར་བཏགས་པའི་སྒོ་ནས་ཏེ། འདིའི་ངོ་བོ་ཉིད་གང་ཡིན་ཞེས་རྣམ་པར་བརྟགས་ན་སྒྲའི་ངོ་བོ་ཉིད་དམིགསུ་མེད་དེ། ངག་དང་ཚིག
་དང་ཡི་གེའི་ཆ་ཤེས་རབ་ཀྱི་ཕྲ་རབ་ཀྱི་བར་དུ་སྒྲ་ལ་ཉེ་བར་བརྟགས་ན་དེའི་རང་བཞིན་དམིགས་སུ་མེད་དོ།། སྦ་བའི་ཕྱོགས་དང་ཉན་པའི་ཕྱོགས་ལ་ཡང་དེའི་གནས་དམིགས་སུ་མེད་དོ།། ཚིག་དང་དོན་རེ་རེ་ནས་རྣམ་པར་བརྟགས
་ན་སྤྱི་ཡང་དོན་དམ་པར་དམིགས་སུ་མེད་དོ།། དེ་དེ་ལྟར་ཉེ་བར་བརྟགས་ན་འདི་ལྟར་འགྱུར་ཏེ། འདི་ནི་རྣམ་པར་རྟོག་པ་ཙམ་ལས་བྱུང་བ་ཡིན་པས་ན་ཇི་སྲིད་དུ་རྣམ་པར་རྟོག་པར་འགྲོ་བ་དེ་སྲིད་དུ་དབྱངས་ཀྱི་ཁྱབ་པར
་འགྱུར་རོ།། དེ་བས་ན་དེ་ལྟར་ཤེས་ནས་འཇིག་རྟེན་གྱི་ཁམས་གཅིག་ཉིད་ན་བཞུགས་པའི་སངས་རྒྱས་རྣམས་ཀྱིས་དབྱངས་ཀྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་ཁྱབ་པར་བྱེད་པ་དང་འཇིག་རྟེན་གྱི་ཁམས་མཐའ
་ཡས་ནས་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་དབྱིངས་འཇིག་རྟེན་གྱི་ཁམས་གཅིག་ན་གནས་པ་ཉིད་ན་ཅིག་ཅར་ཐོས་པར་འགྱུར་ཏེ། དེ་ལྟ་བུ་ནི་དབྱངས་ཀྱི་རྗེསུ་འབྲང་བའི་ཡེ་ཤེས་རབ་ཡིན་ནོ།། དེ་སྟོན་པར་བྱེད་པའི་རིགས་པ་གང་གིས
་བ་དེ་ལ་ཡང་དབྱངས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ།། རིག་པ་གང་གིས་ཕྱག་རྒྱ་བཅིངས་ནས་བརྗོད་ལ། བརྗོད་ནས་ཀྱང་དཀྱིལ་འཁོར་ཐམས་ཅད་དུ་འཇུག་པར་འགྱུར་བ་གང་ཡིན་པ་དེ་ནི་དཀྱིལ་འཁོར་ཐམས་ཅད་དུ་འཇུག་མའོ།། སྔགས
་རྣམས་ཀྱི་སྤྱོད་པ་ཡིན་པས་ན་སྔགས་ཀྱི་སྤྱོད་པ་སྟེ། དེ་སྟོན་པར་བྱེད་པའི་རིག་པ་གང་ཡིན་པ་དེ་ལ་ཡང་སྔགས་ཀྱི་སྤྱོད་མ་ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་འབྲེལ་པའི་ཆོས་ཀྱི་དཀྱིལ་འཁོར་ཡིན་པའི་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་མཆོང་པའོ།། སེམས་དཔའི་འབེབས་པ་དང་ལྡན་པས་ན་སེམས་ཅན་ནོ།། བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གི་རང་བཞིན་ཡིན་པས་ན་བྱང་ཆུབ་ཆེན་པོའི་ཡན་ལག་ཅན་ནོ།། སྣང་བའི
་ཉིད་ཀྱིས་མིག་ལ་ཕན་འདོགས་པའི་སྤྱན་འདི་ལ་མངའ་བས་ན་མིག་ལྡན་མའོ།། བླ་ན་མེད་པའི་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པས་ན་དྲི་ལྡན་མའོ།། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་གྱི་མཆོད་པ་ཡིན
་པས་ན་ལས་ཀྱི་མཆོད་པའོ།། དེ་ནས་འདིར་ཞེས་བྱ་བ་ནི་རིག་མ་སྟོན་པར་བྱེད་པའི་སྐབས་སྟོན་ཏོ།། མ་ལུས་ཤིང་ལུས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་མ་ལུས་རྣམས་ཀྱི་དེ་བཞིན་གཤེགས་པ་ལུས་པ་མེད་པ་ཐམས
་ཅད་ལ་མཆོད་པ་བྱེད་པ་སྟེ། ལུས་པ་མེད་པ་ཞེས་བྱ་བ་ནི། ལྷག་མཱ་མེད་པ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་བྱ་བ་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་བྱ་བ་ཡིན་པས་ན་རྡོ་རྗེའི་བྱ་བ་སྟེ། རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་རྣམས
་ཀྱི་བྱ་བ་ནི་མཆོད་པའི་ལས་ཏེ། དེ་རྣམས་ཀྱིས་མཛོད་པ་ཡིན་པའི་ཕྱིར་དང་། དེ་ལ་དམིགས་ནས་བྱ་བ་ཡིན་པའི་ཕྱིར་སྟེ། བྱ་བ་དེའི་ལས་ཀྱི་དཀྱིལ་འཁོར་བཤད་པའོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། ལས་ཀྱི་དཀྱིལ་འཁོར
་ང་བ་མེད་པར་ནི་མཐད་པའི་ལས་རྣམ་པར་དག་པར་མི་འགྱུར་རོ།། དེ་བས་རབ་ཏུ་བཤང་བྱ་བ་ཞེས་བྱ་བ་སྟེ། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པས་ན་རབ་ཏུ་བཤང་བྱ་བའོ།། ལས་ཀྱི་དཀྱིལ་འཁོར་དམ་པ་སྟེ་ཞེས་བྱ་བ་ནི་མཆོད
་དཔའ་བའི་ལས་ཀྱི་རྒྱུའི་དཀྱིལ་འཁོར་ཡིན་པས་ན་ལས་ཀྱི་དཀྱིལ་འཁོར་རོ།། དམ་པ་སྟེ་ཞེས་བྱ་བ་ནི་ཡོངས་སུ་དག་པ་ཡིན་པས་ན་མཆོག་ཏུ་གྱུར་པའོ།། ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་ནི
་བཤད་ཟིན་ནོ།། དེ་དང་འདྲ་བ་ནི་དེ་དང་མཚུངས་པའོ།། མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། རྡོ་རྗེའི་བྱ་བ་ཞེས་ཀྱང་གྲགས་ཞེས་བྱ་བ་སྟེ། རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ཞེས་བྱ་བའི་དོན་ཏོ།། དེ་ཇི་ལྟར་བཞག་པར་བྱ་ཞེ་ན། དེའི་ཕྱིར་དཀྱིལ
་འཁོར་ཆེན་པོའི་ཚུལ་དུ་ནི། སངས་རྒྱས་སྐུ་རྣམས་བཞག་པར་བྱ་སྟེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་སངས་རྒྱས་ལྔའི་གཟུགས་བྲིས་པ་དེ་བཞིན་དུ་འདིར་ཡང་སངས་རྒྱས་ལྔ་བྲི་བར་བྱའོ།། ལྷ་ལྷག་མ་རྣམས་ཇི་ལྟར་བྲི་བར
་བྱ་ཞེ་ན། རྡོ་རྗེ་སེམས་ལ་སོགས་ཚུལ་དུ། ལྷ་མོ་ཕྱག་རྒྱ་བཅས་པར་བྲི་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་དུ་སྐུ་མདོག་དང་། གདན་དང་ན་བཟའ་དང་། རྒྱན་ལ་སོགས་པར་བྲི་བའོ།། ཕྱག་རྒྱ་རྣམས་དང
་བཅས་པའི་ལྷ་མོ་ཡིན་པས་ན་ལྷ་མོ་ཕྱག་རྒྱ་བཅས་པ་སྟེ། ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པའོ།། འདི་སྐད་སྟོན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས་གང་དང་གང་ཡིན་པ་དེ་དང་དེ་དག་ཏུ་མཆོད་པའི་ལྷ་མོ་རྣམས་རྡོ་རྗེ
་སེལ་པ་ལ་སོགས་པའི་རྣམ་པ་དང་། དེའི་ཕྱག་རྒྱ་འཛིན་པར་བྲི་བར་བྱའོ།། འདི་ནི་མཆོད་པའི་དཀྱིལ་འཁོར་ཡིན་པས་ན་དེའི་ཕྱིར་སེམས་དཔའ་ཆེན་པོ་དེ་རྣམས་མཆོད་པའི་ལྷ་མོའི་ཚུལ་དུ་བཞུགས་ཏེ། དཀྱིལ་འཁོར་དང་པ
་རྗེ་སེམས་དཔའ་ལ་སོགས་པ་ནི་སྒེག་མེ་ལ་སོགས་པའི་གཟུགས་སུའོ།། ཐ་མར་རྡོ་རྗེ་ལས་ལ་སོགས་པ་ནི་བདུག་པ་མ་ལ་སོགས་པའི་གཟུགས་སུའོ།། རིམ་པོ་ཆེའི་རིགས་སུ་རྡོ་རྗེ་རིམཆེན་ལ་སོགས་པ་ནི་ཚོགས་ཀྱི་མཚང
་བབ་རྣམ་པ་བཞིའི་གཟུགས་སུའོ།། ཆོས་ཀྱི་རིགས་སུ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་ནི་ཆོས་ཀྱི་མཆོད་པ་བཞིའི་གཟུགས་སུའོ།། གང་འདིར་མཆོད་པའི་ལྷ་མོ་རྣམས་འབྱུང་བ་དེར་ཡང་བྲི་བར་བྱའོ།། དེ་བཞིན་དུ་སྒོ་སྲུངས་རྣམས
་ཀྱང་བདུད་མེད་ཀྱི་གཟུགས་ཉིད་དུ་བྲི་བར་བྱའོ།། བཞག་པའི་སྔགས་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་གསུངས་པ་ཉིད་ཡིན་ནོ།། དེ་ལྟར་བྲི་བའི་ཆོ་ག་དེ་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཆོ་ག་སྟོན་ཏེ། དེ་ནས་བྱ་བ་ནི་རྗེས
་ཐོགས་ལྔའོ།། དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་དང་། བཤོས་ལ་སོག་ཧཱུཾ་མཆོད་འི་ཆོ་ག་རྒྱས་པ་ནི་ལས་ཀྱི་དཀྱིལ་འཁོར་རྡོ་རྗེའི་བྱ་བ་འདིར་འཇུག་པ་ལ་སོགསོ་བའི་ཆོ་ག་རྒྱས་པར་བཤད་དེ། འཇུག་པ་ལ་སོགས་པའི་ཆོ་ག
་རྒྱས་པ་ཡིན་པས་ན་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པའོ།། སོགས་པ་སྨོས་པས་ནཱི་མནའི་སྙིང་པོ་སྦྱིན་པ་དང་། དབབ་པ་དང་། དབང་བསྒྱུར་བ་ལ་སོགས་པ་བསྡུའོ།། འཇུག་པ་ལ་སོགས་པའི་ཆོ་ག་དེ་ཡང་རྡོ་རྗེ་དབྱིངས་ཀྱི
་དཀྱིལ་འཁོར་ལས་གསུངས་པའི་འཇུག་པ་ལ་སོགས་པའི་ཆོ་ག་དང་ཐ་དད་པ་མ་ཡིན་པས་ན། དེ་ལི་སྙིགས་པའི་ཕྱིར་དེ་ལ་དང་པོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚུལ་གྱིས་འཇུག་པར་བྱ་སྟེ། ཞེས་གསུངས་པ་ཡིན
་ནོ།། དེ་ལྟར་བཅུག་ནས་ཅི་ཞིག་བྱ་ཞེ་ན། དེའི་ཕྱིར་བཅུག་ནས་ཀྱང་འདི་སྐད་དུ་ཞེས་བྱ་བ་གསུངས་སོ།། ཅི་ཞིག་བསྒོམ་ཞེ་མ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དམ་ཚིག་ཡོན་གྱིས་ཞེས་བྱ་བ་གསུངས
་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་མཆོད་པ་གང་ཡིན་པ་དེ་ནི་དམ་ཚིག་གི་དཀྱིལ་འཁོར་འདི་ཡིན་ནོ།། གལ་ཏེ་འདི་མཆོད་པའི་དམ་ཚིག་ཡིན་ནུ་ཇི་ཞིག་བྱ་ཞེ་ན། དོའི་ཕྱིར་དམ་ཚིག་བསྲུ
་ན་མཆོད་པ་བཅུ་དྲུག་པོ་འདི་རྣམས་ཁྱོད་ཀྱིས་ཉིན་རེ་ཞིང་རྒྱུན་མི་འཆད་པར་བྱའོ།། ཅི་ནུས་སུ་ཞེས་བྱ་བ་ནི་འབྱོར་པ་ཡོད་ན་ཕྱིའི་མེ་ཏོག་ལ་སོགས་པས་མཆོད་པ་འམ། བསྒོམ་པ་གོམས་པར་གྱུར་ན་ཡིད་ཀྱི་མཆོད་པ་རྣམ
་པ་སྣ་ཚོགས་པ་རྣམས་ཀྱིས་ན་མཁའི་ངོས་དང་ཕྱོགས་དང་ཡུལ་དང་། གྲོང་དང་། བཙུག་ལག་ཁང་དང་གནས་ཁང་ལ་སོགས་པར་ཅི་ནུས་སུ་གང་བར་བྱའོ།། ཞེས་པའི་དོན་ཏོ།། དེ་ལྟར་དམ་ཚིག་བྱོན་ནས་གདོང་གཡོགས
་དགྲོལ་བར་བྱའོ།། དེ་ནས་ཕྱག་རྒྱ་ཇི་ལྟར་བྲིས་པ་རྣམས་རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ཏེ། དེ་བཞིན་གཤེགས་པ་ལ་ཐུག་གྲི་བར་དུ་རིམ་གྱིས་བསྟན་པར་བྱ་བ་དང་། ཇི་སྐད་གསུངས་པའི་ཚུལ་གྱིས་དབང་བསྐུར་བར་བྱའོ།། དེ་ནས་ཐམས་ཅད་ཀྱི་མཚན
་མ་ལག་པ་གཉིས་སུ་སྦྱིན་ནོ་ཞེས་བྱ་བ་སྟེ། ཐམས་ཅད་ཅེས་སྨོས་པས་ནི་ལས་ཀྱི་དཀྱིལ་འཁོར་བྱ་སྟེ། དེའི་མཚན་མ་ནི་ལས་ཀྱི་རྡོ་རྗེ་ཁ་བཞི་པ་ཡིན་པས་དེ་ཉིད་ཀྱིས་དབང་བསྐུར་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། དབང་བསྐུར་བའི་ཕན་ཡོན་བསྟན
་པ་ནི་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་ན་གཞན་གྱིས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའོ།། འདི་སྐད་སྟོན་ཏེ། མཆོད་པ་རྣམས་པ་བཅུ་དྲུག་ཉིན་རེ་ཞིང་བྱོང་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ་དང་།
་གཞན་ཐམས་ཅད་ཀྱིས་ཀྱང་མཆོད་པར་འགྱུར་བའོ།། མཆོད་པ་བཅུ་དྲུག་པོ་འདི་རྣམས་ཁྱོད་ཀྱིས་ཉིན་རེ་ཞིང་ཅི་ནུས་སུ་གྱིས་ཤིག་ཅེས་ནི་གསུངས་ན། གང་གིས་ཇི་ལྟར་བྱ་བ་མི་ཤེས་པས་དེའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པས་དེ་སྟོན
་ཏྲོ་དེ་ནས་བྱང་ཆུབ་ཆེན་པོའི་སེམས་བསྒྲུབ་པའི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ལ། བྱང་ཆུབ་ཆེན་པོ་ཞེས་བྱ་བའི་ཆེན་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ལས་བལྟོས་པ་ཡིན་ནོ།། དེའི་སེམས
་ཡིན་པས་ནི་བྱང་ཆུབ་ཆེན་པོའི་སེམས་ཏེ། དེ་བསྒྲུབ་པར་མཆོད་པའོ།། དེའི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་བསླབ་པར་བྱ་བའོ།། དེ་ཇི་ལྟར་བསླབ་པར་བྱ་ཞེ་ན། དེའི་ཕྱིར། བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས།། བདག་ནི་སངས་རྒྱས་ཡིན་བསམ
་ཞིང་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔས་ན་བྱང་ཆུབ་སེམས་སོ།། དྲི་བསྟན་བསྐྱེད་པ་ནི་མཆོག་ཏུ་དད་པས་ཤིན་ཏུ་འདོད་པ་དང་བསྐྱེད་པ་གང་ཡིན་པའོ།། དེ་ལྟར་བརྟན་པར་བསྐྱེད་པ་དེ་ལས་སངས་རྒྱས་ཉིད་ལག་མཐིལ་ན་གནས་པ
་ཙམ་དུ་སེམས་ཤིང་། བདག་ནི་སངས་རྒྱས་ཉིད་ཡིན་ནོ།། ཞེས་བསྒོམ་སྟེ། གང་གི་ཕྱིར་བྱང་ཆུབ་ཀྱི་སེམས་རྣམ་པར་དག་པ་དེ་ཉིད་ལྔ་སངས་རྒྱ་སུ་འགྱུར་ཏེ། དེའི་ཕྱིར་རྣལ་འབྱོར་པས་བདག་ནི་སངས་རྒྱས་ཡིན་ནོ་ཞེས་བསམ་པར་བྱའོ།། ཅི་ཞིག
་བྱས་པས་ཞེ་ན། དགའ་བས་བདག་ནི་མཆོད་བྱེད་ན་ཞེས་བྱ་བ་སྟེ། དགའ་བ་ནི་ཡོད་དགའ་བའོ།། གང་ལ་ཞེ་ན། བྱང་ཆུབ་ཀྱི་སེམས་དེ་ཉིད་ལའོ།། དགའ་བ་དེས་མཆོད་པ་ནི་ཚིམ་པར་བྱ་བ་སྟེ་བསྟན་པར་བྱ་བའོ།། མཆོད་པ་དེས་བདོག་ཉིད་ཇི་ལྟར
་འགྱུར་ཞེ་ན། སངས་རྒྱས་ཀྱི་ནི་བདེ་བའང་འཐོབ་ཅེས་བྱ་བ་གསུངས་སོ།། འདི་སྐད་སྟོན་ཏེ། བདག་ཉིད་སངས་རྒྱས་སུ་བསྒོམས་མ། རིམ་གྱིས་སངས་རྒྱས་ཀྱི་བདེ་བ་ཉིད་ཀྱང་འཐོབ་པར་འགྱུར་བའོ།། དེ་ལྟར་རྡོ་རྗེ་སེམས་དཔའི
་གནས་ཀྱི་མཆོད་པ་བསྟན་ནས། ད་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་མཆོད་པ་སྟོན་ཏེ། བྱང་ཆུབ་སེམས་ནི་བརྟན་བསྐྱེད་པས་ཞེས་བྱ་བ་ནི་བཤད་ཟིན་ཏོ།། བདག་ནི་སངས་རྒྱས་ཡིན་བསམ་ཞིང་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ།། ཕྲེང་བ་ལ་སོགས་ཞེས
་བྱ་བ་ལ། ཕྲེང་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབུ་རྒྱན་གྱི་རིན་པོ་ཆེའི་ཕྲེང་བའོ།། སོགས་པ་ཞེས་སྨོས་པས་ན་གདུ་བ་དང་དཔུང་རྒྱན་ལ་སོགས་པའི་རྒྱན་རྣམས་བསྡུའོ།། རབ་མཆོང་བས་ཞེས་བྱ་བ་ནི་མཆོད་པའི་མཆོག་དང
་ལྗོན་པའི་མཆོད་པ་རྣམས་ཀྱིས་མཆོད་པས་སོ།། མཆོད་ན་ཞེས་བྱ་བ་ནི་ཡང་དག་པར་མཆོད་ན་དེ་ལ་དབང་བསྐུར་བར་འགྱུར་བའོ།། སུ་ལཱ་ཞེ་ན། བདག་ཉིད་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དབང་བསྐུར་བར
་འགྱུར་བའོ།། ད་ནི་རྡོ་རྗེ་ཆགས་པའི་གནས་ཀྱི་མཆོད་པ་སྟོན་ཏེ། བྱང་ཆུབ་སེམས་ནི་བསྟུན་བསྐྱང་བས་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། སྙན་པའི་གླུ་ཡིས་རབ་མཆོད་པས་ཞེས་བྱ་བ་ལ་གླུ་ལས་བདེ་བ་འབྱུང་བ་ནི་སྙན་པའི་གླུ
་སྟེ། གླུས་ཚིགས་སུ་བཅད་པ་འདོན་པས་དམ་པའི་ཆོས་སྨྲ་བ་ལས་ཡིད་བདེ་བ་གང་ཞིག་སྐྱོ་བ་དེ་ནི་སྙན་པོའི་གླུའོ།། གང་ཞིག་གླུ་དང་གར་ལ་སོགས་པ་ལས་ལྡོགས་པའི་བསླབ་པ་བླངས་ཀྱང་རང་བཞིན་གྱིས་གླུ་གར་ལ་སོགས
་བ་ལ་ཡང་དགའ་བ་ཞིག་ཡིན་ན། དེ་ཤ་ཊ་བ་ལ་སོགས་པའི་གླུ་བླངས་པ་ལས་གང་ཡིད་བདེ་བ་སྐྱེ་བ་དེ་ཡང་སྙན་པའི་གླུ་ཞེས་བྱ་བའོ།། སྙན་པའི་གླུའི་རྣམ་པ་དེས་བདག་མཆོད་པ་སྟེ། བདག་ཅེས་བྱ་བ་ནི་རང་གི་སེམས་སོ།། དེ་ནི
་མགུ་བར་འགྱུར་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་འཁོར་བར་དགའ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། བྱང་ཆུབ་སེམས་ནི་བརྟན་བསྐྱོད་པས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བརྟན་པོ་ཉིད་དུ་བསྐྱེད་པ་སྟེ། སྐྱེ་བ
་གཞན་རྣམས་སུ་གནས་གཞན་གྱིས་བསྐལ་ཏུ་ཟིན་ཀྱང་། གང་ཉམས་པར་མི་འགྱུར་བའོ།། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་བརྟན་པ་བསྐྱེད་ནས། བདག་ནི་སངས་རྒྱས་ཡིན་བསམ་ཞིང་ཞེས་བྱ་བ་སྟེ། རྒྱུ་མ་ཚང་པོ་མེད་པ་ཡང་དག
་པར་ཡོད་ཅིང་འབྲས་བུ་ལ་ཐེ་ཙོམ་མི་ཟ་བས། སངས་རྒྱས་ནི་བདག་ཉིད་ཡིན་པར་ང་རྒྱལ་བསྐྱེད་དེ། གོར་ལ་སོགས་པ་ལ་མངོན་པར་དགའ་བར་གྱུར་ན། དེ་ལས་ལྡོག་པའི་བསླབ་པའི་གཞི་བློངས་སུ་ཟིན་ཀྱང་། གླར་ལ་མངོན་པར
་དགའ་བའི་སེམས་ཅན་རྣམས་སྨིན་པར་བྱ་བའི་ཕྱིར། གར་བྱེད་ཅིང་དེས་བདག་ཉིད་ལ་མཆོད་ལ། གར་ལས་བྱུང་བའི་ཡིད་བདེ་བས་མཆོད་ཅིང་། བདག་ཅེས་བྱ་བ་རང་གི་སེམས་བདེ་བར་གྱུར་ན་སངས་རྒྱས་ཀྱིས་ཀྱང་དེ་མཆོད
་པར་འགྱུར་ཞེས་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པ་དང་། སེམས་ཅན་ཡོངསུ་སྨིན་པར་བྱ་བའི་ཐབས་ཉམས་སུ་ལེན་པ་ཡིན་པའི་ཕྱིར་རོ།། འདི་ནི་བའི་ཆར་ཡང་བྱང་ཆུབ་ཀྱི་སེམས་ཀྱི་མཆོང་བ་སྟེ། ཅི་ནས་ཀྱང་བྱང་ཆུབ་ཀྱི
་སེམས་བརྟན་པར་འགྱུར་བ་དང་། མངོན་པར་འགྱུར་བ་དང་། རྣམ་པར་དྲག་པར་འགྱུར་བ་དང་། སེམས་ཅན་རྣམས་ཡོངས་སུ་སྦྱིན་པར་བྱེད་ཅིང་། འཁོར་བ་ཡོངས་སུ་གཏོང་བར་མི་བྱེད་པ་ཡིན་ནོ།། ད་ནི་བྱང་ཆུབ་ཏུ
་སྙེམས་བརྟན་པར་བྱས་པས་ཚོགས་ཡོངས་སུ་རྫོགས་པར་བྱ་བའི་ཐབས་སུ་འགྱུར་བའི་མཆོད་པ་ནི། དེ་ནས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ།། ཞེས་བྱ་བ་ལ་སོགས་པ་བསྟན་ཏོ།། སངས་རྒྱས་ཀྱང
་སྤྲིན་ལ་ཐམས་ཅད་ཀྱང་ཡིན་པས་སངས་རྒྱས་ཐམས་ཅད་དོ།། དེའི་མཆོད་པ་དང་དེའི་ཕྱག་རྒྱ་དང་དེའི་ཡེ་ཤེས་ཡིན་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱག་རྒྱུའི་ཡེ་ཤེས་ཏེ། དེ་བསླབ་པར་བྱའོ་ཞེས་པའི་ལུས་དང་ངག་དང
་སེམས་ནི་ལུས་དང་ངག་དང་སེམས་སོ།། དེ་དག་ཉིད་ནི་བརྟན་པའི་ཕྱིར་རྡོ་རྗེ་ཡིན་པས་ན་ལུས་དང་ངག་དང་སེམས་རྡོ་རྗེའོ།། འདི་རྣམས་ཉིད་མཆོག་ཏུ་དད་པས་ངོ་བོ་ཉིད་ཐམས་ཅད་འབུལ་བ.རོ་བྱེད་པས་ནཱ་མཆོག་གོ།། ལུས་དང
་ངག་དང་སེམས་རྡོ་རྗེའི་མཆོག་དེའི་ཚུལ་གྱིས་ཕྱག་འཚལ་ཞིང་ནས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱ་བའི་མཆོད་པ་བྱས་ན། རྟག་ཏུ་སྟེ་གཅིག་ཏུ་འགྲོ་བ་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་འགྱུར་རོ།། དེ་ལྟར
་ཕྱག་བྱ་བའི་མཆོད་པས་དེ་བཞིན་གཤེགས་པ་རྣམས་ལ་ཡང་དག་པོར་མཆིད་ནས། ད་ནི་རྗེསུ་ཡི་རང་བའི་མཆེད་པོ་སྟོན་ཏོ།། ཇི་ལྟ་ནི་མདོར་ཕྱིར་སངས་རྒྱས་ཐམས་ཅད་བསོད་ནམས་ཆེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ས
་རྒྱས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་སངས་རྒྱས་ཐམས་ཅད་དོ།། སངས་རྒྱས་ཐམས་ཅད་ཀྱི་བསོད་ནམས་ཆེ་ཞེས་བྱ་བ་ནི་བསོད་ནམས་ཀྱང་ཡིན་ལ་ཆེ་བ་ཡང་ཡིན་པས་བསོད་ནམས་ཆེའོ།། དེ་ལྟར་རེ་ཞིག་དྷེ་བཱབྷིནྟ
་གཤེགས་པ་གཅིག་གི་བསོད་ནམས་ཀྱི་ཚོགས་དེ་བཞིན་གཤེགས་པ་རྣམས་ཀྱིས་བསྐལ་པ་དུ་མར་གསུངས་སུ་ཟིན་ཀྱང་མཐར་ཐུག་པར་མི་འགྱུར་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ
་བྱས་ནྱ་སངས་རྒྱས་ཐམས་ཅད་བསོད་ནམས་ཆེ་ཞེས་གསུངས་པ་ཡིན་ནོ།། སངྱས་རྒྱས་ཐམས་ཅད་ཀྱི་བསོད་ནམས་དྲི་གང་ལུས་སྐྱེས་ཤེ་ན། སྐུ་གསུ་ཐུགས་ནི་རྡོ་རྗེ་སྐྱེས་ཞེས་བྱ་བ་གསུངས་ཏེ། སྐུའི་རྡོ་རྗེ་ལས་སྐྱེས་པ་དང་།། གསུང
་གི་རྡོ་ཛྙཱ་ལས་སྐྱེས་པ་དང་། ཐུགས་ཀྱི་རྡོ་རྗེ་ལས་སྐྱེས་པའི་བསོད་ནམས་གང་ཡིན་པ་དེ་ལ་རྗེས་སྨྲ་ཡི་རང་བར་བྱའོ།། རྗེས་སུ་ཡི་རང་བ་ཉིད་ལ་མཆོད་པ་ཡིན་པས་ནི་རྗེས་སུ་ཡི་རོང་བས་མཆོད་ན་ཞེས་བྱ་བའོ།། དྲིས་པས་རྗེསུ་མི
་རང་བ་ཇི་ལྟར་ནི་མཆོད་པར་འགྱུར། རྗེ་སུ་ཡི་རང་བ་ལ་སོགས་པ་མཆོད་པར་མི་འགྱུར་བ་དོ་ནི་བདེན་མོད་ཀྱི།། ཆོས་ཀྱི་མཆོད་པར་འགྱུར་ཏེ་། གང་གི་ཕྱིར་རྗེས་ཡི་རུང་བའི་བསམ་པའི་ཁྱང་པར་ལས་བསོད་ནམས་ཚད་མེད་པ
་སྐྱེ་བར་འགྱུར་རོ།། བསོད་ནམས་ཚད་མེད་པ་སྐྱེས་པས་ཚོགས་ཡོངས་སུ་རྫོགས་པར་འགྱུར་རོ།། ཚོགས་ཡོང་སུ་རྫོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་ཏེ། དེ་ལྟར་ན་ཆོས་ཀྱིས་མཆོད་པར་འགྱུར་རོ།།
་དེའི་ཕྱིར་རྗེས་སུ་ཡི་རང་བས་མཆོད་ན་ཞེས་གསུངས་པ་ཡིན་ཏེ། རྗེ་སུ་ཡི་རང་བའི་མཆོད་པ་ཞེས་བྱ་བའི་དོན་ཏོ།། མྱུར་དུ་སངས་རྒྱས་འཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་མྱུར་ཞིང་མགྱོགས་པ་ཉིད་དུ་སངས་རྒྱས་ཉིད
་ཐོབ་པར་འགྱུར་རོ།། ད་ནི་ལུས་དང་དུག་སེམས་ཞེས་བྱ་བ་ལ་སོགས་པས་བདག་དབུལ་བའི་མཆོད་པ་སྟོན་ཏཱཾ། བདག་ཉིད་དབུལ་བས་ན་བདག་ཉིད་དབུལ་བའོ།། ཇི་ལྟར་བདོག་དབུལ་བར་བྱ་ཞེ་ན། རབ་ཏུ་དང་བའི་སེམས་ཀྱིས
་དེ་བཞིན་གཤེགས་པ་རྣམས་ཀྱི་ཡོན་ཏན་རྣམས་མངོན་སུམ་དུ་བྱས་ནས། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ན་དུས་གསུམ་དུ་གཤེགས་ཤིང་བཞུགས་བའི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་རྣམས་ཀྱི་སྤྱན
་སྔར་བདག་ཉིད་ཡན་ལག་བརྒྱད་ཀྱིས་རབ་ཏུ་འདུད་པས་ཕྱག་བྱས་པར་ལྷག་པར་སྨོས་པར་བྱས་ལ་དེ་ནས་རང་གི་ལུས་ཀྱི་བ་སྤུའི་བུ་ག་རེ་རེ་ལས་ཀྱང་མཆོད་པའི་སྤྲིན་ཚད་མེད་པ་རྣམས་འབྱུང་བར་བསམ་ཞིང་།། ཇི་ལྟར་མཐོང
་བཱ་དང་ཐོས་པའི་མཆོད་པའི་རྣམ་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལྀ་ཙྪི་ནུས་ཀྱི་མཆོད་པར་བྱའོ།། བསྟོད་པ་རྣམ་པ་སྣ་ཚོགས་ཀྱིས་བསྟོད་པར་བྱའོ།། དེ་བས་ན་མཆོད་པ་འདི་ནི་ཡིད་ལས་སྐྱེས་པ
་ཡིན་པས་ན་ལྷ་རྫས་ཀྱི་ལུས་དང་ངག་དང་སེམས་རྡོ་རྗེ་ཡིན་ནོ།། དེ་ལྟ་བུའི་རྣམ་པ་ཐམས་ཅད་ཀྱི་མཆོད་པས་ཐུན་བཞིར་སངས་རྒྱས་རྣམས་ལ་མཆོད་པར་བྱའོ་ཞེས་ལྷག་པར་མོས་པར་བྱས་ན། དེ་ཡང་སེམས་ཅན
་ཐམས་ཅད་དང་རང་སྦྱངས་རྒྱུས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོད་པར་འགྱུར་རོ།། དཱ་ནི་ལུས་དང་ངག་སེམས་ཞེས་བྱ་བ་ལ་སོགས་པས་ཡོངས་སུ་བསྔོ་བའི་མཆོད་པ་སྟོན་ཏེ། ལུས་དང་ངག་དང་སེམས
་ཉིད་ནི་བརྟན་པས་ན་རྡོ་རྗེ་ཞེས་བྱའོ།། དགེ་བའི་ཚོགས་རྣམས་ཐམས་ཅད་ནི་ཞེས་བྱ་བ་ལ། དགེ་བའི་ཚོགས་ནི་བསོད་ནམས་བསགས་པའོ།། ཐམས་ཅད་ནི་མཱ་ལུས་པའོ།། དེ་ཡང་ཐུན་མཚམས་བཞིར་དུ་གེ་བའི་ཚོགས
་བསགས་པ་གང་ཡི་ནཱ་པ་དེ་དོག་ཐམས་ཅད་མངོན་པར་བསྡུས་ཏེ། སེམས་ཅན་ཐམས་ཅད་དང་ཐུན་མོངས་དུ་བྱས་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ།། དེ་ལྟར་ན་ཡོངསུ་བསྔོ་བའི
་མཆོད་པ་ཡིས་ཞེས་བྱ་བ་སྟེ། བྱང་ཆུབ་ཏུ་ཡོངས་སུ་གྱུར་པར་ཡོངས་སུ་བསྔོ་བས་ན་ཡོངསུ་བསྔོ་བ་སྟེ་དབུལ་བའོ།། འདི་སྐ་ད་སྟོན་ཏེ། དེས་བུར་བྱུང་ཆུ་བ་བར་བྱེད་པ་ཞེས་བྱེ་བའི་དོན་ཏོ།། ཡོངསུ་བ་བ་ཉིད
་མཆོད་པ་ཡིན་པས་ནི་དེས་དེ་བཞིན་གཤེགས་པ་རྣམས་ལྷ་མཆོད་སྤྱ་ན་སངས་རྒྱུས་ཀུན་དང་མཉམ་པར་འགྱུར་ཞེས་བྱ་བ་སྟེ། རིམ་གྱིས་བྱང་ཆུབ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏེ།། དེ་ལྟར
་མཆོད་པ་འདི་བཞི་ཆར་ཡང་ཚོགས་ཀྱི་མཆོད་པ་ཞེས་བྱ་སྟེ། འདི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་སྟོན་།། ། ད་ནི་དེ་ནས་ཞེས་བྱ་བ་མོ་སོ་གླེས་ཀྱི་གས་ཀྱི་སྒོ་ནས་ཆོས་ཀྱི་མཆོད་པ་སྟོན་ཏེ།
་ཟབ་མོའི་ཆོས་སྒོམ་པ་ཉིད་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་མཆོད་པ་བྱས་པ་ཡིན་ནོ།། དེ་ཡང་ཆོས་རྣམས་རང་བཞིན་གྱིས་འོད་གསལ་ཞེས་བྱ་བ་ལ། ཆོས་ནི་རང་གི་མཚན་ཉིད་འཛིན་པས་ན
་ཆོས་ཏེ། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དོ་ཞེས་བྱ་བའི་བར་དུ་སྟོན་པར་འགྱུར་རོ།། རང་བཞིན་གྱིས་འོད་གསལ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་འོད་གསལ་བས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དོན་དམ་པར་རང་བཞིན
་གྱིས་དྲི་མ་མེད་པོ་ཞེས་བྱ་བའི་དོན་ཏོ།། ངོ་བོ་ཉིད་ཀྱིས་བཟོད་ནས་དག་ཅེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དུ་གྱུར་པ་ལས་འདུས་བྱས་ལ་སོགས་པའི་ཁྱད་པར་གང་གིས་ཀྱང་ཕྱིས་དག་པར་བཅོས་སུ་མེད་པའོ།། ཆོས་འདི་དག
་གིས་མཆོད་པས་ན་ཞེས་བྱ་བ་ནི་ཆོས་དེ་ལྟར་བསྒོམས་ན་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་ཡིན་ནོ།། དེ་ལྟར་ཆོས་ཀྱི་མཆོད་པས་དགའ་བའི་བདེ་བ་འཐོབ་པར་འགྱུར་ཞེས་བྱ་བ་ཡིན་ནོ།། འདི་སྐད་སྟོན་ཏེ།། ཆོས་བདག་མེད
་པར་བསྒོམ་པས་གང་དུ་ཡང་ཐོགས་པ་དང་ཆགས་པ་མེད་དོ།། ཆོས་ཀྱི་རང་བཞིན་རབ་ཏུ་རྟོགས་པ་འཐོབ་པས་རྟག་ཏུ་དགའ་བས་གནས་པ་ཡིན་ནོ།། དེ་ལྟར་རྡོ་རྗེ་ཆོས་ཀྱི་གནས་ཀྱི་མཆོད་པ་བསྟན་ནས། ད་ནི་ཆོས་རྣམས་ཀུན
་ནི་འདུས་པ་ཡི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རྣོན་པོའི་གནས་ཀྱི་མཆོད་པ་སྟོན་ཏེ་ཆོས་རྣམས་ཀུན་ནི་བསྡུས་པ་ཡི་ཞེས་བྱ་བ་ནི་ཆོས་ཐམས་ཅད་བརྩེ་བའོ།། ཨ་ཞེས་བྱ་བ་སྒོ་ཞེས་བརྗོད་ཅེས་བྱ་བ་ནི་ཨ་ཞེས་བྱ་བ་སྐྱེ་བ
་མེངད་སྟེ། ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པའོ།། ཇི་ལྟར་སྒོར་གྱུར་པ་ཡིན་ཞེ་ན། དོན་དམ་པར་མ་སྐྱེས་པའི་དོན་སྟོན་པའི་ཕྱིར་རོ།། ཆོས་ཐམས་ཅད་ནི་འདུས་བྱས་དང་འདུས་མ་བྱས་ཏེ་ཆོས་དེ་དག་ཐམས་ཅད་ཀྱི་སྒོ་ནི་ཨ
་ཡིན་ཏེ། གཙོ་བོ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ཆོས་ཀྱི་ཕྱག་རྒྱ་འདི་ཡིས་ནི་ཞེས་བྱ་བ་ནི་དོན་དམ་པར་ཆོས་རྣམས་ཀྱི་ཕྱག་རྒྱ་མ་སྐྱེས་པར་གཏོགས་པའི་མཚན་ཉིད་ཀྱིས་བྱེད་པས་ན་ཆོས་ཀྱི་ཕྱག་རྒྱ་སྟེ། ཕྱག་རྒྱ་དང་མཚན་མ་ཞེས
་བྱ་བ་ནི་དོན་གྱི་རྣམ་གྲངས་ཡོན་ནོ།། འདི་སུའི་ཕྱག་རྒྱ་ཡིན་ཞེ་ན། ཆོས་ཀྱི་རྒྱལ་པོརི་ཕྱག་རྒྱ་སྟེ། དོན་དམ་པར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་མ་སྐྱེས་པར་འདུས་པ་ཉིད་དུ་རིག་པར་བྱ་སྟེ། འདི་ཉིད་ནི
་ཕྱག་རྒྱའོ།། སྡུག་བསྔལ་ཐམས་ཅད་ཅེས་བྱ་བ་ནི་འགྲོ་བ་དྲུག་གི་འཁོར་ལོར་ངེས་པ་རྣམས་ཏེ། དེའི་སྡུག་བསྔལ་ཐམས་ཅད་གཅོད་པ་ནི་གང་གིས་ཆོས་ཀྱི་མཆོད་པ་འདིས་དེ་བཞིན་གཤེགས་པ་ཐམས་ཅ་ད་ལ་མཆོད་ནའོ།།
་ད་ནི་འདིར་ནི་ཆོས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རྒྱུའི་གནས་ཀྱི་མཆོད་པ་སྟོན་ཏེ། འདིར་ནི་ཆོས་རྣམས་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ལུང་དང་རྟོགས་པའི་ཆོས་རྣམས་སོ།། རྒྱུ་ནི་དེ་བཞིན་གཤེགས་པ
་སྟེ་ཞེས་བྱ་བ་ནི་ངེས་ཐུགས་སུ་ཆུད་པའི་ཕྱིར། ལུང་དང་རྟོགས་པའི་ཆོས་རྣམས་ངེས་དང་པོ་ཁོ་ནར་བཀའ་སྩལ་བ་ཡིན་པའི་ཕྱིར་རོ།། དོན་དམ་པར་ན་གང་འཇིག་རྟེན་པའི་ཆོས་དེ་དག་ཀྱང་བཅོམ་ལྡན་པ་ངས་ཀྱི་གསུང
་རབ་ལ་བརྟེན་ནས་འཇུག་པ་ཡིན་པར་ཟད་པས་ན། དེའི་ཕྱིར་ཆོས་ཐམས་ཅད་ཀྱི་རྒྱུ་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་བཤད་དོ།། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྟོད་པའི་མཆོད་པས་མཆོད་ན། ཆོས་ནི།
་འཛིན་པར་འགྱུར་ཞེས་བྱ་བ་སྟེ། ཆོས་ཀྱི་མཛོད་འཛིན་པ་ཉིད་ཐོབ་པོར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ།། ད་ནི་ཆོས་རྣམས་ཐམས་ཅད་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སྨྲ་བའི་སྒོ་ནས་མཆོད་པ
་སྟོན་ཏེ། སྒྲ་སྙན་ནི་བྲག་ཙ་སྟེ། ས་ཕྱོགས་དག་པ་དག་ཏུ་སྒྲའི་རྐྱེན་གྱིས་དེའི་རྗེས་ཁོ་ན་ལ་རྐྱེན་དེས་དྲི་དང་མཐུན་པའི་སྒྲ་གྲགས་པ་གང་ཡིན་པ་དེ་ནི་སྒྲ་བརྙན་ཞེས་བྱའོ།། དེ་ཡང་ཚིག་གི་དོན་མེད་དོ།། དེ་ལྟ་བུའི་སྒྲ་བརྙན་དང
་མཚུངས་པའི་ཆོས་ཀྱང་ཡིན་པ་དེ་རྣམས་ནི་སྒྲ་བརྙན་དང་མཚུངས་པའི་ཆོས་ཞེས་བྱ་སྟེ། དེ་ལྟར་དེ་ཁོ་ན་ཉིད་དུ་ན་ཆོས་ཐམས་ཅད་རང་བཞིན་གྱི་ཚིག་གི་དོན་དང་བྲལ་བའོ་ཞེས་བརྗོད་ལ། དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན
་བསྒོམས་པས་མཆོད་ན་དེ་བཞིན་གཤེགས་པ་རྣམས་ལ་ཆོས་ཀྱི་མཆོད་པས་མཆོད་པར་འགྱུར་རོ།། མཆོད་ནི་སངས་རྒྱས་གསུང་ཡང་འཐོབ་ཅེས་བྱ་བ་ནི་ཚངས་པའི་དབྱངས་ཉིད་འཐོབ་བོ།། ཞེས་བྱ་བའི་དོན་ཏོ།། འདི་ནི་བནྡྷ
་ཚར་ཡང་ཆོས་ཀྱི་མཆོད་པ་སྟེ། དོན་དམ་པའི་ཆོས་བསྒོམས་པས་མཆོད་པ་ནི་དག་པ་སྟེ། མ་དག་པའི་རྣམ་པར་རྟོག་པ་གསལ་བའི་ཕྱིར་རང་བཞིན་གྱིས་དག་པོའི་ཆོས་བསྒོམ་པ་དང་། མོ་སྐྱེས་པའི་དོན་སྟོན་པའི
་ཀུན་ཏུ་བཟང་པོ་བསྒོམ་པ་དང་། ཆོས་ཀྱི་རྣམ་པ་དེ་ལྟ་བུ་དེ་སྟོན་པའི་རྒྱུ་དེ་བཞིན་གཤེགས་པ་ཡིན་བྱས་ན་ཆོས་ཀྱི་འཁོར་ལོ་བསྒོམ་པ་དང་། བཤད་པའི་ཆོས་དེ་དག་ཀྱང་དོན་དམ་པར་ཚིག་གི་དོན་དང་བྲལ་བས་ན་སྤྲོས་པ
་མེད་པ་ཡིན་ནོ།། །། དེ་ལྟར་ཆོས་བསྒོམ་པ་བསྟན་ནས། ད་ནི་དེ་ནི་ས་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་གྱི་མཆོད་པ་སྟོན་ཏེ། ཏིང་ངེ་འཛིན་བསྒོམ་པ་ཉིད་མཆོད་པའི་ཕྱག་རྒྱ་ཡིན་པས་ཏིང་ངེ་འཛིན་བསྒོམ་པའི
་མཆོད་པའི་ཕྱག་རྒྱའོ།། དེ་འི་ཡེ་ཤེས་ཡིན་པས་ན་ཏིང་ངེ་འཛིན་བསྒོམ་པའི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་ཏེ། དེ་བསླབ་པར་བྱའོ་ཞེས་པའོ།། ལུས་དང་ངག་དང་སེམས་ཡིན་པས་ལུས་དང་ངག་སེམས་སོ།། དེ་ཉིད་བསྒོམ་པས
་བརྟན་པར་བྱས་པས་ནཱ་རྡོ་རྗེ་ཞེས་བྱའོ།། དེ་བས་ན་ལུས་དང་ངག་དང་སེམས་རྡོ་རྗེ་དེ་ལ་རང་གི་རྡུལ་ཕྲ་རབ་རྣམས་བསམ་མོ།། སེམས་ལ་རྡུལ་ཕྲ་རབ་མེད་མོད་ཀྱི། འོན་ཀྱང་སེམས་ལས་བྱུང་བའི་རྣམ་པ་མང་བས་ན་སེམས་དང
་སེམས་ལྟོས་བྱུང་བའི་ཚོགས་གཟུང་ངོ་།། དེ་ལྟར་ན་ལུས་དང་ངག་སེམས་རྡོ་རྗེ་ཡི།། རང་གི་རྡུལ་ནི་ཕྲ་མོ་རྣམས་ཞེས་གསུངས་པ་ཡིན་ཏེ། རང་གི་ནི་བདག་ཉིད་ཀྱིའོ།། རྡོ་རྗེའི་དབྱིབས་སུ་བསྒོམས་ན་ནི་ཞེས་བྱ་བ་ནི་རྡོ་རྗེའི
་དབྱིབས་ཉིད་དུ་ཡིད་ཀྱིས་བྱ་བའོ།། རྡོ་རྗེའི་བདག་ཉིད་མྱུར་དུ་འཐོབ་ཅེས་བྱ་བ་ལ། རྡོ་རྗེའི་བདག་ཉིད་ནི་རྡོ་རྗེའི་སྐུ་སྟེ། མངོན་པར་རྫོགས་པར་བྱང་ཆུབ་པའི་ཚེ། འདིའི་གཟུགས་རྡོ་རྗེའི་སྐུར་འགྱུར་བ་སྟེ། གང་ལས་རྡོ་རྗེ
་སེམས་དཔར་གྱུར་པ་སྟེ་ལས་ཀྱང་སངས་རྒྱས་ཀྱི་སྐུར་གྱུར་པའོ།། ཡང་ན་རྡོ་རྗེའི་སྐུར་གྱུར་ཅེས་བྱ་བ་གཞན་དུ་ནི་རྡོ་རྗེ་ལྟར་མི་བྱེད་པའི་ལུས་དང་ལྡན་པས་ན་རྡོ་རྗེའི་སྐུ་སྟེ། ཇི་སྐད་དུ་བཤད་པའི་ཏིང་ངེ་འཛིན་བསྒོམ་སོ།།
་ལུས་དང་ངག་སེམས་རྡོ་རྗེ་ཡི་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། ཡང་ན་ལུས་དང་ངག་སེམས་ཡིན་པས་ན་ལུས་དང་ངག་སེམས་ཏེ། དེ་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེའོ།། ལུས་དང་ངག་དང་སེམས་དེ་རྣམས་ལ་རང་གི་རྡུལ་པྲ་མོ་ཞེས
་བྱ་བ་ཅི་རིགས་པར་བྱ་བར་བྱ་དགོས་ཏེ། ཚུལ་གཅིག་པར་བསྟན་པ་ཡིན་དུ་ཟིན་ཀྱང་དོན་གྱི་དབང་གིས་ཕྱོགས་གཅིག་ལ་རྗེས་སུ་འཇུག་པ་དེ་བཞིན་དུ་ཕྱོགས་གཅིག་ཏུ་སྦྱར་བར་བྱའོ།། རྡུལ་ཕྲ་རབ་དེ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་སངས
་རྒྱས་ཀུན་ཏུ་བསྒོམས་ན་ནི་ཞེས་བྱ་བ་གསུངས་ཏེ། རང་གི་རྡུལ་ཕྲ་རབ་རྣམས་སངས་རྒྱས་ཐམས་ཅད་དུ་བསྒོམ་པར་བྱའོ།། བསྒོམ་པས་ཇི་ལྟར་འགྱུར་ཞེ་ན། ཆོས་ཀྱི་སྐུར་འགྱུར་ཞེས་བྱ་བ་གསུངས་སོ།། དུས་ཇི་སྲིད་གཅིག་གི་འགྱུར།
་ཞེ་ན། དེ་ནི་དེའི་ཕྱིར་མྱུར་དུ་ཞེས་བྱ་བ་གསུངས་སོ།། རྒྱུ་གང་གིས་ན་རྡུལ་ཕྲ་རབ་རྣམས་སངས་རྒྱས་སུ་བསྒོམས་པ་ལས་ཆོས་ཀྱི་སྐུར་འགྱུར་ཞེ་ན། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང
་ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་རྣམས་ཆོས་ཀྱི་སྐུ་སེམས་དཔའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ།། དེ་ལྟ་བས་ན་རྣལ་འབྱོར་གྱི་སྟོབས་ཀྱིས་ཁུ་བ་དང་ཁྲག་དང་འབྱུང་བ་དང་འབྱུང་བ་ལས
་གྱུར་པའི་ངོ་བོ་ཉིད་ཀྱི་ལུས་རྗེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་སྐུར་བསྒོམས་ན་རྣལ་འབྱོར་པ་དེ་ཆོས་ཀྱི་སྐུར་འགྱུར་རོ་ཞེས་གསུངས་སོ།། དེ་ལས་གཞན་པའི་ཏིང་ངེ་འཛིན་གསུམ་པས་རྡུལ་ཕྲ་རབ་དེ་དག་ཉིད་གང་གི་ཚེ་རྡོ་རྗེ་སེམས་དཔའི་ཚུལ་དུ་སྤྱིར
་བསྡུས་པ་འམ། རེ་རེ་ནས་བསྒོམ་པར་བྱ་བ་ཡིན་ནོ།། དེ་བས་ན་རྡོ་རྗེ་སེམས་དཔར་མཉམ་པར་འགྱུར་ཞེས་བྱ་བ་གསུངས་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་དང་མཚུངས་པ་རྡོ་རྗེ་སེམས་དཔའ་གཉིས་པར་གྱུར་ཅེས་བྱ་བའི་དོན་ཏོ།། ལྷག་མ་རྣམས་ཀྱི་དོན་ནི
་སྔར་བཤད་པ་ཉིད་དོ།། ཏི་ངེ་འཛིན་བཞི་པས་ནི་རྡུལ་ཕྲ་རབ་དེ་ཉིད་རྡོ་རྗེ་ལ་སོགས་པར་བསྒོམས་པས། ཡིད་ལ་བྱེད་པ་ཐུལ་བའི་རྣལ་འབྱོར་པས་སངས་རྒྱས་ཀྱི་སྐུར་ཉིན་རེ་བཞིན་ཐུན་བཞིར་བསྒོམས་ནའོ།། སངས་རྒྱས་ཀྱི་སྐུར་བསྒོམས་པས་དངོས
་གྲུབ་གང་ཞིག་འཐོབ་ཅེ་ན། རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར་ཞེས་བྱ་བ་གསུངས་ཏེ། སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཇི་སྐད་གསུངས་པའི་མཆོད་པ་བཅུ་དྲུག་གི་ནང་ནས་དང
་པོའི་མཆོད་པ་བཞི་ནི་དགའ་བ་དང་། རྒྱན་དང་། གླུ་དང་། གར་གྱི་མཚན་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་མི་དགེ་བ་བཅུའི་ལས་སྤོང་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ལ་གནས་པས་ཚོགས་ཡོངསུ་རྫོགས་པར་བྱ་བ་དང་། ཚོགས་ཀྱི་བྱང་ཆུབ་ཀྱི
་སེམས་བརྟན་པར་བྱ་བ་དང་། སེམས་ཅན་གྱི་དོན་གྱི་ཕྱིར་མཆོད་པ་བཞི་པོ་འདི་བྱ་བར་བཅོམ་ལྡན་འདས་ཀྱིས་རྗེསུ་གནང་སྟེ། དེ་ཡང་ཇི་སྲིད་འཁོར་བའི་གནས་སུ་ནི།། མཁས་མཆོག་འདུག་པར་གྱུར་པའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་ངོམ
་མྱ་ངན་མི་འདའ་བྱེད་པར་ནུས།། ཞེས་ཇི་སྐད་གསུངས་པ་ལྟ་བུའོ།། །། བཞི་ཆོམས་གཉིས་པས་ནི་དེ་ལྟར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་ནས། བསོད་ནམས་ཀྱི་ཚོགས་བསགས་པའི་ཐབསུ་གྱུར་པ་ཕྱག་འཚལ་བ
་དང་། རྗེས་སུ་ཡི་རུང་བ་དང་། རང་གི་ལུས་དབུལ་བ་དང་། བསོད་ནམས་ཀྱི་ཚོགས་ཡོངས་སུ་བསྔོ་བ་རྣམས་ཀྱི་མཚན་ཉིད་ཀྱི་མཆོད་པ་རྣམ་པ་བཞི་བསྟན་ཏོ།། །། བཞི་ཚོམས་གསུམ་པས་ནི་དེ་ལྟར་བསོད་ནམས་ཀྱི་ཚོགས་བསགས
་ནས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པའི་ཐབས་སུ་གྱུར་པ། ངོ་བོ་ཉིད་ཀྱིས་དག་པའི་ཆོས་དོན་དམ་པར་བསྒོམ་པ་དང་། ཆོས་ཐམས་ཅད་མ་སྐྱེས་བུའི་བྱང་ཆུབ་ཀྱི་སེམས་བསྒོམ་པ་དང་། ཆོས་ཐམས་ཅད་དེ་བཞིན་གཤེགས
་པ་ལས་བྱུང་བར་བསྒོམ་པ་དང་། བཤད་པའི་ཆོས་རྣམས་སྒྲ་བརྙན་ལྟ་བུར་བསྒོམ་པའི་མཚན་ཉིད་རྣམ་པ་བཞིས་ནི་ཆོས་ཀྱི་མཆོད་པ་སྟེ། ཡེ་ཤེས་ཀྱི་ཚོགས་ཡོངས་སུ་བསྐང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཡིན
་ནོ།། །། བཞི་ཚེམས་བཞི་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངསུ་རྫོགས་ནས་གནས་ཡོངས་སུ་གྱུར་པའི་མཚན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཐོབ་པའི་ཐབས་སུ་གྱུར་པ་རང་གི་རྡུལ་ཕྲ་རབ་རྡོ་རྗེར་བསྒོམ
་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་པར་བསྒོམ་པ་དང་། རྡོ་རྗེ་སེམས་དཔར་བསྒོམ་པ་དང་། སངས་རྒྱས་སུ་བསྒོམ་པའི་མཚན་ཉིད་རྣམས་སོ།། རྣམ་པ་འདི་བཞི་ནི་ཏིང་ངེ་འཛིན་གྱི་མཆོད་པ་སྟེ། སངས་རྒྱས་ཀྱི་ཕྱག་རྒྱ
་བསྒྲུབ་པའི་ཕྱིར་བསྟན་པ་ཡིན་ནོ།། དེ་ལྟ་བས་ན་མཆོད་པ་བཅུ་དྲུག་པོ་འདི་དག་ཁྱོད་ཀྱིས་ཉིན་རེ་ཞིང་ཅི་ནུས་སུ་གྱིས་ཤིག་ཅེས་གསུངས་པ་ཡིན་ནོ།། འདི་སྐད་སྟོན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ལམ་བསྒོམ
་པར་བྱ་བའི་ཆོས་ཀྱི་མཆོད་པའི་རྣམ་པ་འདི་ལྟ་བུས་མཆོད་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རབ་ཏུ་མཆོད་པར་འགྱུར་བ་ཡིན་ཏེ། དེ་དག་གི་མངོན་པར་བཞེད་པའི་དོན་ཉམས་སུ་བླངས་པ་ཡིན་པའི་ཕྱིར་རོ།། །
་དེ་ཡང་བཀའ་བཞིན་ཉམས་སུ་བླངས་པའི་ལན་གླན་པས། ཕན་པར་གསུངས་པ་དེ་ལ་ཡང་དག་མཆོད་ཅེས་ཇི་སྐད་གསུངས་པ་ལྟ་བུའོ།། ཏིང་ངེ་འཛིན་གྱི་མཆོད་པ་རྣམ་པ་བཞི་བསྟན་པའི་འོག་ཏུ། ད་ནི་དེ་ནུས་ཞེས་བྱ
་བལ་སོགས་པས་དེའི་ཐབས་ཡང་དག་པར་བསྟན་ཏོ།། རང་གི་ལྷའི་རྣལ་འབྱོར་སྒྲུབ་པའི་ཏིང་ངེ་འཛིན་ནི་ཐབས་དང་པོ་ཡིན་ནོ།། དེ་ལ་ཡང་སེམས་དཔའ་རྣམས་ཀྱི་དང་པོ་ནི་རྡོ་རྗེ་སེམས་དཔའ་ཡིན་ཏེ། དེ་བས་ན་དེ་རི་ཏིང
་འཛིན་སྒྲུབ་པའི་ཐབས། ལུས་ཀུན་འཁྱུད་པའི་བདེ་བ་ཡིས། ཞེས་བྱ་བ་ལ་སོགས་པས་དང་པོ་སྟོན་ཏེ། ལུས་ཀུན་འཁྱུད་པའི་ཞེས་བྱ་བ་ལ། ལུས་ཀྱང་ཡིན་ལ་ཀུན་ཀྱང་ཡིན་པས་ལུས་ཀུན་ནོ།། ལུས་ཀྱི་སྒྲ་ནི་བསགས་པ
་དང་འདུངས་པ་ལ་བྱ་ལ། དེའི་འཁྱུད་པ་ནི་བདག་ཏུ་ང་རྒྱལ་བས་འཛིན་པ་སྟེ། དེ་ཡང་རྒྱུད་ཕྱི་མ་ལས་དང་པོ་ཁོ་ནར་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་ཕྱིར། ཚིག་རེར་ཐམས་ཅད་བདག་ཡིན་པར་ཞེས་བྱ་བ་ལ་སོགས་པ་ཇི་སྐད
་གསུངས་པ་ལྟ་བུའོ།། དེ་བས་ན་ལུས་ཀྱིས་འཁྱུད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔར་བསྒོམ་པ་ལ་བྱའོ།། དེ་ལྟར་ན་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྒོམ་པ་དེ་ལས་བདེ་བ་གྲང་སྐྱེས་པ་དེ་ནི་ལུས་ཀྱིས་འཁྱུད་པའི
་བདེ་བ་སྟེ། དེ་ཉིད་ནི་མཆོད་པའོ།། སུ་ཞིག་ལ་ཞེ་ན། རང་འབྱུང་རྣམས་ལ་ཞེས་བྱ་བ་སྟེ་སངས་རྒྱས་རྣམས་ལའོ།། བྱོལ་ན་ཞེས་བྱ་བ་ནི་སངས་རྒྱས་རྣམས་ལ་བརྟབ་པའོ།། དེ་ལྟར་ཕུལ་བས་ཅིར་འགྱུར་ཞེ་ན། དེའི་ཕྱིར་རྡོ་རྗེ་སེམས་དཔལ
་དང་འདྲ་བར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་སེམས་དཔའ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་བསྒོམ་པ་དེའི་ཕྱིར་རྡོ་རྗེ་སེམས་དཔའ་དང་མཚུངས་པར་འགྱུར་རོ།། དེ་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའོ།།
་མྱུར་དུ་འགྱུར་ཞེས་བྱ་བ་ནི། མྱུར་བ་ཉིད་དུའོ།། རྡོ་རྗེ་སེམས་དཔའི་གནས་ཀྱི་ཏིང་ངེ་འཛིན་གྱི་མཆོད་པ་བསྟན་ནས། ད་ནི་ཤིན་ཏུ་ཆགས་པར་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཏིང་ངེ་འཛིན་གྱི་ཐིབས་སྟོན་ཏོ།།
་ཤིན་ཏུ་ཆགས་པ་ནི་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་ཏེ། རིན་པོ་ཆེ་པདྨ་རཱ་ག་མགོ་ལ་ཡོད་པའི་འོད་དམར་བས་ན་ཤིན་ཏུ་ཆགས་པའོ།། དེ་དང་ལྷན་ཅིག་ཏུ་སྦྱོར་བ་ནི་གཅིག་ཏུ་གྱུར་པ་ལ་ཤིན་ཏུ་ཆགས་པར་སྦྱོར་བ་ཞེས་བྱའོ།།
་ཆགས་པར་སྦྱོར་བ་དེ་ཇི་ལྟ་བུ་ཞེ་ན། དམ་དུ་བཟུང་བའི་ཞེས་བྱ་བ་གསུངས་ཏེ། དམ་དུ་བཟུང་བ་ནི་བརྟན་པར་གཟུང་བའོ།། དེའི་འོག་ཏུ་རྣལ་འབྱོར་བསྒོམ་པའི་ཚེ་རང་གི་ལྷ་དང་ཐ་མི་དད་པ་ཐོབ་པའི་ལྷའི་བདོག་ཉིད་ཀྱིས་ངོ་བ
་རྣལ་འབྱོར་པས་ཡོངས་སུ་གཟུང་བའི་བདེ་བ་སྐྱེ་བའི་བདེ་བ་གང་ཡིན་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཏིང་ངེ་འཛིན་གྱི་བདེ་བའི་ཁྱད་པར་གྱི་རྣམ་པ་འདི་ལྟ་བུས་མཆོད་པར་བྱའོ་ཞེས་སངས་རྒྱས་རྣམས་ལ་སྟེ། སངས་རྒྱས
་བཅོམ་ལྡན་འདས་ལ་དེ་ལྟར་ཕུལ་ན་རྡོ་རྗེ་རིན་ཆེན་འདྲ་བར་འགྱུར་ཞེས་བྱ་བ་ཡིན་ནོ།། ད་ནི་ཤིན་ཏུ་དགའ་བའི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ཆོས་ཀྱི་གནས་ཀྱི་མཆོད་པ་སྟོན་ཏེ།། ཤིན་ཏུ་དགའ་བ་མངའ་བའི་ན་ཤིན་ཏུ་དགའ
་པབ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཆོས་སོ།། འདི་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཚེ་ཤིན་ཏུ་དགའ་བའི་ཆོས་ལས་བདེ་བ་སྐྱེ་བ་གང་ཡིན་པ་དེ་ནི་ཤིན་ཏུ་དགའ་བའི་བདེ་བ་སྟེ། དེ་ལ་ཆགས་པ་གང་ཡིན་པ་དེ་ནི་ཤིན་ཏུ་དགའ
་ཞིང་བདེ་བའི་ཆགས་པའོ།། དེས་བསྟན་པའི་ན་ཤིན་ཏུ་དགའ་ཞིང་བདེ་བའི་ཆགས་པས་བསྟུན་པའོ།། དེ་ཡང་བསྣུན་པ་ནི་ཆོས་ཀྱི་སྒོ་དཔག་ཏུ་མེད་པ་གཅིག་ཏུ་བྱེད་པ་སྟེ། རང་བཞིན་དག་པའི་ཆོས་རྣམས་ལ་རྣམ་པར་ལྟ་བའི
་ཕྱིར། པདྨའི་ཕྱག་རྒྱ་ལ་གཟིགས་པོའི་ཚེ། པདྨའི་འདབ་མ་འབྱེད་པའི་ཚུལ་གྱིས་སོ།། བསྟུན་པར་གྱུར་པའི་མ་ཆོག་ཅེས་བྱ་བ་ལ། མཆོག་ནི་ཕུལ་དུ་བྱུང་བ་ལྀ་བྱ་སྟེ། ཆོས་ཀྱི་སྒོ་རྣམ་པ་ཐ་དད་པ་དཔག་ཏུ་མེད་པ་ཕན་ཚུན
་ནོར་འགལ་བའི་དོན་དབྱེར་མེད་པར་གཅིག་ཏུ་སྦྱོར་བར་བྱེད་པ་ལ་བསྟན་པར་གྱུར་པའི་མཆོག་ཅེས་བྱའོ།། དེ་ལས་བྱུང་བའི་བདེ་བ་ཡིན་པས་ན་བསྟུན་པར་གྱུར་པའི་མཆོག་བདེ་བ་ཞེས་བྱའོ།། དེ་སངས་རྒྱས་རྣམས
་ལ་ཕུལ་ན་ནི་ཞེས་བྱ་བ་ལ། སངས་རྒྱས་རྣམས་ལ་ཕུལ་བ་ནི་ཚིམ་པར་བྱ་བའོ།། རྡོ་རྗེ་ཆོས་དང་འདྲ་བར་འགྱུར་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ད་ནི་དབང
་བོཔོ་གཉིས་ནི་སྦྱོར་བ་ཡིས། ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་ལས་ཀྱི་གནས་ཀྱི་མཆོད་པ་སྟོན་ཏེ། གཉིས་ཀྱི་དབང་པོ་ཡིན་པས་ན་དབ་ངོ་བོ་གཉིས་ཏེ། ལྷ་དང་སྔགས་པ་གཉིས་ཀྱི་དབང་པོ་གཉིས་གང་ཡིན་པ་དེ་ནི་དབང་པོ
་གཉིས་སོ།། དེ་སྦྱོར་བ་གང་ལ་མཉམ་པར་སྦྱོར་བ་གང་ཡིན་པ་དེ་ནི་དབང་པོ་གཉིས་ནི་མཉམ་སྦྱོར་བ་སྟེ། བདུག་གང་ཡིན་པ་དེ་ནི་བདག་གི་ལྷ་ཡིན་ལ། བདག་གི་ལྷ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། སྦྱོར་བ
་དེ་ལས་བདེ་བ་གང་ཞིག་སྐྱེ་བ་དེ་ནི་དབང་པོ་གཉིས་མཉམ་པར་སྦྱོར་བའི་བདེ་བའོ།། ཀུན་ཏུ་ཞེས་བྱ་བ་ལ་སོགས་པའི་རིགས་ཐམས་ཅད་ཀྱིས་བསྡུས་པའི་སེམས་དཔའ་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལས་བདེ་བ་གང་ཞིག
་སྐྱེ་བ་དེ་སངས་རྒྱས་རྣམས་ལ་མཆོད་པ་བྱ་བའི་ཕྱིར་ཏེ། མཆོད་པའོ་རྒྱུར་ཕུལ་ན་རྡོ་རྗེ་ལས་དང་འདྲོ་བར་འགྱུར་ཞེས་བྱ་བ་སྟེ། རྣལ་འབྱོར་པ་དེ་རྡོ་རྗེ་ལིས་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རཱ་ཏི་བཛྲ་ཞེས་བྱ་བ་ནི།
་དགའ་བའི་རྡོ་རྗེ་སྟེ། བྱང་ཆུབ་ཀྱི་སེམས་ལོ་དགའོ་བ་ལ་ནི་དགའ་བའི་རྡོ་རྗེ་ཞེས་བྱ་བའི་སྒྲར་གསུངས་སོ།། རཱ་ག་བཛྲ་ཞེས་བྱ་བ་ནི་ཆགས་པའི་རྡོ་རྗེ་སྟེ། ནོར་བུའི་ཆགས་པའོ།། པྲི་ཏི་བཛྲ་ཞེས་བྱ་བ་ནི་སྡུག་པའི་རྡོ་རྗེ་སྟེ། ཆོས
་ལ་སྡུག་པར་སེམས་དཔའོ།། ཀཱ་མ་བཛྲ་ཞེས་བྱ་བ་ནི་འདོད་པའི་རྡོ་རྗེ་སྟེ། འདོད་པ་ནི་ཡིད་དུ་འོང་བ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་སོ།། དེ་དག་ཐམས་ཅད་སངས་རྒྱས་ལ་མཆོད་པའི་ཕྱིར་སྤྲུལ་ནས་ཕུལ་བ་སྟེ། བཅོམ
་ལྡན་འདེས་རྡོ་རྗེ་ལས་ལ་འདོད་པའི་རྡོ་རྗེ་ཞེས་བྱ་བའི་སྒྲར་གསུངས་སོ།། དེ་ཡང་འདོད་པ་རྣམས་ཀྱི་རྡོ་རྗེ་ཡིན་པས་ན་འདོད་པའི་རྡོ་རྗེ་ཞེས་བསྟན་ཏོ།། གསང་བའི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་བསྟན་ཟིན་ནས། ད་ནི་གསང་བའི
་ན་བརྗོད་པར་བྱ་སྟེ། གསང་བ་ནི་གང་སྨྲས་པའི་གསང་བ་ལ་བྱའོ།། ལུས་ཀུན་གྱིས་འཁྱུད་པ་ཅེས་བྱ་བའི་སྒྲ་ནི་རང་གི་ལྷའི་རྣལ་འབྱོར་དུ་བྱ་བ་ལ། ལུས་ཀུན་གྱིས་འཁྱུད་ཅེས་བྱ་བའི་སྒྲར་འདིར་མངོན་པར་འདོད་པ་ཡིན་ཏེ། ལྷའི་ལུས
་ཐམས་ཅད་མ་ལུས་པར་ཡིད་ཀྱིས་མངོན་སུམ་དུ་བྱས་ལ་འཁྱུད་པར་བྱ་ཡི། མ་ཚང་བར་ནི་མ་ཡིན་ཏེ། འདི་ནི་དང་པོའི་ངག་གྲོ། འདི་ཉིད་ལ་ནི་ཤིན་ཏུ་ཆགས་པར་སྦྱོར་བསོ་དམཱ་དུ་གཟུང་བ་སྟེ། འཁྲུལ་པ་སྤངས་པའི་ཕྱིར་བསྟན
་བར་གཟུང་བར་གྱིས་ཤིག་པའོ།། འདི་ནི་གཉིས་པའི་མན་ངག་གོ།། དེར་དེ་ལྟར་གཟུང་བ་དེ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས། ཏིང་ངེ་འཛིན་གྱི་དམིགས་པའི་ལྷའི་སྐུ་ལ་ཤིན་ཏུ་དགའ་བ་ཕྱིས་སྐྱེ་བར
་འགྱུར་ལ། དགའ་བ་དེས་ཀྱང་དེར་ལུས་ཀྱི་བདེ་བའི་རེག་པ་སྐྱེ་བ་གང་ཡིན་པ་དེ་ནི་ཤིན་ཏུ་དགའ་ཞིང་བདེ་བའོ།། དེ་ལ་ཆགས་པས་ན་ཤིན་ཏུ་དགའ་ཞིང་བདེ་བའི་ཆགས་པ་སྟེ། དེས་བསྟུན་པ་ནི་ཆོས་ཀྱི་སྒོ་དཔག་ཏུ་མེད་པ
་གཅིག་ཏུ་བྱེད་པའོ།། དེ་ལྟར་མཉམ་པར་བཞག་པའི་སེམས་ཀྱིས་འགལ་བ་མེད་པར་རྟོག་པ་དེ་ནི་མཆོག་ཀྱང་ཡིན་པས་མཆོག་ཅེས་བྱའོ།། འདི་ནི་གསུམ་པའི་མན་ངག་གོ།། དེ་ལྟ་བུའི་ལྷའི་སྐུ་ལ་དབང་པོ་གཉིས་མཉམ
་པར་སྦྱོར་བ་ཞེས་བཤད་དེ། ལྷའི་དབང་པོ་དང་རྣལ་འབྱོར་བའི་དབང་པོ་གཉིས་ལྷན་ཅིག་ཏུ་འདྲེས་པའི་ངོ་བོར་ལྷག་པར་མོས་པའོ།། གཅིག་ཏུ་འདྲེས་པའི་ངོ་བོར་ལྷག་པར་མོས་པས་ཏིང་ངེ་འཛིན་གྱི་ལས་གང་ཅུང་ཟད་ཅི་ཙམ
་པ་དེ་ཐམས་ཅད་འགྲུབ་པར་འགྱུར་རོ།། འདི་ནི་མན་ངག་བཞི་པ་ཡིན་ནོ།། དངོས་གྲུབ་དོན་དུ་གཉེར་བ་རྣམས་ཀྱིས་རྣམ་པར་ཕྱེ་བ་འདི་དག་ཤིན་ཏུ་ཡང་སྦ་བར་བྱ་དགོས་པས་གསང་བའི་ཕྱག་རྒྱའི་ཡེ་ཤེས་ཞེས་བྱའོ།། དེ་ནས
་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་དབྱིབས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པས་ནི་བྱང་ཆུབ་སེམས་དཔའ་བཅུ་དྲུག་གཟུང་ངོ་།། མཆོད་པའི་ཕྲིན་ལས་ཞེས་སྨོས་པས་ནི་དེ
་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ལས་ཀྱི་དཀྱིལ་འཁོར་གཟུང་ངོ་།། དེའི་ཕྱག་རྒྱ་ཆེན་པོ་དང་དེའི་ཡེ་ཤེས་སོ།། བསླབ་པར་བྱ་སྟེ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་པའོ།། རྡོ་རྗེ་སེམས་དཔའི་གནས་ཀྱི
་ཕྱག་རྒྱ་ཆེན་པོའི་ལྷ་མོ་གང་ཡིན་པ་དེའི་རང་གི་ཕྱག་རྒྱ་གཉི་ག་རྡོ་རྗེ་དང་བཅས་ཐུགས་ཀ་རོ་འཇོག་པའོ།། རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་རང་གི་ཕྱག་གཉིས་ལྕགས་ཀྱུ་དང་བཅས་པར་རྩིབས་ལོགས
་གཡས་པར་འཇོག་པའོ།། རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་མདའ་གཞུ་དང་བཅས་པར་རྩིབས་ལོགས་གཡོན་པར་འཇོག་པའོ།། རྡོ་རྗེ་ལེགས་པའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་ལེགས་སོ་ཞེས
་བྱ་བའི་ཕྱག་རྒྱ་རྒྱབ་ཏུ་འཇོག་པའོ།། རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱ་ཆེན་པོ་གཉིས་རིན་པོ་ཆེ་དང་བཅས་པ་བྲལ་བར་འཇོག་པའོ།། རྡོ་རྗེ་ཉི་མའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་ཉི་མིའི་ཕྱག་རྒྱ་དང་བཅས་པར
་ལྷོལྷག་པར་འཇོག་པའོ།། རྡོ་རྗེ་རྒྱལ་མཚན་གྱི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་ཐོགས་པ་ཕྲག་པར་འཇོག་པའོ།། རྡོ་རྗེ་བཞད་མོའི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་རྡོ་རྗེ
་གཉིས་ཀྱི་བར་སོའི་ཕྲེང་བ་གཉིས་དང་བཅས་པ་རྒོད་པོའི་གན་སུ་འཇོག་པོའོ།། རྡོ་རྗེ་ཆོས་ཀྱི་གནས་ཀྱི་ཕྱག་རྒྱ་ཆེན་པོ་ནི་པདྨའི་ཕྱག་རྒྱ་དང་བཅས་པའི་ཕྱག་གཉིས་ཀ་ཞལ་དུ་འཇོག་པའོ།། ཐམས་ཅད་དུ་ཡང་ཕྱག་གཉིས
་རརུརང་རང་གི་ཕྱག་རྒྱ་དང་བཅས་པར་འཇོག་པ་ཡིན་པར་ཤེས་པར་བྱའོ།། རྡོ་རྗེ་རྣོན་པོའི་ཕྱག་རྒྱ་ཆེན་པོ་ན་རྣ་པ་གཡས་པར་འཇིག་པའོ།། རྡོ་རྗེ་རྒྱུའི་ཕྱག་རྒྱ་ཆེན་པོ་ནི་རྣ་བ་གཡོན་པར་འཇོག་པའོ།། རྡོ་རྗེ་སྨྲ་བོའི་ཕྱག་རྒྱ
་ཆེན་པོ་ནི་ལྷག་པོར་བཞག་པའོ།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྤྱི་བོར་འཇོག་པའོ།། རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཆེན་པོ་ནི་ཕྲག་པར་འཇོག་པའོ།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་ཆེན་པོ་ནི་མཆེ་བའི་ཕྱག་རྒྱ་དང་བཅས་ཏེ་ཁར
་འཇོག་པའོ།། རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཆེན་པོ་ནི་ཕྱག་གཉིས་སྟ་ཟུར་གཡས་པར་འཇོག་པའོ།། །། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དམ་ཚིག་གི་ཕྱག་རྒྱ་སྟོན་ཏེ། ཕྱག་རྒྱ་ཆེན་པོའི་ཚུལ་གྱིས
་ནི་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོར་གོམས་པས་སོ།། རྡོ་རྗེ་བཅིང་བ་དམ་བཅས་ལ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་པསོ།། སྙིང་ཁ་ལ་སོགས་གནས་ཚུལ་དུ་ཞེས་བྱ་བ་ནི་གནས་དེ་དག་ཉིད་དུ་བཞག་ན་དམ་ཚིག་གི
་ཕྱག་རྒྱ་བཅིངས་པར་འགྱུར་རོ།། བཞག་ནས་རྒྱལ་བ་རྣམས་མཆོང་ངོ་།། ཞེས་བྱ་བ་ནི་དེ་རྣམས་ཀྱིས་རྒྱལ་བ་རྣམས་མཆོད་པར་བུའོ་ཞེས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི
་སྔོར་བཤད་པ་དེ་རྣམས་ཉིད་དོ།། མཆོད་པའི་ཞེས་བྱ་བ་ནི་མཆོད་པའི་དཀྱིལ་འཁོར་རོ།། ཆོས་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ལས་ཀྱི
་ཕྱག་རྒྱ་སྟེ། མདོར་བསྡུས་པ་ནི་མདོར་བྱས་པའོ།། དམ་ཚིག་ཕྱག་རྒྱ་གཉིས་སུ་བྱ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་བསྡམས་པོ་བཞག་པའི་གནས་ཀྱི་དབྱེ་བ་བསྟན་པའི་གནས་དེ་དང་ངོ་ནས་རྡོ་རྗེ་བསྡམས་པ
་བཏགས་ལ་གཉིསུ་བྱས་ལ་བསྒྱིང་བཅས་གསོར་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་དེའི་ལས་ཀྱི་ཕྱག་རྒྱ་རྣམས་བསྟན་པར་བྱའོ།། །། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱན་ལས
་ཐེག་པ་ཆེན་པོ་མངོན་པར་རྟོག་པའི་ལས་ཀྱི་དཀྱིལ་འཁོར་གྱི་འབྲེལ་པའོ།། །། ཕྱག་རྒྱ་བཞིའི་དམ་ཚིག་གི་ཆོ་གར་བྱ་བའི་ཕྱིར་དཀྱིལ་འཁོར་བཞི་བསྟན་ཟིན་ནུས། ད་ནི་ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་དངོས་གྲུབ་ཀྱི
་ཆོ་གར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པས་བསྒྲུབ་པའི་དཀྱིལ་འཁོར་སྟོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་གྱིས་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་བྱིན་གྱིས་བརླབས
་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་བསྐྱེད་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བཞིར་བསྡུས་པའི་ཕྱག་རྒྱ་བཞི་བསྐྱེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རིགས་ཀྱང་ཡིན་པས་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་རིགས་ཏེ་དཀྱིལ་འཁོར་བཞིའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱང་ཡིན་ལ་རྟོག་པ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྟོགས་པ་ཆེན་པོའོ།།
་རྟོག་པ་ཡང་ཡིན་ལ་ཆེན་པོ་ཡ་ཡིན་པས་ན་རྟོག་པ་ཆེན་པོ་སྟེ། དངོས་གྲུབ་ཀྱི་ཐབས་སུ་ཡོངསུ་བརྟག་པ་ཡིན་པས་རྟོགས་པའོ།། ཆོ་ག་རྒྱས་པ་ཞེས་བྱ་བ་ནི་བྱ་བའི་རྣམ་པ་རྒྱས་པའོ།། འདི་ཞེས་བྱ་བ་ནི་འདས་མ
་ཐག་པའོ།། དངོས་གྲུབ་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དངོས་གྲུབ་ཐམས་ཅད་དོ།། དེ་རྣམས་ཀྱི་བསྡུ་བ་ནི་འབྲས་བུའི་ཚུལ་དུ་ཡོངས་སུ་བསྡུས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན
་ནདེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེའི་སྙིང་པོ་ཐུགས་ལ་གནས་པ་འདི་གསུངས་པའོ།། ཡེ་ཤེས་ཀྱི་ཁུ་ཚུར་འདི་ནི་དེ་བཞིན་གཤེགས་པའི་རིགས་ཟླུས་པ་རྣམས་ཀྱི་སྒྲུབ་པའི་ཚེའི་ཡེ་ཤེས་ཀྱི
་ཚུར་རོ།། དེ་ནས་མི་གུཡོ་བའི་ཞེས་བྱ་བ་ལ་སོགས་པའི་དོན་ནི་བཤད་ཟིན་ནོ།། དེ་བཞིན་གཤེགས་པའི་རིགས་ཁུ་ཚུར་དེ་དང་ལྡན་པས་ཕྱག་རྒྱུ་ཐམས་ཅད་སྒྲུབ་པ་ལ་སྦྱར་བར་བྱའོ།། དེ་བཞིན་གཤྲཱི་གས་པ་ཟློས་པས་ཀྱང
་པའི་ཚེ་ན་ཁུ་ཚུར་འདི་སྦྱར་བར་བྱའོ།། སེམས་དཔའ་གཞན་ཟློས་པས་ཀྱང་རང་གི་ཕྱག་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ།། དེ་ནས་རིན་ཆེན་འབྱུང་བ་ཞེས་བྱ་བ་ལ་སོགས་པ་གསུམ་པའི་དོན་ཡང་བཤད་ཟིན་ཏོ།། དགོད་པར་བྱ
་སྔགས་འདི་ལྔ་ཆར་ཡང་ཕྱག་རྒྱའི་སྙིང་པོའི་སྒྲར་གསུངས་སོ།། དེ་ནི་སྒྲུབ་པའི་དཀྱིལ་འཁོར་སྟོན་པར་བཞེད་པས།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ
་ཙྪིན་པོ་ཕྱག་ན་རྡོ་རྗེ་རཏྣ་གྲཱྀ་བྱིན་གྱིས་བརླབས་ཀྱིས་ཞེས་བྱ་བའི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པ་བྱུང་ན་གཅིག་ནས་གཅིག་ཏུ་བརྒྱད་པས། བཅོམ་ལྡན་འདས་རྣམ་པར་སྣད་མཱཛད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས
་ཀྱིདཀྱིལ་འཁོར་རྔ་བ་ཉིད་བ་སྐྱེང་ནས་རྟོགས་པ་ཆེན་པོའི་ཆོ་ག་རྒྱས་པ་འདིའི་དངོས་གྲུབ་ཐམས་ཅད་བསྡུ་བ་སྟེ་བསྒྲེང་པོ་པོའི་ཕྱིར་། མིང་ཇི་སྐད་ཅེས་བྱ་ན་མ་རྡོའི་ཕྱིར་རྡོ་རྗེ་དངོས་གྲུབ་ཅེས་བྱ་བ་ཞེས་བྱ་བ་གསུངས་བྱ
་ཐམས་ཅད་ཀྱི་ནང་ན་རྡོ་རྗེའི་ཕྱག་རྒྱ་དང་པོ་ཡིན་པས། དཀྱིལ་འཁོར་འདི་དངོས་གྲུབ་ཐམས་ཅད་སྡུད་པ་ཡིན་མོད་ཀྱི། འོན་ཀྱང་རྡོ་རྗེའི་ཕྱག་རྒྱ་གཙོ་བོ་ཡིན་པས་རྗེའི་དངོས་གྲུབ་ཅེས་གསུང་སྷོ།། ཕྱག་རྒྱུ་བཞིའི་དཀྱིལ་འཁོར་ཞེས་བྱ་བ་ནི
་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ཡིན་པས་ན་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རོ།། དྲིས་པ་ལྔ་བ་སངས་རྒྱས་ཀྱི་ཕྱག་རྒྱ་ཡང་འདི་ན་ཡོད་པ་མ་ཡིན་ནམ་ཞེ་ན། བདེན་མོད་ཀྱི་ང་ནི་འ་བྲི་བ་མ་ཡིན་གྱི་སྐུ་གཟུགས་དངོས་སུ་བཞུག་པར་བྱ་བ
་ཡོན་ལ། གཱཞི་ནཱི་ཕྱག་རྒྱུར་བྲིས་པ་ཡིན་པས་ན་དི་རྣམས་ལས་དཀྱིལ་འཁོར་གྱི་མིང་བཏགས་པ་ཡིན་ནོ།། འད་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། བཤང་ངོ་ཞེས་བྱ་བ་ནི་དེ་བཀའ་སྩལ་པའོ།། དེ་ནས་ཞེས་བྱ་བ་ནཱི་དེའི་རྗེས་ཐོགས་ལ
་སྨེ་ལསྱཱ་ཀྱི་དལ་འཁོར་གྱི་རྗེས་ལྔའོ།། རྟོགས་པ་རྒྱུས་བྱའི་དངོས་གྲུབ་ཀྱང་རྒྱས་པར་ངེས་པར་བྱ་དགོས་པས་ནོ།། དེའི་ཕྱིར་ནས་པདྱཱ་པཱ་སྟེ་བཤངད་བསྟ་ན་རབ་ཏུ་བཤད་བྱ་བའོ།། ཕྱག་རྒྱ་རྣམས་ཀྱི་དཀྱིལ་འཁོར་ཡིན་པསྣུན་བྷྱ།
་དཀྱིལ་འཁོར་རོ།། དམ་པ་ནི་མཆོག་། ཇི་ལྟ་བུནི་མཱ་རྡོ་རྗེ་དབྱིངས་དང་འདྲ་བས་ནཱ་ཞེས་བྱཱ་བཱ་སྟྭ~ཾ། རྡོ་རྗེ་དབྱིངས་དང་མཚུངས་པནྡོ། མཱིང་ཛཾ་སྐད་ཅེས་བྱ་ནཱ་ནཱ། བཽ་ད་བྱིར་དྲྀ་དྷྲྀདྡྷྲྀ་པོ་སྱཱ་གྲྀབྷཱཿས་ཀྱང་གྲགས་བྱ་བ་གསུངས་སོ།། ཐིག་རྫོ
་གདབ་པར་བྱ་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། མཁས་པས་རབ་ཏུ་བྲི་བར་བྱ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་ཞེས་བྱ་བ་ལ་སོགས་པས།
་མཁས་པ་སྟེ་བློ་དང་ལྡན་པས་ཐིག་གདབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཐིག་དེ་ལྟར་བཏབ་ནས་ཇི་ལྟར་བྲི་བར་བྱ་ཞེ་མ་ཐོག་མར་སངས་རྒྱས་གཟུགས་བཞག་སྟེ། དེ་ནས་ཕྱག་རྒྱ་བཞི་ཡང་བྲི་ཞེས་བྱ་བ་གསུངས་སོ།། འདི་སྐད
་སྟོན་ཏེ། ཐོག་མ་སྟེ་དང་པོ་ཁོ་ནར་རྣམ་པར་སྣང་མཛད་ཀྱི་གནས་སུ་སངས་རྒྱས་ཀྱི་སྐུ་གཟུགས་ལ་མི་བསྐྱོད་པ་ལ་སོགས་པའི་གནས་སུ་སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་བཞི་བྲི་བར་བྱའོ།། རྡོ་རྗེ་ཚིག་གི་བཏབ་པའི་ནང་གི་དཀྱིལ་འཁོར
་གཅིག་ཏུ་རྣམ་པར་སྣང་མཛད་བཞག་པར་བྱའོ།། ལྷག་མ་ཀ་བ་བརྒྱད་ཀྱི་དབུས་སུ་རྡོ་རྗེ་ལ་སོགས་པའི་ཕྱག་རྒྱ་བཞི་དགོད་པར་བྱ་སྟེ། བཞི་པོ་དེ་དག་ནི། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི། རྡོ་རྗེའི་ཕྱག་རྒྱ་ལ་སོགས་བྲི་ཞེས་བྱ་བའོ།། སོགས།
་བཞེས་སྨོས་པས་ན་རིན་པོ་ཆེ་དང་། པཱུངྠ་དང་། ལོས་ཀྱི་ཕྱག་རྒྱ་རྣམས་བསྟའོ།། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། རྡོ་རྗེའི་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཞེས་བྱ་བ་ལ། རྡོ་རྗེའི་དངོས་གྲུབ་ཀྱི་ཕྱིར་ཕྱག་རྒྱའི་དཀྱིལ་འཁོར་ཡིན་པས།
་ན་རྡོ་རྗེའི་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་རོ།། དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱས་ནས། ཞེས་བྱ་བ་ནི་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབ་དུ་བྱ་བ་དང་། མཆོད་པ་ལ་སོགསོ་པ་བྱས་ནས་སོ།། དེ་བཞིན་བཙུད
་དེ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིས་སོང་དུ་འཇུག་པའི་ཚུལ་གྱིས་སོ།། བཙུང་ནས་འདི་སྐད་དུ་སྨྲ་བར་བྱའོ་ཞེས་བྱ་བ་ནི་འདི་སྐད་ཅེས་བསྒོ་བར་བྱའོ།། ཁྱོད་ཀྱིས་གསང་བའི་ལེའུ་འདི་སུ་ལ་ཡང་མ་བསྟན་ཅིག་ཅེས་བྱ་བ་ནི་སུ་ལ་ཡང་མ་བརྙད
་ཅིག་པ་སྟེ། གསང་བའི་ལེའུ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་རོ།། མ་བསྟན་ཅིག་ཅེས་བྱ་བ་ནི་མི་སྐྲག་པའོ།། དེ་ཅིའི་ཕྱིར་ཞེ་ན། ལོག་པར་ལྟ་བའི་སེམས་ཅན་རྣམས་ཀྱང་ཡོད་དོ་ཞེས་བྱ་བ་ནི་ལྟ་བ་ཐ་དད་པ་སྟེ། མུ་སྟེགས་ཀྱི་ལྟ་བ་ཅན་ཞེས་བྱ
་བའི་དོན་ཏོ།། སྡིག་པའི་ལས་བྱེད་པ་ཞེས་བྱ་བ་ནི་གང་བསྡུས་པའི་དོན་ལ་མ་དང་ཅིང་། སྨོད་བར་ཡང་བྱེད་པ་སྟེ། དེས་ན་དེ་ནི་དམ་པའི་ཆོས་སྤོང་བ་ཡིན་པས་ན་སྡིག་པའི་ལས་བྱེད་པ་ཞེས་བྱའོ།། གལ་ཏེ་དེ་ལྟར་བསྡུས་པའི་དོན་འདི
་ཐོས་པ་ལས་ཁ་ཅིག་བསམ་པ་ལོག་པར་གྱུར་ན། དེ་ལྟ་ན་གོ་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་རྗེསུ་གནང་ཞེ་ན། གང་གི་ཕྱིར་སེམས་ཅན་ཤིན་ཏུ་མང་པོ་རྣམས་ལ་ཕན་པར་འགྱུར་ཏེ། དེ་དག་ཀྱང་གང་ཞེ་ན། བརྩོན་འགྲུས་ཆུང་བ་ཞེས
་བྱ་བ་ལ་སོགས་པ་སྟེ། བརྩོན་འགྲུས་ཆུང་བ་ནི་རྒྱས་པར་བྱ་བ་ལ་སྤྲོ་བ་མེད་པའོ་ཞེས་བྱ་བའི་དོན་ཏོ།། སྦྱོར་བ་མེད་པ་ནི་དད་པ་ཡོད་དུ་ཟིན་ཀྱང་སྔགས་སྦྱོང་བའི་ཚུལ་རྒྱས་པས་སྐྲག་པའི་ཕྱིར་སྦྱོར་བ་མེད་པ་ཞེས་བྱ་བའོ།། རི་མོ་མི
་ཤེས་པའི་ལས་ལ་མི་མཁས་པའོ།། རྣམ་པ་དེ་ལྟ་བུའི་སེམས་ཅན་སློབ་དཔོན་དང་སློབ་མ་སྟེ། སློབ་དཔོན་ནི་གྲུབ་པའི་ཚེ་ནཱ་བདག་ཉིད་ཀྱིས་བྲིས་སུ་ཟིན་ཀྱང་འཇུག་པ་ལཱ་མི་མཁས་པའོ།། སློབ་མ་ཡང་ཇི་སྐད་དུ་བཤུད་པའི་སྐྱོན་རྣམས།
་དང་ལྡན་པས་བྲིས་སུ་ཟིན་ཀྱང་འཇུག་པ་ལ་བརྩོན་འགྲུས་དམན་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ལ་འདི་ལྟ་བུའི་ཚོགས་ཆེན་པོ
་བྱུད་བར་ས་ཟློག་གོས་ནས་རྒྱས་ལ་གྱུ་བཱལྟ་ཙྪ་བ་མེད་པ་དེ་དག་དོན་དང་རྗེས་སུ་གཟུང་བར་བྱེད་ར།། རྡོ་རྗེ་ལ་སོགས་འདིར་བསྒྲུབ་པས་ན་རྡོ་རྗེའི་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་རོ།། ཡང་ན་རྡོ་རྗེའི་དངོས་གྲུབ་ནི་བཅོམ་ལྡན
་འངས་རྣམ་པ་སྣོང་མཛད་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་རོ།། སྒྲུབ་པའི་དཀྱིལ་འཁོར་འབའ་ཞིག་ཏུ་ཡང་མ་ཟོད་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཏུ་གྱུར་པ་ཞེས་བྱ་བ་སྟེ། གུང་དུ་ཞུགས་ནས་རླུང
་གི་ལྷ་དང་རང་གི་ཕྱག་རྒྱ་མནོ་སོ་ནས། ཟློས་པ་དང་བསྒོམས་པ་ལ་སོགས་པ་བྱེད་པ་སྟེ། དེ་རང་གི་ལྔའི་ཆོ་ག་མ་གཏོགས་པར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་འདྲི་བ་ལ་སོགས་པ་འམ། རྒྱུད་ཉན་པར་འོས་པ་ནི་མ་ཡིན་ནོ།། འཇིག་རྟེན་གྱི
་ཁམས་མ་ལུས་པོ་རྣམས་སུ་སེམས་ཅན་གྱི་ཁམས་ལུས་པ་མེད་པ་རྣམས་ཡོངསུ་བསྐྱབ་པའི་ཕྱིར་དང་། ཕན་པ་སྟེ་མ་འོངས་པ་ན་བདེ་བར་འགྱུར་བའི་ལས་གང་ཡིན་པ་དང་། བདེ་བ་ཞེས་བྱ་བ་སྟེ་ད་ལྟར་གྱི་ཚེ་འདི་ཉིད་ལྔ་རྣམ་པར
་ཤེས་པ་ལྔའི་ཚོགས་བདེ་བ་དང་ལྡན་པའོ།། ཡིད་བདེ་བ་ཐམས་ཅད་ནི་ཡིད་དང་རྗེས་སུ་མཐུན་པའི་རཱུ་བ་སྟེ། དེ་དག་སྐྱེང་བར་བྱ་བུའི་ཕྱིར་རོ།། ར་དུ་ཞེས་བྱ་བའི་སྒྲས་ནི་བྱུང་རླབ་ཀཱི་སེམས་ཡོངས་སུ་སྣང་བ་དང་། དེ་བཞིན་གཤག
་བའི་རིགས་མཉེས་པར་བྱ་བ་ལ་སོགས་པ་ཐམས་ཅད་བསྡུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་སུཾ་གཏོགས་པའི་རྡོ་རྗེ་ཡིན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེའི་ངེས་པའི་དངོས་གྲུབ་དེའི་རྒྱུར་བྱིན་གྱིས
་བརླབས་བྱའོ།། ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་སེམས་དཔའ་རྡོ་རྗེ་མ་ལ་སོགས་པ་སྟེ། དེ་དག་གི་གསང་བ་ནི་དེའི་སྨྲ་བའོ།། དེ་ཡང་གང་ཡིན་ཞེ་ན། ཕྱག་རྒྱ
་རེརེ་མཐོང་བས་རླུང་གི་རིགས་ཀྱི་ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱི་དམ་ཚིག་ཐོབ་པ་དང་དངོས་གྲུབ་ཐོབ་པའོ།། འདི་དྲག་ཀྱང་དང་པར་བྱ་བར་དཀའ་བ་ཡིན་པས་ན་གསང་བ་འདི་རྣམས་ལ་ཡིད་མི་ཆེས་པར་མ་བྱེད་ཅིག་ཅེས་བྱ་བ་ནི
་དགག་པ་གཅིག་ཡིན་ནོ།། མ་དང་པོར་མ་བྱེད་ཅིག་ཅེས་བྱ་བ་ནི་དགག་པ་གཉིས་པ་ཡིན་ཏེ། དེ་ལྟར་ན་དགག་པ་གཉིས་ཀྱིས་གདོད་དོཀྱུས་མཱའི་དོན་རྟོགས་ཤིང་། མངོན་པར་དད་པར་གྱིས་ཤིག་ཅེས་གྲུབ་པ་ཡིན་ནོ།། དང་པར་བྱ་བ
་ཡང་གང་ཞིག་ཡིན་ཞེ་ན། རིགས་ཀྱི་དམ་ཚིག་གི་ཕྱག་རྒྱུའི་གསང་བ་རྣམས་ཀྱི་མཎྜ་ལ་ཞེས་དོན་གྱི་ཤུགས་ཀྱིས་སྒྱུར་བར་བྱའོ།། མ་དད་པས་ཅིར་འགྱུར་ཞེ་ན། དེའི་ཕྱིར་སེམས་ཅན་དམྱལ་བ་དང་ཡི་དགས་དང་བྱོལ་སོང་གི་ཁམསུ་ལྟུང
་བར་འགྱུར་བ་འམ་ཞེས་བྱ་བ་གསུངས་སོ།། ཅི་ཉེས་དམིགས་དེ་དག་དུ་ཟད་དམ་ཞེ་ན། མ་ཡིན་ཏེ། གཞོན་དག་ཀྱང་ཡོད་དོ།། འོ་ན་དྲི་གང་ཞིག་ཡིན་ཞེ་ན། དེའི་ཕྱིར་མོ་བདེ་བ་མ་སྤངས་པས་དུས་མ་ཡིན་པར་ཤི་བོར་གྱུར་ཏ་རེ་ཞེས་བྱ
་གསུངས་ཏེ། མི་བདེ་བ་ཞེས་བྱ་བ་ནི་གང་དུ་ངེས་པར་སྲོག་འཇིག་པར་འགྱུར་བའི་ཉེས་དམིགས་ཏེ། གཡང་སར་ལྟུང་བ་ལ་སོགས་པའོ།། འཆི་བ་དོན་དུ་གཉེར་བ་རྣམས་ཀྱིས་ནི་གཡེངས་ལ་སོགས་པ་དེ་དག་སྤང་བར་བྱའོ།
་སོ།། སྔགས་སྤྱོད་བ་རྣམས་ཀྱིས་ཀྱང་མ་དང་པར་འགྱུར་བ་མ་སྤངས་པ་ནི་ཡང་བ་མ་སྤངས་པ་ཡིན་པས་མི་བདེ་བ་མ་སྨྲས་པས་དུས་མ་ཡིན་པར་ཤི་བར་གྱུར་ཏ་རེ་ཞེས་གསུངས་སོ།། དཀྱིལ་འཁོར་དུ་བཅུག་ཅིང་ཇི་སྐད་དུ།
་གསུངས་པ་བཞིན་དབང་བསྐུར་ནས། ད་ནི་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་ཐམས་ཅད་ཀྱི་སྤྱིའི་བྱ་བ་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པའོ།། དེ་དག
་གི་དམ་ཚིག་ནི་ཐ་ཚིག་ལ་རྣམ་པར་བཞག་པ་སྟེ། སྦྱོར་བ་གང་གིས་དངོས་གྲུབ་སྦྱིན་པར་འགྱུར་བའོ།། དེ་སྨྲོས་ཤིག་ཅེས་བྱ་བ་ནི་སྟོན་ཅིག་ཅེས་བྱ་བའི་དོན་ཏོ།། བདག་ཉིད་ཆེན་པོ་གང་གང་གཽ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ
་སོགས་པའོ།། ཕྱག་རྒྱ་གང་དང་གང་བཅིང་པ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་འམ། དམ་ཚིག་གི་ཕྱག་རྒྱ་འམ། ཆོས་ཀྱི་ཕྱག་རྒྱ་འོ་མ། ལས་ཀྱི་ཕྱག་རྒྱའོ།། བཟླས་པའི་སྙིང་པོའི་དོན་དུ་ནཱི་ཞེས་བྱ་བ་ལ། བཟློས་པ་ནི་སྙིང་པོ་བརྗོད་པའོ།།
་སྙིང་པོའི་དོན་དུ་ཞེས་བྱ་བ་ནི་ཟློས་པའི་སྙིང་པོའི་དོན་ནི་སྙིང་པའི་དོན་ཏོ།། འདི་སྐད་སྟོན་ཏེ། སྙིང་པོ་ཞེས་བྱ་བའི་ཚིགྶ་གོས་བྱེད་པ་པོ་དང་། བྱེད་པ་དང་། ལས་དང་། བྱ་བའི་མཚན་ཉིད་ཀྱི་དོན་གང་ཞིག་སྟོན་པའི་སྙིང་པོ་ཟློས་པ་སྟེ།
་གང་བྱེད་པ་པོར་བཤད་པར་ཟློས་པ་པོ་དེ་ནི་བདག་ཉིད་ཡིན་པར་བསྒོམ་ཞིང་། གང་བྱེད་པའི་ཚུལ་རྡོ་རྗེ་ལ་སོགས་པའི་བྱེད་པོ་དེ་ལ་བྱ་བ་དེ་བྱེད་པར་ལྷག་པར་མོས་པར་བྱ་བའོ།། བདག་ཉིད་ཅེས་བྱ་བ་ནི་བདག་ཉིད་ཀྱིས་བདག་ཉིད
་ལ་སྒོམ་པའོ།། ཡེ་ཤེས་འདིའི་ཚུལ་གྱིས་ནི་ཞེས་བྱ་བ་ལ། ཡེ་ཤེས་འདིའི་བྱ་བ་ནི་སྙིང་པོའི་དོན་བསྒོམ་པའི་ཡེ་ཤེས་བཤད་མ་ཐག་པ་འདི་ཡིས་སོ།། ཚུལ་གྱིས་ནི་ཞེས་བྱ་བ་ནི་སྙིང་པོའི་དོན་བསྒོམ་པ་ཤེས་པ་ཡོད་དུ་ཟིན་ཀྱང་། གལ
་ཏེ་རྣལ་འབྱོར་གྲུབ་པར་མ་གྱུར་ཅིང་། དགོས་པ་གྲུབ་པར་མ་གྱུར་ན། དེའི་ཕྱིར་ཡེ་ཤེས་འདིའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ།། འདི་སྐད་སྟོན་ཏེ། སྙིང་པོའི་དོན་ཡོངསུ་ཤེས་པ་དང་རྣལ་འབྱོར་གོམས་པས་གདོང་འགྲུབ་པར་འགྱུར
་རོརུ་ཞེས་སྟོན་ཏཱཾ།། དེ་དག་ཀྱང་གང་ཡིན་ཞེ་ན། ཕྱག་རྒྱ་ཀུན་ནོ།། སུ་ཞིག་གི་ཡོན་ཞེ་ན། བདག་ཉིད་ཆེན་པོའི་སྟེ་སངས་རྒྱས་རྣམས་ཀྱིའོ།། དེ་ལྟར་གང་ལྔས་ཤེས་ཤེ་ན། ཕྱག་ན་རྡོ་རྗེས་གསུངས་རྗེཔ་བཞིན་ཞེས་གསུངས་ཏེ། ཡང་དག
་པར་སྡུད་པར་བྱེད་པས་སྨྲས་པའོ།། ཕྱག་རྒྱུ་ཐམས་ཅད་ཀྱི་དམ་ཚིག་བསྟན་ཟིན་ནས། ད་ནི་དེ་ནས་ཤེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་སྟོན་ཏཽ། གསང་བར་གྱུར་པ་ཡིན་པས་ན་གསུང་བ་སྟེ། གང་ཐམས
་ཅད་ལ་བསྙད་པར་བྱ་བ་མ་ཡིན་པའོ།། བདག་ཉིད་ཆེན་པོ་གང་གང་གིས།། ཕྱག་རྒྱ་གང་དང་གང་བཅིང་བ།། བཟླས་པའི་སྙིང་པོའི་དོན་དུ་ནི།། དེར་ནི་བདག་ཉིད་བསྒོམ་པར་བྱ་ཞེས་གསུངས་ན། རྣམ་པར་སྨིན་པའི་ལུས་ལ་གནས
་ཏེ་རང་གི་བདག་ཉིད་ཀྱི་སེམས་དེའི་གཟུགསུ་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དེའི་ཕྱིར་རང་གི་དབང་པོ་བཤིབ་ནས་ནི། ཞེས་བྱ་བ་གསུངས་ཏེ། གཤིབ་པ་ནི་རྣམ་པར་བསྒོམ་པ་སྟེ། དེ་ནི་གཅིག་ནའང་ཡུལ་མིན་ལ། ཕྲ་རབ་རྡུལ་དུ
་དུ་མའང་མིམ། དེ་དག་འདུས་པའང་མ་ཡིན་ཏེ།། དེ་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར་ཞེས་བྱ་བ་འདིའི་ཚུལ་གྱིས་རྣམ་པར་བསྒོམ་མོ།། རང་གྲི་དབང་པོ་སྨོས་པས་མི་གཟུགས་ཅན་གྱི་དབང་པོ་ལྔ་གཟུང་བར་བྱའོ།། དེ
་ངག་རྣམ་པར་བསྒོམས་ཏེ། ཡིད་ཀྱི་དབང་པོ་རང་གི་ལྷའི་གཟུགས་སུ་གཟུང་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཟུང་བཱ་བྱ་ཞེས་བྱ་བ་ལ་བདག་གང་ཡིན་པ་དེ་ནི་བདག་གི་ལྷ་ཡིན་ལ། བདག་གི་ལྷ་གང་ཡིན་པ་དེ་ནི་བདག་ཡིན་ནོ།། ལུས
་དང་ངག་དང་སེམས་རྡོ་རྗེ་གཅིག་ཏུ་བྱེད་པས་འཛིན་པ་ནི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའོ།། དེ་ཡིས་ཕྱག་རྒྱ་གང་རེག་པ་ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་རྡོ་རྗེ་གཅིག་ཏུ་བྱེད་པའི་རྣལ་འབྱོར་དེ་ཡི་སོ།། ཕྱག་རྒྱ་ཞེས་བྱ
་བ་ནི་དམ་ཚིག་གི་ཕྱག་རྒྱའོ།། གང་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པའོ།། རེག་པ་ནི་གཟུང་བར་བྱ་བའོ།། དེ་མ་ཐག་ཏུ་དེ་དབང་འགྱུར་ཞེས་བྱ་བ་ནི་དེ་མངོན་པར་འདོད་པའི་དོན་མྱུར་བ་ཉིད་དུ་སྒྲུབ་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།།
་ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཐམས་ཅད་ཀྱི་ཆོས་ཉིད་སྟོན་ཏེ། ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ།། དེ་དགུ་གི་ཆོས་ཉིད་ནི་རང་གིས་གནས་པ་སྟེ། ཆོས་གྲོང་བརྩད་དུ་མེད་ཅིང་ལན
་གླན་དུ་མེད་པར་གནས་པ་དེ་ལ་ནི་ཆོས་ཉིད་ཅེས་བྱའོ།། བརྗེརྗོད་པར་བྱའོ་ཞེས་བྱ་བ་ནི་དེ་བསྟན་པར་བྱའོ་ཞེས་པའོ།། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ་ཞེས་བྱ་བ་ནི་ཕྲ་བའི་རྡོ་རྗེ་བསྒོམ་པའི་སྦྱོར་བ་གོམས་པ་བྱས་པའོ།། ཡེ
་ཤེས་ཕྱག་རྒྱ་ཞེས་བྱ་བ་ནི་གང་ཡེ་ཤེས་ཀྱིས་རྣམ་པར་བརྟགས་པའོ།། བཅིང་བར་བྱ་ཞེས་བྱ་བ་ནི་དེ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཆོ་ག་འདི་ཡི་ཚུལ་གྱིས་ནི་ཞེས་བྱ་བ་ནི་འདིའི་གོ་རིམ་གྱིས་སོ།། ཡེ་ཤེས་ཕྱག་རྒྱ་དབང
་དུ་འགྱུར་ཞེས་བྱ་བ་ནི་ཕྱག་རྒྱ་གང་ཡེ་ཤེས་ཀྱི་བདག་ཉིད་དུ་སོ་སོར་སྣང་བ་དེ་ལ་ནི་ཡེ་ཤེས་ཕྱག་རྒྱ་ཞེས་བྱ་སྟེ། ཆོས་ཀྱི་ཡེ་ཤེས་ལ་སོགས་པ་ཕྱག་རྒྱ་དེ་ཐམས་ཅད་དབང་དུ་འགྱུར་བ་སྟེ། རྡོ་རྗེ་ཕྲ་མོ་སྔར་བསྒོམ་པོས་རང་དབང
་དུ་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ནི་གླུ་དང་གླར་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་ཀྱི་ཐབས་སྟོན་ཏེ། གླུ་དང་གར་དང་ཟས་དང་བྲོ་དང་སྤྱོད་པ་རྣམས་ལ་ནི། གླུ་དང་གར་དང་ཟས་དང
་པྲོ་སྤྱོད་པ་ཞེས་བྱ་སྟེ། དེ་ལྀ་སོགས་པའི་བདེ་བ་གང་ཡིན་པ་དེ་རྣམས་སངས་རྒྱས་རྣམས་ལ་ཕུལ་ན་ནི་ཞེས་བྱ་བ་ནི་གྲུ་གར་ལ་སོགས་པ་དེ་རྣམས་སངས་རྒྱས་ལ་ཕུལ་ཞིང་བསྟབས་ན། ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར
་ཞེས་བྱ་བ་ནི་རང་དབང་དུ་འགྱུར་ཞེས་བྱ་བའི་དོན་ཏོ།། འདི་སྐད་སྟོན་ཏེ། ལས་ཀྱི་ཕྱག་རྒྱ་སྒྲུབ་པར་འདོད་པའི་རྣལ་འབྱོར་པས་སྤྱོད་པ་གང་དང་གང་བྱེད་པ་དེ་དང་དེ་དག་ལས་བདེ་བ་གང་སྐྱེས་པ་དེ་དབུལ་བའི་སྒོ་ནས་སངས
་རྒྱས་ཐམས་ཅད་ཡིད་ལ་བྱ་བ་བསྒོམས་ལས་ཀྱི་ཕྱག་རྒྱ་རང་དགར་དབང་དུ་འགྱུར་བ་སྒྲུབ་པར་བྱེད་དོ།། རྡོ་རྗེ་དབྱིང་སོ་ལ་སོགས་པ་དཀྱིལ་འཁོར་འདི་དག་ཐམས་ཅད་ནི་རྡོ་རྗེ་དབྱིངས་ཏེ་རྣམ་པར་སྣང་མཛད་ཀྱིས་བསྐྱེད་པ
་ཡིན་ནོ་ཞེས་ནི་འབྱུང་ན། གོ་རིམ་གང་གིས་རྡོ་རྗེ་དབྱིངས་སུ་འགྱུར་བ་དེ་མ་བསྟན་པས་ན་ད་ནི་དེ་ནས་དཀྱིལ་འཁོར་ཐམས་ཅད་བསྒྲུབ་པ་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ།
་དཀྱིལ་འཁོར་ཐམས་ཅད་བསྒྲུབ་པར་བྱེད་པ་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་སྟེ་བསྐྱེད་པར་བྱེད་པའོ།། དཀྱིལ་འཁོར་ཐམས་ཅད་སྒྲུབ་པར་བྱེད་པ་ཡང་ཡིན་ལ། གསང་བའི་ཕྱོག་རྒྱ་ཡང་ཡིན་པས་ན་དཀྱིལ་འཁོར
་ཐམས་ཅད་སྒྲུབ་པ་གསང་བའི་ཕྱག་རྒྱའོ།། དེའི་ཡེ་ཤེས་ཡིན་པས་ན་དཀྱིལ་འཁོར་ཐམས་ཅད་སྒྲུབ་པ་གསང་བའི་ཕྱག་རྒྱའི་ཡེ་ཤེས་སོ།། དེ་བསླབ་པར་བྱའོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་པའོ།། མཚན་མ་བསྟན་པར
་རང་གྱུར་ནས་ཞེས་བྱ་བ་ལ། མཚོན་མ་ནི་བྱང་ཆུབ་སེམས་དཔའི་དགེ་བའི་རྩ་བ་སྦྱིན་པ་ལ་སོགས་པའོ།། བརྟན་པ་ནི་ངེས་བདག་ཉིད་ལ་ཤིན་ཏུ་བསྟན་པ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར
་ལྷག་པར་མོས་ཤིང་། རྫོགས་པར་གྱུར་པར་བདག་ཉིད་རྣམ་པར་བསྒོམས་ནས་རྡུལ་ཕྲ་རབ་ཏུ་རྣམ་པར་ཕྱེ་སྟེ། རྡུལ་ཕྲ་རབ་ཀྱང་ཆ་དྲུག་གི་ཚུལ་གྱིས་གཞིག་པར་བྱའོ།། དཀར་པོར་གྱུར་པའི་རས་ལ་གནས་ཞེས་བྱ་བ་ལ
་ཆོས་ཀྱི་དབྱིངས་ཀྱི་རྣམ་པར་གྲོལ་བའི་རས་སྟོང་པ་ཉིད་ལ་གནས་པར་གྱུར་པའོ།། དེ་ནས་སྟོང་པ་ཉིད་ལ་གནས་པས་ནི་སེམས་ཅན་རྣམས་ཀྱི་དོན་མི་འགྲུབ་པའི་ཕྱིར།། མཚན་མའི་མཆོད་རྟེན་བྱིན་རླབས་ཏེ་ཞེས་བྱ
་བ་སྟེ། སྦྱིན་པ་བཞི་ལ་སོགས་པའི་བསོད་ནམས་གང་ཡིན་པ་དེ་ཉིད་སེམས་སོ་སོར་རྟོགས་པ་ལ་སོགས་པའི་རིམ་གྱིས་ཟླ་བའི་དཀྱིལ་འཁོར་དུ་བསམ་པ་ནས། ཇི་སྲིད་སངས་རྒྱས་ཀྱི་སྐུར་གྱུར་པ་དེ་སྲིད་ཀྱི་བར་དུ་བསམ
་པར་བྱའོ།། དེ་བས་ན་སངས་རྒྱས་ཀྱི་སྐུ་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཉེ་བར་བསགས་པ་ལས་ཡང་དག་འབྱུང་བའི་ཕྱིར་བསགས་པར་གྱུར་པས་ན་མཆོད་རྟེན་ཞེས་བྱའོ།། དེ་ཉིད་ཀྱིས་བདག་ཉིད་རྡོ་རྗེའི་དབྱིངས
་སུ་བསྒོམ་ཞེས་བྱ་སྟེ། རྣལ་འབྱོར་པས་ཚུལ་འདིས་བདག་ཉིད་བསྒོམ་པར་བྱའོ།། འདི་ནི་དཀྱིལ་འཁོར་ཐམས་ཅད་དུ་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་གསང་བའི་ཕྱག་རྒྱ་ཡིན་ནོ།། དེ་ནི་རྡོ་རྗེ་བཅིང་བ་ཞེས་བྱ་བ་ལ་སོགས་པོས
་དམ་ཚིག་གི་ཕྱག་རྒྱ་སྟོན་ཏེ། སེམས་དཔའ་རྡོ་རྗེ་མྱ་ལ་སོགས་པ་ལས་མཛུབ་མོ་གཉིས་དུང་མཐེའུ་ཆུང་གཉིས་གཤེབས་ན་རྡོ་རྗེ་རྩེ་གསུམ་པའི་དམ་ཚིག་ཡིན་ནོ།། དམ་ཚིག་མཆོག་གི་བྱ་བ་ནི་སངས་རྒྱས་རྣམས་ཀྱིའོ།།
་ནི་རྡོ་རྗེ་ཕྲ་མོ་ཞེས་བྱ་བ་ལ་སོགས་པས་ཏིང་ངེ་འཛིན་ལ་དབང་ཐོབ་པར་བྱ་བའི་མན་ངག་སྟོན་པར་བྱེད་དེ། རྡོ་རྗེ་ཕྲ་མོའི་ཚུལ་དུ་ནི་ཞེས་བྱ་བ་ནི་སྦྱོར་བ་གང་གིས་སྣའི་རྩེ་མོར་རྡོ་རྗེ་ཕྲ་མོ་བསྒོམ་པའི་སྦྱོར་བ་དེ་ཉིད་ཀྱིས་རབ་ཏུ།
་མཉམ་པར་བཞག་ནས། དཀྱིལ་འཁོར་པདྨའི་འདབ་མ་སོར་མོ་གཉིས་ཙམ་གྱི་ཚད་དུ་སྣའི་རྩེ་མོར་དམིགས་ཤིང་བསྒོམ་པ་སྟེ། དེ་ཉིད་ལ་ནི་རྡོ་རྗེ་ཕྲ་མོ་ཞེས་བཤད་པས་ན་རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་ཏེ་ཞེས་གསུངས་སོ།།
་མཚན་མ་ཐོབ་ནས་ནི་སྤྲོ་བ་དང་སླར་བསྡུ་བར་བྱ་སྟེ། དེ་ལྟར་བསྒོམས་པཱ་ཏཱི་ངེ་འཛིན་ལ་དབང་དུ་གྱུར་པ་བསྒྲུབ་པར་བྱའོ།། ད་ནི་རྡོ་རྗེ་ཕྱག་རྒྱ་གཉིས་བཅིང་ལ་ཞེས་བྱ་བ་ལ་སོགས་པས་དཀྱིལ་འཁོར་འདིར་རྡོ་རྗེ་གང་གིས
་གཟུང་ནས་བསྒྲུབ་པ་དེའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བྱས་ན། རྡོ་རྗེ་ཕྱག་རྒྱ་གཉིས་སུ་འགྱུར་ཞེས་བྱ་བ་དེ་ལྟ་བུའི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིང་བའོ།། དེ་གཉིས་རྡོ་རྗེ་དམ་དུ་གཟུང་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གང་ཡིན་པ
་དེའོ།། ཇི་ལྟར་བཟུང་བར་བྱ་ཞེ་ན། དེའི་ཕྱིར་མཛུབ་མོ་མཐེའུ་ཆུང་བསྣོལ་བ་ནི་ཞེས་གསུངས་ཏེ། མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་ཀྱིས་རྡོ་རྗེ་དེ་བཟུང་བ་སྟེ། ཁུ་ཚུར་གཡས་པའི་མཐེའུ་ཆུང་གཡོན་པའི་སྲིན་ལག་དང་མཐེའུ
་ཆུང་གི་བར་དུ་བཅུག་ལོ།། བཀན་ཏེ་ལྕགས་ཀྱུའི་ཚུལ་དུ་གཡས་པའི་མཛུབ་མོ་གཡོན་པའི་མཛུབ་མོ་དང་གུང་མོརི་བར་དུ་བཅུག་ལ་བཀན་ཏེ་ལྕགས་ཀྱུའི་ཚུལ་དུ་བྱ། གཡོན་པའི་མཛུབ་མོ་དང་མཐེའུ་ཆུང་ཡང་དེ་གཉིས་ཀྱི
་རྒྱབ་ཏུ་བཀྲན་ལ་ལྕགས་ཀྱུ་ལྟ་བུར་བྱས་ཏེ་བཞག་ལ་དེ་གཉིས་ཀྱི་བར་དུ་རྡོ་རྗེ་བཅུག་ལ་དམ་དུ་གཟུང་བར་བྱའོ།། རྡོ་རྗེའི་དགོས་པ་ནི་དངོས་གྲུབ་སྟེ། དཀྱིལ་འཁོར་འདིར་དེ་ཉིད་མཆོག་སྟེ་དམུ་པ་ཡིན་པས་ན་རྡོ་རྗེའི་དགོས
་མཆོག་དཀྱིལ་འཁོར་རོ།། སྒྲུབ་པའི་དུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་དབུས་སུ་བཞག་ལ་ཕྱག་རྒྱ་བཞི་བྲིས་ཏེ་དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱ་ལ། མཆོད་པ་དང་བཤོས་ལ་སོགས་པ་ཅི་ནུས་སུ་ཕུལ་ཏེ།
་གཏོར་མ་ཡང་བྱིན་ལ་གལ་ཏེ་བདག་ཉིད་ཀྱིས་བྲིས་པ་ཞིག་ན་སེམས་དཔའ་རྔོ་མའི་ཕྱག་རྒྱ་བཅིངས་ཏེ། དེས་ཕྲེང་བ་བླངས་ལ་ཕྲེང་བ་དེ་སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་ཏེ། དེ་ནས་ཕྲེང་བ་དེ་སླར་བླངས་ལ་དེ་བཞིན་གཤེགས
་བས་མགོ་ལ་བཅིངས་པར་བསམ་ཞིང་། བདག་ཉིད་ཀྱི་མགོ་ལ་བཅིང་བར་བྱ་སྟེ། དབང་བསྐུར་བ་ལྷག་མ་རྣམས་ཀྱང་དེ་ཉིད་ཀྱིས་སྩལ་བར་བསམ་པ་དང་། སྒྲུབ་པའི་ཕྱག་རྒྱ་དེ་ཡང་བསྲུང་བ་མཛད་ནས་དེ་བཞིན་གཤེགས་པ
་ཉིད་ཀྱིས་བཀའ་སྩལ་པར་བསམོ།། དེ་ལྟར་བསམས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་དུ་བྱས་ལ། དེ་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཏེ། དེ་ལས་གཞན་དུ་བཞུགསུ་གསོལ་ཏེ། གནས
་དེར་བསྟན་ཤིན་ཏུ་འཇམ་པོ་བཏིང་ལ། དྭེར་སྐྱིལ་མོ་ཀྲུང་གིས་འདུལ་སྟེ། བསྒྲུབ་པར་བྱ་བའི་ཕྱག་རྒྱ་ཇི་སྐད་གསུངས་པའི་ཚུལ་གྱིས་བཟུང་ལ། མཚན་ཐོག་ཐག་བཟླས་བརྗོད་བྱའོ།། གལ་ཏེ་བདག་ཉིད་ཀྱི་བྲི་བར་མི་ནུས་ན། ངེས
་སློབ་དཔོན་ལ་གསོལ་བ་བཏབ་ལ། དེ་ཉིད་ལས་དབང་བསྐུར་བ་ལ་སོགས་པ་མནོས་ཏེ། ཞུགས་ནས་འདུག་ལ་ཇི་སྐད་གསུངས་པའི་ཚུལ་བཞིན་དུ་བསྒྲུབ་པར་བྱའོ།། །། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་དཀྱིལ
་འཁོར་ཉེ་བར་བསྡུ་བར་བཞེད་པ་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བའི་ཚེ་དཀྱིལ་འཁོར་དུ་སྔར་མ་ཞུགས་པ་ཞིག་ཡིན་ན་དེ་ལ་སེམས་དཔའི་རྡོ་རྗེ་མ་ལ་སོགས་པའི་ཕྱག་རྒྱ་བཞི་བསླབ་པར་བྱ་སྟེ། སེམས
་དཔའ་རྡོ་རྗེ་མ་ལ་སོགས་པ་དེ་དག་ཉིད་ལ་ཕྱག་རྒྱ་ཆེན་པོའི་སྒྲར་གསུངས་སོ།། སངས་རྒྱས་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེ་སེམས་དཔའ་ལ་སོགས་པ་ལ་སྔགས་ཀྱི་བདག་པོར་གྱུར་པ་མེད་དོ།།
་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་ཞེས་བྱ་བྲ་ནི་རྡོ་རྗེ་བསྟོད་པའི་གླུ་ལེན་པ་དང་། ཕྱིའི་དཀྱིལ་འཁོར་དུ་མཆོད་པ་བྱ་བ་ལ་སོགས་པ་ནས་ལྷ་རྣམས་གཤེག་སུ་གསོལ་བའི་བར་དུ་སྟོན
་པ་ཡིན་ནོ།། རྡོ་རྗེའི་དངོས་གྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པོར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན་དུ། མི་བསྐྱོད་པ་ལ་སོགས་པའི་ཕྱག
་རྒྱ་བཞི་པའི་དཀྱིལ་འཁོར་ཡང་བྲི་བོར་བྱའོ་ཞེས་བསྒྲེ་བ་ཡིན་ནོ།། སོགས་པ་སྨོས་པས་ནི་རིན་ཆེན་འབྱུང་ལྡན་དང་ཚེ་དཔག་མེད་པ་དང་གདོན་མི་ཟ་བར་གྲུབ་པ་རྣམས་བསྡུའོ།། བྱང་ཆུབ་སེམས་དཔའི་གང་དང་གང་གི་ཕྱག་རྒྱ
་གོགང་དང་གང་སྒྲུབ་པར་འདོད་ན་ཕྱག་རྒྱ་བཞི་དཀྱིལ་འཁོར་གང་དང་གང་ཡིན་པ་དེ་དང་དྲིར་བདག་པོ་སྩལ་ལ་རང་གི་ལྷའི་རྣལ་འབྱོར་རམྦ། བདག་པོའི་རྣལ་འབྱོར་ཏུ་གནས་ཏཽ་ཕྱག་རྒྱ་དེ་དང་དེ་དག་བསྒྲུབ་པར་བྱ་བ་འོད་ནི་རྒྱུད
་ཐམས་ཅད་ཀྱི་ཚུལ་ཡིན་ནོ།། ནི་ཕྱག་རྒྱ་ཡང་འདི་ཉིད་དེ་རྣམས་སུ་ཡང་བྲི་བར་བྱ་འམ་ཞེས་ན། མ་ཡིན་ནོ།། འོ་ན་གང་ཞིག་ཅེ་ན། རང་རང་གི་ཕྱག་རྒྱ་རྣམས་སུ་ཞེས་བྱ་བ་སྟེ། མི་བསྐྱོད་པའི་དཀྱིལ་འཁོར་དུ་རྡོ་རྗེ་དང་ལྕགས་ཀྱི
་དང་མངའ་དང་མགུ་བ་རྣམས་བྲི་བར་བྱའོ།། དེ་བཞིན་དུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གཞན་རྣམས་སུ་ཡང་རང་རང་གི་ཕྱག་རྒྱ་རྣམས་བྲི་བར་ཤེས་པར་བྱའོ།། དངོས་གྲུབ་ཐམས་ཅད་ཀྱང་འགྲུབ་བོ་ཞེས་བྱ་བ་ནི་ཇི་ལྟར་མངོན་པར
་འདོད་པའི་དངོས་གྲུབ་རྣམས་སྩོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཞེས་བྱ་བ་ནི་ས་ལ་ཇི་ལྟ་བ་དེ་བཞིན་དུ་རིས་དང་རྩིག་པ་དང་། ནམ་མཁའ་དང་གནས་ཐམས་ཅད་བྲིས་སུ་ཟིན་ཀྱང་། ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ
་ཡོངས་སུ་སྨིན་པ་རྣམས་ཀྱི་དངོས་གྲུབ་ཀྱི་དུས་ལ་ངེས་པ་མེད་པ་ནི་དཀྱིལ་འཁོར་བརྟགས་པ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དཀྱིལ་འཁོར་བརྟག་པ་ནི་དཀྱིལ་འཁོར་བྲི་བའོ།། བརྩམས་ཏེ་ཞེས་བྱ་བ་ནི་དེ་ཕན་ཆད
་དོ་ལ་ལྔ་ནི་དཀྱིལ་འཁོར་དུ་ཞུགས་པ་དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ཀྱི་མཚན་མོ་ཞེས་བྱ་བ་དོན་ཏོ།། ཇི་ལྟར་འདོད་པ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་མངོན་པར་དགའ་བར་རོ།། ཞག་གཅིག་གིས་ཞེས་བྱ་བ་ནི་ཉིན
་མཚན་ཅིག་གིས་སོ།། མཚམས་མེད་པ་ལྔ་བྱས་པ་ཡང་ཞེས་བྱ་བ་འདིས་ནི་འདི་སྐད་སྟོན་ཏེ། སྒྲིབ་པ་ཤིན་ཏུ་ལྕི་བས་བསྒྲིབས་ཤིང་རྒྱུད་གཞན་ལས་སྤངས་པ་དེ་དག་ཀྱང་འདིར་འགྲུབ་པར་བསྟན་པ་ཡིན་ནོ།། ཇི་ལྟར་འདོད
་པབ་ཞེས་བྱ་བ་ནི་དུས་ཇི་སྲིད་དུ་ནུས་པ་དེ་སྲིད་དུ་བསྒོམ་པར་བྱས་ཀྱང་ངོ་།། བདེ་བླག་ཏུ་ཞེས་བྱ་བ་བསྙུང་བ་ལ་སོགས་པ་ཡང་མ་བྱས་པར་རོ།། དོན་ཐམས་ཅད་བྱེད་ཅིང་ཞེས་བྱ་བ་ནི་གང་གི་ཁྱིམ་གྱི་བྱ་བ་གང་ཡིན་པ་དེ
་ཡང་བྱེད་པའོ།། ཐམས་ཅད་དགའ་བ་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་ལ་རྗེས་སུ་དགའ་བར་བྱེད་པའོ།། བྲོ་ཞེས་བྱ་བ་ནི་ཚྭ་སྦྱར་ལ་སོགས་པ་གཞན་དག་ནས་བཀག་པ་དེ་ཡང་འདིར་ནི་དེ་བཞིན་དུ་མ་ཡིན་ནོ་ཞེས་སྟོན
་ཏོ། ཟླས་ཞེས་བྱ་བ་ནི་མུ་དོ་ཁའི་སྣུམ་ཁུར་དང་། སྣུམ་ཁུར་དང་། སྐྱ་ཁུར་ལ་སོགས་པའོ།། སྦྱོང་བ་ཞེས་བྱ་བ་ནི་སྦྱོང་ལམ་རྣམ་པ་བཞི་ལ་སོགས་པ་སྟེ། ཇི་སྐད་དུ་བཤད་པའི་དངོས་པོ་རྣམས་ཀྱིས་བདེ་བ་ཉམས་སུ་མྱོང་ཡང་། ལོ་གཅིག་གིས
་མཆོག་འགྲུབ་བོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དཀྱིལ་འཁོར་གཤེགསུ་གསོལ་བ་ཉིན་མེ་ནས་བརྩམས་ཏེ་ལོ་གཅིག་ལོན་གྱིཿབར་གྱིས་ཞེས་བྱ་བར་ཤེས་པར་བྱའོ།། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི
་རྒྱན་ལས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །། རྡོ་རྗེ་དངོས་གྲུབ་ཀྱི་དམ་ཚིག་ཕྱག་རྒྱ་སྒྲུབ་པའི་དཀྱིལ་འཁོར་བསྟན་ཟིན་ནས། ད་ནི་དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་གཅིག་པ་སྒྲུབ་པ་དང་། དམ
་ཚིག་བསྒྲུབ་པའི་དཀྱིལ་འཁོར་བསྟོན་ཏོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལ་སྟེ། ཕྱག་རྒྱ་བཞི་པོ་འི་དཀྱིལ་འཁོར་གྱི་རྗེས་ལའོ།། ཡང་ཞེས་བྱ་བ་ནི་རྡོ་རྗེ་དངོས་གྲུབ་ཀྱི་ཕྱག་རྒྱའི་དཀྱིལ་འཁོར་ལས་བལྟོས་པའོ།། སྐལ་པ
་ཕུན་སུམ་ཚོགས་པ་དང་ལྡན་པས་ན་བཅོམ་ལྡན་འོངས་སོ།། ཁྱད་པར་དུ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དངོས་གྲུབ་དམ་པ་ཡིན་པས་ན་དེ་བཞིན་གཤེགས
་བཐམས་ཅད་ཀྱི་དངོས་གྲུབ་དམ་པའོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ལ་སོགས་པའོ།། དེ་བྱིན་གྱིས་བརླབས་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་དོན་དང་ལྡན་པའི་མིང་འདི་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས
་པར་ཞུགས་པའོ།། མིང་ཇི་སྐད་ཅེས་བྱ་བ་ཞེ་ན། དེ་བཞིན་གཤེགསོ་བ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ་སྟེ། གོང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་ཆོས་མངོན་པར་རྟོགས་པར་བྱེད།
་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། ཐུགས་ལ་གནས་པ་འདི་རང་གི་ཐུགས་ཀ་ནས་ཕྱུང་བའོ།། དེ་ནས་ཞེས་བྱ་བ་ནི་རྗེས
་ཐོགས་ལྔ་སྟེ། སྙིང་པོ་གསུངས་པའི་རྗེས་ལའོ།། བྱང་ཆུབ་ཆེན་པོ་ལ་སེམས་དཔས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ།། ཕྱག་ན་རྡོ་རྗེ་མངའ་བས་ནི་ཕྱག་ན་རྡོ་རྗེའོ།། འཇིག་རྟེན་གྱི་ཁྱམས་མ་ལུས་པ་རྣམས་སུ་སེམས་ཅནྡ་གྱི་ཁམས
་སྨྲས་པ་མེད་པ་རྣམས་ཡོངསསུ་བསྐྱབ་པ་ན་ངན་སོང་ལ་སོགས་པ་ལས་སོ།། ཕན་པ་ནི་མི་འོངས་པ་ན་བདེ་བར་འགྱུར་བའི་ལས་གང་ཡིན་པའོ།། བང་བ་ནི་རྣམ་པར་ཤེས་པ་ལྟར་ཚོགས་དང་རྗེསུ་མཐུན་པའི་ཚོར་བ་གང་ཡིན་པའོ།།
་ཡིད་བདེ་བ་ཐམས་ཅད་ནི་ཡིད་དང་རྗེསུ་མཐུན་པའི་ཚོར་བ་གང་ཡིན་པ་སྟེ། ཇི་སྐད་བཤད་པ་དེ་དག་སེམས་ཅན་རྣམས་ཀྱིས་མྱོང་བར་བྱ་བའི་ཕྱིར་རོ།། གཞན་ཡང་དེ་འབའ་ཞིག་ཏུ་མ་ཟད་ཀྱི་ཇི་སྐད་དུ་གསུངས་པའི་འབྲས་བུ་དག
་འགྲུབ་པར་བྱ་བའི་ཕྱིར། བྱང་ཆུབ་ཀྱི་སེམས་ནས་བརྒྱ་མ་སྭཱ་ཏེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་སྟེ། འཚང་རྒྱ་བ་ཐོབ་པར་བྱ་བའི་བར་དུའོ།། ཐེག་པ་ཆེན་པོ་མངོན་པར་རྟོགས་པར་བྱ་བའི་ཕྱྀར་དཀྱིལ
་འཁོར་ཏེ། མངོན་པར་རྟོགས་པ་ནི་ཆོས་རྣམས་རབ་ཏུ་རྟོགས་པའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། བཤད་དོ་ཞེས་བྱ་བ་ནི་བཀའ་སྩལ་པའོ།། ཇི་ལྟར་བཤད་ཅེ་ན། དེ་ནས་རབ་ཏུ་བཤད་པ་ཞེས་བྱ་བ་ལ་སོགས་པ་གསུངས
་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། དམ་ཚིག་བསྟན་པ་མེད་པར་ནི་དམ་ཚིག་བསྲུང་བ་མི་འབྱུང་བས་ན་དེའི་ཕྱིར་ཡང་དག་པར་རབ་ཏུ་ཕྱེ་སྟེ་བི་ཤུད་པས་ན་རབ་ཏུ་བཤད་བྱ་བའོ།། སེམས་དཔའ་ཆེན་པོའི་དཀྱིལ་འཁོར
་ཡིན་པས་ན་སེམས་དཔའ་ཆེན་པོའི་དཀྱིལ་འཁོར་རོ།། ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་བྱ་བ་སྟེ། ཇི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ནཱ་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ།། མིང་ཇི་སྐད་བྱ་བ་ཞེ་ན། རྡོ་རྗེ་སེམས་དཔའ
་ཞེས་ཀྱང་བཤད་ཅེས་བྱ་བའོ།། དཀྱིལ་འཁོར་ཆེན་པོའི་ཚུལ་དྲ་ནཱཾ་ཞེས་བྱ་བླ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཕྱིའི་དཀྱིལ་འཁོར་བྲིས་ལ། རྡོ་རྗེ་ཐིག་གི་བཏབ་པའི་དབུས་སུ་ཟླ་དའི་དཱཀྱིལ་འཁོར་བྱས་ནས་རྡོ་རྗེ
་སེམས་དཔའ་དགོད་པོར་བྱའོ།། དེ་ནས་ཞེས་པ་ནི་བྲིས་པའི་རྗེས་ཐོགས་ལའོ།། དགུག་པོ་དང་གཞུག་པ་ལ་སོགས་པ་ཞེས་སྨོས་པས་མནའ་བསྒག་པ་དང་། དབབ་པ་དང་། མེ་ཏོག་དོར་བ་དང་། མེ་ཏོག་གི་ཕྲེང་བ་བཅིང་བ་དང་།
་གདོང་གཡོགས་དགྲོལ་བ་དང་། དཀྱིལ་འཁོར་བསྟན་པ་དང་། དབང་བསྐུར་བ་རྣམ་པ་མང་པོ་སྦྱིན་པ་ལ་སོགས་པ་བསྡུའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པའི་དངོས་གྲུབ་དེའི་ཡེ་ཤེས་རྣམས་བསྐྱེད་པར་བྱའོ།།
་དེ་ལ་ཐོག་མ་ཁོ་ནར་མནའི་སྙིང་པོ་སྦྱིན་པར་བྱ་སྟེ། དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་མ་མཐོང་བའོ།། གསང་བ་འདི་ཞེས་བྱ་བ་ནི་གང་འདི་ནས་སྤྲོས་པ་རྣམས་ཐམས་ཅད་དུ་བཤད་དུ་མྱི
་རུང་བས་ན། ཁོང་དུ་མ་ཆུད་ཅིང་མི་མཁས་པ་རྣམས་ལ་གསང་བར་བྱ་དགོས་སོ།། གལ་ཏེ་སྨོས་ན་ཉེས་པ་ཅི་ཞིག་ཏུ་འགྱུར་ཞེ་ན། དེའི་ཕྱིར་ཁྱོད་ངན་སོང་ཐམས་ཅད་དུ་ལྷོང་བ་འམ་ཞེས་བྱ་བ་གསུངས་ཏེ། ལོག་པར་འགྲོ་བ་ས་ན་ངན་སོང
་སྟེ། བདེ་འགྲོར་སྐྱེས་པ་ལས་དམྱལ་བ་ལ་སོགས་པའི་གནས་སུ་སྐྱེས་པ་ནཱི་ངན་སོང་དུ་ལྟུང་བ་སྟེ། ངན་སོང་དེ་དག་ཏུ་ལྟུང་བར་གྱུར་ཏ་རེ་ཞེས་བྱའོ།། མཱི་བདེ་བ་མ་སྤངས་བསོ་ཞེས་བྱ་བ་ནི་ཉམ་ཐགས་པ་རྐྱེན་དང་ཁང་ཉེ་བར
་གྱུར་པ་སྟེ། དེ་མ་སྤངས་པ་ནི་སྤྱོད་པོར་བྱེད་བྱས་ན་མི་བདེ་བ་མ་སྤངས་པའོ།། མི་བདེ་བ་མ་སྤོ་ངས་པས་དེས་དུས་མ་ཡིན་པར་འཆི་བར་འགྱུར་བ་སྟེ། ཚེ་ཇི་སྲིད་གནས་པར་འབངས་པ་དེ་སྲིད་དུ་གནས་འཆི་བ་ནི་དུས་སུ་འཆི་བ་ཡིན།
་ནས་དུས་མ་ཡིན་པར་འཆི་བསོ་ན་དུས་མ་ཡིན་པར་ཤི་བ་སྟེ། བར་མ་དོར་འཆི་བར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་མནའ་བསྒག་པའི་རྗེས་ཐོགས་ལའོ།། རྡོ་རྗེ་སེམས་དཔའི་དངོས་གྲུབ
་དམ་པ་སྟེ། འདིས་སྒྲུབ་པར་བྱ་བ་ཡིན་པས་ན་སྒྲུབ་པ་སྟེ། དེའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་བསྟན་པར་བྱའོ་ཞེས་པའོ།། རྡོ་རྗེ་ཕྲ་མོ་བསྒོམ་པ་བྱས་ལ་ཟླ་བའི་དཀྱིལ་འཁོར་བསྒོམ་པའང་ཇི་སྐད་གསུངས་པ་བཞིན
་དུ་བྱ་སྟེ། ཟླ་རྒྱས་དཀྱིལ་འཁོར་ལ་འདུག་སྟེ་ཞེས་བྱ་བ་ནི་ཟླ་བ་ཡེ་ང་ཡིན་ལ་རྒྱས་པ་ཡང་ཡིན་པས་ན་ཟླ་རྒྱས་སོ།། ཟླ་བ་རྒྱས་པ་དེའི་དཀྱིལ་འཁོར་ཡིན་པས་ན་ཟླ་རྒྱས་དཀྱིལ་འཁོར་རོ།། དེ་ལ་འདུག་པས་ན་ཟླ་རྒྱས་དཀྱིལ་འཁོར་ལ
་འདུག་སྟེའོ།། ཕྱག་རྒྱ་ཆེན་པོ་གཟུང་བས་ན་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ཡོངས་སུ་གཟུང་བའོ།། བདག་ཉིད་རྡོ་རྗེ་སེམས་དཔར་ནི་བསྒོམས་ན་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་གོམས་པར་བྱས་ན་མྱུར་བ་ཉིད་དུ
་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ད་ནི་དཱ་ནས་ཞེས་བྱ་བ་ལ་སོགས་པས་ཇི་སྐད་གསུངས་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་གསང་བའི་དམ་ཚིག་གང་ཡིན་པ་དེ་སྟོན་ཏོ།། འདོད་ཆགས་བྲལ་བ་ཞེས་བྱ་བ་ནི་འདི་དེ་ཆགས་དང
་བྲལ་བའི་སྒོ་ནས་ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི་སྐུལ་བ་ཅན་དུ་སྟོན་ཏོ།། ལྟ་བུ་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དེ་དང་འདྲ་བར་བྱེད་པའི་སྡིག་པ་གཞན་ནི་ཁམས་གསུམ་ཐམས་ཅད་ན་མེད་དེ། གང་གི་ཕྱིར།
་སྡིག་པ་ཐམས་ཅད་ཀྱི་ནང་ན་མི་བཟང་བ་ནི་མཚམས་མེད་པ་ཡིན་ཏེ། དེ་བྱས་སུ་ཟིན་ཀྱང་ངན་སོང་དུ་སྐྱེས་ནས་སྡིག་པ་ཐམས་ཅད་ཟད་པར་བྱས་ཏེ། སྒོར་བྱང་ཆུབ་ཀྱི་སྐལ་བ་ཅན་དུ་འགྱུར་གྱི།། འདོད་ཆགས་དང་བྲལ་བར་བྱས།
་ནས་ཉན་ཐོས་དང་རང་སངས་རྒྱས་སུ་གྱུར་པ་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་སྐལ་བ་ཅན་དུ་མི་འགྱུར་རོ།། དེ་བས་ན། འདོད་ཆགས་བྲལ་བའི་སྡིག་ལྟ་བུ།། ཁམས་གསུམ་ན་ཡང་གཞན་མེད་དེ་ཞེས་བྱ་བ
་གསུངས་པ་ཡིན་ནོ།། དེ་ལྟ་བས་ན། དེ་བས་འདོད་པའི་ཆགས་བྲལ་བར།། ཁྱོད་ཀྱིས་ཀྱང་ནི་མ་བྱེད་ཅིག་ཅེས་བྱ་བ་གསུངས་པ་ཡིན་ཏེ། འདོད་པ་ནི་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ལ་བྱ་སྟེ། དེ་ལ་འདོད་ཆགས་དང་བྲལ་བར
་ཞེས་བྱ་བ་ནི་རྒྱབ་ཀྱི་ཕྱོགས་པར་མི་བྱ་བའོ།། དེ་བས་ན་བྱང་ཆུབ་ཏུ་སེམས་མ་བསྐྱེད་པས་ནི་ཉོན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ནི་འདོད་ཆགས་དང་བྲལ་བའི་འཁོར་ལོ་ཡིན་ཏེ། འདོད་ཆགས་དང་བྲལ་བའི་ཕྱིར་འཁོར་ལོ
་ཡིན་པོས་སོ།། དེ་ལ་ལྷོག་པར་མོས་པོ་ཡང་འདོད་ཆགས་དང་བྲལ་བ་ལ་མོས་པ་ཡིན་པས་འདོད་ཆགས་དང་བྲལ་བའི་འཁོར་ལོ་ཞེས་བྱའོ།། དེ་གཞོམ་པར་བྱ་བ་ནི་སློབ་དཔོན་གྱིས་ཕཊ་ཅེས་བྱ་བའི་སྙིང་པོ་བརྗོད་པ་ཡིན་ཏེ།
་དེ་བྱས་འདོད་ཆགས་དང་བྲལ་བའི་འཁོར་ལོ་བཅོམ་པ་བྱས་པ་ཡིན་ནོ།། དེ་ནས་མནའི་སྙིང་པོ་བརྗོད་པར་བྱ་ཞེས་བྱ་བ་ནི་ཁྱོད་ཀྱིས་འདི་སུཾ་ལ་ཡང་མ་བསྟན་ཅིག་ཅེས་བྱ་བ་ལ་སོགས་པའོ།། དེ་ལྷོར་ཞེས་བྱ་བ་ནི་ཇི་ལྟར་ཕྱག་རྒྱ
་གཅིག་པའི་དཀྱིལ་འཁོར་འདིར་བྱ་བ་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་དབྱིངས་ལ་སོགས་པ་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་ཡང་ལྷ་གཤེགས་སུ་གསོལ་བའི་ཚེ། བྱང་ཆུབ་ཀྱི་སེམས་ཡོངསུ་སྤོ
་བའི་མཚན་ཉིད་འདོད་ཆགས་དང་བྲལ་བ་ལྟ་བུའི་སྡིག་པ་གཞན་མེད་དོ་ཞེས་བྱ་བ་ལ་སོགས་པའི་སྡོམ་པ་དང་དམ་ཚིག་སྦྱིན་པར་བྱའོ་ཞེས་བསྒྲེ་བ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་དམ་ཚིག་དང་སྡོམ་པ་སྦྱིན་ནས། རྡོ་རྗེ་སེམས
་དཔའ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་རྣམས་བསླབ་པར་བྱའོ་ཞེས་པའོ།། དངོས་གྲུབ་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་པོ་འདི་དག་གི་དངོས་གྲུབ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར
་དུ་ཇི་སྐད་གསུངས་པ་འདིར་ཡང་དེ་བཞིན་དུ་ཤེས་པར་བྱའོ་ཞེས་སྟོན་ཏོ།། དཀྱིལ་འཁོར་འདིར་དངོས་གྲུབ་ཇི་ལྟར་བསྟན་པ་དེ་བཞིན་དུ་རས་དང་རྩིག་པ་ལ་སོགས་པ་ལ་དཀྱིལ་འཁོར་བྲིས་པའི་དངོས་གྲུབ་རྣམས་ལ་ཡང་བརྗོད
་པར་བྱའོ།། སྐུ་གཟུགས་ཐམས་ཅད་ཅེས་བྱ་བ་ནི་གསེར་དོང་དངུལ་ལས་བྱས་པ་ནས་རྡོ་དང་ཤིང་ལས་བྱས་པའི་བར་བགྱིའོ།། ཇི་ལྟར་འདོད་པའི་ཞེས་བྱ་བ་ནི་རྣལ་འབྱོར་པ་འདིའི་སེམས་གང་དང་གང་གི་རྩེ་གཅིག་ཏུ་གྱུར་པ་དེ་ད
་དེ་ཉིད་ནི་དེའི་ཆོ་ག་ཡིན་ཏེ། ཇི་ལྟར་འདོང་པོའི་ཆོ་ག་ངེས་ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་སྦྱིན་པོར་འགྱུར་བ་ནི་ཇི་སྐད་གསུངས་པའི་དངོས་གྲུབ་ནི་དངོས་གྲུབ་ཐམས་ཅད་དེ། དོན་གྱི་དངོས་གྲུབ་དང་། རིགས་པ་འཛིན་པའི་དངོས
་གྲུབ་དང་། རྫུ་འཕྲུལ་གྱི་དངོས་གྲུབ་དང་། དངོས་གྲུབ་དམ་པ་ལ་སོགས་པ་རྣམས་སོ།། དངོས་གྲུབ་རྣམས་ཇི་ལྟར་སྦྱིན་པར་བྱ་ཞེ་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་ཞེས་བྱ་བ་སྟེ། ཇི་ལྟར་ཞུགས་པ
་རྣམས་མགུ་བར་བྱས་ནས་ཞེས་བྱ་བ་ལ་སོགས་པ་བྱ་བ་ལྷག་མ་རྣམས་དཔེའི་ཚུལ་གྱིས་བསྒྲེ་བ་ཡིན་ནོ།། སྔར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདུ་བ་དང་བྱིན་གྱིས་བརླབས་མཛད་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་རྟོག་པ
་བཤད་པའི་གསོལ་བ་བཏབ་པ་ཡིན་ནོ།། །། ད་ནི་གསུང་བའི་རྟོག་པ་སངས་རྒྱས་ཀྱི་གསུང་ཡིན་པར་བཤད་པའི་ཕྱིར། དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟོན་ཏེ། ཡང་དེ་བཞིན་གཤེགས་པ
་ཐམས་ཅད་འདུ་བ་དང་། བྱིན་གྱིས་བརླབ་པ་ནི་ལེགས་སོ།། བྱ་བའི་ཕྲིན་ལས་མཛད་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་ནི་བཅོམ་ལྡན་འདས་ཏེ། རྡོ་རྗེ་སེམས་དཔའོ།། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་བདག་པོར་གྱུར་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་དེ་ལའོ།། བྱང་ཆུབ་ཆེན་པོ་ལ་སེམས་དཔས་ན་བྱང་ཆུབ་ཀྱི་སེམ་ཆེན་པོ་སྟེ།
་བྱང་ཆུབ་ཀྱི་སེམས་ཆེན་པོ་དེ་ལའོ།། རྡོ་རྗེའི་རང་བཞིན་གྱི་སེམས་དཔའ་ཡིན་པས་ན་རྡོ་རྗེ་སེམས་དཔའ་སྟེ། རྡོ་རྗེ་སེམས་དཔའ་དེ་ལའོ།། ཕྱག་ན་རྡོ་རྗེ་ཆེན་པོ་ནི་བཅོམ་ལྡན་འོངས་ཀུན་ཏུ་བཟང་པོ་སྟེ། ཕྱག་ན་རྡོ་རྗེའོང་ཡིན་ལ་ཆེན་པོ
་ཡང་ཡིན་པས་ཕྱག་ན་རྡོ་རྗེ་ཆེན་པོ་སྟེ། ཕྱག་ན་རྡོ་རྗེ་ཆེན་པོ་དེ་ལའོ།། རྡོ་རྗེ་དགྱེས་པ་ནི་མགུ་བའི་ཕྱག་རྒྱ་ལེགས་སོ་ཞེས་བྱ་བ་བྱིན་པའོ།། ད་ནི་སྙིང་པོ་སྟོན་ཏེ། ལེགས་སོ་རྡོ་རྗེ་སེམས་དཔའ་ཁྱོད་ཅེས་བྱ་བ་ནི་དཀྱིལ་འཁོར་གང་རྡོ་རྗེ
་སེམས་དཔའི་གཟུགས་ཀྱིས་བཤད་པ་དེ་ནི་ཁྱོད་ལེགས་སོ་པའོ།། རྡོ་རྗེ་རིན་ཆེན་ཁྱོད་ལེགསོ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་གཟུགས་ཀྱིས་དཀྱིལ་འཁོར་གང་བཤད་པ་དེ་ཡང་ལེགསོ་པའོ།། རྡོ་རྗེ་ཆོས་ཁྱོད་ལེགས་པ་སྟེ།
་ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་གཟུགས་ཀྱིས་དཀྱིལ་འཁོར་གང་བཤད་པ་དེ་ཡང་ལེགས་སོ་བའོ།། རྡོ་རྗེ་ལས་ནི་ཁྱོད་ལེགསོ་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་གཟུགས་ཀྱི་དཀྱིལ་འཁོར་གང་བཤད་པ་དེ་ཡང་ལེགསོ་བའོ།། དེ་ལྟར་ལོགསོ་ཞེས་བྱ་བ
་བྱིན་ནས་ལེགས་པར་སྨྲས་པ་ཡིན་ནོ།། ཞེས་གསུངས་པ་ལས་ན། སངས་རྒྱས་ཀྱིས་རྗེསུ་གནང་བ་ཡིན་ནོ་ཞེས་བསྒྲགས་པ་ཡིན་ནོ།། དེ་ཡང་གང་གི་ཕྱིར་སངས་རྒྱས་ཀྱི་གསུང་ནི་རྣམ་པ་གཉིས་ཏེ། སངས་རྒྱས་རྣམས་ཀྱིས་གསུངས་པ་དང་།
་སངས་རྒྱས་ཀྱི་རྗེས་སུ་སྨྲ་བའོ།། སངས་རྒྱས་ཀྱི་རྗེས་སུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་གནང་ནས། འཕགས་པ་རྣམས་ཀྱིས་བཤད་པ་དང་། དེ་ལ་ལེགསོ་བྱ་བ་བྱིན་པས་སངས་རྒྱས་ཀྱིས་རྗེསུ་གནང་བར་བཤད་པ་ཡིན་ནོ།། རྡོ་རྗེ
་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེ་ཐེག་པའོ།། དེ་ཡང་འོངས་འགྲོ་བས་ནི་ཐེག་པ་སྟེ། སྔགས་ཀྱི་སྤྱོད་པའི་ཚུལ་དུ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་ཐེག་པ་གཞན་དག་ཀྱང་ཡོད་པས་ན་འདི་ནི་རྣལ་འབྱོར་གྱི་རྒྱུད་ཡིན་པའི་ཕྱིར་བླ་ན
་མེད་པའོ།། དེ་བཞིན་གཤེགས་པ་ཀུན་གྱི་གསང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡིན་པས་ན་དེ་བཞིན་གཤེགས་པ་ཀུན་གྱིའོ།། དེ་གང་ཡིན་ཞེ་ན། དེའི་ཕྱིར་གསང་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་དུ་བསྒྲགས
་པར་བྱ་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། ཐེག་པ་ཆེན་པོ་མངོན་བསྡུས་པའི་ཞེས་བྱ་བ་ནི་འདིས་འགྲོ་བས་ན་ཐེག་པ་སྟེ། བྱང་ཆུབ་སེམས་དཔའི་ས་བཅུ་མོས་པས་སྤྱོད་པའི་ས་དང་བཅས་པ་དང་བཅུ་གཅིག་གོ།། ཡང་ན་བགྲོད་པར་བྱ་བ
་ཡིན་པས་ན་ཐེག་པ་སྟེ། སངས་རྒྱས་ཀྱི་ས་ཀུན་ཏུ་བཟང་པོའོ།། ཆེན་པོ་རྣམས་ཀྱི་ཐོག་པ་ཡིན་པས་ན་ཐེག་པ་ཆེན་པོ་སྟེ། དེ་སྟོན་པར་བྱེད་པའི་གཞུང་ལ་ཡང་ཐེག་པོ་ཆེན་པོ་ཞེས་བྱའོ།། འདི་ནི་ཐེག་པ་ཆེན་པོ་དེའི་མངོན་སུམ་དུ་གྱུར
་པས་བསྡུས་པ་ཡིན་པས་ན་ཐེག་པ་ཆེན་པོ་མངོན་པར་བསྡུས་པ་སྟེ། བསྡུས་པ་ནི་མདོར་བསྡུས་པའོ།། དེ་གང་ཞིག་ཅེ་ན། མདོ་སྡེ་འདི་ནི་ཞེས་བྱ་བ་གསུངས་ཏེ། མདོ་ཙམ་དུ་སྟོན་པས་ན་མདོ་སྡེའོ།། ལེགས་བཤད་ཅེས་བྱ་བ་ནི་ཡང
་དག་པར་བཤད་པས་ན་ལེགས་པར་བཤད་པ་སྟེ། ཕྱིན་ཅི་མ་ལོག་པར་གསུངས་པར་ཞེས་བྱ་བའི་དོན་ཏོ།། ད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆེ་བོའི་བདག་ཉིད་སྟོན་ཏེ། གང་གི་ཕྱིར་རྟོགས་པ་རྒྱས་པ་རྣམ་པ་མང་པོ་གསུངས་པ་གང
་ཡིན་པ་འདི་དག་ཐམས་ཅད་ནི་བྱང་ཆུབ་ཀྱི་སེམས་དེའི་ཆེ་བའི་བདག་ཉིད་ཡིན་པས་ན་དེའི་ཕྱིར་དེའི་ཆེ་བའི་བདག་ཉིད་དུ་བསྟན་པ་ཡིན་ནོ།། དེ་ལ་རེ་ཞིག་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལྟ་ཞོག་གི། མིང་ཙམ་ཞིག་གཟུང་བ་ཡང་དངོས
་གྲུབ་ཏུ་བྱེད་པའི་མཆོག་ཡིན་ཏེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་མཚན་གང་ཡིན་པ་དེ་དག་པོ་སྟེ། བསམ་པ་རྣམ་པར་དག་པས་དེ་སྒྲུབ་པར་བྱེད་ན་སངས་རྒྱས་ཉིད་ཀྱང་བདེ་བར་འཐོབ་ཅེས་བྱ་བ་སྟེ། དཀའ་བར་སྤྱོད་པ་མེད་པར
་འཐོབ་བོ་ཞེས་བྱ་བའི་དོན་ཏོ།། དེ་སྐད་དུ་སྟོན་པར་བྱེད་པ་དག་གིས་ཀྱང་། གང་ཕྱིར་ཁྱོད་ཀྱི་བསྟན་པ་ནི།། བདེ་བས་བདེ་བ་ཐོབ་བགྱི་ང་བས།། དེ་བས་སྨྲ་བའི་སེང་གེ་ནི།། ཁྱོད་ཀྱིས་བསྟན་ལ་མཁས་པ་དགའ།། ཞེས་བཤད་པ་ལྟ
་བུའོ།། རྡོ་རྗེ་ཆོས་ཀྱིས་སྦྱོར་བས་ནི་ཞེས་བྱ་བ་ལ། རྡོ་རྗེའི་ཆོས་ནི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྟེ། དེའི་སྦྱོར་བ་ནི་པདྨོའི་འདབ་མ་རྣམ་པར་འབྱེད་པའི་ཚུལ་གྱིས་འདོད་ཆགས་རང་བཞིན་གྱིས་རྣམ་པར་དག་པ་ལ་གཟིགས་པ་ཉིད་དོ།།
་འདོད་པ་ཀུན་གྱི་བདེ་བས་བདེ་ཞེས་བྱ་བ་ལ། འདོད་པ་ནི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རིག་བྱ་རྣམས་སོ།། དེ་རྣམས་ཀྱི་བདེ་བ་གང་ཡིན་པ་ནི་འདོད་པ་ཀུན་གྱི་བདེ་བའོ།། ཁ་ན་མ་ཐོ་བ་མེད་པའི་བདེ་བ་མི་དགེ་བ་བཅུའི་ལས་ཀྱི་ལམ
་ལས་བྱུང་བ་མ་ཡིན་པ་དེས་བདེ་བ་བསྒྲུབས་པ་ནི་ཏིང་ངེ་འཛིན་གྱི་བདེ་བ་ཡིན་ཏེ། གང་གི་ཕྱིར་བདེ་བ་ལས་སེམས་རྩེ་གཅིག་པར་འགྱུར་རོ།། འདི་སྐད་ཅེས་ཀྱང་གསུངས་ཏེ། དཀའ་ཐུབ་དཀའ་སྩང་མི་བཟད་པས།། ལུས་ཅན་ལུས་ནི་སྐམ
་འགྱུར་ཞིང་། སྡུག་བསྔལ་གྱིས་ནི་སེམས་གཡེངས་ལ།། གཡེངས་པས་དངོས་གྲུབ་གཞན་དུ་འགྱུར་ཞེས་བྱ་བའོ།། དེ་བས་ན་ཏིང་ངེ་འཛིན་གྱི་བདེ་བ་དེས།། ཚེ་འདི་ཉིད་ཀྱིས་འགྲུབ་པས་ན།། བདེ་བ་མི་ཟད་མེད་མི་འགྱུར་ཞེས་བྱ་བ་སྟེ།
་མི་ཟད་པ་དང་མི་འགྱུར་བའི་བདེ་བ་ནི་སངས་རྒྱས་ཀྱི་བདེ་བའོ།། འདི་སྐད་སྟོན་ཏེ། བྱང་ཆུབ་ཏུ་སེམས་བསྐྱོད་ཅིང་། བྱང་ཆུབ་སེམས་དཔའི་སྡོམ་པ་མནོས་ནས་བསླབ་པ་ལྔ་དང་ལྡན་ལ། མི་དགེ་བ་བཅུའི་ལས་ཀྱི་ལམ་ལས་བྱུང་བ་མ
་ཡིན་ཞིང་། དགེ་བ་བཅུའི་ལས་ཀྱི་ལམ་གྱི་ཡན་ལག་ཏུ་འགྱུར་བའི་འདོད་པ་ཐམས་ཅད་ལ་ཡང་སྤྱོད་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་གི་བདེ་བ་ཐམས་ཅད་ཀྱང་མྱོང་བར་བྱེད་ཅིང་། བདེ་བ་ཉིད་དུ་ཁྱིམ་ན་གནས་ཀྱང་ཏིང་ངེ་འཛིན་བརྒྱ
་སྟོང་དཔག་ཏུ་མེད་པ་ཐོབ་ལ། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡེ་ཤེས་ཀྱི་ཚོགས་ཀྱང་ཡོངསསུ་རྫོགས་པར་བྱེད་པ་སྟེ། དཔེར་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ཉིད་རྒྱལ
་པོ་ཤིན་ཏུ་ལྟ་ན་སྡུག་པར་གྱུར་པ་ན་དེའི་ཚེ་འཁོར་ལོས་སྒྱུར་བ་ཆེན་པོར་གྱུར་ཅིང་། ཁང་བཟང་རིན་པོ་ཆེའི་ཀ་བ་བརྒྱད་ཁྲི་པ་མ་བཞུགས་ལ། བཙུན་མོ་གཉེ་ལྡན་མ་ལ་སོགས་པ་བཙུན་མོ་བརྒྱད་ཁྲི་མངལ་རུ་ཟིན་ཀྱང་། དེ་ལྟ
་བུའི་ཁབ་ན་བཞུགས་བཞིན་དུ་ཡེ་ཤེས་ཀྱི་ཚོགས་འདི་ལྟ་བུ་ཡོངས་སུ་རྫོགས་པར་མཛད་པ་ལྟ་བུའོ།། དེ་སྐད་དུ་བསྟོད་པ་བྱེད་པ་ལ་ལ་ངག་གིས།། ཡུལ་གྱི་དགའ་བ་བསྟེན་པས་འཇིག་རྟེན་སྡུག་བསྔལ་རྣམས་ཀྱི་གཡེན་སྤྱོ
་ཡིས་བདག་ཏུ་ཆགས་པ་མེད་པའི་བཟོད་ལྡན་ཐུགས་རྗེས་བྱང་ཆུབ་ཐུགས་སུ་ཆུད་ཅིང་།། གླིང་བཞིའི་དབང་ཕྱུག་ངག་གི་ཡུལ་རྣམས་ཀྱིས་ཀྱང་ཐུགས་འཕྲོགས་མ་གྱུར་པར།། གཞན་ལ་ཕན་འདོགས་མཆོག་གིས་དུས་འདོལ
་མཛད་པ་ཁྱོད་ནི་གཅིག་པུ་ལགས། ཞེས་བཤད་པ་ལྟ་བུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དེ། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས།།
་ནད་ཀྱི་དེ་ཁན་བྱེད་དོ།། དེ་ནི་འབྲུམ་ཡོད་ཅེས་གླགསུ་ལ། འདི་ནི་དེར་བསྡུས་པ་ཡིན་ཏེ། བསྡུས་པ་དེ་ལས་རྟོག་པ་གཅིག་ཡིན་ནོ།། མིང་ཇི་སྐད་ཅེས་བྱ་ཞེམ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན
་པོ་མངོན་པར་རྟོགས་པ་ཞེས་བྱ་བའོ།། རྟོག་པའི་རྒྱལ་པོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྟོག་པའི་རྒྱལ་པོ་ཆེན་པོ་སྟེ། གཞན་རྣམས་ལས་ཤིན་ཏུ་ཁྱད་པར་དུ་འཕགས་པའི་ཕྱིར་རོ།། དེ་ཡང་མངོན་པར་བྱང་ཆུབ་པའི་རིམ་པ
་འདི་ཉིད་དུ་སྐྱོན་གྱིས། གཞན་དྲུག་ཏུ་ནི་མ་ཡིན་པའི་ཕྱིར། དེ་བས་ན་རྟོག་པའི་རྒྱལ་པོ་ཆེན་པོ་ཞེས་བྱའོ།། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པོ་ཀོ་ས་ལའི་རྐྱེན་ལས་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པའི
་རྒྱལ་པོའི་འགྲེལ་པ་རྫོགས་སོ།། །། འགྲོ་བ་རྣམས་ཞི་བར་བྱ་བའི་ཕྱིར། ཐེག་པ་ཆེན་པོ་མངོན་པར་རྟོགས་པ་བསྟན་བྱིན་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྟོན་པར་བཞེད་དེ།། དེ་བཞིན་གཤེགས
་པ་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ཉིད་ཀྱི་རྡོ་རྗེ་སེམས་དཔའ་ལ་རྟོག་པ་ཇི་ལྟར་སྟོན་པའི་དོན་དང་། དཀྱིལ་འཁོར་བླ་ན་མེད་པའི་དོན་སྟོན་པར་འགྱུར་བའི་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་པར་མཛད་པ་ཡིན་ནོ།། དེ་ན
་ཞེས་བྱ་བའི་སྒྲ་ནི་རྗེས་ཐོགས་ལའོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་སངས་རྒྱས་ཐམས་ཅད་།། ཡང་གཅིག་ཏུ་འདུས་པར་གྱུར་ཏེ་ཞེས་བྱ་བ་ལ་ཡོང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར
་རྟོགས་པའི་རྟོག་པ་ལས་བལྟོས་པའོ།། གཅིག་ཏུ་འདུས་པ་ནི་ཚོགས་པའོ།། རྒྱུར་ཏེ་ཞེས་བྱ་བ་ནི་མཛད་པའོ།། སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་ན་བཅོམ་ལྡན་འདས་སོ།། དེ་ལྟ་བས་ན་བཅོམ་ལྡན་འདས་དེ་ལའོ།། དེ
་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་འཁོར་ལོ་ཆེན་པོ་བསྐོར་བ་ཡང་ཡིན་པས་དྲི་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་སྟེ། ཕྱག་རྒྱ་དང་བཅས་པའི་རྒྱུད་ཐམས་ཅད་ཀྱི་འཁོར་ལོ་བསྐོར་བས
་ཁོར་ལོ་ཆེན་པོ་བསྐོར་བ་སྟེ། འཁོར་ལོས་སྦྱར་བ་དེ་ལའོ།། མཚན་བརྒྱ་རྩ་བརྒྱད་པ་འདིས་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། གསོལ་བཏབ་པ་ནི་སྐུལ་མ་འདོབས་པའོ།། དེ་ལ་དང་པོ་ཁོ་ནར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར
་ཆེན་པོའི་སྒོ་ནས་བསྟོད་པ་ཡིན་ལ། དེ་ལས་ཀྱི་ང་དང་པོར་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པས་སྔགས་ཀྱི་དོན་ལ་བསྟོད་པ་ཡིན་ནོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་སོ།། རྡོ་རྗེ་ཆེ་ཞེས་བྱ་བ་ནི
་རྡོ་རྗེ་རྒྱལ་པོའི་སྒོ་ནས་སོ།། རྡོ་རྗེ་མགོན་པོ་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་སྒོ་ནས་སོ།། རབ་སྒྲུབ་མཛད་ཅེས་བྱ་བ་ནི་རྡོ་རྗེ་ལེགས་པའི་སྒོ་ནས་ཏེ། འདིར་ཡང་དོན་གྱིས་བསྟན་པར་རིག་པར་བྱའོ།། རྡོ་རྗེ་དབང་བསྐུར་ཞེས་བྱ་བ་ནི
་རྡོ་རྗེ་རིན་ཆེན་གྱི་སྒོ་ནས་སོ།། རྡོ་རྗེ་འོད་ཅེས་བྱ་བ་ནི་རྡོ་རྗེ་ཉི་མའི་སྒོ་ནས་སོ།། རྡོ་རྗེ་དཔའ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་མཚན་གྱི་སྒོ་ནས་སོ།། རྡོ་རྗེ་བཞད་པ་ཞེས་བྱ་བ་ནི་རྡོ་རྗེ་བཞད་པའི་སྒོ་ནས་སོ།། ཆོས་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་སྒོ
་ནུས་སོ།། རྡོ་རྗེ་རལ་གྲི་མཆོག་ཅེས་པོ་ཞེས་བྱ་བ་ནི་རྡོ་རྗེ་རྣོན་པོའི་སྒོ་ནས་སོ།། དཀྱིལ་འཁོར་ཀུན་གྱི་རྒྱལ་པོ་མཆོག་ཅེས་བྱ་བ་རྡོ་རྗེ་རྒྱུའི་སྒོ་ནས་ཏེ། དཀྱིལ་འཁོར་ཀུན་ཀྱང་ཡིན་ལ་རྒྱལ་པོའི་མཆོག་ཀྱང་ཡིན་པས
་དཀྱིལ་འཁོར་ཀུན་གྱི་རྒྱལ་པོའི་མཆོག་སྟེ། དཀྱིལ་འཁོར་ཐམས་ཅད་དུ་སྡུད་པར་མཛད་པའི་ཕྱིར་རོ།། སྤྲོས་མེད་ཅེས་བྱ་བ་ནི་རྡོ་རྗེ་སྨྲ་བོའི་སྒོ་ནས་སོ།། རྡོ་རྗེ་ལས་ཞེས་བྱ་བ་ནི་རང་གི་མཚན་ཉིད་སྨོས་པར་ཟད་ངོ་།། བསྲུང་བ་ཆེ།
་ཞེས་བྱ་བ་ནི་རྡོ་རྗེ་བསྲུང་བའི་སྒོ་ནས་སོ།། གནོད་སྦྱིན་གཏུམ་པོ་གདོན་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྒོ་ནས་སོ།། རྡོ་རྗེ་ཁུ་ཚུར་ཕྱག་རྒྱ་ཆེ་ཞེས་བྱ་བ་ལ། ཇི་ལྟར་ཕྱོག་རྒྱ་ཆེ་བ་ཡིན་ཞེ་ན། ཕྱག་རྒྱ་ཐམས་ཅད་རབ་ཏུ་སྡོད་པ་ཡིན
་པའི་ཕྱིར་རོ།། དེ་ལྟ་བས་ན་ཕྱག་རྒྱ་ཀུན་ལ་ཕྱག་འཚལ་ལོ།། ཞེས་གསུངས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་སྒོ་ནས་བསྟོད་པ་ཡིན་ནོ།། ད་ནི་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པའི་སྒོ་ནས་བསྟོད་པ་ཡིན།
་ཏེ། བྱང་ཆུབ་སེམས་དང་བྱང་ཆུབ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་ཏེ། དེ་ཉིད་ཡོངསུ་དག་པ་ནི་འཚང་རྒྱ་བ་ཡིན་པསོ་ནཱ་བྱ་ང་ཆུབ་ཆེ་ཞེས་བྱ་བ་གསུངས་པ་ཡིན་ནོ།། སངས་རྒྱས་ཐམས་ཅད་དེ་བཞིན་གཤེགས་ཞེས
་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་སྒོ་ནས་ཏེ། སངས་རྒྱས་རྣམས་བསྡུ་བ་ལ་བྱིན་གྱིས་རློབ་པར་བྱེད་པས་ན་སངས་རྒྱས་སོ།། རྡོ་རྗེ་ཡེ་ཤེས་ཡེ་ཤེས་ཆེ་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་སྒོ་ནས་ཏེ། སེམས་ཅན་སྨིན་པ་དང་གྲོལ་བའི་འདོད
་ཆགས་མཁྱེན་པའི་ཕྱིར་རོ།། ཐོག་ཆེན་ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའི་སྒོ་ནས་སོ།། དོན་ཀུན་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་སྒོ་ནས་སོ།། ཀུན་གྱི་དེ་ཉིད་དོན་ཞེས་བྱ་བ་ནི་རྡོ་རྗེ་གཟི་བརྗིད་ཀྱི་སྒོ་ནས་ཏེ། ཐམས་ཅད་གསལ་བར་བྱེད་པ་ཡིན
་བའི་ཕྱིར་རོ།། སེམས་ཅན་དོན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་དཔལ་གྱི་སྒོ་ནས་སོ།། ཀུན་རིག་པ་ཞེས་བྱ་བ་ནི་རྡོ་རྗེ་བཞད་པའི་སྒོ་ནས་སོ།། ཀུན་མཁྱེན་ཅེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་སྒོ་ནས་ཏེ། འདོད་ཆགས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཁྱེན་པས
་ན་ཀུན་མཁྱེན་ཅེས་བྱ་བ་གསུངས་སོ།། ཀུན་མཛད་ཅེས་བྱ་བ་ནི་རྡོ་རྗེ་རྣོན་པོའི་སྒོ་ནས་ཏེ། ཤེས་རབ་ཀྱི་ཐམས་ཅད་ཀྱི་དོན་མཛད་པ་ཡིན་པའི་ཕྱིར་རོ།། ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་རྒྱུའི་སྒོ་ནས་ཏེ། དཀྱིལ་འཁོར་གྱི་འཁོར་ལོས
་རྒྱུད་ཐམས་ཅད་ཀྱི་དོན་བསྡུས་པའི་ཕྱིར་རོ།། ཀུན་གཟིགས་ཞེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་སྒོ་ནས་ཏེ། ཆོས་ཉིད་སྤྲོས་པ་མེད་པས་སེམས་ཅན་ཐམས་ཅད་ཀྱི་དོན་སྟོན་པར་མཛད་པའི་ཕྱིར་རོ།། རྡོ་རྗེ་བདག་རབ་རྡོ་རྗེ་མཆོག་ཅེས་བྱ་བ
་ནརྀནི་རྡོ་རྗེ་ལས་ཀྱི་སྒོ་ནས་སོ།། རྡོ་རྗེ་བརྫུ་ནརྀ་རབ་རྡོ་རྗེ་འཆང་ཞེས་བྱ་བ་ནི་རྡོ་རྗེ་བསྲུ་བའི་སྒོ་ནས་ཏེ། བརྩོན་འགྲུས་ཀྱི་ངོ་བོ་ཉིད་ཡིན་པས་ནུ་རྡོ་རྗེ་བརྩོམ་རབ་བོ།། རྡོ་རྗེའི་རང་བཞིན་ཅན་གྱི་གོ་ཆུ་འཆང་བས་ན་རྡོ་རྗེ་འཆང་བའོ།། དམ
་ཚིག་ཆེན་པོར་དེ་ཉིད་དོན་ཞེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྒོ་ནས་ཏེ། ཐབས་ཀྱི་དེ་ཁོ་ན་ཉིད་ཡོངསུ་སྦྱོང་བས་སོ།། བདེན་ཆེན་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་སྒོ་ནས་ཏེ། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི།། བསྡུས་པ་ཁུ་ཚུར་ཞེས་བཤད་དེ
་ཞེས་བྱ་བའི་རྣམ་པ་འདིའི་ཚུལ་གྱིས་ན་བདེན་པ་ཉིད་དུ་ཕྱག་རྒྱ་ཐམས་ཅད་སྡུད་པ་ལ་འཇུག་པས་ན་བདེན་ཆེན་ནོ།། ད་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་བསྟོད་པ་ཡིན་ཏེ། རྡོ་རྗེ་ལྕགས་ཀྱུའི་འདོད་པ་ཆེ་ཞེས་བྱ
་བས་ནི་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པའི་ངམ་ཚིག་གི་ཕྱག་རྒྱ་སྟོན་ཏོ།། རབ་ཏུ་དགའ་ཞེས་བྱ་བས་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱ་སྟོན་ཏོ།། འོད་ཆེན་པོ་ཞེས་བྱ་བ་འདིས་ནི་རྡོ་རྗེ་རིན་ཚན་གྱི་ཕྱག་རྒྱ་སྟོན་ཏེ།
་རྡོ་རྗེའི་འོད་ཅེས་བྱ་བས་ནི་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱ་སྟོན་ཏེ། འོད་སྣང་བ་ཞེས་བྱ་བས་ནི་རྡོ་རྗེ་དཔལ་གྱི་ཕྱག་རྒྱ་སྟོན་ཏོ།། སངས་རྒྱས་འོད་ཅེས་བྱ་བས་ནི་རྡོ་རྗེ་བཞུད་པའི་ཕྱག་རྒྱ་སྟོན་ཏེ། སངས་རྒྱས་ཀྱི་བཞེད་པའི་འོད
་ཡིན་པའི་ཕྱིར་རོ།། རྡོ་རྗེ་རྒྱལ་མཆོག་ཅེས་བྱ་བས་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་སྟོན་ཏེ། ཆོས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་རྒྱལ་པོ་ཉིད་དུ་གྱུར་ཅིང་མཆོག་ཡིན་པའི་ཕྱིར་རོ།། ཤེས་རབ་དང་ཡེ་ཤེས་ཀྱིས་རྡོ་རྗེ་རྣམས་ཀྱི་མཆོག་ཏུ
་གྱུར་པས་ནི་རྡོ་རྗེ་མཆོག་དེ་རྡོ་རྗེ་རྣོན་པོའི་ཕྱག་རྒྱ་སྟོན་པའོ།། རིགས་མཆོག་ཅེས་བྱ་བས་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟོན་ཏེ། དཀྱིལ་འཁོར་ཐམས་ཅད་ཡང་དག་པར་བསྡུས་པ་ལ་འཇུག་པས་ནི་མཆོག་གོ།། མཆོག་ཅེས
་བྱ་བས་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱ་སྟོན་ཏེ། སྤྲོས་པ་མེད་པས་མཆོག་ཏུ་གྱུར་པའི་ཕྱིར་རོ།། མིའི་མཆོག་ཅེས་བྱ་བས་ནི་རྡོ་རྗེ་ལས་ཀྱི་ཕྱག་རྒྱ་སྟོན་ཏེ། མཆོད་པའི་ལས་ཀྱི་མི་རྣམས་མགུ་བར་བྱེད་པས་ན་མིའོ།། ཐམྲ
་ཅད་ལས་ཕུལ་དུ་བྱུང་བས་ན་མཆོག་གོ།། རྡོ་རྗེ་དམ་པ་ཞེས་བྱ་བ་ནི་རྡོ་རྗེ་གོ་ཆའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེས་ཐམས་ཅད་སྲུང་བར་བྱེད་པའི་དོན་གྱིས་སོ།། མཆོག་ཆེན་མཆོག་ཅེས་བྱ་བསྱ་ནི་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྟོན་ཏེ།
་མཆོག་ཆེན་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་ཡིན་ལ། ཧཱུ~ཾ་རྣམས་ཀྱི་ནང་ན་འཇིག་པར་བྱེད་པའི་མཆོག་ཏུ་གྱུར་པའི་ཕྱིར་མཆོག་ཆེན་མཆོག་གོ།། རིགས་མཆོག་ཅེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟོན་ཏེ། ཐམས
་ཅད་སྡུད་པའི་མཐུ་མངའ་བས་ན་རིག་པ་རྣམས་ཀྱི་དམ་པ་ཡིན་པའི་ཕྱིར་རིག་མཆོག་གོ།། དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་སྒོ་རྣམས་བསྟོད་པ་བསྟན་ཟིན་ནས། ད་ནརྀ་རྡོ་རྗེ་དབྱིངས་དང་གསང་བ་ཆེ་ཞེས་བྱ་བ་ལ
་སོགས་པས་དེ་བཞིན་གཤེགས་པ་རྣམས་གསང་བའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པོ་ཡིནཱ་ཏེ། རྡོ་རྗེ་དབྱིངས་དང་གསང་བ་ཆེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། རྡོ་རྗེ་གསང་བ་ཞེས་བྱ་བྷ་ནི་གསང
་བའི་ཕྱག་རྒྱའི་སྒོ་ནས་སོ།། རབ་གསང་འཆང་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་སྒོ་ནས་སོ།། དེ་ལྟར་གསང་བའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་ནས། ད་ནི་རྡོ་རྗེ་ཕྲ་བཽ་ཞེས་བྱ་བ་ལ་སོགས་པས་ཆོས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས
་བསྟོད་པ་མཛད་པར་བསྟན་པ་ཡིན་ཏེ། རྡོ་རྗེ་ཕྲ་བ་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོར་བསྟན་པའོ།། བསམ་གཏན་ཆེ་ཞེས་བྱ་བ་ནི་སྤྲོ་བར་བྱེད་པའི་སྒོ་ནས་སོ།། རྡོ་རྗེ་དགོས་ཞེས་བྱ་བ་ནི་དེ་ཉིད་བསྡུ་བའི་སྒོ་ནས་སོ།། སངས་རྒྱས་མཆོག
་ཅེས་བྱ་བ་འདིས་ནི་དྲིཥྚ་དྲིཥྚ་བཛྲ་ཞེས་བྱ་བ་འདིའི་དོན་སྟོན་ཏོ།། སངས་རྒྱས་རྡོ་རྗེ་མཆོག་ཅེས་བྱ་བས་ནི་ཕྱག་རྒྱ་ཆེན་པོ་སྟོན་ཏོ།། སངས་རྒྱས་བྱང་ཆུབ་མཁས་པ་ཆེ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ
་ནས་སོ།། སངས་རྒྱས་ཡེ་ཤེས་སངས་རྒྱས་ཆེ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་སྒོ་ནས་སོ།། སངས་རྒྱས་སངས་རྒྱས་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་སྒོ་ནས་ཏེ། མངོན་པར་བྱང་ཆུབ་པའི་ཕྲིན་ལས་སྟོན་པ་ཡིན་པོའི་ཕྱིར་རོ།། དེ
་ལྟར་ཆོས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་ནས། ང་ནི་སངས་རྒྱས་མཆོད་པ་ཞེས་བྱ་བ་ལ་སོགས་པས་ཀྱི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། སངས་རྒྱས་མཆོད་པ་ཞེས་བྱ་བ་ནི་དམ་ཚིག་གི
་ཕྱག་རྒྱའི་སྒོ་ནས་སོ།། མཆོད་པ་ཆེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་སྒོ་ནས་སོ།། སེམས་དཔའ་མཆོད་པ་ཞེས་བྱ་བ་ནི་ཆོས་ཀྱི་ཕྱག་རྒྱའི་སྒོ་ནས་སོ།། རབ་མཆོད་པ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་སྒོ་ནས་སོ།། དེ་ལྟར་ལས་ཀྱི
་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་ནོས། ད་ནི་ཐབས་ཆེན་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། ཐབས་ཚོན་དང་ནི་ཞེས་བྱ་བ་ནི་དཀྱིལ་འཁོར་རྒྱས་པའི་དོན་སྡུད
་པའི་སྒོ་ནས་སོ།། དངོས་གྲུབ་ཆེ་ཞེས་བྱ་བ་ནི་དངོས་གྲུབ་རབ་ཏུ་སྩོལ་པོའི་སྒོ་ནས་སོ།། རྡོ་རྗེའི་དངོས་གྲུབ་ཅེས་བྱ་བ་ནི་དཀྱིལ་འཁོར་གྱི་མིང་གི་སྒོ་ནས་སོ།། དེ་ལྟར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་ནས། ད་ནི་དེ
་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ཉིད་ལ་སངས་རྒྱས་ཀྱི་སྐུར་འགྱུར་གྱི། གཞན་དུ་མ་ཡིན་པས་ན་དེའི་ཕྱིར
་ཕྱག་རྒྱ་ཆེན་པོའི་སྒོ་ནས་དེ་བཞིན་གཤེགས་པའི་སྐུ་ཆེན་པོ་ཞེས་གསུངས་པ་ཡིན་ནོ།། དེ་བཞིན་གཤེགས་པའི་གསུང་དབྱངས་ཏེ་ཞེས་བྱ་བ་ནི་གསུང་གི་ཕྱག་རྒྱའི་སྒོ་ནས་སོ།། དེ་བཞིན་གཤེགས་པའི་ཐུགས་ཆེན་པོ་ཞེས
་བྱ་བ་ནི་ཐུགས་ཀྱི་ཕྱག་རྒྱའི་སྒོ་ནས་སོ།། རྡོ་རྗེའི་རྡོ་རྗེ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱག་རྒྱའི་སྒོ་ནས་ཏེ། རྡོ་རྗེ་སེམས་དཔའི་རྡོ་རྗེ་ཡིན་པས་ན་རྡོ་རྗེའི་རྡོ་རྗེའོ།། གླེགས་བམ་ལ་ལས་ནི་རྡོ་རྗེའི་སེམས་ཞེས་ཀྱང་ཟེར་ཏེ། དེར་ནི་བྱང་ཆུབ
་ཀྱི་སེམས་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པའི་སྒོ་ནས་བསྟོད་པ་མཛད་ནས།། ད་ནི་སངས་རྒྱས་གཙོ་ཞེས་བྱ་བ་ལ་སོགས་པས་འཇིག་རྟེན་གསུམ་ལས་རྣམ་པར
་རྒྱལ་བའི་དཀྱིལ་འཁོར་གྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། སངས་རྒྱས་གཙོ་བོ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྒོ་ནས་ཏེ། མི་བསྐྱོད་པའི་གནས་ཀྱིའོ།། རྒྱལ་བཀའ་ཉན་ཞེས་བྱ་བ་ནི་རིནྡ་ཆེན་ཧཱུཾ་མཛད་ཀྱི་སྒོ་ནས་ཏེ། སངས་རྒྱས
་ཀྱི་བཀའ་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར་རོ།། སངས་རྒྱས་བཤེས་གཉེན་ཞེས་བྱ་བ་ནི་ཆོས་ཀྱི་ཧཱུཾ་མཛད་ཀྱི་སྒོ་ནས་ཏེ། བྱང་ཆུབ་ཀྱི་སེམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཡིན་པའི་ཕྱིར་རོ།། རྒྱལ་མཆོག་སྐྱེས
་ཞེས་བྱ་བ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་སྒོ་ནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་ཡིན་པའི་ཕྱིར་རོ།། རྣམ་པར་སྣང་མཛད་ཆེ་ཞེས་བྱ་བ་ནི་རྣམ་པ་སྣང་མཛད་ཀྱི་གཟུགས་ཀྱིས་བསྟོད་པའོ།།
་ཁྱབ་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའི་སྒོ་ནས་ཏེ། རྡོ་རྗེ་སེམས་དཔའ་ནི་ཀུན་ཏུ་འགྲོ་བ་ཡིན་པའི་ཕྱིར་རོ།། སྟོན་ཅེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་སྒོ་ནས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པས་ན་འགུགས་པ་ཉིད་སྟོན་པ
་ཡིན་ནོ།། ཞི་ཁྲི་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་སྒོ་ནས་ཏེ། ཀུན་ཏུ་བཟང་བ་ཡིན་པས་ན་ཞི་བ་ཡིན་ལོ། མདའ་དང་གཞུ་འདྲེན་པས་ནི་ཁྲོ་བ་ཡིན་ནོ།། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་རྡོ་རྗེ་ལེགས་པའི་སྒོ་ནས་ཏེ། དེ་བཞིན་གཤེགས་པ
་ལེགས་སོ་ཞེས་བྱ་བ་སྦྱིན་པ་ཡིན་པའི་ཕྱིར་རོ།། དེ་ཉིད་ཚེ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་སྒོ་ནས་ཏེ། ཐུགས་ལས་རིན་པོ་ཆེ་རྣམས་འབྱུང་ཞིང་རིན་པོ་ཆེ་དང་འདྲ་བར་དངོས་པོ་ཐམས་ཅད་འཐུང་བ་སེམས་ཙམྦ་ལ་རག་ལུས་པ
་ཡིན་པས་ན་འདི་ནི་དེ་ཉིད་ཆེ་ཞེས་བྱའོ།། ཡང་དག་མཐའ་ཞེས་བྱ་བ་ནི་རྡོ་རྗེ་གཟི་བརྗིད་ཀྱི་སྒོ་ནས་ཏེ། ཡེ་ཤེས་ཀྱི་ཉི་མའི་འོད་ཀྱི་དཀྱིལ་འཁོར་གྱི་ཡང་དག་པར་དོན་ཤིན་ཏུ་གསལ་བར་བྱེད་པ་ཡིན་པའི་ཕྱིར་རོ།། ཆེ་བའི་ཚུལ
་ཞེས་བྱ་བ་ནི་རྡོ་རྗེ་དཔལ་གྱི་སྒོ་ནས་ཏེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་རབ་ཏུ་བསྒོམས་པ་ཡིན་པའི་ཕྱིར་རོ།། ཕ་རོལ་ཕྱིན་པ་ཀུན་མཁྱེན་པ་ཞེས་བྱ་བ་ནི་རྡོ་རྗེ་བཞང་མོའི་སྒོ་ནས་ཏོ།། ཕ་རོལ་ཏུ་ཕྱིན་པ་སྟོན་པའི་འཛུམ
་བ་ཡང་དག་པར་སྟོན་པའི་ཕྱིར་རོ།། དོན་དམ་པ་ཞེས་བྱ་བ་ནི་རྡོ་རྗེ་ཆོས་ཀྱི་སྒོ་ནས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ།། ཀུན་ཏུ་བཟང་ཞེས་བྱ་བ་ནི་རྡོ་རྗེ་རྣོན་པོའི་སྒོ་ནས་ཏེ། ཨའི་སྒོ་ནས།
་སྐྱེ་བ་མེད་པའི་དོན་སྟོན་པོར་མཛད་པ་ཡིན་པའི་ཕྱིར་རོ།། ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཀྱི་དཀྱིལ་དུ་ཆོས་ཀྱི་མཆོད་པ་མཛད་པས་ནི། འཇམ་དཔལ་གྱི་གནས་སུ་ཀུན་ཏུ་བཟང་པོ་ཞེས་སྙིང་པོ་ལས་ཇི་སྐད
་གསུངས་པ་ལྟ་བུའོ།། སྤྱོད་པ་མཆོག་ཅེས་བྱ་བ་ནི་རྡོ་རྗེའི་རྒྱུའི་སྒོ་ནས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་སྤྱོད་པའི་མཆོག་སྟོན་པར་མཛད་པའི་ཕྱིར་རོ།། བདུད་ཅེས་བྱ་བ་ནི་རྡོ་རྗེ་སྨྲ་བའི་སྒོ་ནས་ཏེ། ཚིག་གི་སྤྲོས་པ་ཐམས་ཅད
་འགོག་པར་བྱེད་པའི་ཕྱིར་རོ།། བདུད་ནི་རབ་འདུལ་བ་ཞེས་བྱ་བ་ནི་རྡོ་རྗེ་ལས་ཀྱི་སྒོ་ནས་ཏེ། བླ་ན་མེད་པའི་མཆོད་པ་ལས་འཇུག་པས་བསོད་ནམས་ཀྱི་ཚོགས་ཚད་མེད་པ་བསགས་པའི་སྟོབས་ཀྱིས་བདུད་ཐམས་ཅད
་ཚར་གཅོད་པར་མཛད་པའི་ཕྱིར་རོ།། ཀུན་གྱི་མཆོག་ཅེས་བྱ་བ་ནི་རྡོ་རྗེ་སྲུང་བའི་སྒོ་ནས་ཏེ། ཐམས་ཅད་སྲུང་བར་མཛད་པས་ན་མཆོག་ཉིད་ཡིན་པའི་ཕྱིར་རོ།། མཉམ་ཉིད་མཁྱེན་ཅེས་བྱ་བ་ནི་རྡོ་རྗེ་གནོད་སྦྱིན་གྱི་སྒྲོ་ནུས
་ཏེ། མཉམ་པ་ཉིད་དུ་ཐམས་ཅད་ཟ་བ་འམ། ཐམས་ཅད་འཇིགས་པར་མཛད་པའི་ཕྱིར་རོ།། ཀུན་ཏུ་འགྲོ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གྱི་སྒོ་ནས་ཏེ། ཕྱག་རྒྱ་ཐམས་ཅད་ཡང་དག་པོར་སྡུད་པོ་ལ་ཞུགས་པ་ཡིན་པའི་ཕྱིར་རོ།།
་ད་ནི་སངས་རྒྱས་ཧཱུཾ་ཞེས་བྱ་བ་ལ་སྩོགས་པས་ཧཱུཾ་བཞིའི་སྔགས་ཀྱི་སྒོ་ནས་བསྟོད་པ་མཛད་པ་ཡིན་ཏེ། དང་པོ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་རྒྱུ་ཡིན་པས་སངས་རྒྱས་ཧཱུཾ་ཞེས་བྱ་སྟེ། དཀྱིལ་འཁོར།
་བྱའི་སེམས་དཔའ་རྣམས་སྤྲུལ་པའི་ཕྱིར་དེའི་སྒོ་ནས་བསྟོད་པའོ།། ཧཱུ~ཾ་ཞེས་བྱ་བ་འདིས་ནི་ཧཱུཾ་བཞིའི་སྔགས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅུང་དགུག་པ་དང་། གཙུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་ཕྱིར་དེ
་སྒོ་ནས་བསྟོད་པ་སྟེ་གཉིས་པའོ།། རྡོ་རྗེ་ཧཱུཾ་ཞེས་བྱ་བ་སྨོས་པས་ནི་འདོད་པའི་རྒྱལ་པོའི་སྙིང་པོ་གཟུང་སྟེ། གང་གིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དྲུང་དུ་བཀུག་ནས
་བཞག་པ་དེའི་སྒོ་ནས་བསྟོད་པ་སྟེ་གསུམ་པའོ།། འདུལ་བ་པོ་ཞེས་བྱ་བ་ནི་འཇིག་རྟེན་གསུམ་པ་ཐམས་ཅད་ཀྱི་བདག་པོ་ངེས་པར་གནོད་མཛེས་ནི་ཧཱུཾ་མཛད་ཡིན་ཏེ། གང་གི་འཇིག་རྟེན་གྱི་བདག་པོ་ཐམས་ཅད་འདུལ་བར
་མཛད་པ་དེའི་སྒོ་ནས་བསྟོད་པ་སྟེ་བཞི་པའོ།། རྡོ་ཛ་ཡན་ལག་ཀུན་ཞེས་བྱ་བ་ནི་ཞབས་སུ་བཀུག་པ་ལ་བྱ་སྟེ། གང་གི་ཕྱིར་འཇིག་རྟེན་གསུམ་གྱི་བདག་པོ་རྣམས་ཞབས་གཉིས་ཀྱིས་བཀུག་ནས་ཕྱུག་ན་རྡོ་རྗེའི་ཞབས་ཀྱི་འོག
་ཏུ་འཇོག་པའི་སྒོ་ནས་བསྟོད་པ་སྟེ་ལྔ་པའོ།། རྡོ་རྗེ་དྲག་ཅེས་བྱ་བ་ནི་འབེབས་པ་ཉིད་དུ་འདུལ་བའི་སྔགས་ཡིན་ལ། དེའི་སྒོ་ནས་བསྟོད་པ་སྟེ་དྲུག་པའོ།། དྲག་པོའི་སྔགས་འདི་ཡང་ཕྱག་ན་རྡོ་རྗེས་ཇི་ལྟར་བགྱི་ཞེས་ཞུས་པ
་དང་། བཅོམ་ལྡན་འདས་ཀྱིས་འདི་ལྟར་གྱིས་ཤིག་ཅེས་བྱ་བའི་ལན་སྔགས་དང་བཅས་པ་སྟེ། ཞུས་པ་དང་ལུང་བསྟན་པ་གཉིས་ལྷན་ཅིག་ཏུ་གཟུང་བར་བྱའོ།། ཕྱག་ན་རྡོ་རྗེ་ཁྱོད་ཕྱག་འཚལ་ཞེས་བྱ་བ་ནི་ཇི་སྐད་བསྟན་པའི་ཡོན
་ཏན་གཟུང་བས་བསྟོད་པ་ཡིན་པར་ཤེས་པར་བྱའོ།། ཕྱག་བྱ་ཞེས་བྱ་བ་ནི་གང་གི་ཕྱིར་རྡོ་རྗེ་ལྟ་བུའི་ཐུགས་ནི་ཕྱག་ན་རྡོ་རྗེའོ་ཞེས་གསུངས་ཏེ། དེ་བས་ན་སངས་རྒྱས་རྣམས་ཀྱི་རོང་གི་ཐུགས་ཉིད་ཕྱག་ན་རྡོ་རྗེ་ཡིན་བསླ་ན་དྭེ་ལ
་ཕྱུཕྱག་འཚལ་ལོ་ཞེས་གསུངས་པ་ཡིན་ཏེ། ཐུགས་ལས་ནི་ཡོན་ཏན་ཐམས་ཅད་འབྱུང་བས་ན་ཕྱག་བྱ་བར་འོས་པ་ཡིན་ནོ།། མཆོད་ཅིང་ཞེས་པ་ནི་མེ་ཏོག་ལ་སོགས་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཆོག་ལ
་དབོང་བར་རྣམ་པར་བཞག་པའི་ཕྱིར་རོ།། རྗེད་པ་ནི་ཕྲེང་བ་བཅིང་བ་ལ་སོགས་པ་སྟེ། མངོན་པར་འདོད་པའི་དོན་ཡོངསུ་རྫོགས་པར་བྱ་བའི་ཕྱིར་རོ།། རིམ་གྲོར་དེ་བཞིན་གཤེགས་པས་བྱ་ཞེས་པ་ནི་དེ་བཞིན་གཤེགས་པ་རྣམས
་ཀྱི་མུ་རུང་པ་འདུལ་བར་མངོན་པར་བཞེད་པའི་དོན་འང་ནི་ཞི་བའི་ཚུལ་གྱིས་གདུག་པ་འདུལ་བར་མི་སྤྱོད་ངོ་།། དེའི་ཕྱིར་སྟན་གདིང་བ~ཾ་ལ་སོགས་པས་རིམ་གྲོར་མཛད་པའོ།། གང་ཕྱིར་རྡོ་རྗེ་སེམས་བརྟན་པས་ཞེས་བྱ་བ་ནི
་ཅིའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་ན་རྡོ་རྗེ་ལ་ཕྱག་བྱ་བ་ལ་སོགས་པ་མཛད་པར་རིག་པ་ཡིན་ནོ་ཞེས་རྒོལ་བ་རྣམས་ཀྱི་དོག་པ་དེ་གསལ་བའི་ཕྱིར། གང་ཕྱིར་རྡོ་རྗེ་སེམས་བརྟན་པ་ཞེས་བྱ་བ་འདི་གསུངས་པ
་ཡིན་ནོ།། སངས་རྒྱས་རྣམས་ཀྱི་ཐུགས་ཉིད་ནི་རྡོ་རྗེ་སེམས་དཔའ་ཞེས་བཤད་པ་དེ་ཉིད་བྷིར། རྫོགས་པའི་བྱང་ཆུབ་ཁྱོད་རག་ལུས་ཞེས་བྱ་བ་གསུངས་སོ།། ཇི་ལྟར་ན་རྫོགས་པའི་བྱང་ཆུབ་ང་ལ་རགུ་ལུས་པ
་ཡིན་ཞེ་ན། གང་གི་ཕྱིར་ཀུན་གཟིགས་ཡབ་ནི་ཁྱོད་ཡིན་ཏེ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ན་ང་ཡབ་ཡིན་ཞེ་ན། བྱུང་བ་དང་ནི་འབྱུང་འགྱུར་བའི།། དེ་བཞིན་གཤེགས་པ་ཁྱོད་ཀྱིས་བསྒྲུབས།། ཞེས་བྱ་བ་གསུངས་སོ།། འདི་སྐད
་སྟོན་ཏེ། སངས་རྒྱས་བྱུང་བ་དང་འབྱུང་བར་འགྱུར་བ་རྣམས་ཀྱི་སྡོང་པོའི་ས་བོན་ནི་བྱང་ཆུབ་ཀྱི་སེམས་ཡིན་ནོ།། འཕགས་པ་སྡོང་པོས་བཀོད་པའི་བྱམས་པས་རྣམ་པར་ཐར་པ་ལས་ཀྱང་། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས
་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ་ཞེས་བྱ་བ་ལ་སོགས་པ་ཇི་སྐད་གསུངས་པ་ལྟ་བུའོ།། ཁྱོད་ཀྱིས་བསྒྲུབས་ཞེས་བྱ་བ་ནི་ཁྱོད་ཀྱིས་རྙེད་པར་མཛད་པ་དེ། གང་གི་ཕྱིར་འཚང་རྒྱུ་བ་ནི་བྱང་ཆུབ་ཀྱི་སེམས་ལ
་རག་ལས་པ་ཡིན་པའི་ཕྱིར་རོ།། བསྟོད་པའི་རྒྱལ་པོ་འདིའི་ནི་ཞེས་བྱ་བ་ནི་བཤུང་མ་ཐག་པའི་མཚན་བརྒྱ་རྩ་བརྒྱད་པས་སོ།། རབ་ཏུ་མོས་པས་ཞེས་བྱ་བས་ནི་ཤིན་ཏུ་དད་པས་སོ།། བསྟོད་བྱེད་ཅིང་ཞེས་བྱ་བས་ནི་མཉེས་པར
་བྱེད་པ་སྟེ། དེ་ལྟར་བསྟོད་པས་བསོད་ནམས་ཆེན་པོ་ཐོབ་པར་འགྱུར་བའོ།། བསྟོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གླུར་བླངས་གང་ཞིག་བསྟོད་བྱེད་པ་ཞེས་བྱ་བ་སྟེ། གང་ཞིག་གིས་ཚིགསུ་བཅད་པ་དང་གླུར་བླངས་པས་བསྟོད་པ
་བྱས་ན་དེ་ཡང་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ་ཞེས་བྱ་བ་གསུངས་སོ།། དེ་ལྟར་ཇི་སྐད་གསུངས་པའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ནས། ང་ནི་སངས་རྒྱས་ཀུན་ལ་མཛད་པའི་ཞེས་བྱ་བ་ལ་སོགས་པས་རང་གི་རིགས་བསྐྱེད་པའི
་ཕྱིར་གསོལ་བ་འདེབས་པར་མཛད་པ་ཡིན་ཏེ། སངས་རྒྱས་ཀུན་ལ་མངའ་མཛད་པའི་ཞེས་བྱ་བ་ནི་སངས་རྒྱས་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་མཛད་པའི་ཕྱིར་རོ།། མགོན་པོ་ནི་སེམས་ཅན
་ཐམས་ཅད་ཀྱི་སྐྱབས་མཛད་པ་ལ་ཞུགས་པའི་ཕྱིར་མགོན་པོའོ།། གསོལ་བ་ནི་བསྟི་སྟང་ཐོག་མར་བྱས་ཏེ་གསོལ་བ་འདེབས་པའོ།། སངས་རྒྱས་ཐམས་ཅད་ཀྱིས་དོན་དུ་གཉེར་བས་ནཱ་དོན་ཏེ། གསོལ་བ་འདེབས་སོ་ཞེས་བྱ་བའི
་དོན་ཏོ།། སེམས་ཅན་ཐམས་ཅད་ཀྱིས་དོན་ཡིན་པསོ་ན་སེམས་ཅན་ཀུན་དོན་ཏོ།། སེམས་ཅན་ཐམས་ཅད་ཀྱི་དོན་དེ་ཉིད་དགོས་པ་ཡིན་པས་ནཱི་སེམས་ཅན་ཀུན་དོན་དགོས་པའི་ཕྱིར་ཏེ། དེའི་ཕྱིར་རང་གི་རིགས་ནི་བསྐྱེད་པར་མཛོད་ཅེས
་བྱཱབྱ་བ་གསུངས་ཏེ། འདི་ནི་གསོལ་བ་བཏབ་པའོ།། དེ་ནས་ཞེས་བྱ་བ་ནི་དཱའི་རྗེས་ཐོགས་ལའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་བཞུགས་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙོ་བོའོ།། འདིའི་ཕྱག
་ནི་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེ་སྟེ། དཔལ་རྡོ་རྗེ་སེམས་དཔའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་བའི་ཚིག་ཐོས་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་རྗེས་ཐོགས་ལའོ།། རྡོ་རྗེ་དེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པ
་རྟོགས་པའི་རྟོག་པར་བྱིན་པ་གང་ཡིན་པའོ།། བདག་ཉིད་ཐུགས་ཀར་ཞེས་བྱ་བ་ནི་ཐུགས་ཀའི་གནས་སུ་བཞག་པའོ།། དེ་བཞིན་གཤེགས་པ་དེ་ཐམས་ཅད་ཅེས་བྱ་བ་ནི་གསོལ་བ་འདེབས་པ་གང་ཡིན་པ་དེ་རྣམས་སོ།།
་བོས་ནས་ཞེས་བྱ་བ་ནི་བོད་པའོ།། འདི་སྐད་གསུངས་སོ་ཞེས་བྱ་བ་ལ། ཇི་སྐད་གསུངས་ཤེ་ན། དེའི་ཕྱིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མ་འཚལ་ཏོ་ཞེས་བྱ་བ་གསུངས་ཏེ། མི་བགྱིད་དོ་ཞེས་བྱ་བའི་དོན་ཏོ།། དེ་བུས་ན་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་དུ་ཇི་ལྟར་མི་བྱེད་ཅེས་སླར་དྲིས་པའོ།། དོན་དེའི་རྒྱུ་བསྟན་པ་དེ་བཞིན་གཤེགས་པའི་བཀའ་བཞིན་མི་བགྱིད་པ་ནི་མ་རུངས་པ་དང་དྲག་པོ་རྣམས་ལ་ཉི
་བའི་སྤྱོད་པས་མི་འདུལ་བའི་ཕྱིར་རོ།། དེ་ནས་ཞེས་བྱ་བ་ནི་དཱའི་རྗེས་ཐོགས་ལའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་ཏེ། དེ་བཞིན་གཤེག
་པཐམས་ཅད་ཀྱི་བྱིན་གྱི་ས་བོ་རླབས་དེས་སོ།། དེ་ཡོད་དེ་བབྱིན་གཤེགས་པ་ནི་དེ་བཞིན་གཤེགས་པ་ལྔ་སྟེ། དེ་རྣམས་ཀྱོ་བྱིན་གྱིས་བཪྴ་བ་ནི་མཐུ་བསྐྱེད་པའོ།། མཐུ་བསྒྲེང་བ་དེས་དེ་བཞིན་གཤེགས་པ་ཐམས་ཅད་དུ་གཏོགས་པ
་བབས་ཀྱང་ཡིན་ལོ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་པོ་སྟེ། དེའི་ཡེ་ཤེས་ཡིན་པས་མཐབས་ཆེན་པོའི་ཡེ་ཤེས་སོ།། དེ་བྱིན་གྱིས་བརླབས་པའི་ཕྱིར་རྡོ་རྗེ་ལྟར་མོ་བྱེད་པའི་ཏིང་ངེ་འཛིན་གང་དོན་དང་ལྡན་པའི་མིང་འདི་ཉིད་ཅེས
་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ།། སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྗེས་ཐོགས་ཉིད་ལའོ།། དེའི་ཚེ་ཞེས་བྱ་བ་ནི་སྐད་ཅིག་མ་དེ་ཉིད་ལའོ།། དེ་བཞིན་གཤེགས་པ་ཐམས
་ཅོ་མི་བསྐྱོད་པ་ལ་སོགས་པའོ།། ན་མཁའི་དབྱིངས་ཐམས་ཅད་ནི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་ཐམས་ཅད་དང་མཉམ་པར་འཇུག་པས་ན། ན་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པར་སྤྲོས་པ་སྟེ། སྤྲོས་པ་ནི
་རྡུལ་ཕྲ་རབ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ཁྱབ་པར་མཛད་པའོ།། དེ་ཉིད་ནི་སྤྲོས་པ་ཡིན་ལ། དེའི་ངོ་བོ་ཉིད་ཡིན་པས་ན་སྤྲོས་པ་ཉིད་དེ། དེས་ན་ན་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པར་སྤྲོས་པ་ཉིད་ཀྱིས
་སོ།། དེ་ལྟར་སྤྲོས་ནས་སླར་ཡང་བསྡུ་བ་མཛད་དེ། གང་དུ་ཞེ་མ། རི་རབ་རི་ཡི་རྩེ་མོར་རོ།། ཅི་དེ་ཐམས་ཅད་དུ་འམ་ཝཱ་ན་མ་ཡིན་ཏེ། རྩེ་མོ་རྡོ་རྗེ་དང་ནོར་བུ་དང་། རིན་པོ་ཆེ་ལས་བྱས་པའི་ཁང་བུ་བགས་པར་བསྡུ་བ་མཛད་པའོ།། ཡང་གཅིག
་ཏུ་འདུས་ཏེ་ཞེས་བྱ་བ་ནི་ཚོགས་པར་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཉམ་པ་ཉིད་དུ་དམིགས་ནས་ཞེས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་ཆོས་ཀྱི་དབྱིངས་ལ་ཞུགས་པའོ།།
་དམིགས་པ་ནི་མངོན་དུ་བྱས་པ་སྟེ། དཔལ་བེའུས་བརྒྱན་པའི་ཐུག་སུ་ཐིམ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་ཞུགས་མ་ཐགས་ཏུ་བཅོམ་ལྡན་འདས་དེ་བཞིན་གཤེགས
་པ་རྣམ་པར་སྣང་མཛད་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་བདག་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་ནི་བདག་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་སུ་དམིགས་ནས་དེ
་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཉིད་དང་མཚུངས་པར་གྱུར་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་གྱུར་པ་ངེས་འདི་ལ་ལྷག་མ་མེད་པས་ན་མ་ལུས་པ་སྟེ། ཐམས་ཅད་ཅེས་བྱ་བའི་དོན་ཏོ།། དེ
་ཡོངསུ་བསྒྲུབས་པ་ནི་གདུག་ཅིང་གཏུམ་པ་རྣམས་ལས་བསྲུང་བའོ།། ཕན་པ་དང་བདེ་བ་ཐམས་ཅད་ཀྱི་མཆོག་གྲུབ་པ་ནི་ཕན་པ་དང་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་སྟེ་དེའི་ཕྱིར་རོ།། མ་རུངས་པ་ཐམས་ཅད་གདུལ་བར
་བྱ་བའི་ཕྱིརརོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིར་གཏོགས་པའི་ཐུགས་རྗེ་ཆེན་པོ་དེས་བསྐྱེད་པའི་ཐབས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་ཐབས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི
་སྙིང་རྗེ་ཆེན་པོའི་ཐབས་དུས་བསྐྱེད་པའི་ཏིང་ངེ་འཛིན་གང་ཡིན་པ་དང་། དེའི་ཡེ་ཤེས་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་ཐབས་ཀྱི་ཏིང་ངེ་འཛིན་གྱི་ཡེ་ཤེས་སོ།། དེ་ལ་དམིགས་ཏེ་ཞེས་བྱ་བ་ནི
་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོ་སྟེ། དེས་ཀུན་ནས་བསླང་བའི་ཐབས་ཏེ་དེས་བསྐྱེད་པའི་ཁྲོ་བའོ།། དེ་ཉིད་ནི་བསྟན
་པའི་ཕྱིར་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པའོ།། སྙོམས་པར་ཞུགས་མ་ཐག་ཏུ་ཞེས་བྱ་བ་ནི་སྙོམས་པར་ཞུགས་པའི་རྗེས་ཐོགས
་ཉིད་ལྀ་ཞེས་བྱ་བའི་དོན་ཏོ།། དེའི་ཚེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་གང་དག་རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ཏེ་གཅིག་ཏུ་གྱུར་པའི་སྔར་བཤད་པའི་དེ་བཞིན
་གཤེགས་པའི་དེ་ཐམས་ཅད་ཀྱི་ཐུགས་ལས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱེ་བའི་སྒྲ་ནི་འདིརོ་རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས
་དཔའ་རྣམས་བཟུང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ནི་ཕྱག་རྒྱ་ལ་སོགས་པའི་དམ་ཚིག་གོ།། སྙིང་པོ་དེས་བསྐྱེད་པའི་སྙིང་པོ་དེ་ཡང་མིང་དེ་སྐད་ཅེས་བྱ་སྟེ་ཕྱུང་བའོ།། དེ་ཕྱུང་མ་ཐག་ཏུ་ཞེས་བྱ་བ་ནི་སྙིང
་པོ་བརྗོད་པའི་རྗེས་ཐོགས་ཉིད་ལའོ།། ཕྱག་ན་རྡོ་རྗེའི་ཐུགས་ཀའི་རྡོ་རྗེ་ལས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རང་གི་ཐུགས་ཀར་བསྟོད་པའི་ཚུལ་གྱིས་གཟུང་བའི་རྡོ་རྗེ་གང་ཡིན་པ་དེ་ལས་ཞེས་བྱ་བ་ཡིན་པའི་ཕྱིར། ཕྱག
་ན་རྡོ་རྗེའི་ཐུགས་ཀའི་རྡོ་རྗེ་ལས་སོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་རྫུ་འཕྲུལ་གྱི་སྟོབས་ཀྱིས་ནི་རྡོ་རྗེ་སྐུ་རྣམ་པ་མང་པོ་ཕལ་མོ་ཆེར་གྱུར་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱོགས་ཀུན་ཏུ་རྡོ་རྗེའི་དབྱིངས
་ཀྱི་དཀྱིལ་འཁོར་ཆེན་པོ་ཚུལ་དུ་ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ་ཞེས་བྱ་བར་སྦྱར་རོ།། རྣམ་པ་དུ་མ་ཞེས་གསུངས་པ་ཚུལ་གང་གིས་ན། དེ་རྣམ་པ་མང་པོ་ཡིན་ཞེ་ན། དེ་ཀུན་ཏུ་འབར་བའི་སྙིང་པོ་ཞེས་བྱ་བ་ལ
་སོགས་པས་སྟོན་ཏེ། ཀུན་ནས་འབར་བས་ན་ཀུན་ཏུ་འབར་བའོ།། དེས་བསྐོར་བ་བྱས་ན་ཀུན་ཏུ་འབར་བའི་སྙིང་པོའོ།། ཀུན་ཏུ་འབར་བའི་སྙིང་པོ་ཡང་ཡིན་ལ། ཁྲོ་གཉེར་ཅན་སྨིན་མ་བཅུམ་པ་ཡང་དེ་ཡིན་པ་སྟེ། ཁྲོ་བ.རོ་སྟོན
་པའི་དཔྲལ་བའི་མཚན་མ་ནི་ཁྲོ་གཉེར་ཅན་སྨིན་མ་བཅུམ་པའོ།། ཁྲོ་གཉེར་དང་བཅས་ཤིང་སྨིན་མ་བཅུམ་པ་ཡང་ཡིན་ལ། དཔྲལ་བར་བསྐྱེམ་པ་ཡང་ཡིན་པས་ན་ཁྲོ་གཉེར་ནྡན་སྨིན་མ་བཅུམ་ཞིང་དཔྲལ་བྱ་གཉེར་བའོ།།
་མཆེ་བ་དགུ་པོ་ལྷག་གེར་བྱུང་ཞིང་ཞལ་གཡོ་བ་ཡང་ཡིན་ལ།། སྔོ་གཙིགས་ཞེས་བྱ་བ་མི་བཟང་པོ་ལ་བྱ་སྟེ། མཆེ་བ་ལྷག་གེར་བྱུང་བ་ཉིད་སོ་གཙིགས་པར་བྱས་པ་གང་ཡིན་པ་ང་ནི་མཆི་བ་ལྷག་གེར་བྱུང་ཞིང་སོ་གཙིགས་པའོ།།
་དེ་ལྟར་འཛིལ་སུ་རུང་བ་བོ་མཚོན་ཆ་ཇི་སྙེད་གཅིག་ཅེ་ན། དེའི་ཕྱིར་རྡོ་རྗེ་དང་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྡོ་རྗེ་དང་། ལྕགས་ཀྱུ་དང་། རོལ་གྲི་དང་། ཞགས་པ་ལ་སོགས་པ་གང་ཡིན་པ་དེ་དག་ནི་རྡོ་རྗེ་དང
་ལྤགས་ཀྱུ་དང་། རལ་གྲི་དང་ཞགས་པ་ལ་སོགས་པ་སྟེ། དེ་དག་ཀྱང་རྡོ་རྗེའི་མི་ལྕེའིབང་པོའི་མཚོན་ཆ་ཕྱག་ན་བསྡམས་པ་ཉིད་ཡིན་པས་ན་རྡོ་རྗེ་དཀྲུགས་ཀྱ་ས་ཁྲིལ་པ་ལ་སོགས་པ་རྡོ་རྗེར་མེ་ལྕེ་འབར་བའི་མཆོམ
་ཆ་ལག་ན་ཐོགས་པའོ།། གལ་ཏེ་མཚོན་ཆ་དེ་ལྟ་བུ་ཡིན་ན་ཁ་དོག་དང་རྒྱན་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར་རྣམ་པ་དུ་མའི་ཁ་དོག་དང་རྒྱན་སྣ་ཚོགས་ཀྱི་ཆ་ལུགས་སྣ་ཚོགས་འཛིན་པ་ཞེས་བྱ་བ་གསུངས་ཏེ་རྣམ་པ་དུ་མ་ཡང་ཡིན
་ལ་ཁ་དོག་ཀྱང་ཡིན་པས་རྣམ་པ་དུ་མའི་ཁ་དོག་གོ།། རྒྱན་ཡང་ཡིན་ལ་སྣ་ཚོགས་ཀྱང་ཡིན་པས་རྒྱན་སྣ་ཚོགས་སོ།། ཁ་དོག་རྣམ་པ་དུ་མ་དང་། རྒྱན་རྣམ་པ་སྣ་ཚོགས་པ་རྣམས་ཀྱི་ཚེ་ལུགས་ཐ་དད་པའི་རྣམ་པ་སྣ་ཚོགས
་འཛིན་པར་མཛད་པས་ན་ཆ་ལུགས་སྣ་ཚོགས་འཛིན་པའོ།། ཕྱག་ན་རྡོ་རྗེའི་སྐུ་ལས་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་ལུས་ལས་བྱུང་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་ངུ་ཤིན་ཏུ་མ་རུངས་པ་ཐམས་ཅད་གདུལ་བ་བྱིས་ནས
་ཞེས་བྱ་བ་ནི་གདུལ་དཀའ་བ་ཐམས་ཅད་བཏུལ་ན། ཕྱག་ནཱ་རྡོ་རྗེའི་སྐུ་དེ་རྣམས་ཀྱང་ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ། ཆེ་དུ་བརྗོད་པ་འདི་ཚད་དུ་བརྗོད་པ་མཛད་དོ།། ཨོཾ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཐམས
་ཅད་འདུལ་བའི་ཐབས་ཆེན་ལྡན་ཞེས་བྱ་བ་ནི་ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་ཏེ། གང་ལ་ཐབས་ཆེན་པོ་ཡོད་པ་ད་ནི་ཐབས་ལྡན་པའོ།། ཐབས་ཆེན་པོ་དང་ལྡན་པ་དེ་སུ་ཞིག་ཅེ་ན། བདག་ཡིན་ཏེ།
་ཞེས་བྱ་བའོ།། གལ་ཏེ་ཁྱོད་ཐབས་ཆེན་པོ་དང་ལྡན་པ་ཡིན་ཡང་ངོ་མཚར་དུ་གྱུར་པ་ཅི་ཞིག་ཡོད་ཅེ་ན། དེའི་ཕྱིར། གང་ཕྱིར་སེམས་ཅན་གདུལ་ཐབས་ཕྱིར།། དྲི་མ་མེད་པའི་ཁྲོ་བོར་གྱུར་ཅེས་བྱ་བ་གསུངས་ཏེ། གང་གི
་ཕྱིར་ཐབས་ཀྱིས་སེམས་ཅན་རྣམས་འདུལ་བར་བྱ་བའི་ཕྱིར། དྲི་མ་མེད་པའི་ཁྲོ་བོར་གྱུར་ཅེས་བྱ་བ་སྟེ། དྲི་མ་མེད་པ་ནི་འདོད་ཆགས་དང་བྲལ་བ་ཡིན་དུ་ཟིན་ཀྱང་། ཁྲོ་བོར་གྱུར་ཅེས་བྱ་བ་འཇིགས་སུ
་རུང་བའི་གཟུགས་ཅན་དུ་གྱུར་པ་འདི་ནི་ངོ་མཚར་དུ་གྱུར་པ་ཡིན་ནོ།། སངས་རྒྱས་ཀྱི་ཧཱུཾ་ཞེས་བྱ་བས་དཀྱིལ་འཁོར་སྤྲུལ་པའི་བྱ་བ་མཛད་ཟིན་ནས། ད་ནི་ཧཱུཾ་ཞེས་བྱ་བ་བཞིའི་སྔགས་བསྐྱེད་པར་བྱ་བ་དང་། དེའི
་ལས་སྒྲུབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཏིང་ངེ་འཛིན་གཞན་ལྀ་སྙོམས་པར་ཞུགས་པར་མཛད་པ་ནི་ངོ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས་པ
་ཐམས་ཅད་ཀྱི་རོ་གཏོགས་པའི་སྤྲོས་པ་མེད་པའི་ཆོས་ཉིད་ནི་ཆས་ཉིད་ན་ཆོས་ཐམས་ཅད་དངོས་པོ་མེད་པ་ཉིད་དེ། དེ་ལ་དམིགས་པ་ནི་དེ་མངོན་སུམ་དུ་མཛད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ
་ཁྲོ་བོ་ཆེན་པོའི་རྡོ་རྗེ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོ་ཆུན་པོའི་རྡོ་རྗེ་སྟེ། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བའི་དོན་ཏོ།། དེའི་དམ་ཚིག་ནི་སྙིང་པོ་དང་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་གི་ཕྱག་རྒྱ་ལ་སོགས
་པའོ།། དེ་ཉིད་རྡོ་རྗེ་ཡིན་པས་དམ་ཚིག་རྡོ་རྗེའོ།། དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། མིང་ཇི་སྐད་ཅེས་བྱ
་བ་ཞེ་ན། དེ་བཞིན་གཤེགསྐུ་བླ་ཐམས་ཅད་ཀྱི་རྡོ་རྗེ་ཧཱུཾ་ཞེས་བྱ་བའོ།། དེ་བཞིན་གཤེགས་པ་ཐམས་ཅད་གང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ལ་གཅིག་ཏུ་གྱུར་པ་དེ་ལས་སྐྱེས་པས་ན་དེའི་ཕྱིར་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་རིག་པའི་མཆོག་ཐུགས་ལ་བཞག་པ་འདི་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀྱི་ནོང་དུ་ཆུད་པའི
་མི་བསྐྱོད་པ་ལ་སོགས་པ་ལས་མང་པོར་གྱུར་ཏེ་བྱུང་བའོ།། བྱུང་མ་ཐག་ཏུ་ཞེས་བྱ་བ་ནི་སྙིང་པོ་བརྗོད་པའི་རྗེས་ཐོགས་ཁོ་ན་ལའོ།། འཇིག་རྟེན་གྱི་ཁམས་རབ་འབྱམ་ནི་རྒྱུན་ཏེ། དེ་རྣམས་ཀྱི་འདུས་པ་ནི་སྤྲིན་ནོ།། སྤྲིན་དེ་རྣམས་ཀྱི་བགྲང
་དུ་མེད་པ་ནི་རྒྱ་མཚོ་སྟེ། དེས་ན་འཇིག་རྟེན་གྱི་ཁམས་རབ་འབྱམ་སྦྱིན་གྱི་རྒྱ་མཚོའོ།། དེ་ཐམས་ཅད་ན་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དྲངའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཇི་སྙེད་པ་དེ་དག་ཐམས་ཅད་བྱིན་གྱིས་བརླབས
་ཏེ་ཞེས་བྱ་བ་ནི་བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་བཀུག་སྟེ་དཀྱིལ་འཁོར་དུ་བཅུག་པའོ།། དམ་ཚིག་གིས་བཅིངས་ནས་ཞེས་བྱ་བ་ནི་རང་ཉིད་ཀྱིས་གསུངས་པའི་དམ་ཚིག་གི་རང་བཞིན
་གྱིས་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར། དཀྱིལ་འཁོར་ལ་སོགས་པར་འཇོག་པ་དེ་ལྟ་བུས་སོ།། ཡང་གཅིག་ཏུ་འདྲེས་ཏེ་ཞེས་བྱ་བ་ལ་གཅིག་ནི་ཐ་མི་ངང་པའོ།། འདྲེས་པ་ནི་བརྟན་པའོ།། རྡོ་རྗེ་ཁྲོ་བོ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོ་ཡང
་ཡིན་ལ་ཆེན་པོ་ཡང་ཡིན་པར་གྱུར་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། གང་ཞིག་གིས་ཅི་ཞིག་ངོ་མཚར་དུ་གྱུར་པ་ཡིན་ཞེ་ན། བྱང་ཆུབ་སེམས་འདི་ནི། ཀུན་ཏུ་བཟུང་ཞིང་སྡིག་མེད་དེ་ཞེས་བྱ་བ་སྟེ། འདོད་ཆག
་དྲུདང་ཞེ་སྡང་དང་གཏི་མུག་ལས་རྣམ་པར་གྲོལ་བ་ཡིན་ཡང་།། འདོད་ཆགས་དང་ཞེ་སྡང་དྲུང་གཏི་མུག་ལ་སྤྱོད་པ་རྣམས་ལ་དེ་སྤྱོད་པར་སྟོན་པས་དེའི་དོན་མཛོད་པོའི་ཕྱིར་ཀུན་ཏུ་བཟང་བའོ།། དེའི་ངོ་བོ་ཉིད་ཡིན་པས་ན་ཀུན་ཏུ་བཟང་ཞིང་ངོ་།
་སྡིག་མེད་དེ་ཞེས་བྱ་བ་ནི་སྡིག་པ་མི་མངའ་བའོ།། འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་སེམས་ཅན་གདུལ་དོན་དུ།། ཁྲོ་བོ་ཡང་ནི་ཡིད་འོང་གྱུར། ཞེས་བྱ་བ་གསུངས་ཏེ། སེམས་ཅན་རྣམས་གདུལ་བར་མཛད་པས་ན་སེམས་ཅན་གདུལ
་བ་སྟེ། ཉེས་པར་སྤྱོད་པའི་ལོག་པའི་ལམ་ལས་བཟློག་ནུས་ལེགས་པར་སྤྱོད་པའི་ཡང་དག་པའི་ལམ་ལ་འཇོག་པར་མཛད་པས་ན་སེམས་ཅན་གདུལ་བའོ།། དོན་དུ་ཞེས་བྱ་བ་ནི་སེམས་ཅན་གདུལ་བ་དེའི་ཕྱིར་རོ།། ཁྲོ་བོ་ཡང་ནི་ཡིད་འོང
་གྱུར་ཅེས་བྱ་བ་ནི་ཀུན་ཏུ་བཟང་པོ་ཁྲོ་བ་མེད་པ་ཡང་ཁྲོ་བོ་ཆེན་པོ་ཡིད་དུ་འོང་བར་གྱུར་པར་སྟོན་པར་མཛད་པ་སྟེ། སེམས་ཅན་གྲངས་མེད་པ་རྣམས་ལ་ཕན་གདགས་པོའི་ཕྱིར་བུ་གཞོན་ནུ་ལ་པ་ཁྲོས་པ་ལྟ་བུའོ།། དེ་ནས་ཞེས་བྱ་བ་ནི་དེའི
་རྗེས་ཐོགས་ལའོ།། དེ་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། དེ་ཞེས་བྱ་བ་ནི་ལུས་ངག་གིས་དེ་བཞིན་གཤེགས་པ་བཀུག་པའོ།། རྡོ་རྗེ་ཁྲོ་བོ་ཆེན་པོའི་སྐུ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་སྟེ། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་བའོས་པའོ།།
་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱན་སྦྱར་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་རོ།། ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་ཏེ་ཞེས་བྱ་བ་ནི་མི་བསྐྱོད་པའི་གནས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པར་གྱུར་པའོ།། ཡང
་བཀའ་ནོད་ཅིང་བཞུགས་སོ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དགུག་པའི་ཕྱིར་གསོལ་པོ་བཏབ་པའི་ཚེ་ན་བཀའ་མནོས་པ་ཡིན་ལ། དེ་འདིར་ནི་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་རྣམས་དགུག་པའི་ཕྱིར་བཀའ་ནོད་པ་ཡིན་ཏེ།
་བཀའ་ནོད་པར་བྱེད་པའོ།། གསོལ་བ་བཏབ་པའི་ཚེ་བཀའ་མནོས་མོད་ཀྱི། འོན་ཀྱང་ཁྱོད་པར་གྱི་བཀའ་མནོས་པའི་ཕྱིར་ཡང་ཞེས་གསུངས་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། སྐལ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་བཅོམ
་ལྡན་འདས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སོ།། དེ་དག་གི་དམ་ཚིག་ནི་བཀའ་སྟེ་འཇིག་རྟེན་གསུམ་པོ་རྣམས་དགུག་པའི་ཕྱིར་བཀའ་བསྒོ་བའོ།། དེ་ཉིད་ནི་འདའ་བར་བྱེ་བ་མ་ཡིན་པས
་ནཱན་རྡོ་རྗེའོ།། དེ་བས་ནཱ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གིས་འགུགས་པ་རྡོ་རྗེ་སྟེ། ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད
་ཀྱི་དམ་ཚིག་ཀྱང་ཡིན་ལ། ལྕགས་ཀྱུ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་ཀྱུའོ།། དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་སྟེ། རྣམ
་པར་སྣང་མཛད་ཀྱི་ཐུགས་ལ་དེ་དག་ཐམས་ཅད་གཅིག་ཏུ་གྱུར་པས་སོ།། དེ་ནས་དེ་བྱུང་མ་ཐག་ཏུ་ཞེས་བྱ་བ་ནི་སྙིང་པོ་བརྗོད་པ་དེའི་རྗེས་ཐོགས་ཉིད་ལའོ།། འཇིག་རྟེན་གྱི་ཁམས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་འཇིག་རྟེན་གྱི
་ཁམས་ཐམས་ཅད་དོ།། འཇིག་རྟེན་གྱི་ཁམས་སྨོས་པས་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གཟུང་ངོ་།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རབ་འབྱམ་ཞེས་བྱ་བ་ནི་རྒྱུན་ཏེ། དེ་རྣམས་ཀྱི་འདུས་པ་ནི་སྤྲིན་ནོ།། དེ་ཉིད་བགྲང་བ་ལས་འདས་པ་ནི་རྒྱ
་མཚོ་སྟེ། འཇིག་རྟེན་གྱི་ཁམས་རབ་འབྱམ་སྦྱིན་རྒྱ་མཚོ་དེ་དག་ན་འཇིག་རྟེན་གསུམ་གྱི་དབང་པོ་ཇི་སྙེད་པ་སྟེ། འཇིག་རྟེན་གསུམ་ཞེས་བཏགས་པ་ནི་འཇིག་པའི་ཚུལ་གྱིས་ས་འོག་གི་འཇིག་རྟེན་དང་། ས་སྟེང་གི་འཇིག་རྟེན་དང་། ལྷའི་འཇིག་རྟེན
་ཏེ་འཇིག་རྟེན་གསུམ་མོ།། འཇིག་རྟེན་གསུམ་པོ་དེ་ཉིད་ན་འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པས་ན་འཇིག་རྟེན་གསུམ་གྱི་དབང་པོ་སྟེ། ས་འོག་གི་འཇིག་རྟེན་གྱི་དབང་པོ་ནི་བརྒྱ་བྱིན་དང་ཁྱབ་འཇུག་གོ།། ས་སྟེང་གི་ནི་དབང་ཕྱུག་ཆེན་པོའོ།།
་ལྷའི་ཡུལ་གྱི་ཚངས་པའོ།། དེ་དག་ལ་སོགས་པ་ཞེས་བྱ་བ་ནི་ལྷ་དང་ཀླུ་དང་གནོད་སྦྱིན་དང་། དྲི་ཟ་དང་ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོའི་བདག་པོ་རྣམས་སོ།། བདག་པོ་དེ་རྣམས་ཀྱང་གཅིག་པུ་ནི་མ་ཡིན་གྱི།
་ན་གང་ཞེ་ན། འཇིག་རྟེན་ཐམས་ཅད་ན་གནས་པའི་གྲོང་དང་གྲོང་ཁྱེར་དང་ཡུལ་ལ་སོགས་པའི་ཚོགས་རྣམས་ཏེ། དེ་རྣམས་ཀྱིས་ཡོངསུ་བསྐོར་བས་ནས་འཇིག་རྟེན་ན་གནས་པའི་ཚིགས་དེ་རྣམས་ཀྱིས་བསྐོར་བའོ།། མ་ལུས་ཤིང་ལུས་པ
་མེད་པ་ཞེས་བྱ་བ་ནི་ཐམས་ཅད་ལྷག་མ་མ་ལུས་པ་ཞེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་བྱ་ཐམས་ཅད་ཀྱིར་གཏོགས་པའི་དམ་ཚིག་གི་རྡོ་རྗེ་ཡང་ཡིན་ལ་ལྕགས་ཀྱུ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི
་རྡོརྗེའི་ལྕགས་ཀྱུའོ།། དེས་དྲངས་པས་ན་བཀུག་པའོ།། གང་དུ་བཀུག་ཙ་ན། དེའི་ཕྱིར་རི་རབ་རིའི་རྩེ་མོ་གང་ན་བ་དང་། རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པ་གང་ན་བ་ཞེས་གསུངས་ཏེ། དེར་བཀུག་པའོ།།
་སྐད་སྟོན་ཏེ། ཕྱོགས་ཐམས་ཅད་ནས་རི་རབ་རིའི་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པར་བཀུག་ནས། བཅོམ་ལྡན་འདས་ཀྱིས་ཁང་བུ་བརྩེགས་པ་རྩེ་མོ་རྡོ་རྗེ་དང་ནོར་བུ་དང་རིན་པོ་ཆུ་ལས་བྱས་དེ་ཐམས
་ཅད་དུ་བསྐོར་ཅེས་བྱ་བ་ནི་ཕྱོགས་བཞི་ཆར་ན་བསྐོར་དུ་འཁོད་དོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྙིང་པོའི་བྱ་བ་བསྟན་ནས་ང་ནི་དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་གདུལ་བ་པོའི་བྱ་བ་སྟོན་པར་བཞེད་པའི་ཕྱིར་སྨོས་པ་ཡིན
་ཏེ། དེནས་ཞེས་བྱ་བོ་ནི་བྱར་སྐབས་དེའི་རྗེས་ཐོགས་ལའོ།། ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ།། རང་གི་ཐུགས་ཀ་ནས་རྡོ་རྗེང་བླངས་ཏེ་ཞེས་བྱ་བ་ནི་རང་ཉིད་ཀྱི་ཐུགས་ཀར་བཟློག་པ་དེ་དེ་ནས་བླངས་ཏེ་གླསེར་བི་ནཱི་གྱེན་དུ
་འཕེན་ཅིང་འཕེན་ཅིང་འཛིན་པའོ།། ཐམས་ཅད་དང་ལྡན་པའི་ཁམས་གསུམ་པ་ཇི་སྙེད་པ་ཐམས་ཅད་ཀྱི་འཇིག་རྟེན་གསུམ་གྱི་ཞེས་བྱ་བ་ནི་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་གླེང་བཞིའི་འཇིག་རྟེན་གྱི་ཁམས
་ཇི་སྙེད་པ་ཐམས་ཅད་གཟུང་ངོ་།། དཀྱིལ་འཁོར་ལ་བལྟས་ཏེ་ཞེས་བྱ་བ་ནི་དེ་ན་གནས་པའི་འཇིག་རྟེན་གསུམ་གྱི་འཁོར་ལོ་མ་རུངས་པ་ལ་བལྟས་ཤིང་བརྟགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཇི་སྐད་ཅེས་བཀའ་སྩལ་ཅེ་ན། གྲོགས
་བོ་རྣམས་ཞུགས་ཤིག་ཅེས་བྱ་བའོ།། གང་ལ་འཇུག་པར་བྱ་ཞེ་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བསྟན་པ་ལ་ཞུགས་ལ་ཞེས་བྱ་བ་གསུངས་སོ།། ཞུགས་པ་དེ་གང་ཡིན་ཞེ་ན། གསུམ་ལེ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས
་ལ་སོགས་པ་འཛིན་པའོ།། དེ་ལ་གྲོགས་པོ་ཞེས་བྱ་བ་ནི་བཞོམས་ཏེ་བོད་པའོ།། བསྟན་པ་ནི་དེ་བཞིན་གཤེགས་པའི་གསུང་རབ་བོ།། ངའི་བཀའ་ཡང་ཉོན་ཅིག་ཅེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུ་བྱོས་ཤིག་ཅེས་བྱ་བའི་དོན་ཏོ།། དེ་ནས་འཇིག་རྟེན་གྱི
་བདག་པོ་རྣམས་བསྟན་པ་ལ་འཇུག་པ་མ་ཤེས་ནས། དེ་དག་གིས་འདི་སྐད་ཅེས་གསོལ་ཏོ།། བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཕྱག་ནི་རྡོ་རྗེས་ཀྱང་མངོན་པར་འདོད་པའི་སྒྲུབ་པ་ཉིད་བསྟན་པ་ནི་སངས་རྒྱས་ཆེས་དང
་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བསྒྲུབ་པར་བྱོས་ཞེས་བྱ་བ་ནི་ཉམ་སུ་བླང་བར་གྱིས་ཤིག་ཅེས་པའོ།། ཇི་ལྟར་བསྒྲུབ་པར་བྱ་ཞེ་ན། དེའི་ཕྱིར་ཀུན་མཁྱེན་ཡེ་ཤེས་ཐོབ་པའི་ཕྱིར། ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ཤེས་པས་ན
་ཀུན་མཁྱེན་ནོ།། དེའི་ཡེ་ཤེས་ཡིན་པས་ན་ཀུན་མཁྱེན་ཡེ་ཤོས་སོ།། དེ་ཐོབ་པའི་ཕྱིར་ཞེས་བྱ་བ་ནི་དེ་རྙེད་པར་བྱ་བའི་ཕྱིར་བསྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ལའོ།། འཇིག་རྟེན་གྱི་ཁམས་འདི་ན་ཞེས་བྱ་བ་ནི་གླིང
་ཞི་བའི་འཇིག་རྟེན་གྱི་ཁམས་ནའོ།། འཇིག་རྟེན་གསུམ་པོ་མཐའ་དག་གི་བདུག་པོ་ནི་དབང་བདག་གོ།། དེ་ལྟར་ན་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོར་གྱུར་པ་དེས་དྲེགས་པའོ།། ཆེར་ཁྲོས་བྱས་ཤིན་ཏུ་ཁྲོས་པར་སྟོན་ཅིང
་འདི་སྐད་ཅེས་སྨྲས་པས་ནི། ཀྱེ་གནོད་སྦྱིན་ད་ནི་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་གནོད་སྦྱིན་གྱི་གཟུགས་སུ་སྤྲུལ་ནས་བཞུགས་པའི་ཕྱིར་གནོད་སྦྱིན་ཞེས་བྱའོ།། བྱེད་པ་པོ་ནི་འབྱུང་པོ་ཐམས་ཅད་སྤྲུལ
་བའོ། འཇིག་པ་པོ་ནི་རྣམ་པར་འཇིག་པར་བྱེད་པའོ།། འབྱུང་པོ་ཐམས་ཅད་ཀྱི་དབང་པོ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བས་ན་འབྱུང་བ་སྟེ་སེམས་ཅན་ཐམས་ཅད་ལ་བྱ་ལ། དེ་རྣམས་ཀྱི་དབང་པོ་ནི་བདག་པོར་གྱུར་པའོ།། ལྕི
་རྣམས་ལས་འོདས་པའི་ལྷ་ཡིན་པས་ན་ལྷའི་ལྷའོ།། མིང་ཇི་སྐད་ཅེས་བྱ་ཞེ་ན། ལྷ་ཆེན་པོ་ཞེས་དོན་དང་མཐུན་པར་མིང་བཏགས་པ་ཡིན་ན། ཁྱོད་ཀྱི་དག་ང་ཅིའི་ཕྱིར་ཉན་ཞེས་བྱ་བའོ།། འདི་སྐད་སྟོན་ཏེ། ང་ནི་ཁྱོད་པས་རྫུ་འཕྲུལ་ཆེ་བ
་མིན་ན་ཁྱོད་ཀྱི་ངག་ཇི་ལྟར་ཉན་ཏེ་ང་ནི་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་པའོ།། དེ་སྐད་ཅེས་སྨྲས་པ་དང་། ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སླར་བཀའ་སྩལ་པ་ནི། ཀྱེ་སེམས་ཅན་མ་རུངས་པོ་ཞེས་བྱ་བ་ལ་སོགས་པ
་ཡིན་ཏེ། ཀྱཻ་སེམས་ཅན་མ་རུངས་པ་ཞེས་བྱ་བ་ནི་བོང་བའོ།། དཀྱིལ་འཁོར་དུ་མྱུར་དུ་ཞུགས་ལ་ཞེས་བྱ་བ་ནི་ཁྲོས་པའི་བཀའ་བསྒོ་བའོ།། དེའི་དམ་ཚིག་ལ་ཡང་གནས་པར་གྱིས་ཤིག་ཅེས་བྱ་བ་ནི་བཀའ་བསྒོ་བོ་གཉིས་པའོ།། འདི
་སྐད་སྟོན་ཏེ། ངའི་བཀའ་གང་ཡིན་པ་དེ་ཁྱོད་ལ་བསྒོ་ཡིས། དེ་ལས་ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་མི་འདའ་བར་གྱིས་ཤིག། ངའི་བཀའ་འབའ་ཞིག་ཏུ་ཡང་མ་ཟད་ཀྱི། སྔགས་པ་གང་ངའི་སྔགས་དང་ཕྱག་རྒྱ་ལ
་དམིགས་པར་བྱེད་པ་དེའི་བསྒོ་བ་ལས་ཀྱང་འདའ་བར་མ་བྱེད་ཅིག་ཅེས་པའོ།། དེ་ནས་བར་སྐབས་འདིར་ལྷ་ཆེན་པོས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ངོ་བོ་ཉིད་མ་ཤེས་པས་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ།། དེ་ནས་བཅོམ
་ལྡན་འདས་ཀྱིས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཞེས་བྱ་བ་ལ་དབང་ཕྱུག་ཆེན་པོ་ཐག་མར་བྱས་པའི་འཇིག་རྟེན་གསུམ་གྱི་ཚོགས་གང་ཡིན་པ་དེ་ནི་དབང་ཕྱུག་ཆེན་པོ་ལ་སོགས་པ་འཇིག་རྟེན་གསུམ་གྱི་ཚོགས་སོ།། ཐམས་ཅད་དང
་ལྡན་པ་ཞེས་བྱ་བ་ནི་མཱ་ལུས་པ་སྟེ། དེ་ལ་བོས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཇི་སྐད་དུ་གསུངས་ཤེ་ན། གྲོགས་པོ་རྣམས་བསྒྲུབ་པར་གྱིས་ཤིག་ཅེས་བྱ་བའོ།། ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། དཀོན་མཆོག་གསུམ་ལ་སྐྱབས
་སུ་འགྲོ་བ་དང་། དམ་ཚིག་དང་སྡོམ་པའོ།། དེ་ལ་དམ་ཚིག་ནི་སྔགས་བྱས་སྔགས་དང་དྲག་རྒྱ་ལ་སོགས་པ་བརྟན་པར་བྱས་ན། དཀྱིལ་འཁོར་དུ་འདུ་བར་བྱ་བ་དང་། གནས་པར་བྱ་བ་ཡིན་པ་ལ་སོགས་པའོ།། སྡོམ་པ་ནི
་སྲོག་གཅོད་པ་ལ་སོགས་པ་སྟེ། དེ་དག་ཇི་སྐད་གསུངས་པ་བཞིན་དུ་ནོས་ལ་བསྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ།། གལ་ཏེ་བསྒྲུབ་པར་མི་བྱེད་ན་རྡོ་རྗེ་འདི་ཞེས་བྱ་བ་སྟེ། སྤྱན་སྔ་ན་འདུག་པའི་བཅོམ་ལྡན་འདས་ཀུན་ཏུ་བཟང
་པོ་ཡིན་པར་བསྟོད་དོ།། གནོད་སྦྱིན་ཞེས་བྱ་བ་ནི་སེམས་ཅན་གདུག་ཅིང་མ་རུངས་པ་རྣམས་ཀྱི་རྒྱུད་ལ་གནས་པའི་ཉོན་མོངས་པ་རྣམས་གང་ཡིན་པ་ཟད་པར་མཛད་པའོ།། ཁྲོ་བར་རབ་ཏུ་སྟོན་པར་མཛད་པའི་ནོར་མངའ་བས
་ན་ཁྲོ་བོའོ།། མ་རུངས་པ་ནི་སྙིང་རྗེ་མེད་པའི་སྟོན་པའོ།། གཏུམ་པ་ནི་འཇིགས་པར་སྟོན་པས་སོ།། བྱང་ཆུབ་ཆེན་པོར་སེམས་དཔའ་ཡིན་པས་ན་བྱང་ཆུབ་སེམས་དཔའ་ཆེན་པོ་སྟེ། བྱང་ཆུབ་སེམས་དཔའ་ཞེས་སྨོས་པ
་འདྲིས་ནི་ཕུན་འདོགས་པ་ལ་ཞུགས་པ་ཉིད་དུ་སྟོན་ཏོ།། ཁྱེད་ཅེས་བྱ་བ་ནི་ཁྱེད་རྣམས་ཏེ། རྡོ་རྗེ་འབར་བས་ཁམས་གསུམ་པ་འདི་དག་ཐམས་ཅད་བརླག་པར་བྱས་ས་རེ་ཞེས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའི་སྩལ
་བའི་རྗེས་ཐོགས་ལ། དབང་ཕྱུག་ཆེན་པོའི་འཇིག་རྟེན་གསུམ་པོ་མཐའ་དོག་གི་དབང་པོར་གྱུར་པ་དང་། དེའི་ཤེས་པ་ལ་དབང་ཐོབ་པས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འཇིགས་པར་བསྟན་པའི་ཕྱིར་ཏེ་འཇིགས་པ་བསྐྱེད
་པའི་དོན་ཏོ།། འཁོར་མང་པོ་དང་བཅས་པ་ནི་གཡོགས་གི་ཚོགས་མང་པོ་དང་བཅས་པའོ།། ཁྲོ་ཞིང་ཞེས་བྱ་བ་ནི་སེམས་ལས་བྱུང་བའི་ཆོས་ཁྲོ་བ་སྟེ། དེ་ལས་བྱུང་བའི་ལུས་ཀྱི་རྣམ་པར་འགྱུར་བ་ལ་ཡང་ཁྲོ་བ་ཞེས
་བྱའོ།། ཁྲོ་ཞིང་གཏུམ་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཁྲོ་ཞིང་གཏུམ་པ་ཆེན་པོ་སྟེ། དེའི་ངོ་བོ་ཉིད་ཡིན་པས་ན་ཁྲོ་ཞིང་གཏུམ་པ་ཆེན་པོ་ཉིད་དོ།། ཁྲོ་ཞིང་གཏུམ་པ་ཆེན་པོ་དེ་སུ་ཞིག་ཡིན་ཞེ་ན། རབ་ཏུ་འཇིགས
་པའི་གཟུགས་ཞེས་བྱ་བ་གསུངས་ཏེ། སེམས་ཅན་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་འཇིག་པ་བསྐྱེད་པར་བྱེད་པའི་གཟུགས་ཀྱི་ས་ཞེས་བྱ་བའི་དོན་ཏོ།། རབ་ཏུ་འཇིགས་པའི་གཟུགས་དེ་ནི
་འབར་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་འབར་བ་ཆེན་པོའོ།། དེ་གཏོང་བས་ན་ཤིན་ཏུ་འབྱིན་པར་བྱེད་པ་སྟེ། ནམོ་མཁའི་ངོས་ཁྱབ་པར་བྱེད་པའོ།། སེམས་ཅན་ཆུང་ངུ་དག་གིས་ཐོས་ན་སྙིང་རྣམ་པར
་འགས་པར་བྱེད་པས་ན་མ་རུངས་པ་ཆེན་པོས་རྟ་ག་དུ་དགོད་པ་སྟེ། མ་རུངས་པ་ནི་གཏུམ་པའོ།། རྟ་གླང་ནོ་ཡི་མུགོ་པྱ་བསྐྱེད་པའོ།། དགོད་པ་ནི་གང་མོའོ།། མུ་རུངས་པ་ཆེན་པོ་ཡང་ཡིན་ལཱ་རྟ་གང་དུ་དགོད་པ་ཡང
་ཡིན་པས་ནཱ་མི་རུངས་པ་ཆེན་པོས་རྟ་གང་དུ་དགོད་པའོ།། དྲིའི་ངོ་བོ་ཉིད་ཀྱང་ཡིན་པས་མ་རུངས་པ་ཆེན་པོས་རྟ་གང་དུ་དགོད་པ་ཉིད་དོ།། བསྟན་པ་ནི་སྟོན་པའོ།། འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་ཀྱེ་དཱ་ནི་ཞེས་བྱ་བ་ལ
་སོགས་པའོ།། དེ་ནས་ཞེས་བྱ་བ་ནི་དབང་ཕྱུག་ཆེན་པོའི་ཚིག་གི་རྗེས་ཐོགས་ལའོ།། ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའོ།། བསྙེམས་པ་དང་བཅས་པས་གསོར་ཞིང་ཞེས་བྱ་བ་ནི་ཐང་ཀར་འཇོག
་ཅིང་གསོར་བའོ།། རྣམ་པར་བཞད་པ་ནི་མཉེས་པར་མཛད་པའོ།། འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་ཀྱེ་ལུས་སྲུལ་པོ་ཞེས་བྱ་བ་ལ་སོགས་པ་སྟེ། ལུས་སྲུལ་པོ་ཞེས་བྱ་བ་ལ་ཁྱོད་ནི་རེའི་ལུས་ལས་བྱུང་བའི
་ཡི་དགས་ཡིན་ན། དེ་ཁོ་ན་ཉིད་མཐོང་བ་རྣམས་སྐྲག་པར་བྱེད་པའི་ནུས་པ་འདི་ལྟ་བུ་ཁྱོད་ལ་ག་ལ་ཡོད་ཀྱི། གང་ཞིག་ཁྱོད་ཀྱིས་རང་མི་ཤེས་པ་དེ་དག་ཀྱང་འཇིགས་སམ་མྱི་འཇིགས་གཏོལ་མེད་ཀྱིས་ཇི་སྲིད་དུ་ཁྱོད
་ཆད་པས་བཅད་པའི་སྤྱོད་ཡུལ་དུ་མ་གྱུར་པ་དེ་སྲིད་དུ་ངའི་བཀའ་ལྟར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། ད་ནི་མི་ཤོ་ཟ་བ་ཞེས་བྱ་བ་ལ་སོགས་པས་ལུས་སྲུལ་པོ་ཉིད་སྟོན་པ་ཡིན་ཏེ། དེ་ཡང་གང་གི་ཕྱིར་པ་ཊ
་ལ་ཞེས་བྱ་བའི་ཡུལ་ན། བྷྲྀ་གུ་ཀྵཽ་ཏྲ་ཞེས་བྱ་བར་ཀ་རོ་ཧ་ན་ཞེས་བྱ་བའི་ཚོང་དུས་དེ་ནཱ་ཟླ་བ་ཞེས་བྱ་བའི་བྲམ་ཟེ་མཁས་པ་བློ་དང་ལྗོན་པ། བཤེས་གཉེན་ཅན། བཟོ་དང་སྦྱི་རྩལ་མ་ལུས་པར་ཤེས་པ། མཛེས
་པ་ལེང་ཚེ་ལོ་བབ་པ་ལུས་ལ་སྒྲ་མིད་པ་ཞིག་གནས་པ་ལས། ཉི་མ་ནུབ་ཀ་ཞིག་ཏུ་འཆི་བའི་དུས་བྱེད་པར་གྱུར་པ་དང་། དེ་ཉེ་དུ་རྣམས་ཀྱིས་ཁྲི་ལ་བསྐྱོན་ཏེ།། དུར་ཁྲོད་ཀྱི་ས་བཞིར་ཁྱེར་རོ།། དེར་ཡང་མཚན་མོར
་གྱུར་ཏོ་སྙམ་ནས་མྱ་བསྲེག་པཱར་བཞུག་པ་དང་། རོའི་ལུས་དཱ་ལཱ་རྣལ་འབྱོར་པ་འམ། ལྷ་འམ། ཡི་དགས་རྫུ་འཕྲུལ་དང་ལྡན་པ་འགའ་ཞིག་ཞུགས་པར་གྱུར་ཏོ།། དེ་ནས་དེའི་གཉེན་རྣམས་ཀྱང་ནང
་པར་རོ་བསྲེག་ཏུ་སོང་བ་དང་། དེའི་སྒྲ་ནི་རལ་པར་བྱས། དུར་ཁྲོད་ཀྱི་ཐལ་བས་ནི་ལུས་དང་མགོ་ལ་བྱུགས་ཤིང་གཏི་ར། ཤ་ཅུང་ཟད་ཟ་ཞིང་དུར་ཁྲོད་ཀྱི་ས་བཞི་དེ་ཉིད་ལ་ཉལ་བ་ལས་ལངས་ཏེ། གང་དུ
་བཏེག་ནས་ཁྱེར་བའི་ཁྲིའི་རྐང་པ་ཐོགས་པ་དང་། ཐོད་པ་ཞིག་ཀྱང་ཐོགས་ཏེ། མིའི་རོ་ཕྱེད་ཚིག་པ་ཟ་ཞིང་འདི་སྐད་ཅེས་ང་ནི་ལྷའི་ལྷ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་སྨྲའོ།། དེ་བས་ན་བཅོམ་ལྡན
་འདས་ཀུན་ཏུ་བཟང་པོས་འདི་སྐད་གསུངས་པ་ཡིན་ནོ།། དེ་ནས་ཡང་ལྷ་ཆེན་པོས་དེ་བས་ཀྱང་ཆེས་ལྷག་པའི་སྤྲུལ་པ་བསྟན་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ།། དབང་ཕྱུག་ཆེན་པོ་ནི་གཞན
་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་ཡོད་པས་དེ་ལས་ཁྱད་པར་དུ་ཟླ་བའི་ཕྱིར། ལྷ་ཆེན་པོ་ཞེས་བྱ་བ་སྨོས་པ་ཡིན་ནོ།། འཇིག་རྟེན་གསུམ་པོ་མཐའ་དག་ཅེས་བྱ་བ་ནི་འཇིག་རྟེན་གསུམ་ན་གནུས་པའི་སྐྱེ་བོ་དེར
་ལྕལྡུགས་པར་གཽཏོགས་པ་ཇི་སྙེད་པ་རྣམས་དང་གཞན་ཡང་ཕྱིའི་དངོས་པོ་རྣམས་ཁྲོ་བོ་ཆེན་པོས་ནོན་པཱརཱི་བྱིན་གྱིས་བརླབས་ཏེ་རྣམ་པར་གཡོ་བ་བྱེད་ཅིང་འདི་སྐད་ཅེས་ཧཱས་ཁྱོད་ཀྱང་དེའི་བཀའ་ཉོན་ཅིག། དེ་སྐྱོད་ཅེས
་སྨྲས་པ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཡང་དེ་ཉིད་ཀྱི་ཚིག་གི་དྲེགས་པ་གཞོམ་པར་བྱ་བའི་ཕྱིར་བཀའ་ནོད་པ་ཡིན་ནོ།། རང་ཚུལ་པའི་སྟོབས་ཀྱིས་དྲེགསོ་པ་དང་ཞེས་བྱ་བ་ལ། རང་གི་ཚལ་བ་ནི
་སྒྱུ་མ་སྤྲུལ་པའོ།། སྟོབས་ནི་ལུས་ཀྱི་སྟེ། རང་གི་ཚལ་བ་དང་སྟོབས་ཡིན་པས་ན་རང་གི་ཚོལ་བ་དང་སྟོབས་སོ།། དེས་དྲེགས་པ་ནི་ང་རྒྱལ་བ་སྟེ། ང་ཉིད་རྫུ་འཕྲུལ་ཆེ་བ་ཡིན་པ་གཞན་རྣམས་ལ
་འདུད་པར་མི་བྱེད་ཅེས་པའོ།། དབང་ཕྱུག་ཆེན་པོའི་དབང་གིས་ཞེས་བྱ་བ་ནི་འབྱུང་པོ་ཐམས་ཅད་ལ་དབང་ཕྱུག་གི་དབང་ཐོབ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བུ་སྟན་པ་ལ་ཚར་བཅད་པར་མ་བགྱིས
་ཀྱི་བར་དུ་འདུད་པར་མྱི་བཏུབ་ན། འདི་ལ་ཇི་ལྟར་བགྱི་བའི་རིགས་ཞེས་བྱ་བ་སྟེ། ཆད་པས་བཅད་པ་ཇི་ལྟ་བུ་ཞིག་བགྱི། གང་གིས་ནི་བགྱི་ཞེས་བྱ་བའི་དོན་ཏོ།། དེ་ནས་ཚིགས་འདིའི་གནས་སྐབས་སུ་བཅོམ་ལྡན་འདས
་རྣམ་དཱ་ར་སྱཱ་མཛད་ཀྱི་ཆད་པས་བཅད་པའི་ཐབས་དང་། ཆད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་བྱུང་བ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགསེ་ཀ་ནས
་བྱུང་བ་ནི་ཆོས་ཀྱི་དབྱིངས་ལས་བྱུང་བླའོ།། རྡོ་རྗེ་ཆེན་པོ་ནི་དེ་བཞིན་གཤེགས་པའོ།། དེ་དག་གི་དམ་ཚིག་ནི་གདུལ་དཀའ་བའི་སེམས་ཅན་རྣམས་འདུལ་བའོ།། དེ་ནས་བཅོམ་ལྡན་འདས་ཀྱི་བཀྲའི་རྗེས་ཐོགས་ལ།
་བཅོམ་ལྡན་འདས་ཀྱིས་གདུལ་བའི་ཐབས་སུ་བསྟན་པའི་རྡོ་རྗེ་སྙིང་པོ་དེ་བརྗོད་པའོ།། དེ་ནས་དྲིས་ས་གསུམ་ན་གནས་པ་དེ་རྣམས་ངེས་པར་ཟིན་པར་གྱུར་པ་དང་། ཉམ་ཐེག་པའི་སྒྲ་འབྱིན་པར་གྱུར་ཅིང་བཅོམ
་ལྡན་འདས་རྣམ་པར་སྣང་མཛད་དང་ཕྱག་ན་རྡོ་རྗེ་ལཾ་སྐྱབས་སུ་དོང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་མཁྱེན་བཞིན་དུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཅི་ནས་ཀྱང་འདི་མི་གསོད་དོ་ཞེས་མཁྱེན་བཞིན་དུ
་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱག་ན་རྡོ་རྗེ་འཇིག་རྟེན་གསུམ་པོའི་འཁོར་ལོ་འདི་ཐམས་ཅད་ལ་སྐྱབས་བྱིན་པ་བྱོས་ཏེ། མ་བསད་ཅིག་ཅེས་བྱ་བའོ།། དེ་ནས་བཅོམ་ལྡན་འདས་ཀྱི
་བཀའི་རྗེས་ལ་ཕྱག་ན་རྡོ་རྗེ་ཁྲོ་བོ་ཆེན་པོའི་རྒྱལ་པོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཐོས་ནས། ལྷ་ཐམས་ཅད་ཅེས་བྱ་བ་ནི་བསྒྱེལ་བ་ལ་སོགས་པའི་ལྷོ་དེ་དག་ཐམས་ཅད་ལ་བོས་ནས་འདི
་སྐད་ཅེས་གསུངས་ཏེ། སྐྱབས་སུ་དང་ལ་ངའི་བཀའ་ཡང་ཉོན་ཅིག་ཅེས་བྱ་བ་སྟེ། བཀའ་ནི་འོག་ནས་འཆད་དོ།། དེ་སྐད་ཅེས་གསུངས་པ་དང་། སངས་རྒྱས་དང་ཆོས་དང་དགེ་འདུན་ཕྱག་རྒྱ་དང་བཅས་པ་ལ
་སྐྱབས་སུ་མཆིའོ་ཞེས་བྱ་བ་ལ། ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱག་རྒྱ་དང་བཅས་པ་དང་། ཆོས་ཕྱག་རྒྱ་དང་བཅས་པ་དང་། དགེ་འདུན་ཕྱག་རྒྱ་དང་བཅས་པའོ།། ཁྱོད་ཀྱིས་བསྟན་པའི
་བཀའ་ནི་བདག་ཅག་གིས་མ་འཚལ་ན་དེ་ད་ཇི་ལྟར་ཁས་བླང་བར་བགྱི་ཞེས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་ཐམས་ཅད་དགུག
་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ན་འཇོག་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡབ་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་ལས
་སྐྱེས་པའི་ཕྱིར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་རང་གི་རིགས་བསྐྱེད་པའི་ཕྲིན་ལས་མཛད་པའི་ཕྱིར་རོ།། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ས་ལ་བཞུགས་པ་ཡིན་པའི་ཕྱིར་རོ།། དེ་ཡང་གང་ཡིན་ཞེ་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ
་བཟང་པོ་སྟེ་ཞེས་བྱ་བ་གསུངས་སོ།། སེམས་ཅན་ཐམས་ཅད་འདུལ་བ་ཞེས་བྱ་བ་ནི་ལམ་ལོག་པ་ལས་བཟློག་ཅིང་། ཡང་དག་པའི་ལམ་ལ་འཇིག་པ་ནི་སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱ་བའོ།།
་སེམས་ཅན་ཐམས་ཅད་གདུལ་བའི་དོན་བྱེད་པ་དེའི་ཕྱིར། ཁྲོ་བོའི་རྒྱལ་པོ་ཆེན་པོར་དབང་བསྐུར་བའོ།། ཅིའི་ཕྱིར་ཁྲོ་བོའི་རྒྱལ་པོ་ཆེན་པོར་དབང་བསྐུར་ཞེ་ན། དེའི་ཕྱིར་ཁྱེད་ཀྱི་ནང་ན་ཡང་ཞེས
་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟ་བུའི་མི་རུངས་པའི་སེམས་ཅན་དེ་རྣམས་གདུལ་བར་བྱ་བའི་ཕྱིར་བྱིན་གྱིས་བརླབས་པ་ནི་སྤྲུལ་པའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། དེ
་དོག་གིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་སྲོག་ཡལ་བ་ཞེས་བྱ་བ་ནི་འཚོ་བ་ཉམས་པ་འདི་ལ་བསྐྱབ་ཏུ་གསོལ་ཞེས་བྱ་བའོ།། དེ་དག་གིས་དེ་སྐད་ཅེས
་གསོལ་པ་དང་། བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་ཆེ་བའི་བདག་ཉིད་བསྒྲག་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་གྲོགས་པོ
་ཞེས་བྱ་བ་ནི་ཀྱེ་སེམས་ཅན་དག་ཅེས་བྱ་བའོ།། དེ་ནས་ཁམས་གསུམ་ཀུན་ནས་འདུས་པ་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་བར་སྐབས་དེར་རོ།། ཁམས་གསུམ་ཀུན་ནུས་འདུས་པ་ཞེས་བྱ་བ་ནི
་ཁམས་གསུམ་པོ་མ་ལུས་པ་ལས་འདུས་པའོ།། དེ་སུ་ཞིག་ཡིན་ཞེ་ན། སྲིད་པ་གསུམ་གྱི་དབང་པོ་དེ་རྣམས་སོ།། ཉམས་ཐག་པ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ཉམ་ཐག་པ་ཆེན་པོ་སྟེ། ཉམས་ཐགྲོ་ནི
་སྡུག་བསྔལ་གྱིས་ཉེ་བར་གཙེས་པའོ།། མགྲིན་གཅིག་ཏུ་ཞེས་བྱ་བ་འགྲེས་གཅིག་ཏུའོ།། བཅོམ་ལྡན་འདུས་འཆི་བའི་སྡུག་བསྔལ་འདི་ལྟས་ཀུན་ཏུ་བསྒྲུབ་པདྨ་གསོལ་ཞེས་བྱ་བ་ནི་དེ་ལསྭཱ་སྤངས་ཤྲཱིག་ཙསྟྲ་བྱ་བ་དོན
་ཏོ།། དེ་ནས་ཞེས་བྱ་བའི་ཚིག་འདིའི་གནས་སྐབས་སུ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡང་ཤིན་ཏུ་འཇིགས་པའི་གཟུགས་བསྟན་ཏོ།། ཞུགས་ཤིག་ཅེས་བྱ་བཱ་ནི་ངའི་བསྟན་པ་ལ་གནས་བར་གྱིས་ཤིག་པའོ།། རྡོ
་འབར་བ་འདིས་ཞེས་བྱ་བ་ནི་ཕྱག་ན་གནས་པ་འདིས་སོ།། གཅིག་ཏུ་འབར་བར་བྱས་ནས་ཁྱད་ཐམས་ཅད་ཀྱང་ཐལ་བར་བྱས་ས་རེ་ཞེས་བྱ་བ་ནི་སོགས་མའི་ཕུང་པོ་བསྲེགས་པ་བཞིན་དུ་ཐལ་བར་བྱས་པའོ།། བཅོམ
་ལྡན་འདས་ཀུན་ཏུ་བྱུབྱུང་བས་སྐད་ནས་ཀླུནསལ་པ་དང་། དང་ག་གས་ང་སྦྱང་ནས་ནནམ་ཏནས་བྱ་བ་ནྀ་ང་ན་ས་བྱཱ་བ་ལ་སགས་པ་བརྣམས་ནུས་ན་འ་རྫུན་པ་ས། སྣ་ཆགས་པ་དང་མ
་སྟེང་བ་དང་། མ་རྨོངས་པས་ན་ཀུན་ཏུ་བབ་པོའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་བསྐྱོད་པ་ཟློས་བྱ་བ་ནི་ཉོན་མོངས་པཟང་པ་རྣམས་ཀྱི་ཐུགས་བསྐྱེད་པའོ།། ཞི་བ་ནི་འདོད་ཆགས་དང
་ཞི་སྡང་དུང་གཏི་མུག་དང་བྲལ་བའི་ཕྱིར་རོ།། དུལ་བ་ནི་ཉོན་མོངས་པ་བག་ཆགས་དང་བཅས་པར་སྤངསོ་བའི་ཕྱིར་རོ།། སེམས་ཅན་ཐམས་ཅངྒ་ལ་ཕན་པར་བཞེད་པ་ནི་ཀུན་ཏུ་བཟང་པོ་ཡིན་པའི་ཕྱིར
་རོ། སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྩོལ་བ་ནི་གདུལ་དཀའ་བ་ཐམས་ཅད་འདུལ་བ་ལ་འཇུག་པར་མཛད་པའི་ཕྱིར་རོ།། གང་གི་ཕྱིར་ཁྱོད་ནི་འདི་ལྟ་བུའི་རང་བཞིན་ཅན་ཡིནྡ་ནཱ་ད་ཅིའི
་སླད་དུ་བདག་ཅག་སྲེག་པར་འགྱུར་ཞེས་པའོ།། དེ་རྣམས་ཀྱིས་དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཡོད་དེ་རྣམསྡེ་ཚར་བཅད་པར་བྱ་བའི་ཕྱིར་འདི
་སྐད་ཅེས་བཀའ་སྩལ་ཏོ།། ཇི་སྐད་ཅེས་བཀའ་སྩལ་ཅེ་ན། ཀྱེ་གྲོགས་པོ་དག་གང་གིས་ཞེས་བྱ་བ་ལ་སོགསོ་པ་སྟེ། གང་གིས་དེ་བཞིན་གཤེགས་པོ་ཐམས་ཅད
་ཀྱི་བཀའ་བཞིན་དུ་བྱེད་པ་དེའི་ཕྱིར་ཁྱེད་ལྟ་བུའི་སེམས་ཅན་མ་རུངས་པའི་སེམས་དང་། སྡིག་པའི་སེམས་དང་ལྡན་པ་རྣམས་གསོད་པར་བྱེད་པ་ཡིན་པས་ན་ང་ནི་ཀུན་ཏུ་བཟང་པོ་ཡིན་ནོ།། དེ་ནས་དེ་རྣམས་སྐྲག་སྟེ་འདི་སྐད་ཅེས
་གསོལ་ཏོ།། ཁྱེད་ཀྱི་བཀའ་བཞིན་དུ་བགྱིའོ།། ཞེས་པའོ།། དེ་ནས་ས་གསུམ་ན་གནས་པ་དེ་རྣམས་སྐྱབས་གསུམ་དང་དམ་ཚིག་འཛིན་པ་ལ་བཙུད་པོ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གདུལ་དཀའ་བའི་ཕྱིར་དབང་ཕྱུག་ཆེན
་བོ་གཅིག་བུ་མ་གཏོགས་པ་དུལ་བར་གྱུར་པ། ལྷག་མ་རྣམས་དབུགས་དུ་བྱུང་ཞིང་། བསླང་བའི་ཕྱིར་ཞེས་པ་ལ་དབུགས་དུ་བྱུང་བ་སྟེ་མི་འཇིགས་པ་བྱིན་པ་དང་། བསང་བ་སྟེ་སློང་བར་བྱེད་པའི་སྙིང་པོ་འདི་གསུངས་སོ།།
་དེ་ནས་འདི་སྐད་སྨྲས་མ་ཐག་ཏུ་ཞེས་བྱ་བ་ནི་གདུལ་དཀའ་བའི་ཕྱིར་དབང་ཕྱུག་ཆེན་པོ་མ་གཏོགས་པ་ཁམས་གསུམ་ནས་འདུས་པ་གཞན་རྣམས་སྲིད་པ་གསུམ་གྱི་བདག་པོ་ཁྱབ་འཇུག་ལ་སོགས་པའི་འཁོར་དང་བཅས
་པ་སྟེ། གཡོག་གི་ཚོགས་དང་བཅས་པ་དེ་དག་ཐམས་ཅད་ཀུན་ཏུ་རྒྱལ་བ་ལས་སྔར་གྱི་བསླང་བའི་སྙིང་པོ་གསུངས་པས་སེམས་དབུགས་ཕྱུང་སྟེ་ཞེས་བྱ་བ་གྲོལ་བར་གྱུར་པ་དང་། བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་བྱིན
་གྱིས་བརླབས་ཀྱིས་ལྷའི་སེར་བུས་ཀུན་ཏུ་ཕོག་པས་ལྷའི་བདེ་བ་མྱོང་ཞིང་། ཀུན་ཏུ་ཚོར་བར་གྱུར་པ་དང་། འཇིགས་ཤིང་ཞེས་པ་སེམས་དམན་པར་གྱུར་པ་སྟེ། གནོད་པ་བྱུང་བ་ལ་གང་གིས་སླར་ལྡོག་པར་ནུས་པར
་གྱུར་པ་དེ་ནི་འཇིགས་པ་མེད་པའོ།། བག་ཚ་བ་ནི་འཇིགས་པས་སྐྲག་པར་གྱུར་པ་ཉིད་ཀྱིས་ལུས་དང་ངག་གི་ལས་བྱེད་མི་ནུས་པ་སྟེ་དེ་ཡང་མེད་པར་གྱུར་པའོ།། དེ་གཉིས་ལས་གྱུར་པ་ནི་བ་བུ་ལངས་པ་སྟེ། དེ་དང་བྲལ་བ
་གང་ཡིན་པ་དེ་ནི་འཇིགས་ཤིང་བག་ཚ་བ་དང་བ་སྤུ་ལངས་པ་མེད་པར་གྱུར་པའོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ལྟ་ཞིང་ཞེས་བྱ་བ་ནི་ཡུལ་དེ་ལ་རབ་ཏུ་དད་པར་སྟོན་པ་སྟེ། སེམས་དཔའ་ཆེན་པོ་གཅིག་པུས་ཧཱུཾ་ཞེས་བྱ་བ
་གཅིག་པུ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པས་གསུམ་གྱི་བདག་པོ་འདུས་པ་བདག་ཅག་ཐམས་ཅད་བཏུལ་ཞིང་བསླང་ངོ་ཞེས་པའོ།། དེ་ནས་བར་སྐབས་དེར་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ
་རྗེ་ལ་བཀའ་སྩལ་པ། ཅིའི་ཕྱིར་འདི་མི་བསླང་། འདིའི་སྲོག་དེ་ཆུང་གསོན་པར་བྱ་སྟེ་ཅི་རུང་ཞེས་བྱ་བ་སྟེ། དེའི་སྲོག་ཆུང་གསོན་པར་མ་བྱེད་པར་བསོས་ཤིག་ཅེས་པའོ།། དེ་ཅིའི་ཕྱིར་ཞེ་ན། དེའི་ཕྱིར་འདི་ཡང་སྐྱེས་བུ་དམ
་པར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ།། དེ་ནས་ཕྱུག་ན་རྡོ་རྗེས་དེ་བཞིན་དུ་བྱའོ་སྙམ་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཀའ་སྩལ་པ་དེ་བཞིན་དུ་བྱའོ་སྙམ་ནས་སྙིང་པོ་གང་གིས་འཆི་བ་ལས་འཚོ་བར
་གྱུར་པ་དེ་ནི་ཤི་བ་གསོ་བོའི་སྙིང་པོ་སྟེ་གསུངས་པའོ།། དེ་ནས་དྲན་པ་མེད་པར་གྱུར་པ་ལས་དྲན་པ་རྙེད་པར་གྱུར་ཏེ་ལྡང་བར་འདོད་ན་ལྡང་མ་ནུས་སོ།། དེ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས
་བདག་འདི་ལྟ་བུས་འདུལ་ལམ་ཞེས་བྱ་བ་སྟེ། དེ་འདི་སྙམ་དུ་སེམས་ཏེ། གཞན་ནི་སུས་ཀྱང་འདུལ་བར་ནུས་པ་མ་ཡིན་པས། བཅོམ་ལྡན་འདས་འདི་ཉིད་ཀྱིས་བདག་བཏུལ་བ་འདི་བྱས་ཀྱི་གཞན་ནི་སུས་ཀྱང་མ་ཡིན་ནོ་སྙམ་མོ།། དེ་ནས
་བཅོམ་ལྡན་འདས་ཀྱིས་དེ་ལ་བསམ་པ་དང་རྗེས་སུ་མཐུན་པའི་ལན་སླར་གསུངས་པ་ཡིན་ཏེ། སྐྱེས་བུ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་སྐྱེས་བུ་ཆེན་པོའོ།། འདི་ཞེས་བྱ་བ་ནི་ཀུན་ཏུ་བཟང་པོའོ།། བཀའ་ཉན་པར་མི་འཇུག་ན་ཞེས་བྱ་བ་ནི
་ཁྱོད་དེའི་བཀའ་ཉན་པར་མི་སྤྲོ་ན། ཁྱོད་ལ་འདུལ་བ་འདི་ཉིད་ཡིན་གྱི་ད་ནི་མ་ཡིན་ནོ་ཞེས་པའོ།། དེ་ཅིའི་སླད་དུ་ཞེས་བྱ་བས་ནི་འདི་སྐད་སྟོན་ཏེ། ཅིའི་ཕྱིར་ཁྱོད་ཀྱིས་བདག་ཅག་རྣམས་ཀྱི་སྐྱབས་མཛད་པར་མི་སྤྱོད་ཅེས་པའོ།། བཅོམ
་ལྡན་འདས་ཀྱིས་དེའི་རྒྱུ་གསུངས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཇི་ལྟར་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དག་པོ་ཡིན་ཞེ་ན། གང་གི་ཕྱིར་འདི་ནི་དེ་བཞིན་གཤེགས
་པ་རྣམས་ཀྱིས་མི་འདུལ་བའི་སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོར་བཞག་པ་ཡིན་པས་གང་རང་ཉིད་ཀྱིས་བཞག་པ་དེ་ལ་ནི་བསྙེམས་པར་བྱ་བ་མ་ཡིན་ཞིང་སླར་དུ་བྱུང་བར་ནུས་པ
་མ་ཡིན་ནོ།། དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་དོན་བདག་གིས་མ་འཚལ་ཏོ་ཞེས་བྱ་བ་ནི་དགོངས་པ་གང་གིས་བཅོམ་ལྡན་འདས་འདི་སྐད་ག་སུངས་པའི
་དགོངས་པ་དེ་ནི་མ་གཏོགས་སོ་ཞེས་བྱ་བའོ།། ད་ནི་དགོངས་པ་དེ་རྣམ་པར་དབྱེ་བའི་ཕྱིར་ཇི་ལྟ་ཞེ་ན། ཁམས་གསུམ་གྱི་བདག་པོ་དེ་བཞིན་གཤེགས་པ་རྣམས་ལས་གཞན་པའི་བདག་པོ་མཆིས་པར་མ་འཚལ་ན་འདི་སུ
་ལགས་ཞེས་བྱ་བའོ།། ལྷག་མ་རྣམས་ནི་གོ་སླའོ།། དེ་ནས་བར་སྐབས་དེར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་ལ་བཀའ་སྩལ་པ། ངའི་བཀའ་མི་ཉན་ཏམ་ཞེས་གསུངས་པ་དང་། མི་ཉན་ཏོ་ཞེས་བྱ་བའི་བར་དུ་རྒྱས
་པར་སྨྲས་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་ལ། ལྕེ་ཆེན་པོ་ལ་བཀའ་ཉན་པར་མི་འདོད་པར་མཁྱེན་ནས་རབ་ཏུ་ཁྲོས་པར་ཞེས་བྱ་བ་རབ་ཏུ་འཁྲུགས་པར་སྟོན་ཅིང་། ཉིད
་ཀྱི་ཞབས་ཀྱི་མཐིལཱ་ནས་ཞེས་བྱ་བ་ཉིད་ཀྱི་ཞབས་ཀྱི་འོག་ནས་སོ།། རྡོ་རྗེའི་ཕྱི་བཞིན་འབྲང་བ་ཡིན་པས་ནཱ་རྡོ་རྗེའི་རྗེས་སུ་སྤྱོད་པས་སོ།། དབང་ཕྱུག་ཆེན་པོ་སྤྱད་པའི་ཕྱིར་ཞེས་བྱ་བྱ་ནི་དབང་ཕྱུག་ཆེན་པོའི་ང་རྒྱལ་ཚར
་བཅད་པར་བྱ་བའི་ཕྱིར་རོ།། དེ་ནས་དོ་སྐད་ཅེས་གསུངས་པ་དང་ཞེས་བྱ་བ་ནི་སྙིང་པོ་བརྗོད་པའི་རྗེས་ཐོགས་ཉིད་ལེའོ།། བཅོམ་ལྡན་འདས་རྡོ་རྗེའི་རྗེས་སུ་སྤྱོད་པས་རྐེང་པ་བཀུག་སྣ་བཅོམ་ལྡན་འདས་ཕྱུག་ན་རྡོ་རྗེའི་ཞབས་ཀྱི་དྲུང
་དུ་བཞག་པ་སྟེ། འདིས་ནི་བརྙས་པས་འདུལ་བ་ཡིན་པའི་ཕྱིར་ང་རྒྱལ་ཚར་གཅོད་པར་སྟོན་ཏོ།། དེ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཇི་ལྟར་བགྱི་ཞེས་པས་བཅོམ་ལྡན་འདས་ལས་བཀའ་ནོད་པ་ཡིན་ནོ།། བཅོམ་ལྡན་འདས
་ཀྱིས་ཀྱང་བརྙས་པས་འདུལ་བ་ཡིན་པར་མཁྱེན་ནས་ནོན་ཅིག་ཅེས་གསུངས་པ་ཡིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་བ་དང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བྱང་ཆུབ་ཀྱི་སེམས་ཡོངསུ་དག་ཅིངས
་འཐོབ་པའི་རྒྱུར་ཞབས་གཡོན་པས་དབང་བསྐུར་བར་ཕྱེད་པས་ལྷ་ཆེན་པོའི་མགོ་བོར་མནན་པ་དང་། གཡས་པས་ཀྱང་འདི་ནི་སེམས་ཅན་མི་ཤེས་པ་རྣམས་ཀྱི་སྡིག་པ་མི་དགེ་བ་དང་ཉོན་མོངས་པའི་རྒྱུ་ཡིན་ནོ་ཞེས་དགོངས་ནས
་ཨུ་མའི་ནུ་མོ་གཡས་པ་མནན་ནས་ཞེ་སྡང་དང་འདོད་ཆགས་ལས་རྣམ་པར་རྒྱལ་བར་སྟོན་ཅིང་། ཕབ་ནས་རྗེས་སུ་འདུལ་བའི་རྡོ་རྗེ་མཆོག་གི་སྙིང་པོ་གསུངས་སོ།། ལྷ་ཆེན་པོའི་སྒོ་ནས་འཇིག་རྟེན་གསུམ་པོ་ཐམས་ཅད་དབང
་དུ་བྱ་བའི་ཕྱིར་དེ་རྣམས་ཀྱི་མདུན་དུ་འདུལ་བ་ཡིན་ནོ།། བཏུལ་བར་དེ་རྣམས་ཀྱིས་ཤེས་པ་དང་། སྲིད་པ་གསུམ་པོ་ཐམས་ཅད་ཀྱིས་ངེད་ཀྱི་དབང་པོ་འདི་དེས་བཏུལ་ལོ་ཞེས་སྒྲ་ཆེན་པོ་ཕྱུང་ངོ་ཞེས་པའོ།། འདི་སྐད་སྟོན་ཏེ། འདི་ནི
་བདག་ཅག་རྣམས་ལ་འདི་སྐད་ཅེས་སྨྲས་ཏེ། ང་ནི་ལྷའི་ལྷ་ཆེན་པོ་སྟེ་འབྱུང་པོ་ཐམས་ཅད་ཀྱི་དབང་པོ་བྱེད་པའོ།། རྣམ་པར་འཇིག་པ་པོ་ཡང་ང་ཡིན་ཞིང་ང་ལས་ཆེས་ལྷག་པ་གཞན་མེད་དོ་ཞེ་ན། ད་ནི་བདག་ཉིད་ཆེན་པོ་འདིས
་འདི་ལྟར་བཏུལ་ལོ་ཞེས་གང་མོ་འདེབས་ཤིང་འཕྱ་བའོ།། དེ་ནས་བར་སྐབས་དེར་བཅོམ་ལྡན་འདས་ཀྱི་ལྷོ་ཆེན་པོ་དུལ་བ་ཉིད་དང་རྣམ་པར་དུལ་བར་མཁྱེན་ནས། དེ་ལ་ཐུགས་རྗེ་ཆེན་པོ་བསྐྱེད་དེ་བབས་པའི་སྡུག་བསྔལ
་བར་ཞི་བར་བྱ་བའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིར་གཏོགས་པའི་བྱམས་པའི་དགོངས་པས་ཀུན་ནས་བསླང་བའི་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་པ་ཡིན་ནོ།། སྙིང་པོའི་རྗེས་ཐོགས་ཉིད་ལ་ལྷ་ཆེན་པོ་ལ་བབས
་པའི་སྡུག་བསྔལ་དེ་མེད་པར་གྱུར་ཏོ།། དེ་ནས་ཡང་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱིས་རེག་པས་བདེ་བ་བླ་ན་མེད་པའི་གྲུབ་པ་སྟེ་འཚང་རྒྱ་བ་ཡིན་ལ། དེའི་རྒྱུར་དབང་བསྐུར་བ་ཡིན་པས་བླ་ན་མེད་པའི་གྲུབ་པའི་དབང་བསྐུར་བའོ།།
་ཏིང་ངེ་འཛིན་དང་རྣམ་པར་ཐར་པ་དང་། གཟུངས་དང་ཡེ་ཤེས་དང་མངོན་པར་ཤེས་པ་རྣམས་ནི་བདེ་བ་བླ་ན་མེད་པའི་གྲུབ་པའི་དབང་བསྐུར་བ་དང་། ཏིང་ངེ་འཛིན་དང་རྣམ་པར་ཐར་པ་དང་གཟུངས་དང་ཡེ་ཤེས་དང་མངོན་པར་ཤེས
་པ་སྟེ། དེ་རྣམས་ཐོབ་པར་བྱ་བའི་ཕྱིར་རོ།། བར་དུ་ཞེས་བྱ་བའི་སྒྲ་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྡུའོ།། དེ་བཞིན་གཤེགས་པ་ཉིད་དུ་གྲུབ་པའི་བར་དུ་གྱུར་ཏོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཉིད་དུ་ཞེས་བྱ་བ་ནི
་ཕྱིས་འགྱུར་བར་སྤྲུལ་ཞིང་སྟོན་པ་སྟེ། དང་བ་བསྐྱེད་པར་བྱ་བའི་ཕྱིར་རོ།། དེ་ནས་བར་སྐབས་དེར་ལྷ་ཆེན་པོ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱིས་རེག་པའི་བདེ་བ་ལ་རེག་པ་ལས། དེ་བཞིན་གཤེག་སྐྱོ་པ
་ཐམས་ཅད་དུ་གཏོགས་པ་ཕྱིས་འབྱུང་བར་འགྱུར་བའི་ཏིང་ངེ་འཛིན་དང་གཟུངས་དང་རྣམ་པར་ཐར་པའི་སྒོ་རྣམས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོའི་དབང་གིས་སྐྱེས་པར་གྱུར་ཏོ།། དེ་ལ་ཏིང་ངེ་འཛིན་ནི་ན་མཁའ་མཛོད་ལ
་སོགས་པའོ།། གཟུངས་ནི་ཡེ་ཤེས་སྨོན་མཱ་ལ་སོགས་པའོ།། རྣམ་པར་ཐར་པའི་སྒོ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་ལ་སོགས་པའོ།། མྱོང་བ་ནི་དེ་དག་ལས་བྱུང་བའི་བདེ་བས་བདག་ཉིད་ཉོན
་མོངས་པ་ཚིམ་པར་གྱུར་པའོ།། ལྷ་ཆེན་པོའི་ལུས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་ལ་ཕུལ་བ་དང་། སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱིས་འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པར་བདག་ཉིད་མངོན་པར
་རྫོགས་པར་སངས་རྒྱས་པར་སྣང་བ་སྙམ་དུ་སེམས་པར་གྱུར་ཏོ།། དེ་ཉིད་ཀྱིས་ན་བར་སྐབས་དེར་ལྷ་ཆེན་པོའི་ལུས་དེ་ལས་ཆེད་དུ་བརྗོད་པ་འདི་བྱུང་བར་གྱུར་ཏོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། གང
་ཞིག་གི་ཡེ་ཤེས་ངོ་མཚར་དུ་གྱུར་པ་ཡིན་ཞེ་ན། དེའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། སངས་རྒྱས་ཡེ་ཤེས་བླ་ན་མེད་ཅེས་བྱ་བ་གསུངས་སོ།། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཡིན་པས་ན་སངས་རྒྱས་ཡེ
་ཤེས་སོ།། འདིའི་གོང་ན་ཡོད་པ་མ་ཡིན་པས་ན་བླ་ན་མེད་པའོ།། བླ་ན་མེད་པ་དེ་གང་ཞིག་ཡིན་ཞེ་ན། གང་གི་ཕྱིར་ཡི་གེའི་གནས་ཀྱིས་མནན་ནས་སུ་ཞེས་བྱ་བ་སྟེ། འདི་ལས་མི་འགྱུར་བས་ན་ཡི་གེའོ།། གནས
་ནི་གོ་འཕང་གི་གནས་སོ།། ཡི་གེ་ཡང་ཡིན་ལ་གནས་ཀྱང་ཡིན་པས་ན་ཡི་གེའི་གནས་སོ།། དེས་མནན་པའོ།། འདི་སྐད་སྟོན་ཏེ། དོན་དམ་པ་བྱང་ཆུབ་ཀྱི་སེམས་ལ་གནས་པར་བྱས་ནས་མྱ་ངན་ལས་འདས་པ
་ལ་བཞག་པ་སྟེ། སངས་རྒྱས་ཉིད་ལ་བཞག་གོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ལྷ་ཆེན་པོ་བཏུལ་ཞིང་དཀྱིལ་འཁོར་དུ་བཅུག་ནས། ད་ནི་ཁྱབ་འཇུག་ལ་སོགས་པ་ལྷག་མ་རྣམས་གཞུག་པར་བྱ་བའི་ཕྱིར། དེ་ནས
་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་རྡོ་རྗེ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའོ།། དེ་རྣམས་ཀྱི་དམ་ཚིག་ཡིན་པས་ན་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཀྱང་ཡིན་ལ་དཀྱིལ་འཁོར་ཆེན་པོ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག
་གི་དཀྱིལ་འཁོར་ཏེ་དེར་ཞུགས་ཤིག་པའོ།། ཞུགས་ནས་ཅི་ཞིག་བྱ་ཞེ་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་སྲུངས་ཤིག་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འོག་ནས་ཕྱིས
་འཆད་པར་འགྱུར་རོ།། ཡང་ཞེས་བྱ་བ་ནི་སྔར་གཟུང་བ་ལས་བལྟོས་པ་སྟེ། སྔར་ནི་ཡང་དག་པར་མ་བླངས་པས་ད་ལྟར་དཀྱིལ་འཁོར་དུ་འཇུག་པའི་ཚེ་གསུམྦྷ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་ལ་བཙུད
་པ་དང་། དཀྱིལ་འཁོར་དུ་འཇུག་པའི་གཞུང་ལུགས་བསྟན་པར་བྱ་བའི་ཕྱིར་རོ།། བསླབ་པ་ནི་བསླབ་པ་ལྔ་རྣམས་སོ།། དམ་ཚིག་ནི་ཕྱག་རྒྱལ་སོགས་པའོ།། སྡོམ་པ་ནི་དུས་གསུམ་དུ་སྒྲིབ་པ་མེད་པ་དང
་འབྲེལ་བྱའོ།། དེ་རྣམས་ཀྱིས་ཡང་ཇི་སྐད་དུ་བཀའ་སྩལ་པ་དེ་དག་ཐམས་ཅད་ཡོངས་བླངས་སྷོ།། དམ་ཚིག་གློ་བར་མི་ཆུད་དོ།། ཞེས་བྱ་བ་ནི་དམ་ཚིག་གང་ཡིན་པ་དང་ད་ཇི་ལྟར་གནས་བཱརརྱ་བྱ་བའང
་དག་མ་འཚལ་ཏོ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་སྩལ་པ། དམ་ཚིག་ནི་འདི་དག་ཡིན་ཏེ། བྱང་ཆུབ་ཀྱི་སེམས་རིམ་པ་བཞིན་དུ་བསྐྱེད་ལ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཤིན
་ཏུ་མཉམ་པར་བཞག་པས་སྤྱད་པར་བྱའོ་ཞེས་པའོ།། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ལྷ་ལ་སོགས་པ་དེ་རྣམས་གཞུག་པར་བྱ་བའི་ཕྱིར། དམ་ཚིག་ཆེན་པོའི་ཕྱག་རྒྱ་ནི་ཕྱག་རྒྱུ་ཐམས་ཅད་ཀྱི་སྤྱི་ཡིན
་པའི་ཕྱིར་ཏེ། ཁྲོ་བོ་ཏི་རི་ཏི་རིའི་ཕྱག་རྒྱ་ནི་དམ་ཚིག་ཆེན་པོའི་ཕྱག་རྒྱ་ཞེས་བཤུང་ངོ་།། དེ་མཚིག་ཆེན་པོའི་ཕྱག་རྒྱའི་སྙིང་པོ་འདིས་ཞེས་བྱ་བ་ནི་དམ་ཚིག་ཆེན་པོའི་ཕྱོག་རྒྱའི་སྙིང་པོ་འོག་ནས་བཤད་པ་འདིས།
་འཆིང་དུ་གཞུག་གོ་ཞེས་བྱ་བ་ནི་ཆོངས་ཤིག་ཅེས་བརྗོད་ལ་འཚོང་དུ་གཞུག་པའོ།། ལག་ཏུ་ཞེས་བྱ་བ་ལ་སོགས་པ་ལ་ལག་ཏུ་བབས་པའི་ལྷས་ཡོངསུ་གཟུང་བའོ།། ལྷས་ཡོངས་སུ་གཟུང་བར་གྱུར་ན་བརྟན
་པར་འགྱུར་ཞིང་། དགོས་པོ་འགྲུབ་པ་ལ་དགོངས་པར་ཡང་འགྱུར་རོ།། དམ་དུ་འཆིང་བར་གྱུར་ཏོ།། ཞེས་བྱ་བ་ནི་མི་ཕྱེད་པར་གྱུར་པ་ལ་བྱའོ།། ཚུལ་བཞིན་དུ་བཙུད་ནས་ཞེས་བྱ་བ་ནི་སྒོའི་ཕྱི་རོལ་ཏུ་བཞག་པའི་བུམ
་པ་རྡོ་རྗེས་བྱིན་གྱིས་བརླབས་པ་ལས། རྡོ་རྗེའི་ཆུའི་བསང་གཏོར་བྱས་ལ་དམ་ཚིག་གི་སྔགས་བརྗོད་པ་དང་། དམ་ཚིག་གི་ཕྱག་རྒྱ་འཆིང་དུ་གཞུགས་པ་དང་། གདོང་གཡོགས་བཅིངས་ལ་འཇུག་པའི་སྙིང་པོ་བརྗོད་དུ་གཞུག་ཅིང
་གཞུག་པར་བྱའོ།། བཅུག་ནས་མནའི་སྙིང་པོ་བྱིན་པ་དང་། རྡོ་རྗེའི་ཆུ་བླུད་ལ་དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ང་ལ་བརྙས་པར་མ་བྱེད་ཅིག་ཅེས་བྱ་བ་ལ་སོགས་པའི་དམ་ཚིག་སྦྱིན་ཞིང་སྡོམ་པ་འཛིན་དུ
་བཅུག་ལ། རྡོ་རྗེ་དབབ་པ་བསྐྱེད་དེ། མེ་ཏོག་འདོར་དུ་བཅུག་ནས་གདིང་གཡོགས་བཀྲོལ་ཏེ། བུམ་པ་རྡོ་རྗེས་བྱིན་གྱིས་བསླབས་པ་ལས་རྡོ་རྗེའི་ཆུས་དབང་བསྒྱུར་བའོ།། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་ནས་ཞེས་བྱ་བ་ལ།
་སེམས་ཅན་མ་རུངས་པ་གདུལ་བར་བྱ་བའི་ཕྱིར་ནི་རྡོ་རྗེ་དབང་བསྐུར་བ་ཡིན་ལ། མངོན་པར་མཐོ་བའི་ཕྱིར་ནི་རིན་པོ་ཆེའི་དབང་བསྐུར་བ་སྟེ། དེ་ལ་གང་གིས་དེ་བཞིན་གཤེགས་པ་རྣམས་དབང་བསྒྱུར་བའི་རྡོ་རྗེའི
་དབང་བསྐུར་བ་དང་། རིན་པོ་ཆེའི་དབང་བསྐུར་བ་གཉིས་གཅིག་ཏུ་བསྡུས་ནས། རྡོ་རྗེ་རིན་པོ་ཆེའི་དབང་བསྐུར་བ་ཞེས་གསུངས་པ་ཡིན་ནོ།། དེ་ཡང་གང་གི་ཕྱིར་རྒྱུད་ཕྱི་མ་ལས། རྡོ་རྗེ་དང་རིན་པོ་ཆེའི་རིགས་གཅིག་ཏུ
་བསྡུས་པའི་ཕྱིར་རོ།། མཚན་མ་ཞེས་བྱ་བ་ནི་རྩེ་གསུམ་ལ་སོགས་པ་སོ་སོའི་ཕྱག་རྒྱའི་ཁྱད་པར་རོ།། རྡོ་རྗེའི་མཚན་མ་ནི་མཚན་མ་རྡོ་རྗེས་བྱས་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཇི་ལྟར་སེམས་ཅན
་གྱི་དོན་མཛད་པ་དེ་ལྟར་ཁྱེད་རྣམས་ཀྱིས་ཀྱང་གྱིས་ཤིག་ཅེས་དེ་ལ་དགོད་པའོ།། དེ་ནས་འཇིག་རྟེན་གསུམ་གྱི་བདག་པོ་ཐམས་ཅད་ཀྱི་ལས་བཤད་དེ། འདི་ལྟ་སྟེ། དབང་ཕྱུག་ཆེན་པོ་ནི་ཞེས་བྱ་བ་ལ་སོགས་པ་ནི་ལས
་ཀྱི་སྒོ་ནས་དོན་དང་ལྡན་པའི་མིང་བསྟན་པ་ཡིན་ནོ།། དེ་དག་ཀྱང་བདག་པོར་གྱུར་པ་ཡིན་པས་ན་རིག་པའི་རྒྱལ་པོ་ཡིན་པར་དབང་བསྐུར་རོ།། བར་སྣང་ལ་རྒྱུ་བའི་ལྷ་རྣམས་ཀྱི་བདག་པོ་ཡིན་པས་ན་ལྷའི་དབང་པོ་ཐམས་ཅད་དོ།།
་དབྱིག་པ་ཆེན་པོ་ནི་སྤེན་པའོ།། སེར་སྨུག་ནི་མིག་དམར་རོ།། དེ་ལ་སོགས་པ་ཞེས་སྨོས་པས་ནི་གཟའ་ལག་དང་ཕུར་བུ་ལ་སོགས་པ་བསྡུའོ།། ཆང་གི་མྱོས་པ་ནི་སྟོབས་བཟང་ངོ་།། སྦྲང་རྩི་བྱེད་ནི་ནག་པོ་ཆེན་པོའོ།། རྒྱལ
་པ་ནི་བྲ་དུམ་མའོ།། རྒྱལ་བར་བྱེད་པ་ནི་དགའ་བྱེད་དབང་ཕྱུག་གོ། སོགས་པ་ཞེས་བྱ་བའི་སྒྲས་ནི་མེ་ཏོག་ལ་སོགས་པ་གཟུང་ངོ་།། མཇེད་སྐྱོང་ནི་ནོར་བྱིན་ནོ།། ཀུ་བེ་ར་ནི་ཀུཥྨན་དེའི་བདག་པོའོ།། སོགས་པ་ཞེས་སྨོས
་པ་ནི་ཡུལ་འཁོར་སྐྱོང་ལ་སོགས་པའོ།། ཕག་ནི་ཁྱབ་འཇུག་གི་འཇུག་པ་སྟེ། གང་གིས་ས་ཡང་དག་པར་འདེགས་པར་བྱེད་པའོ།། གཙུག་ཕུད་ས་ནི་ཚོགས་ཀྱི་བདག་པོ་ཉིད་དོ།། སོགས་པ་ཞེས་སྨོས་པས་ནི་ན་མཁའ་ལྡིང་ལ
་སོགས་པ་གཟུང་སྟེ། འདི་དག་ཀྱང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་འཇིག་རྟེན་གསུམ་གྱི་བདག་པོའི་རྒྱལ་པོ་ལ་སོགས་པ་ཁྲོ་བོའི་ཚོགས་ཀྱི་བདག་པོ་དང་། ཕོ་ཉ་དང་བྲན་ལ་སོགས་པར་དབང་བསྐུར་བ་ཡིན་པསེ་ན
་དེའི་རྣལ་འབྱོར་ལ་གནས་ཏེ། སོ་སོའི་དགོས་པ་ལ་སྦྱར་བར་བྱའོ།། འཇིག་རྟེན་གསུམ་ན་བདག་པོ་ཡིན་པས་ན་འཇིག་རྟེན་གསུམ་གྱི་བདག་པོ་སྟེ། དེ་རྣམས་ཀྱི་ལྷ་མོ་ཡིན་པས་ན་འཇིག་རྟེན་གསུམ་གྱི་བདག་པོའི་ལྷ་མོ
་ཐམས་ཅད་དོ།། འཇིག་རྟེན་གསུམ་གྱི་བདག་པོའི་ལྷ་མོ་དེ་དག་ཐམས་ཅད་ལ་རྡོ་རྗེ་དང་རིན་པོ་ཆེའི་དབང་བསྐུར་བས་དབང་བསྐུར་རོ།། རང་གི་མཚན་མ་ནི་རྣམས་ཀྱི་ཕྱག་རྒྱ་གང་ཡིན་པ་སྟེ། དེ་ལ་རྡོ་རྗེས་བྱིན་གྱིས་བརླབས་པ
་ཞེས་བྱ་བ་རྡོ་རྗེའི་མཚན་མ་བྱིན་པའོ།། རྡོ་རྗེ་མིང་གི་དབང་གིས་དབང་བསྐུར་ནས་ཞེས་བྱ་བ་ནི་རྡོ་རྗེ་དམ་ཚིག་ལ་འཇུག་པའི་མེཚན་མར་གྱུར་པའི་མིང་བཏགས་ནས་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས
་དཔར་གྱུར་པ་ན་སེམས་ཅན་རྣམས་ཀྱི་དོན་ཇི་ལྟར་མཛད་པ་གང་ཡིན་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས་ཅན་གྱི་དོན་ཏེ། དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སེམས
་ཅན་གྱི་དོན་ཉིད་དེ། དེ་བཞིན་གཤེགས་པའི་སེམས་ཅན་གྱི་དོན་དེ་ལ་རབ་ཏུ་བཀོད་པར་གྱུར་པའོ།། རྡོ་རྗེའི་མིང་གང་དང་གང་ཡིན་པ་མ་བསྟན་པས་དེ་བསྟན་པར་བྱ་བའི་ཕྱིར། འདི་ལྟ་སྟེ། ཨུ་མའི་ཁྲོ་བོ་རྡོ་རྗེའི་མེའོ་ཞེས
་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་རིག་པའི་རྒྱལ་པོ་རྣམས་ཀྱིས་ཇི་ལྟར་བསྟན་པ་དེ་བཞིན་དུ་ལྷ་མོ་རྣམས་ཀྱི་གོ་རིམ་ཀྱང་དེ་དང་འདྲ་བར་ཤེས་པར་བྱའོ།། རུག་མི་ནི་ཁྱབ་འཇུག་གིའོ།། ཤཥྚི་ནི་གཞོན་ནུ་གདོང
་དྲུག་གིའོ།། ཚངས་མ་ནི་ཚངས་པའིའོ།། དབང་མོ་ནཱི་དབང་པོའིའོ།། མི་འཆི་མ་ནཱི་རྡོ་རྗེ་འཁྱིལ་པའི་འོ།། རོ་ཧཱི་ནི་ཟླ་བའིའོ།། དུབྱཱག་འཛིན་མྱ་ནི་སྟེན་པའི་འོ།། སྐྱེ་བ་འཕྲོགཱ་མ་ནཱི་དམིག་དམར་གྱིའོ།། གསོད་མ་ནི
་ཆང་གིས་མྱོས་ཀྱིའོ།། ཟླ་བ་རྡོ་རྗེ་མ་ནི་སྦྲང་རྩི་བྱེད་ཀྱིའོ།། བསྒོ་བ་མོ་ནི་རྒྱལ་བའི་འོ།། དགའ་བ་མ་ནི་རྒྱལ་པོར་བྱེད་པའི་འོ།། ཞི་བ་མ་ནི་རྡོ་རྗེ་གཏུན་རིངས་ཀྱིའོ།། མགྱོགས་པ་རྡོ་རྗེ་མ་ནི་རླུང་གིའོ།། མེ་ནི་རྡོ་རྗེ་འབར་བའི་འོ།། ཀུ་བེ་ར་ནི
་རྡོ་རྗེ་གཙིགས་པ་མའོ།། རྡོ་རྗེ་ཁ་ནི་དཔག་གིའོ།། ཙཱ་མུནྟི་ནཱི་གཤིན་རྗེའོ།། སྣ་ཅང་མ་ནཱི་རྡོ་རྗེ་ཚོགས་བདག་གིའོ།། དེ་ནས་བར་སྐབས་འདིར་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞུགས་པ་དེ་དག་ཐམས་ཅད་ཅེས་བྱ་བ
་ནི་རྡོ་རྗེ་རྒྱལ་མོ་ལ་སོགས་པའོ།། སངས་རྒྱས་ཀྱི་ཡེ་ཤེས་བསྐྱེད་ནས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཡང་དག་པར་སྦྱངས་པ་ལ་སོགས་པས་སོ།། ཕྱག་རྒྱ་བཅིངས་པ་ཐམས་ཅད་བསླབས་ཏེ་ཞེས་བྱ་བ་ནི་དམ་ཚིག
་གྲི་ཕྱག་རྒྱ་ལ་སོགས་པའོ།། དེའི་དམ་ཚིག་ནི་རྡོ་རྗེའི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་སྟེ། དེ་བྱིན་པའོ།། ཇི་ལྟར་བྱིན་ཞེ་ན། མནའི་སྙིང་པོ་འདས་བྱིན་ནོ་ཞེས་བྱ་བ་སྟེ་འདའ་བར་མི་བྱ་བའི་ཕྱིར་རོ།། དམ
་ཚི་གོ་འོདི་ནི་རྡོ་རྗེ་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱི་སྤྱིའི་ཡིན་ཏེ། རྡོ་རྗེ་འདི་ནི་རྡོ་རྗེ་ཚོ་ཞེས་བྱ་བ་ནི་ལག་པ་ན་གནས་པའི་ལས་ཀྱི་རྡོ་རྗེ་ལ་བྱ་བར་བསྟན་ཏོ།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་ཤེས་ཞེས་བྱ་བ་ནི
་སངས་རྒྱས་ཐམས་ཅད་འདུས་པར་མཛད་པས་བསྐྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།། ཞེས་སྔགས་པས་རྡོ་རྗེ་དེའི་མདུན་དུ་སྟོན་པའོ།། དམ་ཚིག་འདི་ལས་འདས་ན་ནི་ཞེས་བྱ་བ་ནི་བཀའ་ལས
་འདའོ།། རིགས་རྣམས་མྱུར་དུ་ཐལ་བར་བྱེད་ཅེས་བྱ་བ་ནི་རིགས་ཟད་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། མནུའི་སྙིང་པོ་བྱིན་ནས་དེའི་རྗེས་ཐོགས་ལ་ལྷ་རྣམས་དགུག་པའི་སྙིང་པོ་འཛིན་དུ་བཞུགས་པར་བྱ་བའི་ཕྱག་རྒྱ་ཡིན
་ས་སྙིང་པོ་གཟུང་བར་བྱ་བའི་ཕྱག་རྒྱ་སྟེ། བྱིན་ནོ་ཞེས་བྱ་བ་ནི་རྗེས་སུ་བྱིན་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ་ཞེས་བྱ་བ་ནི་རྡོ་རྗེའི་ཁུ་ཚུར་གཉིས་སུ་བྱས་ན་རྡོ་རྗེ་ཕྱག་རྒྱ་གཉིས་སུ་འགྱུར་རོ།།
་མཛུབ་མོ་ལྕགས་ཀྱར་བཅིང་ན་ནཽ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ལྕགས་ཀྱུར་བྱས་པ་གཅིག་ལ་གཅིག་གིས་གཟུང་བའོ།། གཅུ་ཞིང་ཕྱིར་ཡང་གཅུ་བར་བྱ་ཞེས་བྱ་བ་ནི་གཡས་པས་གཡོན་པ
་མངོན་སུམ་དུ་དྲངས་པ་འདི་ནི་གཅུ་བའོ།། བཟློག་སྟེ་གཡོན་པས་གཡས་པ་དྲངས་པ་ནི་ཕྱིར་ཡང་གཅུ་བར་བྱ་བའོ།། དགོས་པའི་དོན་ཞེས་བྱ་བ་ལ་སོགས་པ་ལ། སྔགས་པས་སྙིང་པོ་བརྗོད་ཅིང་ཕྱག་རྒྱ་འདི་བཅིངས
་ནས་གང་ཅུང་ཟད་ཅི་བསྒོ་ཡང་རུང་སྟེ། དེའི་མདུན་དུ་ཁྱེད་རྣམས་དགོས་པ་དེ་འགྲུབ་པར་བྱ་བའི་ཕྱིར་འདུག་པར་གྱིས་ཤིག་པའོ།། རྡོ་རྗེ་བཅིང་བ་དམ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་དམ་དུ་བྱས
་པ་མཛུབ་མོ་གཉིས་བཀུག་ནུས་མཐེ་བོ་གཉིས་ཀྱི་རྩེ་མོས་གུང་མོ་གཉིས་བཙིར་བར་བྱ་སྟེ། གུང་མོ་གཅིག་ནི་དངོས་སུ་མནན་པ་ཡིན་ལ། གཉིས་པ་ནི་བརྒྱུད་པས་མནན་པ་འདི་ནི་བར་སྣང་ལ་སྤྱོད་པ་རྣམས་དམ
་ཚིག་ལེན་དུ་གཞུག་པའི་ཕྱག་རྒྱའོ།། རིག་པ་འཛིན་པའི་སྔགས་པ་གལ་ཏེ་པདྨ་ལ་སོགས་པས་ཉེ་བར་མཚོན་པ་དག་ཀྱང་ཡོད་པས། དེའི་ཕྱིར་རྡོ་རྗེ་རིག་པ་འཛིན་པས་ནི་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རིག་པ་འཛིན་པ་དེའི་དམ
་ཚིག་གི་ཕྱག་རྒྱ་བཅིངས་པ་ལུས་པར་སྣང་སྤྱོད་པ་རྣམས་ཀྱིས་གལ་ཏེ་འགའ་ཡིས་འགལ་བར་བྱས་ཤིང་འདས་པར་གྱུར་ན་དམ་ཚིག་འདིས་དེའི་རིགས་གསོད་པར་འགྱུར་རོ།། རྡོ་རྗེའི་ཕྱག་ཞེས་བྱ་བ་ལ་སོགས་པ་ལ། སྔར་བཤད
་པའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། གཡོས་པའི་མཐེའུ་ཆུང་གིས་མཐེའུ་ཆུང་གཡོན་པའི་རྒྱུབ་ནས་འཁྱུད་ཏེ་གཟུང་ལ་མཛུབ་མོ་གཡས་པས་ཀྱང་མཛུབ་མོ་གཡོན་པ་གཟུང་སྟེ། བཟློག་སྟེ་ཞེས་བྱ་བ་ལག་པ་གཉི་ག་བཀན
་ནས་སྤྱི་བོར་བཞག་ནས་ནམ་མཁའ་ལ་སྤྱོད་པ་རྣམས་ཀྱིས་ཕྱག་རྒྱར་འགྱུར་རོ།། བདག་ཉིད་ཆེན་པོའི་དམ་ཚིག་འདི། རྡོ་རྗེ་རིག་འཛིན་གྱིས་བཅིངས་ནས། ཞེས་བྱ་བ་ལ། བདག་ཉིད་ཆེན་པོ་ཞེས་བྱ་བ་ཕྱག་ན་རྡོ་རྗེའི་སྟེ། ཕྱག་རྒྱ་འདི
་བཅིངས་ནས། ཁྲོས་ཏེ་གང་ལ་བལྟས་པ་ཡི།། དེ་ཡི་མདུན་དུ་དེ་བཞིན་འདུག། ཅེས་བྱ་བ་སྟེ། འདི་ནི་ནམ་མཁའ་ལ་སྤྱོད་པ་རྣམས་ལ་བཀའ་བསྒོའོ།། རྡོ་རྗེ་སྲུང་བ་དམ་བཅིང་ལ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་བསྡམས་པ་དམ་དུ
་བཅིངས་ལ། མཛུབ་མོ་གཉིས་གཤིབས་པ་འདི་ནི་རྡོ་རྗེ་སྲུང་བའོ།། རྡོ་རྗེ་བསྡམས་པ་དེས་མནན་པ་ཞེས་བྱ་བ་ནི་རྡོ་རྗེ་སྲུང་བ་དེ་ས་ལ་བཞག་ནས་བཙིར་བ་སྟེ། འདི་ནི་ས་ལ་གནས་པ་རྣམས་ཀྱི་དམ་ཚིག་གོ།། དམ་ཚིག་འདིས་ཅི་ཞིག་བྱེད
་ཅེ་ན། དེའི་ཕྱིར་སེམས་ཅན་ཐམས་ཅད་བསྲུང་བའོ་ཞེས་བྱེ་བ་གསུངས་སོ།། གང་ཞིག་ལ་ཞེས་བྱ་བ་ནི་སྔགས་པ་སྟེ། བསྲུང་བའི་ཕྱིར་ཕྱག་རྒྱ་འདི་འཆིང་བར་བྱེད་པའོ།། ཇི་ལྟ་བུ་ཞེ་ན། ཁྲོ་བོར་ལྡན་པས་ཞེས་བྱ་བ་གསུངསོ།། བསྲུང་བའི་ཞེས
་བྱ་བ་ནི་སེམས་ཅན་དེ་བསྲུང་བར་བྱ་བའི་ཕྱིར་རོ།། དེའི་རྒྱུག་ཏུ་འདུག་པར་བྱོས། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བཀའ་བསྒོ་བའོ།། རྡོ་རྗེའི་ཕྱག་གཉིས་བཅིངས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིང་བའོ།། རྡོ་རྗེ་མཛུབ་མོ
་གཡོན་པ་ལ་ཞེས་བྱ་བ་ནི་གཡོན་པའི་རྡོ་རྗེའི་མཛུབ་མོ་སྟེ་དེས་རྡོ་རྗེ་གཡས་པའི་མཐེའུ་ཆུང་དང་ལྷན་ཅིག་གཅིག་ལ་གཅིག་གཅུ་ཞིང་སླར་གཅུས་ལ་དགྲོལ་བར་བྱའོ།། དེ་ལྟར་གཅུ་ཞིང་སྐུར་གཅུ་བ་བྱས་ནས་གཡས་པའི་མཐེའུ་ཆུང་བཀྲོལ་ནས
་ཁྲོ་བོར་མཉམ་པར་བཞག་ནས་ཞེས་བྱ་བ་སྟེ། ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་པའི་སྔགས་པ་གང་ཡིན་པས་དམ་ཚིག་འདི་སྦྱར་བར་བྱས་ན་ཁྱེད་རྣམས་དེའི་མདུན་དུ་འཁོད་ཅིག་པའོ།། ཅིའི་ཕྱིར་ཞེ་ན། དེའི་ཕྱིར་དངོས་གྲུབ་ཀུན་གྱི
་མཆོག་གི་ཕྱིར་ཞེས་བྱ་བ་གསུངས་ཏེ། དངོས་གྲུབ་དམ་པའི་ཕྱིར་ཞེས་བྱ་བར་ཤེས་པར་བྱའོ།། རྡོ་རྗེ་བཅིངས་པ་སྦྲེལ་བ་ནི། མཛུབ་མོ་གཉིས་ནི་དམར་པོར་བྱ་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་ཀ་ལྕགས་ཀྱར་བྱས
་ལ། ལྕགས་ཀྱུ་གཡས་པས་ལྕགས་ཀྱུ་གཡོན་པ་གཟུང་། གཡོན་པས་ཀྱང་མཛུབ་མོ་གཡས་པ་གཟུང་བ་འདི་ནི་རྡོ་རྗེ་བཅིངས་པའི་མཛུབ་མོ་གཉིས་དམ་པོར་བྱས་པ་ཡིན་ནོ།། མཐེ་བོ་གུང་མོ་རྩེ་མོ་གཉིས་ཞེས་བྱ་བ་ནི
་གུང་མོ་གཉིས་ཀྱི་རྩེ་མོ་གཤིབས་ལ། མཐེ་བོ་གཉིས་ཀྱི་ལྟོ་གཉིས་ཀྱང་སྦྱར་ལ་ཁ་ཐུར་ལ་བསྟན་པའོ།། རྡོ་རྗེ་ཕྱག་རྒྱ་བཅིངས་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེའི་ཕྱག་རྒྱ་བཅིངས་པའོ་ཞེས་བྱ་བའི་དོན་ཏོ།། འདི་ནི་རེ་ཞིག་རྡོ་རྗེ་རྩེ་གཅིག་པའི
་ཕྱག་རྒྱ་ཡིན་པར་སྣང་ངོ་།། རྡོ་རྗེའི་ཕྱག་རྒྱ་བཅིངས་ནས་ཀྱང་ཞེས་བྱ་བ་འདི་ལ། གཞན་དག་ནི་ལག་པ་གཉིས་ཀའི་མཐེའུ་ཆུང་དང་སྲིན་ལག་བརྐྱང་ན་རྡོ་རྗེ་རྩེ་ལྔ་པ་ཡིན་ནོ་ཞེས་འཆང་ངོ་།། དེ་ནས་ཕྱག་རྒྱ་དེ་བཟློག་ཅིང་བཀན་ཏེ
་གྱེན་དུ་བསྟན་ནས་དཔྲལ་བར་བཞག་པར་བྱའོ།། གལ་ཏེ་གཡོན་པར་འདོད་ན་ཞེས་བྱ་བ་ནི་འཚོ་བར་འདོད་ནའོ།། དགུག་པར་བྱ་བ་གང་ཡིན་པ་ཞེས་བྱ་བ་ནི་གང་བོད་པར་བྱའོ།། དེ་ཡི་མདུན་དུ་རྟག་པར་འདུག་ཅེས་བྱ་བ་ནི་ངའི་མདུན་དུ་རྒྱུན་དུ
་འདུག་ཅིག་པའོ།། ཇི་སྐད་དུ་བཤད་པའི་ཚུལ་གྱིས་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བདག་པོ་རྣམས་ཚར་བཅོད་པར་འོས་པ་རྣམས་ནི་ཚྭར་བཅད་ནས་དོམ་ཚིག་ལ་བཀོད་པར་བསྟན་ནས། ང་ནི་མི་རུངས་པའི་དཀྱིལ
་འཁོར་དུ་གཏོགས་པ་རྣམས་ཚེར་བཅད་ཅིང་ཕན་གདགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞུས་པ་ཡིན་ཏེ། མ་རུངས་པ་རྣམས་འདུལ་བས་ན་མ་རུངས་པ་འདུལ་བ་པོ་སྟེ། མ་རུངས་པ
་འདུལ་བར་དབང་བསྐུར་ཏེ་བཞག་གོ་ཞེས་བྱ་བའི་དོན་ཏོ།། མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་ཞེས་བྱ་བ་ལ། མ་རུངས་པ་རྣམས་ཀྱི་དཀྱིལ་འཁོར་དུ་གཏོགས་པས་ན་མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་སྟེ། མ་རུངས་པ་ནི
་སེམས་ཅན་རྣམས་ལྕེ་འཁུ་བ་ལ་ཞུགས་པའི་ཕྱིར་རོ།། དཀྱིལ་འཁོར་དུ་གཏོགས་པ་ཞེས་སྨོས་པས་ནི་དཀྱིལ་འཁོར་དང་དེ་ན་གནས་པའི་སེམས་ཅན་རྣམས་གཟུང་ངོ་།། དེ་དག་ཐམས་ཅད་ཅེས་བྱ་བ་ནི་སྙིང་པོ་ཕྱི་མས་བཀུག་པ
་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་རྣམས་སོ།། ཇི་ལྟར་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་ཇི་ལྟར་འཚལ་ཞེས་བྱ་བའི་དོན་ཏོ།། ལེགས་པར་བཀའ་སྩལ་དུ་གསོལ་ཞེས་བྱ་བ་ནི་གསལ་བར་བཀའ
་སྩོལ་ཅིག་ཅེས་བྱ་བའི་དོན་ཏོ།། དེ་ནས་བར་སྐབས་དེར་བཅོམ་ལྡན་འདས་ཀྱིས་སེམས་ཅན་དུ་རྣམས་ཀྱི་ཚེ་ཟད་པར་མཁྱེན་ནས། སྐྲག་པས་འདུལ་བ་དེ་རྣམས་ལ་རྗེས་སུ་ཕན་གདགས་པར་མཛད་པའི་ཕྱིར་བཅོམ་ལྡན་འདས
་ཀྱིས་སུ་བྷ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སེམས་ཅན་ཐམས་ཅད་ལ་བསྐྱབ་པའི་ཕྱིར་ཞེས་བྱ་བ་ནི་དེ་རྣམས་དང་གཞན་དག་ཀྱང་ངོ་།། རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཛུབ་མེ
་གཉིས་ལྕགས་ཀྱུར་བཅིངས་ལ་སྙིང་གར་ཡོངསུ་བསྐོར་བར་བྱ་ཞེས་བྱ་བ་ནི་གཡོན་པའི་ལྕགས་ཀྱུ་གཡས་པའི་ནུ་མའི་འོག་ཏུ་བཀན་ཏེ་བཞག་ལ། དེ་ནས་ལག་ངར་གཡས་པ་ལག་དཱ་གཡོན་པའི་སྟེང་དུ་ཕྱུང་སྟེ། གཡས
་པའི་ལྕགས་ཀྱུའང་གཡོན་པའི་ནུ་མའི་འོག་ཏུ་བཀན་ཏེ་བཞག་ལ། དེ་ནས་དེ་གཉིས་ཀྱི་མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་དེ་དག་ཐམས་ཅད་དགུག་པར་བྱའོ།། སྔགས་བརྗོད་ཅིང་ཕྱག་རྒྱ་བཅིངས
་པའི་རྗེས་ཐོགས་ལ། མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་ཐམས་ཅད་ཁུགས་ཤིང་འོངས་པ་དེ་རྣམས་ལའང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སྡིག་པ་རྣམས་ལས་ལྡོག་པར་གྱིས་ཤིག་ཅེས་བཀའ་སྩལ་པ་དང་། དེ
་རྣམས་ཀྱིས་བདག་ཅག་རྣམས་ནི་སེམས་ཅན་གསོད་པ་འདིས་འཚོ་བ་ལགས་ན། ཇི་ལྟར་འཚོ་བར་བགྱི་ཞེས་ཟེར་ཞིང་བཀའ་ཉན་དུ་མ་འདོད་པར་གྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འཇིག་རྟེན་གསུམ་ལས
་རྣམ་པར་རྒྱལ་བའི་ཕྱག་རྒྱ་འདི་འཆིང་ཞིང་ཁྲོ་བོའི་སྙིང་པོ་མ་རུངས་པ་རྣམས་གསོད་པ་འདི་གསུངས་སོ།། རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ། ཁྲོ་བོའི
་མཛུབ་མོ་གཉིས་ཀྱི་སོན་མོ་གཉིས་གཅིག་ལ་གཅིག་སྤྲད་དེ། སླར་ཡང་ཐིག་གུ་གཅུས་པའི་ཚུལ་དུ་བཀྲིས་ནས། རྩེ་མོ་གཉིས་ནི་དམ་སྦྱར་བ་ཞེས་བྱ་བ་མ་རུངས་པའི་དཀྱིལ་འཁོར་ཐམས་ཅད་དེའི་ནང་དུ་བསམས་ལ་མཛུབ་མོ
་གཉིས་ཀྱི་གདོང་གཅིག་གིས་གཅིག་དམ་དུ་བཙིར་བར་བྱ་སྟེ། ཕྱག་རྒྱ་འདི་ནི་མ་རུངས་པ་རྣམས་འཇོམས་པའོ།། དེ་ནས་སྔགས་འདི་གསུངས་ཤིང་ཕྱག་རྒྱ་བཅིངས་མ་ཐག་ཏུ་མ་རུངས་པའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་པ
་ཞེས་བྱ་བ་ཚོགས་པར་གྱུར་པའོ།། རྣམ་པ་དུ་མས་གཙེས་ཤིང་ཞེས་བྱ་བ་ནི་བཅོམ་པའོ།། དཔྲལ་བ་དང་ཞེས་བྱ་བ་ནི་ཕྱོགས་བཅུར་གཏོར་བ་དང་། དེ་དག་གི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་གསུངས་པ་གང་ཡིན་པ་དེ་དག
་ཀྱང་དྲལ་བའོ།། བསྲེག་ཅིང་ཞེས་པ་ནི་ཕོགས་པ་ཙམ་གྱིས་པའོ།། ཤིན་ཏུ་བཅོས་པ་ནི་ཡུན་རིང་མོས་རུས་པའི་ཕྱོགས་ཀྱི་གཏིང་ལ་ཐུག་གི་བར་དུ་ཁྱབ་པར་གྱུར་པའོ།། འོ་དོང་ཆེར་འབོད་པ་ཞེས་བྱ་བ་ནི་མི་སྙན་པར་འབོད་པའི
་དོན་ཏོ།། དེ་ནས་པར་སྐབས་འདིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་དག་ནི་སྙིང་རྗེ་རྗེ་ལྟ་བུའི་སྒྲ་འབྱིན་མོད་ཀྱི། སྡིག་པ་ལས་ལྡོག་པར་མི་བགྱིད་ན་ཇི་ལྟར
་བགྱི་བ་བདག་ལ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སེམས་ཅན་དེ་དག་ཚེ་ཟད་པར་གཟིགས་པ་དང་། དེ་བསྟན་པས་གཞན་རྣམས་ལ་ཕན་གདགས
་པར་བྱ་བའི་ཕྱིར་དང་། འདི་དག་ཀྱང་འཆི་བའི་དུས་མ་བྱས་ཀྱི་བར་དུ་དེ་དག་གཏོང་བར་མི་བྱེད་པར་ཐུགསུ་ཆུད་ནས་ནི་སུམ་བྷ་ཞེས་བྱ་བ་གསུངས་སོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཀྱང་ངོ་རྣམས་ཚར་བཅད་པར་བྱ་བའི་ཕྱིར
་སྔགས་གསུངས་སོ།། དེ་ནས་དེའི་རྗེས་ཐོགས་ལ་མ་རུངས་པའི་དཀྱིལ་འཁོར་དེ་དག་ཐམས་ཅད་བསྡུས་ཏེ། རྒྱ་མཚོ་ཆེན་པོར་ལྟུང་ངོ་ཞེས་བྱ་བ་སྤྲུལ་པ་གང་ཡིན་པ་དེ་དག་ནི་མི་སྣང་བར་གྱུར་ཏོ།། གང་དེར་ཤི་འཕོས་པ་དེ་རྣམས
་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་མཐུ་མཐོང་སྟེ། སེམས་ངང་པར་གྱུར་ནས། དུས་བྱས་པ་རྣམས་ནི་ཝཱ་དང་མི་རྣམས་སུ་སྐྱེས་ས།། དེ་ལྟར་ལྷ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་དེ་དག་གདུལ་བ་མཛད་ནས། ཕྲ་མ
་མ་ལ་སོགས་པ་འདུལ་བར་བཞེད་ནས། བཅོམ་ལྡན་འདས་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞུས་ལ། བཅོམ་ལྡན་འདས་ཀྱིས་ཀྱང་རྗེས་སུ་གདུལ་བར་བྱ་བའི་ཕྱིར་གནང་བར་མཛད་པ་ཡིན་ནོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་འཕྲ་མེན
་མ་ལ་སོགས་པ་གདོན་མ་རུངས་པ་ཐམས་ཅད་དགུག་པའི་སྙིང་པོ་གསུངས་པ་ཡིན་ནོ།། སོགས་པ་ཞེས་སྨོས་པས་ནི་རྣལ་འབྱོར་མ་ལ་སོགས་པ་གཟུང་ངོ་།། དེ་རྣམས་བཀུག་ནས་ཀྱེ་བཟོད་ལྡན་རྣམས་སྲོག་གཅོད་པ་སྤང་བའི་བསླབ་པ་དང
་ཞེས་བྱ་བ་འདིས་རྗེསུ་འདུལ་བར་མཛད་དོ།། འབར་བ་ནི་ཤིན་ཏུ་ཚ་བའོ།། རབ་ཏུ་འབར་བ་ནི་ཀུན་ཏུ་འབར་བར་གྱུར་པའོ།། གཅིག་ཏུ་འབར་བར་གྱུར་པས་ཞེས་བྱ་བ་ནི་རྡོ་རྗེ་ལས་བྱུང་བའི་འབར་བ་དེས་གང་གིས་ན་མཁའི་ཁམས་ཡོངསུ་གང་བར
་གྱུར་པ་དེ་ན་རྡོ་རྗེ་དེ་གཅིག་ཏུ་འབར་བ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། བཅོམ་ལྡན་འདས་ཞེས་བྱ་བ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། དེས་བཅོམ་ལྡན
་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཕྱག་ན་རྡོ་རྗེ་སེམས་ཅན་འདི་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་ལ་ཐབས་སྦྱིན་པར་ཞེས་བྱ་བ་ནི་འཆི་བའི་མཚན་མ་ཤེས་པར་བྱ་བའོ།། བསྒྲུབ་པར་བྱོས་ཤིག་ཅེས་བྱ་བ་ནི་བྱིན
་གྱིས་རློབ་པར་གྱིས་ཤིག་པའོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་དེ་བཞིན་དུ་བགྱི་བར་འཚལ་ལོ་ཞེས་ཏེ། འཆི་བའི་མཚན་མ་ཤེས་པའི་སྙིང་བློ་གསུངས་ཏེ། འཆི་བའི་རྟགས་ཡིན་པས་ན་འཆི་བའི་མཚན་མ་སྟེ། དེའི་ལ
་ཤེས་ཡིན་པས་ན་འཆི་བའི་མཚན་མ་ཤེས་པའི་ཡེ་ཤེས་ཏེ། དེའི་ཕྱག་རྒྱ་དང་དེའི་སྙིང་པོ་གསུངས་སོ།། རྡོ་རྗེ་བསྡམས་པ་བཅིངས་ནས་ནི་ཞེས་བྱ་བ་ནི་རྡོ་རྗེ་བཅིང་བ་བཅིང་བའོ།། ལག་པ་གཉིས་རྡོ་རྗེ་བཅིང་བ་ཡང་ཡོད་པས་ན་དེ
་ལས་ཁྱད་པར་དུ་བྱ་བའི་ཕྱིར་ལག་ངར་གཉིས་ཞེས་བྱ་བ་གསུངས་སོ།། ཤིན་ཏུ་དམ་པོར་ཞེས་བྱ་བ་ནི་མི་གཡོ་བར་རོ།། དེ་ཡང་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། ཁུ་ཚུར་གཡོན་པ་མཆུན་ཁུང་གཡས་པའི་ཕྱོགས་སུ་བཅུག་ལ་ཁུ
་ཚུར་གཡས་པ་ལག་ངར་གཡོན་པའི་འོག་ནས་ཕྱུང་ནས། མཆན་ཁུང་གཡོན་པར་བཅུག་ལ་ཤིན་ཏུ་དམ་པོར་བྱས་པ་འདི་ནི་རྡོ་རྗེ་བསྡམས་པ་དམ་པོར་བྱས་པ་ཡིན་ནོ།། རྡོ་རྗེ་མཛུབ་མོ་རྩེ་མོ་ཡིས།། རང་གི་མཆན་ཁུང་བྲུད་པར་བྱ།། ཞེས་བྱ
་བ་ནི་དྲོངས་ཤིག་པའི་དོན་ཏོ།། ཕྱག་རྒྱ་འདིས་སེམས་ཅན་ཐམས་ཅད་ཀྱི་སྙིང་རུས་ལ་ཟོས་ཤིག་ཅེས་བྱ་བ་དེས་དེ་རྣམས་དྲངས་ནས་ཟོས་སུ་ཟིན་ཀྱང་སེམས་ཅན་དེ་རྣམས་ཞག་དྲངས་དེའི་བར་དུ་སྔགས་དེའི་མཐུས་གསོན་པར་གནང
་བ་དང་། དེ་རྣམས་ཀྱང་སྡིག་པ་ལས་ལྡོག་པར་འགྱུར་ཞིང་། སེམས་ཅན་གཞན་རྣམས་ཀྱང་དུས་མ་ཡིན་པར་འཆི་བ་ལས་བསྲུང་བར་འགྱུར་རོ།། དེ་ནས་འཕྲ་མེན་མ་ལ་སོགས་པ་དེ་རྣམས་གནང་བ་ཐོབ་པར་གྱུར་པ་དང་། དགའ
་བའི་སྒྲ་འབྱིན་ཅིང་གར་གྱི་ཚུལ་གྱིས་མཆོད་རྒལ་ཏེ་རང་རང་གི་གནས་སུ་སོང་ངོ་།། དེ་ལྟར་འཕྲ་མེན་མ་ལ་སོགས་པ་བཏུལ་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རིམས་ལ་སོགས་པའི་ནད་རྣམས་འདུལ་བར
་བཞེད་ནས། རིམས་ལ་སོགས་པའི་ནད་འདི་རྣམས་ཇི་ལྟར་བགྱི་ཞེས་བཅོམ་ལྡན་འདས་ལ་བཀའ་ནོད་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཚར་བཅད་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང
་གནང་བ་ཐོབ་པ་དང་རིམས་ལ་སོགས་པའི་དགུག་པའི་སྙིང་པོ་གསུངས་སོ།། བཀུག་ནས་ཀྱང་སེམས་ཅན་རྣམས་གསོད་པ་ལས་ལྡོག་པའི་བསླབ་པ་གཟུང་བའི་སྡོམ་པ་ལོང་ཞིག་ཅེས་བཀའ་སྩལ་ཏེ། སེམས་ཅན་རྣམས་གསོད
་པས་སེམས་ཅན་གསོད་པ་སྟེ། ཁམས་མ་སྙོམས་པ་ལ་སོགས་པར་བྱས་ནས་འཚེ་བ་སྟེ་དེ་ལས་བཟློག་པའོ།། དེ་ཉིད་བསླབ་པ་སྟེ་ཉམས་སུ་ལེན་པ་ནི་སྡོམ་པའོ།། དེ་དག་གིས་གསོལ་པ། བདག་ཅག་ནི་སེམས་ཅན་གྱི་མདངས
་འཕྲོག་སྟེ། འཚོ་བར་བགྱིད་པ་ལགས་ན། གང་གི་ཕྱིར་འདི་ལྟར་འཚོ་བར་བགྱིད་པ་དེའི་ཕྱིར། བཅོམ་ལྡན་འདས་ལེགས་པར་བརྟགས་ཏེ་ཇི་ལྟར་བསྒྲུབ་པར་བགྱི་བ་བཀའ་སྩོལ་ཅིག་ཅེས་ཞུས་སོ།། དེ་ནས་པར་སྐབས་དེར
་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་སེམས་ཅན་རིམས་ཀྱིས་ཐེབས་པར་གྱུར་པ་རྣམས་ཀྱི་རང་གི་ལས་རྣམ་པར་དག་པར་གྱུར་པ་སྟེ། ལས་གང་གིས་རིམས་ལ་སོགས་པའི་ནང་དུ་གྱུར་པ་དེ་ནི་རང་གི་ལས་ཏེ། རང་གི་ལས་དེ
་རྣམས་དག་པར་གྱུར་པ་ནི་ཡོངསུ་ཟད་པའོ།། དེའི་ཡེ་ཤེས་ཡིན་པས་ན་རང་གི་ལས་རྣམ་པར་དག་པར་གྱུར་པའི་ཡེ་ཤེས་ཏེ། དེའི་ཕྱག་རྒྱ་དང་དེའི་སྙིང་པོ་གསུངས་སོ།། ཕྱག་རྒྱ་འདི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་རྒྱ་འདི
་གང་རིམས་ལ་སོགས་པའི་ནད་ཐམས་ཅད་ཀྱིས་གང་ལ་བཏབ་པ་ལ་སྔགས་པས་ཕྱག་རྒྱ་འདི་བཅིངས་ཏེ། ལས་བྱས་པ་བསྟན་ན་ཁྱེད་རྣམས་དེ་ནས་སོང་ཞིག་ཅེས་པའོ།། དེ་ལྟར་རིམས་ལ་སོགས་པའི་ནང་རྣམས་བཏུལ
་ནས་དམ་ཚིག་ཀྱང་འཛིན་དུ་བཅུག་སྟེ། ད་ནི་དམྱལ་བ་ལ་སོགས་པ་ངན་སོང་བ་ཐམས་ཅད་རྣམ་པར་སྦྱང་བའི་ཕྱིར་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཞུས་པ་ཡིན་ནོ།། སྒྲིབ་པ་ཐམས
་ཅད་ཅེས་བྱ་བ་ནི་ཤེས་བྱའི་སྒྲིབ་པ་དང་ཉོན་མོངས་པའི་སྒྲིབ་པའོ།། ཆོད་པ་ནི་སྒྲིབ་པ་ལྔ་ལ་སོགས་པའོ།། ལས་ཀྱི་སྒྲིབ་པ་ནི་ངན་སོང་བ་ངེས་པར་མྱོང་བར་འགྱུར་བའི་ལས་སོ།། སྒྲིབ་པ་དེ་དག་ལ་སོགས་པ་རྣམ་པར་སྦྱང་བའི
་སླད་དུ་ཞེས་བྱ་བ་ནི་རྣམ་པར་དག་པར་བྱ་བའི་ཕྱིར་ཏེ། ཟད་པར་སྦྱངས་པ་ཞེས་བྱ་བའི་དོན་ཏོ།། འདི་སྐད་སྟོན་ཏེ། སྡིག་པ་བཤགས་པ་ལ་སོགས་པ་འབའ་ཞིག་གིས་སྒྲིབ་པ་ཟད་པར་འགྱུར་པར་མ་ཟད་ཀྱི། སྔགས་བརྗོད་པ་དང
་བཅས་པའི་ཕྱག་རྒྱ་བཅིང་བས་ཀྱང་སྒྲིབ་པ་ཟད་པ་ཡིན་པར་ཤེས་པར་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས་འདི་སྐད་གསུངས་ནས། ངན་སོང་གི་འགྲོ་བའི་འཁོར་ལོ་ཐམས་ཅད་དགུག་པའི་སྙིང་པོ་གསུངས།།
་རྡོ་རྗེ་བཅིང་བ་དམ་བྱས་ཏེ། གུང་མོ་གཉིས་ནི་སྦྱར་ནས་སུ་ཞེས་བྱ་བ་ལ་སོགས་པ་ནི་གུང་མོ་གཉིས་གཤིབས་ལ་སོར་མོ་ལྷག་མ་རྣམས་རྡོ་རྗེ་བཅིང་བ་ནང་དུ་བསྣོལ་ཏེ། གཡས་པའི་སོར་མོ་བཞིའི་རྩེ་མོར་ལག་པ
་གཡོན་པའི་མཐིལ་དུ་རྩེ་སྤྲད་པར་བྱ། ལག་པ་གཡོན་པའི་སོར་མོ་བཞིའི་རྩེ་མོ་ལག་པ་གཡས་པའི་བར་བར་ནས་བྱུང་ལ་ལག་པ་གཡས་པའི་མཐིལ་དུ་རྩེ་སྦྱར་བར་བྱ། དེ་ནས་གུང་མོ་གཉིས་ཡང་དང་ཡང་དུ་དབྱེ་ཞིང་བརྡབ་པར
་བྱའོ།། དེ་ནས་པར་སྐབས་དེར་ངན་སོང་གསུམ་ཞེས་བྱ་བ་དམྱལ་བ་དང་དུད་འགྲོ་དང་ཡི་དགས་ཏེ་ངན་སོང་གི་འགྲོ་བ་གསུམ་དུ་གཏོགས་པ་སྟེ། དེ་ན་གནས་པའི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ནི་ངན་སོང་གསུམ་དུ
་གཏོགས་པའོ།། འཁོར་ལོའི་ནང་ན་གནས་པ་ནི་ངན་སོང་གི་འགྲོ་བའི་དཀྱིལ་འཁོར་གྱི་ནང་དུ་ཆུད་པའོ།། ཕྱག་ན་རྡོ་རྗེ་ལས་ཕྱག་རྒྱ་འདི་མཐོང་ནས་ཞེས་བྱ་བ་ནི་སྡིག་པ་སེལ་བའི་ཕྱག་རྒྱ་འདྲིའོ།། ངན་སོང་ཐམས་ཅད་ལས་འཆི
་འཕོས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞབས་དྲུང་དུ་སྐྱེས་སོ་ཞེས་བྱ་བ་ནི་ཕྱག་རྒྱ་བསྟན་པས་ངན་སོང་དུ་འཇུག་པར་བྱེད་པའི་ལས་རྣམས་ཟད་པར་བྱས་ནས་དམྱལ་བ་ལས་ཤི་འཕོས་ཏེ་སུམ་ཅུ་རྩ་གསུམ་པར
་སྐྱེ་བར་འགྱུར་བའི་རང་གི་ལས་ཀྱིས་རི་རབ་ཀྱི་རྩེ་མོར་སྐྱེས་སོ།། ངན་སོང་དེ་རྣམས་ཀྱང་རྒྱ་མཚོ་ཆེན་པོར་བོར་རོ་ཞེས་བྱ་བ་ནི་ངན་སོང་གི་སྣོད་དེ་དག་རྒྱ་མཚོ་ཆེན་པོར་བོར་རོ་ཞེས་པའོ།། །། དེ་ལྟར་རིག་པའི་རྒྱལ་པོ
་ནས་བརྩམས་ཏེ། ངན་སོང་གསུམ་གྱིས་བསྡུས་པའི་སེམས་ཅན་རྣམས་ཀྱི་བར་དུ་དེ་དག་རི་རབ་རིའི་རྩེ་མོར་བཅོམ་ལྡན་འདས་སངས་རྒྱས་ཧཱུཾ་མཛད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་དོན་མཛད་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོག
་པས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་མི་རྣམས་ཀྱི་དོན་མཛད་པར་བཞེད་ནས་ཡང་བཅོམ་ལྡན་འདས་ལ་ཞུ་བ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་གྲུབ་པ་དམ་པའི་འབྲས་བུ་ཐོབ་པར་བགྱི་བའི་བར་དུ
་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དེ། སྟོང་པ་ཉིད་སོ་སོར་ཐུགསུ་ཆུད་པའོ།།
་དེ་སྔོན་དུ་འགྲོ་བའི་མངོན་པར་རྫོགས་པར་བྱང་ཆུབ་པ་དེ་ཉིད་ནི་གྲུབ་པ་དམ་པ་ཡིན་ལ། དེ་ཉིད་ནི་འབྲས་བུ་སྟེ་དེ་ཐོབ་པར་བགྱི་བའི་ཕྱིར་རོ།། དེ་ནས་ཕྱག་ན་རྡོ་རྗེས་དེ་སྐད་ཅེས་ཞུས་པ་དང་། ཞུས་པའི་རྗེས་ཐོགས་ཉིད་ལ་དེ་བཞིན
་གཤེགས་པ་ཐམས་ཅད་འདུས་ཏེ། ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་དཀྱིལ་འཁོར་ཆེན་པོར་ཆུད་ཅིག་ཅེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏོ།། འདི་ནི་བྲི་བའི་དཀྱིལ་འཁོར་ཡིན་ཏེ། དེ་བས་ན་དེ་ཉིད་ཀྱིས་ནི་འདིའི་མཚན་ཉིད་སྟོན་པ་ནི
་ཨོཾ་བཛྲ་པཱ་ཎི་ཞེས་བྱ་བ་ལ་སོགས་པ་སྟེ། བཛྲ་པཱ་ཎི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ།། མ་ཧཱ་མཎྜ་ལཾ་པྲ་བེ་ཤ་ཡ་སརྦ་ན་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོར་ཐམས་ཅད་ཆུག་ཅེས་ཟེར་ཏེ། མ་ཞུགས་པ་རྣམས་དཀྱིལ་འཁོར་ཆེན་པོ
་ཆུག་ཅིག་པའོ།། དུཥྚ་རོ་ཏྲནྣི་བ་ར་ཡ་པྲ་བེ་བྱ་ཞེས་བྱ་བ་ནི་མ་རུངས་པ་རྣམས་དང་གདུག་པ་རྣམས་སྡིག་པ་ཐམས་ཅད་ལ་བཟློག་ཅིག་ཅེས་ཟེར་ཏེ། མ་རུངས་པ་ནི་ཁོང་ན་གྱ་གྱུ་ཆེ་བ་སྟེ། སླུ་བར་བྱེད་པ་གང་ཡིན་པའོ།།
་གདུག་པ་ནི་འཇིགས་པ་སྟོན་པར་བྱེད་པའོ།། སྡིག་པ་ལས་ཞེས་བྱ་བ་ནི་སྲོག་གཅོད་པ་ལ་སོགས་པས་སོ།། པྲ་མ་ཤ་ཡ་ཏྲུ་ར་དྲིཥྚི་པཪྴ་པཾ་མཾ་ཞེས་བྱ་བ་ནི་ལྟ་བ་ལོག་པར་ཞུགས་པ་རྣམས་རབ་ཏུ་གྲོལ་བར་གྱིས་ཤིག་ཅེས་ཟེར་ཏེ་ལྟ་བ་ལོག
་པར་ཞུགས་པ་ནི་ལྟ་བ་ངན་པ་ལ་ཞུགས་པའོ།། གྲོལ་བར་གྱིས་ཤིག་ཅེས་བྱ་བ་ནི་ཡང་དག་པའི་ལྟ་བ་ལ་ཞོག་ཅིག་ཅེས་བྱ་བའི་དོན་ཏོ།། བི་ཤོ་དྷ་ཡ་ནཱ་ཤ་ཡ་ཞེས་བྱ་བ་ནི་རྣམ་པར་སྦྱོངས་ཤིག། རྣམ་པར་ཤིག་ཅིག་ཅེས་ཟེར་ཏེ། གང
་སྡིག་པ་ལ་མངོན་པར་ཕྱོགས་པ་རྣམས་ཐབས་གཞན་གྱིས་ཀྱང་ཟློག་པར་མི་ནུས་པ་དང་། ཚེ་ཡང་ཟད་པ་ཞིག་ན་དེ་རྣམ་པར་སྦྱོངས་ལ་རྣམ་པར་ཤིག་ཅིག་ཅེས་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་ཚིག་དེ
་ཐོས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དཀྱིལ་འཁོར་སྟོན་པར་མཛད་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་ལས་བྱུང་བ་ཞེས་བྱ་བ་འདི་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ
་རྡོ་རྗེ་ཆེན་པོ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའོ།། དེ་རྣམས་ཀྱི་དམ་ཚིག་ནི་རྡོ་རྗེ་ཧཱུཾ་མཛད་དོ།། བྱུང་བ་ནི་དེ་ལས་སྐྱེས་པའོ།། དེ་ཡང་གང་ཡིན་ཞེ་ན། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ
་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདི་བཤད་དོ་ཞེས་བྱ་བའོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་པའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་མེད་ན་མ་རུངས་པ་རྣམས་འདུལ་བར་བྱེད་པ་མི་འབྱུང་བས་ན་རབ་ཏུ་བཤད
་བྱ་བ་ཞེས་བྱ་སྟེ། ཡང་དག་པར་ཕྱེ་སྟེ་རགཏུ་བཤད་པས་ན་རབ་ཏུ་བཤད་བྱ་བའོ།། དེ་གང་ཡིན་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་ཆེན་པོ་ཞེས་གསུངས་སོ།། ཇི་ལྟ་བུ་ཞེ་ན། དམ་པ་སྟེ་ཞེས་པའོ།། ཅི་འདྲ་བ་ཞེ་ན། རྡོ་རྗེ་དབྱིངས་དང་འདྲ་བ
་ཡི་ཞེས་བྱ་བ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ།། དངོས་གྲུབ་ཐམས་ཅད་གྲུབ་པར་བྱེད་པས་ན་དངོས་གྲུབ་ཐམས་ཅད་བྱེད་པའོ།། གལ་ཏེ་དཀྱིལ་འཁོར་གཞན་དག་ཀྱང་དངོས་གྲུབ་ཐམས་ཅད་བྱེད་པ་ཡོད་པས་ན། དེའི་ཕྱིར
་མཆོག་ཅེས་བྱ་བ་གསུངས་ཏེ། མཆོག་ནི་དམ་པའོ།། འཇིག་རྟེན་གསུམ་ལས་རྒྱལ་ཞེས་བྱ་ཞེས་བྱ་བ་ནི་འདི་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་ནོ་ཞེས་དོན་དང་མཐུན་པའི་མིང་བསྟན་པ་ཡིན་ནོ།། དམ་ཚིག་ནི་མ
་རུངས་པ་ཐམས་ཅད་འདུལ་བའི་དངོས་གྲུབ་སྟེ། དེ་ནི་འདིར་ཞུགས་པ་ལས་འབྱུང་བས་ན་དམ་ཚིག་ཅེས་བྱའོ།། ཕྱུག་ན་རྡོ་རྗེའི་ཐུགས་ཀྱི་རྡོ་རྗེ་ལས་བྱུང་བསྡུ་ན་རྡོ་རྗེ་ལས་བྱུང་བའོ།། བྱང་ཆུབ་ཀྱི་སེམས་རྣམ་པར་སྦྱོང་བ་ལ
་ཞུགས་པས་ན་སངས་རྒྱས་བྱང་ཆུབ་འབྱིན་བྱེད་པའོ།། གང་སེམས་ཅན་རྣམས་ལ་གནོད་པ་བྱེད་པ་ལ་ཞུགས་པ་དེ་ནི་མ་རུངས་པ་སྟེ། དེ་རྣམས་རྣམ་པར་འཇིག་པ་ནི་ཚར་གཅོད་པར་མཛད་པའོ།། དེ་ལ་སྔགས་འདིས་ཞེས་བྱ་བ་ལ
་སོགས་པས་ནི་བྲིས་པའི་ཆོ་ག་སྟོན་ཏེ། གྲུ་བཞི་ཞེས་བྱ་བ་ནི་ཟུར་ལ་བྱའོ།། སྒོ་ནི་འཇུག་པའི་གནས་ཏེ། ཁྱིམ་བདག་བདག་ཉིད་ཆེན་པོའི་ཁང་པ་ཡིན་པར་སྟོན་པར་བྱེད་པས་འཇུག་པའི་གནས་ཀྱི་ཕྱི་རོལ་ཏུ་རྟ་བབས་བྱ་བ
་སྟེ། རབ་ཏུ་བརྒྱན་པ་ནི་བརྒྱན་པ་བྱས་པའོ།། སྲད་བུ་བཞི་དང་ལྡན་པ་སྟེ་ཞེས་བྱ་བ་ལ། སྲད་བུ་བཞི་ནི་ཕྱོགས་དང་མཚམས་རྣམསུ་གདབ་པའོ།། དར་ནི་དར་ཡུག་གོ།། ཕྲེང་བ་ནི་མེ་ཏོག་གི་ཆུན་འཕྱང་ངོ་།། ཤིན་ཏུ་བརྒྱན་པ་ནི་རབ་ཏུ་མཛེས
་པར་བརྒྱན་པའོ།། དཀྱིལ་འཁོར་ཀུན་གྱི་གྲཝ་རྣམས་དང་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་མཚམས་བཞི་ཆར་དུའོ།། སྒོ་གང་གི་ནི་ཞེས་བྱ་བ་ནི་སྒོའི་སྒོ་ཁྱད་དོ།། དེ་དག་གི་མཚམས་རྣམས་སུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་མཚམས་དང་སྒོ
་ཁྱད་ཀྱི་མཚམས་རྣམས་སུའོ།། རྡོ་རྗེ་རིན་ཚོན་བརྒྱན་པར་བྱ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེ་ཡིན་པས་ན་རྡོ་རྗེ་རིན་ཆེན་ཞེས་ལ་ལ་འདོད་དོ།། ཡང་ན་རྡོ་རྗེ་དང་རིན་པོ་ཆེ་ནི་རྡོ་རྗེ་རིན་ཆེན་ཏེ། དེས་བརྒྱན་པ་ནི་སྦས་པ་བྱས་པའོ།། དཀྱིལ་འཁོར
་ཕྱི་རོལ་སྲད་བུ་བྲི་ཞེས་བྱ་བ་ནི་སྔགས་པས་དང་པོར་ཕྱིའི་དཀྱིལ་འཁོར་དེ་ལྟར་ཐིག་གདབ་པར་བྱའོ།། དེའི་ནང་དུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་དེའི་ནང་དུའོ།། རྡོ་རྗེ་རིན་ཆེན་གྱིས་རྒྱན་ཏེ་ཞེས་བྱ་བ་ནི་འདིར་ཡང་རྡོ་རྗེ་རིན་པོ་ཆེས
་བརྒྱན་པ་འམ། རྡོ་རྗེ་དང་རིན་པོ་ཆེས་བརྒྱན་པར་བྱའོ།། ཀ་བ་བརྒྱད་ནི་སྒོ་ལོགས་གཉིས་སུ་ཀོ་བ་གཉིས་གཉིས་ཏེ། དེ་ལྟར་སྒོ་བཞི་པོ་རྣམས་སུ་ཀ་བ་བརྒྱད་དུ་འགྱུར་བའོ།། རྟ་བབས་དང་བཅས་པར་གནས་པས་ན་རྟ་བབས
་བཅས་སོ།། རྡོ་རྗེ་ཀ་བའི་གནས་མཆོག་ཏུ་ཞེས་བྱ་བ་ནི་གནས་ཀྱི་མཆོག་གོ།། དེར་ཟླ་བའི་དཀྱིལ་འཁོར་ལྔས་བརྒྱན་པ་དེ་ལྟར་དཀྱིལ་འཁོར་གྱི་སྲད་བུ་བྲེ་བར་བྱའོ།། དེ་ལྟར་སྲད་བུ་བྲེས་པའི་ནང་དུ་ཚོན་གྱིས་དགང་བར་བྱའོ།། དེ་ལྟར་ཇི་ལྟར
་སྲད་བུ་བྲེས་པ་བཞིན་དུ་གྲཝ་བཞི་པ་དང་སྒོ་བཞི་པའི་ཁང་པ་བརྩེགས་མ་བསམས་ལ། དེའི་དབུས་སུ་འདུག་སྟེ་ཡིད་ཀྱིས་སྒོ་དབྱེ་བར་བྱའོ།། དེ་ལ་དཀྱིལ་འཁོར་དེའི་དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བཞག་པར་བྱ་སྟེ། དེ
་པབཔས་ན་དེའི་གདན་བསྟན་པར་བྱ་བའི་ཕྱིར། གསེར་རམ་དངུལ་ལས་བྱས་པ་འམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་འབྱོར་པ་ཡོད་པ་ཞིག་ན་གསེར་ལས་བྱའོ།། དེ་བས་བདོག་པ་ཆུང་ན་དངུལ་ལས་བྱའོ།། འབྱོར་པ་མེད་པ
་ཞིག་ན་སོ་ཕག་ལས་བྱས་པ་ལེགས་པར་བྲིས་པ་བྱ་སྟེ། དེའི་སྟེང་དུ་སངས་རྒྱས་གཟུགས་ནི་བཞག་པར་བྱ་ཞེས་བྱ་བ་སྟེ། སངས་རྒྱས་ཀྱི་གཟུགས་ཞེས་བྱ་བ་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་ལུགས་མ་འམ། བྱས་པ་གང
་ཡང་རུང་བ་བཞག་པར་བྱའོ།། གང་གི་ཕྱིར་དཀྱིལ་འཁོར་འདི་ནི་གདུལ་དཀའ་བ་རྣམས་ཚར་གཅོད་པར་བྱེད་པའི་དཀྱིལ་འཁོར་ཡིན་པས་ན་དེའི་ཕྱིར་ཚོད་པས་གཅོད་པ་གཙོ་བོར་གྱུར་པ་ཡིན་པས་མངོན་སྤྱོད་ཀྱི་དཀྱིལ
་འཁོར་ཡིན་ཏེ། དེའི་ཕྱིར་པདྨའི་གདན་མ་གསུངས་ཏེ། སྟན་མི་བདེ་བ་ཕ་གུའི་སྟན་ཞེས་གསུངས་པར་ཟད་དོ།། གལ་ཏེ་དཀྱིལ་འཁོར་དུ་མངོན་སྤྱོད་བྱ་དགོས་པས་ན་སངས་རྒྱས་ཀྱི་གཟུགས་བཞག་པར་གསུངས་ཀྱི་བྲི་བར་མ
་གསུངས་ཏེ། གང་གི་ཕྱིར་སྔགས་པས་དེའི་དུས་སུ་སྐུ་གཟུགས་བཏོན་ནས་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་ལ་གནས་ཏེ། དེར་འདུག་ནས་མངོན་སྤྱོད་ཀྱི་ལས་བྱ་དགོས་པའི་ཕྱིར་རོ།། སྤྱན་དྲངས་པའི་སྙིང་པོ་ནི
་བཞག་པར་བྱ་བའི་སྙིང་པོའོ།། སངས་རྒྱས་སྤྱན་སྔར་རྡོ་རྗེ་ནི་ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་འབར་བས་ཀུན་ནས་བསྐོར་བར་བྲིས་ལ། དེའི་དབུས་སུ་རྡོ་རྗེ་རྩི་ལྔ་པ་བཞག་པར་བྱའོ།། དེ
་བཞིན་དུ་རིན་ཆེན་རྡོ་རྗེ་མ་ལ་སོགས་པའི་ཟླ་བའི་དཀྱིལ་འཁོར་ལ་ཡང་ཀུན་ནས་འབར་བས་བསྐོར་བར་བྲིས་ལ་དབུས་སུ་ཕྱག་རྒྱ་བྲི་བར་བྱའོ།། རྡོ་རྗེ་དམ་ཚིག་ཕྱག་རྒྱ་རྣམས་ཞེས་བྱ་བ་ནི་རྡོ་རྗེ་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག
་རྒྱ་རྣམས་སོ།། ཡིད་ཀྱིས་རི་མོ་བཏེག་ནས་ནི་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་ཤུགས་ཀྱི་སྔགས་བརྗོད་ལ་ཡིད་ཀྱིས་བཏེག་པ་དེ་ཉིད་ཕྱག་རྒྱ་ཡིན་ཏེ། བདག་ཉིད་རི་མོའི་འོག་ཏུ་འཛུལ་ཏེ་སོང་བར་བསམ་མོ།། རྡོ་རྗེ་སྲད་བུའམ
་གཞན་ཡང་རུང་ཞེས་བྱ་བ་ནི་སྔགས་པ་ཐིག་འདེབས་པའི་ཚེ་ན་རྒལ་ཏེ་འགྲོ་འདོད་པར་གྱུར་ན། རྡོ་རྗེ་ཐིག་གི་འོག་ནས་འཛུལ་ཏེ་འགྲོ་བར་ཡིད་ཀྱིས་སོམས་ཤིག་པའོ།། དེའི་དབུས་སུ་ཞེས་བྱ་བ་ནི་མི་བསྐྱོད་པའི་གནས་སུའོ།།
་རྡོ་རྗེ་ཧཱུཾ་ཞེས་བྱ་བར་འདུས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་ཞེས་བྱ་བ་བཞིའི་ཕྱག་རྒྱ་བཅིང་བས་ཆས་པ་ཞེས་བྱ་བའི་དོན་ཏོ།། ཁྲོ་དང་བཅས་པར་འཛུམ་པའི་ཞལ་ཞེས་བྱ་བ་ནི་གཡོན་པ་ཁྲོ་བ་དང་བཅས་པ་གཡས་པ་ཅུང་ཟད་འཛུམ་པ་དང
་ལྡན་པའོ།། གཡོན་བརྐྱང་ཚུལ་དུ་གནས་པ་སྟེ་ཞེས་བྱ་བ་ནི་གཡོན་པ་བརྐྱང་ལ་གཡས་པ་བསྐུམ་པའོ།། རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེས་ཉེ་བར་མཛད་པའི་ཁྲོ་བོ་ནི་རྡོ་རྗེ་ཁྲོ་བོའོ།། ཁྲོས་པ་མཆེ་བ་ཕྱུང་བ་སྟེ།
་ཞེས་བྱ་བ་ནི་ཁྲོས་པ་ཡང་ཡིན་ལ་མཆེ་བ་ཕྱུང་བ་ཡང་ཡིན་པས་ཁྲོས་པ་མཆེ་བ་ཕྱུང་བ་སྟེའོ།། འབར་བའི་ཕྲེང་བ་ཡིན་པས་ན་འབར་བའི་ཕྲེང་བའོ།། འབར་བའི་ཕྲེང་བ་ཡང་ཡིན་ལ་དཀྲིགས་པ་ཡང་ཡིན་པས་ན་འབར་བའི་ཕྲེང
་བ་དཀྲིགས་པ་སྟེ། འབར་བ་རྣམས་ཕན་ཚུན་དུ་རྒྱུ་བས་དཀྲིགས་པའོ།། དེ་ཉིད་གང་གི་འོད་ཡིན་པ་དེ་ནི་འབར་བའི་ཕྲེང་བ་དཀྲིགས་པའི་འོད་དོ།། དེར་ཞེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་གནས་སུའོ།། རྡོ་རྗེ་དབང
་བསྐུར་ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་རིན་པོ་ཆེ་ལས་བྱས་པའི་རྡོ་རྗེ་ཡང་ཡིན་ལ་དབང་བསྐུར་བ་ཡང་ཡིན་པས་ན་རྡོ་རྗེ་དབང་བསྐུར་བའོ།། འོད་དཔག་ཏུ་མེད་པའི་གནས་སུ་ནི་རྡོ་རྗེ་སྡེའོ།། གདོན་མི་ཟ་བར་གྲུབ་པའི
་གནས་སུ་ནི་རྡོ་རྗེ་དབབ་པའོ།། དཀྱིལ་འཁོར་དམ་པའི་ཕྱི་རོལ་ཏུ་ཞེས་བྱ་བ་ནི་དམ་པ་ཞེས་སྨོས་པ་དང་། འོག་ནས་ཀྱང་ཕྱིའི་དཀྱིལ་འཁོར་ཞེས་སྨོས་པས་ན་རྡོ་རྗེ་སྲད་བུའི་ཕྱི་རོལ་ལ་ཕྱི་རོལ་ཞེས་གསུངས་སོ།། དེའི་གྲཝ
་རྣམས་སུ་ཤར་ལྷོའི་མཚམས་ནས་བརྩམས་ཏེ་མཆོད་པའི་ལྷ་མོ་བཞི་བཞག་པར་བྱའོ།། དེ་ཉིད་ཀྱི་སྒོ་བཞིར་ལྕགས་ཀྱུ་ལ་སོགས་པ་སྒོ་སྲུང་བཞི་བཞག་པར་བྱའོ།། དེ་ཉིད་ཀྱི་སྣམ་བུ་ལྷག་མ་རྣམས་ལ་བྱམས་པ་ལ
་སོགས་པ་བཞག་པར་བྱའོ།། ཕྱི་རོལ་དཀྱིལ་འཁོར་གནས་རྣམས་སུ་ཞེས་བྱ་བ་ནི་དེ་ལས་ཕྱི་རོལ་ཏུ་གྱུར་པ་གང་ཡིན་པ་དེ་གཟུང་བར་བྱ་སྟེ། ཕྱིའི་དཀྱིལ་འཁོར་གྱི་གནས་ཀྱི་སྣམ་བུའི་ནང་རིམ་ལ་རིག་པའི་རྒྱལ་པོ་རྣམས
་འཇུག་པའི་སྒོ་ནས་བརྩམས་ཏེ་སྐོར་ཕྱོགས་སུ་བཞག་པར་བྱའོ།། དེར་ཡང་དཀྱིལ་འཁོར་ནང་གི་སྒོ་ཁྱུད་དང་རྟ་བབས་ཀྱིས་ཕྱོགས་མ་གཏོགས་པའི་གནས་ཡོད་ན་དེར་དཀྱིལ་འཁོར་བ་རྣམས་བཞག་པར་བྱའོ།། འོན་ཏེ་གནས་མེད་ན
་སྣམ་བུ་བརྐྱང་པ་ལ་དངར་ཏེ་དགོད་དོ།། སྒོ་བཞིར་ནི་ཚོགས་ཀྱི་བདག་པོ་རྣམས་སྒོ་སྲུང་དུ་བཞག་པར་བྱའོ།། འཇིགས་ལྡན་མ་དང་དཔལ་མོ་དང་དབྱངས་ལྡན་མ་དང་དཀའ་ཐུབ་བཟློག་མ་རྣམས་འཇུག་པའི་སྒོའི་གཡོན་ལོགས་ནས་བརྩམས
་ཏེ་གྲཝ་རྣམས་སུ་བཞག་པར་བྱའོ།། སྣམ་བུའི་ཕྱི་རིམ་གྱི་གནས་ལྷག་མ་རྣམས་སུ་ནི་མ་མོ་རྣམས་དགོད་པར་བྱའོ།། རིག་པའི་རྒྱལ་པོ་ལ་སོགས་པ་དེ་དག་དགུག་པ་ནི་འདོད་པའི་རྒྱལ་པོའི་སྙིང་པོ་བྱས་ལ་སྔར་བཤད་པའི་སྙིང་པོ
་དང་ཕྱག་རྒྱས་ནི་དགོད་པར་བྱའོ།། མ་རུངས་པའི་དཀྱིལ་འཁོར་དུ་གཏོགས་པ་ལ་སོགས་པ་ལྷག་མ་དེ་རྣམས་ཀྱང་སོ་སོར་སྙིང་པོ་དང་ཕྱག་རྒྱས་ཁང་པ་བརྩེགས་མ་རྩེ་མོ་རྡོ་རྗེ་ནོར་བུ་དང་རིན་པོ་ཆེ་ལས་བྱས་པའི་ཕྱི་རོལ་ཏུ་དགོད་པར
་བྱའོ།། འདི་ནི་རེ་ཞིག་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྣམ་པར་དགོད་པ་ཡིན་ཏེ། དེ་ལྟར་རྣམ་པར་བཞག་ནས་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ལྷག་མ་རྣམས་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་པའོ།།
་འདིར་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བྲིས་པར་རོ།། ཆོ་ག་རྒྱས་པ་ཞེས་བྱ་བ་ནི་དགོས་པ་རྒྱས་པའོ།། ཆོ་ག་རྒྱས་པ་དེ་གང་ཡིན་ཞེ་ན། དེའི་ཕྱིར་དེ་ལ་དང་པོ་ཉིད་དུ་རྡོ་རྗེ་སློབ་དཔོན་བདག
་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཆོ་ག་དང་པོའོ།། འཇུག་པ་ཡང་རྡོ་རྗེ་ཁྲོ་བོ་ཏི་རིན་ཏི་རིའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བླངས་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕུལ་ལ་རང་གི་མགོ་ལཱ་དེ་ཉིད་ཀྱིས་བཅིངས
་པར་བསམ་པར་བྱའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ་བ་གདབ་པོ།། གསོལ་བ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་བོའི་དབང་དུ་མཆིས་ཏེ་ཞེས་བྱ་བ་སྟེ།
་ཁྲོ་བོའི་སྙོམས་པར་འཇུག་པ་ལ་གནས་པར་བགྱིད་དོ་ཞེས་བྱ་བའི་དོན་ཏོ།། དེར་ཅི་ཞིག་བགྱི་ཞེ་ན། ཚར་བཅད་པའི་རིགས་པ་རྣམས་ཚར་བཅད་དོ་ཞེས་བྱ་བ་གསུངས་ཏེ། ཚར་བཅད་པར་རིགས་པ་ནི་གང་སེམས་ཅན་གསོད
་པ་ལ་ཞུགས་པ་དང་། བསྟན་པ་ལ་འཁུ་བར་བྱེད་པ་གང་ལགས་པ་དེ་རྣམས་ནི་ཚར་བཅད་དོ་ཞེས་བྱ་བ་སྟེ། སྡིག་པ་རྣམས་ལས་བཟློག་པར་བགྱིའོ་ཞེས་བྱ་བའི་དོན་ཏོ།། སྡིག་པ་ལས་ལྡོག་པ་གང་ལགས་པ་དེ་རྣམས
་ནི་རྗེས་སུ་གཟུང་བ་རིགས་པ་སྟེ། དེ་རྣམས་རྗེས་སུ་གཟུང་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་བཏང་བ་དང་། བྱང་ཆུབ་ཀྱི་སེམས་དང་། བསླབ་པ་དང་། དམ་ཚིག་ལ་རྣམ་པར་བཞག་པར་བྱ་བའོ།། འདི་སྐད་སྟོན་ཏེ། གང
་འདི་བདག་ཁྲོ་བོའི་དབང་དུ་མཆིས་ཞེས་བྱ་བ་ནི་སེམས་ཅན་ཚར་བཅད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་དུ་ན་སེམས་ཅན་རྣམས་ཕན་འདོགས་པར་ཡང་བགྱིད་དོ་ཞེས་པའོ།། དེ་ཇི་ལྟར་བསྒྲུབ་པར་བགྱི་བ་ནི་རྒྱུ་གང་གིས་ནན
་ཏན་དུ་བགྱི་བའོ།། བཅོམ་ལྡན་འདས་ཀྱིས་བདག་ལ་བཀའ་སྩལ་དུ་གསོལ་ཅེས་བྱ་བ་ནི་རྒྱུ་དེའི་སླད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་དུ་གསོལ་ཅེས་བྱའོ།། བྱས་ཏྭེ་ཞེས་བྱ་བ་ནི་བརྗོད་ནས་སོ།།
་སྔར་བཅིངས་པའི་ཕྱག་རྒྱ་དི་རང་གི་སྙིང་གར་ཇི་ལྟ་བ་བཞིན་དུ་བཞག་སྟེ་ཞེས་བྱ་བ་ནི་ཇི་ལྟ་བ་བཞིན་དུ་དགྲོལ་བ་སྟེ། ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་ཏིཥྛ་བཛྲ་ཊི་ཌྷོ་མེ་བྷ་བ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་དབྱིངས་སུ་གསུངས་པའི་ཚུལ
་གྱིས་སོ།། རྡོ་རྗེ་བསྡུ་བ་ལ་སོགས་པ་ཡང་རྡོ་རྗེ་དབྱིངས་ལས་གསུངས་པ་བཞིན་དུ་བྱས་ལ། དེ་ནས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའི་ལས་རྣམས་བྱས་ནས་ལས་ཀྱིས
་ཕྱག་རྒྱ་རྣམས་ཀྱང་བཅིངས་ལ་ཆོས་ཀྱི་ཕྱག་རྒྱ་རྣམས་ཀྱང་བརྗོད་དེ། ཡང་དམ་ཆོག་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཡང་ཞེས་བྱ་བའི་སྒྲ་ནཱི་ལས་ཀྱི་ཕྱག་རྒྱ་ལ་བལྟོས་པ་ཡིན་ནོ།། རྡོ་རྗེ་སློབ་མ་ཆུག་ཅིག་ཅེས་བྱ་བ་ལ། དེ་ཇི
་ལྟར་གཞུག་པར་བྱ་བ་མི་ཤེས་པས་དེ་བསྟན་པར་བྱ་བའི་ཕྱིར། ཆོ་ག་འདིས་ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱིས་སྔོན་པོ་བགོས་ལ་མགོ་ལ་ཡང་གཙུག་ཏོར་སྔོན་པོ་བཅིངས་ཏེ། སློབ་མ
་ཡང་གོས་སྔོན་པོས་གདོང་གཡོགས་ཏེ། སྙིང་པོ་འདིས་གཞུག་པར་བྱའོ་རྡོ་རྗེ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་སུ་གསུངས་པས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་སོ་ཞེས་བྱ་བ་ནི་ལུས
་ལ་ཕན་པའི་བདེ་བ་ལ་རེག་པས་སེམས་རྩ་གཅིག་པར་བྱེད་ལ། མཉམ་པར་བཞག་པའི་སེམས་ཀྱིས་ནི་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པའི་ཕྱིར་རོ།། སྐད་ཅིག་གིས་ཤེས་སོ་ཞེས་བྱ་བ་ནི་ལྷ་རྣམས་ཀྱིས་བྱིན་གྱིས་བརླབས
་པར་གྱུར་ན་མིག་བཙུམ་པའི་སྐད་ཅིག་ཙམ་གྱིས་ཤེས་པོར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། གནོད་པ་ནི་བསད་པ་ལ་བྱ་ན་གནོད་པ་ཡོད་པ་མ་ཡིན་པ་སྣ་ན་གནོད་པ་མེད་པ་སྟེ། མི་གསོད་པ་ཞེས་བྱ་བའི་དོན་ཏེ། དེ་ལ་གང་གིས་ཀྱང
་སྲོག་འཕྲོག་པར་བྱེད་པར་མི་ནུས་པའོ།། ཚུགས་པ་ནི་བརྙས་པ་ལ་བྱ་ན་ཚུགས་པ་ཡོད་པ་མ་ཡིན་པས་ན་མི་ཚུགས་པ་སྟེ། ཡོངསུ་བརྙས་པར་མི་འགྱུར་བ་ཞེས་བྱ་བའི་དོན་ཏོ།། ཧཱུཾ་ཞེས་བྱ་བྱོས་ཀྱང་ཞེས་བྱ་བ་ནི་མཐུ་ཆེ་བ་ཉིད
་དུ་སྟོན་པ་སྟེ། བབས་པའི་ཚེ་ཡོངསུ་གཟུང་བ་ཡིན་པས་ན་དེའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། གདོང་གཡོགས་བཀྲོལ་ཏེ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་དང་ཁྱོད་ཀྱི་ཞེས་བྱ་བ་ལོ་སོགས་པ་རྡོ་རྗེ་དབྱིངས་སུ་ཇི་སྐད
་གསུངས་པས་སོ།། དཀྱིལ་འཁོར་མཐོང་བ་ཙམ་གྱིས་སྡིག་པ་ཐམས་ཅད་གྲོལ་བར་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བ་ནི་དག་ཅིང་གཙང་བར་བྱེད་པ་ཡིན་ནོ།།
་དང་པོ་ཉིད་དུ་མཐུ་བསྟན་ནས། ད་ནི་དཀྱིལ་འཁོར་མཐོང་བས་འཇིག་རྟེན་གསུམ་པོ་མཐའ་དག་ལུས་རྣམ་པར་རྒྱལ་བར་ནུས་པར་འགྱུར་རོ་ཞེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་འཇིག་རྟེན
་གསུམ་པོ་མ་ལུས་པ་ལས་རྣམ་པར་རྒྱལ་བར་མཛད་པ་ལྟར་དེ་ཡང་དེ་བཞིན་དུ་འགྱུར་བའོ།། ཧཱུཾ་ཞེས་བྱ་བས་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་མཐུ་བསྟན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས
་ཞེས་བྱ་བ་ནི་བབས་པའི་ཚེ་ཡོངས་སུ་གཟུང་བར་སྟོན་པ་སྟེ། བྱིན་གྱིས་བརླབས་པ་ནི་ཡོངསུ་གཟུང་བ་ཡིན་ནོ།། དེ་ལྟར་ཡོངསུ་གཟུང་བས་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རྟག་ཏུ་ཕྱི་བཞིན་འབྲང་ཞིང་ཞེས་བྱ་བ་ཕོངས་པ་དང་ཕོངས
་པ་མ་ཡིན་པའི་དུས་སུ་ཡང་ཉེ་བར་གནས་པར་མཛད་པའོ།། རྟག་ཏུ་ཕྱི་བཞིན་འབྲང་བ་ཉི་ཚེར་ཡང་མ་ཟད་ཀྱི་རང་གི་དངོས་གྲུབ་ཀྱང་སྦྱིན་པར་མཛད་དོ་ཞེས་བྱ་བ་ནི་རང་ཉིད་ཀྱི་དངོས་གྲུབ་ཀྱང་སྩོལ་བར་མཛད་ཅིང་། རང་གི
་མཐུ་ཡང་སྩོལ་བར་མཛད་པའོ།། དེ་ལྟར་དཀྱིལ་འཁོར་མཐོང་བའི་ཕན་ཡོན་བསྟན་ནུས། ད་ནི་དེ་ནས་དེ་ལ་རྡོ་རྗེའི་དབང་བསྐུར་བས་དབང་བསྐུར་ཏེ་ཞེས་བྱ་བ་ལ་སོགས་པས་དབང་བསྒྱུར་བ་སྟོན་ཏེ། རྡོ་རྗེས་བྱིན་གྱིས
་བརླབས་པའི་བུམ་པ་ལས་རྡོ་རྗེ་ཆུས་དབང་བསྐུར་བས་ན་རྡོ་རྗེས་དབང་བསྐུར་བའོ།། རྡོ་རྗེ་ཕྲེང་བས་ཀྱང་དབང་བསྐུར་བས་ན་རྡོ་རྗེའི་དབང་བསྐུང་བ་སྟེ། རྡོ་རྗེ་སེམས་མ་ལ་སོགས་པའི་གནས་སུ་ཕྱག་རྒྱ་དང་སྟོང་པོ་གང་ཡིན
་པ་དེས་རྡོ་རྗེ་ཕྲེང་བའི་དབང་བསྐུར་བར་བྱའོ།། རང་གི་མཚན་མ་རྡོ་རྗེ་རྣོན་པོ་ཞེས་བྱ་བ་ནི་ལས་ཀྱི་རྡོ་རྗེ་རྩེ་གསུམ་པར་བྱའོ།། ཧེ་བཛྲ་ནཱ་མ་ཞེས་བྱ་བ་ནི་ཀྱེ་ཆེ་གེ་མོ་རྡོ་རྗེ་ཁྲོ་བོ་ཞེས་བྱ་བའོ།། དེ་ནས་ཡེ་ཤེས་རྣམས་བསྐྱེད་དེ་ཞེས་བྱ་བ་ནི
་ལས་ཀྱི་ལུང་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཁྲོ་བོར་མཉམ་བཞག་ནས་ཞེས་བྱ་བ་ནི་ཁྲོ་བོའི་སྙོམས་པར་འཇུག་པ་ལ་གནས་པའོ།། ཇི་ལྟ་བུ་ཞེ་ན། འབར་བ་མང་པོའི་འོད་ཅན་གྱིས་ཞེས་བྱ་བའོ།། རྡོ་རྗེའི་དབྱིངས་ནི་ཞེས
་བྱ་བ་ནི་ཡིད་ཀྱིས་བསམ་པའོ།། གང་དུ་ཞེ་ན། སྙིང་གར་བསམ་ཞེས་བྱ་བ་སྟེ། རང་གི་སྙིང་གར་རོ།། སྐྱེ་བོ་ཀུན་ལ་འབེབས་པར་བྱེད་ཅེས་བྱ་བ་ནི་ལྷ་ཆེན་པོ་ནས་བརྩམས་ནས་དེ་ལ་མི་འབེབས་པ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏེ།
་དེ་ཡང་དེ་ལྟར་བདག་ཉིད་གནས་པར་བྱས་ནས་ཡིད་ཀྱིས་ཀྱང་རྡོ་རྗེ་དབྱིངས་ལས་གསུངས་པའི་ཚུལ་གྱིས་སྣོད་དུ་ཞུགས་ཏེ་སྣོད་དུ་ཀུན་ཏུ་ཁྱབ་པར་བྱས་ནས་སྙིང་པོ་བརྗོད་དེ། བདག་གོ་ཞེས་ང་རྒྱལ་བསྐྱེད་ནས་ཧཱུཾ་ཞེས་བརྗོད་ཅིང
་ཁྲོ་བོ་དབབ་པར་བྱའོ།། དེ་ནས་སྲོག་བསྲུང་བར་བྱ་བའི་ཕྱིར་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩི་ལྔ་པ་བསམ་པར་བྱའོ།། གལ་ཏེ་དེ་ལས་ཆད་པས་གཅོད་པར་འདོད་ན་ཧཱུཾ་ཞེས་པ་དང་། ཕཊ་ཅེས་བྱ་བ་དང་བཅས་པས
་ལྟུང་བར་བྱ་ལ། ཧ~ཾ་ན་པ་ཏཱཾ་ཏྲད་ཅེས་ཇི་སྐད་གསུངས་པས་ཀྱང་དེ་རང་གི་གདོད་ལ་འཚོག་ཏུ་གཞུག་གོ། དེ་ནས་བཛྲོད་ཏིཥྛ་ཞེས་བྱ་བས་བསླང་ལ་སྨྲར་གཞུག་གོ། དེ་ནས་ཁར་ལྕེ་བཞག་ལ་དེའི་འོག་ཏུ་བཛྲ་མུཿཞེས་བྱ་བས་བཏང
་བར་བྱའོ།། དེ་ནས་བབས་པའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར། སྣོད་ལ་མཉེ་བའམ། རླུང་ཡབ་ཀྱིས་གཡབ་པར་བྱའོ།། ད་ནི་རིན་པོ་ཆེའི་རིགས་ཀྱི་སྒོ་ནས་དབང་དུ་བྱེད་པ་སྟོན་ཏེ། རྡོ་རྗེ་ཁྲོ་བོར་མཉམ་གཞུག་ནས
་དཔྲལ་བར་རྡོ་རྗེ་རིན་ཆེན་ཡང་། དེ་བཞིན་དུ་མི་བསམ་བྱས་ནི་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་པདྨ་རཱ་གའི་ནོར་བུ་རང་གི་དཔྲལ་བར་བཞག་ལ་ཡིད་ཀྱིས་དེའི་འོད་ཟེར་གྱི་དྲ་བས་འཇིག་རྟེན་ཞེས་པར་གྱུར་པར་བསམས་ན། དེའི་འོག་ཏུ
་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ།། རྡོ་རྗེ་པདྨ་མགུལ་དུ་བསམ་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་པདྨ་ནི་རྡོ་རྗེ་པདྨ་སྟེ། དེ་རང་གི་ལྐོག་མའི་ཕྱོགས་སུ་བཞག་པར་བསམས་ན། སེམས་ཅན་ཐམས་ཅད
་རླག་པར་བྱེད་ཅེས་བྱ་བ། རྡོ་རྗེ་པདྨ་དེའི་འབར་བའི་ཕྲེང་བ་དཀྲིགས་པའི་འོད་ཀྱིས་ཁྱབ་པར་བྱས་པ་དང་། ཇི་ཙམ་དུ་ཁེབས་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་བརྒྱལ་བར་འགྱུར་བས་ན་དེས་རླག་པར་བྱེད་ཅེས་བྱའོ།།
་དེའི་ཕྱིར་བསྡུ་བ་བྱས་ན་དེ་དག་ཐམས་ཅད་སླར་འཚོ་བར་འགྱུར་རོ།། རྡོ་རྗེ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་ཁ་བཞི་པའོ།། སྤྱི་བོར་བཞག་ཅེས་བྱ་བ་ནི་སྤྱི་བོར་བསམ་པའོ།། སྐྱེ་བོ་འདི་དག་ཐམས་ཅད་བསྲུང་ཞེས་བྱ་བ་ནི་སྐྱེ་སྣ་པོ་འམ
་བུད་མེད་དམ་ཁྱིམ་འམ་གྲོང་ངམ་གྲོང་ཁྱེར་རམ་ཡུལ་ལམ་ཕྱོགས་སམ། འགྲོ་བ་འདི་དག་ཐམས་ཅད་ཀྱི་བར་དུ་སྲུང་བ་དེ་བདག་ཉིད་ཀྱི་ལུས་ཀྱི་ནང་དུ་ཆུད་པར་བྱས་ལ། ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། སྙིང་པོ
་བཟླས་ན་དེ་ཇི་སྲིད་གནས་ཀྱི་བར་དུ་བསྲུངས་པའི་ལུས་དེ་དཔག་ཚད་བརྒྱའི་ཕ་རོལ་ན་གནས་ཀྱང་སུས་ཀྱང་ཉེ་བར་གཙེས་པར་མི་འགྱུར་རོ།། རྡོ་རྗེ་ལྕགས་ཀྱུ་བྲིས་ནས་སུ་ཞེས་བྱ་བ་ནི་བྲི་བ་འམ་བསམ་པའོ།། གང་དུ་ཞེ་ན། ལག་པར་ཏེ
་ལག་པ་གཡས་པའི་མཐིལ་དུ་མཛུབ་མོ་ལྕགས་ཀྱུའི་རྩེ་མོར་བསམས་ལ། ཧཱུཾ་ཞེས་བྱ་བ་བཞིའི་ཕྱག་རྒྱ་བཅིངས་ནས་ཧཱུཾ་ཞེས་བྱ་བའི་སོར་མོ་བསྐུལ་བར་བྱ་ཞིང་། ཁྲོས་ནས་ཞེས་བྱ་བ་སྟེ་ཁྲོ་བོའི་སྙོམས་པར་འཇུག་པ་ལ་གནས་ནས།
་དགུག་པ་འདི་ནི་ལྷ་རྣམས་དགུག་པའི་མཆོག་ཏུ་འགྱུར་བ་ཡིན་ནོ།། རང་གི་རྐང་མཐིལ་དབུས་སུ་ནི། རྡོ་རྗེ་ལྕགས་ཀྱུ་བྲིས་ནས་སུ་ཞེས་བྱ་བ་ནི་གོ་སླ་སྟེ། འདི་ནི་སྦྱོར་བ་གཉིས་པ་ཡིན་ནོ།། དེ་ཉིད་ཀྱིས་ནི་རྟགས་མནན་ན། ཞེས་བྱ་བ་ལྷ
་གང་གི་མཚན་མ་རྐང་མཐིལ་གྱིས་མནན་པ་དེའི་མིང་བརྗོད་དེ་བཟླས་པར་བྱ་ན། དེ་དེས་ངེས་པ་ཉིད་དུ་ཁུགས་པར་འགྱུར་རོ།། རྡོ་རྗེ་ལྕགས་ཀྱུ་ཉིད་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་འདི་ནི་ཡི་གེ་ཇི་ལྟ་བ་ཁོ་ནར་ཟད་དེ། གང་གི་ཕྱིར
་མ་མོ་འདི་རྣམས་ཀྱི་སྦྱོར་བ་ནི་འདི་ཉིད་ཡིན་པས་དགུག་པའི་མཆོག་ཡིན་ཏེ། དེ་དག་ཆགས་པ་དང་བཅས་པ་ཡིན་པའི་ཕྱིར་རོ།། བུད་མེད་ཐམས་ཅད་ནི་མ་མོ་ཐམས་ཅད་དོ།། མཇུག་དོ་ནི་མཇུག་བཅོས་ཏེ། དེར་བྲིས་ལ་དེས་མནན
་པ་ནི་ལྷའི་ཁྱད་པར་གང་ཡིན་པ་དེ་བྲིས་པའམ། གཟུགས་བརྙན་དུ་བྱས་པ་འམ། མིང་ཡང་རུང་བ་ལ་དེས་མནན་ནས་རྣལ་འབྱོར་བསྒོམ་ཞིང་སྙིང་པོ་བརྗོད་པར་བྱའོ།། དགུག་པའི་སྦྱོར་བ་དེ་དག་ཐམས་ཅད་ལ་ཡང་ལྕགས་ཀྱུ་དེས
་ཕུག་ལ། དེ་དྲངས་ནས་ཕྱོགས་དེར་འོངས་པར་གྱུར་པར་བསམས་པར་བྱའོ།། དེ་ནས་ཕྱག་རྒྱ་རྣམ་བཞིའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ལ། ཕྱག་རྒྱ་བཞི་ནི་ཕྱག་རྒྱ་ཆེན་པོའོ།། ངག་གི་ཕྱག་རྒྱ་དང་། ལྟ་བའི་ཕྱག་རྒྱ་དང་།
་ཡིད་ཀྱི་ཕྱག་རྒྱའོ།། དེའི་ཡེ་ཤེས་ཡིན་པས་ན་ཕྱག་རྒྱ་བཞིའི་ཡེ་ཤེས་སོ།། དེ་བསླབ་པོ་ཞེས་བྱ་བ་ནི་དེ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། གཡོན་བརྐྱང་བར་ནི་ཞེས་བྱ་བ་ནི་གཡོན་པའི་བྱིན་པ་གཡོན་ལོགས་སུ་བརྐྱང་ལ། གཡས་པ
་གཡས་ནས་བསྐུམ་པ་འདི་ནི་གཡོན་བརྐྱང་བ་སྟེ། དེ་ལྟར་གནས་པས་གནས་ནས་རྡོ་རྗེ་དབབ་པའི་ཚུལ་གྱིས་ཏེ་ཞེས་བྱ་བ་ནི། རྡོ་རྗེ་ཁྲོ་བོར་མཉམ་གཞུག་ནས།། འབར་བ་མང་པོའི་འོད་ཅན་གྱིས།། རྡོ་རྗེ་དབྱིབས་ནི་སྙིང་གར
་བསམ།། སྐྱེ་བོ་ཀུན་ལ་འབེབས་པར་བྱེད་ཅེས་དང་པོ་ཁོ་ནར་གསུངས་པ་སྟེ། འདིར་ནི་ཕྱག་རྒྱ་ཆེན་པོ་གཙོ་བོར་གྱུར་པོ་འབའ་ཞིག་ཙམ་བཤད་པ་ཡིན་ནོ།། དཱ་ནི་ངག་གི་ཕྱག་རྒྱའི་སྦྱོར་བ་སྟོན་ཏེ། རྡོ་རྗེ་དག་ནི་བཤད་ཟིན་ཏོ།།
་རྣོ་རྗེ་དག་དེ་ལེགས་པར་སྨྲས་པ་ནི་ཕྱིན་ཙ་མ་ལོག་པར་བརྗོད་པའོ།། སྙིང་པོ་ཧཱུཾ་ལྟ་བུ་ཞེ་ནོ། ཧཱུ~ཾ་ཞེས་བྱ་བ་བཞི་ལྡན་པ་ཞེས་བྱ་བ་སྟེ། ཡི་གེ་ཧཱུཾ་བཱནི་དང་ལྡན་པའོ།། སུ་ཞིག་གོ་ཞེ་ན། སངས་རྒྱ་ས་ཀུན་གྱིའོ།། ཅི་ཞིག་ཅེ་ན། ང
་ཡིས་ནི་དེ་བརྗོད་དེ། ཐམས་ཅད་ཀྱང་ནི་ངེས་པར་དགུག་ཅེས་བྱ་བ་སྟེ། འཇིག་རྟེན་གསུམ་ཡང་ངེས་པར་ཁུགས་ཞེས་བྱ་བའི་དོན་ཏོ།། དེ་ནི་རྡོ་རྗེ་ཁྲོ་བོར་མཉམ་གཞག་ནས་ཞེས་བྱ་བ་ལ་སོགས་པས་ལྟ་བའི་ཕྱག་རྒྱའི་ཡེ
་ཤེས་སྟོན་ཏེ། རྡོ་རྗེ་ཁྲོ་བོའི་ལྷ་མཆོག་གིས་ཞེས་བྱ་བ་ནི་ཁྲོ་བོའི་ལྟ་བ་མི་ཟད་པ་སྟེ། རྡོ་རྗེ་ཁྲོ་བོའི་ལྷ་མཆོག་དེས།། སྐྱེ་བོ་ཀུན་ནི་གསོད་བྱེད་དེ་ཞེས་བྱ་བ་སྐྱེ་བོ་ཐམས་ཅད་རྨོངས་པར་བྱེད་པའོ།། རྡོ་རྗེ་ཧཱུཾ་གི་རྣལ་འབྱོར་ཏོ་ཞེས་བྱ་བ་རྡོ་རྗེ་ཧཱུཾ
་ཞེས་བྱ་བའི་སྔགས་ཀྱི་སྦྱོར་བ་སྟེ། སྙིང་པོ་འདི་ལའང་ཧཱུཾ་ཞེས་བྱ་བ་དང་རབ་ཏུ་སྦྱོར་བའི་ཕྱིར་རོ།། ད་ནི་ཡིད་ཀྱིས་ལུས་ལ་གོ་བགོ་བ་ཞེས་བྱ་བ་ལ་སོགས་པས་ཡིད་ཀྱི་ཕྱག་རྒྱ་སྟོན་ཏེ། ཡིད་ཀྱིས་ཞེས་བྱ་བ་ནི་སེམས་ཀྱིས་སོ།།
་གློ་བགོ་བ་ནི་གོ་ཆ་བགྲོ་བའོ།། གང་ལ་ཞེ་ན། ལུས་ལའོ།། གང་གི་ན། བདག་གམ་ཕ་རོལ་རྣམས་ལ་སྟེ་ཞེས་བྱ་བ་སྟེ། བདག་ལ་ནི་ཕྱག་རྒྱ་ཆེན་པོ་འབའ་ཞིག་བསྒོམས་ནས་གོ་བགོ་བར་བྱའོ།། འདི་ནི་གོ་ཆ་ཆེན་པོའི་སྦྱོར་བ
་ཡིན་ཏེ། འདྲིས་སྐྱེ་བོ་འདི་དག་ཐམས་ཅད་སྲུང་བར་འགྱུར་རོ།། རྡོ་རྗེ་ཁྲོ་བོར་མཉམ་གཞག་ནས།། འབར་བ་མང་པོའི་འོད་ཅན་གྱིས།། རྡོ་རྗེ་དབྱིངས་ནི་སྙིང་གར་བསམ་ཞེས་བྱ་བས་སྐྱེ་བོ་ཀུན་ལ་འབེབས་པར་བྱེད་ཅེས་སྔར
་གསུངས་པའི་དབོབ་པའི་སྦྱོར་བ་དེ་ཉིད། གཡོན་བརྐྱང་བར་ནི་གནས་ནས་སུ་ཞེས་བྱ་བ་ཡིས་སྦྱོར་བ་གཟོད་རྫོགས་པར་གསུངས་པ་ཡིན་ནོ།། དེ་ནས་སེམས་ཅན་ཐམས་ཅད་རྒྱས་བཏབ་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ
་འདིས་ཀྱང་དབབ་པའི་སྦྱོར་བ་ལྷག་མ་ཉིད་སྟོན་པ་ཡིན་ཏེ། སེམས་ཅན་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སེམས་ཅན་ཐམས་ཅད་དེ་གདུལ་བྱ་རྣམས་སོ།། དེ་རྣམས་རྒྱས་འདེབས་པས་ན་སེམས་ཅན་ཐམས་ཅད་རྒྱས་གདོབ
་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་མེ་ལོང་གི་ངོས་ལ་བཞིན་གྱི་གཟུགས་བརྙན་ལྟ་བུ་འམ། ཆུ་ལ་ཟླ་བའི་གཟུགས་བརྙན་ལྟ་བུར་སངས་རྒྱས་དང་བྱང་ཆུབ་སེམས
་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གཟུགས་བརྙན་གྱི་མཚན་ཉིད་དུ་གྱུར་པ་དེ་ལ་ནི་སེམས་ཅན་ཐམས་ཅད་རྒྱས་གདབ་པའི་ཕྱག་རྒྱ་ཞེས་བྱའོ།། དེའི་ཡེ་ཤེས་ཡིན་པས་ནཾ་སེམས་ཅན་ཐམས་ཅད་རྒྱས་གདབ་པའི་ཕྱག
་རྒྱ་ཞེས་བྱའོ།། དེའི་ཡེ་ཤེས་ཡིན་པས་ན་སེམས་ཅན་ཐམས་ཅད་རྒྱས་གདབ་པའི་ཕྱག་རྒྱའི་ཡེ་ཤེས་སོ།། བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། དེ་ཇི་ལྟར་རྒྱས་གདབ་པར་བྱ་ཞེ་ན། དེའི་ཕྱིར་རྡོ་རྗེ་ཁྲོ་བོ་མཉམ
་གཞག་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁྲོ་བོ་ནི་དཀྱིལ་འཁོར་ལས་གསུངས་པ་གང་ཡིན་པའོ།། དེ་དག་ཏུ་མཉམ་པར་བཞག་པ་ནི་དེའི་གཟུགས་སུ་བསྒོམ་པ་སྟེ། རྡོ་རྗེ་ཁྲོ་བོར་མཉམ་པར་བཞག་པ་དེས
་སེམས་ཅན་གང་དང་གང་གི་ལུས་ལ་ཡོངསུ་འཁྱུད་པ་ནི་བཞིན་གྱི་གཟུགས་བརྙན་ལྟ་བུར་ནང་དུ་ཞུགས་ཏེ་ཁྱབ་པར་བྱེད་པའོ།། བཛྲ་ཧཱུཾ་ཞེས་བཟླས་པ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་སྙིང་པོ་བརྗོད་པས་སོ།། ཕྱག་རྒྱས་བཏབ
་པར་དེ་འགྱུར་རོ་ཞེས་བྱ་བ་ནི་དགོངས་པར་འགྱུར་བའི་ལྷ་རྣམས་ཀྱིས་རེག་པར་འགྱུར་ཞིང་ཡོངསུ་གཟུང་བར་འགྱུར་བའོ།། འདི་སྐད་སྟོན་ཏེ། ལྷའི་སྐུའི་ཕྱག་རྒྱ་མངོན་སུམ་དུ་བྱས་པ་དེར་རྗེས་སུ་འཇུག་པ་ནི་རྒྱས་བཏབ་པ་ཡིན
་ཏེ། དབབ་པར་བྱ་བའི་སྣོད་ནི་འཇིམ་པ་སྒྲ་ཞག་པ་ལྟ་བུར་ལྟ་ལྔ་རྣལ་འབྱོར་པའི་སེམས་ནི་ལྟ་བུའོ།། རྣལ་འབྱོར་པའི་སེམས་ཡོངསུ་བསྒོམས་པ་ལས་ལྷར་སྣང་བ་ནི་དེ་ལ་བྲིས་པའི་ཚུལ་ལྟ་བུར་བལྟ་སྟེ། དཔེར་ན་ལེགས་པར་སྨྲས་པའི
་འཇིམ་པ་ལ། རྒྱ་དེ་བཏབ་ན་དེ་ལ་རྒྱ་འབུར་དུ་བརྐོས་པ་ཇི་ལྟ་བ་བཞིན་དུ་དེ་ལ་གནས་པར་འགྱུར་རོ།། དེ་བཞིན་རྣལ་འབྱོར་པའི་སེམས་དེ་དབབ་པའི་ལུས་ཤིན་ཏུ་སྤུ་ཞག་པའི་འཇིམ་པ་ལྟ་བུ་དེ་ལ། འབེབས་པའི་ཚེ་བུ་ག་ནས་ཞུག་ས་ལ
་ལྷའི་གཟུགས་ཇི་ལྟར་བསྒོམས་པ་དེའི་ཡན་ལག་དེ་དག་ཐམས་ཅད་དུ་ཞུགས་ཏེ། ལྷའི་གཟུགས་བརྙན་དེས་དེའི་ལུས་ཐམས་ཅད་གནས་ཁང་མར་མེའི་འོད་ཀྱིས་གང་བར་གྱུར་པ་དང་འདྲ་བར་ནམ་གནས་པ་དེའི་ཚེ་དྲ་རྒྱས་བཏབ་པར
་འགྱུར་རོ།། དེ་ལྟ་བས་ན་ཕྱག་རྒྱས་བཏབ་པར་དེ་འགྱུར་རོ།། ཞེས་གསུངས་པ་ཡིནོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་དབབ་པའི་སྦྱོར་བ་བསྟན་ནས། ད་ནི་གསུང་གི་ཕྱག་རྒྱའི་སྦྱོར་བ་སྟོན་ཏེ། དབབ་པའི་ལུས་དེར་གང་གི་ལུས་ཞུགས་ཤིང
་ལྷར་སྣང་བ་དེ་དེ་དག་ཏུ་དགུག་པའི་ཕྱིར། སྒྲ་ཆེན་དུ་ནི་བརྗོད་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེགས་པར་བརྗོད་པས་ན་བརྗོད་པར་བྱ་བ་སྟེ། ཟུར་ཕྱིན་པར་བརྗོད་པར་བྱ་བའི་དོན་ཏོ།། ཇི་ལྟར་ཞེ་ན། སྒྲ་ཆེན་དུ་ཞེས་བྱ་བ་སྟེ། ཉན
་པ་རྣམས་ཀྱིས་ཐོས་ཤིང་སྙིང་ལ་སྐྲག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱིས་ན་ཧཱུཾ་ཕཊ་ཅེས་བྱ་བ་གསུངས་ཏེ། ཕ་རོལ་དབང་དུ་བྱས་པའི་རྗེས་ཐོགས་ཁོ་ན་ལྟུང་བར་བྱ་བའི་ཕྱིར་རོ།། མང་དུ་སྨྲས་པ་ལྟ་ཞོག་གི། ཁྲོས་ནས་སུ་ལན
་ཅིག་གང་ལ་སྨྲས་པ་ནི་ཞེས་བྱ་བ་སྟེ། གང་ལ་ཞེས་བྱ་བ་ནི་ལྷའི་ཁྱད་པར་གང་ཞིག་དགུག་པར་བྱ་བའི་ཕྱིར། རྡོ་རྗེ་འབར་བས་དེ་ཞེས་བྱ་བའི་ལྷའི་ཁྱད་པར་དེ་ལ་འདོད་པའི་རྒྱལ་པོ་མ་བསྣུན་པར་འགྱུར་བ་སྟེ།
་མངོན་སུམ་དུ་ཁུགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ལྷའི་ཁྱད་པར་དགུག་ཅིང་བཅུག་ནས། ད་ནི་སྣོད་དེ་ཟིལ་གྱིས་མནན་ཅིང་འགྱེལ་དུ་གཞུག་པའི་ཕྱིར་ལྟ་བའི་ཕྱག་རྒྱ་སྟོན་པ་ནི་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་ཅེས་བྱ་བ་ལ་སོགས
་པའོ།། རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་གྱིས་ཞེས་བྱ་བ་ནི་རྡོ་རྗེ་སྡེའི་ཏིང་ངེ་འཛིན་ཏམ། ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན་གྱིས་སོ།། རྡོ་རྗེ་ལྟ་བའི་མཚན་ཉིད་ནི།། རྡོ་རྗེ་ལྟ་བ་ཆགས་པ་ནི། དགའ་བས་མིག་ནི་རབ་ཏུ་བགྲད་ཅེས་བྱ་བ་ལ་སོགས
་པས་བཤད་ཟིན་ཏོ།། དེས་བལྟས་པ་ནི་མིག་ཚུགསུ་རྟོགས་པའོ།། སེམས་ཅན་གང་དང་གང་ཡིན་པ་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བའི་ལྟ་བས་སེམས་ཅན་གང་དང་གང་ལ་བལྟས་ན་དེ་དང་དེ་འཆི་བར་འགྱུར་བ་སྟེ། དེ་དང་དེ་དྲན་པ་མེད་པར
་འགྱུར་བའི་དོན་ཏོ།། དེ་ལྟར་དྲན་པ་མེད་པར་བྱས་ནས། ད་ནི་བསྲུང་བའི་ཡིད་ཀྱི་ཕྱག་རྒྱ་སྟོན་པ་ནི་བསོད་སྙམ་ཡིད་ལ་ཞེས་བྱ་བ་ལ་སོགས་པའོ།། ཡིད་ལ་ཞེས་བྱ་བ་ནི་ཡིད་ཀྱི་ཕྱག་རྒྱ་སྟོན་ཏེ། གང་གི་ཕྱིར་སྔར་བཤད་པའི་སྦྱོར་བ
་རྣམས་ལ་ཡང་ཡིད་ཀྱི་བྱ་བ་ཡོད་ན་ཡང་ཡིད་ཅེས་མ་གསུངས་ཀྱི། འདིར་ཡིད་ཅེས་སྨོས་པས་ནི་ཡིད་ཀྱི་ཕྱག་རྒྱ་ཉིད་གཟུང་བར་བྱ་སྟེ། དེ་ལྟར་ན་ཡིད་ཀྱིས་བསད་དོ་ཞེས་བྱ་བ་དང་། སྙིང་གར་རྡོ་རྗེ་བསྒོམ་པར་བྱ་ཞེས་བྱ་བའི་ལྷའི་ཁྱད
་པར་གང་ཕུབ་པ་ཙམ་གྱིས་ཞུགས་པར་འགྱུར་བ་སྦྱོར་བ་དང་པོས་ནི་ལུས་ལ་སྣང་བ་ཙམ་དུ་བྱས་པ་ཡིན་ལ། གཉིས་པས་ནི་ལྷའི་ཁྱད་པར་བབས་པ་དེ་སྐྱེལ་བར་བྱས་པ་ཡིན། གསུམ་པས་ནི་སེམས་མེད་པར་བྱས་པ་ཡིན་སྦྱོར་བ
་བཞི་པས་ནི་དེ་བསྲུང་བ་བྱས་པ་སྟེ། ཡིད་ལ་ཞེས་བྱ་བ་ནི་སེམས་ཀྱིས་སོ།། གསོད་སྙམ་ཅེས་བྱ་བ་ནི་སེམས་ཅན་གང་ལ་ལ་འདིར་གྲགས་སྐབས་ཚོལ་ཞིང་གནང་འཇོམས་པ་ཞུགས་པར་གྱུར་པ་ན་དེ་གསོད་པར་འགྱུར་རོ་སྙམ་པས
་བབས་པ་དེའི་སྙིང་གར་རྡོ་རྗེ་སྒོམ་པར་བྱེད་ཅེས་བྱ་བ་ནི་དེའི་སྙིང་ལ་ཟླ་བའི་དཀྱིལ་འཁོར་བསམས་ཏེ། དེ་ལ་སྣ་ཚོགས་རྡོ་རྗེ་དགོད་པར་བྱའོ།། དེ་ལྟར་ཡིད་ཀྱི་ཕྱག་རྒྱའི་སྦྱོར་བས་སྣ་ཚོགས་རྡོ་རྗེ་བཞག་པ་གསུངས་པ་ཡིན་ནོ།། སྔགས་གང
་གིས་ཤེ་ན་དེའི་ཕྱིར་ཧཱུཾ་ཞེས་བྱ་བ་གསུངས་སོ།། ཀུན་ཅེས་བྱ་བ་ནི་ཐམས་ཅད་ཀྱི་མདུན་དུའོ།། རྒྱས་གདབ་ཅེས་བྱ་བ་ནི་ལས་ཀྱི་རྡོ་རྗེ་དམིགས་པར་བྱའོ།། རང་ཞེས་བྱ་བ་ནི་སྔགས་པ་ཉིད་གཙོ་བོའི་ཆོས་ཅན་ཡིན་པར་ཟད་དོ།། འདི་ལ་གང་གིས
་ཀྱང་བགེགས་བྱ་བར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ།། ད་ནི་སེམས་ཅན་གང་ལ་ཞེས་བྱ་བ་ལ་སོགས་པས་བསྒྲེ་བར་བྱེད་དེ། སེམས་ཅན་ཞེས་བྱ་བ་ནི་ཕན་གདགས་པར་བྱ་བའིའོ།། ཡིད་ཀྱི་ཞེས་བྱ་བ་ནི་ཡིད་ཀྱི་ཏིང་ངེ་འཛིན་གྱིས་རྒྱས
་འདེབས་པའོ།། གང་ལ་ཞེ་ན། ལུས་ལ་སྟེ། སེམས་དཔའ་དབབ་པའི་སྦྱོར་བས་སོ།། འདི་ཞེས་བྱ་བ་ནི་སྔགས་པའོ།། ཕྱག་རྒྱ་འདིས་ནི་ཞེས་བྱ་བ་ནི་ཇི་སྐད་གསུངས་པའི་ཕྱག་རྒྱ་བཞི་པོས་སོ།། ཤིན་ཏུ་ཡང་ཞེས་བྱ་བ་ནི་ཤིན་ཏུ་གསལ
་བ་དང་ཤིན་ཏུ་མྱུར་བར་རོ།། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་ཞེས་བྱ་བ་ནི་དབབ་པ་དང་དགུག་པ་དང་དབང་དུ་བྱ་བ་དང་། བསྲུང་བ་ལ་སོགས་པའོ།། འདི་སྐད་སྟོན་ཏེ། ཕྱག་རྒྱ་རེ་རེས་ཀྱང་ལས་རྣམ་པ་བཞི་ཆར
་བྱེད་ཅིང་། དེ་ལས་ལྷགས་པ་མ་བཤད་པ་གང་ཅུང་ཟད་ཡིན་པ་དག་ཀྱང་། རང་གི་སྦྱོར་བ་ལེགས་པར་གོམས་པར་བྱས་ན་ཕྱག་རྒྱ་རེ་རེས་ཀྱང་ལས་ཐམས་ཅད་བྱེད་དོ་ཞེས་གསུངས་པ་ཡིན་ནོ།། དེ་ལ་ཕྱག་རྒྱ་གཅིག་གིས་གང་གི
་ཚེ་ལས་བཞི་ཆར་བྱེད་པ་དེ་ན་སྙིང་པོ་ཡང་གཅིག་པུ་ཁོ་ན་ཞིག་སྦྱར་བར་བྱ་འམ། ཇི་ལྟ་བུར་བྱ་བ་མི་ཤེས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། ཕྱག་རྒྱ་རེ་རེས་ཀྱང་ཕྱག་རྒྱའི་ལས་བཞི་རྣམས་ལ་ཕྱག་རྒྱའི་སྙིང་པོ་བཞིས་སྦྱོར་རོ་ཞེས་གསུངས་ཏེ།
་ཕྱག་རྒྱ་རྣམ་པ་བཞི་དང་སྙིང་པོ་རྣམ་པ་གཞིས་དབབ་པ་ལ་སོགས་པའི་ལས་བྱ་བར་ནི་བཤད་ན། སེམས་ཅན་གང་ལ་གང་དག་གིས། ཡིད་ཀྱི་རྒྱས་ནི་འདེབས་པ་འདི་ཞེས་གསུངས་པ་འདི་ལ། ཇི་ལྟ་བུའི་ཡིད་ཀྱིས་དེར་ཅི
་ཞིག་བྱ་བ་མི་ཤེས་པས་ན། དེ་ནས་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། དེ་ཐོག་མར་ཡིད་ཀྱི་ལས་བསྟན་པ་ནི། ཡན་ལག་ཀུན་གྱིས་འཁྱུད་ནས་ནི་ཞེས་བྱ་བ་སྟེ། ཡིད་ཀྱིས་དེར
་རྗེས་སུ་ཞུགས་ལ་ཡན་ལག་དང་ཉིད་ལག་ཐམས་ཅད་དུ་ཁྱབ་པར་བྱ་བའོ།། ཧཱུཾ་ཞེས་གང་ལ་སྦྱར་བྱ་བ་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བའི་སྔགས་གང་གིས་བརྗོད་པའོ།། ཇི་ལྟར་ཞེ་ན། དབང་པོ་གཉིས་ནི་སྤྲང་བྱས་ན་ཞེས་བྱ་བ་སྟེ།
་གཉིས་ཀྱི་དབང་པོ་ཡིན་པས་ན་དབང་པོ་གཉིས་ཏེ། ལྷའི་དབང་པོ་དང་སེམས་ཅན་གྱི་དབང་པོའོ།། དེ་གཉིས་མཉམ་པར་སྤྱད་པ་ནི་མཉམ་པར་འཇུག་པ་སྟེ། གཅིག་ཏུ་གྱུར་པའོ།། དེ་ཡང་ལྷ་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག
་གང་ཡིན་པ་དེ་ནི་ལྷ་ཡིན་ནོ་ཞེས་གཅིག་ཏུ་འདྲེས་པའི་ངོ་བོ་ཉིད་དོ།། དེ་ལྟར་དབང་པོ་གཉིས་མཉམ་པར་སྤྱད་པས་དེའི་སྲོག་ནི་མ་རུངས་འགྱུར་ཞེས་བྱ་བ་སྟེ། འདུ་ཤེས་མེད་པར་འགྱུར་ཞིང་བབས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། །
་ད་ནི་དགུག་པའི་སྦྱོར་བ་སྟོན་པ་སྟེ། ཧཱུཾ་ཞེས་བྱ་བར་ལྡན་པ་ཡིས་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བའི་སྙིང་པོ་དང་ལྡན་པས་སོ།། མཆུ་སྤང་སོས་ནི་མཆུ་བཟུང་ནས་ཞེས་བྱ་བ་ནི་སེམས་ཅན་གང་དགུག་པར་བྱ་བ་དེར་ཡིད་ཀྱིས་ཞུགས་ལ་དེའི
་ཡན་ལག་ཐམས་ཅད་ཁྱབ་པར་བྱས་ཏེ། བདག་གི་ཡན་ལག་དང་སྤྲད་པར་བྱའོ།། ཅི་ཞིག་སྤྲད་ཅེ་ན། མཆུའོ།། གང་གིས་ཤེ་ན། སོས་མཆུ་དེ་གཟུང་བར་བྱའོ།། དབང་པོ་གཉིས་ནི་རབ་སྤྲད་པ་ཞེས་བྱ་བ་ནི་བཤད་མ་ཐག་པའི
་ཚུལ་གྱིའོ།། གང་ཡིན་དེ་ནི་མངོན་སུམ་འགྱུར་ཞེས་བྱ་བ་ནི་གང་གི་ཚེ་སོས་མཆུ་གཟུང་བ་དེའི་ཚེ་སེམས་ཅན་དེ་མངོན་སུམ་དུ་འོང་བར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། འདི་སྐད་སྟོན་ཏེ། སྤྲུལ་པར་བྱ་བ་གང་ཡིན་པ་དེའི་ལུས་ཀྱི་ནང་དུ
་ཞུགས་ལ་གང་གི་ཚེ་ཕྱི་རོལ་ན་གནས་པའི་མཆུ་སོས་གཟུང་སྟེ་ནང་དུ་དྲངས་པ་དེའི་ཚེ་སེམས་ཅན་དེ་འགུག་པ་ཉིད་ཀྱི་མདུན་དུ་འབབ་ཅིང་མངོན་སུམ་དུ་འོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དོ་ནི་དབང་དུ་བྱ་བའི་སྦྱོར་བ་སྟོན་ཏེ། སྔ་མ
་བཞིན་དུ་བསྒྲུབ་པར་བྱ་བའི་ལུས་ལ་ཞུགས་ལ་ཧཱུཾ་ཞེས་སྦྱོར་བ་གང་ཡིན་པ་ཞེས་བྱ་བ་སྟེ། ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་སྦྱོར་བ་བྱེད་པའོ།། ཅི་ཞིག་བྱེད་ཅེ་ན། དེ་ནི་བདེ་བ་མྱོང་བར་འགྱུར་ཞེས་བྱ་བ་སྟེ། དེ་ནི་ཞེས་བྱ་བ་ནི།
་ཧོ་ཞེས་བྱ་བ་དང་སྦྱོར་ཅིག་ཅེས་བྱ་བའི་དོན་ཏོ།། དབང་པོ་གཉིས་ནི་སྤང་འགྱུར་ནས་ཞེས་བྱ་བ་ནི་ལྷའི་ངོ་བོ་ཉིད་ཀྱི་སྔགས་པའི་དབང་པོ་གང་ཡིན་པ་དང་། བསྒྲུབ་པར་བྱ་བའི་དབང་པོ་གང་ཡིན་པ་སྟེ། དེ་གཉིས་མཉམ་པར་སྤྱད་པ་ནི་གཅིག།
་ཏུ་འདྲེས་པར་གྱུར་པའོ།། གང་ཡིན་ཞེས་བྱ་བ་ནི་གང་ལ་ཞུགས་པའོ།། དེ་ལྟར་བྱས་ན་སེམས་ཅན་དེ་ནི་དེ་ལ་རྗེས་སུ་ཆགས་པས་དེ་དང་སྐད་ཅིག་བྲལ་ནི་ཡང་སྡུག་བསྔལ་ཐོབ་པར་འགྱུར་རོ།། ད་ནི་བསྲུང་བའི་སྦྱོར་བ་སྟོན་ཏེ། བསྲུང
་བར་བྱ་བ་དེ་རྣལ་འབྱོར་པ་རང་གི་ལུས་ཀྱི་ནང་དུ་བཅུག་ལ་ཧཱུཾ་ཞེས་བྱ་བའི་སྙིང་པོ་གང་ཡིན་པ་དེ་སྦྱར་བར་བྱའོ།། དབང་པོ་གཉིས་ནི་སྤྱད་ནས་ཀྱང་ཞེས་བྱ་བ་ནི་རྣལ་འབྱོར་པ་དང་བསྲུང་བར་བྱ་བའི་དབང་པོ་གང་ཡིན་པོ་དེ་མཉམ་པར་སྤོང
་ཅིང་མཚུངས་པར་བྱེད་པ་སྟེ། ཐ་མི་དད་པར་བྱས་པ་ནི་དབང་པོ་གཉིས་སྤང་བའོ།། ཡན་ལག་ཀུན་གྱིས་བོ་ཅིར་འགྱུར་ན་ཞེས་བྱ་བ་ནི་ནང་དུ་ཆུད་པར་བྱ་བའོ།། དེའི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའིའོ།། ལུས་ནི་བསྲུང་བར་འགྱུར་ཞེས་བྱ་བ
་ནི་ལུས་ཐམས་ཅད་བསྲུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ཇི་སྐད་གསུངས་པའི་ཚུལ་གྱིས་ཡེ་ཤེས་བསྐྱེད་ནས། ང་ནི་དེ་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོ་སྟོན་ཏེ། འདི་འཇིག་རྟེན་གསུམ་ལས་རྣམ་པར
་རྒྱལ་བར་མཛད་པས་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའང་དེ་ཡིན་ལ་དཀྱིལ་འཁོར་ཆེན་པོ་ཡང་དེ་ཡིན་པས་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ
་འཁོར་ཆེན་པོ་སྟེ། དེའི་དམ་ཚིག་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ།། དེའི་ཁོ་ན་ཉིད་ནི་ཕྱག་རྒྱ་དེ་རྣམས་ཀྱི་ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དོ།། དེ་ཉིད་ཕྱག་རྒྱ་ཡིན་པས་ན་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་ཕྱག་རྒྱའོ།། དེའི་ཡེ་ཤེས་ནི
་ཡུལ་དེའི་ཡེ་ཤེས་སོ།། བསླབ་བོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་པའོ།། དེ་ལ་དང་པོ་ཁོ་ནར་ནི་ཕྱག་རྒྱ་ཆེན་པོ་འཆང་ལ། དེ་རྣམས་ཀྱི་ནང་ནས་ཀྱང་དང་པོར་སངས་རྒྱས་ཀྱི་ཕྱག་རྒྱ་སྟོན་ཏེ། དེ་བས་ན་དེའི་ཚུལ་བཤད་པར་བྱ་བའི་ཕྱིར།
་གང་གིས་སེམས་ཅན་ཕན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཞེས་བྱ་བ་ནི་རྣལ་འབྱོར་པས་སོ།། སེམས་ཅན་ཕན་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་གདོན་པའི་ཕྱིར་རོ།། རྡོ་རྗེ་དབྱིངས་ཀྱི་ཚུལ་གྱིས་ནི་ཞེས་བྱ
་བ་ནི་རྡོ་རྗེ་དབྱིངས་ལས་བསྟན་པའི་ཚུལ་གྱིས་ཏེ། རྡོ་རྗེ་དབྱིངས་ལས་སྨོས་པའི་ཚུལ་དེ་ཡོང་གང་ཡིན་ཞེ་ན། སེམས་སོ་སོར་རྟོགས་པའི་རིམ་གྱིས་སོ།། རྡོ་རྗེ་དབྱིངས་ཀྱི་ཚུལ་དེས་སངས་རྒྱས་རྗེས་སུ་དྲན་བྱས་ན་ཞེས་བྱ་བ
་བདག་ཉིད་སངས་རྒྱས་ཀྱི་གཟུགས་སུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། དེ་ནི་སངས་རྒྱས་འཐོབ་པར་འགྱུར་ཞེས་བྱ་བའོ།། དབང་ཕྱུག་དང་ནི་ཨུ་མ་ཡང་ཞེས་བྱ་བ་ལ་སོགས་པས
་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་སྟོན་ཏེ། དབང་ཕྱུག་དང་ནཱི་ཨུ་མ་ཡང་། ས་ལ་བྲིས་ཏེ་དེ་ལྟར་མནན་ཞེས་བྱ་བ་ནི་ཇི་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་མནན་པ་དེ་ལྟར་མནན་པའོ།། སུ་ཞིག་གིས་ཞེ་ན། སྔགས
་པས་སོ།། ཇི་ལྟ་བུའི་ཚུལ་དུ་གནས་ནས་དེ་ལྟར་མནན་ཞེ་ན། ཇི་ལྟར་བྲིས་པའི་གོ་རིམ་བཞིན་ཞེས་བྱ་བ་གསུངས་ཏེ། དེ་བསྟན་པ་ནི་ཨུཏྤལ་ཆེ་སྔོ་འཚེར་བའི་མདོག་ཅེས་བྱ་བ་ལ་སོགས་པའོ།། སེམས་དཔའི་ཕྱག་རྒྱ་ནི་རྡོ་རྗེ་ཧཱུཾ
་མཛད་ཀྱི་ཕྱག་རྒྱ་སྟེ། དེ་རྣལ་འབྱོར་པས་བསྒྲུབས་ཤིག་པའོ།། འདི་ནི་བཅིངས་པ་ཙམ་གྱིས་ཀྱང་ཞེས་བྱ་བ་ནི་འདི་ལྟར་བསྐྱེད་པ་ཙམ་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་བའོ།། འདི་སྐད་སྟོན་ཏེ། ཧཱུཾ་ཞེས་བྱ
་བ་ཙམ་གྱིས་ལྷ་ཆེན་པོ་ལ་སོགས་པ་ལྷ་ཐམས་ཅད་ལྟུང་བར་བྱས་པ་དང་། བསླང་བ་དང་གཞིག་པ་དང་སླར་ཡང་སྲོག་སྦྱིན་པར་བྱེད་དོ་ཞེས་པ་སྟེ། དེ་ལྟར་ན་རྡོ་རྗེ་ཧཱུཾ་མཛད་དང་མཚུངས་པར་འགྱུར་རོ།། དེ་ལྟར་སངས་རྒྱས་ཀྱི་ཕྱག
་རྒྱ་ཆེན་པོ་དང་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བསྟན་ནས། ཇི་ལྟར་རི་མོ་བྲིས་པ་བཞིན་ཞེས་བྱ་བ་ལ་སོགས་པས་ལྷག་མ་རྣམས་ཀྱི་བསྒྲེ་བ་སྟོན་ཏེ། ཇི་ལྟར་རི་མོ་བྲིས་པ་བཞིན་ཞེས་བྱ་བ་ནི་སྨིན་མ་བཙུམ་ཞིང་ཁྲོ་གཉེར་བསྡུས
་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་གཟུང་ངོ་།། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས།། སེམས་དཔའི་ཕྱག་རྒྱ་བཅིང་བར་བྱ་ཞེས་བྱ་བ་ནི་ལུས་ཀྱིས་ནི་དེ་རྣམས་ཀྱི་སྐུར་སྣང་བར་བསྒོམ་ལ། ངག་གིས་ནི་དེའི་སྔགས་བརྗོད་པར་བྱའོ།། སེམས
་ཀྱིས་ནི་དེའི་ང་རྒྱལ་བསྐྱེད་པ་སྟེ། དེ་ལྟར་ན་གསུམ་ཆར་ཡང་རྡོ་རྗེ་ལྟ་བུས་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་བསྟན་ནས། ད་ནི་དེ་དག་གི་འབྲས་བུ་བསྟན་པའི་ཕྱིར། དེ་ནས་འདི་རྣམས
་ལས་བཤད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། འདི་རྣམས་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་རྣམས་ཀྱིའོ།། ལས་བཤད་དེ་ཞེས་བྱ་བ་ནི་འབྲས་བུ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།།
་དེ་ལ་དང་པོ་ཁོ་ནར་སངས་རྒྱས་རྗེས་སུ་དྲན་གྲུབ་པས་ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་ཆེན་པོའི་འབྲས་བུ་སྟོན་ཏོ། སངས་རྒྱས་རྗེས་སུ་དྲན་གྲུབ་པས་ཞེས་བྱ་བ་ནི་རང་གི་ལུས་སངས་རྒྱས་ཀྱི་ཕྱག་རྒྱུར་བསྒོམ་པ་གོམ
་པར་བྱས་ན་རྣལ་འབྱོར་པ་མྱུར་དུ་སངས་རྒྱས་ཉིད་ཐོབ་པར་འགྱུར་བའོ།། འཇིག་རྟེན་གསུམ་ལས་རྒྱལ་བཅིངས་ན། ཞེས་བྱ་བ་ནི་སངས་རྒྱས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བསྐྱེད་པའོ།། འཇིག་རྟེན་གསུམ་ལོས་རྣམ་རྒྱལ
་འགྱུར་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་དང་མཚུངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་ཚེ་ཡིན་པས་ན་རྡོ་རྗེ་ཚེ་སྟེ། རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དོ།། དེ་ཝཱར་ན་དྷེ་དང་ལས་མཚུངས་པ་འབའ་ཞིག་ཏུ་མ་ཟད་ཀྱི།
་ཚེ་ཡང་དེ་དང་མཚུངས་པར་འགྱུར་རོ།། ཀུན་ཏུ་འགྲོ་ཞེས་བྱ་བ་ནི་རྫུ་འཕྲུལ་ཡང་དེ་དང་མཚུངས་པར་འགྱུ་རེ་རོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ན་རྣམ་པ་ཐམས་ཅད་ཀྱིས་རྡོ་རྗེ་ཧཱུཾ་མཛད་དང་མཚུངས་པར་འགྱུར་རོ་ཞེས་བྱ
་བའི་དོན་ཏོ།། ད་ནི་རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་འབྲས་བུ་སྟོན་པ་ནི་རྡོ་རྗེ་དབང་གི་རྒྱལ་པོར་འགྱུར་ཞེས་བྱའོ།། འདི་སྐད་སྟོན་ཏེ། རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱར་བསྐྱེད་ན་རྒྱལ་པོར་འགྱུར་བའོ།། ཆོས
་བཟང་ཞེས་བྱ་བ་ནི་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱར་བསྐྱེད་ནི་འཇིག་རྟེན་དབང་ཕྱུག་ཐོབ་པར་འགྱུར་རོ།། ལས་ཀྱི་རྡོ་རྗེ་ཁྲོ་བོ་ཆེ་ཞེས་བྱ་བ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོར་བསྐྱེད་ན་རྡོ་རྗེ་ལས་ནི་བྱེད་པར་འགྱུར་ཞེས་བྱ་བ་སྟེ།
་མི་ཕྱེད་པའི་ལས་བྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སེམས་དཔའ་ཁྲོ་བོ་ནི་རྡོ་རྗེ་སེམས་དཔའི་ཁྲོ་བོ་སྟེ། དེའི་ཕྱག་རྒྱར་བསྐྱེད་ན་རབ་ཏུ་བསྟན་པའི་འབྲས་བུ་སྟེ། ལུས་མི་ཕྱེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཁྲོ་བ
་ལེགས་པས་དགའ་བ་སྟེར་ཅེས་བྱ་བ་ནི་ཁྲོ་བོ་ལེགས་པའི་ཕྱག་རྒྱུར་བསྐྱེད་ན་རྟག་ཏུ་ཡིད་བདེ་བ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཁྲོ་གཉེར་གྱིས་ཀུན་མ་རུངས་བྱེད་ཅེས་བྱ་བ་ནི་ཁྲོ་གཉེར་ཅན་གྱི་ཁྲོ་བོའི་ཕྱག་རྒྱར
་བསྐྱེད་ན་མ་རུངས་པ་ཐམས་ཅད་སྐྲག་པར་བྱེད་དོ།། དཔལ་གྱི་ཁྲོ་བོའི་ཕྱག་རྒྱར་བསྐྱེད་ན་དེ་གདོན་ཐམས་ཅད་འགུགས་པར་བྱེད་དོ།། ཧཾ་ཧ་ཞེས་དགོད་པའི་ཕྱག་རྒྱར་བསྐྱེད་ན་བཞད་པས་མ་རུངས་པ་ཐམས་ཅད་སྐྲག་པར
་བྱས་ནས་འགྱེལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏེ།། ཆོས་ཀྱི་ཁྲོ་བོའི་ཕྱག་རྒྱར་བསྐྱོད་ན་ཕ་རོལ་རྒོལ་བ་ཐམས་ཅད་ཀྱི་བསམས་པའི་ཆོས་ཕྲོགས་ཏེ་དྲན་པ་ཉམས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་རལ་གྲིས་གཅོད་པར
་བྱེད་ཅེས་བྱ་བ་ནི་རྡོ་རྗེ་རལ་གྷིའི་ཕྱག་རྒྱ་བཅིངས་ན་དེས་སྡུག་བསྔལ་གཅོད་པར་འགྱུར་རོ།། རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་བཅིངས་ལ་ཆོས་ཀྱི་འཁོར་ལོ་བསྐོར་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་འཕྲོག་གོ།། ཁྲོ་བ
་སྨྲ་བའི་ཕྱག་རྒྱར་བསྐྱེད་ན་ཚིག་འཕྲོག་གོ་ཞེས་བྱ་སྟེ། ངག་གི་འཇུག་པ་འགོག་གོ་ཞེས་བྱ་བའི་དོན་ཏོ།། ལས་ཀྱི་ཁྲོ་བོའི་ཕྱག་རྒྱར་བསྐྱེད་ན་ལས་རབ་སྟེ་མཆོད་པའི་ལས་བཟང་པོ་སྔགས་པ་བྱེད་པར་འགྱུར་རོ།། བསྲུང་བ་ཞེས་བྱ
་བ་ནི་བསྲུང་བའི་ཕྱག་རྒྱས་སོ།། སྲུང་བར་བྱེད་ཅེས་བྱ་བ་ནི་བདག་གམ་གཞན་ནོ།། ཁྲོ་བོ་གནོད་སྦྱིན་གྱི་ཕྱག་རྒྱས་དགྲ་ཡང་ཟ་བ་སྟེ། དགྲ་རྣམས་རླག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ཁྲོ་བོ་ཁུ་ཚུར་གྱི་ཕྱག་རྒྱར་བསྐྱེད་ན་དངོས
་གྲུབ་སྟེར་ཅེས་བྱ་བ་སྟེ། གང་གི་ཕྱིར་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱ་གཅིག་ཏུ་བསྡུས་པ་ཡིན་པས་ན་དངོས་གྲུབ་ཐམས་ཅད་དེའི་ལག་མཐིལ་ན་གནས་པ་ཡིན་པའི་ཕྱིར་དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས
་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེའི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་བཅིང་བ་བཤད་པའོ།། རྡོ་རྗེ་གཉིས་ལས་བྱུང་བ་ནི་ཞེས་བྱ་བ་ལ། རྡོ་རྗེ་གཉིས་ནི་རྡོ་རྗེ་ཁུ་ཚུར་གཉིས་སོ།། བྱུང་བ་ནི་དེ་ལས
་བྱུང་བར་གྱུར་པའོ།། དམ་ཚིག་མཆོག་ནི་དམ་ཚིག་གི་ཕྱག་རྒྱའོ།། གྲགས་པ་ཡིན་ཞེས་བྱ་བ་ནི་བཤད་པའོ།། དེ་དག་ཅེས་བྱ་བ་ནི་དམ་ཚིག་གི་མཆོག་དེ་རྣམས་ཀྱིའོ།། བཅིང་བ་བཤད་བྱ་བ་ཞེས་བྱ་བ་ནི་རབ་ཏུ་ཕྱེ་སྟེ་བཤད
་པས་ན་བཤད་པ་བྱ་བའོ།། བཅིང་བ་ཇི་ལྟ་བུ་ཞེ་ན། ཁྲོ་བོའི་དཀྱིལ་འཁོར་གྱི་བཅིང་བའོ།། བླ་ན་མེད་ཅེས་བྱ་བ་ནི་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཞེས་པའི་དོན་ཏོ།། ལག་ངར་རྡོ་རྗེར་བྱས་ནས་སུ་ཞེས་བྱ་བ་ནི་རྡོ
་རྗེ་ཁུ་ཚུར་བཅིངས་ནས་གཉིས་སུ་ཕྲལ་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་སུ་བྱས་ལ། ཧཱུཾ་ཞེས་བྱ་བའི་སྔགས་བཞི་བརྗོད་དེ། རྡོ་རྗེ་ཁུ་ཚུར་གཡོན་པ་སྙིང་གར་གཡས་ལོག་སུ་བཏུད་ལ་མདུན་དུ་བཟུང་། དེ་ནས་ཧཱུ~ཾ་ཞེས་བྱ་བ་གཉིས་པ
་བརྗོད་ལ། རྡོ་རྗེ་ཁུ་ཚུར་གཱཡས་པོ་ལག་ངར་གཡོན་པའི་སྟོང་དུ་ཕྱུང་སྟེ་ཁ་གཡོན་ལོགས་སུ་བསྟན་ལ་མདུན་དུ་བཟུང་བ་འདི་ནི་ལག་ངར་རྡོ་རྗེར་བྱས་པའོ།། མཐེའུ་ཆུང་ལྕགས་ཀྱུར་བཅིང་བར་བྱ་བ་ནི་ཧཱུཾ་ཞེས་བྱ་བ་གསུམ་པ
་བརྗོད་ལ། མཐེའུ་ཆུང་གཉིས་བཀུག་སྟེ། ཕན་ཚུན་ལུ་གུ་རྒྱུད་དུ་སྦྲེལ་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱར་འགྱུར་རོ།། ཅི་དེ་ཙམ་དེ་ཁོ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་འགྱུར་རམ་ཞེ་ན།
་སྨྲས་པ་མ་ཡིན་ཏེ། མཛུབ་མོ་གཉིས་ཀྱིས་བསྡིགས་པ་ནི་ཞེས་བྱ་བ་སྟེ། གང་གི་ཚེ་མ་རུངས་པ་རྣམས་ལ་མཛུབ་མོ་གཉིས་ཀྱིས་བསྡིགས་མཛུབ་བྱས་པ་དེའི་ཚེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་འགྱུ་རོ།།
་འདི་དག་ནི་རེ་ཞིག་གཙོ་བོ་ལྔའི་ཕྱག་རྒྱ་ཡིན་ནོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོའི་ངོས་སྦྱར་ན་སེམས་དཔའ་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ།། ནོར་བུ་འདྲ་བར་རབ་ཏུ།
་དགུག་ཅེས་བྱ་བ་ནི་རིན་ཆེན་རྡོ་རྗེ་མའི་གནས་ཀྱི་སྟེ། དེ་ཉིད་ནོར་བུའི་ཚུལ་དུ་བྱས་པའོ།། མཛུབ་མོ་དེ་ཉིད་གུང་མོ་དང་བཅས་པར་བསྒྲེང་ལ། ཕན་ཚུན་རྒྱབ་སྦྱར་བ་ནི་ཆོས་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས
་གཡོན་པའི་སོར་མོ་གཉིས་གཡོན་ལོགསུ་དགུག། གཡས་པའི་སོར་མོ་གཉིས་ཀྱང་གཡས་ལོགས་སུ་བཀུག་པ་ནི་ལས་ཀྱི་རྡོ་རྗེ་མའི་གནས་ཀྱི་ཕྱག་རྒྱར་འགྱུར་རོ།། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གནས
་བཅུ་དྲུག་གི་ཡང་མཛུབ་མོ་གཉིས་ཀ་རྡོ་རྗེར་བྱ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་གཡོན་པའི་ཕྱག་རྒྱ་ལས་གཡོན་པའི་སོར་མོ་གཉིས་གཡས་པའི་ངོས་སྦྱར་ལ
་བཤིབས་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་སེམས་དཔའི་གནས་ཀྱི་ཕྱག་རྒྱའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཛུབ་མོ་གཡས་པ་བཀུག་སྟེ་བཞག་པ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱའོ།། དེ
་ཉིད་ཅེས་བྱ་བ་ནི་རྡོ་རྗེ་ལྕགས་ཀྱུ་མདུན་དུ་བཟུང་བ་སྟེ། གཡོན་པའི་ཧཱུཾ་ཞེས་བྱ་བའི་སོར་མོ་དྲང་གང་གི་ཚེ་ལྡན་པར་གྱུར་པ་ན་ཕྱག་རྒྱུ་གཡོན་ལགས་སུ་བཞག་ཅིང་ཅུང་ཟད་དྲངས་པ་ནི་རྡོ་རྗེ་ཆགས་པའི་ཕྱག་རྒྱའོ།། རྡོ་རྗེ་ཧཱུཾ
་ཞེས་བྱ་བའི་ཕྱག་རྒྱ་དེ་ཉིད་ལས་ལེགས་སོ་ཞེས་བྱ་བ་སྦྱིན་པ་བྱས་པ་ནི་རྡོ་རྗེ་ལེགས་པའི་ཕྱག་རྒྱར་འགྱུར་རོ།། ཧཱུཾ་ཞེས་བྱ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བསྡུས་ཏེ་དཔྲལ་བའི་ཁྲོ་གཉེར་ལ་གཏོགས་པ་ནི་རྡོ་རྗེ་རིན
་ཆེན་གྱི་གནས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དེ་ཉིད་སྙིང་གར་གཡས་ལོགས་ནས་བསྐོར་བ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱའོ།། དེ་ཉིད་རྒྱལ་མཚན་གྱི་ཚུལ་དུ་བཞག་པ་ནི་རྡོ་རྗེ་དཔལ་གྱི་ཕྱག་རྒྱའོ།། ཕྱག་རྒྱ་དེ
་ཉིད་ཁའི་ཐད་ཀར་བཞག་ལ་མཛུབ་མོ་གཉིས་གཡས་གཡོན་གྱི་ངོས་སུ་བཀུག་སྟེ་དགོད་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་བཞད་པའི་གནས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་ཀྱི་སེན་མོ་ཕན་ཚུན
་སྤྱད་དེ་གཤིབས་ལ་མདུན་དུ་བཞག་པ་ནི་རྡོ་རྗེ་ཆོས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཡོན་པ་བརྐྱང་ལ། གཡས་པ་རལ་གྲི་འཛིན་པོའི་ཚུལ་དུ་ཁུ་ཚུར་བཙོངས་ཏེ་བཞག་པ་ནི་རྡོ་རྗེ་རྣོན་པོའི་ཕྱག་རྒྱའོ།། འཇིག
་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ལས་ལག་པ་གཉིས་ཀའི་གུད་མོ་མཉམ་པར་བརྐྱང་ལ། མཛུབ་མོ་དང་ལྷན་ཅིག་ཕན་ཚུན་སྤད་དེ། འཁོར་ལོའི་ཚུལ་དུ་བྱས་པ་ནི་ཁྲོ་བོ་རྡོ་རྗེ་རྒྱུའི་ཕྱག་རྒྱ་ཡིན་ནོ།།
་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ཁའི་ཐད་ཀར་བཞག་ལ་གྱེན་དུ་གདག་པ་ནི་རྡོ་རྗེ་སྨྲ་བའི་ཕྱག་རྒྱ་ཡིན་ནོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་གུང་མོ་གཉིས་བསྒྲེང་བ་ནི་རྡོ་རྗེ
་ལས་ཀྱི་ཕྱག་རྒྱའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་མགུལ་ལ་དཀྲིས་པ་ནི་རྡོ་རྗེ་བསྲུང་བའི་ཕྱག་རྒྱའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཁར་བཞག་ལ
་མཛུབ་མོ་དང་སྲིན་ལག་བརྐྱང་ན་མཆེ་བ་ཆེན་པོར་འགྱུར་ཏེ་རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱའོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བཀུག་སྟེ། མཐེ་བོའི་དྲུང་དུ་བཅར་བ་ནི་རྡོ་རྗེ་ཁུ་ཚུར་གྱི
་ཕྱག་རྒྱར་འགྱུར་རོ།། རྡོ་རྗེ་ལཱ་སྱེ་ལ་སོགས་པ་སེམས་མའི་ཕྱག་རྒྱ་དེ་ཉིད་ཧཱུཾ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལས་སྨོས་པའི་ཕྱག་རྒྱ་དེ་ཉིད་འདིར་ཧཱུཾ་ཞེས་བྱ་བ་དང་སྦྱར་བར་ཤེས་པར་བྱའོ།། ཆོས་ཀྱི་ཕྱག་རྒྱ་ཡང་རྡོ་རྗེ་སྒེ
་མོ་ལ་སོགས་པ་སེམས་མ་དེ་དག་ཉིད་ཀྱི་གང་ཡིན་པ་དང་། ཧཱུཾ་ཞེས་བྱ་བ་ལྷན་ཅིག་སྦྱར་བར་བྱའོ།། ད་ནི་རྡོ་རྗེ་དམ་ཚིག་ཅེས་བྱ་བ་འདིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཕྱག་རྒྱ་སྟོན་ཏེ། ཧཱུ~ཾ་ནི་སངས་རྒྱས་རྡོ་རྗེ
་ཡི་ཞེས་བྱ་བ་ལ། སངས་རྒྱས་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ།། རྡོ་རྗེ་ཅན་ནི་རྡོ་རྗེ་ཧཱུཾ་མཛད་གཟུང་ངོ་།། རྡོ་རྗེ་སྙིང་པོ་ནི་རིན་ཆེན་འབྱུང་ལྡན་གྱི་གནས་ཀྱིའོ།། རྡོ་རྗེ་སྡེ་ནི་འོད་དཔག་ཏུ་མེད་པའི་གནས་ཀྱིའོ།། རྡོ་རྗེ་ཐམས་ཅད་ནི
་གདོན་མི་ཟ་བའི་གྲུབ་པའི་གནས་ཀྱིའོ།། ལྷག་མ་བཅུ་དྲུག་པོ་རྣམས་ཀྱི་ཕྱག་རྒྱའང་ཡི་གེ་རེ་རེ་བཱི་བཅུ་དྲུག་འབྱུང་སྟེ། རྡོ་རྗེ་ཆོས་ཀྱི་གནས་འབའ་ཞིག་ཏུ་ཡི་གེ་ཀཱ་གཅིག་ལྷག་པར་སྨོས་པར་ཟད་དོ།། ཆོས་ཀྱི་ཕྱག་རྒྱ་རབ་གྲུབ་པའོ།
་ཞེས་བྱ་བ་ནི་ཤིན་ཏུ་གྲུབ་པས་རབ་ཏུ་གྲུབ་པའོ།། དེ་ལྟར་ཆོས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་ལས་ཀྱི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་དམ་ཚིག་གི་ལས་ཀྱི་ཕྱག་རྒྱ་རྣམས་བཤད་དོ་ཞེས་བྱ་བ་འདི་གསུངས་པ
་ཡིན་ནོ།། རྡོ་རྗེའི་རིགས་ནི་ཆེན་པོ་ཡིནྡ་ཞེས་བྱ་བ་ནི་རྡོ་རྗེ་རིགས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྡོ་རྗེའི་རིགས་ནི་ཆེན་པོའོ།། མདོར་བསྡུས་པ་ནི་མདོར་བྱས་པའོ།། རྡོ་རྗེ་འགྱིང་ལ་སོགས་ཚུལ་གྱིས།། ཁྲོ་བའི
་ཁུ་ཚུར་གཉིས་སུ་བཤད་ཅེས་བྱ་བ་ལ། རྡོ་རྗེ་འགྱིང་བའི་ཕྱག་རྒྱ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་སྟེ། དེ་ཐོག་མར་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེ་འགྱིང་བ་ལ་སོགས་པའོ།། དེ་དག་གི་ཚུལ་ཡིན་པས་ན་རྡོ་རྗེ་འགྱིང
་ལ་སོགས་ཚུལ་གྱིས་ཏེ། དེས་ལས་ཀྱི་ཕྱག་རྒྱ་རྣམས་བསྟན་པར་བྱའོ།། བཤད་ཅེས་པ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། ད་ནི་གང་དང་གང་གི་ཕྱག་རྒྱ་རྣམས་ཞེས་བྱ་བ་ལ་སོགས་པས་བཤད་མ་ཐག་པའི་ལས་ཀྱི་ཕྱག་རྒྱ
་མདོར་བསྡུས་པ་དེ་ཉིད་རྣམ་པར་འགྲེལ་ཏེ་གང་དང་གང་གི་ཕྱག་རྒྱ་རྣམས་ཞེས་བྱ་བ་ནི་སེམས་དཔའ་གང་གི་ཕྱག་རྒྱ་གང་དང་གང་ཡིན་པ་དེ་དང་དེའོ།། ལས་ཀྱི་ཕྱོགས་ནི་གང་དུ་བྱ་ཞེས་བྱ་བ་ནི་བསྒྱིངས་བཅས་གསོར་བ་ཞེས་བྱ་བ
་ལ་སོགས་པས་ཕྱོགས་གང་དང་གང་བྱ་བ་དེ་དང་དེའི་ཕྱག་རྒྱ་ཕྱོགས་དེ་དང་དེར་ལས་ཀྱི་ཚེ་བསྟན་པར་བྱ་སྟེ། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་དེ་བཞིན་དུ་འདིར་ཡང་ཁྲོ་བོའི་ཁུ་ཚུར་དེ་དང་དེའི་ལོག་ནས་གཅུ་ཞིང
་བསྐོར་ལ་ཕྱག་རྒྱ་དེ་དག་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཕྱག་རྒྱ་ཐམས་ཅད་ཀྱི་ཆོ་གའོ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞི་ཆར་གྱི་སོ་སོའི་ཆོ་གའོ།། ད་ནི་ཐུན་མོང་གི་ཕྱག་རྒྱ་བཅིང་བ་སྟོན་ཏེ།
་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རིགས་པའི་རྒྱལ་པོ་རྣམས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ་སེམས་དཔའ་བཅུ་དྲུག་པོ་རྣམས་ལས་གང་རང་གི་ལྷ་ཟློས་པའི་ཕྱག་རྒྱ་དེ་དག་ཐམས་ཅད་ནི་ཐུན་མོང་མ་ཡིན་ཏེ། གང
་ཞིག་ལྷ་གང་ཟློས་པ་དེ་དང་དེའི་ཕྱག་རྒྱ་ནི་ལྷ་དེ་ཉིད་ཀྱི་རང་གི་ཕྱག་རྒྱ་ཡིན་པས་ན་ཐུན་མོང་མ་ཡིན་པ་ཞེས་བྱའོ།། ད་ནི་དེ་དག་ཐམས་ཅད་ལས་གང་ཟློས་ཀྱང་ཕྱག་རྒྱ་གང་དང་གང་དགོས་པ་དེ་ནི་ཐམས་ཅད་ཀྱི་སྤྱིའི་ཡིན
་པས་ན་ཐུན་མོང་ཞེས་བྱ་སྟེ། དེའི་ཕྱིར་སྤྱིའི་ཕྱག་རྒྱ་བཅིང་བ་ཞེས་སྨོས་པ་ཡིན་ནོ།། དྲི་ལ་ཐོག་མར་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བུའི་ཕྱག་རྒྱ་བཤད་དེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ
་སྔར་བསྟན་ཟིན་མོད་ཀྱི། འོན་ཀྱང་འདི་ལ་ཐུན་མོང་དུ་གྱུར་པ་ཡོད་པར་བསྟན་པའི་ཕྱིར། ཡང་བཟླས་ཏེ་སྨོས་པ་ཡིན་ནོ།། རྡོ་རྗེ་རྣམས་ཀྱི་དམ་ཚིག་གི་མཆོག་ཡིན་པས་ན་རྡོ་རྗེ་རྣམས་ཀྱི་དམ་ཚིག་མཆོག་སྟེ། དམ་ཚིག
་ཅེས་བྱ་བ་ནི་འདིར་སྔགས་ལ་བྱའོ།། རྡོ་རྗེ་དམ་ཚིག་མཆོག་དེའི་མིང་ཇི་སྐད་དུ་བྱ། གང་ཞིག་གི་ཡིན་ཞེ་ན། རྡོ་རྗེ་ཧཱུཾ་ཞེས་སྔགས་ཀྱིས་ཏེ་ཞེས་བྱ་བ་གསུངས་སོ།། དངོས་གྲུབ་ཐམས་ཅད་ཡུད་ཀྱིས་ཐོབ་ཅེས་བྱ་བ་ནི་དེའི་ཕན
་ཡོན་སྟོན་པ་ཡིན་ནོ།། འདི་སྐད་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཧཱུཾ་ཞེས་བྱ་བ་བཞིའི་སྔགས་དང་སྦྱར་ན་དེ་བཞིན་གཤེགས་པ་ཐམས་ཅད་དང་པོར་བཀུག་ཅིང་དཀྱིལ་འཁོར་དུ་བཙུད་དེ་རྣམ་པར
་སྣང་མཛད་ཀྱི་གདན་ལ་བཀོད་པས་ན། དེ་ནས་དེ་དངོས་གྲུབ་ཐམས་ཅད་སྦྱིན་པར་འགྱུར་རོ།། མཐེའུ་ཆུང་མཛུབ་མོ་ལྕགས་ཀྱུར་བཅིང་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ
་ལས་གཡས་པའི་མཛུབ་མོའི་ལྕགས་ཀྱུ་གཡོན་པའི་མཛུབ་མོའི་ལྕགས་ཀྱུས་བཟུང་སྟེ་བཅིངས་ནཱ་རྡོ་རྗེ་གཉིས་ཀ་བཱརླ་འོག་ཏུ་འགྱུར་རོ།། དམ་ཚིག་རྣམས་ཀྱི་ལྕགས་ཀྱུ་ཡིན་པ་འམ་དམ་ཚིག་ཀྱང་ཡིན་ལ་ལྕགས་ཀྱི་ཡང
་ཡིན་པས་ན་དམ་ཚིག་ལྕགས་ཀྱུའོ།། ཡང་ན་དམ་ཚིག་ནི་འདོད་པའི་རྒྱལ་པོ་སྟེ། དེའི་ལྕགས་ཀྱུ་ཡིན་པས་ན་དམ་ཚིག་ལྕགས་ཀྱིའོ།། སྐད་ཅིག་གིས་ནི་ཐམས་ཅད་འགུགས་ཅེས་བྱ་བ་ནི་འཇིག་རྟེན་གསུམ་པོ་ཐམས་ཅད
་སྐད་ཅིག་ཙམ་གྱིས་འགུགས་པའོ།། འདས་མ་ཐག་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྤྱིའི་ཕྱག་རྒྱ་བསྟན་ནས། ད་ནི་རིག་པ་དམ་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་འདུལ་བྱེད་ཧཱུཾ་མཛད་ཀྱི་སྔགས་ཀྱིས
་བསྡུས་པའི་ལས་རྣམས་སྟོན་ཏེ། རིག་པ་དམ་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་རིག་པ་དམ་པ་ཐམས་ཅད་དོ།། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བཞིའོ།། དེ་རྣམས་ཀྱི་ནང་ན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ
་པའི་ཕྱག་རྒྱ་ནི་གཙོ་བོ་ཡིན་ལ། གཞན་རྣམས་ཀྱི་ནི་ཐུན་མོང་དུ་གྱུར་པ་ཡིན་པས་གཙོ་བོ་མ་ཡིན་ནོ།། གཞན་རྣམས་ལས་གཙོ་བོར་གྱུར་པ་ནི་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འབའ་ཞིག་ཡིན་ནོ།། དེའི་གཙོ་བོའི་ལས་གང་ཡིན་ན་ན།།
་ཐམས་ཅད་ཀྱང་ནི་གནོན་པ་སྟེ་ཞེས་བྱ་བའོ།། གནོད་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་བཞིན་ལས་རྣམས་ཐམས་ཅད་བྱེད་ཅེས་བྱ་བ་སྟེ། དེ་བཞིན་ཞེས་བྱ་བ་ནི་འདུལ་བྱེད་ཧཱུཾ་མཛད་ཀྱིས་བསྡུས་པ་བཞིན་དུའོ།། ད་ནི་རྡོ་རྗེ་མཛུབ་མོ་སོར
་གཉིས་ལེགས་པར་ཞེས་བྱ་བ་ལ་སོགས་པས། བཛྲོད་ཏིཥྛ་ཞེས་བྱ་བའི་སྔགས་ཀྱིས་འཇིག་རྟེན་གསུམ་པོ་འགྱེལ་བ་ལས་སློང་བའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་གཉིས་ནི་ཁྲོ་བོའི་ཁུ་ཚུར་གཉིས་ཏེ། དེ་གཉིས་ཀྱི་མཛུབ་མོའི་སོར
་མོ་གཉིས་ལེགས་པར་སྦྱར་བར་བྱ་བ་སྟེ། ཕྱིན་ཅི་མ་ལོག་པར་ལེགས་པར་རབ་ཏུ་མཉམ་པར་བཞག་ལ། བཀན་ཏེ་གཅིག་ལ་གཅིག་འབྱར་བར་བྱས་ནས་སྙིང་གར་བཞག་ལ་འགྱེལ་བའི་འོག་ཏུ་གནས་པར་བསམས་ལ།
་དེ་ལས་བཟློག་ནས་གྱེན་དུ་བཏེག་པར་བྱས་ཏེ། རྣམ་པ་དེ་ལྟ་བུའི་ཚུལ་གྱིས་ཤི་བ་ཐམས་ཅད་བསླང་བར་བྱའོ།། རྡོ་རྗེ་སློང་བ་ཞེས་བྱའོ་ཞེས་བྱ་བ་ནི་ཕྱག་རྒྱ་འདིའི་མིང་རྡོ་རྗེ་སློང་བ་ཞེས་བྱའོ།། ད་ནི་རྡོ་རྗེ་མཛུབ་གཉིས་ཞེས་བྱ་བ་ལ
་སོགས་པས་ཤི་བ་ཡང་དག་པར་གསོ་བའི་སྔགས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་གཉིས་ཞེས་བྱ་བ་ནི་སྔར་བཤོད་མ་ཐག་པའོ།། དེ་ཡི་མཛུབ་མོའི་སོར་མོ་གཉིས། རྡོ་རྗེ་བཅིང་བ་བཅིངས་ནོས་སུ་ཞེས་བྱ་བ་ནི་གཅིག་ལ་གཅིག་ལྕགས
་ཀྱུ་ལྟ་བུས་གཟུང་བ་ནི་རྡོ་རྗེ་བཅིངས་པའོ།། ཕྱག་རྒྱ་འདི་ཉིད་ཟློས་ཏེ་སེམས་ཅན་ཐམས་ཅད་ཡང་དག་པར་བསྡུས་ལ། མ་འོངས་པའི་སྲོག་གཅོད་པ་ལས་ལྡོག་པ་དང་། བཟའ་བ་དང་བཏུང་བ་ལ་སོགས་པ་བྱིན་པས་ཚེ་འཕེལ
་བར་འགྱུར་བའི་ལས་ཀྱི་འབྲས་བུར་གྱུར་པ་སྤྱི་བོར་བཞག་གོ།། དེས་ཅི་ཞིག་བྱེད་ཅེ་ན། ཚེ་དང་ནད་མེད་འཕེལ་བའོ་ཞེས་གསུངས་སྷོ།། དཱ་ནི་བཅོམ་ལྡན་འདས་རྡོ་རྗེའི་རྗེསུ་སྤྱོད་པ་དང་། ནབས་ཀྱི་མཐིལ་དུ
་དགུག་པའི་སྔགས་ཀྱི་ཕྱག་རྒྱ་སྟོན་པ་དེ་ནི་རྡོ་རྗེ་བཅིང་བ་དམ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ཡིན་ནོ།། འདི་ནི་གོ་སླ་སྟེ། བཅུས་པའི་རྡོ་རྗེ་ཁུ་ཚུར་ཙམ་ཞིག་གི་ཁྱད་པར་ཡོད་པར་ཟད་དེ། གཅུས་པ་ནི་ལག་པ་གཡས་པའི་རྡོ་རྗེ
་ཁུ་ཚུར་འོག་ཏུ་བཅུག་ལ་གཡོན་པ་སྟེང་དུ་ཕྱུང་སྟེ། དེ་ནས་ཐད་ཀར་འདྲེན་པོའི་ཚུལ་དུ་གཅུ་ཞིང་ཡང་གཡོན་པ་འོག་ཏུ་བཅུག་ལ་གཡས་པ་སྟེང་དུ་དབྱུང་བར་བྱའོ།། འདི་ནི་ཞབསུ་དགུག་པའི་ཕྱག་རྒྱ་སྟེ། འདིས་ལྷ་ཆེན་པོའི་དཀྱིལ
་འཁོར་དུ་གཞུག་གོ། ད་ནི་འཇིག་རྟེན་གསུམ་རྒྱལ་བཅིངས་ནས་སུ་ཞེས་བྱ་བ་ལ་སོགས་པས། བཛྲ་ཀྲ་མ་ཞེས་བྱ་བའི་སྔགས་དང་ལྷ་ཆེན་པོ་རྐང་པ་འཇོག་པ་ས་གནོན་པའི་ཕྱག་རྒྱ་སྟེན་ཏོ།། དེའི་འོག་ཏུ་བཛྲ་ཨཱ་བེ་ཤ་ཞེས
་བྱ་བའི་སྔགས་དང་ལྷ་ཆེན་པོ་ཚར་བཅད་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཁྲོ་བོའི་སྡིགས་མཛུབ་དང་བཅས་པར་བཅིངས་ལ། མཛུབ་མོ་དེ་དག་གཉིས་ན་གཅིག་ལ
་གཅིག་ཕན་ཚུན་དུ་བརྡབ་པར་བྱའོ།། སེམས་ཅན་གང་གི་ལུས་ལ་ནི་ཞེས་བྱ་བ་ནི་སེམས་ཅན་གང་ལ་ཆད་པས་གཅོད་པར་འདོད་པའི་སེམས་ཅན་དེ་ཡིད་ཀྱིས་དམིགས་པ་མཛུབ་མོ་གཉིས་གཅིག་ལ་གཅིག་བརྡབ་པར
་བྱལ། བབས་ནས་དེ་ཡང་རྡོབ་པར་བྱེད་ཅེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་ཏེ་བརྡབ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ནི་ལྷ་ཆེན་པོ་ལ་བབས་ཏེ་ཆུང་པས་བཅད་པ་དང་། བབས་པས་དེའི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར།
་བཅོམ་ལྡན་འདས་ཀྱི་བྱམས་པའི་གོ་ཆའི་སྔོགས་ཀྱི་ཆོ་གའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ་ཞེས་བྱ་བ་ནི་སྒྲས་མ་ཐག་པའི་གོ་ཆའི་འོ།། བདག་གམ་ཕ་རོལ་ཅེས་བྱ་བ་ནི་བདག་ཉིད་དམ་འོན་ཏེ་ཕ་རོལ་ལ་གོ་ཆ
་བཅིང་བའོ།། གོ་ཆར་བྱ་ཞེས་བྱ་བ་ནི་མཛུབ་མོ་གཉིས་ཀྱིས་མདུད་པ་སྟེ། རྡོ་རྗེ་དབྱིངས་ལས་གསུངས་པའི་ཚུལ་གྱིས་སོ།། དེ་ལྟར་བཅིངས་པ་བྱས་ན་རྟག་པ་ཉིད་དུ་སྲུང་བར་འགྱུར་རོ།། ད་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི
་དཀྱིལ་འཁོར་དུ་འཇུག་པའི་ཚེ་འཇིག་རྟེན་གྱི་འཁོར་ལོའི་དམ་ཚིག་ཏུ་འཇུག་པའི་སྔགས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་མཐིལ་དུ་བཅིངས་ནས་སུ་ཞེས་བྱ་བ་ནི་སོར་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བསྡམས་པ་བྱ་བའོ།། ཡིད་ཀྱིས་ཁྲོས
་ནས་དག་བ་བྱ་བ་ཞེས་བྱ་བ་ནི་ཁྲོ་བས་ཁྱབ་པས་དགབ་པར་བྱ་བའོ།། གང་གིས་གང་ཞིག་ཇི་ལྟར་དགབ་པར་བྱ་ཞེ་ན། དགབ་པ་ནི་བཤད་མ་ཐག་པའི་རྡོ་རྗེ་བཅིང་བས་དགབ་པར་བྱ་ལ། གང་གིས་དགབ་པར་བྱ་ཞེ་ན།
་མཐེ་བོ་རྡོ་རྗེས་སོ།། ཇི་ལྟར་དགབ་པར་བྱ་ཞེ་ན། དམར་པོར་རོ།། དེ་ལྟར་བྱས་པས་ཅིར་འགྱུར་ཞེ་ན། རྡོ་རྗེ་རིགས་ཅན་འགྲུབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རིགས་ཐམས་ཅད་བཀའ་ཉན་ལ། རང་དབང་དུ་འགྱུར
་ཞེས་བྱ་བའི་དོན་ཏོ།། ད་ནི་སེམས་དཔའ་རྡོ་རྗེ་དམ་བྱས་ཏེ་ཞེས་བྱ་བ་ལ་སོགས་པས་དམ་ཚིག་སྲུང་བའི་སྔགས་ཀྱི་རྡོ་རྗེའི་ཕྱག་རྒྱ་སྟོན་ཏེ། སེམས་དཔའ་རྡོ་རྗེ་མའི་ཕྱག་རྒྱ་བཅིངས་ལ་མཐེ་བོ་གཉིས་ཀྱིས་གུང་མོ
་མནན་ཞེས་བྱ་བ་སྟེ། མཛུབ་མོ་དང་གུང་མོ་དང་སྲིན་ལག་གསུམ་ཚོར་གཤིབས་ནས་རྩེ་མོར་བྱས་པའི་བར་ན་འདུག་པས་མནན་པ་སྟེ། མཐེའུ་ཆུང་རྡོ་རྗེ་བཅིངས་པའི་ཚུལ་དུ་བཀུག་ནས་གནས་པའི་མཐེའུ་ཆུང་གི་རྡོ་རྗེ་རྩེ་མོ་ལ།
་མཐེ་བོའི་རྡོ་རྗེ་རྩེ་མོ་གཏུགས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། འདི་ནི་རྡོ་རྗེ་རྩེ་གསུམ་པ་སྟེ་རྡོ་རྗེ་རྣོན་པོ་ཞེས་བྱའོ།། རྣོན་པོ་དམ་ཚིག་འཛིན་པའོ་ཞེས་བྱ་བ་ནི་མྱུར་བ་ཉིད་དུ་དམ་ཚིག་འཛིན་པར་བྱེད་པའོ།། ཞེས་བྱ་བའི་དོན་ཏོ།།
་དམ་ཚིག་འཛིན་དུ་འཇུག་པ་ནི་ཁྲོ་བཱི་ཏི་རིན་ཏཽ་རིའི་ཡིན་ལ། རྡོ་རྗེ་རྣོན་པོའི་ཕྱག་རྒྱ་འདི་ནི་ལས་ཀྱི་ཚེ་དམ་ཚིག་ལས་མི་འདའ་བར་བྱ་བའི་སྔགས་པས་བཅིང་བར་བྱའོ།། རྡོ་རྗེ་འདི་ནི་རྡོ་རྗེ་ཚོ་ཞེས་བྱ་བ་ལ་སོགས་པས
་བསྐུལ་བའི་ཚིག་ཐོག་མར་འགྲོ་བའི་སྔགས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་འཛིན་དུ་འཇུག་པའི་ཚེ་གོང་དུ་བསྟན་པ་ཉིད་ཡིན་མོད་ཀྱི། དེ་ཉིད་འདིར་ནི་སྤྱིའི་ཕྱག་རྒྱ་བཅིང་བའི་ཞར་ལ་རྡོ་རྗེའི
་ཕྱག་རྒྱ་བཅིངས་ཏེ། ཞེས་བྱ་བ་ལ་སོགས་པས་ཡང་སྟོན་པ་ཡིན་ཏེ། ཁྲོ་བོའི་སྡིགས་མཛུབ་དང་བཅས་པའི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ལ། མཛུབ་མོ་གཉིས་བཀུག་སྟེ་བཅིང་བ་སྟེ། མཛུབ་མོ་གཉིས་གཅིག་གིས་གཅིག
་བཟུང་བའི་རྡོ་རྗེའི་ཕྱག་རྒྱ་གཉིས་གང་ཡིན་པ་དེ་ནི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ། མཛུབ་མོ་གཉིས་བཀུག་བཅིངས་ནས་སུ་ཞེས་བྱའོ།། གཅུ་ཞིང་ཕྱིར་གཅུས་བྱས་ནས་སུ་ཞེས་བྱ་བ་ལ། གཅུ་པ་ནི་ལག་པ་གཡོན་པའི་ཁ་ཕྱིར
་བསྟན་པ་ལ། ལག་པ་གཡས་པའི་མཛུབ་མོའི་ལྕགས་ཀྱིས་དགུག་པ་འདི་ནི་གཙུ་བ་ཡིན་ནོ།། ཡང་གཡས་པ་ཁ་ཕྱིར་བསྟན་པ་ལ་གཡོན་པའི་མཛུབ་མོའི་ལྕགས་ཀྱུས་དྲངས་ན་ཕྱིར་གཅུ་བ་བྱས་པ་ཡིན་ནོ།། དེ་ལྟ་བུ་ནི་ལྷ
་དགུག་པའི་དམ་པ་ཡིན་ཞེས་བྱ་བ་སྟེ། འདིས་ནི་ཕྱག་རྒྱ་འདི་རྣམས་འགུགས་པ་ཡིན་ནོ་ཞེས་སྟོན་ཏོ།། རྡོ་རྗེ་བཅིང་བ་དམ་བཅས་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དབུས་སུ་བཙིར་བ་བར་སྣང་གིའོ་ཞེས་བྱ་བ་ནི་མཛུབ
་མོ་བཀུག་པ་གཉིས་ཀྱི་ངོས་དང་མཐེ་བོ་བཀུག་པ་གཉིས་ཀྱི་ངོ་སྐད་ལ། དབུས་སུ་སྟེ་གུང་མོའི་ཐད་ཀར་མནན་པ་ནི་བར་སྣང་བ་རྣམས་ཀྱི་ཕྱག་རྒྱར་འགྱུར་རོ།། ད་ནེ་ན་མཁའ་ལ་སྤྱོད་པ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཁུ
་ཚུར་གཉིས་སྙིང་གའི་ཐང་ཀར་བཞག་ལ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་བརྒྱ་པ་ནས་མཐེའུ་ཆུང་གཉིས་གཅིག་ལ་གཅིག་སྦྲེལ་ནས་མཛུབ་མོ་གཉིས་ཀྱང་འཁྱུད་དེ། ཟློས་ལ་བཀན་ནས་ཁ་གྱེན་དུ་བསྟེན་པ་ནི་ན་མཁའ་ལཱ་སྦྱོར་བ་རྣམས་ཀྱི
་ཕྱག་རྒྱའོ།། ད་ནི་ས་ལ་གནས་པ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་བཅིངས་པ་བསྡམས་ནས་སུ་ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་བཅིངས་ལ་མཛུབ་མོ་གཉིས་གཤིབས་པ་འདི་ནི་རྡོ་རྗེ་བསྲུང་བའི་ཕྱག་རྒྱ་སྟེ། འདི་ཉིད་ས་ལ་བཞག
་ནས་བཙིར་བར་བྱའོ།། ས་པ་ཞེས་བྱ་བཱ་ནི་ས་ལ་འཁོད་པ་གང་སྦྱིན་པ་དེ་ནཱཾ་སྭ་པའོ།། དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པས་ན་དམ་ཚིག་སྟེའོ།། ལས་ཐམས་ཅད་བྱེད་པས་ན་ཐམས་ཅད་བྱེད་པའོ།། འདྲའ་དཀའ་བསྟན
་བྱ་བ་ནི་ལྷ་མ་ཡིན་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་ཞེས་བྱ་བའི་དོན་ཏོ།། ད་ནི་རྡོ་རྗེའི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པས་སུ་འོག་ན་གནས་པ་རྣམས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཕྱག་རྒྱ་གཉིས་ནི་བསྟེན་ཟིན་ཏོ།། གཡོན་པའི
་རྗེ་མཛུབ་མོ་ཡིན་པས་ན་གཡོན་པའི་རྡོ་རྗེ་མཛུབ་མོའོ།། དེས་མནན་པ་ནི་ལྕགས་ཀྱུའི་ཚུལ་དུ་བྱས་པས་གཟུང་བ་སྟེ། རྡོ་རྗེ་སོར་མོ་གཡས་པའི་མཐེའུ་ཆུང་གིས་གཡོན་པའི་མཛུབ་མོའི་རྡོ་རྗེ་གཟུང་ལ་དྲག་ཏུ་བརྡབས་ན་འདིས་ས་འོག
་གནས་པ་རྣམས་འགུགས་པར་འགྱུར་རོ།། ད་ནི་རྡོ་རྗེ་ཧེ་རུ་ཀའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་ཀྱི་རྡོ་རྗེ་བཅིང་བ་སྒྲོལ་བ་ནི། མཛུབ་མོ་གཉིས་ཀ་དམ་པོ་སྟེ་ཞེས་བྱ་བ་མཛུབ་མོ་གཉིས་ཀ་བཀུག་ལ་ཕན་ཚུན་ལྕགས་ཀྱུ་ལྟ་བུར་དམ་པོར
་གཟུང་བ་འདི་ནི་མདུད་པར་འགྱུར་རོ།། གུང་མོ་གཉིས་དང་མཐོ་བོང་གཉིས་ནི་རྡོ་རྗེ་རི་བྱ་བའོ།། གཞན་དག་ནི་སྲིན་ལོག་དང་མཐེའུ་ཆུང་གཉིས་ཀྱང་བརྐྱང་བར་བྱའོ་ཞེས་ཟེར་རོ།། འདི་ནི་གདུག་པའི་ཕྱག་རྒྱ་རབ་ཏུ་འཇོམས་པར་བྱེད
་པའི་རྡོ་རྗེ་ཡིན་ཏེ། གདུག་པའི་ཕྱག་རྒྱ་ནི་ཕྲ་མེན་མ་ལ་སོགས་པའི་ཕྱག་རྒྱ་སྟེ། དེ་རབ་ཏུ་འཇོམས་པར་བྱེད་པས་ན་གདུག་པའི་ཕྱག་རྒྱ་འཇོམས་པའོ་ཞེས་བྱ་བའོ།། ད་ནི་རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་ཏེ་ཞེས་བྱ་བ་ལ་སོགས
་པས་གདུག་པའི་རྡོ་རྗེ་ཁྲོ་བོ་སྔགས་གདུག་པའི་དཀྱིལ་འཁོར་འཇོམས་པར་བྱེད་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་ཁྲོ་བོའི་སྡིག་མཛུབ་དང་བཅས་པར་བཅིངས་ལ་སྙིང་གའི་གནས་སུ་བཞག་གོ།། མཉམ་གཞག
་སྟེ་ཞེས་བྱ་བ་འདིས་ནི་གདུག་པའི་དཀྱིལ་འཁོར་ཐམས་ཅད་རྡོ་རྗེའི་ཕྱག་རྒྱ་གཉིས་ཀྱི་བར་དུ་ཆུད་པར་བསམས་ལ་བཅིང་བར་བྱའོ་ཞེས་སྟོན་ཏེ། བཙིར་བ་ཞེས་བྱ་བ་ནི་གཉིས་པོ་དེ་དག་ཉིད་ཀྱི་མཉེ་བར་བྱ་བ་སྟེ། འདི་ནི་ཕྱི་རོལ
་དཀྱིལ་འཁོར་འཇིག་པར་བྱེད་པའི་ཕྱག་རྒྱ་ཡིན་ནོ།། ད་ནི་གཡོན་པའི་རྡོ་རྗེ་མཛུབ་མོ་ལ་ཞེས་བྱ་བ་ལ་སོགས་པས་ཁྲོ་བོ་དྲག་པོའི་སྔགས་ཀྱིས་མ་རུངས་པའི་དཀྱིལ་འཁོར་ཐམས་ཅད་ལྟུང་བར་བྱེད་པའི་ཕྱག་རྒྱ་སྟོན་ཏེ། གཡོན
་པའི་རྡོ་རྗེ་མཛུབ་མོ་ལ་ཞེས་བྱ་བ་ནི་གཡོན་པའི་མཛུབ་མོ་ལ་ཕྱིར་བསྟན་ལེ། གཡས་པའི་མཛུབ་མོ་བཀུག་པས་སྟེང་ནས་གཟུང་སྟེ་དྲག་གཏོགས་ན་ཞེས་བྱ་བ་དྲངས་ལ་སླར་གཏོགས་ཏེ་བཏང་བས་གང་ལྟུང་བར་བྱ་བར་འདོད་པ་དེ
་ལྟུང་བར་འགྱུར་བར་བསམས་ན། གླང་དང་གང་ལ་བསྣུན་པས་ལྟུང་བར་བསམས་པ་དེ་དང་དེ་ལྟུང་བར་འགྱུར་རོ།། དེ་ལྟ་བུའི་སྦྱོར་བ་ལ་གོམས་པར་བྱས་ན་རི་རབ་ཀྱང་ལྟུང་བར་བྱེད་པར་འགྱུར་རོ།། ང་ནི་ཕྲ་མེན་མ་ལ་སོགས
་པའི་གདོན་ཐམས་ཅད་འགུགས་པའི་སྔགས་ཀྱི་གདོན་རྣམས་འགུགས་པའི་ཕྱག་རྒྱ་སྟོན་ཏོ།། བཤད་མ་ཐག་པའི་ཕྱག་རྒྱ་དེ་ཉིད་ལས། དེར་ནི་བཀུག་ནས་གཏོགས་པ་ཡིན་པར་བཤད་ཀྱི། འདིར་ནི་དགུག་པ་འབའ
་ཞིག་ཏུ་ཟད་དེ། ཁྱད་པར་ནི་དེ་ཙམ་དུ་ཟད་དོ།། གདོན་རྣམས་ཀུན་ལ་དབང་དུ་བྱེད་ཅེས་བྱ་བ་ནི་བཀུག་ནས་གདུག་པ་ཉིད་བཟློག་པ་ལ་དབང་དུ་གྱུར་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། བཤད་མ་ཐག་པའི་སྔགས་དང་ཕྱག
་རྒྱས་མཁའ་འགྲོ་མ་ལ་སོགས་པའི་གདོན་བཀུག་པའི་རྣམས་ལ་འཆི་བའི་མཚན་མ་ཤེས་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་བཅིང་བ་བྱས་ནས་སུ། ལག་ངར་སྙིང་གར་ཤིན་ཏུ་བསྣམས་ནས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལག
་རྡོརྗེ་ཁུ་ཚུར་གཡོན་པ་མཆན་ཁུང་གཡས་པར་གཞུག། རྡོ་རྗེ་ཁུ་ཚུར་གཡས་པས་གཡོན་པའི་ལག་ངར་དཀྲིས་ལ་མཚན་ཁུང་གཡོན་པར་གཞུག་གོ།། ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་མཛུབ་མོ་གཉིས་མཆན་ཁུང་ཞེས་བྱ་བ་ལ་སོགས
་བ་ནི་གོ་སླའོ།། ད་ནི་མཛུབ་མོ་གཉིས་ཀྱི་རྩེ་མོ་ཡིས་ཞེས་བྱ་བ་ལ་སོགས་པས་རིམས་ལ་སོགས་པའི་ནད་ཐམས་ཅད་དགུག་པའི་སྔགས་ཀྱི་རིམ་པ་ལ་སོགས་པའི་ནད་ཐམས་ཅད་དགུག་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་ཁུ་ཚུར
་གཉིས་བཅིངས་ལ་མཛུབ་མོ་གཉིས་ཀྱི་རྩེ་མོ་སོ་སོའི་མཐེ་བོ་གཉིས་ཀྱི་རྒྱབ་ཀྱི་རྩར་ཡང་ནས་ཡང་དུ་དྲང་ཞིང་རིམས་པ་ལ་སོགས་པའི་ནང་སོ་སོའི་གཟུགས་སུ་བསམས་ལ། ལུས་ལས་དབྱུང་བར་བསམས་ནས་དེའི་ལུས
་ས་མག་པོ་ནས་བརྩམས་ཏེ་རྐང་པའི་སོར་མོའི་རྩེ་མོ་ལ་ཐུག་གི་བར་དུ། སྔགས་པའི་མིག་གིས་གང་དང་གང་དུ་བལྟས་པ་དེ་དང་དེ་རྣམ་པར་དག་པར་བསམ་པར་བྱ་སྟེ། དེ་ལྟར་རིམས་ལ་སོགས་པ་དགུག་པའི་དམ་པ
་འགྱུར་རོ།། ང་ནི་རིམས་ལ་སོགས་པའི་ནང་རྣམས་ནི་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་རྩ་བ་ལས་བྱུང་བ་ཡིན་པས་ན་དེའི་ཕྱིར་དང་པོར་དེའི་རྩ་བའི་ཕྱག་རྒྱ་བསྟན་ནས། དེ་འོག་ཏུ་རིམས་ལ་སོགས་པ་དགུག་པའི་ཕྱིར་ཕྱག
་རྒྱ་བསྟན་པར་བྱ་དགོས་པས་ན། རྡོ་རྗེ་ཐལ་མོ་སྦྱར་ཏེ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། མནན་པ་དེ་ནི་སྡིག་འཕྲོག་པའོ་ཞེས་བྱ་བ་ཕྱག་རྒྱ་འདི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ།། ཞེས་བྱ་བའི་རྣལ་འབྱོར
་བསྒོམ་པ་དང་ལྷན་ཅིག་ཏུ་སྦྱར་བར་བྱའོ།། ལྷག་མ་རྣམས་ནི་གོ་སླའོ།། ད་ནི་ངན་སོང་ཐམས་ཅད་བཀུག་ནས་རྣམ་པར་སྦྱར་བའི་སྔགས་ཀྱི་ངན་སོང་དུ་ལྷུང་བ་བསླང་བའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་ནང་དུ། མཛུབ་མོ་གཉིས་ནི་བཅིངས་ནས་ཀྱང་ཞེས་བྱ་བ་ནི་རྡོ་རྗེ་ཕྱག
་རྒྱ་གཉིས་ཀྱི་མཛུབ་མོའི་སོར་མོ་གཉིས་བཀུག་ལ། གཅིག་ལ་གཅིག་ལྕགས་སྒྲོག་གི་ཚུལ་དུ་སྦྲེལ་ཏེ། ངན་སོང་དུ་ལྟུང་བ་ཐམས་ཅད་ངན་སོང་གི་གནས་ནས་བཏོན་པར་བསམ་ཞིང་། ཕྱག་རྒྱ་འོག་ནས་གྱེན་དུ་འདེག་པ་འདི་ནི་ལྟུང་བ་སློབ་པའི་དམ་པ
་ཡིན་ནོ།། ད་ནི་རྡོ་རྗེ་བཅིང་བ་དམ་བྱས་ཏེ་ཞེས་བྱ་བ་ལ་སོགས་པས་ངན་སོང་དུ་ལྟུང་བ་ཐམས་ཅད་ཀྱི་དོན་སོང་དྲུལ་པའི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེ་བསྡམས་པ་བཅིངས་ལ་གུང་མོ་གཉིས་གཤིབས་ཏེ། ཐ་མ་བཞིའི་ངོ་སྤྲད་ལ་ཞེས་བྱ་བ་སེར་མོ་ལྷག་མ་རྣམས་རྡོ
་རྗེས་བསྡམས་པའི་ནང་དུ་བཅིངས་པའི་ཚུལ་དུ་ཕན་ཚུན་ངོ་སྤྲོད་པར་བྱས་ཏེ། དེ་ལྟར་བྱས་ན་གུང་མོའི་སོར་མོ་གཉིས་སྔགས་བརྗོད་ཅིང་ལེན་དུ་མར་བརྡབ་པར་བྱ་སྟེ། རྣམ་པ་དེ་ལྟ་བུའི་ཚུལ་གྱིས་སྡིག་པ་རྣམས་དྲལ་བར་བྱའོ།། དེ་ལྟར་ཇི་སྐད
་གསུངས་པའི་ཚུལ་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་གཏོགས་པའི་སྔགས་དང་ཕྱག་རྒྱ་ལ་སོགས་པས་འཇིག་རྟེན་གསུམ་པོ་ཚར་བཅད་པ་དང་། ཕན་གདགས་པར་མཛད་ནས། ད་ནི་དེ་བཞིན་གཤེགས
་པ་ཐམས་ཅད་ཀྱིར་གཏོགས་པའི་དཀྱིལ་འཁོར་ཆེན་པོ་གང་ཡིན་པ་དེ་སྒྲུབ་ཅིང་བྲི་བ་ལ་ཕྱག་རྒྱ་བཞི་གང་ཞིག་དགོས་པ་དེ་དེ་སྟོན་པ་ཡིན་ནོ།། དེ་དག་ལས་ཀྱང་། རྡོ་རྗེའི་ཕྱག་རྒྱས་བཟུང་ནས་ནི་ཞེས་བྱ་བ་ལ་སོགས་པས་ཐིག་གདབ་པའི
་སྔགས་ཀྱི་ཕྱག་རྒྱ་དེ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་བཟུང་ནས་ནི་ཞེས་བྱ་བ་གཡོན་པ་རྡོ་རྗེ་ཁུ་ཚུར་བཅངས་ལ། ཐིག་གཟུང་སྟེ་དཀྱིལ་འཁོར་དུ་དང་པོ་ཁོ་ནར་སྲད་བུ་བྲོ་བར་བྱའོ།། དེ་ཡང་རྒྱས་པ་ལ་ནི་ཁ་ཤར་ཕྱོགས་སུ་བལྟ། ཞི་བ་ལ
་ནི་བྱང་ཕྱོགས་སུ་བལྟ། མངོན་སྤྱོད་ལ་ནི་ཁ་ལྷོ་ཕྱོགས་སུ་བལྟས་ཏེ་སྲད་བུ་བྲེ་བར་བྱའོ།། སྲད་བུ་བྲེས་ལ་ཞེས་བྱ་བ་ནི་ས་ལ་བཞག་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་སྲད་བུ་བྲེས་ནས་ཕྱིན་ནས་ནི།། སྲད་བུ་ཇི་བཞིན་བྲི་བར་བཤད་ཅེས་བྱ་བ
་སྟེ། རྡོ་རྗེ་ཁུ་ཚུར་རམ་རྣམ་པ་གཞན་གང་ཡང་རུང་བས་ཇི་ལྟར་བདེ་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། ད་ནི་རྡོ་རྗེའི་ཕྱག་རྒྱ་གཉི་ག་ཡི་ཞེས་བྱ་བ་ལ་སོགས་པས་ཚོན་རྩི་ལ་བཟླས་པའི་སྔགས་ཀྱི་ཕྱག་རྒྱ་སྟོན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉི་ག་ཡི་ཞེས
་བྱ་བ་ནི་རྡོ་རྗེའི་ཕྱག་རྒྱ་གཉིས་ཀྱིའོ།། མཛུབ་མོའི་རྩེ་མོ་རབ་སྦྱར་བ་ཞེས་བྱ་བ་ནི་མཛུབ་མོ་གཉིས་རབ་ཏུ་བརྐྱང་བའི་རྩེ་མོ་གཉིས་སྦྱར་བའོ།། བྱས་ནས་ཞེས་བྱ་བ་ནི་རྡོ་རྗེའི་དེ་ལྟར་བྱས་ནས་སོ།། ཚོན་རྣམས་ཐམས་ཅད་ལ་ཞེས་བྱང་བ་ནི་བྲི་བའི་ཕྱེ་མ
་ཐམས་ཅད་ལའོ།། འབར་བའི་ལྟ་བས་དགུག་པར་བྱ་ཞེས་བྱ་བ་ནི། རབ་ཏུ་མྱུར་བར་མིག་བསྐུལ་ཞིང་། མིག་གི་རྫི་མ་འདྲེན་པ་ནི་ཞེས་བྱ་བ་འབར་བའི་ལྟ་བར་བཤད་པ་སྟེ། དེས་དགུག་པ་ནི་ནམ་མཁའི་དབྱིངས་ཐམས་ཅད་ནས། སངས་རྒྱས
་ཐམས་ཅད་རྡུལ་ཕྲ་རབ་དང་མཉམ་པ་རྣམས་སྤྱན་དྲང་ངོ་།། སྤྱན་དྲངས་ནས་ཀྱང་ཚོན་གྱི་ཕྱེ་མ་དེའི་ནང་དུ་གཞུག་པར་བྱའོ།། ད་ནི་རྡོ་རྗེ་མཛུབ་མོ་ཡང་དག་པར་ཞེས་བྱ་བ་ལ་སོགས་པས་སྒོ་དབྱེ་བའི་སྔགས་ཀྱི་ཕྱག་རྒྱ་སྟོན་ཏེ། བཤད་མ་ཐག
་པའི་ཕྱག་རྒྱ་ཉིད་ལ་སྦྱར་ལ་བཀནྟ་ཏེ་ཞེས་བྱ་བ་ཉི་ཚེ་ཙམ་ཞིག་གི་ཁྱད་པར་ཡོད་པར་ཟད་དོ།། རབ་ཏུ་ཁྲོས་ནས་ཞེས་བྱ་བ་ནི་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་པའོ།། དབྱེ་བ་ཞེས་བྱ་བ་དབྱེ་བ་བྱས་པའོ།། སྒྲོ་དབྱེ་བའི་མཆོག་ཡིན་ནོ་ཞེས་བྱ
་པ་ནི་ཐམས་ཅད་ལས་ཕུལ་དུ་བྱུང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། རྡོ་རྗེ་རིགསོ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་རིགས་བཞིའི་རྣམ་པར་དབྱེ་བས་གནས་པ་དེའི་རྡོ་རྗེ་རིགས་ཐམས་ཅད་ཀྱིའོ།། ཕྱག
་རྒྱ་ཐམས་ཅད་ནི་ཕྱག་རྒྱ་མ་ལུས་པ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་དབྱེ་བ་རྣམ་པ་བཞིའོ།། སྒྲུབ་པ་བཤད་དོ་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྦྱིན་ནི་བསྒྲུབ་པ་བཤད་པའོ།། གཡོན་བརྐྱང་བའི་ཚུལ་བྱས་ཏེ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའི་ཚུལ
་དུ་གནས་ཏེ། ཁྲོ་བོ་ཡི་ནི་སྐད་འབྱིན་ཅིང་ཞེས་བྱ་བ་ནི་ཁྲོ་བོའི་ཚིག་གི་སྔགས་བརྗོད་པའོ།། ཁྲོ་ཞིང་ཁྲོ་བའི་ལྟ་བས་ནི་དེ་ལྟར་རྔམ་པ་དང་བཅས་པའོ།། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་ཞེས་བྱ་བ་ནི་ཡིད་ཀྱི་ལས་སྟོན་པ་སྟེ།
་ཁྲོ་བས་ཁྱབ་པའི་ཡིད་ཀྱིས་བྱ་བའི་བར་དུ་སྟོན་ཏེ། ཕྱག་རྒྱ་ཇི་སྐད་གསུངས་པ་འདི་རྣམས་ཀྱིས་ལས་ཐམས་ཅད་བསྒྲུབས་ཤིག་ཅེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཅེས་བྱ་བ་ལ། དེ
་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱི་རྡོ་རྗེ་ཡང་ཡིན་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་དེ་དག་ཕྱག་ན་རྡོ་རྗེས་སྤྲུལ་ཏེ་བཀོད་པ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཞེས
་གསུངས་སོ།། དེ་ཉིད་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གོ།། དེ་རྟོག་པ་ཆེན་པོའི་རྒྱལ་པོ་གང་དུ་བསྟན་པ་དེ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་རྟོགས་པ་ཆེན་པོའི
་རྒྱལ་པོ་སྟེ་བརྟག་པ་ཆེན་པོའི་རྒྱལ་པོ་དེ་ལས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཆོ་ག་རྒྱས་པ་རྫོགས་སོ།། །། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཚར་བཤད་པ་ཀོ་ས་ལའི་རྒྱན་ལས་འཇིག
་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་འགྲེལ་པ་རྫོགས་སོ།། དེ་ལྟར་ཇི་སྐད་དུ་བསྟེན་པའི་ཚུལ་གྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་བསྐྱེད་དེ། འཇིག་རྟེན་གསུམ་ལས་རྒྱལ
་ཞིང་བཏུལ་ནས་བསྟན་པ་ལ་བཀོད་དེ། དཀྱིལ་འཁོར་དུ་བཅུག་ཅིང་དམ་ཚིག་འཛིན་པ་ལ་བཙུད་ནས། རང་གི་མཚན་མ་བྱིན་ཏེ་ལས་ལ་ངེས་པར་སྦྱར་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡོངསུ་རྫོགས་པར་མཛད
་པ་ཡིན་ལ། ད་ནི་ཁམས་གསུམ་རྣམ་པར་རྒྱལ་བར་གཏོགས་པའི་གཟུངས་ཀྱི་དཀྱིལ་འཁོར་གྱི་བྱ་བ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་འདུས
་མ་ཐག་པའོ།། ཡང་ཞེས་བྱ་བ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ལས་བལྟོས་པ་ཡིན་པའི་ཕྱིར་རོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་སྤྲུལ་བ་ཕུན་སུམ་ཚོགས་པ་དང་ལྡན་པའོ།། ཕྱག་ན་རྡོ་རྗེ་མངོའ་བའི་ཕྱིར
་ཕྱག་ན་རྡོ་རྗེའོ།། རྡོ་རྗེ་རྣམས་ཀྱི་གཟུངས་ཡིན་པའི་ཕྱིར་ནཱ་རྡོ་རྗེ་གསུངས་ཏེ། རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ།། དེ་རྣམས་ཀྱི་དམ་ཚིག་ནི་ཕྱག་རྒྱའི་ལྷ་མོ་རྣམས་སོ།། དེ་རྣམས་ཀྱི་གཟུངས་ནི་སྔགས་དང་ཕྱག་རྒྱ་ལྔ་སོགས་པ
་སྟེ། དེ་གང་ལས་བྱུང་བའི་བསམ་པ་དེ་ཉིད་ནི་བརྟན་པོའི་ཕྱིར་ན་རྡོ་རྗེ་ཡིན་ལ། དེ་བྱིན་གྱིས་བརླབས་པའི་ཕྱིར་ཏིང་ངེ་འཛིན་གང་མིང་དེ་སྐད་ཅེས་བྱ་བ་ཉིད་དུ་དོན་དང་མཐུན་པར་བཏགས་པ་གང་ཡིན་པའི་ཏིང་ངེ་འཛིན་དེ་ལ་དེ
་སྙོམས་པར་ཞུགས་པའོ།། རིགས་པ་དམ་པ་ཞེས་བྱ་བ་ལ། གང་མ་རིག་པ་བསལ་བར་བྱ་བའི་ཕྱིར་སྤྲུལ་པ་ནི་རིག་པ་ཞེས་བཤད་དོ།། དེ་སྟོན་པའི་ཚིག་ཀྱང་རིག་པ་ཞེས་བྱ་ལ། དེ་ཡང་རྣམ་པ་མང་སྟེ། དེ་རྣམས
་ཀྱི་དམ་པ་ཡིན་པས་ན་རིག་པ་དམ་པ་སྟེ་དེ་གསུངས་པའོ།། འདིར་རིག་པ་ཞེས་སྨོས་པ་ནི་ངོ་སྟོན་པར་བྱེད་པའི་སྒྲ་ལ་བྱ་བར་གཟུང་སྟེ། དེ་གསུངས་སོ་ཞེས་བྱ་བ་ནི་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ།། འདི་ཞེས་བྱ་བ་ནི
་ཐུགས་ལ་གནས་པའོ།། རིག་པ་དམ་པ་ཞེས་བྱ་གསུངས་ན་གང་གིས་དམ་པ་ཡིན་པར་མ་གསུངས་པས་ད་ནི་དཀྱིལ་འཁོར་ཐམས་ཅད་སྒྲུབ་པའི་ལས་དེ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སྩོགས་པ
་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་ཏུའོ།། འདི་གསུངས་པ་ཙམ་གྱིས་ཞེས་བྱ་བ་ནི་རིག་པ་དམ་པ་གསུངས་པ་ཙམ་གྱིས་སོ།། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ནོས་ཞེས་བྱ་བ་ནི་ཕྱོག་ན་རྡོ་རྗེའི་ཐུགས
་ཀའི་ཕྱོགས་ནས་སོ།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ཅེས་བྱ་བ་ཕྱག་ན་རྡོ་རྗེ་ཉིད་དོ།། ཕྱག་ན་རྡོ་རྗེ་དང་རང་གི་ངོ་བོ་ཉིད་ཐམས་ཅད་འདྲ་བ་གང་ཡིན་པ་དེ་ནི་ཕྱག་ན་རྡོ་རྗེ་དང་རང་གི་ལུས་ཐམས་ཅད་འདྲ་བ་ཞེས་བྱ་བའོ།།
་ཕྱག་ནི་རྡོ་རྗེ་དང་རང་གི་ལུས་ཐམས་ཅད་འདྲ་བ་འབའ་ཞིག་ཏུ་མ་ཟོད་ཀྱི། འོད་ཀྱི་དཀྱིལ་འཁོར་དང་འདྲ་བར་བསྟན་པའི་ཕྱིར་ཀུན་ནས་འབར་བས་བསྐོར་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ནས་འབར་བས་ཀུན
་ནས་འབར་བ་སྟེ། དེས་བསྐོར་ནས་ནང་ན་བཞུགས་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུ་དེ་གང་ཡིན་ཞེ་ན། རྡོ་རྗེ་ཁྲོ་བོ་གསང་བའི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཁྲོ་བོ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ།།
་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པ་ཡིན་ལ། དེར་བྱིན་གྱིས་བརླབས་པའི་ལྷ་མོ་རྣམས་ནི་དེའི་ངོ་བོ་ཉིད་ཡིན་པས། རྡོ་རྗེ་ཁྲོ་བོའི་དམ་ཚིག་གི་ཕྱག་རྒྱའི་ལྷ་མོ་རྣམས་སུ་གྱུར་ནས་བྱུང་བའོ།། འདིས་ནི
་འདི་སྐད་སྟོན་ཏེ། རྣལ་འབྱོར་གྱི་དབང་ཕྱུག་རྣམས་ཀྱི་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་དང་འཁོར་བ་དང་མྱ་ངན་ལས་འདས་པ་རྣམས་ནི་རང་གི་སེམས་ཉིད་ལས་བྱུང་ཞིང་ལྡོག་པ་ཡིན་ནོ།། ཅིའི་ཕྱིར་དཀྱིལ་འཁོར་འདི་སྤྲུལ
་པར་མཛད་ཅེས་བྱ་བའི་འདྲི་བའི་གླགསུ་འགྱུར་བ་འདི་ལ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་བསྒྲུབ་ནས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི། རྡོ
་མཛད་ལ་སོགས་པ་སྟེ། དེ་རྣམས་ཀྱི་དོན་ནི་ཕྱག་རྒྱའི་ལྷ་མོ་རྣམས་ཀྱི་རིགས་གསུངས་པས་དེ་ལྟ་བུའི་སྤྲུལ་པས་འདུལ་བའི་སེམས་ཅན་རྣམས་འདུལ་བ་སྟེ། དེ་བསྒྲུབས་ནས་སོ།། བཅོམ་ལྡན་འདས་རྡོ་རྗེ་སེམས
་དཔའི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའོ།། བཙུན་མོ་གསང་བ་ཞེས་བྱ་བ་ནི་འདི་སྐད་སྟོན་ཏོ།། གང་བ་ཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་འདོད་པའི་ཁམས་ཀྱི་དབང་ཕྱུག་ལས་རྣམ་པར་རྒྱལ་བར་མཛད་པའི་ཕྱིར་བཙུན
་མོའི་འཁོར་གྱི་ཚོགས་སྤྲུལ་པར་མཛད་པ་དང་། འདོད་པའི་ཁམས་ཀྱི་དབང་ཕྱུག་གིས་མཆོག་ཏུ་ཕུལ་དུ་བྱུང་བ་དེ་མཐོང་བ་དང་། རང་གི་སླས་ཀྱི་ཚོགས་ལ་སྡུག་བསྔལ་གྱིས་གདུངས་པའི་འགྲོ་བ་ལྟ་བུར་སེམས་ཏེ། བཅོམ
་ལྡན་འདས་ཕྱག་ན་རྡོ་རྗེས་སྨོན་ལམ་འདེབས་པར་བྱེད་ཅིང་། བཅོམ་ལྡན་འདས་འདི་ཇི་ལྟར་རྙེད་པར་འགྱུར་ཞེས་ཟེར་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཀྱང་དཀོན་མཆོག་གསུམ་ལ་སྐྱབསུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་ལ
་སོགས་པ་སྟོན་པར་མཛད་ཅིང་ཕྱག་རྒྱའི་ལྷ་མོ་དེ་རྣམས་དེ་ན་བཙུན་མོའི་འཁོར་གྱི་ཚུལ་གྱིས་བཞུགས་པ་ཡིན་ནོ།། དེ་བས་ན་བཅོམ་ལྡན་འདས་དེའི་རྣལ་འབྱོར་ལ་སྙོམས་པར་འཇུག་པ་བཙུན་མོའི་ཚུལ
་གྱིས་གནས་པ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་བཙུན་མོ་གསང་བ་ཞེས་བཤད་དོ།། ད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དུ་དེ་རྣམས་བཞག་པར་བྱ་བའི་ཕྱིར་ཏེ། དེ་བས་ན་བཅོམ་ལྡན་འདས
་རྣམ་པར་སྣང་མཛད་ནི་ཤིན་ཏུ་ཞི་བར་ཡིན་པའི་ཕྱིར་དང་། སྤྱོད་པ་དེས་འདུལ་བའི་སེམས་ཅན་རྣམས་ལ་ཕན་པ་དག་པར་བྱ་བའི་ཕྱིར་བུད་མེད་ཀྱི་གཟུགས་སྦས་ཤིང་མི་མངོན་པར་མཛད་ནས། སྐུ་དང་གསུང་དང་ཐུགས
་རྡོ་རྗེའི་ཕྱག་རྒྱའི་གཟུགསུ་གྱུར་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཞེས་བྱ་བ་ཁམས་གསུམ་རྣམ་པར་རྒྱལ་བ་དཀྱིལ
་འཁོར་དུ་ལྷ་རྣམས་དགོད་པ་དང་། དཀྱིལ་འཁོར་དགོད་པ་ཇི་ལྟ་བ་དེ་བཞིན་དུ་འདིར་ཡང་ཟླ་བའི་དཀྱིལ་འཁོར་ལ་འདུག་ནས་ཞེས་བྱ་བ་གནས་ནས་ཆེད་དུ་བརྗོད་པ་མཛད་པའོ།། འདི་ཞེས་བྱ་བ་ནི་བློ་བ་གནས་པའོ།། ཆེད
་ཀར་བརྗོད་པས་ན་ཆེད་དུ་བརྗོད་པ་སྟེ་ཆེད་དུ་གསུངས་པའོ།། ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་དུ་གྱུར་པའོ།། ཅི་ཞིག་ངོ་མཚར་དུ་གྱུར་ཅེ་ན། གང་ཕྱིར་སངས་རྒྱས་ཐམས་ཅད་ཀྱི།། གསང་བའི་ཡེ་ཤེས་བླ་ན་མེད་ཅེས་བྱ་བ་སྟེ
་གསང་བའི་བཙུན་མོའི་འཁོར་ཡིན་ལ། དེ་སྤྲུལ་པའི་ཡེ་ཤེས་ནི་གསང་བའི་ཡེ་ཤེས་སོ།། དེ་ཡང་བླ་ན་མེད་པ་སྟེ་ཐམས་ཅད་ཀྱི་མཆོག་ཡིན་ཞེས་བྱ་བའི་དོན་ཏོ།། ཐམས་ཅད་ཀྱི་མཆོག་ནི་ཁ་དོག་དང་དབྱིབས་དང་གོས
་དང་རྒྱན་རྣམ་པ་སྣ་ཚོགས་དང་སྤྲུལ་པ་སྟེ། འདི་ནི་དེའི་གསང་བའི་ཡེ་ཤེས་བླ་ན་མེད་པ་དེ་ཐམས་ཅད་ལས་མཆོག་ཏུ་གྱུར་པའོ།། གང་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ། བཅོམ་ལྡན་འདས་ཕྱུག་ན་རྡོ་རྗེས་དེ་བཞིན་གཤེགས་པ
་རྣམས་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་བཙུན་མོའི་གཟུགས་སུ་མངོན་པར་སྒྲུབ་པ་མཛད་པའོ།། དེ་བཞིན་གཤེགས་པ་བདེ་བའི་ཕྱིར་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་བདེ་བ་ནི་དཀྱིལ་འཁོར་ཆེན་པོ་བསྟན
་པས་དེ་བཞིན་གཤེགས་པས་འདུལ་བའི་སྐྱེ་བོ་རྣམས་ཀྱི་དོན་སྒྲུབ་པར་མཛད་པ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཕྱག་རྒྱའི་ལྷ་མོའི་དཀྱིལ་འཁོར་གྱི་གཟུགསུ་བཞག་པ་ཡིན་ནོ།། བཙུན་མོ་ཉིད་དུ
་གྱུར་པ་ཡིན་ཞེས་བྱ་བ་ནི་བཙུན་མོའི་འཁོར་གྱིས་རོལ་པ་སྟོན་པར་མཛད་པས་སོ།། ཧཱི་ཞེས་བྱ་བ་ནི་རྣམ་པར་སྣང་མཛོད་ཀྱི་གནས་སུ་འཇོག་པའི་སྔགས་སོ།། དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་དཀྱིལ་འཁོར
་སྤྲུལ་པར་མཛད་ནོས། ད་ནི་བྲི་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཡང་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་ལ་བལྟོས
་པའོ།། རང་གི་རིགས་ནི་རྡོ་རྗེའི་རིགས་ཏེ། རང་གི་རིགས་དེའི་དམ་ཚིག་གི་ཕྱག་རྒྱ་ནི་རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་ལ། དེའི་དཀྱིལ་འཁོར་ཡིན་པས་ན་རང་གི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའི
་དཀྱིལ་འཁོར་རོ།། མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། རྡོ་རྗེ་དམ་ཚིག་གསང་བ་ཞེས་བྱ་བའོ།། གསུངས་པ་ནི་བཀའ་སྩལ་པའོ།། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། རབག་ཏུ་བཤད་བྱ་བ་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར
་མེད་པར་དེ་དང་འབྲེལ་བའི་གདུལ་བྱ་རྣམས་ཀྱི་དགོས་པ་འགྲུབ་པར་མི་འགྱུར་ཏེ། དེ་བས་ན་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་སྟེ། ཡང་དག་པར་སོ་སོའི་ཕྱེ་ནས་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེའི་དཀྱིལ་འཁོར
་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་ཏེ། རྡོ་རྗེ་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ལ། དེས་སྤྲུལ་པའི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་རོ།། དམ་པ་སྟེ་ཞེས་བྱ་བ་ནི་དགོས་པ་དམ་པ་སྒྲིབ་པར་བྱེད་པའི
་ཕྱིར་རོ།། ཇི་ལྟ་བུ་ཞེ་ན། དེའི་ཕྱིར་རྡོ་རྗེ་དབྱིངས་དང་འདྲ་བས་ནཱ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིང་ས་དང་མཚུངས་པའོ།། མིང་ཇི་སྐད་ཅེས་བྱ་བ་ཡིན་ཞེ་ན། ཁྲོ་བོའི་གསང་བ་ཞེས་བཤད་དོ་ཞེས་གསུངས་སོ།། ཇི་ལྟར་བྱིའི
་དཀྱིལ་འཁོར་གྱི་དབྱིབས་རྡོ་རྗེ་དབྱིངས་དང་འདྲ་བ་ཡིན་དུ་ཟིན་ཀྱང་། འོན་ཀྱང་ནང་གི་དཀྱིལ་འཁོར་གྱི་དབྱིབས་ལ་དབྱེ་བ་ཡོད་དོ་ཞེས་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། དཀྱིལ་འཁོར་ཐམས
་ཅད་སྲང་བུ་བྲི་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ནི་འདིར་ཁམས་གསུམ་རྣམ་པར་རྒྱལ་བ་ཡིན་པར་གསུངས་སོ།། དཀྱིལ་འཁོར་ཐམས་ཅད་སྲང་བུ་བྲེ་ཞེས་བྱ་བ་ནི་དཀྱིལ་འཁོར་ལྔ་པ་ལྔ་དང་།
་མཆོད་པ་བརྒྱད་དང་སྒོ་བསྲུངས་བཞིར་རྣམ་པར་དབྱེ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་བས་ན། དཀྱིལ་འཁོར་ལྔ་ཡི་གནས་རྣམས་སུ།། གསང་བའི་ཕྱག་རྒྱ་བཞག་པར་བྱ་ཞེས་བྱ་བ་གསུངས་ཏེ། གསེང་བ་ཡང
་ཡིན་ལ་ཕྱག་རྒྱུ་ཡང་ཡིན་པས་ན། གསྲུང་བའི་ཕྱག་རྒྱ་སྟེ། གསོང་བ་ནི་ཐམས་ཅད་ཤིན་ཏུ་གསལ་བར་མི་སྒྲོགས་པས་ན་གསང་བའོ།། ཕྱག་རྒྱུ་ནི་རྡོ་རྗེ་ཧཱུཾ་མཛད་ལཱ་སོ་གོས་པའི་མཚན་མར་གྱུར་པའི་ཕྱིརརོ།།
་བཞག་པར་བྱ་ཞེས་བྱ་བ་ནི་གོ་རིམ་བཞིན་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྔ་ཞེས་བྱ་བ་ཕ་ནི་ཟློ་བའི་དོན་ཏོ།། འདབ་མ་བདུན་པ་ཞེས་ཟེར་བ་དང་འདྲའོ།། དཀྱིལ་འཁོར་ལྔ་ཡི་གནས་རྣམས་སུ་ཞོས
་བྱ་བ་ནི་གཙོ་བོ་བསྟན་པ་ཡིན་ཏེ། མཆོད་པ་ལ་སོགས་པ་ཡང་འོག་ནས་སྟོན་པའི་ཕྱིར། དཀྱིལ་འཁོར་ལྔ་ཡི་གནས་རྣམས་སུ།། གསང་བའི་ཕྱག་རྒྱ་བཞག་པར་བྱ་ཞེས་ནི་གསུངས་ན། གོ་རིམ་ཇི་ལྟར་བཞག་པར
་བྱ་བ་མི་ཤེས་པས་དེའི་ཕྱིར། རྡོ་རྗེ་དཀྱིལ་འཁོར་དབུས་སུ་ནི།། སངས་རྒྱས་སྐུ་གཟུགས་བཞག་པར་བྱ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་མཛད་ལ
་སོགས་པ་ཡིན་ལ། དེ་རྣམས་ཀྱི་དཀྱིལ་འཁོར་ཡིན་པས་ན་རྡོ་རྗེའི་དཀྱིལ་འཁོར་ཏེ། དེའི་དབུས་ལ་ན་རྡོ་རྗེའི་དཀྱིལ་འཁོར་དབུས་སུ་ནཱི་ཞེས་བྷཱ་བ་སྟེ། ཇི་སྐད་དུ་བ་ཤད་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་དབུས་དང་།
་སངས་རྒྱས་སྐུ་གཟུགས་བཞག་པར་བྱ་ཞེས་བྱ་བ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྐུའི་གཟུགས་བརྙན་དུ་གཏོགས་པ་བཞག་གོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཁྲི་བོའི་དམ་ཚིག་ཀྱང་ཞེས་བྱ་བ་ནི་སངས་རྒྱས
་བཅོམ་ལྡན་འདས་ཀྱི་ངོས་ཐམས་ཅད་དུ་ཁྲོ་བོ་སྟེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའོ།། དེ་རྣམས་ཀྱི་དམ་ཚིག་ནི་རྡོ་རྗེ་ལ་སྩོགས་པ་སྟེ། དེ་དག་ཀྱང་ཇི་བཞིན་པར་ནི་མཁས་པསྟི་བྲི་ཞེས་བྱ་བ་སྟེ། རྡོ་རྗེ་དང་། རྡོ་རྗེ་རིན་པོ་ཆེ་དང་། རྡོ་རྗེ
་པདྨ་དང་། སྣ་ཚོགས་རྡོ་རྗེ་རྣམསོ།། མཁས་པས་ཞེས་བྱ་བ་ནི་ཤེས་རབ་ཅན་ནོ།། དེ་ལྟར་དབུས་ཀྱི་དཀྱིལ་འཁོར་ཡོངསུ་རྫོགས་པར་བྱས་ནས་ད་ནི་ཇི་ལྟར་འབྱུང་ན་དམ་ཚིག་ལས་འདས་པར་མི་འགྱུར་བའི་འབྱུད་པའི
་ཐབས་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྔར་བཤད་པའི་སྔགས་དང་ཕྱག་རྒྱ་དང་ལྡན་པར་འབྱུང་བ་དེ་སྟོན་ཏོ།། བྱུང་ནས་ཅི་ཞིག་བྱ་ཞེ་ན། ཕྱག་ན་རྡོ་རྗེའི་དཀྱིལ
་འཁོར་དུ་ཞུགས་པོ་དེ་བྲིས་ཤིག་པའོ།། གོ་རིམ་གང་གིས་དེ་བྲི་བར་བྱ་ཞེ་ན། དེའི་ཕྱིར་དེར། དབུས་སུ་མདུང་རྩེ་ཆུར་བྲིས་ལ།། རྡོ་རྗེ་རབ་ཏུ་བཞག་པར་བྱ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དུ་མདུང
་རྩེ་ཆུར་གནས་པ་ལ། དེའི་སྟེང་དུ་རྡོ་རྗེ་འགྲེང་བ་བྲིས་ཤིག་པའོ།། ད་ནི་འཁོར་རྣམས་ཀྱི་ཕྱག་རྒྱ་རིམ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། འོད་འབར་དབུས་སུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་རིམ་ཇི་ལྟ་བ་བཞིན་དུ་རྡོ་རྗེ
་སེམས་དཔའི་གནས་སུ་རྡོ་རྗེ། རྡོ་རྗེ་རྒྱལ་པོའི་གནས་སུ་ལྕགས་ཀྱུ།། རྡོ་རྗེ་ཆགས་པའི་གནས་སུ་མདའ།། རྡོ་རྗེ་ལེགས་པའི་གནས་སུ་མགུ་བ་རྣམས་བྲིའོ།། རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་སུ་ཞེས་བྱ་བ་ནི་བཤད་ཟིན་ཏོ།།
་དཀྱིལ་འཁོར་དམ་པ་གཉིས་པར་ཡང་ཞེས་བྱ་བ་ནི་འཁོར་གྱི་དཀྱིལ་འཁོར་ལས་བལྟོས་པ་ཡིན་ནོ།། དཀྱིལ་འཁོར་དམ་པ་གཉིས་པ་དེར་ཅི་ཞིག་བྲི་བར་བྱ་ཞེ་ན། འཁོར་ལོའི་དབུས་སུ་གནས་པ་ཡི།། རྡོ་རྗེ་རིན་ཆེན
་བྷཱི་བར་བྱ་བ་གསུངས་སོ།། འདི་སྐད་སྟོན་ཏེ། དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་བྲིས་ལ། དེའི་དབུས་སུ་རྡོ་རྗེ་ས་མཚན་པའི་རིན་པོ་ཆེ་བཱི་བྷར་བྱའོ།། ཁྲོ་གཉེར་དབུས་སུ་རྡོ་རྗེ་བྷཱི་ཞེས་བྱ་བྱེ་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ
་མིག་གཉིས་ཁྲོ་གཉེར་དང་བཅས་པར་འདེགས་པ་བྲིས་ལ། སྨིན་མཚམས་ཀྱི་གནས་སུ་རྡོ་རྗེ་སྟེ། རྡོ་རྗེ་རིན་པོ་ཆེ་བྲིའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ཉི་མའི་གནས་སུ་ཉི་མའི་དཀྱིལ་འཁོར་བྲིས་པར་རྡོ་རྗེ་བྲི་བར་བྱའོ།།
་རྡོ་རྗེ་དཔལ་གྱི་གནས་སུ་ནི་རྒྱལ་མཚན་བྲི་བར་བྱའོ།། དེ་བཞིན་ཞེས་བྱ་བ་ནི་སྡུད་པ་སྟོན་ཏེ། རྡོ་རྗེ་བཞེད་པ་ཡང་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་བཞད་མོའི་གནས་སུ་རྡོ་རྗེ་གཉིས་མཆུ་ལྟ་བུར་བྱིས་པའི་བར་དུ
་སོའི་ཕྲེང་བ་གཉིས་བྲི་བར་བྱའོ།། རྡོ་རྗེ་ཤུགས་ཀྱིས་བརྒལ་བར་ནི་བཤད་ཟིན་ཏོ།། དཀྱིལ་འཁོར་གསུམ་པའི་དབུས་སུ་རྡོ་རྗེས་མཚན་པའི་པདྨ་ནི་རྡོ་རྗེ་པདྨ་སྟེ། རྡོ་རྗེ་ནི་ཡུ་བའི་ཚུལ་དུ་བྱས་ལ་དེའི་སྟེང་དུ
་པདྨ་ཤིང་ལ་སོགས་པ་ལས་དངོས་སུ་བྱའོ།། བྲི་བའི་ཚེ་ན་ཡང་འདབ་མའི་མཐའ་ཐོག་དག་གམ། ཕྱོགས་གཅིག་ཏུ་རྩེ་གསུམ་པ་ཁ་གཉི་ག་མ་ཡིན་པའི་ཁ་གཅིག་པར་བྱས་ལ། འདབ་མའི་མཐར་རྡོ་རྗེ་བྱ་བ་འདི་ནི་རྡོ་རྗེ་སྣང་བ
་མཐའ་ཡས་ཀྱི་གནས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་ཆེན་པོ་བྲིས་ལ། དེའི་དབུས་སུ་ཇི་སྐད་བཤད་པའི་རྡོ་རྗེ་པདྨ་བྲི་བར་བྱའོ།། འབར་བའི་དབུས་སུ་པདྨ་བྲྀ་ཞེས་བྱ་བ་ནི་འཇིག་རྟེན་དབང་ཕྱུག་གི་གནས་སུ་བྲིའོ།། །
་རལ་གྲི་ནི་རྡོ་རྗེ་རྣོན་པོའི་གནས་སུའོ།། འཁོར་ལོ་ནི་རྡོ་རྗེ་རྒྱུའི་གནས་སུའོ།། དེ་བཞིན་ནོ་ཞེས་བྱ་བ་འདིས་ནི་འདི་དག་ཀྱང་འབར་བའི་དབུས་སུ་བྲིའོ་ཞེས་སྡུད་པ་ཡིན་ནོ།། རྡོ་རྗེ་ལྕེ་ནི་རྡོ་རྗེ་སྨྲ་བའི་གནས་སུའོ།། ཚུལ་བཞིན་དུ
་ཞེས་བྱ་བ་ནི་འབར་བའི་དབུས་སུ་ཞེས་བྱ་བ་དང་སྦྱར་རོ།། རྟག་ཏུ་དེའི་ཕྱོགས་སུ་བཞག་ཅེས་བྱ་བ་ནི་དབུས་ཀྱི་པདྨ་ལ་གནས་པའི་རྡོ་རྗེ་པདྨ་མར་རོ།། དཀྱིལ་འཁོར་དམ་པ་བཞི་པར་ཡང་། རྡོ་རྗེ་གཉིས་བསྙལ་བ་ལ་རྡོ་རྗེ་བྲི
་སྟེ། རྡོ་རྗེ་འོད་ཆེན་པོས་བསྐོར་བ་ནི་ཉེ་བར་བསྐོར་བའོ།། གང་གིས་ཤེ་ན། རྡོ་རྗེ་རྣམས་ཀྱིས་སོ།། ཇི་ལྟ་བུས་ཤེ་ན། འོད་ཆེན་པོས་སོ།། འདི་སྐད་སྟོན་ཏེ། ཕྱོགས་བཞིར་རྡོ་རྗེ་འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པའི་རྡོ་རྗེ་དེས
་ཡོངསུ་བསྐོར་བར་བྲི་བར་བྱའོ།། དེའི་ཞེས་བྱ་བ་དེ་ལྟ་བུའི་རྡོ་རྗེའི་ཕྱག་རྒྱའི་ཕྱོགས་ནི་ཐམས་ཅད་དུ་ཞེས་བྱ་བ་ངོས་བཞིའི་བར་དུའོ།། འབར་བ་ཀུན་གྱིས་བཀྲིས་པའི་འོད་ཅེས་བྱ་བ་ནི་ཀུན་ནུས་འོད་འབར་བས་འཁྲིགས
་པ་ཞེས་བྱ་བའི་དོན་ཏཽ། ཡང་དེ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་ཐམས་ཅད་གོ་ཆ་མཆོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ལུས་ཀྱི་གནས་སུ་རྡོ་རྗེ་ཐམས་ཅད་དེ་ཁ་བཞི་པའོ།། གོ་ཆ་མཆོག་ནི་གོ་ཆ་བཟང་པོ་སྟེ། རྡོ་རྗེ
་གོ་ཆའི་གནས་སུའོ།། རྡོ་རྗེ་གནོད་སྦྱིན་གྱི་གནས་སུ་ནི་རྡོ་རྗེ་མཆེ་བའོ།། ཁུ་ཚུར་མཆོག་ནི་ཁྲོ་ཚུར་མཛེས་པ་ཞེས་བྱ་བའི་དོན་ཏེ། རྡོ་རྗེ་ཁུ་ཚུར་གྱི་གནས་སུའོ།། གྲཝ་དང་ཕྱི་ཡི་གནས་རྣམས་སུ་ཞེས་བྱ་བ་ལ་མཚམས
་རྣམས་སུ་ནི་སྒེག་མོ་ལྔ་སོགས་པའི་ཕྱག་རྒྱའོ།། ཕྱིའི་གནས་རྣམས་སུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་གྲོའི་གནས་རྣམས་སྐུ་བདུགས་པ་མ་ལ་སོགས་པའི་མཆོད་པ་རྣམས་སོ།། སྒོ་རྣམས་སུ་ནི་ལྕགས་ཀྱུལ
་སྩོགས་པའོ།། ཕྱིའི་དཀྱིལ་འཁོར་གྱི་ལྷོའི་སྣམ་བུའི་གནས་སུ་ནི་བྱམས་པ་ལ་སོགས་པའི་ཕྱག་རྒྱ་འམ་གདན་བྲི་བར་བྱ་སྟེ། འདི་ནི་འདིའི་ཚུལ་བཞིན་བྲི་བ་ཡིན་ནོ།། ཕྱིའི་རྡོ་རྗེ་རིགས་བསྟན་པ་ནི་ལོགས་ཤིག་ཏུ
་ཕྱིས་འཆང་བས་ན་དེ་དག་གི་ཕྱག་རྒྱ་ནི་འདིར་མ་བྲིས་སོ།། དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་བྲི་བའི་ཕྱག་རྒྱའི་ཚོགས་བསྟན་ནས། དེ་ནི་དེ་རྣམས་ཀྱི་རིག་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་རབ་ཏུ་བཤད་བྱུང
་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱག་རྒྱ་རྣམས་ཀྱི་རིག་པ་ནི་ཕྱག་རྒྱའི་རིག་པའོ།། མདོར་བསྡུ་ན་ཞེས་བྱ་བ་ནི་མདོར་བྱས་པའོ།། རྡོ་རྗེའི་རིགས་ལ་རང་གི་མཚན་མའི་རྟགས་གང་གིས་དཀྱིལ
་འཁོར་བསྟན་པར་བྱ་ཞེ་ན། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའི་རིགས་ལ་བཞུགས་ལ། དེའི་བཅིབས་པ་ནི་གླང་པོ་ཆེ་ཡིན་ལྀ། གླང་པོ་ཆེ་ལ་ནི་ཡི་གེ་དྷཱིཿསྦྱོར་བར་བྱེད་ལ། དེས་ཉེ་བར་མཚོན་པའི
་དཀྱིལ་འཁོར་ལ་ནི་རྡོ་རྗེ་ཧྲཱིཿསྟེ་རྡོ་རྗེ་སེམས་དཔའི་ཡིན་པས་ན་རྡོ་རྗེ་ཛྷིཿཞེས་བྱ་བའི་དཀྱིལ་འཁོར་རོ།། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ནི་དབང་བསྐུར་བ་གཙོ་བོར་གྱུར་པ་ཡིན་ལ། དབང་བསྐུར
་ནས་རྒྱལ་པོའི་ཕོ་བྲང་ནི་གནས་པའི་མངའ་བདག་ལ་ནི་འཇིག་རྟེན་ན་རྗེ་སུ་འཚོ་བ་རྣམས་འཚེ་བར་གྱུར་ཅིག་ཅེས་སྙན་པའི་ཚིག་བརྗོད་པ་ཡིན་པས་ན་ཡི་གེ་དྷཱིཿཞེས་བྱ་བ་དང་སྦྱར་རོ།། དེས་ཉེ་བར་མཚོན་པའི་དཀྱིལ
་འཁོར་ལ་ནི་རྡོ་རྗེ་དིཿཞེས་བྱ་བའི་དཀྱིལ་འཁོར་ཞེས་བྱའོ།། པདྨའི་རིགས་ལ་ནི་ཆོས་ལ་ལྷག་པར་སྤྱོད་པས་ཡེ་ཤེས་ཀྱི་སྒྲོན་མ་གཙོ་བོ་ཡིན་ནོ།། དེ་བས་ན་དེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ལ་ནི་རྡོ་རྗེ་དིཿཞེས
་བྱ་བའི་དཀྱིལ་འཁོར་ཞེས་བྱ་སྟེ། རྡོ་རྗེ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིའོ།། ལས་ཀྱི་རིགས་ལ་ནི་ཆོ་འཕྲུལ་ལ་སོགས་པའི་ལས་རྣམས་ལ་ལྷག་པར་སྤྱོད་དེ། དེར་ནི་ཡི་གེ་ཧྲཱིཿཞེས་བྱ་བ་མུ་སྟེགས་པ་རྣམས་ཚར
་གཅོད་པ་ལ་འཇུག་པས། ཧྲཱིཿདེས་ཉེ་བར་མཚོན་པའི་དཀྱིལ་འཁོར་ལ་ནི་རྡོ་རྗེ་ཧྲཱིཿཞེས་བྱ་བའི་དཀྱིལ་འཁོར་ཞེས་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཁམས་གསུམ་ལས་རྣམ་པར་རྒྱལ་ཏེ། ཆོས་ཀྱི་རྒྱལ་པོ་བླ་ན་མེད
་པར་རྒྱལ་པོའི་ཕོ་བྲང་ན་བཞུགས་པར་བསྟན་པའི་ཕྱིར་དཔལ་གྱི་རོལ་མོའི་གནས་ལྟ་བུར་སྟོན་ཏོ།། དེ་བས་ན་དབང་ཕྱུག་དམ་པའི་དཔལ་གྱི་རོལ་མོའི་སིལ་སྙན་གྱི་ཁྱད་པར་རྣམས་དང་། གང་ཕྱི་རོལ་གྱི་སིལ་སྙན་ལ
་སོགས་པའི་རོལ་མོའི་ཁྱད་པར་དེ་དག་ཐམས་ཅད་འདིར་སྟོན་ཏོ།། དེ་ལ་རེ་ཞིག་དང་པོ་ཁོ་ནར་དཔལ་གྱི་རོལ་མོའི་དབུས་ན་གནས་པའི་སིལ་སྙན་གྱི་ཁྱད་པར་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་གྱི་གྲཝ་རྣམསུ
་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཀྱིལ་འཁོར་གྱི་གྲཝ་རྣམས་ཞེས་པ་ནི་འཁོར་ལོའི་ནང་གི་དཀྱིལ་འཁོར་གྱི་གྲཝ་རྣམས་སུའོ།། རྡོ་རྗེ་གར་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི་དོན་དུ་གོར་བྱེད་པས་ན་རྡོ་རྗེའི་གར་རོ།། གསང་བའི
་དཀྱིལ་འཁོར་གྱི་མཆོད་པ་ཡིན་པས་ན་གསང་བའི་མཆོད་པ་སྟེ། གསང་བའི་དཀྱིལ་འཁོར་ནི་ཕྱག་རྒྱའི་དཀྱིལ་འཁོར་རོ།། དེའི་རོལ་མོའི་སྙིང་པོ་རྣམས་གསུངས་པ་སྟེ། ཞེས་བྱ་བ་ནི་ཁར་དཀྲོལ་གྱི་རོལ་མོ་སྟེ་རྡོ་རྗེ་སྒེག
་མོའི་གནས་སུའོ།། ཧཱུཾ་ཞེས་བྱ་བ་ནི་རྔ་ཟླུམ་གྱི་རོལ་མོ་སྟེ། རྡོ་རྗེ་ཕྲེང་བ་མའི་གནས་སུའོ།། ཏཾ་ཞེས་བྱ་བ་ནི་གླིང་བུའི་རོལ་མོ་སྟེ་རྡོ་རྗེ་གླུ་མའི་གནས་སུའོ།། སྟྭཾ་ཞེས་བྱ་བ་ནི་མུ་ཀུན་དའི་རོལ་མོ་སྟེ། རྡོ་རྗེ་གར་མའི་གནས་སུ
་བཞག་གོ། ཕྱི་རོལ་གྱི་གྲཝ་རྣམསུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་ཕྱི་རོལ་གྱི་མཚམས་རྣམསུ་མངོན་པར་འདུ་བྱ་བའི་འབད་པ་ཆེན་པོས་རོལ་མོའི་སྒྲ་བསྒྲུབ་པར་བྱ་བ་ཡིན་པས་ན་སིལ་སྙན་རྣམས་ཏེ།
་དེའི་མཆོད་པ་ཡིན་པས་ན་སིལ་སྙན་གྱི་མཆོད་པའོ།། དེ་ལ་དེ་དག་གི་སྙིང་པོ་ནི་ཏེ་ཞེས་བྱ་བ་ནི་རུ་དུང་གི་རོལ་མོ་སྟེ། རྡོ་རྗེ་གདུག་པ་མའི་གནས་སུའོ།། ཊཾ་ཊ་ཞེས་བྱ་བ་ནི་པ་ཊ་ཧཱའི་རོལ་མོ་སྟེ། རྡོ་རྗེ་མེ་ཏོག་མའི་གནས
་སུའོ།། དྷ་ཏྱུ་ཞེས་བྱ་བ་ནཱི་ཏི་མི་ལའི་རོལ་མོ་སྟེ། རྡོ་རྗེ་མར་མེ་མའི་གནས་སུའོ།། ཌོ་ཌྷོཿཞེས་བྱ་བ་ནི་ཌ་ཀའི་རོལ་མོ་སྟེ། རྡོ་རྗེ་དབྱུག་པ་མའི་གནས་སུ་བཞག་གོ། སིལ་སྙན་དང་རོལ་མོའི་མཆོད་པའི་སྙིང
་པོར་གསུངས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་སིལ་སྙན་དང་། རོལ་མོ་དེ་རྣམས་ལ་མངོན་པར་བཟླས་ལ་ལས་དེ་དང་དེ་དག་བྱའོ།། དེ་ལྟར་དཀྱིལ་འཁོར་སྤྲུལ་པའི་ཆོ་ག་དང་། དཀྱིལ་འཁོར་བྲི་བའི་ཆོ
་ག་རྫོགས་པར་བྱས་ལ། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་འཇུག་པའི་ཆོ་ག་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། འདིར་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་དཀྱིལ་འཁོར་དུའོ།། འཇུག་པའི་ཆོ་ག་ཉིད
་ཡིན་པས་ན་འཇུག་པའི་ཆོ་གའོ།། རྒྱས་པ་ནི་ཡན་ལག་དང་བཅས་པ་སྟེ། མནའི་སྙིང་པོ་སྦྱིན་པ་ལ་སོགས་པའོ།། དེ་ལ་ཞེས་བྱ་བ་ནི་འཇུག་པའི་ཆོ་ག་རྒྱས་པ་ལའོ།། ཐོག་མ་ཞེས་བྱ་བ་ནི་དང་པོ་ཁོ་ནར་རོ།། ཉིད་དུ
་ཞེས་བྱ་བ་ནི་ཞུགས་པའི་བྱ་བའི་རྗེསུ་ཐོགས་ཁོ་ན་ལ་གར་གྱི་མཆོད་པ་བྱའོ་ཞེས་སྟོན་ཏོ།། རེ་ཞིག་ཅེས་བྱ་བའི་སྒྲ་ནི་གོ་རིམ་ལ་བྱ་སྟེ། གར་གྱི་མཆོད་པ་བྱས་པའི་རྗེས་ལ་བྱ་བ་གཞན་དག་འབྱུང་ངོ་ཞེས་བྱ་བར་རེ
་ཞིག་ཅེས་བྱ་བའི་སྒྲས་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་གས་སློབ་མ་བཅུག་ལ། སློབ་དཔོན་གྱིས་གར་གྱི་མཆོད་པ་བྱའོ་ཞེས་བྱ་བར་སྦྱར་རོ།། གར་གྱི་མཆོད་པ
་གང་གིས་བྱ་ཞེས་ན། རྡོ་རྗེའི་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་། ལན་གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རིགས་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། རྡོ་རྗེ
་སེམས་དཔའ་ལ་སོགས་པའི་སེམས་དཔའ་ནི་དམ་ཚིག་གི་སེམས་དཔའོ་ཞེས་གསུངས་པའི་ཕྱིར་རོ།། དེ་བས་ན་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ལ་ནི་དམ་ཚིག་གི་ཕྱག་རྒྱ་ཞེས་བྱའོ།། དམ་ཚིག་གི་ཕྱག་རྒྱ་རྣམས
་ཀྱི་ལན་དུ་འཆིང་བས་ན་ལྡན་གྱི་ཕྱག་རྒྱ་སྟེ། རིན་པོ་ཆེའི་རིགས་ལ་བྱ་བར་གསུངས་སོ།། འདི་དག་ཀྱང་གླེང་བསླང་བ་ཙམ་དུ་ཟད་དེ། སློབ་དཔོན་གྱི་དང་པོར་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱག་རྒྱ་བཅིངས་པ་དང་། དེའི
་འོག་ཏུ་ཆོས་ཀྱི་རིགས་སུ་ཉེ་བར་སོང་སྟེ། རྡོ་རྗེ་ཆོས་ལ་སོགས་པའི་ཕྱག་རྒྱ་ལ་རབ་ཏུ་སྦྱོར་བས་ན་ཉེ་བའི་ཕྱག་རྒྱ་ཞེས་བཤད་དོ།། ཡེ་ཤེས་ཡོངསུ་རྫོགས་པར་གྱུར་པ་ལས། ལས་ཡོངསུ་ཤེས་པའི་ཕྱག་རྒྱ་གང
་ཡིན་པ་དེ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ཞེས་བཤད་དེ། ལས་ཀྱི་རིགས་ཡིན་པར་གསུངས་སོ།། འདི་སྐད་སྟོན་ཏོ།། སློབ་དཔོན་གྱིས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཅིངས་པ་དང་། སློབ་མ་མཁས་པར་གྱུར་པས
་མ་བསྟན་པ་ཉིད་དུ་རྡོ་རྗེ་སེམས་དཔའི་ཕྱག་རྒྱའི་ལྡན་དུ་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱ་བཅིངས་པར་བྱའོ།། ཡང་སློབ་དཔོན་གྱིས་ཕྱག་རྒྱ་དེས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་བཀྲོལ་ལ་རྡོ་རྗེ་རྒྱལ་པོའི་ཕྱག་རྒྱ་བཅིང་ངོ་།། སློབ་མས་ཀྱང་རྡོ་རྗེ
་རྒྱལ་པོའི་ཕྱག་རྒྱ་དེ་མཐོང་བ་དང་། ཡང་ཕྱག་རྒྱའི་ལན་དུ་རྡོ་རྗེ་གཟི་བརྗིད་ཀྱི་ཕྱག་རྒྱ་བཅིང་ངོ་།། དེ་ནས་སློབ་དཔོན་ལན་གྱི་ཕྱག་རྒྱ་དེས་རྡོ་རྗེ་རྒྱལ་པོའི་ཕྱག་ཆུ་བཀྲོལ་ལ། རྡོ་རྗེ་ཆགས་པའི་ཕྱག་རྒྱ་བཅིང་ངོ་།། སློབ་མས་ཀྱང
་རྡོ་རྗེ་ཆགས་པའི་ཕྱག་རྒྱ་དེ་མཐོང་བ་དང་། དེའི་ལན་གྱི་ཕྱག་རྒྱར་རྡོ་རྗེ་དཔལ་གྱི་ཕྱག་རྒྱ་བཅིང་བར་བྱའོ།། ཡང་སློབ་དཔོན་ལན་གྱི་ཕྱག་རྒྱ་དེས་རྡོ་རྗེ་ཆགོས་པའི་ཕྱག་རྒྱ་བཀྲོལ་ལ། རྡོ་རྗེ་ལེགས་པའི་ཕྱག་རྒྱ་བཅིང་ངོ་།། སློབ
་ས་ཀྱང་རྡོ་རྗེ་ལོགས་པའི་ཕྱག་རྒྱ་མཐོང་བ་དང་། དེའི་ལན་གྱི་ཕྱག་རྒྱར་རྡོ་རྗེར་བཞད་པའི་ཕྱག་རྒྱ་བཅིང་བར་བྱའོ།། དེ་ནས་སློབ་དཔོན་ཉེ་བར་སོང་སྟེ། ཆོས་ཀྱི་ཕྱག་རྒྱ་བཅིང་ངོ་།། དེ་ནས་སློབ་མ་ཡང་ཉེ་བར་སོང་སྟེ། རྡོ་རྗེ
་ལས་ཀྱི་ཕྱག་རྒྱ་བཅིང་ངོ་།། དེ་ལྟར་རིམ་པ་འདིས་ཕྱག་རྒྱ་དང་། ལན་གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས་ཀྱིས་མཆོད་པར་འགྱུར་རོ།། འདི་སུ་ཞིག་གིས་མཆོད་པར་འགྱུར་ཞེ་ན། རྡོ་རྗེ་འཆང་བ
་མཆོད་པ་ཞེས་བྱའོ།། ཕྱིར་ཞེས་བྱ་བ་ནི་རྡོ་རྗེ་འཆང་བ་མཆོད་པའི་དོན་དུའོ།། གར་གྱི་མཆོད་པ་བྱའོ་ཞེས་བྱ་བ་ལ། མཆོད་པ་ནི་ལྷ་བ་ཤོས་ཏེ། གར་གྱི་བཤོས་བྱ་བ་ནི་ཤར་གྱི་མཆོད་པའོ།། འདི་སྐད་སྟོན་ཏེ། གར་བྱ་བ་བསྟན་ནས
་མཆོད་པ་བྱ་བའོ།། རྡོ་རྗེ་འཆང་བ་མཆོད་པའི་ཕྱིར་གར་གྱི་མཆོད་པར་བྱའོ་ཞེས་ནི་གསུངས་ན། དེ་ཇི་ལྟར་བྱ་བ་མི་ཤེས་པས་ན་དེའི་ཕྱིར་གཱར་དང་། ལན་གྱི་གོར་དང་། ཉེ་བའི་གར་དང་། ཡེ་ཤེས་ཀྱི་གར་རྣམས་ཀྱིས་མཆོད་པའི
་ཕྱག་རྒྱའི་ཡེ་ཤེས་ནི་འདི་ཡིན་ནོ་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ།། གཱརརྱ་རྣམས་ཀྱི་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་འདི་ཡང་ཅི་འདྲ་བ་མི་ཤེས་པ་ནས། ཡེ་ཤེས་ཀྱི་ཤར་རྣམས་ཀྱིས་མཆོད་པའི་ཕྱག་རྒྱའི་ཡེ་ཤེས་ཇི་ལྟ་བུ
་ཡིན་པ་ཡང་མི་ཤེས་པས་ང་དེ་བསྟན་པར་བྱ་བའི་ཕྱིར། དེ་ལ་དང་པོ་ཉིད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་གར་མཆོད་པ་ལ་སོགས་པའི་ཕྱག་རྒྱའི་ཡེ་ཤེས་ལའོ།། དང་པོ་ཉིད་དུ་ཞེས་བྱ་བ་ནི
་ཐོག་མ་ཁོ་ནར་རོ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྡུས་པ་སྟེ། མདོར་བསྡུས་པའི་སྙིང་པོ་ནི་རྡོ་རྗེ་དབྱིངས་སུ་བསྡུས་པའི་སྙིང་པོ་སྟེ། སྙིང་པོ་དེ་དང་རྡོ་རྗེ་གླུ་ལེན་ཞིང་ཞེས་པ་རྡོ་རྗེ་ཡེ་ཤེས་ལས་གང་བྱུང་བའི་གྲུ་དེ་ནི་རྡོ་རྗེ་གླུ་སྟེ
་དེས་སྙིང་པོ་གླུར་བླང་ངོ་།། དེ་བཞིན་གཤེགས་པ་ཐམས་ཅད་ནི་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། དེ་རྣམས་ལ་གླུ་དེས་བསྟོད་པས་མཆོད་པ་བྱས་ནས་སོ།། སུ་ཞིག་གིས་ཤེ་ན། རྡོ་རྗེ་སློབ་དཔོན་གྱིས་སོ།། ཅི་ཞིག་བྱ་ཞེ་ན། དེའི
་ཕྱིར་རྡོ་རྗེ་སེམས་མའི་ཕྱག་རྒྱ་དྲག་ཏུ་གཏོགས་པར་བྱའོ་ཞེས་གསུངས་སོ།། རྡོ་རྗེ་སེམས་མའི་ཕྱག་རྒྱ་ཇི་ལྟར་གཏོགས་པར་བྱ་ཞེ་ན། ལག་པ་གཡས་པས་རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ལ། གཡོན་པའི་རྡོ་རྗེ་ཁུ
་ཚུར་གྱི་མཛུབ་མོ་ལྕགས་ཀྱུར་བྱས་པས་གུད་མོ་ལ་དྲག་ཏུ་གཏོགས་པར་བྱའོ།། དེ་ནས་ཅིར་འགྱུར་ཞེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྙེད་ཞུགས་པའི་རྣམས་ཞེས་བྱ་བ་གང་དང་གང་ཞུགས་པའི་རྣམས་སོ།། ཕྱག
་རྒྱུ་རྣམས་ཀྱིས་ཡང་དག་པར་འབེབས་སོ་ཞེས་བྱ་བ་ནི་གང་གི་མེ་ཏོག་གླང་ལ་བབས་པར་གྱུར་པ་དེ་ནི་དེའི་ལྷ་སྟེ། དེ་ཕྱག་རྒྱ་བཅིངས་པ་དང་ལྷན་ཅིག་འབྱེབ་པར་འགྱུར་ཞིང་མ་བསྟོན་པ་ཉིད་དུ་ཡང་ལྷ་བབྱས་པར་གྱུར་པའི་དཔྱོད
་གིས། རྡོ་རྗེ་འཆང་བ་མཆོད་པའི་ཕྱིར། གར་གྱི་མཆོད་པར་བྱའོ་ཞེས་སྔར་ཇི་སྐད་སྨྲས་པ་དེ་ཡང་སློབ་མ་དང་བཅས་པ་ཡིན་ནོ།། དེ་ཡང་བབས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ཏེ། དེ་བས་ན་དེ་རྣམས་ཀྱི་དབབ་པའི་ཆོ་ག་བད་པ་ཡིན་ནོ།།
་ད་ནི་རྡོ་རྗེ་གར་གྱི་ཚུལ་གྱིས་ནི་ཞེས་བྱ་བ་ལ་སོགས་པས་གར་གྱི་མཆོད་པ་སྟོན་ཏེ། རྡོ་རྗེ་གར་གྱི་ཚུལ་ནི་སྨྲས་ཟིན་མོད་ཀྱི། ཁྲོ་བོའི་ཁུ་ཚུར་གྱི་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་གར་བྱ་བ་སྟེ། ཁྱད་པར་ནི་དེ་ཙམ་དུ་ཟད་དོ།། དེ་ནས
་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྙིང་གར་བཅིངས་ལ། རྡོ་རྗེ་འཆང་བ་མཆོད་པར་བྱ་བའི་རྡོ་རྗེ་གར་གྱི་ཚུལ་གྱི་དེ་བཞིན་དུ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ལྕགས་ཀྱུར་བྱས་ཏེ། སངས་རྒྱས་ཐམས་ཅད་སྤྱན་དྲང་ཞིང་རྡོ་རྗེ་འཆང་བ
་མཆོད་པར་བྱའོ།། དེ་བཞིན་དུ་གར་གྱི་ཚོགས་རྡོ་དྷཱུ་མདའ་འཕང་བར་བྱའོ།། དེ་ལ་རྡོ་རྗེ་མདའ་འཕང་བ་ནི་འདི་ཡིན་ཏེ། རྡོ་རྗེ་དྷཱུ་མཛད་ཀྱི་ཕྱག་རྒྱུ་ག་མན་ལོགས་བཟུང་ལ། གཡས་ཀྱི་མཛུབ་མའི་ལྕགས་ཀྱུས་གཡོན་གྱི་མཛུབ་མོ་བཟུང་སྟུ།
་མདའ་གཞུ་འཛིན་པའི་ཚུལ་དྲི་བྱཱཧཱུ~ཾ། དེ་ལྟ་བུཥྤེ་རྡོ་རྗེ་མདའ་འཕེན་པསྟེ་རྡོ་རྗེ་དགའ་བའང་བསྲུབ་པར་བྱ་ཞེས་བྱཱ་བནྡྷ་དེ་བ་ཞིན་དུ་གར་གྱི་སྦྱོར་བ་བྱས་ན། རྡོ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་སྙིང་གིར་བཞིགྲཱྀ་ལཱ། ལེགས་ས་ཞེས་བྱ་བ་གཉིས་སྦྱིན
་པ་འདི་ནི་རྡོ་རྗེ་དགའ་བའི་མཆོད་པའི་ཕྱག་རྒྱའོ།། ཇི་སྐད་དུ་བཤད་པའི་ཚུལ་དང་། ཕྱག་རྒྱ་དང་པོས་དམ་ཚིག་སྦྱིན་པའི་མཆོད་པ་བསྟོན་པའོ།། དེའི་འོག་ཏུ་གཉིས་པ་དང་། གསུམ་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད
་དང་། རྡོ་རྗེ་འཛིན་པ་དང་། སེམས་དཔའ་ཐམས་ཅད་ཡང་དག་པར་འཛིན་པའི་མཆོད་པ་བྱའོ།། དེའི་འོག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཛིན་པ་དང་། སེམས་དཔའ་ཐམས་ཅད་མཉེས་པར་བྱེད་པའི་ཕྱག་རྒྱུའི
་མཆོད་པ་བཞི་པ་བྱའོ།། དེ་ནས་སྙིང་གར་ཕྱག་རྒྱ་ཆོ་ག་བཞིན་བཀྲོལ་ཏེ་ཞེས་བྱ་བ་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་སྙིང་པོ་གང་གིས་དགྲོལ་བར་བྱ་བ་ཇི་ལྟ་བ་བཞིན་དུ་དཀྲོལ་ལ། ཐལ་མོ་མི་དྲག་པ་གསུམ་བརྡབ་པོར་བྱའོ།། དེ་བོས་ན
་ཇི་སྐད་སྨྲས་པའི་ཚུལ་དུ་བཅིང་བ་དང་། དགྲོལ་བ་དང་། མཉེས་པར་བྱས་པོས་སྟེགས་པ་དེ་བོརྟེན་པར་འགྱུར་རོ།། དེ་བས་ནི་ཐལ་མོ་བརྡབ་ཅིང་བཅིངས་པོར་བྱ་ཞེས་གསུངས་ཏེ། ཐལ་མོ་རོལ་གྱིས་བརྡབ་པོ་གསུམ་བྱས་ལ
་ཕྱག་རྒྱ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མཆོད་པའི་ཆོ་ག་ཞེས་བྱ་བ་ནི་མཆོད་པའི་རྣམ་པའོ།། འདིའི་ཞེས་བྱ་བ་ནི་འདས་མ་ཐག་པ་ལ་སྙེགས་ཏེ། དེས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་མཉེས་པར་བྱའོ།། དེ
་བཞིན་གཤེགས་པ་ཐམས་ཅད་དང་། སེམས་དཔའ་ཐམས་ཅད་ལ་དམ་ཚིག་བྱིན་པ་དང་། སྤྱན་དྲངས་པ་དང་། མཉེས་པར་བྱས་པའི་རྣམ་པས་བཅོམ་ལྡན་འདས་མཉེས་པར་གྱུར་ནས་དེ་ཅི་ཞིག་མཛད་ཅེ་ན། དེའི་ཕྱིར་དགོས
་པ་ཐམས་ཅད་ནི། འདོད་བཞིན་སྐད་ཅིག་ཉིད་ཀྱིས་གྲུབ་ཅེས་གསུངས་པ་ཡིན་ནོ།། དེ་ལྟར་གྲཝར་གྱི་མཆོད་པ་བསྟན་ནས། ད་ནི་དེའི་འོག་ཏུ་ཞེས་བྱ་བ་ལ་སོགས་པས་གར་གྱི་ལན་སྟོན་ཏེ། དེའི་རྗེས་ཐོགས་ལ་ལན་གྱི་ཀར་གྱི
་མཆོད་པ་བྱའོ་ཞེས་བཤད་ན། དེ་ཡང་ཇི་ལྟར་བྱ་བ་མི་ཤེས་ཏེ། དེ་བས་ན་དེ་བསྟན་པའི་ཕྱིར་དེ་བཞིན་གར་གྱི་ཆོ་ག་ཡིས་ཞེས་བྱ་བ་གསུངས་པ་ཡིན་ནོ།། འདི་སྐད་སྟོན་ཏེ། འདས་མ་ཐུག་པའི་དཀྱིལ་འཁོར་དུ་རྡོ་རྗེ་ཧཱུ~ཾ་མཛད་ཀྱི་སྦྱོར
་བབའི་ཕྱག་རྒྱས་མཆོད་པ་རྣམ་པ་བཞི་བསྟན་པ་ཡིན་ལ། དེ་བས་ན་ད་ནི་རྡོ་རྗེ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་བཀྲོལ་ལ། ཁྲོ་བོའི་མཛུབ་མོ་གཉིས་ཀྱིས་གར་གྱི་ཆོ་ག་སྒེག་པ་དང་བཅས་པས་བྱའོ།། དེ་བཞིན་དུ་གར་གྱི་ཆོ་བྱ་བ་བསྟན་ནས།
་ཅི་ཞིག་བྱ་བ་བསྟན་པའི་ཕྱིར་གཡོན་པ་ནི། ཁུ་ཚུར་གཡས་པས་བཟུང་ནས་སུ་ཞེས་བྱ་བ་གསུངས་ཏེ། གཡོན་པའི་ཁྲོ་བོའི་མཛུབ་མོ་སྙིང་གའི་ཐད་ཀར་གྱེན་དུ་བསྒྲེང་ལ། གཡོས་པའི་མཛུབ་མོ་བསྒྲེང་བའི་རྡོ་རྗེ་ཁུ་ཚུར་རྩི་ང
་ནས་བཟུང་སྟེ། དབྱུག་པའི་ཕྱག་རྒྱའི་ཚུལ་གྱིས་བསྒྱུར་ཞིང་ཐད་ཀར་བཏུད་ནས། མཛུབ་མོའི་ངོས་ཀྱིས་ནི། དཔྲལ་གཉིས་ལ་བཞག་པར་བྱ་ཞེས་བྱ་བ་སྟེ། གཡས་པའི་མཛུབ་མོའི་རྩེ་མོ་དཔྲལ་བར་བཞག་པ་སྟེ། དབང་བསྐུར
་བའི་གནས་སུ་བཞག་གོ་ཞེས་བྱ་བའི་དོན་ཏོ།། འདི་ནི་རྡོ་རྗེ་རིན་ཆེན་གྱི་གནས་སུ་ལན་གྱི་གར་གྱི་མཆོད་པའོ།། ཕྱག་རྒྱ་དེ་དཀྲོལ་ལ་ཡང་དེ་བཞིན་དུ་གར་གྱི་ཆོ་ག་བསྟན་ནས། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་དེ་བཞིན་དུ་གཟུང་སྟེ།
་ཕྱག་རྒྱའི་ཚུལ་དུ་བྱས་པའི་ཕྱག་རྒྱ་དེ་ཁ་ཕྱིར་བསྟན་ཏེ་ཕབ་ལ། ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་ཕྱི་རོལ་ཏུ་བསྐོར་བ་འདི་ནི་རྡོ་རྗེ་ཉི་མའི་ལན་གྱི་གར་གྱི་མཆོད་པའི་ཕྱག་རྒྱའོ།། ཕྱག་རྒྱ་དེ་དཀྲོལ་ལ་དེ་བཞིན་དུ་གར་གྱི་ཆོ་ག་བསྟན
་ནས། དེ་བཞིན་དུ་ཁྲོ་ཚུར་གཡོས་པས་གཡོན་པ་གཟུང་ལ། ལག་ངར་གཉིས་གཤིབས་ཏེ་ན་དུ་བསྒྲེང་ལ། རྒྱལ་མཚན་གྱི་ཚུལ་དུ་བཟུང་བ་འདི་ནི་རྡོ་རྗེ་དཔལ་གྱི་ལནཱ~ཾ་གྷི་གོར་གྱི་མཆོད་པའི་ཕྱག་རྒྱའོ།། ཡང་ཕྱག་རྒྱ་དེ་དཀྲོལ
་ལ་དེ་བཞིན་དུ་གར་གྱི་ཆོ་ག་བསྟན་ནས། ཕྱག་རྒྱ་སྔ་མྱ་བཞིན་དུ་བཅིངས་ལ་མཛུབ་མོ་གཡས་པའི་རྩེ་མོ་གཡས་པའི་མཁུར་གཙེས་ཀྱི་ཕྱོགས་སུ་བཏུང་དེ། རྒོད་པ་བསྟན་པའི་ཕྱིར་སྒེག་པ་དང་བཅས་པར་བསྐོར་བ་འདི་ནི་རྡོ་རྗེ་བཞད
་མོའི་ལན་གྱི་གར་གྱི་མཆོད་པའི་ཕྱག་རྒྱའོ།། མཆོད་པའི་ཆོ་ག་འདི་ཡིས་ནི་བྱ་བ་ནི་བཤང་མ་ཐག་པས་སོ།། རྒྱལ་པོ་ལ་སོགས་མི་ཀུན་ཀྱང་ཞེས་བྱ་བ་ནི་རིགས་འདིར་ནི་དབང་བསྐུར་བ་གཙོ་བོར་གྱུར་པ་ཡིན་པས་རྒྱལ་པོའི་ཕོ
་བྲང་ན་གནས་པ་སྟོན་ཏེ། དེ་བས་ན་འདི་ན་ཇིཿའི་དཀྱིལ་འཁོར་ཡིན་ནོ་ཞེས་བཤད་དོ།། དེ་བས་ན་རྒྱལ་པོ་ལ་སོགས་པ་མི་ཀུན་ཡང་ཞེས་གསུངས་པ་ཡིན་ནོ།། རྒྱལ་པོ་ལ་སོགས་པའི་མི་ཀུནྡ་ཅི་ཞིག་ཏུ་བྱེད་ཅེ་ན།
་དེའི་ཕྱིར་མཉེས་པར་བྱེད་ཅེས་བྱ་བ་གསུངས་ཏེ། རབ་ཏུ་དགའ་བར་བྱེད་ཅེས་བྱ་བའི་དོན་ཏོ།། ཇི་ལྟ་བུ་ཞེ་ན། དབང་དང་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དབང་ནི་དབང་བསྐུར་བ་བྱིན་པའོ།། གཟི་བརྗིད་དང་ཞེས་པ་ནི་རྡོ་རྗེ་གཟི་བརྗོད་ཀྱི་ཕྱག
་རྒྱ་བསྟན་པས་སོ།། སྦྱིན་དང་ཞེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་བསྒྲེང་བས་སོ།། རྒོད་པ་ནི་རྡོ་རྗེ་བཞད་མོའི་ཕྱག་རྒྱའི་སྦྱོར་བས་སོ།། དེ་ལྟར་ལན་གྱི་གར་གྱི་མཆོད་པའི་ཕྱག་རྒྱ་བཞི་བྱས་ནས། ཕྱག་རྒྱ་ཇི་ལྟར་དཀྲོལ
་བབ་དེ་བཞིན་དུ་ཐལ་མོ་བརྡབ་པ་ཡང་བཅིང་བར་བྱའོ།། དེ་ནས་གཞན་ཡང་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིརརོ། དེ་བཞིན་གར་ཡང་དཀྲོལ་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གར་ཡང་ཞེས
་བྱ་བ་ནི་སྔར་བཤད་པའི་ཆོ་གར་བྱ་བ་བསྟན་ལ། ཁྲོ་བོའི་མཛུབ་མོ་གཉིས་སྙིང་གར་ཕན་ཚུན་རྩེ་སྤྲད་ནས། པདྨའི་འདབ་མོའི་ཚུལ་དུ་བྱས་ལ། སྙིང་གར་བཞག་པ་ནི་སྙིང་གར་ཁ་འབུས་པ་སྦྱར་བ་ཡིན་ནོ།། དེ་བཞིན་དུ་འདུག་ལ
་ཕྱག་རྒྱ་གཡོན་ལོགསུ་ཅུང་ཟད་བཏུད་ནས། མགོ་ཡང་བཏུད་པས་བཏུད་པར་བྱ་ཞིང་ཕྱག་བྱའོ།། ཇི་ལྟར་བྱ་ཞེ་ན། བསམ་པ་གཡོས་པས་ཞེས་བྱ་བ་གསུངས་ཏེ། དད་པའི་ཤུགས་ཀྱི་བསྐྱེད་པའི་རབ་ཏུ་གཡོ་བ་དང་ལྡན་པས
་བཏུད་ཅིང་ཕྱག་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། འདི་ནི་རྡོ་རྗེ་ཆོས་ཀྱི་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱའོ།། དེ་བཞིན་གར་བྱེད་ཅེས་བྱ་བ་ནི་གར་གྱི་ཆོ་ག་དེ་བཞིན་དུ་བསྟན་ལ། ཕྱག་རྒྱ་ཡང་དེ་བཞིན་དུ་བཅིང་བ་སྟེ། ལག་པ
་གཉིས་ཀ་རོལ་གྲི་འདེབས་པའི་ཚུལ་དུ་བྱའོ།། རྡོ་རྗེའི་རལ་གྲིས་བགེགས་ནི་གཅོད་ལྟར་བྱ་ཞེས་བྱ་བ་ལ། བགེགས་ཞེས་བྱ་བ་ནི་མི་དགེ་བའི་གྲོགས་པོ་ལ་བྱ་སྟེ། གང་དགེ་བ་བཅུའི་ལས་ཀྱི་ལམ་དང་། བྱང་ཆུབ་ཀྱི་ལམ་ལ
་ཉམས་པར་བྱེད་པའོ།། དེ་དག་ནི་སངས་རྒྱས་ཀྱི་གཟུགས་སུ་གནས་པ་ཞིག་ཡིན་ནུ་ཡང་བརླག་པར་བྱའོ།། གཅོད་ཅེས་བྱ་བ་ནི་གཞིག་པ་སྟེ། སྟོང་པ་ཉིད་ཀྱི་རལ་གྲིས་གཅོད་ཅིང་རྣམ་པར་གཞིག་པར་བྱའོ་ཞེས་བྱ་བའི་དོན
་ཏོ།། འདི་ནི་རྡོ་རྗེ་རྣོན་པོའི་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱའོ།། དེ་བཞིན་དུ་གར་གྱི་ཆོ་ག་སྦྱར་ལ། མདུན་དུ་ཕྱག་རྒྱ་འགལ་མེའི་འཁོར་ལྷོ་ལྟ་བུར་བསྐོར་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་རྒྱུའི་ཉེ་བའི་གར་གྱི་མཆོད་པའི་ཕྱག
་རྒྱའོ།། གར་གྱི་ཆོ་ག་དེ་བཞིན་དུ་བསྟན་ལ། ཕྱག་རྒྱ་ཁ་ནས་གྱེན་དུ་འདྲེན་པ་ལྟར་བྱེད་པ་དེ་ནི་རྡོ་རྗེ་ཚིག་ཏུ་གླུ་ལེན་ལྟར་ཞེས་བྱའོ།། རྡོ་རྗེ་ཚིག་དེས་ཅི་ཞིག་བྱ་ཞེ་ན། ལག་ན་རྡོ་རྗེ་མཆོད་པར་བྱ་ཞེས་བྱ་བ་གསུངས་ཏེ། འདི་ནི་རྡོ་རྗེ
་སྨྲ་བའི་གར་གྱི་མཆོད་པའི་ཕྱག་རྒྱའོ།། མཆོད་པའི་ཆོ་ག་འདི་ཡིས་ནི། ཐམས་ཅད་རྟག་པ་ཉིད་དུ་འགྱུར་ཞེས་བྱ་བ་ནི་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་རྟག་པར་འགྱུར་བ་སྟེ། ཡུན་དུ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།།
་དེ་ལྟར་ཇི་སྐད་དུ་བཤད་པའི་ཆོ་གས་ཆོས་ཀྱི་དཀྱིལ་འཁོར་དུ་ཉེ་བའི་གར་གྱི་མཆོད་པའི་ཕྱག་རྒྱ་བསྟན་ནས། ད་ནི་ཡེ་ཤེས་ཀྱི་གར་གྱི་མཆོད་པའི་ཕྱག་རྒྱ་བསྟན་པར་བྱ་བའི་ཕྱིར། རྡོ་རྗེ་ཁྲོ་བོ་མཛུབ་ཡང
་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས་ཡང་དག་པར་བཀུན་ནས། རྩེ་མོ་སྦྱར་བ་བྱས་ལ་མདུན་དུ་བསྒྱུར་ཏེ། གཙུག་ཏོར་གནས་སུ་དེ་བཞིན་དུ་བཀན་ནས་བཞག་པར་བྱའོ།། རྡོ་རྗེ་ལས་ནི་བཅོམ
་ལྡན་འདས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་པར་བསྟན་ནས། དེའི་སྦྱོར་བའི་ཚུལ་གྱིས་ཞེས་བྱ་བ་འདི་ཉིད་དེའི་ཚུལ་ཡིན་ཏེ། གང་ཡིན་ཞེ་ན། རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས། སྔ་མ་བཞིན་དུ་རྩེ་སྤང་ནས། གཡོན
་དུ་ཇེ་དམའ་ཇེ་དམའ་ཕབ་ལ་གཡོན་ཕྱོགསུ་བསྐོར་ཞིང་ཐུར་དུ་དབབ་པར་བྱའོ།། དེ་ནས་གཡས་ཕྱོགསུ་གཟུར་བར་བྱ་བ་འདི་ནི་དཀྱིལ་འཁོར་བསྐོར་བའོ།། དེ་ལྟར་བསྐོར་ནས་ཅི་ཞིག་བྱ་ཞེ་ན། གར་གྱི་ཆོ་གས་བསྟན་པར་བྱ།།
་སྙིང་གར་རབ་ཏུ་བཞག་པར་བྱ་ཞེས་བྱ་བ་གསུངས་ཏེ། དང་པོར་ཁྲོ་བོའི་མཛུབ་མོ་གཉིས་ཀྱིས་གར་གྱི་ཆོ་ག་བསྟན་ལ། སྔ་མ་བཞིན་དུ་ཁྲོ་བོའི་ཁུ་ཚུར་གཉིས་བཀན་ནས་རྩེ་མོ་སྤྲད་ལ་སྙིང་གར་བཞག་པ་འདི་ནི་བཅོམ་ལྡན
་འདས་རྡོ་རྗེ་ལས་ཀྱི་ཡེ་ཤེས་ཀྱི་གར་གྱི་མཆོད་པའི་ཕྱག་རྒྱའོ།། ཡང་གར་གྱི་ཆོ་ག་སྔ་མ་བཞིན་དུ་བྱས་ལ་རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས་ཀྱིས་རྡོ་རྗེ་བསྲུང་བའི་ཕྱག་རྒྱ་བཅིང་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་བསྲུང་བའི་ཡེ་ཤེས
་ཀྱི་གར་གྱི་མཆོད་པའི་ཕྱག་རྒྱའོ།། དེ་བཞིན་དུ་གར་གྱི་ཆོ་ག་བྱས་ལ་ཁྲོ་བོའི་མཛུབ་མོ་གཉིས་རྡོ་རྗེ་མཆེ་བའི་ཚུལ་དུ་བྱ་བ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་གྱི་ཡེ་ཤེས་ཀྱི་གུར་གྱི་མཆོད་པའི་ཕྱག་རྒྱའོ།། དེ་བཞིན་དུ་མཆོད
་པའི་ཆོ་ག་བསྟན་ལ། རྡོ་རྗེ་ཁུ་ཚུར་གྱིས་ཁྲོ་བོའི་མཛུབ་མོ་གཉིས་ཕན་ཚུན་གཅིག་གིས་གཅིག་བཙིར་བུ་འདི་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་གྱི་ཡེ་ཤེས་གྱི་གར་གྱི་མཆོད་པའི་ཕྱག་རྒྱའོ།། མཆོད་པའི་ཆོ་ག་འདི་ཡིས
་ནི་ཞེས་བྱ་བ་ནི་ཕྱག་རྒྱ་བཞིའི་སྦྱོར་བའི་མཚན་ཉིད་ཀྱིས་སོ།། ལས་རྣམས་ཀུན་ཀྱང་ནུས་པར་འགྱུར་ཞེས་བྱ་བ་ནི་རིགས་འདིར་ལས་གང་ཅུང་ཟད་བསྟན་པ་དེ་དག་ནུས་པར་འགྱུར་རོ་ཞེས་བྱ་བོའི་དོན་ཏོ།། མཆོད་པ་རྣམ་བཞི་བྱས
་ནས་ནི་ཞེས་བྱ་བ་ནཱི་གར་དང་ལན་གྱི་གར་དང་ཉེ་བའི་གར་དང་ཡེ་ཤེས་ཀྱི་གར་གྱི་མཚན་ཉིད་དོ།། ཕྱག་རྒྱ་ཆོ་ག་བཞིན་དུ་དགྲོལ་ཞེས་བྱ་བ་ནི་ཕྱག་རྒྱ་གང་དང་གང་ལས་བྱུང་བ་རྣམས་རིགས་ཀྱི་ཕྱག་རྒྱ་རྣམས་དང་ཕྱག་རྒྱ
་དགྲོལ་བའི་སྤྱིའི་སྙིང་པོ་དག་གིས་དེར་དེ་བཞིན་དུ་དགྲོལ་བར་བྱ་སྟེ། འདི་ནི་ཆོ་ག་ཇི་བཞིན་ནོ།། དེ་ལྟར་གར་ལ་སོགས་པའི་མཆོད་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་བསྟན་ནས། ད་ནི་ཁྲོ་བོའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསྟན་པར་བྱ
་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྲོ་བོ་རྣམས་ཀྱིས་གསང་བ་ཡིན་པས་ན་ཁྲོ་བོའི་གསང་བ་སྟེ། དེའི་ཕྱག་རྒྱ་ཡིན་ཞིང་དེའི་ཡེ་ཤེས་ཡིན་པས་ན་ཁྲོ་བོའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་སོ།། དེ་བསླབ་པོ
་ཞེས་བྱ་བ་ནི་དེ་རྣམས་ཀྱི་སྦྱོར་བ་ཉེ་བར་བསྟན་པར་བྱ་བའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཉེ་བར་བསྟན་པར་བྱ་ཞེ་ན། རྡོ་རྗེ་གཟུང་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གཟུང་བའི་ལག་གཉིས་ཀྱིས་ཞེས
་བྱ་བ་ནི་རྡོ་རྗེ་བསྡམས་པས་རྡོ་རྗེ་གཟུང་ལ། སྙིང་གའི་ཕྱོགས་སུ་བཞག་སྟེ་སོར་མོ་ཐམས་ཅད་གཏོགས་པ་བྱས་ལ་རྡོ་རྗེ་བཅིང་བས་གང་གི་མིང་ནས་སྨོས་པ་བྱས་པ་དེ་ལ་ཇི་སྐད་བཤད་པ་བཞིན་དུ་འགྱུར་རོ་ཞེས་བྱ་བའི
་དོན་ཏོ།། མ་མཆུ་ཞེས་བྱ་བ་ལ་སོགས་པ་ལ་ཕྱག་རྒྱ་གང་གི་ལྷ་གང་ཡིན་པ་དེ་ལ་རང་གི་ལྷའི་རྣལ་འབྱོར་བྱས་ལ། མཆོད་པ་ལ་སོགས་པའི་ཆོ་ག་བྱས་ཏེ་སྙིང་པོ་བརྒྱད་སྟོང་དང་པོར་བཟླས་ནས་གང་གི་དོན་དུ་ལས་བྱས
་པ་དེའི་མགོ་རང་གི་མཆུར་བསམས་ལ། མུ་མཆུ་སོ་ཡིས་གཟུང་ནས་གང་གི་མིང་སྨོསྲ་པ་གཟིར་བ་དེ་ལ་ཇི་སྐད་དུ་བཤད་པ་བཞིན་དུ་འགྱུར་རོ།། དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་ལ་སོགས་པ་བྱས་ཏེ་ཁྲོ་བོའི་ལྟ་བ་ནི། ཁྲོ
་གཉེར་གཉེར་མ་རབ་བསྡུས་པ། ཁྲོ་བོའི་མིག་ནི་བཙུམ་པའོ།། ཞེས་སྔར་བཤད་པའི་རྡོ་རྗེ་ཁྲོ་བོའི་ལྟ་བ་ཆེན་པོའི་རང་གི་མིག་འཛུམ་པར་བྱེད་པའི་ལྟ་བ་དེས་བསྒྲུབ་པར་བྱ་བ་གང་གི་མིང་བརྗོད་པ་དེ་ལ་ཇི་སྐད་བཤད
་པ་བཞིན་དུ་འགྱུར་རོ།། དེ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་ལ་སོགས་པ་བྱས་ལ་རྡོ་རྗེ་ཁྲོ་བོ་མཉམ་པར་བཞག་པ་དེས་སྙིང་གར་བཙིར་རོ།། བདག་ཅེས་བྱ་བ་ལ་གང་གི་ཞེ་ན། རང་གི་སྟེ་གང་གི་མིང་ཞེས་པ་དང་སྦྱར་རོ།།
་གང་གིས་ཤེ་ན། རྡོ་རྗེ་བཅིངས་པ་སྟེ། འདིར་རྡོ་རྗེ་བཅིང་བ་ནི་ལག་པ་གཉིས་རྡོ་རྗེ་ཁུ་ཚུར་དང་བཅས་པའི་ཁྲོ་བོའི་མཛུབ་མོ་གཉིས་ཏེ། གཡས་ཀྱི་རྡོ་རྗེ་ཁུ་ཚུར་མཆན་ཁུང་གཡོན་པར་གཞུག་ཅིང་། གཡོན
་གྱི་རྡོ་རྗེ་ཁུ་ཚུར་མཚན་ཁུང་གཡས་པར་བཅུག་ལ་དེར་བསྒྲུབ་པར་བྱ་བའི་སྙིང་དུ་ཆུད་པར་བྱས་ཏེ། རྡོ་རྗེ་བཅིང་བ་དེ་དམ་དུ་བཙིར་ན་བསྒྲུབ་པར་བྱ་བའི་སྙིང་འགས་པར་འགྱུར་རོ།། དེ་ལྟར་ཁྲོ་བོའི་གསང་བའི
་ཕྱག་རྒྱའི་ཡེ་ཤེས་བསྟན་ནས། ད་ནི་རྡོ་རྗེ་རིགས་ཀྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་ཆེན་པོའི་རིགས་ནི་འཇིག་རྟེན་གསུམ
་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་རོ།། དེའི་གསང་བའི་གཟུངས་ཀྱི་དཀྱིལ་འཁོར་འདི་ཡིན་ལ། དེའི་ཕྱག་རྒྱ་ཡིན་པས་ན་རྡོ་རྗེ་ཆེན་པོའི་རིགས་ཀྱི་གསང་བའི་ཕྱག་རྒྱ་སྟེ་དེའི་ཡེ་ཤེས་བསླབ་པོ་ཞེས་བྱ་ནི་དེའི
་མཚན་ཉིད་བསྟན་ཏོ།། ཞེས་བྱ་བའི་དོན་ཏོ།། དེ་ལ་དང་པོ་རེ་ཞིག་ཕྱག་རྒྱ་ཆེན་པོ་བཅིང་བ་བཤད་དེ་ཞེས་བྱ་བ་ནི་གསང་བའི་གསང་བ་ལས་བལྟོས་པའི་དམ་ཚིག་གི་ཕྱག་རྒྱ་ཉིད་ཕྱག་རྒྱ་ཆེན་པོ་ཡིན་པར་བཤད་དོ།། མཐེའུ
་ཆུང་ལྕགས་ཀྱིར་བཅིངས་ནས་ནི། རྣམ་པར་སྣང་མཛད་ཀྱི་གནས་སུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བསྟན་པའོ།། འདིའི་ལས་བསྟན་པ་ནི་རྡོ་རྗེ་ཁྲོ་བོར་བཞག་པར་བྱ་བ་ཡིན་ཏེ། རྩ་བའི་དཀྱིལ་འཁོར
་དུ་ཕྲག་རྒྱ་དེས་ཐམས་ཅད་དགོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གཡོན་པ་རྩེ་གསུམ་རྒྱབ་ཏུ་ནི།། འཇིག་རྟེན་གསུམ་ལས་རྒྱལ་ཞེས་བཤད། ཅེས་བྱ་བ་ནི་འཇིག་རྟེན་གསུམ་ལྔས་རྣམ་པར་རྒྱལ་བའི་ཕྱག་རྒྱ
་བཅིངས་ལ། གཡོན་པའི་མཛུབ་མོ་དང་གུང་མོ་དང་སྲིན་ལག་རྩེ་གསུམ་པའི་ཚུལ་དུ་བརྐྱང་སྟེ། གཡས་པའི་མཛུབ་མོའི་རྩེ་མོ་རྩེ་གསུམ་པའི་སྟེང་དུ་སྦྱར་བ་འདི་ནི། གཡོན་པ་རྩ་གསུམ་རྒྱབ་ཏུ་ནི།། འཇིག་རྟེན་གསུམ་ལས་རྣམ
་པར་རྒྱལ་ཞེས་བཤད་ཅེས་གསུངས་པ་ཡིན་ཏེ། འདིར་གཡས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཛུབ་མོ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའི་སྒྲར་གསུངས་པ་ཡིན་ནོ།། འདི་ནི་རྡོ་རྗེ
་ཧཱུཾ་མཛད་ཀྱི་གནས་ཀྱི་ཕྱག་རྒྱ་ཡིན་ནོ།། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ལ་གཡས་པའི་མཛུབ་མོ་བསྒྲེང་སྟེ་བཞག་ལ། ཡོན་པའི་མཛུབ་མོ་ཐད་ཀར་བརྐྱང་བ་འདི་ནི་རིན་ཆེན་ཧཱུཾ་མཛད
་ཀྱི་གནས་ཀྱི་ཕྱག་རྒྱའོ།། དེ་བཞིན་བཀན་པ་པདྨ་ཡི་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཀན་ལ་གཅིག་ལ་གཅིག་མངོན་དུ་ཕྱོགས་པར་བྱས་ཏེ། མཐེའུ་དྲང་དང་མཛུབ་མོ་གཅིག་ལ་གཅིག་ལྕགས་ཀྱུའི་ཚུལ་དུ
་སྦྲེལ་ནས་ལོག་པོ་གཉིས་ཀའི་གུང་མོ་དང་སྲིན་ལག་བསྒྲེང་ལ་གཤིབས་ཏེ་བཞག་པ་འདི་ནི་བཀན་པའི་པདྨའི་སྟེ་རྡོ་རྗེ་སྡེའི་གནས་ཀྱི་ཕྱག་རྒྱའོ།། བསྒྱུར་ནས་ནི་ཞེས་བྱ་བ་ནི་མཛུབ་མོའི་ལྕགས་ཀྱུ་བཏང
་ལ། ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཚུལ་དུ་བསྒྱུར་ཏེ། མཛུབ་མོ་གཡས་པའི་རྩེ་མོ་གཡོན་པའི་མཛུབ་མོའི་སྟེང་དུ་བཞག་པ་འདི་ནི་གཡོན་པ་རྡོ་རྗེར་བཞག་པ་སྟེ། རྡོ་རྗེ་དབབ་པའི་གནས་ཀྱི་ཕྱག་རྒྱའོ།། སོར
་མོ་ནང་དུ་བསྣོལ་བའི་རྡོ་རྗེ་བཅིང་པ་དམ་དུ་བཅིངས་ལ་མཐེ་བོ་གཉིས་ཀྱིས་སྟེང་བཀབ་སྟེ་བཙིར་བ་འདི་ནི་རྡོ་རྗེ་ཁྲོ་བོའི་ཏི་རིན་ཏི་རིའི་ཕྱག་རྒྱ་སྟེ་རྡོ་རྗེ་སེམས་དཔའི་གནས་ཀྱི་ཡིན་པར་ཤེས་པར་བྱའོ།། ད་ནི་རྡོ་རྗེ་ཏི་རིན་ཏི་རིའི
་ཕྱག་རྒྱ་དེ་ཉིད་ལས་གཡས་པའི་མཛུབ་མོ་ལྕགས་ཀྱར་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི་ཕྱག་རྒྱའོ།། ཁྲོ་བོ་ཏི་རིན་ཏི་རིའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་བརྐྱང་ལ་རྩེ་མོའི་ཚུལ་དུ་བྱས་པ་ནི་མཛུབ་མོའི་ངོས་ནི་སྦྱར་བ་ཡིན
་ཞེས་བྱ་སྟེ། རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱའོ།། དེ་ནས་དེ་ཉིད་ལས་མཛུབ་མོ་གཉིས་ལེགས་སོ་ཞེས་བྱ་བ་སྦྱིན་པར་བྱེད་པ་ནི་རྡོ་རྗེ་ལེགས་པའི་གནས་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མོའི་རྩེ་མོ་གཉིས་སྤྱད་དེ
་དཔྲལ་བར་བཞག་པ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའོ།། ཁྲོ་བོ་ཏི་རིན་ཏི་རིའི་ཕྱག་རྒྱ་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་བསྟན་པ་ནི་རྡོ་རྗེ་གཟི་བརྗིད་ཀྱི་གནས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས
་གཤིབས་ཏེ་ལག་ངར་གཉིས་རྒྱལ་མཚན་གྱི་ཚུལ་དུ་བརྐྱང་བ་རྡོ་རྗེ་དཔལ་གྱི་ཕྱག་རྒྱ་ཡིན་ནོ།། རྡོ་རྗེ་དཔལ་གྱི་ཕྱག་རྒྱ་དེ་ཉིད་ཕབ་སྟེ་ཁའི་གཡས་ཕྱོགསུ་བསྐོར་བ་བཞག་པ་ནི་རྡོ་རྗེ་བཞད་མོའི་ཕྱག་རྒྱ་ཡིན་ནོ།།
་ཏི་རིན་ཏི་རིའི་ཕྱག་རྒྱ་དེ་ཉིད་ལས་མཛུབ་མོ་གཉིས་བསྙམས་ལ་པདྨ་ཁ་འབུས་པའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་ཆོས་ཀྱི་གནས་ཀྱི་ཕྱག་རྒྱའོ།། གཉི་ག་རལ་གྲི་ཆང་བར་འཛིན་ཅེས་བྱ་བ་ནཱི་ཏི་རིན
་ཏི་རིའི་ཕྱག་རྒྱས་རལ་གྲི་འཛིན་པའི་ཚུལ་དུ་བྱས་ལ། ནུ་མེ་གཡས་པའི་ཕྱོགས་སུ་བཞག་པ་འདི་ནི་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱའོ།། མཛུབ་མོ་གཉིས་འཁོར་ལོར་བཅིངས་པའོ་ཞེས་བྱ་བ་ནི་ཁྲོ་བོ་ཏི་རིན་ཏི་རིའི
་ཕྱག་རྒྱ་ཉིད་ལས་མཛུབ་མོ་གཉིས་བརྐྱང་སྟེ། དེའི་འོག་ཏུ་བཞག་ལ་འཁོར་ལོ་སྟོན་པའི་ཚུལ་དུ་བཞག་པ་ནི་རྡོ་རྗེའི་གནས་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་སྟེ་ཁའི་ཐོད་ཀ་ནས་གྱེན་དུ་དྲང་བ་ནི
་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱའོ།། མཛུབ་མོ་ཤིན་ཏུ་བརྐྱང་པ་དང་ཞེས་བྱ་བ་ནི་མཛུབ་མོ་གཉིས་པོ་དེ་ཉིད་ཕྱེ་སྟེ་བཞག་པ་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མོ་གཉིས་ལྐོག་མར་གཏུགས
་པནི་རྡོ་རྗེ་སྲུང་བའི་གནས་ཀྱི་ཕྱག་རྒྱའོ།། དེ་ཉིད་ལས་མཛུབ་མོ་གཉིས་བརྐྱང་སྟུ་ཁའི་ཕྱོགསུ་ཕུལ་ཏེ་མཆེ་བའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་ཕྱག་རྒྱའོ།། ཏི་རིན་ཏཱི་རིའི་ཕྱག་རྒྱ་ཉིད་ལྔས
་མཛུབ་མོ་གཉིས་མཐེ་བོས་རྡོ་རྗེ་ཁུ་ཚུར་གྱི་ཚུལ་དུ་བཞག་པ་ནི་ཁུ་ཚུར་དམ་དུ་བཅིངས་པ་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་ཆེན་པོ་ཡིན་པར་བཤད་ཅེས་བྱ་བ་ནི་དཀྱིལ་འཁོར་འདིར་སྐུའི
་ཕྱག་རྒྱ་མེད་པས་ན་འདི་དག་ཉིད་ལ་ཕྱག་རྒྱ་ཆེན་པོ་ཞེས་བཤད་དོ།། ད་ནི་གསང་བའི་དཀྱིལ་འཁོར་འདིར་ཕྱག་རྒྱ་ཆེན་པོའི་གང་ཡིན་པ་དེའི་དམ་ཚིག་གི་ཕྱག་རྒྱ་སྟོན་པ་ཡིན་ཏེ། དེ་བས་ན་རྡོ་རྗེ་རིགས་ཀྱི་གསང་བའི
་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། རྡོ་རྗེ་རིགས་ཀྱི་གསང་བའི་དཀྱིལ་འཁོར་དུ་དམ་ཚིག་གི་ཕྱག་རྒྱ་རྣམས་བཅིངས་པ་བཤད་དོ་ཞེས་བྱ་དེ་དག་གང་ལས་བྱུང་བ་མི་ཤེས
་པས། དེའི་ཕྱིར་གསང་བའི་ཁུ་ཚུར་ལས་བྱུང་བ། དམ་ཚིག་ཅེས་བྱ་བ་གསུངས་ཏེ། གསང་བའི་ཁུ་ཚུར་ནི་གང་དཀྱིལ་འཁོར་འདི་ཉིད་དུ་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་ཁུ་ཚུར་གསུངས་པ་འདི་ནི་འདིར་གསང་བའི་ཁུ་ཚུར
་ཏེ། དེ་ལས་དམ་ཚིག་གི་ཕྱག་རྒྱ་རྣམས་འབྱུང་བས་ན་དམ་ཚིག་གོ། མཆོག་ཏུ་རབ་ཏུ་གྲགས་ཞེས་བྱ་བ་ནི་ཡང་དག་པར་རྣམ་པར་ཕྱེ་སྟེ། བཤད་པ་ཡིན་པའི་ཕྱིར་མཆོག་ཏུ་རབ་ཏུ་གྲགས་པའོ།། དེ་རྣམས་བཅིངས་པ
་བཤད་བྱ་བ་ཞེས་བྱ་བ་ནི་དེ་དག་གི་མཚན་ཉིད་བཤད་པར་བྱའོ་ཞེས་པའོ།། རྡོ་རྗེ་བཅིངས་པ་བླ་ན་མེད་ཅེས་བྱ་བ་ནི་མཚན་ཉིད་གངྒཱ་ལས་ཕྱག་རྒྱ་དེ་རྣམས་བཅིང་བ་དེ་ནི་རྡོ་རྗེ་བཅིང་བ་བླ་ན་མེད་པ་ཡིན་ཏེ། མཚན་ཉིད་དེ
་ངག་བསྟོན་པར་བྱའོ་ཞེས་པའོ།། རྡོ་རྗེ་གསང་བའི་ཁུ་ཚུར་དེ་ཉིད་སྙིང་གར་བཞག་པར་གྱུར་ན་རྡོ་རྗེ་སེམས་དཔའི་གནས་ཀྱི་དམ་ཚིག་གི་ཕྱག་རྒྱར་འགྱུར་རོ།། དེ་གཡས་ལོགསུ་གཅུས་པ་ནི་རྡོ་རྗེ་རྒྱལ་པོའི་གནས་ཀྱི
་ཕྱག་རྒྱའོ།། གཡོན་དུ་གཅུས་ལ་མདའ་འདྲེན་པའི་ཚུལ་དུ་བྱ་བ་ནི་རྡོ་རྗེ་ཆགས་པའི་གནས་ཀྱི་ཕྱག་རྒྱའོ།། སྙིང་གའི་གནས་ནས་གྱེན་དུ་གྲངས་པ་ནི་རྡོ་རྗེ་ལེགས་པའི་གནས་ཀྱི་ཕྱག་རྒྱའོ།། ཁྲོ་གཉེར
་གྱི་གནསུ་བཟློག་ནས་བཀན་ཏེ་བཞག་པ་ནི་རྡོ་རྗེ་རིན་ཆེན་གྱི་གནས་ཀྱི་ཕྱག་རྒྱའོ།། མདུན་དུ་ཉི་མའི་དཀྱིལ་འཁོར་གྱི་ཚུལ་དུ་བསྟན་པ་ན་རྡོ་རྗེ་ཉི་མའི་གནས་ཀྱི་ཕྱག་རྒྱའོ།། དེ་བཞིན་དུ་ཁུ་ཚུར་བཅིངས་ལ་ལག་པར
་སྤྱི་བོར་བརྐྱང་བ་ནི་རྡོ་རྗེ་དཔལ་གྱི་གནས་ཀྱི་ཕྱག་རྒྱའོ།། བསྐོར་ནས་བཀན་ཏེ་ཁའི་ཐང་ཀར་བཞག་པ་ནི་རྡོ་རྗེ་བཞད་པའི་གནས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་ཆོས་ཀྱི་ཕྱག་རྒྱ་ནི་ཁའི་དབུས་སུ་དེ་ཉིད་མཉམ་པར་བཞག་པ་ནི་རབ་ཏུ
་བཞག་པ་ཞེས་བྱའོ།། དེ་ཉིད་ནུ་མ་ག་ཡས་པའི་ཐཱད་ཀར་ལག་པ་གཉིས་ཀྱིས་རལ་གྲི་འདེབས་པ་འདྲ་བར་བཞག་པ་ནི་རྡོ་རྗེ་རྣོན་པོའི་གནས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་ནུ་མ་གཡས་པ་དེ་ཉིད་ཀྱི་ཐད་ཀར་བཀན་ལ
་འཁོར་ལོ་བསྐོར་བའི་ཚུལ་དུ་བཞག་པ་ནི་རྡོ་རྗེ་རྒྱུའི་གནས་ཀྱི་ཕྱག་རྒྱའོ།། དེ་ཉིད་ཁའི་ཕྱོགས་ནས་གྱེན་དུ་དྲངས་པ་ནི་རྡོ་རྗེ་སྨྲ་བའི་གནས་ཀྱི་ཕྱག་རྒྱའོ།། ཕྱག་རྒྱ་དེ་ཉིད་སྤྱི་བོར་བཞག་པ་ལས་གཡོན་ལོག་སུ་ཕབ་སྟེ།
་བསྐོར་ཕྱོགས་སུ་ལུས་ཐམས་ཅད་ལ་བསྐོར་བ་ནི་རྡོ་རྗེ་ལས་ཀྱི་གནས་ཀྱི་ཕྱག་རྒྱའོ།། དཔུང་པ་སྙིང་ག་རྩིབས་ལོགས་རྣམས།། རྡོ་རྗེ་བསྲུང་བ་དེ་བཞིན་བྱ་ཞེས་བྱ་བ་ནི། རྡོ་རྗེ་བསྲུང་བ་བཅིང་བའི་ཚུལ་དུ་བྱའོ།
་ཞེས་བྱ་བའི་དོན་ཏོ།། དེ་ཉིད་མཆེ་བའི་ཚུལ་དུ་བཞག་པ་ནི། རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱི་ཕྱག་རྒྱའོ།། ཁུ་ཚུར་དམ་དུ་བསྡམས་པའོ་ཞེས་བྱ་བ་ན་དེ་ཉིད་དམ་དུ་བྱས་པ་ནི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་ཡིན་པར་ཤེས་པར་བྱའོ།།
་ཕྱི་རོལ་དཀྱིལ་འཁོར་ཕྱག་རྒྱ་ནི་ཞེས་བྱ་ལ། ཕྱི་རོལ་ནི་བདུག་པ་ལ་སོགས་པ་སྒོ་བར་བཅས་པ་དང་། དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པའོ།། འདི་སྐད་སྟན་ཏེ། ཕྱི་རོལ་གྱི་བདུག་པ་ལ་སོགས་པ་བརྒྱད་དང་།
་དཀྱིལ་འཁོར་དུ་སྒེག་མོ་ལ་སོགས་པ་ཕྱག་རྒྱ་བཞི་པོ་གང་ཡིན་པ་དེ་དག་ནི་རྩ་བའི་དཀྱིལ་འཁོར་ལས་གསུངས་པའི་མཚན་མའི་གོ་རིམ་བཞིན་དུ་བདུག་པ་ལ་སོགས་པའི་ཚུལ་གྱིས་བཅིང་བར་བྱའོ།། དེ་རྣམས
་གང་ལས་བྱུང་ཞེ་ན། དམ་ཚིག་རྡོ་རྗེ་བཅིངས་པ་ལ་ཞེས་བྱ་བ་གསུངས་ཏེ། དམ་ཚིག་ནི་སྒེག་མོ་ལ་སོགས་པའི་དམ་ཚིག་གི་ཕྱག་རྒྱ་རྣམས་སོ།། རྡོ་རྗེ་བཅིངས་པ་ལས་ཞེས་བྱ་བ་ནི་རྡོ་རྗེ་བཅིངས་པ་ནང་དུ་བྱས
་པ་ལས་སོ།། དེ་བཞིན་གཞན་ཞེས་བྱ་བ་འདིས་ནི་ཞར་ལ་སྒྲོག་མྱོ་ལ་སོགས་པ་དེ་དག་ཉིད་ཀྱི་ལས་ཀྱི་ཕྱག་རྒྱ་སྟོན་ཏོ།། དེ་གང་ལས་བྱུང་ཝཱ་ན། རྡོ་རྗེ་ཁུ་ཚུར་ཞུས་བྱ་བ་གསུངསོ།། དཀྱིལ་འཁོར་འདི་ཉིད་དུ་རྡོ་རྗེ
་ཁུ་ཚུར་གང་བསྟན་པ་དེ་ཉིད་དང་ཐ་མི་དད་པ་ཉིད་ལས་སྒེག་མོ་ལ་སོགས་པའི་ལས་ཀྱི་ཚུལ་དུ་བསྟན་པར་བྱའོ།། ཆོས་ཀྱི་ཕྱག་རྒྱ་ནི་ཡི་གེ་གཉིས་ཀྱི་ངོ་བོ་ཉིད་དང་། ཚིག་དྲག་བཅུ་དྲུག་སྟེ། དཀྱིལ་འཁོར
་བྲིས་པའི་དུས་སུ་ཕྱག་རྒྱ་ལ་བྲི་བར་བྱ་ཞིང་། དཀྱིལ་འཁོར་དུ་བྲིས་ནས་ཀྱང་ཕྱག་རྒྱ་བཅིངས་པའི་དུས་སུ་བརྗོད་པར་བྱའོ།། སློབ་དཔོན་གྱིས་རང་གི་ལྷའི་རྣལ་འབྱོར་གྱི་དུས་སུ་སྙིང་གར་དགོད་པར་བྱའོ།། གསང་བའི
་དཀྱིལ་འཁོར་དུ་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་འདི་རྣམས་བསྟན་ནས། ད་ནི་དེ་ནས་ཞེས་བྱ་བ་ལ་སོགས་པས་ལས་ཀྱི་ཕྱག་རྒྱ་སྟོན་ཏོ།། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པ་སྟེ། རྡོ་རྗེ་རིགས་ཀྱི
་སང་བའི་དཀྱིལ་འཁོར་དུ་ལས་ཀྱི་ཕྱག་རྒྱ་བཤད་དོ།། མདོར་ན་ཞེས་བྱ་བ་ནི་མདོར་བསྡུ་མའོ།། རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་བཅིང་བ་ནང་དུ་བྱས་པ་འདི་ཉིད་རྡོ་རྗེ་ཁུ་ཚུར་རོ།། གཉིས་བྱས་ཏེ་ཞེས་བྱ་བ་ནི་རྣམ་པར་དབྱེ་བའོ།། གནས་གང
་ཡིན་པར་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་གནས་སུ། བསྒྱིངས་བཅས་རྡོ་རྗེ་གསོར་བ་ཡིས་ཞེས་བྱ་བ་ལ་སོགས་པའི་གནས་གང་ཡིན་པའི་གནས་དེ་རྣམས་སུ་བཞག་པར་བྱ་ཞེས་བྱ་བ་ཡང་དག་པར
་བཞག་པར་བྱའོ།། གང་གིས་བཞག་པར་བྱ་ཞེ་ན། ཁྲོ་བོའི་ལྟ་བ་ཞེས་བྱ་བ་གསུངས་ཏེ། ཁྲོ་བོའི་ལྟ་བ་དང་བཅས་པའི་སྦྱོར་བ་བྱའོ་ཞེས་བྱ་བའི་དོན་ནོ།། སེམས་ཇི་ལྟ་བུས་བྱ་ཞེ་ན། ཁྲོ་དང་ལྡན་ཞེས་བྱ་བ་གསུངས་ཏེ། ཡིད
་ཁྲོས་པས་ཞེས་བྱ་བའི་བར་དུ་གསུངས་པོ་ཡིན་ནོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་རྟོག་པའི་རྒྱལ་པོའོ།། དེ་ལ་ཁྲོ་བོ་རྣམས་ཀྱི
་གསང་བའི་ཁྲོ་བོ་གསང་བ་དེའི་ཕྱག་རྒྱའི་དཀྱིལ་འཁོར་ཡིན་ལ། དེའི་ཆོ་ག་རྒྱས་པ་ནི་རྟོག་པ་རྒྱ་ཆེ་བའོ།། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱུན་ལས་ཁྲོ་བའི་གསུང་བའི་ཕྱག་རྒྱའི་དཀྱིལ་འཁོར
་གྱི་འགྲེལ་པའོ།། །། དེ་ལྟར་ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྡོ་རྗེ་རིགས་ཀྱི་གསང་བར་གཏོགས་པའི་དགོས་པ་ཡོངསུ་རྫོགས་པར་མཛད་ནས། ད་ནི་རྡོ་རྗེ་རིགས་ཀྱི་ཏིང་ངེ་འཛིན་དང་འབྲེལ་པའི་དགོས་པ་བསྟན
་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། ཡང་ཞེས་བྱ་བ་ནི་ཁྲོ་བོ་གསང་བའི་ཕྱག་རྒྱའི་དཀྱིལ་འཁོར་ལས་བལྟོས་པ་ཡིན་ནོ།། བཅོམ
་ལྡན་འདས་ཞེས་བྱ་བ་ནི་བཱ་ཤྲད་ཟིན་ཏཱི། བཞིན་གུ་ཤུགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཡིན་པས་ན་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་རིགས་སོ།། དེའི་ཏིང་ངེ་འཛིན་ནི་རྡོ་རྗེ་ཕྲ་མོ་ལ་དམིགས་པའི་སེམས་རྩེ་གཅིག་པ་སྟེ། དེའི་ཡེ་ཤེས་སོ།། དེ་ཉིད་ནི་ཕྱག་རྒྱ་སྟེ་ཡིད་ཀྱི་ཕྱག་རྒྱའོ།། དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན
་གང་ལ་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། རིག་པ་ནི་མ་རིག་པ་གཞོམ་པའི་ཕྱིར་ཐབས་འདིའི་ལུང་དབོག་པ་སྟེ། དེའི་མཆོག་གང་ཡིན་པ་དེ་ནི་རིག་པོ་དམ་པ་སྟེ། དེ
་གསུངས་པའོ།། འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། ཇི་ལྟར་བཅོམ་ལྡན་འདས་ཀྱིས་རང་གི་རིག་པ་དམ་པ་གསུངས་པ་དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པས་ཀྱང་རང་རང་གི་རིག་དམ་པ་གསུངས་པ
་ཡིན་ནོ།། དེ་ནས་འདི་རྣམས་ཀྱི་རྗེས་ཐོག་སོ་ལ་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི་ཕྱག་རྒྱའི་དཀྱིལ་འཁོར་ལས་བལྟོས་པ་ཡིན་ནོ།། རང་གི་རིགས་བསྐྱེད་པ་ཞེས་བྱ་བ་ནི་རང་གི་རིགས་སུ་གཏོགས
་པའི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པར་མཛད་པའོ།། དེ་ལྟར་རང་གི་རིགས་སྤྲུལ་ནས་ཇི་ལྟར་རྣམ་པར་བཞག་ཅེ་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་བཀོད་དེ་ཞེས་བྱ་བ་གསུངས་པ་ཡིན་ནོ།། རྡོ་རྗེ་སེམས་དཔའ་ལ
་སོགས་པ་ལྷག་མ་རྣམས་ཀྱིས་རང་གི་སྙིང་པོ་མ་གསུངས་པས་ན། དེ་རྣམས་ཀྱི་རང་གི་སྙིང་པོ་གསུངས་པ་ཞེས་བྱ་བ་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡང་དེ་ཡི་ངོ་བོ་ཉིད་ལས་ཐ་དད་པ་མ་ཡིན་པས་ན། དེ་རྣམས
་ཀྱི་སྙིང་པོ་ལ་རང་གི་སྙིང་པོ་ཞེས་གསུངས་པ་ཡིན་ནོ།། དེ་ལྟར་བཅུ་དྲུག་པོ་རྣམས་ཀྱི་སྙིང་པོ་ནི་གསུངས་ན་རྡོ་རྗེ་སྒེག་མོ་ལ་སོའོ་པ་གསུངས་གང་ཡིན་པ་རྣམས་ཀྱི་ནི་མ་བསྟན་མོད་ཀྱིས། དེ་དག་ཀྱང་རྩ་བའི་དཀྱིལ་འཁོར་ལྟས
་གསུངས་པ་ཡིན་པར་ཤེས་པར་བྱའོ།། དེ་ལྟར་སྤྲུལ་པའི་དཀྱིལ་འཁོར་རྫོགས་པར་མཛད་ནས། ད་ནི་བྲི་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཕྲ
་མོ་ཡིན་པས་ན་རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཕྲ་མོའོ།། དེའི་དམ་ཚིག་ནི་རིགས་པ་དང་ཕྱག་རྒྱ་ལ་སོགས་པ་སྟེ། དེ་རྣམས་ཀྱི་དཀྱིལ་འཁོར་རོ།། རྡོ་རྗེ་དབྱིངས་དང་འདྲ་བས་ན་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་དང་མཐུན་པའོ།། མི་ཇི་སྐད
་ཅེས་བྱ་བ་ཡིན་ཞེ་ན། ཁྲོ་བོའི་ཡེ་ཤེས་ཤེས་ཀྱང་བཤད་ཅེས་བྱ་བ་སྟེ། ཁྲོ་བོའི་རིགས་ཀྱི་ཡེ་ཤེས་ཀྱི་དཀྱིལ་འཁོར་ནི་ཁྲོ་བོའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རོ།། ཅི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ཚུལ་ཁོ་ནས་ཐིག
་གདབ་པར་བྱ་འམ་ཞེ་ན། མ་ཡིན་ནོ།། འོ་ན་ཇི་ལྟ་བུ་ཞེ་ན། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། དཀྱིལ་འཁོར་ཐམས་ཅད་སྲིད་བུ་བྲེ་ཞེས་བྱ་བ་གསུངས་པ་ཡིན་ཏེ། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ་བ་ནི་འཇིག་རྟེན
་གསུམ་ལས་རྣམ་པར་རྒྱལ་བའི་ཚུལ་དུ་སྟེ། དཀྱིལ་འཁོར་དེའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ།། གང་དུ་ཞེ་ན། ཡེ་ཤེས་རྡོ་རྗེའི་དབུས་ཆུང་བའོ་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ
་རྩེ་ལྔ་པའི་ཚུལ་དྲང་ཅུང་ཟད་འདྲ་བར་བྱས་ལ། དེའི་ལྟ་བའི་དབུས་སུ་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ།། སངས་རྒྱས་ཀྱི་ནི་ཕྱོགས་ཀུན་ཏུ་ཞེས་བྱ་བ་ནི་ཕྱོགས་བཞིར་རོ།། ཕྱག་རྒྱའི་དེ་ཉིད་ཅེས་བྱ་བ་ནི་རྡོ་རྗེ་སེམས་དཔའ
་ལ་སོགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཇི་ལྟ་བུ་བཞིན་དུའོ།། འཇིག་རྟེན་གསུམ་ལས་རྣམ་རྒྱལ་སོགས། རིམ་པ་བཞིན་དུ་དགོད་པར་བྱ་ཞེས་བྱ་བ་ནི་རང་གི་ཕྱག་རྒྱ་དང་། སྙིང་པོ་དང་། སྐྱིལ་མོ་ཀྲུང་དུ་བཞུགས
་པ། ཕྱག་གཉིས་རྡོ་རྗེ་གདམས་པ་ནང་དུ་བཅིངས་པ་བྲི་བར་བྱའོ།། རྡོ་རྗེ་ཁྲོ་བོ་ཆོ་ག་བཞིན་དུ་ཞེས་བྱ་བ་ནི་འདིར་ཡང་ཆོ་ག་ནི་བཤད་མ་ཐག་པ་ཉིད་དོ།། དེ་ནས་འདིར་རྡོ་རྗེ་རིགས་ཀྱི་ཡེ་ཤེས་ཕྲ
་མོའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་རྒྱས་པར་བཤད་དོ་ཞེས་བྱ་བ་ནི་གང་གཞན་དག་ཏུ་སློབ་དཔོན་གྱི་ལས་རྣམས་བཤད་པ་དེ་དག་ཉིད་འདིར་སྦྱར་བར་བྱ་སྟེ། འདི་ལྟར་རེ་ཞིག་ཐོག་མར་སློབ་དཔོན་རང་ཉིད་ཞུགས་ལ།
་བཀའ་མནོས་ཏེ། བདག་ལ་བྱིན་གྱིས་བརླབས་པ་ལ་སོགས་པོ་ཇི་ལྟ་བ་བཞིན་དུ་བྱས་པ་ལ་སོགས་པ་དེ་བཞིན་དུ་བྱ་བ་ལ་སོགས་པ་ནི་ཆོ་གའི་རིམ་པ་རྒྱས་པ་ཞེས་སྨོས་པས་ཐམས་ཅད་དང་སྦྱར་བར་བྱའོ།། དེ་ལྟས
་དང་པོ་ཉིད་དུ་རེ་ཞིག་ཅེས་བྱ་བ་ནི་དོན་གྱིས་ན་སློབ་མ་གཞུག་པའི་ཆོ་ག་ཉིད་ཡིན་ནི་ཞེས་ཤེས་པར་བྱའོ།། དེར་བཅུག་ནས་ཐོག་མ་ཁོ་ནར་རྡོ་རྗེ་ཁྲོ་བོའི་རིག་པའི་བརྟུལ་ཞུགས་བསྒོ་བར་བྱའོ།། དེ་གང་ཡིན་ཞེ་ན། དེ
་བསྟན་པར་བྱ་བའི་ཕྱིར་དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ཉིད་དུ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དེ་ཡིན་ལ། རྡོ་རྗེ་ཁྲོ་བོའི་སྤྲུལ་པས་གནས་པ་ཡང
་ཡིན་པས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོའོ།། དེ་དག་གི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོ་ཉིད་དེ། དེར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་དེང་དབང་བསྐུར་གྱིས
་ཞེས་བྱ་བ་ནི་ཕྱིས་དབང་བསྐུར་བར་འགྱུར་བ་སྟེ། དབང་བསྐུར་བར་འགྱུར་གྱིས་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་དབང་བསྐུར་བར་འགྱུར་བ་དེའི་ཕྱིར་ལེགས་པར་ནན་ཏན་དུ་གྱིས་ཤིག་ཅེས་བྱ་བ་སྟེ། རྣལ་འབྱོར་བསྒོམ་པ་ཡང
་དག་པོར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། སེམས་ཅན་ཐམས་ཅད་ཀྱང་ཡང་དག་པར་སྦྱང་བའི་ཕྱིར་བསང་དགོས་ན། མི་རུངས་པོ་ཐམས་ཅད་ལྟ་ཞིག་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་གསུངས་སོ།། དགོས་པ་གང་གི་ཕྱིར
་དེ་ལྟར་སྟོན་པར་མཛད་ཅེ་ནོ།། འཇིག་རྟེན་གྱི་ཁམས་མ་ལུས་པ་ན་སེམས་ཅན་གྱི་ཁམས་མ་ལུས་པ་མེད་པ་ཡོངསུ་བསྒྲུབ་པའི་ཕྱིར་དང་། གཞན་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕན་པ་དང་། བདེ་བའོ
་དངོས་གྲུབ་ཐོབ་པའི་འབྲས་བུའི་ཕྱིར་དང་། མི་བགྲུངས་ཤིང་མ་རུངས་པ་དེ་རྣམས་ཡང་དག་པར་སྦྱར་བའི་ཕྱིར་རོ།། འདི་སྐད་སྟོན་ཏེ། ཇི་སྐད་དུ་བཤད་པའི་དགོས་པ་རྣམས་ཀྱི་ཕྱིར། མ་རུངས་པ་མ་ཡིན་པའི
་སེམས་ཅན་ཐམས་ཅད་ཀྱང་ལྷ་ཆེན་པོ་དང་འདྲ་བར་དུས་གཞན་དུ་འཚོ་བའི་ཚུལ་གྱིས་སྲོག་དང་འབྲེལ་དགོས་ན། མ་རུངས་པ་མི་བགྲངས་པ་ཐམས་ཅད་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་ཇི་སྐད་དུ་བཤད་པའི་སྒོ
་ནས་གདོང་གཡོགས་དགྲོལ་བར་བྱའོ།། གདོང་གཡོགས་བཀྲོལ་ནས་དཀྱིལ་འཁོར་ཐམས་ཅད་བསྟན་ཅེས་བྱ་བ་ནི་སྐེ་སྤངས་ནས་བརྩམས་ཏེ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་ཐུག་གི་བར་དུའོ།། རྡོ་རྗེ་ཇི་ལྟ
་པ་བཞིན་དུ་ལག་པ་གཉིས་བྱིན་ཏེ་ཞེས་བྱ་བ་ནི་རྡོ་རྗེ་དབང་བསྐུར་པ་བྱིན་པའོ།། དེ་ནས་རྡོ་རྗེ་ཁྲོ་བོར་གཏོགས་པའི་ཡེ་ཤེས་ཕྲ་མོ་རྣམས་སློབས་ཤིག་ཅེས་བྱ་བ་ནི་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལ
་དང་པོར་རེ་ཤིག་རྡོ་རྗེ་ཕྲ་མོ་བརྟན་བྱས་ལ་ཞེས་བྱ་བ་སྟེ། རྡོ་རྗེ་ཕྲ་མོ་བསྒོམ་པ་བརྟན་པར་བྱས་ནས་སོ།། ཇི་ལྟ་ཞེ་ན། རྡོ་རྗེ་ཧཱུཾ་མཛད་རྣལ་འབྱོར་གྱིས་ཤེས་བྱ་བ་གསུངསོ།། འདི་སྐད་སྟོན་ཏེ། རྡོ་རྗེ་ཧཱུཾ་མཛད་ཉིད་ཀྱིས་རང་གི་ལྷའི
་རྣལ་འབྱོར་དུ་བྱས་ནས་གདོད་རྡོ་རྗེ་ཕྲ་མོ་བསྒོམ་པར་བྱའོ།། དེ་ནས་མཚན་མ་ཐོབ་པ་དང་། བསྡུ་བ་དང་སྤྲོ་བ་བྱའོ།། དེ་ལྟར་རྡོ་རྗེ་ཕྲ་མོ་བརྟན་པར་བྱས་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ། སྣའི་རྩེ་མོར་རྡོ་རྗེ་ཕྲ་མ་རྣམ
་པར་བསམས་ལོ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་སྣའི་གང་དུ་འབབ་པར་བསམས་པ་དེའི་སྲོག་འཇིག་པར་འགྱུར་རོ།། རྡོ་རྗེ་ཕྲ་མོ་བརྟན་བྱས་ཏེ། ཆོ་ག་བཞིན་དུ་མཆེད་པ་ནི་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཚུལ་གྱིས་རྡོ་རྗེ
་ཕྲ་མོའི་ཆོ་ག་སྦྱར་ལ། རྡོ་རྗེ་ཕྲ་མོ་དེ་ཆོ་ག་ཇི་ལྟ་བ་བཞིན་དུ་སྤྲོ་བར་བྱ་སྟེ། ཆོ་ག་བཞིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཕྱོགས་གང་དང་གང་ན་འདུག་པ་དེ་དང་དེ་ནས་རྩ་བ་མེད་པའི་རྩ་སྐམ་པོ་རླུང་གི་ཆུས་ཁྱེར་བ་དེ་བཞིན་དུ། རྡོ་རྗེ་ཕྲ
་མོ་རླུང་གི་ལྟ་བུས་རྩ་སྐམ་པོ་ལྟ་བུའི་དགྲ་རྣམས་ཇི་སྲིད་དུ་ཁྱེར་བ་དེ་སྲིད་དུ་དེའི་འཚོ་བ་འཇིག་པར་བྱེད་དོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་གྱིས་ཤེས་བྱ་བ་ནི་སྔགས་པ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དུ་གནས་པས་སོ།། རྡོ་རྗེ་པྲ
་མོའི་ཚུལ་དུ་སྦྱར་ལ་ཞེས་བྱ་བ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་རྡོ་རྗེ་ཕྲ་མོ་བསྒོམ་པ་གོམས་པར་བྱའོ།། ཁྲོ་བོར་ལྡན་པ་ཇི་སྲིད་མཆེད།། དེ་སྙེད་སེམས་ཅན་མ་རུངས་བྱེད་ཅེས་བྱ་བ་ལ། སྣའི་རྩེ་མོ་ལ་གནས་པས་རྡོ་རྗེ་ཕྲ་མོ་དེ་མཆོད
་པར་བྱ་ཞིང་སྤྲོ་བར་བྱ་བ་ནི་གྲོང་གི་དུ་བ་མཆེད་པའི་ཚུལ་ལམ། རྨུགས་པ་མཆེད་པའི་ཚུལ་དུ་བྱས་པ་དང་། སེམས་ཅན་རྣམས་དེས་འགུལ་བ་གཅོད་ཅིང་བརྒྱལ་ལོ་འགྱེལ་ཏོ། འདུ་ཤེས་མེད་ཅིང་སེམས་མེད་པར་བསྒོམ་སྟེ། རྣམ
་པ་དེ་ལྟ་བུའི་ཚུལ་གྱིས་མཆེད་ཅིང་རྒྱས་པར་བྱའོ།། བསམ་པ་ཇི་ལྟ་བུས་ཤེ་ན། ཁྲོ་བོར་ལྡན་པ་ཞེས་བྱ་བ་སྟེ། ཁྲོས་པ་རྒྱུར་གྱུར་པས་ཁྱིམ་པ་དང་། གནས་དང་གྲོང་དང་། གྲོང་ཁྱེར་དང་ཡུལ་དང་ཕྱོགས་ལ་སོགས་པའི་རིམ
་གྱི་ཕྱོགས་བཅུའི་བར་དུ་ཇི་ཙམ་མཆེད་པར་བྱས་པ་དེ་སྙེད་ཀྱི་སེམས་ཅན་རྣམས་མ་རུངས་པར་བྱེད་དོ།། དེ་ལྟ་ཁྲོ་བ་དང་ལྡན་པའི་རྣལ་འབྱོར་པས། སེམས་ཅན་རྣམས་གདུལ་བར་བྱ་བའི་ཕྱིར་མངོན་སྤྱོད་ཀྱི་རྣལ་འབྱོར
་བསྟོན་ཏེ། དེ་ལྟ་བུའི་ཚར་བཅད་པས་དེ་རྣམས་ཀྱི་ང་རྒྱལ་བསལ་ནས། ད་ནི་སེམས་དང་ལྡན་པ་རྣམས་ལ་ཕན་གདགས་པར་བྱ་བའི་ཕྱིར། དེ་བཞིན་དེ་ནི་ཞེས་བྱ་བ་ལ་སོགས་པས་ཞི་བའི་ལས་སྟོན་ཏོ།། དེ་བཞིན་ཞེས་བྱ་བ
་ནི་རིམ་པ་ཇི་ལྟར་མཆེད་པར་བྱས་པ་དེ་ཁོ་ན་ཉིད་ཀྱི་རིམ་གྱིས་ཡང་སླར་བསྡུ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་འདི་ལྟར་ཕྱོགས་ཡོངསུ་བཏང་ནས་ཡུལ་ལོ།། ཡུལ་བཏང་ནས་གྲོང་ཁྱེར་རོ།། གྲོང་ཁྱེར་བཏང་ནས
་གྲོང་ངོ་།། གྲོང་བཏང་ནས་གནསོ།། གནས་བཏང་ནས་ཁྱིམ་མོ།། ཁྱིམ་བཏང་ནས་སྣའི་རྩེ་མོའི་བར་དུ་བསྡུས་ལ། རྣལ་འབྱོར་པས་སེམས་ཅན་དེ་རྣམས་ཀྱང་དགྲོལ་བར་བསམ་ཤིང་། ཉམ་དྲ་བ་ཆེན་པོས
་བསྒྲིབས་པ་ལས་ཐར་ཏེ་བདུད་རྩིའི་ཆུ་བླུགས་པས་དབུགས་ཕྱུང་བ་ཐོབ་ཅིང་གཉིད་ལོག་པ་ལས་སད་པ་བཞིན་དུ་འཚོ་བའི་ཁམས་རྣམ་པར་གྲོལ་ཏེ། སེམས་དང་བཅས་ཤིང་ཀུན་ཏུ་སྤྱོད་པ་དང་བཅས་པར་ཚིམ་པ་རྙེད་པ
་ལྟ་བུར་བསམ་མོ།། དེ་ལྟར་གཅིག་དང་གཉིས་དང་། དུ་མ་རྣམས་ལ་མ་ལུས་པ་ནི་ཐམས་ཅད་ལ། སླར་ཡང་མཚོ་བ་སྦྱིན་པར་བྱ་བའོ།། ཚུལ་འདི་ནི་མངོན་སྤྱོད་ཐམས་ཅད་ལ་ཡང་དེ་ལྟར་བྱ་བར་ལྟ་བར་བྱ་སྟེ། གང་ཚུལ་དེ
་ལྟ་བུས་འཚོ་བ་དང་བྲལ་བར་བྱས་པ་དེ་དང་མཐུན་པའི་གཉེན་པོའི་ཚུལ་གྱིས་སླར་ཡང་འཚོ་བ་སྦྱིན་པར་བྱའོ་ཞེས་པའོ།། སེམས་ཅན་གང་གི་དགྲ་ལ་ནི་ལྷན་ཅིག་གྱུར་པ་ཚར་བསྟན་པ་ཞེས་བྱ་བ་ལ། འདི་སྐད་སྟོན་ཏོ།
་སེམས་ཅན་གང་དང་ལྷན་ཅིག་དགྲར་གྱུར་པའོ།། ཇི་ལྟ་བུ་ཞེ་ན། ཆེར་བསྟན་པ་ཞེས་བྱ་བ་སྟེ། ཤིན་ཏུ་ཤས་ཆེ་བའོ།། བྱམས་པ་མཆེད་པའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་བྱམས་པའི་རིམ་གྱིས་ཇི་ལྟར་ཁྱིམ་དང་གནས་དྲང་གྲོང
་དང་གྲོང་ཁྱེར་ལ་སོགས་པར་ཕན་འདོགས་པའི་རྣམ་པས་རྒྱས་པར་བྱེད་པ་དེ་བཞིན་དུ་དགྲ་འཕྲོ་བར་བྱའོ།། དགྲ་ནི་སེམས་ལས་བྱུང་བའི་ཆོས་ཏེ། རབ་ཏུ་ཞེ་སྡང་བའི་མཚན་ཉིད་ཅན་ནོ།། དེ་ཇི་ལྟར་འཕྲོ་བར་བྱ་ཞེ་ན། དེའི་རྒྱུ
་མཆེད་པར་བྱས་པའི་ཕྱིར་རོ།། རྒྱུ་ནི་ཡམས་དང་། གློ་བུར་གྱི་ནང་དང་། མཚོན་དང་། ཐོག་འབབ་པ་ལ་སོགས་པ་སྲོག་ཉེ་བར་འཇིག་པར་བྱེད་པའི་མཚན་ཉིད་ཅན་ཏེ། དཔེར་ན་བདེ་བའི་ཡོ་བྱད་ཀྱི་དགོས་པ་བྱེད་པས་བྱམས་པ་སྤྲོ
་པབར་བྱེད་པ་དེ་བཞིན་དུ། དགྲ་བོ་སྤྲོ་བར་བྱས་པ་ལས་དགྲ་བོ་སྤྲོས་པས་རྣམ་པར་གཞིག་པར་བྱ་ཞིང་ཉེ་བར་བརླབ་པར་བྱའོ།། དགྲ་བོ་འཕྲོ་བའི་རྣལ་འབྱོར་གྱིས་ཞེས་བྱ་བ་ལ། དགྲ་བོ་འཕྲོ་བ་ཡིན་པས་ན་དགྲ་བོ་འཕྲོ་བ་སྟེ། དེའི་ངོ་བོ
་ཉིད་ཡིན་པས་ན་དགྲ་བོ་འཕྲོ་བ་ཉིད་དེ། དེའི་རྣལ་འབྱོར་གྱིས་སོ།། གང་སུ་ཡང་རུང་བའི་སྙིང་རྗེ་ཅན་ཞེས་བྱ་བ་ནི་རྣལ་འབྱོར་པ་གང་སུ་ཡང་རུང་བ་སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས་པ་དང་། དགྲ་བོ་འཕྲོ་བའི་རྣལ་འབྱོར་ངེས
་གདུག་ཅིང་གཏུམ་པ་རྣམས་རྣམ་པར་འཇིག་པར་བྱེད་དོ།། དགྲ་ལ་ཇི་ལྟར་སྙིང་རྗེ་སྐྱེ་བར་འགྱུར་ཞེ་ན། གང་གི་ཕྱིར་སེམས་ཅན་སྡུག་བསྔལ་བ་འམ། སྡུག་བསྔལ་གྱི་རྒྱུར་གྱུར་པ་ལ་འཇུག་པ་རྣམས་ལ་སྙིང་རྗེ་ཅན་རྣམས་སྙིང་རྗེ
་སྐྱེ་བ་ཡིན་ལ། གང་ཡང་གདུག་ཅིང་གཏུམ་པ་དེ་རྣམས་ནི་སྡུག་བསྔལ་གྱི་རྒྱུ་ལ་འཇུག་པ་ཡིན་ཏེ། དེ་བས་ན་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་རྣམས་ལ་མངོན་དུ་ཕྱོགས་ཤིང་། སེམས་ཅན་གང་གིས་སྲོག
་གཅོད་པ་ལ་སོགས་པས་བྱས་པས་ཡུན་རིང་པོར་ངན་སོང་གི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་རོ་སྙམ་ནས། ངན་སོང་གི་སྡུག་བསྔལ་དང་དཔྲལ་བར་བྱ་བའི་ཕྱིར་དགྲ་བོ་འཕྲོ་བར་བྱེད་པས་རླག་པར་བྱེད་དོ།། དེ་ལྟར་ན་སྡུག་བསྔལ་དང
་དཔྲལ་བར་བྱེད་པའི་རྣམ་པ་ནི་སྙིང་རྗེ་ཞེས་བཤད་དོ།། ཆོས་སམ་ཡང་ན་ཆོས་མིན་པ།། རང་བཞིན་གྱིས་ནི་འོད་གསལ་བ་ཞེས་བྱ་ལ། ཆོས་རྣམས་དང་ཆོས་མ་ཡིན་པ་རྣམས་ཀྱང་རང་བཞིན་གྱིས་འོད་གསལ
་བ་སྟེ། རང་བཞིན་གྱིས་དོན་དམ་པ་སྟོང་པ་ཉིད་ཡིན་ནོ།། དེ་ལ་ཐམས་ཅད་ཀྱང་རང་བཞིན་མེད་པ་ཉིད་དུ་བསྒོམ་པ་ནི་འོད་གསལ་བ་ཉིད་དེ། རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་དོ།། དེ་ལྟར་ཇི་སྐད་དུ་བཤད་པའི་རིམ་གྱིས་ཆོས
་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པར་བསྒོམས་ལ། དེ་ནས་སླར་ཡང་རྟོག་པ་དང་བཅས་པའི་སྤྱོད་པ་ལ་གནས་ཏེ། ཐམས་ཅད་ཧཱུཾ་ཞེས་བརྗོད་པས་རྣམ་པར་གཞིག་པར་བྱའོ།། འདི་སྐད་སྟོན་ཏེ། ཇི་ལྟར་བྱམས་པ
་དང་། སྙིང་རྗེ་བསྒོམ་པ་དང་ལྡན་པའི་རྣལ་འབྱོར་པས་ནི་སེམས་ཅན་རྣམས་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པར་ནུས་པ་དེ་བཞིན་དུ་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བར་བསྒོམ་པའི་རྣལ་འབྱོར་པས་ཀྱང་སེམས
་ཅན་རྣམས་ལ་ཕན་འདོགས་པ་དང་། གནོད་པ་བྱེད་པར་ནུས་པར་འགྱུར་རོ་ཞེས་འདིས་དེ་ལྟར་སྟོན་པ་ཡིན་ནོ།། གདུལ་བར་དཀའ་བའི་སེམས་ཅན་གང་ཞེས་བྱ་བ་ནི་བསམ་པ་དང་སྦྱོར་བ་གཏུག་པ་རྣམས་སོ།། སངས
་རྒྱས་བྱང་ཆུབ་སྣོད་མིན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་བསྟན་པ་ལ་ལུང་དང་རྟོགས་པ་དག་གིས་སྣོད་མ་ཡིན་ནོ།། དེ་རྣམས་ཡང་དག་སྦྱང་བའི་ཕྱིར་ཞེས་བྱ་བ་ནི་དེ་རྣམས་ཚར་བཅད་པའི་ཕྱིར་བསམ་པ་དང
་སྦྱོར་བའི་རྒུད་པ་ལས་བཟློག་པར་བྱ་ཞིང་། ང་རྒྱལ་ཅན་ཚར་བཅད་པའི་ཕྱིར་རོ།། ཧཱུཾ་ཞེས་བྱ་བས་གཞིག་པར་བྱ་ཞེས་བྱ་ནི་བརྒྱལ་དུ་གཞུག་པ་ནི་གཞིག་པའོ།། རྡོ་རྗེ་དབྱིངས་ནི་བྲིས་ནས་ཀྱང་ཞེས་བྱ་བ་ན་མཁའི་ཕྱོགསུ་བསྒོམ་པ
་སྟེ། ལྷག་མ་རྣམས་ནི་གོ་སླའོ།། དེ་བཞིན་ཕྲ་བའི་ཆོ་ག་ཡིས་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོ་བསྒོམ་པ་ལ་གོམས་པས་ཞེས་བྱ་བའི་དོན་ཏོ།། སྙིང་པོ་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའ་སྟེ། ནམ་མཁའ་ལ་སོགས་པར་བསྒོམ་པར་བྱའོ།། ལྷག
་མ་རྣམས་ནི་གོ་སླའོ།། རྡོ་རྗེ་ཕྲ་མོར་རབ་སྦྱོར་བས་ཞེས་བྱ་བ་ལ་སོགས་པས། རྡོ་རྗེ་ཕྲ་མོ་རབ་ཏུ་སྦྱོར་བ་རྒྱུར་གྱུར་པས་དང་པོ་རྡོ་རྗེ་ཕྲ་མོའི་བསྒོམ་པ་གོམས་པར་བྱས་ལ། བདག་ཉིད་ཟླ་བའི་གཟུགས་ལྟ་བུར་བསྒོམས་ནི་གང་དུ་བདག
་ཉིད་ལྟུང་བར་བསམས་པ་དེར་རི་ལ་སོགས་པ་ཡང་ལྟུང་བར་འགྱུར་རོ།། ཟླ་བའི་གཟུགས་ཀྱིས་ལྟུང་བ་ཉི་ཚེར་མ་ཟད་ཀྱི། ཟླ་བ་དེར་རྡོ་རྗེར་བདག་ཉིད་བསྒོམ་མོ།། བསྒོམས་ནས་ཁྲོས་ཏེ་གང་དུ་ལྟུང་བ་དེའི་རིགས་མོད་ལ་ལྟུང
་བཔར་འགྱུ་རོ།། དངོས་པོ་གང་ལ་ལྟུང་བ་དེ་ཁྱབ་པར་བྱས་ཏེ། ཕྱི་མར་བརླག་ནས་ངེས་པར་ལྟུང་བ་ཉིད་དུ་བསྒོམ་པར་བྱའོ།། ལྕུག་མ་རྣམས་ནི་གོ་སླའོ།། ང་ནི་རྡོ་རྗེ་ཁྲོ་བོར་སྙོམས་ཞུགས་ལ་ཞེས་པ་ལ་སོགས་པས་རྡོ་རྗེ
་རིགས་ཀྱི་ཆོས་ཀྱི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པ་བཤད་དེ། རྡོ་རྗེ་ཁྲོ་བོར་སྙོམས་ཞུགས་ལ་ཞེས་བྱ་བ་རྡོ་རྗེ་ཁྲོ་བོའི་སྙོམས་པར་འཇུག་པ་ལ་གནས་ཏེ། སེམས་ཅན་དེ་རང་གི་ལུས་ལ་བཅུག་ནས། བདག་ཉིད
་ཡོངསུ་བསྐོར་བ་ཞེས་པ་རང་གི་ལུས་བསྒྲལ་བར་བྱའོ།། གང་གི་མིང་ཞེས་བྱ་བ་ནི་གང་གི་མིང་སྨོས་ནས་རང་གི་ལུས་བསྐུལ་ཞིང་ཧཱུཾ་ཞེས་བྱ་བ་སྦྱར་ལ། ཧཱུཾ་ཞེས་བརྗོད་ན་དེ་འཆི་བར་འགྱུར་རོ།། རྡོ་རྗེ་ཕྲ་མོར་སྙོམས
་ཞུགས་ལ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏེ། རྡོ་རྗེ་ཕྲ་མོའི་ཆོ་ག་གོམས་པར་བྱའོ།། སྣ་ནས་ཕྲ་བ་ཞེས་བྱ་བ་ལ། སྣ་ནི་སྣའི་རྩེ་མོར་རོ།། ཕྲ་བ་ནི་རྡོ་རྗེ་ཕྲ་མོའོ།། ཐང་ཅིག་མིན་ཞེས་བྱ་བ་ནི་ཡང་ནས་ཡང་དུའོ།། དབུགས
་བཏང་ཧཱུཾ་ཞེས་བྱ་བ་ནི་དབུགས་དང་ལྷན་ཅིག་སྦྱར་བའི་ཧཱུཾ་ཞེས་བྱ་བ་སྟེ། དེའི་ཚུལ་གྱིས་བྱ་བས་ན་དབུགས་བཏང་ཧཱུཾ་ཞེས་བྱ་ཚུལ་གྱིས་ཞེས་བྱའོ།། འདི་སྐད་སྟོན་ཏེ། སྣའི་སྦུབས་གཉིས་ནས་རླུང་ཧཱུཾ་དང་བཅས་པར་བྱུང་ནས། སྣའི
་རྩེ་མོ་ནས་རྡོ་རྗེ་ཕྲ་མོ་ཁྱེར་ཏེ། གང་དུ་སོང་ནས་ལྟུང་བ་དེར་འཇིག་རྟེན་གསུམ་ཡང་ལྟུང་བར་བྱེད་དོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དུ་གནས་ལ། རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ་ཞེས་བྱ་བ་རྡོ་རྗེ་ཕྲ་མོའི་ཆོ་ག་ཇི་སྐད་དུ་གསུངས
་པའི་ཚུལ་དུ་བསྒོམས་ནས་སོ།། ཁྲོས་ནས་ཞེས་བྱ་བ་ནི་ཁྲོ་བས་འཁྲུགས་པའོ།། རྡོ་རྗེ་ལྟ་བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བ་སྟེ་ངེས་བལྟས་པས་དེ་མ་དོངས་པ་ཉིད་དུ་འགྱུར་རོ།། ཡང་ན་འཚོ་བ་རུ་ནི་འགྱུར་ཞེས་བྱ་བ་ནི་རྣལ་འབྱོར་པའི
་སེམས་ཀྱི་དབང་གིས་སོ།། བུ་ག་ནས་ནི་ཞུགས་ནས་སུ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་གང་ཞིག་དབང་དུ་བྱེད་པར་འདོད་པ་དེའི་ལུས་ལ་བུ་ག་ནས་ཞུགས་ཏེ། ལུས་ཐམས་ཅད་ཁྱད་པར་བྱས་ནས། ཡང་སྙིང་གོའི
་པདྨར་བདག་ཉིད་བསྡུས་ལ་མིག་ལ་སོགས་པ་ནས། ཡིད་ཀྱི་བར་དུ་དབང་པོ་ཐམས་ཅད་དེར་བསྡུས་ཏེ། དེ་ནས་དེ་བླངས་ནས་ཤུན་པ་བཞིན་དུ་བདག་ཉིད་བོར་ལ། དེ་ནས་སྙིང་དེ་དང་བཅས་པར་ལམ་དེ་ཉིད་ནས་སླར་བྱུང་སྟེ།
་དེ་ནས་དེ་ཤིང་ལྟར་སེམས་མེད་པར་བསམ་མོ།། དེ་ནས་རྣལ་འབྱོར་པ་དེ་དེའི་ཐད་དུ་སོང་ལ། དེའི་མིག་སྔར་བབ་པར་བྱ་སྟེ། དང་པོ་སྙིང་པོ་བརྒྱད་སྟོང་བཟླས་ལ་སྦྱོར་བ་འདི་བྱའོ།། དེའི་མིག་སྔར་བབ་པའི་ཚེ་ཡང་སྙིང་པོ་འདི
་བཟླའོ།། དེ་ནས་དེས་དེ་མཐོང་བ་ཙམ་གྱིས་དབང་དུ་འགྱུར་རོ།། དབོང་དུ་གྱུར་ནས་ནི་ཡང་ཡིད་ཀྱིས་དེ་ལ་སྙིང་དང་དབང་པོ་ཐམས་ཅད་སླར་སྦྱིན་པར་བྱ་སྟེ་སོར་ཆུད་པར་བསམ་མོ།། དེ་ལྟ་མ་ཡིན་ནེ་ནཱི་གཤིན་རྗེའི་དབང་དུ་འགྱུར་དུ
་འོང་ངོ་།། དེ་ནས་ཤེས་བྱ་བ་ནི་འདས་མ་ཐག་པའོ།། རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱའི་ཡེ་ཤེས་ཡིན་པས་ན། ཕྱག་རྒྱའི་ཡེ་ཤེས་ཏེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའོ།། དེ་དག་གི་ཡེ་ཤེས་བསླབ་པ་ནི་ཕྱག་རྒྱ
་ཆེན་པོ་ལ་སོགས་པ་བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཞེས་བྱ་བ་ནི་ངེས་པར་གཟུང་བ་སྟེ། དེ་རྣམས་ཀྱི་ནང་ནས་རེ་ཞིག་ཕྱག་རྒྱ་ཆེན་པོ་བཤད་པར་བྱའོ།། རྡོ་རྗེའི་ཡེ་ཤེས་སྦྱོར་བ་ཡིས་ཞེས་བྱ་བ་ནི་རྡོ་རྗེ་ཕྲ་མོའི་ཡེ་ཤེས་ལ
་གོམས་པར་བྱས་ནས། འབར་པོའི་ཕྲེང་བ་འཁྲིགས་པའི་འོད།། རྡོ་རྗེ་ཁྲོ་བོར་བདག་རང་ཉིད།། བསྒོམས་ན་དེ་མ་ཐག་ཏུ་འགྲུབ་ཅེས་བྱ་བ་ཡིན་ནོ།། ཏིང་འཛིན་དམ་ཚིག་ཡེ་ཤེས་ལས་ཞེས་བྱ་བ་ལ། ཏིང་ངེ་འཛིན་གྱི་ཡེ་ཤེས་ནི་ཆོས
་ཀྱི་དཀྱིལ་འཁོར་ཏེ། དེའི་དམ་ཚིག་ནི་དམ་ཚིག་གི་ཕྱག་རྒྱའོ།། ཇི་ལྟ་བུ་འབྱུང་ཞེ་ན། ཧཱུཾ་ཞེས་བྱ་བ་གཉིས་དང་ལྡན་ཞེས་བྱ་བ་གསུངས་སོ།། འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཁམས་གསུམ་རྣམ
་པར་རྒྱལ་བའི་ཕྱག་རྒྱ་ཧཱུཾ་བཞི་དང་ལྡན་པའོ།། དེ་ལས་ཀྱང་ཐོག་མའི་ཧཱུཾ་ཞེས་བྱ་བ་གཉིས་ཀྱིས་ལག་པ་གཉི་གའི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་པ་ལས་རྡོ་རྗེའི་ཕྱག་རྒྱ་གཉིས་སུ་གྱུར་པའི་ཕྱག་རྒྱ་ཇི་ལྟ་བུ་བྱུང་བ་དེ་ནི་དམ་ཚིག་གི
་རྒྱུ་ཡིན་ནོ།། དེ་ཡང་ཇི་ལྟ་བུ་ཞེ་ན། ཧཱུཾ་ཞེས་བྱ་བ་གཅིག་གིས་གཡོན་པའི་རྡོ་རྗེ་ཁུ་ཚུར་མདུན་དུ་བཞག་ལ། རྡོ་རྗེ་ཁུ་ཚུར་གཡས་པའི་འཁྲིགས་མའི་གནས་སུ་ཧཱུཾ་གཉིས་པས་བཞག་པར་བྱ་བ་འདི་ནི་ཧཱུཾ་ཞེས་བྱ་བ་གཉིས
་དང་ལྡན་ཞེས་བྱའོ།། འདི་ཉིད་མི་དབྱེ་བར་རྣམ་པ་བཅུ་དྲུག་ཏུ་འགྱུར་བར་བསྟན་པའི་ཕྱིར། ཅི་རིགས་ནས་སུ་བཞག་ནས་ནི་ཞེས་བྱ་བ་གསུངས་སོ།། དེ་ལས་ཅིར་འགྱུར་ཞེ་ན། དངོས་གྲུབ་ཀུན་སྟེར་སྐད་ཅིག་གིས་ཞེས་བྱ་བོ་གསུངས་སོ།། །
་གང་དུ་བཞག་ན་རྣམ་པ་བཅུ་དྲུག་ཏུ་འགྱུར་བའི་གནས་དེ་གང་དག་ཡིན་ཞེ་ན། གང་དེ་བཞིན་གཤེགས་པའི་རིགས་ཀྱི་ཆོས་ཀྱི་རིགས་སུ་བཀན་ཏེ། སྐྱིལ་མོ་ཀྲུང་དུ་གནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ནས་དེ
་དེའི་རྗེས་ཐོགས་ལ་ཆོས་ཀྱི་ཕྱག་རྒྱ་ཡི་གེ་ཕྱེད་དང་གཉིས་པ་བཅུ་དྲུག་བཤད་དེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། རྡོ་རྗེ་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་དུ་ལས་ཀྱི་ཕྱག་རྒྱ་དེའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས
་བྱ་བའི་དོན་ཏོ།། ཆོས་ཀྱི་ཁུ་ཚུར་གཉིས་བྱས་ཏེ། ཞེས་བྱ་བ་ནི་ཆོས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་དམ་ཚིག་གི་ཕྱག་རྒྱ་གང་ཡིན་པ་དེ་གཉིས་སུ་བྱས་ལ། ལས་ཀྱི་ཕྱག་རྒྱའི་གནས་ཇི་ལྟ་བ་བཞིན་དུ་སྦྱར་བར
་བྱའོ།། ཇི་ལྟར་རིག་པའི་གནས་ཞེས་བྱ་བ་དེ་གང་ཡང་ཞེ་ན། བསྒྱིངས་བཅས་གསོར་བ་གཉི་ག་ཡིས།། ལྕགས་ཀྱུ་འཛིན་ལྟར་གནས་པ་དང་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་བསྟན་པ་རྣམས་སོ།། དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་གོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་ཀྱང་ཡིན་ལ། རྟོག་པ་ཆེན་པོའི་རྒྱལ
་པོ་ཡང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དམ་ཚིག་གི་རྟོག་པ་ཆེན་པོའི་རྒྱལ་པོའོ།། དེ་ལས་རྡོ་རྗེ་རིགས་ཀྱི་ཆོས་ཀྱི་ཡེ་ཤེས་ཀྱི་མཚན་མའི་དམ་ཚིག་གི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་སྟེ་ཚེ
་གའི་རྣམ་པ་རྫོགས་སོ།། ། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱུན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པའོ།། །། དེ་ལྟར་རྡོ་རྗེའི
་རིགས་སུ་གཏོགས་པའི་ཆོས་ཀྱི་དཀྱིལ་འཁོར་རྫོགས་པར་མཛད་ནས། ལས་ཀྱི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ།། བཅོམ་ལྡན
་འདས་ཞེས་བྱ་བ་ནི་ངེས་པའི་ཚིག་གི་ཚུལ་གྱིས་ན་བཅོམ་པ་དང་ལྡན་པའོ།། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་དོ།། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་རིགས་སུ་གཏོགས་པའི་རྡོ་རྗེའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ལས་ཀྱི་དམ་ཚིག་གོ།། དམ་ཚིག་ཅེས་བྱ་བའི་སྒྲ་ནི་འདིར་སྔགས་དང་ཕྱག་རྒྱ་དང
་ལྷ་ཉིད་ལ་སོགས་པ་སྟེ། དེ་གང་ལས་འབྱུང་བ་དེར་བྱིན་གྱིས་བརླབས་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའི
་རང་གི་རིགས་པ་དམ་པ་འདི་གསུངས་སོ།། ལྷག་མ་རྣམས་ནི་གོ་སླའོ།། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་རང་གི་རིགས་ཀྱི་མཆོད་པའི་ཆོ་ག་རྒྱས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གནས
་སྐབས་སོ།། ཡང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཆོས་ཀྱི་དཀྱིལ་འཁོར་ལས་བལྟོས་པའོ།། བྱང་ཆུབ་ཆེན་པོར་སེམས་དཔའ་འདི་ལ་མངའ་བས་ན་བྱང་ཆུབ་སེམས་དཔའ་ཆེན་པོའོ།། འདིའི་ཕྱག་ན་རྡོ་རྗེ
་མངའ་བས་ན་ཕྱག་ན་རྡོ་རྗེའོ།། རང་གི་རིགས་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་ལྷ་མོ་རྣམས་རང་གི་སྙིང་ག་ནས་བསྐྱེད་པ་ནི་རྣལ་འབྱོར་དུ་སྙོམས་པར་ཞུགས་པ་ལས་སྤྲུལ་པའོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་དེ་བཞིན
་གཤེགས་པ་ཐམས་ཅད་སྤྱན་དྲང་བ་དང་། དབང་དུ་བྱ་བ་དང་། མཉེས་པར་བྱ་བ་ལ་སོགས་པའི་ལས་ཐམས་ཅད་གྲུབ་པ་ནི་ལཾས་ཐམས་ཅད་གྲུབ་པའི་དགོས་པ་གང་ཡིན་པ་སྟེ། དེ་བྱེད་པ་ནི་ཉམས་སུ་ལེན་པའོ།། དེའི་ངོ་བོ་ཉིད་ཡིན
་པས་ན་དགོས་པ་བྱེད་པ་ཉིད་དོ།། དེར་ཡང་དག་པར་སྦྱོར་བ་ནི་དེའི་དགོས་པ་བྱེད་པ་ཉིད་ཀྱི་ཕྱིར་ལེགས་པར་སྦྱོར་བས་ན་ཡང་དག་པར་སྦྱོར་བ་སྟེ་དེ་ལ་སོགས་པའོ།། དེ་ལ་སོགས་པ་དེ་དག་ཀྱང་གང་ཞིག་ཡིན་ཞེ་ན། དེ་བཞིན་གཤེགས
་པ་ཐམས་ཅད་རྫུ་འཕྲུལ་དང་རྣམ་པར་འཕྲུལ་པ་བྱས་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་རྫུ་འཕྲུལ་ཡིན་པས་ན་སངས་རྒྱས་ཀྱི་རྫུ་འཕྲུལ་ཏེ། སེམས་ཀྱི་འབྱོར་པ་ན་མཁའ་ལ་འགྲོ་བ་ལ་སོགས་པའོ།།
་རྣམ་པར་འཕྲུལ་པ་ནི་ཉིད་ཀྱི་ངོ་མཚར་གྱི་ཆོས་རྣམ་པ་སྣ་ཚོགོས་སྟོན་པར་མཛད་པ་སྟེ། ཇི་ལྟར་བཅོམ་ལྡན་འདས་གྲོང་ཁྱེར་དུ་གཤེགས་པ་ན་ལོང་བ་རྣམས་ཀྱིས་མིག་ཐོབ་པ་དང་། འོན་པ་རྣམས་ཀྱིས་སྒྲ་ཐོས་པ་ལ་སོགས
་པ་ལྟ་བུའོ།། དེ་ལྟར་སྤྲུལ་པའི་དཀྱིལ་འཁོར་རྫོགས་པ་མཛད་ནས། ད་ནི་བྲི་བའི་དཀྱིལ་འཁོར་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་རིགགྶ
་ཀྱི་ལས་ཡིན་པས་ན་རྡོ་རྗེ་ལས་ཏེ། དེའི་དམ་ཚིག་གི་ཆོ་ག་རྒྱས་པའི་རྒྱུར་གྱུར་པའི་ལས་ཀྱི་དཀྱིལ་འཁོར་གསུངས་པའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པོའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གནས་སྐབས་སོ།། །
་རྣལ་འབྱོར་གྱི་རྒྱུད་ལ་ཡང་མེའི་རབ་ཏུ་བྱེད་པས་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པ་ཡིན་པའི་ཕྱིར། ཡང་དག་པར་རབ་ཏུ་ཕྱེ་སྟེ་བཤད་པར་བྱའོ།། ཅི་ཞིག་བཤད་ཅེ་ན། ལས་ཀྱི་དཀྱིལ་འཁོར་ཞེས་བྱ།
་པ་གསུངས་སོ།། དམ་པ་ཞེས་བྱ་བ་ནི་དོན་ཆེ་བའོ།། ཇི་ལྟ་བུ་ཞིག་ཅེ་ན། དེའི་ཕྱིར་རྡོ་རྗེ་དབྱིངས་དང་འདྲ་བས་ན་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་དབྱིངས་དང་མཚུངས་པའོ།། མིང་ཇི་སྐད་ཅེས་བྱ་བ་ཞིག་ཅེ་ན། ལས་ཀྱི་རྡོ་རྗེ་ཞེས་བཤད་དོ་ཞེས་བྱ
་བ་གསུངས་ཏེ། མིང་ལས་ཀྱི་རྡོ་རྗེ་ཞེས་བཏགས་པ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ཐིག་གདབ་པར་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ་ཞེས་བྱ་བ་གསུངས་ཏེ། དཀྱིལ
་འཁོར་ཆེན་པོ་ནི་འདིར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ཡིན་པར་བལྟ་བར་བྱའོ།། བྲི་བའི་གོ་རིམོ་ཇི་ལྟ་བ་བཞིན་དུ་བསྟན་པར་བྱ་བའི་ཕྱིར། དཀྱིལ་འཁོར་དབུས་ཀྱི་གནས་སུ་ནི་ཞེས་བྱ་བ་ལ་སོགས་ཏེ། དཀྱིལ
་འཁོར་དབུས་ཀྱི་གནས་སུ་ནི།། སངས་རྒྱས་སྐུ་གཟུགས་བཞག་པར་བྱ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བྲི་བར་བྱའོ་ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཀྱི་ནི་ཕྱོགས་ཀུན་ཏུ་ཞེས་བྱ་བ་ནི་བཅོམ་ལྡན་འདས
་དེའི་ཕྱོགས་བཞིར་རྡོ་རྗེ་སེམས་མ་ལ་སོགས་པ་བྲི་བར་བྱའོ་ཞེས་པའོ།། དཀྱིལ་འཁོར་བཞི་པོ་རྣམས་སུ་ཡང་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་གནས་སུའོ།། རྡོ་རྗེ་གཙོ་སོགས་ཞེས་བྱ་བ་ནི་རྡོ་རྗེ་རྣམས་ཀྱི
་གཙོ་བོ་ཡིན་པས་ན་རྡོ་རྗེ་གཙོ་བོ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དོ།། དེ་ཐོག་མར་བྱས་ནས་ལྷག་མ་རྣམས་བྲི་བར་བྱའོ།། ཇི་ལྟར་ཞེས་བྱ་བ་ནི་འཇིག་རྟེན་སྐྱོང་བ་རྣམས་རིམ་བཞིན་རང་རང་གི་མཚན་མས་མནན་པ་སྟེ།
་གཡོན་བརྐྱང་བ་མི་དགོས་པར་སྟེང་དུ་བྲི་བར་བྱའོ།། དེ་རྣམས་ཀྱི་ནི་ཕྱོགས་ཀུན་ཏུ་ཞེས་བྱ་བ་ནི་གནས་བཅུ་དྲུག་པོ་རྣམས་སུའོ།། མཆོད་པ་ཆེན་པོ་རྣམས་བཞག་གོ་ཞེས་བྱ་བ་ནི་མཆོད་པའི་ལྷ་མོ་རྣམས་སོ།། རྡོ་རྗེ
་ལས་ཀྱི་ཕྱག་རྒྱ་བཤད་དོ་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ཀྱི་རིག་པ་ལ་ཕྱག་རྒྱ་ཞེས་བྱ་བའི་སྒྲར་གསུངསོ།། དེ་ལྟར་ཕྱག་རྒྱ་རྣམས་ཀྱི་རིག་པ་བསྟན་ནས། ད་ནི་སློབ་དཔོན་གྱི་ལས་དང་སློབ་མ་གཞུག་པའི་ཆོ་ག་སྔར
་རྒྱས་པར་སྨྲས་པ་ཉིད་མདོར་བསྔོས་ནས་ཕྱོགས་ཙམ་བསྟན་པར་བྱ་བའི་ཕྱིར། ཆོ་ག་རྒྱས་པ་ཇི་ལྟ་བ་བཞིན་དུ་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ལྟར་མདོར་བསྡུ་བ་བྱས་ནས་ཅི་ཞིག་བྱ་ཞེ་ནཱ།
་རྡོ་རྗེ་རིགས་ཀྱི་ལས་ཀྱི་ཡེ་ཤེས་རྣམས་བསྐྱེད་དོ་ཞེས་བྱ་བ་གསུངས་ཏེ། རྡོ་རྗེ་རིགས་ཀྱི་ལས་ཡིན་པས་ན་རྡོ་རྗེ་རིགས་ཀྱི་ལྷས་ཏེ། དེའི་ཡེ་ཤེས་ནི་རྡོ་རྗེ་རིགས་ཀྱི་ལས་ཀྱི་ཡེ་ཤེས་ཏེ་དེ་བསླབ་པར་བྱའོ།། གོ་རིམ
་གང་གིས་ཤེ་ན། དེའི་ཕྱིར་དེ་ལ་དང་པོ་ཉིད་ཞི་བ་ལ་སོགས་པའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་གསུངས་ཏེ། འདི་ནི་ལས་ཀྱི་དཀྱིལ་འཁོར་ཡིན་པར་བསྟན་ལ། དེ་བས་ན་གང་ལ་ལ་ཞིག་ལས་འདི་བྱེད
་པར་འདོད་པ་དེས་དཀྱིལ་འཁོར་ཆེན་པོ་འམ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རམ། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ལས་དཀྱིལ་འཁོར་གང་ཡང་རུང་བ་གཅིག་བྲི་བར་བྱ་སྟེ། ཕྱག་རྒྱ་བཞི
་པབའི་དཀྱིལ་འཁོར་དང་། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དེ་ཡང་ལས་ཀྱི་དཀྱིལ་འཁོར་དེའི་ཡན་ལག་ཏུ་གྱུར་པ་ཡིན་པར་བསྟན་པར་བྱ་སྟེ། སྙིང་པོ་དང་ཕྱག་རྒྱ་འདི་དག་ཉིད་ཀྱིས་ཡོངསུ་བསྐོར་བའི་ཕྱིར་རོ།། དེ་ལྟར
་དཀྱིལ་འཁོར་བྲིས་ན་དཀྱིལ་འཁོར་གྱི་སྒོར་ཞི་བ་ལ་སོགས་པའི་ལས་དང་རྗེསུ་མཐུན་པའི་ཚོན་དཀར་པོ་ལ་སོགས་པས་མེ་ཐབ་ཟླུམ་པོ་དང་། གྲུ་བཞི་དང་། གྲུ་གསུམ་བྲི་བར་བྱ་ཞིང་ཕྱག་རྒྱ་དེ་ཡང་དེར་དགོད་པར་བྱ་སྟེ།
་ཞི་བ་ལ་ནི་པདྨའི་སྟེང་དུ་པདྨའོ།། རྒྱས་པ་ལ་ནི་འཁོར་ལོའི་སྟེང་དུ་རིན་པོ་ཆེའོ།། མངོན་སྤྱོད་ལ་ནི་རྡོ་རྗེའམ། མདུང་རྩེ་གསུམ་པའི་སྟེང་དུ་རྡོ་རྗེ་བྲི་བར་བྱའོ།། དེ་ནས་ལྷ་རྣམས་སྤྱན་དྲངས་ལ། ལས་དང་དམ་ཚིག
་གི་ཕྱག་རྒྱ་བཅིངས་ནས། ཆོས་ཀྱི་ཕྱག་རྒྱ་བརྗོད་དེ། མཆོད་པ་བྱས་ནས་བཤོས་དང་གཏོ་མའི་ལས་བྱའོ།། དེ་ནས་ལས་དང་རྗེསུ་མཐུན་པའི་སྟན་འཛུམ་པ་འམ་སྲ་བ་འམ། ཚུལ་ཇི་ལྟ་བ་བཞིན་དུ་འདུག་སྟེ། ཞི
་བའི་ལས་ལ་ནི་སྟན་འཇམ་པོ་ལ་འདུག་ནས། གཡས་ནས་བསྐོར་བས་ཀུ་ཤ་བཀྲམ་སྟེ་མེ་ཐབ་ཏུ་ཡམ་ཤིང་མངར་པོ་རྣམས་ཀྱིས་མེ་སྦར་ལ། འདོད་པའི་རྒྱལ་པོས་མེ་ལྷ་སྤྱན་དྲང་ངོ་།། སྤྱན་དྲངས་མ་ཐབ་ཀྱི
་ནང་དུ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། བྱིན་གྱིས་བརླབ་པར་བྱ་བའི་ཕོ་ཉའི་ཚོགས་རྣམས་ཀྱི་ནང་ནས་འབྱུང་བའི་ས་པ་རྣམས་ཀྱི་སྤྱིའི་ཕྱག་རྒྱ་བཅིངས་ལ། མཆོད་ཡོན་ཕུལ་ཏེ། ཕོ
་ཉའི་ཚོགས་ལས་འབྱུང་བའི་སྔགས་ཀྱིས་ཆུ་ལ་བཟླས་ནས། དེས་ཡོ་བྱད་ཐམས་ཅད་བསང་ཞིང་བསྐོར་ཏེ། འཐོར་འཐུང་ལན་གསུམ་ཕུལ་ལ་དྲི་དང་། མེ་ཏོག་དང་། བདུག་པ་དང་། བཤོས་ལ་སོགས་པ་དབུལ་ལོ།།
་དེ་ནས་བདག་གིས་ཕ་རོལ་ཏུ་སྦྱིན་སྲེག་གི་རྫས་རྣམས། དེའི་ཕ་རོལ་ཏུ་མོ། དེའི་ཕ་རོལ་ཏུ་བསྒྲུབ་པར་བྱ་བའི་ལྷ། བདག་པོའི་མདུན་དུ་ཡིད་ཀྱིས་ལེགས་པར་བསམ་མོ།། དེ་ནས་ཁྲོ་བོ་གང་ཡང་རུང་བའི་ཏིང་ངེ་འཛིན
་དུ་ཞུགས་ཏེ་མུར་ལ་སོགས་པའི་སྲེག་རྫས་ལས་དགུང་བླུགས་དབུལ་བར་བྱའོ།། དོ་ནས་བསྲེག་རྫས་རེ་རེ་ཞིང་ཡང་མེ་ལ་དགང་བླུགས་གསུམ་གསུམ་དབུལ་བར་བྱའོ།། ཕུལ་ནས་བསྐོར་ཞིང་འཐོར་འཐུང་གསུམ
་ཕུལ་ལ། དྲི་དང་མེ་ཏོག་གིས་ཀྱང་མཆོད་དོ།། དེ་ནས་མེ་ལྷ་ཞུགས་ཐབ་ཀྱི་མདུན་དུ་དབང་པོ་ལྟ་བུར་བཞག་ལ། ལྷ་དང་དེའི་བདག་པོ་ལ་སྦྱིན་སྲེག་དབུལ་བར་བྱ་སྟེ། བདག་པོ་ལ་ཡང་གོང་མ་བཞིན་དུ་འཐོར་འཐུང
་ཕུལ་ལ་དགང་བླུགས་གསུམ་མམ། བདུན་ནམ། ཉི་ཤུ་རྩ་གཅིག་དབུལ་ལོ།། དེ་ནས་དེ་བཞིན་དུ་འཐོར་འཐུང་བྱས་ལ་དྲི་དང་མེ་ཏོག་ཕུལ་ཏེ། མདུན་དུ་བཞུགས་སུ་གསོལ་ནས་དེར་སྦྱིན་སྲེག་དབུལ་བར་བྱ་བའི
་རང་གི་ལྷ་གང་ཡིན་པ་དེ་ཤིན་ཏུ་ཉེ་བར་བཞུགས་སུ་གསོལ་ཞིང་ཞུགས་ཐབ་ཀྱི་མདུན་གྱི་དབུས་བཞག་ལ་དེ་བཞིན་དུ་འཐོར་འཐུང་ལན་གསུམ་འབུལ་ལོ།། དེ་ནས་སྦྱིན་སྲེག་བྱའོ།། དེ་ནས་ཏིལ་བསྲེགས།
་ལ་སྡིག་པ་བསྲེག་པར་བྱ་སྟེ། གང་གི་སྡིག་པ་བསྲེག་པར་འདོད་པ་དེའི་ལུས་མགོ་ནས་རྐང་པའི་བར་ཐོག་ཐག་ནས། མི་བཀྲེན་པ་ཤིན་ཏུ་གནག་ཅིང་མི་སྡུག་པ་དྲངས་ཏེ་སྦྱིན་སྲེག་བྱའོ།། ཉིན་རེ་ཞིང་དེ་ལྟར་སྦྱིན་སྲེག
་བྱས་ལ། དེ་ཡང་སྡིག་པ་དང་དཔྲལ་བསམས་ཏེ་དེ་ལྟར་སྡིག་པ་བསྲེག་པར་བྱའོ།། ལྡང་བའི་ཚེ་ན་ཡང་རང་གི་ལྷ་ལ་འཐོར་འཐུང་ལན་གསུམ་ཕུལ་ཏེ་དྲི་དང་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ།། དེ་ནས་ཡང
་བདྲག་པོ་ལ་འཐོར་འཐུང་ཕུལ་ལ། འབྱོར་པ་ཅི་ཡོད་པས་སྦྱིན་སྲེག་བྱས་ནས་ཡང་འཐོར་འཐུར་དབུལ་ལོ།། དེ་ནས་དྲི་དང་མེ་ཏོག་ལ་སོགས་པས་ཀྱང་མཆོད་པར་བྱའོ།། དེ་ནས་མེ་ལ་ཡང་དེ་བཞིན་དུ་བྱས་ལ
་དེའི་འོག་ཏུ་འབྱོར་པ་ཡོད་ན་མེ་ལྱཱ་ལ་ཡང་དགང་ཐུགས་དབུ་བར་བྱའོ།། རང་གི་ལྷ་དང་བདག་པོ་ལ་ནི་ཐོག་མ་དང་ཐ་མཱ་གཉི་གར་དགང་བླུགས་དབུལ་བར་བྱའོ།། དེ་ལྟར་ཟླ་བ་གཅིག་གམ། ཟླ་བ་བཞིའི་བར
་དུའམ། ཇི་སྲིད་འདོད་པར་དཀྱིལ་འཁོར་གཤེགསུ་མི་གསོལ་བ་ཉིད་དུ་མེའི་བྱ་བ་བྱའོ།། དེ་ནས་མཇུག་ཏུ་འབྱོར་པ་ཅི་ཡོད་པས་ཐམས་ཅད་མཆོད་ལ་གཟོད་པར་གསོལ་ཏེ། དཀྱིལ་འཁོར་དགྲོལ་བའི་ཚུལ
་གྱིས་གཤེགས་སུ་གསོལ་བར་བྱའོ།། ཆོ་ག་འདི་ནི་འོག་ནས་འབྱུང་བའི་ཆོ་ག་ཐམས་ཅད་ལ་ཡང་སྤྱིའི་ཆོ་ག་ཡིན་པར་ཤེས་པར་བྱའོ།། འབྲས་ཀྱི་སྦྱིན་སྲེག་གིས་ཀྱང་རང་གི་ལྷ་དང་མེ་ལྷ་ཤིན་ཏུ་ཚིམ་ཞིང་དགྱེས་པར
་བསམ་ཞིང་། དེ་གཉིས་དེ་ལྟར་མཉེས་པས་རང་གི་ཁྱིམ་ཡང་ཡོ་བྱད་སྣ་ཚོགས་ཀྱིས་ཡོངསུ་འགེངས་པར་མཛད་པར་བསམས་ཏེ། དེ་ལྟ་བུས་ནི་ཁྱིམ་རྒྱས་པར་འགྱུར་རོ།། དུར་བའི་མྱུ་གུ་མར་དང་བཅས་པས་ཀྱང་རང
་གི་ལྷ་དང་མེ་ལྷ་ཡོངསུ་ཚིམ་ཞིང་མཉེས་པར་བསམས་ལ། དེ་གཉིས་ཀྱིས་བཅུད་ཀྱིས་ལེན་ལ་སོགས་པའི་སྦྱོར་བ་ཉིད་མཛད་དེ། ཡུན་རིང་བར་གནས་པ་དང་། ནད་མེད་པ་དང་། སྟོབས་ཀྱིས་རྒྱས་པ་ལ་སོགས་པ
་དང་ལྡན་པར་མཛད་པར་བསམས་པར་བྱ་སྟེ། དེ་ལྟ་བུས་ནི་ཚེ་འཕེལ་བར་འགྱུར་རོ།། ཀུ་ཤའི་མྱུ་གུ་འབྲུ་མར་དུ་བཏགས་པའི་སྦྱིན་སྲེག་བྱས་ལ་འདི་ལྟར་བསམས་ཏེ། འཇིག་པ་གང་གིས་གང་ཞིག་ཉེན་པར
་གྱུར་པའི་འཇིག་པའི་རྒྱུ་དེ་ཀུ་ཤའི་མྱུ་གུ་འབྲུ་མར་དང་བཅས་པ་འབར་བས་དེའི་མོད་ལ་ཐལ་བར་བརླགས་པར་བསམས་ན་འཇིག་པའི་རྒྱོ་བསྲེགས་པས་རྟག་ཏུ་བསྲུངས་པར་འགྱུར་རོ།། དུ་ནི་ཡམ་ཤིང་ཚ་བ་ཞེས་བྱ
་བ་ལ་སོགས་པས་ལས་གཞན་སྟོན་ཏོ། སྔགས་པས་ཡམ་ཤིང་ཚ་བ་ལས་མེ་སྦར་ཏེ། དང་པོར་ཞེས་བྱ་བ་ནི་ཐོག་མར་ཡམ་ཤིང་ཚ་བ་ལྀས་མེ་སྦར་ལ། སྦྱིན་སྲེག་བྱེད་བཞིན་པ་ཉིད་ཀྱི་ཚེ་ནི་ཚ་བའི་ཤིང་མེད་ན།
་ཕྱིས་ནི་གཞན་ལས་སླར་ཡང་འགལ་བ་མེད་དོ་ཞེས་ཤེས་སོ།། སེ་བ་ཞེས་བྱ་བ་ནི་སེ་བ་དང་། རྒྱ་ཤུག་ལ་སོགས་པ་ཤིང་ཚེར་མ་ཅན་གྱིས་སྦྱིན་སྲེག་བྱས་ལ། མེ་དང་རང་གི་ལྷ་ཁ་ལོ་བ་ལྟ་བུ་གཉིས
་བསྒྲུབ་པར་བྱ་བ་གླང་པོ་ཆེ་ལྟ་བུའི་ཕྲག་པ་ལ་ཞོན་ཏེ། ཅི་དགའ་བར་ཁྲིད་དེ་བྱོན་པར་བསམས་ཏེ། དེ་ལྟར་སེ་བའི་ཚེར་མས་འགུགས་པར་འགྱུར་རོ།། དེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་ཚ་བ་ཉིད་དོ།། ཁྲོ་བ་དང་ལྡན་པར
་ཞེས་བྱ་བ་ནརྀ་ཁྲོ་བོའི་ཏིང་ངེ་འཛིན་ལ་གནས་ཏེ། མེ་ཏོག་དམར་པོ་དང་འབྲས་བུ་དམར་པོས་སྦྱིན་སྲེག་བྱ་ཞིང་གང་གིས་ཕྱིར་བྱ་བ་དེ་དམར་པོར་བལྟས་ཏེ། མེ་ཏོག་དང་འབྲས་བུ་དམར་པོའི་ཁུ་བ་འམ། རྒྱ་སྐྱེགས་ཀྱི
་ཁུ་བསོ་སྤྱི་བོ་ནས་བརྩམས་ཏེ་རྐང་མཐིལ་གྱི་བར་དམར་བར་བསམས་ན། དེ་ལྟ་བུ་ནི་གཙོག་གིམ་གཉིས་སམ། མང་པོ་ནས་ཇི་སྲིད་སྐྱེ་བོ་ཐམས་ཅད་ལ་ཐུག་གི་བར་དུ་དགའ་ཞིང་རངས་པར་འགྱུར་རོ་ཞེས
་སྦྱོར་བའི་མཐུ་བསྟན་པ་ཡིན་ནོ།། རྣལ་འབྱོར་ཅན་ཞེས་བྱ་བ་མཉམ་པར་བཞག་པས་ཡམ་ཤིང་ཚ་བ་དེ་ཉིད་ཀྱིས་མེ་སྦར་ལ། ལྕགས་ཀྱི་ཕྱེ་མའི་སྦྱིན་སྲེགས་བྱས་ཏེ། དེ་རྡོ་རྗེ་ལྕགས་སྒྲོག་ཏུ་གྱུར་པས་བསྒྲུབ
་པར་བྱ་བ་བ་ཅིངས་པར་བསམས་ཏེ། ངོ་ལྟ་བུས་ནི་རྡོ་རྗེ་བཅིངས་པ་ཉིད་དུ་འགྱུར་རོ།། དེ་དག་ཉིད་ཀྱིས་ཞེས་བྱ་བ་ཆེ་བའོ།། མཉམ་པར་བཞག་སྟེ་ཞེས་བྱ་བ་ནི་བདག་དང་། རྗེས་དང་། མི་དང་། ལྷ་དང་། བསྒྲུབ་པ
་བྱ་བ་ལ་ཡིད་གཏོད་པ་དང་། འབྲས་བུ་ཁ་བའི་སྦྱིན་སྒེག་བྱེད་ཅིང་། དེ་དུག་ཧ་ལ་ཧ་ལ་དང་འདྲ་བར་རེག་ཏུ་མི་བཟོད་པས་ཤིན་ཏུ་གདུག་ཅིང་གཏུམ་པའི་སེམས་ཅན་དེ་རྣམས་ལ་སྡིག་པ་དེ་དང་དཔྲལ་བ་དང་། དེས་ཉེ
་བོར་གཙེས་པའི་སེམས་ཅན་རྣམས་བསྲུང་བར་བྱ་བའི་ཕྱིར། དེའི་ཟས་དང་། སྐོམ་ལ་སོགས་པ་དང་། ལུས་དང་སྟན་དང་། གོས་ལ་སོགས་པ་ལ་ཡང་གཏོར་ཞིང་དེ་རྣམས་ཀྱི་སྲོག་དང་འབྲལ་བར་བྱེད་པར་བསྒོམས་ཏེ
་དེ་ལྟ་བུས་ནི་སྐད་ཅིག་གིས་གསོད་པ་བསྐྱེད་པར་བྱེད་དོ།། མཁས་པས་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུ་དང་མེ་ཏོག་གྱུར་པ་རྣམས་ཀྱིས་སྦྱིན་སྲེག་བྱས་ན་གང་ཡང་རུང་བ་དབང་དུ་བྱ་བའི་དམ་པ་ཡིན་ནོ།། འདི་སྐད
་སྟོན་ཏེ། མེའི་ནང་ན་ཡོད་པའི་འབྲས་བུ་འམ། མེ་ཏོག་འདི་ལ་བསྒྲུབ་པར་བྱ་བ་དེ་ཤིན་ཏུ་དགའ་ཞིང་སྲེད་ལ། དགོས་པར་བསམས་ན་མགུ་སྟེ་དབང་དུ་འགྱུར་རོ།། དེ་དག་ཉིད་ཀྱིས་ཞེས་བྱ་བ་ཡམ་ཤིང་སྦྱར་བ་ཉིད་ཀྱིས
་སྦྱིན་སྲེག་བྱེད་པའོ།། འདོད་པའི་འབྲས་བུ་ཞེས་བྱ་བ་ནི་ཁ་ཅིག་ན་རཱྀ་པོ་སོ་ནི་ཆ་ཡིན་ནོ།། ཞེས་ཟེར་རོ།། ལ་ལ་ནརི་ཨ་ཤོ་ཀའི་འབྲས་བུ་ཡིན་ནོ་ཞེས་ཟེར་ཏེ། དེ་ལྟ་བུའི་འདོད་པའི་འབྲས་བུ་བསྲེགས་ན་འདིད་པའི་འབྲས་བུ
་དེས་མེ་ལྷ་དང་རང་གི་ལྷ་དགྱེས་པར་འགྱུར་རོ།། དགྱེས་པས་ནི་སྦྱིན་སྲེག་བྱེད་པའི་སྔགས་པ་ལ་ཅི་འདོད་པའི་གཟུགསུ་མཛད་པར་འགྱུར་ཏེ། དེ་ལྟར་ན་འདོད་བཞིན་གྱི་གཟུགསུ་འགྱུར་རོ།། དེ་དང་འདྲ་བའི་ཡམ
་ཤིང་གིས་ཞེས་བྱ་བ་ནི་སྦྱར་བ་ཉིད་ཀྱིས་སོ།། མི་སྣང་མེ་ཏོག་སྡོང་བུ་ཡིས་ཞེས་བྱ་བ་ལ་མི་སྣང་བའི་མེ་ཏོག་གི་ཨཱ་དུམ་བ་ར་དང་། ནྱ་གྲོ་དང་། འོ་མ་ཅན་ལ་སོགས་པའོ།། སྡོང་བུ་ཞེས་བྱ་བ་ནི་ཡུམ
་ཤི།། སྦྱིན་སྲེག་འདོད་ན་མི་སྣང་འགྱུར་ཞེས་བྱ་བ་ནི་སྦྱིན་སྲེག་བྱས་ནི་དགའ་ནས་མི་སྣང་བ་སྟེ། དུས་འདི་སྙིད་ཅིག་མི་སྣང་བར་གྱུར་ཅིག་ཅེས་གསོལ་བ་བཏབཱ་ན་དུས་དེ་སྲིད་དུ་མི་སྣང་བར་འགྱུར་རོ།། འོད་སྐད་སྟོན་ཏེ། ཐོག
་མར་སྔོན་དུ་བསྙེན་པ་བྱ་ཞིང་། རྡོ་རྗེ་ཕྲ་མོ་བསྒོམས་ནས་སྔོན་དུ་བསྙེན་པའི་ཚེ་ཟླ་བ་འམ་ཟླ་བ་བཞིར་དཀྱིལ་འཁོར་བྲིས་ལ། ལྷ་རྣམས་གཤེགསུ་མ་གསོལ་བ་ཉིད་དུ་ཐུན་མཚམས་བཞིར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། ཟླ་བ
་གཅིག་གམ་ཟླ་བ་བཞིའོ་མཐར་མཚན་མ་བྱུང་བ་དང་། འདོད་ན་མི་སྣང་བར་གྱུར་ཅིག་ཅེས་དགའ་བའི་དངོས་གྲུབ་གསོལ་ཞིང་མཚན་ཐོག་ཐག་སྦྱིན་སྲེག་བྱས་པ་ལས་གྲུབ་པར་གྱུར་ན་གདོད་མི་སྣང་བར་འགྱུར་རོ།། ན་མཁའི
་ལྕུག་མ་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་ནཱ་མཁའི་ལྕུག་མ་ནི་རྩ་བ་མེད་པའི་ལྕུག་མ་སྟེ། དེ་ཤིང་གི་སྟེང་དུ་འབྱུང་བ་ཡོད་དེ། ཡུལ་ཀོང་ཀ་ནེ་ན་མང་དུ་མཐོང་ངོ་།། དེའི་མེ་ཏོག་ཀྱང་དེ་བཞིན་ཏེ། སྔོན་དུ་བསྙེན་པ་བྱ་ཞིང
་རྡོ་རྗེ་ཕྲ་མོ་བསྒོམས་ལོ།། ཟླ་བ་འམ་ཟླ་བ་བཞིར་དཀྱིལ་འཁོར་བྲིས་ཏེ། ལྷ་རྣམས་གཤེགས་སུ་མ་གསོལ་བར་ཐུན་བཞིར་བྱས་ལ་མཐར་མཚན་ཐོག་ཐག་སྦྱིན་སྲེག་བྱས་ཏེ། གྲུབ་ན་གདོང་ན་མཁའ་ལ་དགའ་མགུར
་འགྲོ་བར་འགྱུར་རོ།། ཁྲོ་བོར་མཉམ་གཞག་ཅེས་བྱ་བ་ལ་སོགས་པ་ལ། བཛྲ་ནི་སཱུ་ཧ་སྟེ། དེའི་མེ་ཏོག་གི་སྦྱིན་སྲེག་བྱས་ན། རྡོ་རྗེ་བཀའ་བཞིན་བྱེད་པར་འགྱུར་ཞེས་བྱ་བ་བསྒོ་བ་བཞིན་དུ་བྱེད་པ་ཉིད་དུ་འགྱུར་བ་སྟེ།
་འདོད་ན་ལྟུང་བར་འགྱུར་རོ།། ལྟུང་བའི་ཚེ་བཟློག་པར་འདོད་ན་སྡོད་པར་འགྱུ་རོ།། གང་དུ་དགའ་བ་དེར་སོང་སྟེ་ལྟུང་བར་འགྱུར་ཏེ། དེ་ལྟར་ན་བཀའི་བཞིན་བྱེད་པ་ཡིན་ནོ།། ཡམ་ཤིང་དེ་དག་ཉིད་ཀྱིས་ཞེས་བྱ་བ་ནི་བཤད
་མ་ཐག་པའོ།། ཁྲོ་དང་ལྡན་པ་ཞེས་བྱ་བ་འཁྲུགས་པར་གྱུར་པའོ།། དཔའ་བོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་གང་ལ་ཕུལ་བའི་ཕྲེང་བ་སྟེ། ཕུལ་ནས་བོར་བའི་ལྷག་མའོ།། དེ་ཡང་བཀའ་ནི་ཉན་པར་འགྱུར་ཞེས
་བྱ་བ་ནི་འདོད་ན་འབབ་པ་དང་། སྤྱན་དྲངས་ནས་འོང་བ་དང་། བཏང་ན་འགྲོ་ཞིང་གང་འདོད་པ་ཐམས་ཅད་མཛད་དོ།། དེ་ལྟར་ལུས་ཀྱི་མཐུ་བསྟན་དུ་ཟད་ཀྱི། དེ་ལྟ་ན་ཡང་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས
་དཔའ་རྣམས་ནི་ལས་དམན་པ་རྣམས་ལ་མི་སྦྱོར་ཞིང་གཙེ་བར་མི་བྱའོ།། དེ་རྣམས་ཀྱིས་སེམས་ཅན་གྱི་དོན་དང་། སྔགས་སྤྱོད་པའི་མཐུ་བསྟན་པར་བྱ་བའི་ཕྱིར་སྦྱོར་བ་འདི་བསྟན་པ་ཡིན་ཏེ། དེ་བས་ན་མཆོག་ཏུ་ཕན་འདོགས
་པར་མཛད་པ་རྣམས་ལ་བརྙས་པར་མི་བྱའོ།། དཔའ་བོ་ཞེས་བྱ་བ་སྤྱིར་སྨོས་པ་ལ་བྱ་བར་ཡང་སྙེགས་མོད་ཀྱི། ཕྱག་ན་རྡོ་རྗེ་ཡིན་པར་ཉེ་བར་གཟུང་སྟེ། མཐུ་ཆེ་ཞིང་དྲག་པོ་ཡང་སྦྱོར་བ་འདིས་དབང་དུ་བྱེད་དོ་ཞེས
་བསྟན་པའི་ཕྱིར་རོ།། དེ་ལྟ་བས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱང་དབང་དུ་བྱེད་པར་འགྱུར་ཏེ། དཀྱི་ལ་འཁོར་ལ་སོགས་པར་དབབ་པ་དང་། ཞལ་བསྟན་པ་སྩལ་དུ་གསོལ་ཞེས་བྱ་བ་ལ་སོགས་པའི་ལས
་རྣམས་མཛད་དོ།། དེ་ནས་ཞེས་བྱ་བ་ནི་དེ་ཕན་ཆད་དོ།། གསང་བ་ནི་སྦས་པ་ལ་བྱ་སྟེ། ཡུལ་དེའི་ལས་ཀྱི་ཡེ་ཤོས་བསླབ་པར་བྱའོ།། ཡིད་འོང་བུད་མེད་ཅེས་བྱ་བ་ནི་གང་ཞིག་སེམས་དཔའ་གང་གི་བཟླས་བརྗོད་བྱེད་པ་དེའི་དམ
་ཚིག་གི་ཕྱག་རྒྱའམ། ལས་ཀྱི་ཕྱག་རྒྱ་གང་ཡིན་པ་དེ་ནི་དེའི་ཡིད་དུ་འོང་བའི་བུད་མེང་ངོ་།། ལྷན་ཅིག་ཏུ་གནས་ཤིང་ཞེས་བྱ་བ་ནི་མཚན་ཐོག་ཐག་གནས་ཏེ། ཕྱག་རྒྱ་དེའི་བུ་གར་ཨཉྫ་ན་བཅུག་ལ། བཀན་ནས་མཚན་ཐོགས
་ཐག་ཏུ་སྔགས་སམ་སྙིང་པོ་བརྗོད་པས་བསྐུལ་བར་བྱའོ།། འདི་སྐད་སྟོན་ཏེ། སྔོན་དུ་བསྙེན་པ་དང་། རྡོ་རྗེ་ཕྲ་མོ་ཡང་བསྒོམས་ལ་གང་ཞིག་སེམས་དཔའི་གང་གི་བཟླས་བརྗོད་བྱེད་པ་དེའི་ཕྱག་རྒྱ་བཅིངས་ནས། དེའི་ནང་དུ
་ཨཉྫ་བཅུག་སྟེ། མཚན་ཐོག་ཐག་ཕྱག་རྒྱ་མི་དགྲོལ་བར་སྙིང་པོ་བཟླས་བརྗོད་བྱས་ལ་ནང་པར་ངེས་མིག་བསྐུས་ན་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ།། ལས་ཀྱི་དཀྱིལ་འཁོར་འདིར་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་བསྡམས་པ
་ནང་དུ་བཅིངས་པའི་ཁུ་ཚུར་ཡིན་པར་ཤེས་པར་བྱའོ།། ལྡོང་རོས་བུ་གར་བཅུག་ནོས་ནི་ཞེས་བྱ་བ་ལ་སོགས་པ་ལ། སུའི་བུ་གར་ཞེ་ན། རྡོ་རྗེ་བསྡམས་པའི་སྟེ་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་ནང་དུ་གཞུག་གོ། གལ་ཏེ་བུ
་ག་དེ་གན་རྐྱལ་དུ་འཇོག་ཀྱང་སྲིད་པས་དེའི་ཕྱིར། རྡོ་རྗེ་བསྡམས་པས་དེ་གཡོགས་ཏེ་ཞེས་བྱ་བ་གསུངས་སོ།། དེ་བཞིན་དུ་སྔོན་དུ་བསྙེན་པ་ལ་སོགས་པ་བྱས་ནས། ལས་ཀྱི་དཀྱིལ་འཁོར་རམ་གང་རིགས་གང་དུ་ཟློས་པ་དེས
་རང་གི་ལྷའི་རྣལ་འབྱོར་དུ་བྱས་ལ། ཇི་སྲིད་མཚན་མ་རྣམ་པ་བཞིས་དངོས་གྲུབ་རྣམ་པ་བཞི་འབྱུང་བ་དེ་སྲིད་ཀྱི་བར་དུ་བཟླས་བརྗོད་བྱའོ།། མཚན་མ་བཞི་ནི་འགུལ་བ་དང་། དྲོ་བ་དང་། དུ་བ་འཐུལ་པ་དང་། འབར་བ་སྟེ། འགུལ
་བས་ནི་དབང་དུ་བྱེད་པའོ།། དྲོ་བས་ནི་རྐང་འགྱོགས་སུ་འགྱུར་རོ།། དུ་བུ་འཐུལ་བས་ནི་མི་སྣང་བར་འགྱུར་རོ།། འབར་བས་ནི་ན་མཁའ་ལ་འགྲོ་བར་འགྱུར་རོ།། གོ་རོ་ཙ་ན་བླུ་གཱར་བཅུག་ཅེས་བྱ་བ་ལ། སུའི་བུ་གར
་གཞུག་ཅེ་ན། གསང་བའི་ཁུ་ཚུར་དུའོ།། གསང་བའི་ཁུ་ཚུར་གྱིས་བཙིར་བར་ཞེས་བྱ་བ་ནི་དེ་ཉིད་ཀྱིས་གོ་རོ་ཙ་ན་དེ་གཡོག་པར་བྱ་ཞེས་བྱ་བའི་དོན་ཏོ།། གསང་བའི་ཁུ་ཚུར་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི
་གསང་བའི་དཀྱིལ་འཁོར་གྱི་རྡོ་རྗེ་ཁུ་ཚུར་གྱི་གནས་སྤུ་ལས་ཀྱི་ཕྱག་རྒྱའི་ནང་གི་ཁུ་ཚུར་གང་ཡིན་པ་དེ་ནི་གསང་བའི་ཁུ་ཚུར་རོ།། དེ་ནས་གོ་རོ་ཙ་ན་དེ་ནམ་འབར་བར་གྱུར་པ་དང་། དེའི་ཚེ་དེ་བསྲུང་བ་བྱས་ལ་གནན
་པར་བྱའོ།། བསྲུང་བའི་ཁུ་ཚུར་གང་ཡང་རུང་བར་ཡིད་ཀྱིས་བཅུགོ་སྟེ། རྡོ་རྗེ་གོ་ཆས་གེ་བསྐྱོན་ལ། དེའི་སྟེང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐྱིལ་མོ་ཀྲུང་དུ་བཞུགས་པར་རྣམ་པར་དགོད་དེ། འདི་ནི་གནོན་པའོ།།
་དེ་ལྟར་བསྲུང་བ་དང་གནོན་པ་བྱས་ནས་དེས་ཐིག་ལེ་བྱས་ན་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ།། རྫས་ཐམས་ཅད་ལ་ཡང་བསྲུང་བ་དང་གནན་པ་འདི་བཞིན་དུ་ཤེས་པར་བྱའོ།། གུར་གུམ་བུ་གར་བཅུག་ནས
་ནི་ཞེས་བྱ་བ་ནི་སེམས་མའི་ནང་དུ་གཞུག་པའོ།། བུ་གར་རྡོ་རྗེ་སེམས་དཔའ་ཡིས་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བུ་ག་དམ་དུ་བཀབ་ཅིང་བུ་ག་མེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། མཚན་མ་རྣམ་པ་བཞིས་ནི་དངོས་གྲུབ་རྣམ་པ་བཞིར
་འགྱུར་བར་ནི་ཐམས་ཅད་དུ་ཤེས་པར་བྱ་སྟེ། ཐམས་ཅད་དུ་ཡང་མཚན་མ་གང་ཡང་རུང་པོ་ཙམ་གྱིས་ལྡང་བར་མི་བྱའོ།། འོ་ན་ཇི་ལྟར་བྱ་ཞེ་ན། ནམ་ལངས་ཀྱི་བར་དུ་གནས་པར་བྱ་སྟེ། དེའི་ཚེ་མཚན་མ་ཇི་ལྟ་བུ་བྱུང་བ་དེ་ལྟ
་གྲུབ་པར་འགྱུར་རོ།། དེ་ལྟར་དངོས་གྲུབ་ཀྱི་ཡེ་ཤེས་དང་། གསང་བའི་དངོས་གྲུབ་བསྟན་ནས། ད་ནི་ཕྱག་རྒྱའི་ཡང་ཤེས་བསྟན་པར་བྱ་བའི་ཕྱིར། དེ་ནས་རྡོ་རྗེ་རིགས་ལས་ཀྱི་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་པསླབ་པོ
་ཞེས་གསུངས་ཏེ། བསྟན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་དགོས་པའི་ཚུལ་གྱིས་ནི་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་ཕྱག་རྒྱ་རྣམས་ཀྱི་སྦྱོར་བ་ཇི་ལྟ་བའི་སྦྱོར་བ་དེས་སྦྱོར་བས་ན་རྡོ་རྗེ་དགོས་པའི
་ཚུལ་ལོ།། དེ་ལྟར་རྟོགས་པར་བྱ་བ་དེ་རྣམས་ཀྱང་གང་ཡིན་ཞེ་ན། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ཡིན་ནོ།། ཅི་རྒྱས་པར་རམ། འོན་ཏེ་མ་ཡིན་ཞེ་ནི། མདོར་བསྡུས་ནོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། ཅི་དེར་ནི་ལག་པ་གཉིས
་ཐལ་མོ་སྦྱར་བའི་ཚུལ་དུ་འཇོག་ན། འདི་ཡང་དེ་ལྟར་བྱ་དགོས་སམ་ཞེ་ན། མ་ཡིན་ཏེ། དེའི་ཕྱིར་རྡོ་རྗེ་ཁུ་ཚུར་གྱིས་ནི་ཞེས་བྱ་བ་གསུངས་ཏེ། ཁྲོ་བོའི་རིགས་ཀྱི་རྡོ་རྗེ་ཁུ་ཚུར་གྱི་ཚུལ་གྱིས་ཞེས་བྱ་བའི་དོན་ཏོ།། ཅི་རྡོ་རྗེ
་དབྱིངས་ཀྱི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ཞི་བའི་གཟུགས་སུ་བྱ་འམ་ཞེ་ན། མ་ཡིན་ནོ།། འོ་ན་ཇི་ལྟ་བུ་ཞེ་ན། རྡོ་རྗེ་ཁྲོ་བོར་མཉམ་པར་བཞག་ཅེས་བྱ་བ་གསུངས་པ་ཡིན་ནོ།། དེ་ལྟར་ཕྱག་རྒྱ་ཆེན་པོ་ནི་བསྟན
་ནོ་དམ་ཚིག་གི་ཕྱག་རྒྱ་ཇི་ལྟ་བུ་ཡིན་ཞེ་ན། དེའི་ཕྱིར། ཧཱུཾ་ཞེས་མཛུབ་མོའི་ཚུལ་གྱིས་ནི།། དམ་ཚིག་མཆོག་ནི་འདིར་དེ་བཞིན་ཞེས་བྱ་བ་གསུང་སོ།། འདི་སྐད་སྟོན་ཏེ། ཇི་ལྟར་དེར་གནས་དེ་དང་དེ་དག་ཏུ་རྡོ་རྗེ་བཅིང་བ
་བཞག་པས། དམ་ཚིག་གི་ཕྱག་རྒྱར་འགྱུར་བ་དེ་བཞིན་དུ་འདིར་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས་མཐེའུ་ཆུང་ལྕགས་ཀྱུར་སྦྲེལ་བ་བཏང་ལ་གནས་དེ་དང་དེ་དག་ཏུ་བཞག་ན
་དམ་ཚིག་གི་ཕྱག་རྒྱུར་འགྱུར་རོ།། ཆོས་ཀྱི་ཕྱག་རྒྱ་ཇི་ལྟ་བུ་ཡིན་ཞེ་ན། ཆོས་ཀྱི་ཕྱག་རྒྱའང་འདིར་དེ་བཞིན་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ལས་ཀྱི་དཀྱིལ་འཁོར་དེར་ཆོས་ཀྱི་ཕྱག་རྒྱ་ནི་ཡི་གཱིའི་རང་བཞིན་ཡིན་པ་དེ
་བཞིན་དུ་འདིར་ཡང་འདྲའོ།། ཡི་གེ་དེ་དག་ཀྱང་གང་ཡིན་པ་མི་ཤེས་པས་ན་དེའི་ཕྱིར་ཕྱི་མོ་ལས་སྨོས་པའི་ཡི་གེ་རྣམས་ཡིན་པར་སྟོན་ཏེ། ཨ་ཨཱ་ཞེས་བྱ་བ་ནས་ཨཾ་ཨཿཞེས་བྱ་བའི་བར་གྱི་བཅུ་དྲུག་པོ་དེ་རྣམས
་ལ་བྱ་སྟེ། དེ་རྣམས་སེམས་དཔའ་བཅུ་དྲུག་དང་རིམ་བཞིན་དུ་སྦྱར་རོ།། ཅི་དེ་རྣམས་འབའ་ཞིག་ཏུ་ཟད་དམ། འོན་ཏེ་མ་ཡིན་ཞེ་ན། ཨོཾ་ཞེས་དྲང་པོ་ཞེས་བྱ་བ་གསུངས་པ་ཡིན་ནོ།། འདི་སྐད་སྟོན་ཏེ། ཨ་ལ
་སོགས་པའི་ཡི་གེ་བཅུ་དྲུག་ལ་རེ་རེ་ཞིང་ཡང་དང་པོ་ཨོཾ་ཞེས་བྱ་བ་དང་བཅས་པ་ནི་བཅུ་དྲུག་པོ་རྣམས་ཀྱི་སོ་སོའི་ཆོས་ཀྱི་ཕྱག་རྒྱར་འགྱུར་རོ།། ལས་ཀྱི་ཕྱག་རྒྱ་ཇི་ལྟ་བུ་ཡིན་ཞེ་ན། ལས་ཀྱི་ཕྱག་རྒྱ་མདོར་བསྡུ་ན་ཞེས་བྱ
་བ་ལ་སོགས་པ་གསུངས་ཏེ། མདོར་ན་ལས་ཀྱི་དཀྱིལ་འཁོར་དུ་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་བསྟན་པའི་ཁུ་ཚུར་གང་ཡིན་པ་དེ། བསྒྱིངས་བཅས་གསོར་བ་གཉི་ག་ཡིས་ཞེས་བྱ་བ་ལ་སོགས་པས་གཉིས་སུ་བྱས་ནི་ལུས་ཀྱི
་ཕྱཕྱུག་རྒྱར་འགྱུར་ཏེ། མདོར་བསྡུས་པ་ནི་འདི་ཡིན་ནོ།། ཐམས་ཅད་གྲུབ་བྱེད་ཅེས་བྱ་བས་ནི་ཕན་ཡོན་སྟོན་ཏོ།། དག་པ་སྟེ་ཞེས་བྱ་བས་ནི་སྐྱོན་མེད་པའོ།། རྡོ་རྗེ་ལས་ཀྱི་ཚུལ་གྱིས་སོ་ཞེས་བྱ་བ་ནི་ཐོགས་པ་མེད་པའི་ལུས
་ཀྱི་སྦྱོར་བས་སོ།། །། དེ་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་འགྲེལ་པོ་ཀོ་ས་ལའི་རྒྱན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ་ལས་ཀྱི་དཀྱིལ་འཁོར་གྱི་འགྲེལ་བའོ།། །། ད་ལྟར་རྡོ་རྗེའི་རིགས་ཀྱི
་ལས་ཀྱི་དཀྱིལ་འཁོར་དུ་གཏོགས་པའི་སྦྱིན་སྲེག་གི་ལས་ཀྱི་ཆོ་ག་བསྟན་ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པའི་ཆོ་ག་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
་དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། ཡང་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལས་བལྟོས་པའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་བཤད་ཟིན་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རྡོ་རྗེ་ཡང་ཡིན
་བྱས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དེ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གི་ཕྱག་རྒྱའོ།། དེ་བྱིན
་གྱིས་བརླབས་པའི་ཕྱིར་ཏིང་ངེ་འཛིན་གང་དོན་དང་མཐུན་པའི་མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པའོ།། འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའོ།། དེ་གང་ཡིན་ཞེ་ན། རང་གི་རིག་པ་དམ་པ་ཞེས
་བྱ་བ་གསུངས་ཏེ། མོ་རིག་པ་གཞོམ་པར་བྱ་བའི་ཕྱིར་ཡེ་ཤེས་བསྟན་པ་གང་ཡིན་པ་དེ་ནི་རིག་པའོ།། དེ་ཡང་རྣམ་པ་མང་བས་དེ་རྣམས་ཀྱི་མཆོག་གང་ཡིན་པ་དེ་ནི་རིག་པ་དམ་པའོ།། དེ་ཅི་ཞིག་མཛད་ཅེ་ན། གསུངས་སོ
་ཞེས་བྱ་བ་སྟེ་བཀའ་སྩལ་ཏོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་རང་གི་རིག་པ་དམ་པ་གསུངས་པ་དེ་བཞིན་དུ། ཕྱག་ན་རྡོ་རྗེ་ལ་སོགས་པ་རིག་པའི་རྒྱལ་པོ་བཞིས་ཀྱང་རླུང་རང་གི
་རིག་པོ་དམ་པ་གསུངས་པ་ཡིན་ནོ།། དེ་ལྟར་བསྟན་པའི་རིགས་པ་དམ་པ་རྣམས་ཀྱི་ཕྱག་རྒྱ་བཞིའི་དཀྱིལ་འཁོར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྲིན་པར་མཛད་པའི་ཕྱིར། དེ་ནས་ཞེས་བྱ་བ་ལོ་སོགས་པ
་གསུངས་ཏེ། ཡང་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལས་བལྟོས་ནས་བསྟན་པའོ།། དེ་ནས་ཞེས་བྱ་བ་ནི་དེ་ན་ཐག་པ་སྟེ། ལས་ཀྱི་དཀྱིལ་འཁོར་གྱི་རྗེས་ཐོགས
་ལའོ།། ཕྱག་རྒྱ་བཞིའི་དཀྱིལ་འཁོར་མེད་པར་ཐབས་སླ་བས་ཕྱག་རྒྱ་འགྲུབ་པར་མི་འགྱུར་ཏོ།། དེའི་ཕྱིར་རབ་ཏུ་བཤང་བྱ་བ་ཞེས་བྱ་བ་གསུངས་ཏེ། ཡང་དག་པར་བཤད་པར་བྱ་བའོ།། ཅི་ཞིག་བཤད་པར་བྱ་ཞེ་ན། དེའི་ཕྱིར་ཕྱག་རྒྱའི
་དཀྱིལ་འཁོར་དམ་པ་སྟེ་ཞེས་བྱ་བ་གསུང་སོ།། ཅི་འདྲ་བ་ཞིག་ཙ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན་ཞེས་བྱ་བ་གསུང་སོ།། མིང་ཇི་སྐད་དུ་བྱ་བ་ཞེ་ན། རྡོ་རྗེ་ཁྲོ་བོ་ཞེས་བཤད་དོ་ཞེས་བྱ་བ་གསུངས་ཏེ། མིང་རྡོ་རྗེ་ཁྲོ་བོ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ།། ཇི
་ལྟར་བྲི་བར་བྱ་ཞེ་ན། དེའི་ཕྱིར། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི།། དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ་ཞེས་བྱ་བ་གསུངས་སོ།། ཕྱག་རྒྱ་རྣམས་ཇི་ལྟར་དགོད་པར་བྱ་ཞེ་ན། དེ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་ནི་ཕྱོགས་ཀུན་ཏུ།། འཇིག་རྟེན
་གསུམ་རྒྱལ་ལ་སོགས་བྲོ་ཞེས་བྱ་བ་གསུངས་པ་ཡིན།། འདི་སྐད་སྟོན་ཏེ། དབུས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དགོང་ལ། མྲྀ་བསྐྱོད་པ་ལ་སོགས་པའི་གནས་སུ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི
་ཕྱག་རྒྱ་བྲི་བར་བྱའོ།། དེ་ནས་ཞེས་བྱ་བ་ནི་གནས་སྐབས་སོ།། དཀྱིལ་འཁོར་འདིར་ཞེས་བྱ་བ་ནི་བཤད་མ་ཐག་པའོ།། དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པ་ཇི་ལྟར་བྱ་ཞེ་ན། དེའི་ཕྱིར་དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ཞེས་བྱ
་བ་གསུངས་ཏེ། དཀྱིལ་འཁོར་ཆེན་པོ་ནི་འཇིག་རྟེན་གསུམ་ལུས་རྣམ་པར་རྒྱལ་བ་ཡིན་པར་གཟུང་སྟེ། དེའི་ཚུལ་དུ་ཞེས་བྱ་བ་ནི་དེའི་ཆོ་གས་སོ།། དགུག་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱ་སྟེ་ཞེས་བྱ་བ་ནི་དགུག་པ་ལ་སོགས
་པའི་ཆོ་ག་རྒྱས་པ་གང་ཡིན་པ་དེ་བྱས་ནས་སོ།། འདི་སྐད་སྟོན་ཏེ། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་རྣམས་ཉེ་བར་བསྟན་ཅིང་།
་མཆོད་པ་དབུལ་བ་དང་། བཱ་ཤོས་དང་གཏོར་མ་ལ་སོགས་པ་བྱ་བར་ཆོ་ག་རྒྱས་པ་ཞེས་བྱ་བ་ཐམས་ཅད་ཡོངསུ་གཟུང་ངོ་།། དཀྱིལ་འཁོར་གྱི་བྱེ་བ་འདི་དག་ཐམས་ཅད་བྱས་ནས་སློབ་མ་བཅུག་སྟེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར
་དུ་གཏོགས་པའི་གསང་བའི་ཕྱག་རྒྱུའི་ཡེ་ཤེས་བསླབ་བོ།། རླུང་གིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ན་ཞེས་བྱ་བ་འདིས་ནི་ཕྱག་རྒྱ་སྒྲུབ་པ་ལྔ་གསངས་པས་སྟོབས་ཅན་དུ་འགྱུར་བའི་ཕྱིར་ཐམས་ཅད་ནས་ཐམས་ཅད་དུ་མི
་བསྒྲགས་པར་སྟོན་ཏོ།། ཆོས་ཉིད་དོག་བརྗོད་ལ་ཞེས་བྱ་བ་ནི་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས་བརྗོད་ཅིང་། དེ་ལྟ་བུར་ལྷོག་པའི་བསམ་པས་མོས་པར་བྱས་ལ། བུད་མོད་ལྷན་ཅིག་གནས་ན་ནི་ཞེས་བྱ་བ
་བུད་མེད་ནི་དམ་ཚིག་ཕྱག་རྒྱ་སྟེ། རིགས་གང་གི་བཟླས་བརྗོད་བྱེད་པ་དེའི་ཕྱག་རྒྱ་གང་སྒྲུབ་པར་འདོད་པ་དེའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཕྱག་རྒྱ་དེ་བཅིངས་པ་ཉིད་དང་། མཚན་ཐོག་ཐག་ལྷན་ཅིག་འདུག
་པས་ན་གནས་པའོ།། རང་བཞིན་གྱིས་དག་པའི་དགོས་པ་ཡང་འདི་ཡིན་ཏེ། མཆིལ་མ་དང་སྣརུབས་དང་། བཤང་བ་དང་གཅི་བ་ལ་སོགས་པ་བྱུང་ན་ཡང་ཆོས་ཉིད་རང་བཞིན་གྱིས་དག་པ་བརྗོད་ལ། ཕྱག་རྒྱ་མི
་དགྲོལ་བར་ཇི་སྲིད་མཚན་མ་བཞི་དངོས་གྲུབ་བཞིར་གསུངས་པ་ཐོབ་ཀྱི་བར་དུ་མཚན་ཐོག་ཐག་དེ་ཉིད་དང་ལྷན་ཅིག་གནས་པར་བྱའོ།། རང་གིས་བྲི་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། ཕྱག་རྒྱ་དེ་བཞིན་དུ་བཅིངས་ལོ། དགོས
་པ་ཐམས་ཅད་བྱས་ནས་ཆོས་ཉིད་དག་པ་བརྗོད་དེ། དེ་དང་ལྷན་ཅིག་གནས་ཤིང་ཆགས་པས་བལྟས་ན་གྲུབ་པ་ཡང་ནི་འཐོབ་པར་འགྱུར་ཞེས་བྱ་བ་མཆོག་ཏུ་དགའ་བས་ལྟ་ཞིང་ཡུན་རིང་པོ་ནས་བསམས་པའི་ཡིད་ལ་རེ་བ་དེ
་དེང་བཅོམ་ལྡན་འདས་ཀྱིས་བདག་ལ་ཡོངས་སུ་རྫོགས་པར་མཛད་དོ་ཞེས་དེ་ལྟར་བསམ་ཞིང་། མཆོག་ཏུ་དད་ཅིང་དགའ་བས་དེ་ལ་མིག་ཚུགསུ་བལྟ་བར་བྱ་སྟེ། གཞན་དུ་གཡེང་བར་མ་བྱེད་ཅིག་ཅེས་བྱ་བའི་དོན་ཏོ།། གཞན
་དགུ་ལུས་ཀྱང་། གཟུགས་དེ་ལྔ་ནི་ཞུགས་པ་བཞིན།། གུས་པས་ནཱ་བཱ་ཝཱ་བུ་དང་།། དེ་མཐོང་མ་ལུས་འཐུངས་ལྟ་བསྟེ།། རིང་པོར་མི་ཐོགས་དངོས་གྲུབ་འཐོབ་ཅེས་ཇི་སྐྱེད་པ་ཤྱཱད་པཱ་ལྟོ་བུའོ།། འདིར་དཀྲུག་ལ་ན
་གཙོ་བོ་ཡིན་པར་བཤད་མོད་ཀྱི། འོན་ཀྱང་དེར་མཆོག་ཏུ་དད་པས་བལྟ་བར་བྱེད་པ་ནི་འབར་བའི་ལྟ་བས་དགུག་པོའི་དངོས་གྲུབ་འགྱུར་གྱི། གཞན་གྱིས་ནི་མ་ཡིན་ནོ།། སྙིང་པོ་བཞི་ཚེར་ལ་ཡང་ཕྱག་རྒྱ་ལ་ཚོགས་པ
་མིག་ཆུགསུ་བལྟ་བགོས་པར་ཤེས་པར་བྱའོ།། དེ་བཞིན་དུ་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ཏེ། བྱ་བ་ཐམས་ཅད་བྱས་ལ་ཆོས་ཉིད་དག་པ་བརྗོད་དེ། བུད་མེད་མཛེས་པ་ལ་ཆགས་པས་མིག་ཚུགསུ་བལྟའོ།། དེ་ཡང
་གང་ཡིན་ཞེ་ན། བསྒྲུབ་པར་བྱ་བའི་ཕྱག་རྒྱ་སྟེ། དེ་ཡང་ཆོས་ཀྱི་ཕྱག་རྒྱ་ལ་བྱའོ།། དེ་དང་སྤྲད་པ་ནི་ཆོས་ཀྱི་སྒོ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཀྱི་ཁ་ཕན་ཚུན་བསྲེ་བར་བྱས་པ་སྟེ། རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱིས་ན་ཆོས
་ཐམས་ཅད་ཀྱི་སྒྲོ་ཕན་ཚུན་འགལ་པོར་མེད་པར་རྟོགས་པའོ།། འདི་ནི་དེ་དང་དང་པོར་སྤྱད་པ་སྟེ། ཆོས་ཀྱི་སྒྲོ་འདྲེས་པར་བསྒྲུབས་པའི་ཕྱིར། ཆོས་ཀྱི་རིགསུ་ཕྱག་རྒྱ་བསྒྲུབ་ན་ཆོས་བསྒོམས་པས་དེས་ཀྱང་དངོས་གྲུབ་འཐོབ
་པར་འགྱུར་རོ།། དེའི་ཕྱིར་བུད་མེད་མཛེས་ལ་སྤྱད་པས་འགྲུབ་ཅེས་བཤད་པ་ཡིན་ནོ།། རང་གིས་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ནས་ཆོས་ཉིད་དག་བརྗོད་ལ་ཞེས་པ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པའོ་ཞེས
་བསྒོམ་བཞིན་དུ་ཚོགས་པས་མིག་ཚུགསུ་ལྟ་སྟེ། ལྷན་ཅིག་འཁྱུད་ན་ཞེས་བྱ་བ་ཀུན་ནས་འཁྱུད་པ་སྟེ། འདི་ནི་བསྲུང་བའི་ཕྱག་རྒྱའོ།། དེ་ནས་བསྲུང་བའི་དངོས་པོ་དེ་རང་གི་ལུས་སུ་བཅུག་ལ། རྡོ་རྗེ་བསྲུང་བ་ལ་སོགས
་པ་བཅིང་བ་འམ། སྙིང་པོ་ལ་སོགས་པ་བཟླ་བར་བྱའོ།། གང་རང་གི་ལུས་ཀྱི་ནང་དུ་བཅུག་པ་ཀུན་ནས་འབྱར་བར་བྱེད་པ་དེ་ལ་ནི་ལྷན་ཅིག་འཁྱུད་པ་ཞེས་བྱ་སྟེ། དེ་བས་ན་ལྷན་ཅིག་འཁྱུད་ན་དངོས་གྲུབ་ཀུན་འཐོབ་པ
་པ་ཞེས་བྱ་བ་གསུངས་པ་ཡིན་ནོ།། ཀུན་ཞེས་སྨོས་པས་ནི་དངོས་གྲུབ་མ་ལུས་པ་ཡང་དག་པར་སྟོན་པའི་དོན་ཏོ།། བསམས་པའི་དོན་སྦས་པས་ནི་འཁྲུལ་པའི་རྒྱུ་བྱེད་དེ། དེ་ལྟ་བས་ན་འདི་ལ་གསང་བ་ཞེས་བྱའོ།། ད་ནི་གསང་ཞིང
་སྦས་པའི་ཕྱག་རྒྱ་བཤད་དེ། དཀྱིལ་འཁོར་འདིར་ནི་ཞུགས་ནས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། དཀྱིལ་འཁོར་དུ་ཞུགས་པ་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དེ་སྔགས་པ་རང་ཉིད་ཀྱིས་བྲིས་ནས་སྒྲུབ་པའི་ཚེ་བྱ་བ་ཐམས་ཅད་རྫོགས
་པར་བྱས་ལ། ཆོས་ཉིད་རང་བཞིན་གྱིས་དག་པའོ་ཞེས་བརྗོད་ནས་མཆིལ་མ་དང་། སྣབས་དང་། བཤང་བ་དང་། གཅི་བ་བྱུང་བ་ལ་སོགས་པ་དག་པར་བྱའོ།། ཆགས་པས་ལྟ་བ་ནི་མི་གཡེང་བའི་དྲན་ཏོ།། སྨད་པ་ནི་དངོས་གྲུབ་མངོན
་དུ་ཕྱོགས་པར་བྱ་བའི་ཕྱིར་ཆོས་ཉིད་བསྒོམ་པའོ།། འཁྱུད་པ་ནི་གོ་ཆའི་ཕྱག་རྒྱ་ས་བདུད་ཀྱི་ལས་ཐམས་ཅད་ཀྱིསལ་བར་བྱས་ནས་སོ།། འདོད་པའི་ཡོན་ཏན་ལྔ་ཡིས་ནི་ཞེས་བྱ་བ་ནི་ལྷ་དང་མི་རྣམས་ཀྱི་ཡིད་དུ་འོང་བའི་གཟུགས
་དང་། ཡིད་དུ་འོང་བའི་སྒྲ་དང་། ཡིད་དུ་འོང་བའི་དྲི་དང་། ཡིད་དུ་འོང་བའི་རོ་དང་། ཡིད་དུ་འོང་བའི་རེག་བྱ་རྣམས་ཀྱིས་མཉམ་པར་འཇོག་པའི་ཡིད་དགའ་བར་བྱ་ཞིང་མཆོད་པར་བྱའོ།། བུད་མེད་མཆོག་ཅེས་བྱ་བ་ལ་བུད་མེད་ནི་བསྒྲུབ
་པར་བྱ་བའི་ཕྱག་རྒྱའོ།། མཆོག་ནི་དམ་པ་སྟེ། དེ་རྣམས་རྣམ་པ་སྣ་ཚོགས་པའི་ཡིད་ཀྱི་མཆོད་པ་རྣམས་ཀྱིས་མགུ་བར་བྱས་ན་སྔགས་པ་དེ་ཤིན་ཏུ་གྲུབ་པ་འཐོབ་པར་འགྱུར་རོ་ཞེས་པའོ།། འདི་ནི་དངོས་གྲུབ་བཞི་ཆར་གྱི
་སྡུད་པར་བྱེད་པ་ཡིན་ཏེ། ཡི་གེ་གཞན་དུ་སྦས་པས་ནཱ་གསང་བ་ཞེས་བྱའོ།། སྙིང་པོ་འདི་བརྗོད་པས་ནི་ཡིད་ཀྱི་མཆོད་པ་དེ་དག་ཐམས་ཅད་ཕྱིན་ཅི་མ་ལོག་པར་གནས་པར་འགྱུར་རོ།། དེ་ལྟར་སྒྲུབ་པ་དང་། དངོས་གྲུབ་དང་།
་སྒྲུབ་པའི་ཐབས་བསྟན་ནས། ད་ནི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་བསྟེན་པར་བྱ་བའི་ཕྱིར། རྡོ་རྗེ་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་མནན་པའི་རྩེ་གསུམ་པའི
་ཕྱོཕྱག་རྒྱལ་སོགས་པ་ཞེས་བྱ་བ་ནི་རྡོ་རྗེ་མནན་པའི་རྩེ་གསུམ་པའི་ཕྱག་རྒྱུ་དང་པོར་བྱས་པ་གང་ཡིན་པ་དེ་ནི་རྡོ་རྗེས་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་ལ་སོགས་པའོ།། གང་ཞིག་ཅེ་ན། དམ་ཚིག་གི་ཕྱག་རྒྱ་ཞེས་གསུངས
་པའོ།། ཇི་སྙེད་ཅིག་ཅེ་ན། བཞི་རྣམས་སོ།། གང་དུ་ཞེ་ན། ཕྱག་རྒྱའི་དཀྱིལ་འཁོར་དུའོ།། ཆོ་ག་རྒྱས་པ་དང་ལྡན་པ་ཞེས་བྱ་བ་ནི་ཆོ་ག་རྒྱས་པའི་མཚན་ཉིད་ཅན་དང་ལྡན་པའི་ཆོ་ག་རྒྱས་པ་ཡིན་པས་ན་ཆོ་ག་རྒྱས་པ་དང་ལྡན
་པར་རོ།། བྷསླེབས་ཏེ་ཞེས་བྱ་བ་ནི་བསྟན་པའོ།། ཕྱག་རྒྱ་བཞིའི་ཚུལ་འདིས་ཞེས་བྱ་བ་ནི་འོག་ནས་བཤད་པ་རྣམས་ཀྱིས་སོ།། རྡོ་རྗེ་སིལ་སྙན་དང་། རྔ་དང་བརྡུང་བ་བརྡབས་ནས་ཞེས་བྱ་བ་ནི་གསང་བའི་དཀྱིལ་འཁོར་དུ
་གསུངས་པའི་རྡོ་རྗེ་སིལ་སྙན་དང་། རྔ་དང་བརྡབ་པ་ནང་གི་དཀྱིལ་འཁོར་དུ་བསྟན་པའི་སིལ་སྙན་གྱི་བྱེ་བྲག་དང་། ཕྱིའི་དཀྱིལ་འཁོར་གྱི་གྲཝར་བསྟན་པའི་སིལ་སྙན་གྱི་བྱེ་བྲག་དེ་དག་གི་ཕྱག་རྒྱ་བཅིང་བ་དང་། སྙིང་པོ་བརྗོད
་པས་རྡོ་རྗེ་སིལ་སྙན་དང་། རྔ་དང་བརྡུང་བ་རྣམས་དབུལ་ལོ།། གཞན་ཡང་རྡོ་རྗེ་སེམས་དཔའ་བསྡུས་པའི་བསྟོད་པའི་གླུ་བླངས་ལ་ཕྱག་རྒྱ་དང་། ལན་གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་རྣམས
་ཀྱིས་གཪྵ་དང་དབུལ་བའི་མཆོད་པ་བྱའོ།། དེ་ལྟ་བས་ན་གསང་བའི་དཀྱིལ་འཁོར་ལས་བསྟན་པའི་གར་དང་། ལེན་གྱི་གི་ར་དང་། ཉེ་བའི་གར་དང་། ཡེ་ཤེས་ཀྱི་གར་གྱི་ཕྱག་རྒྱ་དེ་དག་ཉིད་དངོསུ་བསྟན་པ་དག་གིས་ཀྱང་འདིར་མཆོད་པར་བྱ
་པ་ཡིན་ནོ།། །། དེ་ཁོ་ན་ཉིད་བསྔོས་པའི་རྒྱ་ཆེར་བཤད་པ་ཀོ་སཱ་ལའི་རྒྱན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །། དེ་ལྟར་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དུ
་གཏོགས་པའི་གསང་བའི་དངོས་གྲུབ་རྫོགས་པར་མཛད་ནས། ད་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་གཏོགས་པའི་དངོས་གྲུབ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནཱི་གནས
་སྐབས་སོ།། ཡང་ཞེས་བྱ་བ་ནི་ཕྱག་རྒྱུ་བཞིའི་དཀྱིལ་འཁོར་ལས་བལྟོས་བུའོ།། ཕྱུག་ན་རྡོ་རྗེ་མངའ་བས་ནཱ་ཕྱག་ན་རྡོ་རྗེའོ།། རང་གི་རྡོ་རྗེ་དམ་ཚིག་ཅེས་བྱ་བ་ནི་རང་གི་རྡོ་རྗེའི་དམ་ཚིག་ཡིན་པས་ན་རང་གི་རྡོ་རྗེའི
་དམ་ཚིག་སྟེ། དམ་ཚིག་ནི་གཞུང་ལོགས་སུ་རྣམ་པར་བཞག་པའོ།། རང་གི་རྡོ་རྗེ་དམོ་ཚིག་དེའི་ཁྲོ་བོ་རྣམས་ཀྱི་དམ་ཚིག་ཡིན་པས་ན་ཁྲོ་བོའི་དམ་ཚིག་གོ།། འདིར་དམ་ཚིག་གི་སྒྲ་ནི་སྙིང་པོ་དང་། ཕྱག་རྒྱ་དང་། ལྷ་མོ
་རྣམས་ལ་བྱའོ།། འདི་ཞེས་བྱ་བ་ནི་འོག་ནས་བཤད་པའོ།། དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ།། འདི་ཞེས་བྱ་བ་ནི་སྔགས་ཀྱིའོ།། དཀྱིལ་འཁོར་བཤད་པ་ཞེས་བྱ་བ་ནི་དམ་ཚིག་གི་ཕྱིར་རོ།། གསང་བའི་དཀྱིལ་འཁོར་ཞེས་བྱ
་བ་ནི་བསྡུས་པའི་དཀྱིལ་འཁོར་རོ།། ཇི་ལྟ་བྷ་ཞེ་ན། དམ་པ་སྟེ་ཞེས་བྱ་བའོ།། ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་དབྱིངས་དང་འདྲ་བས་ན་ཞེས་པ་སྟེ། རྡོ་རྗེ་དབྱིངས་དང་མཚུངས་པའོ།། མིང་ཇི་སྐད་དུ་བྱ་བ་ཞེ་ན། རྡོ་རྗེ་བྷྲཱུཾ་ཞེས་བྱ་བ་སྟེ་ནས
་གསུངས་ཏེ། མྱིང་རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བའོ།། དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནཱི་ཞེས་བྱ་བ་ནི་དཀྱིལ་འཁོར་ཆེན་པོ་དང་འདྲ་བ་སྟེ། དཀྱིལ་འཁོར་ཆེན་པོ་ནི་འཇིག་རྟེན་གསུམ་ལསྣ་རྣམ་པར་རྒྱལ་བའོ།། དེའི་དབུས་སུ་ཞེས་བྱ་བ
་ནི་དཀྱིལ་འཁོར་གྱི་དབུས་སྟེ། རྣམ་པར་སྣང་མཛད་ཀྱི་གནས་སུའོ།། དེ་ཎྜཱི་ཞིག་བྱ་ཞེ་ན། ལྕོགས་བྲི་བ་ཞེས་བྱ་བའོ།། སུ་ཞིག་བྲི་ཞེ་ན། རྡོ་རྗེ་འཛིན་ཏོ།། གང་དུ་ཞ་ན། ཟླ་བའི་དཀྱིལ་འཁོར་དུའོ།། ཅི་འདྲ་བར་ཞེ་ན། རྡོ་རྗེ
་ཕྱག་རྒྱ་སྟེ། ལག་ན་འཛིན་པོ་རྡོ་རྗེར་བཅས་ཞེས་བྱ་བ་སྟེ། ཛཱ་རྗེ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཡིན་པས་ན་རྡོ་རྗེ་ཧཱུ~ཾ་གི་ཕྱག་རྒྱ་ཆེ་ཞེས་བྱའོ།། ཕྱག་གཉིས་ན་རྡོ་རྗེ་གང་ཞིག་འཆང་བར་མཛད་པ་དེ་ནི་རྡོ་རྗེ་འཛིན་པའོ།། རྡོ་རྗེ་ལྡན
་པོར་གནས་པས་ན་རྡོ་རྗེར་བཅས་ཞེས་བྱ་སྟེ། དེ་ལྟར་ནི། རྡོ་རྗེ་ཧཱུཾ་གི་ཕྱག་རྒྱ་ཚོ། ལོག་ན་འཛིན་པ་རྡོ་རྗེར་བཅེས་ཞེསོ་བྱའོ།། འདི་སྐད་སྟོན་ཏོ།། ཕྱག་གཉིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཤིང་། རྡོ
་དང་བཅས་པར་རྡོ་རྗེ་ཧཱུཾ་མཛད་བྲི་བར་བྱའོ་ཞེས་སྟོན་ཏོ།། ད་ནི་ཡང་བྱེ་བྲག་ཏུ་བྱ་བ་བསྟན་པའི་ཕྱིར། བརྐྱང་བསྐུམ་ཚུལ་དུ་གནས་པ་དང་ཞེས་བྱ་བ་གསུངས་ཏེ། བརྐྱང་བསྐུམ་ནི་བཤད་ཟིན་ཏོ།། ཁ་དོག་གཟུགས་ནི་ཇི་བཞིན་བྱ་ཞེས་བྱ་བ་ནི་ཨུཏྤ
་སྔོན་པོའི་མདངས་འདྲ་བས་ཞེས་བྱ་བ་ལ་སོགས་པས་བསྟན་པའོ།། དེ་ནས་ཞེས་བྱ་བ་ནི་གནས་སྐབས་ཏེ། བསྟན་མ་ཐག་པའོ།། གསང་བའི་དཀྱིལ་འཁོར་ཞེས་བྱ་བ་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་རོ།། ཆོ་ག་རྒྱས་པ་ཐམས་ཅད་བྱ་སྟེ་ཞེས་བྱ་བ
་ནི་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། མཆོད་པ་དང་། བཤོས་དང་། གཏོར་མ་ལ་སོགས་པ་བྱ་བར་སྟོན་ཏོ།། རྡོ་རྗེ་ཧཱུཾ་ཞེས་བྱ་བའི་གསང་བའི་ཕྱག་རྒྱའི་ཡེ་ཤེས་བསླབ་པོ་ཞེས་བྱ་བ་ནི་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།།
་དཀྱིལ་འཁོར་འདིར་ནི་ཞུགས་ནས་ཀྱང་ཞེས་བྱ་བ་ནི་དཀྱིལ་འཁོར་འདི་བྲིས་ཏེ་ཞུགས་ནས་ཀྱང་ངོ་།། འཇིག་རྟེན་གསུམ་རྒྱལ་མཛུབ་མོ་ནི།། བུ་གར་བཅུག་ནས་ཞེས་བྱ་བ་ནི་གལ་ཏེ་མཛུབ་མོ་གཡས་པ་བསྒྲུབས་པར་འདོད་ན། གཡོན་པའི་རྡོ་རྗེ
་ཁུ་ཚུར་བཅིངས་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཛུབ་མོ་གཡས་པ་སྡིགས་མཛུབ་ཀྱི་ཚུལ་དུ་བྱས་པ་བཅུག་སྟེ། སྔགས་དང་སྦྱར་ཞིང་བསྒྲུབས་ན་ལས་ཐམས་ཅད་འགྲུབ་པར་འགྱུ་རོ།། གལ་ཏེ་གཡོན་པ་སྒྲུབ་པར
་འདོད་ན་གཡས་པ་དེ་བཞིན་དུ་རྡོ་རྗེ་ཁུ་ཚུར་བཅིངས་ལ། གཡོན་པའི་མཛུབ་མོ་བཅུག་སྟེ་བསྒྲུབས་ན་དེ་བཞིན་དུ་འགྲུབ་པར་འགྱུར་རོ།། དེ་ལྟར་དམ་ཚིག་གི་ཕྱག་རྒྱའི་དངོས་གྲུབ་བསྟན་ནས། ད་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པ་སྟན་པར
་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ཐོགས་ལའོ།། རྡོ་རྗེ་ཧཱུཾ་ཞེས་བྱ་བའི་གསང་བའི་ཕྱག་རྒྱ་ཞེས་བྱ་བ་ནི་གསངས་ཏེ་བྱུང་བས་ན་གསང་བ་སྟེ། སྒྲུབ་པའི་དཀྱིལ་འཁོར་རེ་རེར་ཞུགས་པ་དང་།
་རྩེ་གཅིག་པར་གྱུར་ན་སྣང་བ་སྐྱེ་བ་གང་ཡིན་པ་དེ་ནི་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་གསང་བའི་ཕྱག་རྒྱ་སྟེ། དེའི་ཡེ་ཤེས་བསླབ་པར་བྱའོ།། ད་ནི་དཀྱིལ་འཁོར་ལེགས་པར་ཞུགས་ནས་ནི་ཞེས་བྱ་བ་ལ་སོགས་པས་དེ་སྟོན་པ་ཡིན་ཏེ། ལེགས་པར
་ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་བྱས་པ་དང་། རྡོ་རྗེ་ཕྲ་མོ་དགོད་པ་སྔོན་དུ་འགྲོ་བའི་རྡོ་རྗེ་ཧཱུ~ཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་སྔར་ཡང་བསྒོམས་པ་དང་། དཀྱིལ་འཁོར་གྱི་ལས་ལ་མཁས་པ་དང་། ཡོ་བྱད་དང་ལྡན་པ་དང་། གྲོགས་བཟང་པོ་ཡོད་པ
་དང་། གྲུབ་པའི་མཚན་མ་ཐོབ་ན་ལེགས་པར་ཞུགས་པ་ཡིན་ནོ།། ཕྱག་རྒྱ་ཆེན་པོ་མཆོག་གནས་པ་ཞེས་བྱ་བ་ལ། ཕྱག་རྒྱ་ཆེན་པོ་ཞེས་སྨོས་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་གཟུང་ངོ་།། མཆོག་སྨོས་པ་ནི་བསྒོམ་པ་ཕུལ
་དུ་བྱུང་བ་ལ་བྱ་སྟེ། དེ་ལ་གནས་པས་ན་མཆོག་ཏུ་གྱུར་པའོ།། གནས་ན་རྡོ་རྗེ་ཧཱུཾ་ཞེས་བྱ་ཞེས་བྱ་བ་ནི་ལྷན་ཅིག་ཏུ་གནས་པའོ།། གང་དང་ལྷན་ཅིག་གནས་ཤེ་ན། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ
་དང་ངོ་།། འདི་སྐད་སྟོན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བསྒོམ་ཞིང་མཚན་ཐོག་ཐག་ལྷན་ཅིག་ཏུ་གནས་པའོ།། དེ་ལྟར་གནས་པ་འདིས་ཅིར་འགྱུར
་ཞེ་ན། དེའི་ཕྱིར་རྡོ་རྗེ་ཧཱུཾ་ཞེས་བྱ་བ་གསུངསོ།། གལ་ཏེ་རྡོ་རྗེ་ཧཱུཾ་ཞེས་བྱ་བར་གྱུར་ན་ཅི་ཞིག་བྱེད་པར་འགྱུར་ཞེ་ན། དེའི་ཕྱིར། ལས་རྣམས་ཀུན་ནི་བྱེད་པར་འགྱུར་ཞེས་བྱ་བ་གསུངས་པ་ཡིན་ནོ།། དེ
་ནས་ཕྱག་རྒྱ་བཞི་བཅིང་པོ་ཇི་ལྟ་བཞིན་དུ་བསླབ་པོ་ཞེས་བྱ་བ་ནི་གལ་ཏེ་དེར་གཞན་དག་ཀྱང་ཞུགས་པར་གྱུར་ན། དེ་ནས་དེ་ལ་ཕྱག་བཞི་བཅིང་བ་ཇི་ལྟ་བ་བཞིན་དུ་བསླབ་སྟེ། ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཡང
་དེ་བཞིན་དུ་འགྲུབ་པར་འགྱུར་རོ།། དཀྱིལ་འཁོར་གྱི་དངོས་གྲུབ་ཇི་ལྟར་གསུངས་པ་དང་། ཕྱག་རྒྱ་གཅིག་པའི་དངོས་གྲུབ་ས་ལ་བྲིས་པའི་དཀྱིལ་འཁོར་ལ་ཇི་ལྟར་བསྟན་པ་དེ་བཞིན་དུ་རས་དང་། རྩིག་པ་ལ་སོགས
་པ་ལ་དཀྱིལ་འཁོར་བྲིས་ལ་ཡང་དེ་དང་འདྲ་བར་ཤེས་པར་བྱའོ།། གཟུགས་ཐམས་ཅད་ལ་ཡང་ཞེས་བྱ་བ་ནི་གསེར་ལ་སོགས་པ་ལ་བྱས་པ་ཞིག་ཡིན་ན་ཡང་དངོས་གྲུབ་ཏུ་འགྱུར་བར་རིག་པར་བྱའོ།། །། དེ
་ཁོ་ན་ཉིད་བསྡུས་པའི་རྒྱ་ཆེར་བཤད་པ་ཀོ་ས་ལའི་རྒྱུན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །། དེ་ལྟར་དཀྱིལ་འཁོར་དྲུག་ཡོངས་སུ་རྫོགས
་པར་མཛད་ནས། ད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྟོག་ཆེན་པོའི་རྒྱལ་པོ་འདི་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ལ་བོས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ
་ཐམས་ཅད་ཀྱིས་བདག་གི་རིགས་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཇི་ལྟར་དགའ་བ་བཞིན་དུ་བགྱིས་ཀྱང་དངོས་གྲུབ་ཐམས་ཅད་ཐོབ་པར་བགྱི་བའི་སླད་དུའོ།། ཞེས་བྱ་བ་ནི་བྱིན་གྱིས་བརླབ
་པར་གསོལ་བ་ཡིན་ཏེ། དཀའ་བ་མེད་པོས་དངོས་གྲུབ་ཐམས་ཅད་ཐོབ་པར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ།། དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པ་དང་། དེ་ནས་དེའི་རྗེས་ཐིགས་ཉིད་ལ་བཅོམ་ལྡན
་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ཏེ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་རྟོག་པའི་རྒྱལ་པོའི་སྙོམས་པར་ཞུགས་པ་ལ་བལྟོས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ
་ལ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་ཡིན་ཏེ། དེ་བས་ན་ལེགས་སོ་ཞེས་བྱ་བ་བཞི་དང་། ལེགས་པར་བཤད་པའི་ཚིག་གིས་བྱིན་གྱིས་བརླབ་ཅིང་བདག་གིར
་མཛད་པ་ཡོངསུ་གཟུང་བ་ཡིན་ནོ།། རྡོ་རྗེ་རྣམས་ཀྱི་ཐེག་པོ་ཡིན་པས་ན་རྡོ་རྗེའི་ཐེག་པ་སྟེ། རྡོ་རྗེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡིན་ལ། དེ་རྣམས་ཀྱི་ཐེག་པ་ཡིན་པས་ན་རྡོ་རྗེའི་ཐེག་པ་སྟེ།
་དེ་བཞུད་པའི་ཕྱིར་རོ།། དེ་ཇི་ལྟ་བུ་ཞེ་ན། བླ་ན་མེད་པ་སྟེ། འདིའི་གོང་ན་གཞན་མེད་པའི་ཕྱིར་བླ་ན་མེད་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུགས་སུ་སྟོན་པས
་ན་གསང་བའོ།། ཅིའི་ཕྱིར་ཉིད་ཀྱི་སྒྲ་སྦས་ཏེ་རྡོ་རྗེ་ཧཱུཾ་མཛད་ལ་སྩོགས་པའི་གཟུགས་ཀྱིས་ཤེ་ན། དེ་ནི་ཐེག་པ་ཆེན་པོ་ལ་སེམས་ཅན་གདུལ་བའི་ཐུབས་ཀྱི་རྣམ་པ་དཔག་ཏུ་མེད་པ་ཡང
་པའི་ནང་ན་གཙོ་བོ་ཡིན་པའི་ཕྱིར་ཐེག་པ་ཆེན་པོ་མངོན་འདས་པའོ།། འོ་ཞེས་བྱ་བའི་སྒྲ་ནི་ཡོངས་སུ་རྫོགས་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་པས་ན། དེ་བཞིན་གཤེགས
་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་སྟེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མངོན་པར་རྫོགས་པར་སངས་རྒྱས་པ་ཉིད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་མཛད་དེ། དེ་ལས་དེ་བཞིན
་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱའོ།། དེ་ལྟ་བུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་གྲི་རྟོག་པ་ཆེན་པོའི་རྒྱལ་པོ་ལས། རྡོ་རྗེ་ཆེན་པོ་ནི་རྡོ་རྗེ་ཧཱུཾ་མཛད་དེ། དེའི་རྟོག་པའི་ཆོ་ག
་རྒྱས་པ་སྟེ། དེའི་རྟོག་པའི་རབ་ཏུ་བྱེད་པ་ཡོངས་སུ་རྫོགས་སོ།། །། དེ་ཁོ་ན་ཉིད་ནི་བསྡུས་པའི་རྒྱ་ཆེར་བཤད་པ་ཀཾ་ས་ལའི་རྒྱུན་ལས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི
་རྟོག་པའི་འགྲེལ་པའོ།། ལ། ཅེས་བྱས་རྒྱས་གྱིམ་བྱར་ཐམམ་ག་ཐ་སག་པའི་དྲག་སུ་ལ་བ་ངས་དགེ་པ་མ་རློམསམམ་པ་ཞི་ལལ་ཀྱ་ཕྱོ་ལ་ག་མ་ག་བལྟབས་སྔོན་གྱི་ཚ་ཙ་རྗོད
་