CLOSE WINDOW

GT133: dpal rdo rje mkha' 'gro rgyud kyi de kho na nyid rab tu brtan par byed pa zhes bya ba'i dka' 'grel
Wyliee-texts produced with BDRC’s OCR application

རྒྱ་གར་གྱི་མཁན་པོ་བཎྜི་ཏ་ཞེས་ཆེན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙ་བ་ཆེན་པོ་འགོས་ལྷ་བཙས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀ་ཏནྟ་སྱ་ཏ་དྷཱ་སུསྠི་ར་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ ་མཁའ་འགྲོ་རྒྱུད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་བརྟན་པར་བྱེད་པ་ཞེས་བྱ་བའི་དཀའ་འགྲེལ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། ཤིན་ཏུ་གོང་ན་མེད་པའི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པའོ་ཕྱིར་གས་ལ་སོགས་པའི་ཚིག ་ནམས་ཀྱི་ནང་དུ་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་འདུས་པ་བསྟན་པ་ཡིན་ཏེ། རྒྱུ་ངས་ནི་སྡུད་པར་བྱེད་པས་ཀྱང་དེ་ལྟར་རིམ་པ་བཞིན་དུ་གསུངས་ཏེ། གང་གི་ཕྱིར་འདིར་བཅོམ་ལྡན་འདས་རྡོ་རྗེ་ཕག་མོ་འདིའི་སྡུད་པ ་པོར་འགྱུར་བས་སོ།། ཡང་ན་བརྡའི་དབང་གིས་གསང་བ་ལ་སོགས་པའི་ཚིག་གིས་སེམས་ཀྱི་དོན་བསྟན་པ་ཡིན་ཏེ། སྒྲ་རྣམས་ཀྱི་སྦྱོར་བའི་རང་བཞིན་ཅན་གྱི་ནུས་པ་གཙོ་བོ་མ་ཡིན་པའི་ཕྱིར་རོ།། ཅིའི་ཕྱིར་འདི་སྐུར ་བདག་གིས་ཞེས་བྱ་བ་ཉེ་བར་སྦྱར་ཞེ་ན། གང་གི་ཕྱིར་གསང་བ་འདུས་པ་ལ་སོགས་པར་འདི་སྐད་བདག་གིས་ཐོས་པ་ལ་སོགས་པ་ངེས་པ་བསྟོན་པ་དེའི་ཕྱིར་དྲང་བའི་དོན་ཏོ།། དང་ངེས་པའི་དོན་གྱིས་རིམ་པས་ཀླང་དུ་ཨེ་བཾ་གི་དོན ་སྟན་པ་ཡིན་ནོ།། གཞན་དུ་མདོ་སྡེའི་སྡེ་སྣོང་ལ་སོགས་པའི་ཆོས་ཐམས་ཅད་དུ་ང་ལྟར་མཐོང་བ་དང་འགལ་ལོ།། དེ་ནས་འདི་སྐད་བདག་གིས་ལ་སོགས་པ་སྦྱར་མོས་ཀྱི། འོན་ཀྱང་དོན་དུ་མ་ལྡན་ཏེ། སངས་རྒྱས་མཉམ་སྦྱོར་ལ་སོགས ་པའི་རྣལ་འབྱོར་གྱི་རྒྱུད་དང་། རྡོ་རྗེ་མཁའ་འགྲོ་མ་རྡོ་རྗེའི་གུར་ལ་སོགས་པའི་རྣལ་འབྱོར་མའི་རྒྱུད་རྣམས་སུ་བསྟན་པའི་ཕྱིར་རོ།། དེ་ལྟར་མ་ཡིན་ན་མ་གྲུབ་པ་ལ་སྒྲུབ་པའི་ཉེས་པ་འཇུག་པར་འགྱུར་རོ།། གལ་ཏེ་འདིར་ཡང་གྲུབ ་པ་སྒྲུབ་པར་གསུངངས་པ་ལ་གང་གིས་བཟློག་པར་བྱ། ཤེས་རབ་ཅན་རང་ཉིད་ཀྱིས་ཤེས་པར་བྱ་སྟེ། བརྡའི་དོན་ཅིའི་ཕྱིར་བྲི་བར་མི་བྱ། ངའི་ཕྱིར་འདི་ལ་ཉེས་པ་མེད་དོ།། འགྲོ་བ་མཐའ་དག་དང་ཐུན་མོང་མ་ཡིན་པའི་སྟོང ་པ་དེ་ང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་སེམས་གཡོ་བ་མེད་པ་ཡོངསསུ་ཤེས་པར་བྱ་སྟེ། བླ་མ་བརྒྱད་པའི་རིམ་པའི་མན་ངག་གོས་རང་གི་ངོ་བོ་རྟོགས་པ་འབའ་ཞིག་ཏུ་བྱའི། གཞན་ཉམས་ཐག་པས་ཙ་ཞིག་བྱ། ཡང་ན ་དགོས་པ་ལ་སོགས་པ་འདོད་པ་ལ་སྒྲ་གཙོ་བོའི་དོན་ལ་འདའ་བའིམིགས་པ་མ་ཡིན་ནོ།། འདིར་གསང་བ་བསྟན་པར་བྱ་བ་ལ་སྒྲ་གཙོར་པོར་གྱུར་བའི་ཚེ་སྡུད་པར་བྱེད་པས་ཀྱང་རིགས་པས་རྙེད་པ་མ་ཡིན་ནོ།། གལ་ཏེ་དེ་ལྟར ་ཡིན་མོད་ཀྱི་འོན་ཀྱང་གསུངས་རབ་རྣམས་ལ་འདིར་སྦྱར་བར་བྱའོ།། དེས་ནཱ་འདིར་ཡང་འདི་སྐད་བདག་གིས་ཐོས་པོ་ལ་སོགས་པའི་མཚན་ཉིད་དང་པོར་སྦྱོར་བ་འཐད་པ་ཡིན་ནོ།། དེ་ལྟར་དོན་ཅི་ཡང་རུང་བ་ལ་སོག ་བ་སྦྱར་བ་དེ་ལྟར་ཡང་ཐེ་ཚོམ་ཟ་བ་མ་ཡིན་ཏེ། སྡུད་པར་བྱེད་པ་ཉིད་ཀྱིས་ཐོས་པའི་བཤད་པའི་ཁྱད་པར་གསུངས་པས་ཐེ་ཚོམ་ཟ་བའི་མཚན་ཉིད་ཅི་ཡང་མེད་པ་ཡིན་ནོ།། འདིར་རིགས་པ་ལ་རྟོགས་བཞིན་པས་ནི་གཞུང་རྒྱས ་པར་འགྱུར་བས་དོན་མེད་ཅིང་ཉམ་ཐག་པར་ཅི་ཞིག་བྱ། ཇི་ལྟར་ཡང་བཅོམ་ལྡན་འདས་ཀྱིས་འདིར་སྤྲོས་པ་ནི་ཡོད་པ་སྟེ། ཡང་ཇི་ལྟ་བུ་ཡིན་ཞེ་ན། དེ་བརྗོད་པར་བྱ་སྟེ། བླ་མ་རྒྱུད་པའི་རིམ་པ་ལས་འོངས་པའི་ཨེ་ལ་སོགས་པའི་གསང ་བ་ནི་སེམས་ཅན་གྱི་བསམ་པའི་དབྱེ་བས་དེ་དང་དེ་རུ་སྤྲོས་པ་ཡིན་ནོ།། དེ་བས་ན་ཤིན་ཏུ་གསང་བ་ཉིད་ནི་དེ་བཞིན་གཤེགས་པས་བསྟན་པར་བཞེད་པ་ཡིན་ནོ།། དེ་ཤེས་པར་འདོད་ན་ཤེས་རབ་ཆེན་པོས་ནན་ཏན་དུ་བྱ་བ་འོས་སོ།། ངས ་ན་ལུང་ནི་འདི་དག་ཐམས་ཅད་དང་ལྡན་པ་སྟེ། འདིར་ཇི་ལྟ་བ་བཞིན་དུ་སྦས་པ་དེ་དོན་དམཱི་འགལ་བར་བསྟན་པར་བྱའོ།། གསང་བ་མཆོག་གི་བགྱིས་པ་ན།། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས།། མཁའ་འགྲོ་ཀུན་དངོས ་སེམས་དཔའ་སྟེ། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག། འདི་ནི་རབ་བྱུང་བཅོམ་ལྡན་འདས།། གཅིག་པུ་ཉིད་ནི་ལྷག་པའི་ལྷ།། སྒྲ་ཡི་ཚུལ་ལས་ངེས་བྱུང་རྣམས།། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ཡིན་ཞེས་པ་ལས། གསང་བའི་སྒྲ་ལས་ནི ་ཨེའོ།། ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་ནི་པའོ།། མཆོག་གི་སྒྲ་ལས་ནི་ཐོག་ལའོ།། མཁའ་འགྲོ་མའི་རང་བཞིན་གྱི་སྒྲ་ལས་ནི་མ་ཡཱའོ།། ཡང་ཐམས་ཅད་བདག་ཉིད་ཀྱི་སྒྲ་ལསཽ་ནི་ཨའོ།། འདི་ཉིད་ཀྱི་རང་དང་ལྡན་པ་དང་མ་ཡཱའི་ཚིག་དྲག་ལས ་ཡི་གེ་ཤར་བྱས་ཏེ་སྦྱར་བ་དང་། སེམས་དཔའ་རྡོ་རྗེ་མཁའ་འགྲོའི་སྒྲ་ལས་ཨུའོ།། ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་ཏའོ།། འོད་ཉིད་ཀྱི་ཡང་མའོ།། གཅིག་པུ་ཉིད་ཀྱིས་སྒྲ་ལས་ཨེའོ།། ཐམས་ཅད་བདག་ཉིད་ཀྱི་སྒྲ་ལས་མའོ།། མཆོག་གི་སྒྲ་ལས ་མའོ།། ཐམས་ཅད་བདག་ཉིད་སྒྲ་ལས་ཨིའོ།། ཡང་འདི་ཉིད་ཀྱི་སྒྲ་ལས་ནའོ།། དམ་ཚིག་གི་སྒྲ་ལས་མ་ཡཱའོ།། མཆོག་གི་སྒྲ་ལས་ཨཱ་གཟུང་ངོ་།། དེས་ན་དོན་ནི་འདི་ཡིན་ཏེ། ཨ་བཾ་མཱ་ཡཱ་ཤྲུ་ཏཾ་ཨཱ་ཀསྨིན་ས་མཱ་ཡི་ཞེས་སོ།། གསང་བ་མཆོག་གི་དགྱེས ་པ་ན། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི།། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག། འདི་ནི་རང་བྱུང་བཅོམ་ལྡན་འདས།། གཅིག་པུ་ཉིད་ནི་ལྷག་པའི་ལྷ།། སྒྲ་ཡི་ཚུལ་ལས་ངས་བྱུང་རྣམས།། དམ་ཚིག ་སྤྱོད་པའི་སྤྱོད་ཡུལ་ཡིན།། ཞེས་ཏེ།། དེ་ཉིད་ཀྱིས་ནི་ཁྱད་པར་དུ་བྱེ་བ་དང་ཁྱད་པར་དག་ཚིག་གཅིག་ཏུ་གྱུར་པ་དེ་ཉིད་ཀྱི་དོན་གསལ་བར་བྱས་པས་ནི་ཐམས་ཅད་ལེགས་པར་གནས་པ་ཡིན་ནོ།། ཡང་ན་འདིར་ཁྱད་པར་གཞན་ཡང་ཡོད་པར་བསྟན ་ཏེ། གསང་བ་ལ་སོགས་པའི་ཚིག་རྣམས་ལ་ཁམས་བཅུ་དྲུག་ཏུ་སྦྱར་བ་དང་། ཁ་སྦྱོར་ལ་སོགས་པའི་གང་བསྟན་པ་དེ་ཡང་གཏན་ལ་དབབ་པར་བྱ་བ་དང་། ཡི་གེ་བཅུ་དྲུག་པོས་དེའི་དོན་མདོར་བསྡུས་པ་དང་། ཡང་ན་སྟོང་པ་ཉིད་བཅུ་དྲུག་ཏུ ་བསྟན་པ་དང་། མཆོག་ཏུ་གཏན་ལ་དབབ་པ་རྣམས་སྡུད་པ་པོས་འཆད་པར་འགྱུར་བའི་རྒྱུད་མཐའ་དག་གི་དོན་ཐུགས་ལ་གཞག་སྟེ། འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་གི་ཚེ་གང་དུ་གང་དང་གང ་གིས་གང་ལ་ཞེས་པའི་དྲི་བ་ལྔས་ནི་གླིང་བཞི་བསྟན་ཏེ། གང་གི་ཚེ་བཅོམ་ལྡན་འདས་ཨ་བཾ་གི་རྣམ་པའི་ཆོས་ཀྱི་འབྱུང་བ་གནས་ཀྱི་ཁང་པ་བརྩེགས་པའི་དབུས་སུ་བཞུགས་པ་སྟེ། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ནི་ཞེས་པའི་གསང ་བར་སྦྱོང་བ་དང་སྤྱོད་ཡུལ་དུ་བྱེད་ཅིང་རྗེསུ་སྒྲུབ་པ་སྟེ། ལུང་ལ་ནི་རྟགས་དང་སྒྲའི་མཚན་ཉིད་རང་དབང་མ་ཡིན་པར་རིགས་སོ།། དེས་ན་གནས་དེར་འཁོར་རྣམས་ཀྱིས་ཡོངསུ་བསྐོར་བའི་རྡོ་རྗེ་མཁའ་འགྲོ་ལས་དེའི་ཚེ་ཐོས་སོ།། ཐོས ་ནི་ཁོང་དུ་ཆུད་པའོ།། རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ།། མྱུ་བྱུའ་འརྩོན་འགྲོ་བའི་དོན་དང་ལྡན་པའི་ཕྱིར་ཏེ། སྐད་ཀྱི་བྱིངས་རྣམས་ནི་དོན་དུ་མ་དང་ལྡན་པ་ཉིད་ཀྱི་ཕྱིར་བཞུགས་ཞེས་བྱ་བའི་ཡང་དོན་ཏོ།། དུས་གཅིག་ནི་དུས་གཅིག་ག་ཅིན ་དུས་གཞན་མི་ཡིན་པ་དི་ནའི་དྲིས་མརྣཾས་པའི་རིན་ཏེ། འདིས་ནི་སྡུང་པ་པ་ད་ག་ཞིང་ཐོས་པ་མང་བ་ངབརྩོན་སྐབསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པའི་བདེ་པནད་ཅེས་པའིདན་མེདན་ནི་བཅོམ་ལྡན་འདས་པཛྲ ་ཞེས་པའི་ཐ་ཚིག་གོ།། འདི་དག་གིས་ནི་སྟོན་པ་དང་གནས་ཕུན་སུམ་ཚོགས་པ་དང་། རྗོད་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང་། དགོས་པའི་དགོས་པ་རྣམས་བསྟན་པ་ཡིན་ནོ།། སླར་ཡང་གསང་བ་ལ་སོགས་པ་ལ་ཚིག ་ཁྱད་པར་དུ་དབྱེ་སྟེ། གསང་བ་མཆོག་གི་དགྱེས་པའི་ཁྱད་པར་ཇི་ལྟ་བ་ཡིན་ཞེ་ན། ཉན་ཐོས་ལ་སོགས་པ་ལ་སྦས་པ་ཉིད་ཀྱི་ཕྱིར་གསང་བའོ།། མཆོག་ནི་ཕུལ་དུ་བྱུང་བའོ།། དགྱེས་པ་ནི་ཤིན་ཏུ་ཡི་དགའ་བྱེད་པའོ།། མཆོག་ཀྱང ་ཡིན་ལ་དགྱེས་པ་ཡང་ཡིན་པས་ན་མཆོག་དགྱེས་སོ།། གསང་བ་དང་མཆོག་ཏུ་དགྱེས་པ་ནི་གསང་བ་མཆོག་དགྱེས་ཏེ་ཁྱད་པར་བསྡུ་བའོ།། དེར་རྟག་ཏུ་བཞུགས་པ་ནི་བཅོམ་ལྡན་འདས་མ་གསང་གནས་པའི་མྱ་ངན་ལས ་འདས་པའི་དབྱིངས་ཉིད་ཁོང་དུ་ཆུད་པའོ།། རྟག་ཏུ་བཞུགས་པ་ནི་དུས་ཐམས་ཅད་དུ་བཞུགས་ཞེས་པའི་དོན་ཏོ།། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་ཞེས་བྱ་བ་ནི། ཐམས་ཅད་སྐུ་དང་གསུང་དང་ཐུགས་ལས་ཡང་དག་པར ་བྱུང་བ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རྣམསུ་ཁྱབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཅན་སེམས་ཅནྡ་རྣམས་ཀྱི་དོན་ལ་ཤིན་ཏུ་བརྩོན་པའི་མཁའ་འགྲོ་མ་རྣམས་སོ།། དེ ་དེ་རྣམས་ཀྱི་སེམས་དཔའ་ནི་སྲོག་ཏུ་གྱུར་པ་སྟེ། སྙིང་རྗེའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། མཆོག་ཏུ་བདེ་བ་ནི་བླ་མ་མེད་པའི་བདེ་བ་སྟེ། འགྲོ་བ་མཐའ་དག་གི་ཡིད་ལ་རེ་བསྒྲུབ་པར་བྱེད་པ་ཉིད་ཀྱི་ཕྱིར་རོ།། འདི་ནི་རང་བྱུང་ཞེས་པ་ལ ་རང་བྱུང་བ་གྱུར་པས། ཡང་ན་གང་གི་སྟོང་པ་དང་སྙིང་རྗེ་དབྱེར་མེད་བྱེད་པའི་བདེ་བ་ལ་གོམས་པས་རང་སྐྱེ་བར་འགྱུར་ཞིང་། སེམས་ཅན་དེ་ལྟ་བུར་གྱུར་པ་འབྱུང་བར་འགྱུར་བས་ན་རང་བྱུང་ངོ་།། གཅིག་པུ་ཉིད་ནི་ལྷག་པའི་ལྷ་ཞེས་པ་ནི་ལྷ། ་ས་ལྷག་པའི་ལྷ་སྟེ། མཆོག་ཏུ་བཙུན་པར་རྟོགས་པའི་ཕྱིར་དང་། དངུལ་བྱའི་སེམས་ཅན་སྣ་ཚོགས་པའི་སྤྱོད་པའི་འཇིག་རྟེན་གྱི་ཁམ་སུ་འཁྲུངས་པའི་ཕྱིར། ངས་ན་བཅོམ་ལྡན་འདས་ཉིད་ལྷག་པའི་ལྷའོ།། བཅོམ་ལྡན་འདས་ཞེས ་པ་ནི་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་སྦྱར་བ་འམ། ཉོན་མོངས་པ་ལ་སོགས་པའི་བདུད་རྩི་བཅོམ་པའམ། ཡང་ནི་ཤེས་རབ་ཀྱིས་ཉོན་མོངས་པ་འཇོམས་པ་སྟེ། དེའི་ཕྱིར་ཤེས་རབ་ལ་འཇོམས་པ་ཞེས་བྱ་སྟེ། གང་ལ་དེ་ཡོད་པ ་དེ་ནི་བཅོམ་ལྡན་འདས་ཞེས་བྱའོ།། སྒྲའི་ཚུལ་ལས་ངེས་འབྱུང་ཞེས་བྱ་བ་ནི། བདུ་བ་ཆེན་པོའི་རང་བཞིན་སྒྲའི་ཚུལ་གྱི་ཧཱུ~ཾ་གི་ཡི་གེའི་རང་བཞིན་སྔགས་དང་ལྷ་དག་དབྱེར་མེད་པ་ལས་ཆོས་དང་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པ ་སྟེ། སྐུ་གསུང་གྱི་རང་བཞིན་གྱི་རང་བཞིན་གྱིས་འགྲོ་བ་ག་དུལ་བའི་ཕྱིར། སྣ་ཚོགས་ཀྱི་གཟུང་སུ་སྤྲུལ་ཏེ། ཐམས་ཅད་དུ་སོནྡ་རང་བཞིན་ཉིད་ཀྱིས་དེ་ལྟར་ཐམས་ཅད་ངེས་པར་འབྱུང་བར་བྱེད་པའི་དོན་ཏོ།། ཡང་ན་མངོན་པར་རྟོག ་པའི་རོ་མ་པ་བསྟན་པ་ཉིད་དོ།། ད་ནི་གསང་བ་མཆོག་གི་དགྱེས་པ་ཞེས་བྱ་བ་ལ་སོགས་པ་རྣམས་ཁྱད་པར་དུ་བྱ་སྟེ། རྟག་ཏུ་ནི་དུས་ཐམས་ཅད་དུ་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་ན་མཁའ་འགྲོའོ།། འགྲོ་ཞིང་འབྱུང་བས་ན་རྡོ་རྗེ ་མཁའ་འགྲོ་སྟེ། ད་ནི་ན་མཁའ་འགྲོ་བ་སྟེ། སངས་རྒྱས་ཁམ་སུ་རྣམ་པར་བསྟན་ཞེས་གསུངས་སོ།། རྡོ་རྗེ་ནི་མི་ཕྱེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཡང་ཤེས་དང་ངམ་ཚིག་ཉིད་དོ་ཞེས་པའམ། ཡང་ན་རྡོ་རྗེ་མཁའ་འགྲོའི་སྒྲས་ཀླ ་ཀློའི་སྐད་དུ་བསྟན་པའི་ཕྱིར། སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ལ་སོགས་པའི་རྣམ་པར་ཐར་པ་བཞི་དང་ལྡན་པ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཞལ་བཞི་པར་འབྱུང་བར་འགྱུར་བའི་དོན་ཏོ།། གང་དུ་གནས་ཞེས ་གསུངས་པ་ལ་གསང་བ་སྟེ། ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུའོ།། ཁྱད་པར་ཇི་ལྟ་བུ་ཞིག་ན། མཆོག་སྟེ་ཕུལ་དུ་བྱུང་བའོ།། སླར་ཡང་ཁྱད་པར་དུ་བྱ་སྟེ། དགྱེས་པ་ནི་དགའ་བ་ལ་སྦྱོར་བའོ།། ཐམས་ཅད་བདག་ཉིད་ནི་ཆོས་ཀྱི་དབྱིང ་ཐམས་ཅད་དུ་སོན་པའི་རང་བཞིན་ཉིད་ཀྱི་ཕྱིར་རོ།། ཡང་ན་གསང་བ་སྣ་ཡི་ཁམས་ཡིན་ཏེ། མཆོག་ནི་ཆུ་ཡིན་ཁམས་ཡིན་ནོ།། དགྱེས་པ་མ་ཡིན་ཁམས་ཡིན་ཏེ། ཐམས་ཅད་བདག་ཉིད་རླུང་གི་ཁམས།། རྟག་ཏུ་བཞུགས་པ་ནཱ་མ ་ཁམས།། ཡང་ན་རྡོ་རྗེ་སེམས་དཔའ་དང་།། བིང་བར་གཤེགས་པ་ལྔའི་རང་བཞིན་ཉིད།། གསང་བ་རྣམ་པར་སྣང་མཛད་དེ།། མཆོག་ནི་རན་ཚན་འབྱུང་ལྡན་ནོ།། དགྱེས་པ་འོད་དཔག་མེད་པ་སྟེ།། ཐམས་ཅད་བདག་ཉིད་དོན་ཡོད ་གྲུབ་པ།། རྟག་ཏུ་མི་བསྐྱོད་པ་ཡིན་ཏེ།། བཞུགས་པ་རྡོ་རྗེ་མཁའ་འགྲོའོ།། ཡང་ན་དགའ་ལ་སོགས་པ་ནི།། བཞི་ཡི་རིམ་པ་ཇི་ལྔ་བ་བཞིན་ནོ།། ཡང་ན་སྣ་ཚོགས་ལ་སོགས་པའི།། སྐད་ཅིག་བཞི་རུ་སྦྱར་བར་བྱ།། ཡང་ན་རྣལ་འབྱོར་བཞི ་དང་ནི།། མྱུར་བ་ལ་སོགས་སྐད་ཅིག་བཞི།། ཡང་ན་ར་ནི་རྡོ་རྗེར་གསུངས་པ། ཡི་གེ་ཧྱ་ནི་པདྨར་བརྗོད།། གང་ཡང་འདི་དག་འདུས་པ་ནི། བྱང་སེམས་ནི་བརྗོད་པར་བྱ།། ཚིག་གཞན་དག་ནི་ཐམས་ཅད་ནི།། དེའི་ཁྱད་པར་དུ་གནས་པ་ཡིན་ནོ།། བདེ་བའི ་མཆོག་ཅེས་པ་ནི།། སེམས་ཅན་ཐམས་ཅད་དང་མཐུན་མོངས་གི་ཚུལ་ཡོད་པའི་བདེ་བ་ཞེས་པའོ།། དེའི་དོན་ཁྱད་པར་དུ་ཕྱེ་བ་མཆོག་གོ།། ལུས་ལ་ནི་རྟགས་དང་སྒྲའི་མཚན་ཉིད་རང་དབང་མ་ཡིན་པར་རིགས་སོ། མཆོག་ཏུ་བདེ་བ་ནི་འགྲོ ་བ་ཐམས་ཅད་མཐའ་དག་དང་ཐུན་མོང་མ་ཡིན་པ་མྱ་ངན་ལས་འདས་པ་སྟེར་བ་ཉིད་ཀྱིས་ཕྱིར་རོ།། དེས་ན་གཅིག་པུ་ཉིད་ལྷག་པའི་ལྷའོ།། གདུལ་བྱའི་སྐྱེ་བོ་རྣམས་བསྒོམས་པའི་དྷ་སུ་སྒྲུབ་པ་ལ་སྟོན་པར་བྱེད་པས་ན་སེམས་པའོ།། ཡང་ན ་སེམས་དཔའོ།། ཡང་ན་སེམས་པ་ལ་སྦྱོར་བའི་ཕྱིར་སེམས་པའོ།། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་རང་ཉིད་འབྱུང་བས་ན་རང་འབྱུང་ངོ་།། ཡང་ན་བསམ་གྱིས་མི་ཁྱབ་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་ཕྱིར་རང ་འབྱུང་བའོ།། སྦྱང་ན་དབང་བཅུ་བརྙེས་པ་ཉིད་ཀྱི་ཕྱིར་ན་རང་འབྱུང་ངོ་།། མཁའ་འགྲོ་མ་ཀུན་གྱི་དངོས་པོ་ནི་རྣལ་འབྱོར་མ་ཐམས་ཅད་ཀྱི་རང་བཞིན་ཏཱཾ། སྤྱནཱ་མ་ལ་སོགས་པ་དེའི་རང་བཞིན་ཞེས་བྱ་བའི་དོན་ཏོ།། འདིས་ནི་ལས་དང ་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོ་བཞི་བསྟན་པ་ཡིན་ནོ།། ཡང་ན་མཁའ་འགྲོ་མའི་སྒྲས་ནི་ལུས་ལ་གནས་པའི་རྩའི་འཁོར་ལོའོ།། དེའི་རང་བཞིན་ནི་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། དེ་ཉིད་ཀྱིས་ན་སེམས་དཔའོ།། ་འདིས་ནི་གསུང་བའི་དབང་བསྐྱེད་པ་ཉིད་དུ་བསྟན་པ་ཡིན་ནོ།། ཡང་ན་ཤེས་རབ་ཡེ་ཤེས་ཉིད་ཀྱི་གཉིས་མེད་པའི་སྦྱོར་བ་ལ་སྙོམས་པར་ཞུགས་པ་ཉིད་ཀྱིས་ཁམས་གསུམ་པ་རོ་གཅིག་པ་ཉིད་ཀྱི་ཕྱིར་རོ་ཞེས ་པའི་ཕྱིར་དོན་ཏོ།། འདི་དག་ནི་རྟོགས་པར་སླ་ཡང་བར་བཤད་པ་སྟེ། གསང་བའི་ཚིག་ཙམ་གྱི་དོན་མ་ལུས་པར་བཤད་པ་ཡིན་ནོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དང་པོའི་གསང་བའི་བཤད་པའོ།། །། དང་པོར་རྣམ ་པར་སྣང་མཛད་གནས་ཞེས་པ་ནི་དང་པོར་ཨོཾ་གནས་པའོ།། དེ་ལ་སྡེ་ཚན་མཐའ་མ་སྦྱར་ཞེས་པ་ནི། ཨོཾ་ངའི་མཐའ་མར་སྡེ་ཚན་བརྒྱད་པའི་མཐའ་མ་ཧ་སྦྱར་བར་བྱའོ།། ཏ་པ་དག་ནི་མཐའ་མ་ལ། རི་ཁྲོད་བདག་གིས་བལྟ་བར ་བྱ། ཞེས་པ་ནི། ཏའི་སྡེ་ཚན་དང་པོའི་སྡེ་ཚན་གྱི་མཐའ་མར་གནས་པའི་ན་དང་མ་སྟེ། དེའི་མཐའ་བདག་གིས་ཧ་བལྟ་བར་བྱའོ།། གསུམ་པ་མདའ་ཡིས་སྤྱི་བོར་བརྒྱ་ཞེས་བྱ་བ་པ་ནི། ཨོཾ་དབྱངས་ཡིག་གསུམ་པའི་ཨི་ངས ་བརྒྱན་ཞེས་པའི་དོན་ཏོ།། མཐའ་རུ་ས་ཤེས་པའི་དོན་ཏོ།། མཐའ་རུ་ས་ཞེས་པ་ནི། མཐའ་རུ་ས་སྦྱར་བའོ།། ལ་ཤྱ་དག་གི་དབུས་ཀྱི་གདན་ཞེས་པ་ནི། ལ་དང་ཤ་དག་གི་དབུས་སུ་གནས་པའི་ཡི་གཱ་ཝ་དེ་གང་གི་གདན་དུ་སྦྱར ་ཞེས་པའི་དོན་ཏོ།། མངའ་གཉིས་པ་ཡིས་ཡོངསུ་དག་ཅེས་པ་ནི། དབྱངས་ཡིག་གཉིས་པ་དང་སྦྲེལ་བས་ཡོངསུ་མཉེས་པར་བྱ་ཞེས་པའི་དོན་ཏོ།། རི་ཁྲོད་ཨའི་མདའ་སྟེང་གནས་ཞེས་པ་ནི། རི་ཁྲོད་ནི་ཧའོ།། དེ་ཡང་དབྱིངས ་ཀྱི་ཡི་གེ་མདའ་དང་ལྡན་པའི་དོན་ཏོ།། སླར་ཡང་རི་ཁྲོད་མདའ་ལྔའི་གདན་ཞེས་པ་ནི། སླར་ཡང་ཧ། ཨུའི་གདན་ལ་གནས་པའི་དོན་ཏོ།། ཟླ་ཕྱེད་ཐིག་ལེས་བརྒྱན་པ་སྟེ་ཞེས་པ་ནི། ཟླ་བ་ཕྱེད་པ་དང་ཐིག་ལས་མཛེས་པར་བྱས་ཞེས ་པབའི་དོན་ཏོ།། ལ་ཤའི་དབུས་སུ་གནས་ས་བོན་ཞེས་པ་ནི། ལ་དང་ཤའི་དབུས་སུ་གནས་པའི་ས་བོན་ཞེས་པའི་དོན་ཏོ།། བཅུ་པའི་མདའ་ཡིས་ཡོངསུ་དག་ཅེས་པ་ནི། དབྱངས་ཡིག་བཅུ་པོ་ཨེས་བརྒྱན་པས་མགུ་རཾ་བར་བྱ ་ཞེས་པའི་བར་དུའོ།། ཤ་དང་སའི་དབུས་གནས་པ་ཞེས་པ་ནཱཾ། ཤ་དང་སྭ་དག་གི་དབུས་གནས་པའི་བ་ཞེས་པའི་དོན་ཏོ།། ཞལ་གསུམ་པ་ཞེས་པ་ལ་ཞལ་གསུམ་པ་ནི་ཏའོ།། རླུང་གི་གཉིས་པ་དྲག་པོས་བརྒྱན ་ཞེས་པ་ལ་རླུང་གཽ་ཡའོ།། དེའི་གཉིས་པ་ནི་ཤའི་སྡེ་ཚན་ཏེ། དེའི་མཐའ་མིའི་ཧ་ལ་དབྱངས་ཡིག་བཅུ་གཅིག་པས་བརྒྱན་ཞེས་པའི་དོན་ཏོ།། ཧཱུཾ་ཧཱུཾ་དང་ནི་ཧ་རྙེད་པ་ཞེས་པ་ནི། ཧཱུཾ་ཧཱུཾ་ཧ་བླང་ཞེས་པའི་དོན་ཏོ།། དགུ་པ་མདའ་ཡིས ་ཡོངསུ་བརྒྱན་ཞེས་པ་ནི། ཨོཾ་དང་ཡང་དག་ལྡན་ཞེས་པའི་དོན་ཏོ།། ཕཊ་ཀྱི་ཡི་གེ་རྙེད་པ་ཞེས་པ་ནི། ཡི་གེ་ཕཊ་བླང་པ་ཉིད་དོ།། ལྷག་མ་ཧཱ་ཞེས་པ་ནི་སྤྲེ་ཚོན་གྱི་ལྷག་མ་སྟ་མྲྀཐེའ་ན་གནས་པའི་ཧའོ།། ཚིག་གི་ཁ་བསྐང ་ཞེས་པ་ནི་ཧ་ལ་ཨོཾ་སྦྱར་ཞེས་པའི་དོན་ཏོ།། འདས་ནི་འཁོར་ལོ་བསྒྱུར་བ་དྲུག་ནི། སྔགས་བཏུ་བ་བསྟན་པ་ཡིན་ནོ།། དེ་ལ་སྔགས་ནི་འདི་ཡིན་ནོ།། ཨོཾ་ཧ་ན་མཿཧི་སྭཱ་ཧཱ་ཧཱུཾ་བཽ་ཥ་ཌ་ཧཾ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་ངོ་།། ལྔ་པའི་དབུས ་གནས་དེ་ཁོ་ན་ཞེས་པ་ནི་སྣ་ཚན་ལྔ་པའི་དབུས་སུ་གནས་པའི་པའོ།། ཡི་ག་ཧ་དང་ཡོའང་སྦྱར་ཞེས་པ་ནི། ཡི་གེ་ཧ་ཡོ་བ་ཏུ་བའོ།། རི་ཁྲོད་ར་ལཱ་ཞོན་པ་སྟེ་ཞུས་པ་ནི། ཡཱཾ་གེ་ཧ་ར་ལཱ་གནས་པའོ།། ཨཽའི་མངའ་ལྔ ་སྤྱི་བོར་གནས་ཞེས་པ་ནི། ཡི་གེ་ཧཱ་ཨོཾ་མགོར་ཡང་དག་པར་གནས་ཞེས་པའི་དོན་ཏོ།། སླར་ཡང་པ་སྡེའི་མཐོའ་མ་ལ་ཞེས་པ་ནི་ཡང་པའི་སྡེ་ཚན་གྱི་མཐའ་མིའི་གཟུང་བའོ།། དགུ་པའི་མངའ་ཡིས་ཡོངསུ་བརྒྱན་ཞེས་པ་ནི ་ཨེ.ཽའི་དབྱངས་ཡིག་དང་ལྡན་པའོ།། རི་ཁྲོང་འདི་ཉིད་ར་ལ་ཞོན་པ་ནི་ཧའི་ཡི་གེ་དྭེ་ཉིད་ར་ལ་བརྟན་པའོ།། རྣ་བ་རུ་ནཱི་ཨ་ཡིས་བརྒྱན་ཞེས་པ་ནི། ཡཽ་ག་ཨས་མགོའི་གྲཱ་ར་བརྒྱན་པའི་དོན་ཏོ།། རི་ཁྲོད་ར་ལ་ཞོན་པས་མཛེས། ཨ་འདའ ་ཟླ་ཕྱེད་ཐིག་ལེས་བརྒྱན་ཞེས་པ་ནི་ཡི་གེ་ཧ་ར་ལ་བརྟེན་པ། དབྱངས་ཡིག་ཨཱིས་བརྒྱན་ཅིང་ཟླ་བ་ཕྱེད་པ་དང་ཐིག་ལས་བརྒྱན་པས་མཛེས་ཞེས་པའི་དོན་ཏོ།། སླར་ཡང་རོ་ཁྲོད་མདའ་ལྔས་སྦྱར། ཟླ་ཕྱེད་ཐིག་ལེས་ཅོད་པན་ནོར།། ་ཞེས་པ་ནི་སླར་ཡང་ཧ་དབྱངས་ཡིག་ཨུ་དང་ལྡན་པས་བཏུ་བའོ།། ཁྱད་པར་ཛ་ལྟ་བུ་ཞེ་ན། ཟླ་བ་ཕྱེད་དང་ཐིག་ལའི་ནོར་བུ་དེ་ཉིད་ཀྱིས་དེ་ལ་སྦྱར་བའི་དོན་ཏོ།། སླར་ཡང་མཐའ་དག་དྲི་ཉིད་མགོན་ཞེས་པ་ནི། སླར་ཡང་མཐའ་དག ་གི་དེ་ཁོ་ན་མཆོག་སྟེ་ཧཱུ~ཾ་ངོ་།། དེ་ཉིད་ཀྱིས་མགོན་པོའོ།། མཐའ་མར་ཕཊ་ཀྱིས་རནི་ཆེན་བརྒྱན་ཞེས་པ་ལ། ཕཊ་ནི་ཀླུའི་རིན་པོ་ཆེ་འདྲ་བ་སྟོ་ཐ་མར་ཕཊ་ཉོས་འགྱུར་སྦྱར་ཞེས་པའི་དོན་ཏོ།། རྣམ་སྣང་མཛད་ཀྱི་གོ་ཆ་བཞིན ་སྣ་ཚོགས་ཚིག་ནི་ཁ་བྷུ་སྐད་བྱ་ཞེས་པ་ནི། དེའི་རྗེ་སུ་ཚིག་ཐམས་ཅད་ལ་ཁ་བསྐང་པས་རྫོགས་པར་བྱ་བའི་དོན་ཏོ།། གང་གིས་ཞེ་ན་ཁ་བསྐང་བའི་ཆོ་གས་སོ།། སྔོན་དུ་གསུངས་པའི་ཐུན་མོང་གི་ཆོ་ག་རཱ་བཱལླ་བུར་བྱཱ་སྟེ། དེའི ་རྗེསུ་རེ་ཞིག་དང་པོར་ཨོཾ་དང་ཐམས་ཅད་ཀྱི་མགོར་ཟླ་བ་ཕྱེད་པ་དང་། ཐིག་ལེས་བརྒྱན་པར་བྱ་བའི་དོན་ཏོ།། འདིས་ནི་རྣལ་འབྱོར་མ་དྲུག་གི་སྔགས་བཏུ་བ་བསྟན་ཏོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་བཾ་ཧཾ་ཡོཾ་ཧྲིཾ་མ~ཾ་ཧ~ཾ་ཧྲིཾ་ཧཱུཾ་ཧཱུཾ ་ཕཊ། སྔོན་དུ་ཀ་བསགས་མཐའ་རུ་ནི། ར་དང་མཉམ་པོ་ལན་གཉིས་བཟླ་ཞེས་པ་ནི། དང་པོ་ཁོ་ནར་ཀ་རའི་མཐའ་དང་ལྡན་པར་སྦྱར་བ་ལནི་གཉིས་སུ་བཟླས་པར་བྱ་བའི་དོན་ཏོ།། སླར་ཡང་འདི་ནི། ཀུ་རུ་ཀུ་རུ་སེམས་ཅན་སྦྱོར ་ཞེས་པ་ནི་སེམས་ཅན་གྱི་དོན་ལ་རབ་ཏུ་སྦྱོར་བར་བྱེད་པའོ།། བནྡྷ་བཅོད་ཕན་མཛེས་པས་ཚངས།། ཞེས་པ་ནི་མགོར་རལ་པའི་ཅོད་པོན་མཛེས་པ་ཚངས་ཤིག་ཅེས་པའི་དོན་ཏོ།། སླར་ཡང་འདི་ནི་བཟླས་པར་བྱ་ཞེས་པ་ནི་བནྡྷ་དོང ་ཞེས་པའི་སྒྲའི་གཟུགས་འདི་ཉིད་སླར་བཟླས་པ་སྟེ། ལ་ནུ་གཉི་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ།། ཏྲཱ་ས་བརྫུན་པའི་འཇིག་རྟེན་སྐྲག་གཟུགས་བྲལ་བདེན་དངོས་འདི་ནི་བཟླས།། ཞེས་པ་ནི། འཇིག་རྟེན་བརྫུན་སྐྲག་པར ་བྱེད་པའི་གཟུགས་དང་བྲལ་བའི་བདེན་པའི་དངོས་པོ་སྟོང་པ་ཉིད་གསུངས་པ་ཡང་བཟླས་པར་བྱ་ཞེས་པའི་དོན་ཏོ།། ཀ་ཥ་ཨོའི་མངའ་དང་ལྡན་ཞེས་པ་ནི། ཡི་གེ་ཀྵ་ཨོའི་དབྱངས་ཡིག་དང་ལྡན་པར་བྱ་བའི་དོན་ཏོ། བྷ་ཡ ་གློ་རུ་ཡ་དག་གནས་ཞེས་པ་ནི། བྷ་ཡའི་སྒྲ་གློ་རུ་གནས་པར་བྱའོ།། སླར་ཡང་འདི་ནི་བཟླས་པར་བྱ་ཞེས་པ་ནི་ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ།། རི་ཁྲོད་ཉི་མའི་གདན་ལ་བཞུགས་ཞེས་པ་ནི། ཡི་གེ་ཧ་རའི། ་སྟན་ལ་གནས་ཞེས་པའི་དོན་ཏོ།། བཅུ་པའི་མངའ་དང་ཟླ་ཕྱེད་དང་། ཐོག་ལེ་ཡིས་ནི་ཡོངསུ་བརྒྱན་ཞེས་པ་ནི། དེ་ཉིད་ཨོཾ་དང་ཟླ་བ་ཕྱེད་པ་དང་ཐིག་ལེས་ཡོངསུ་རྫོགས་པ་ཞེས་པའི་དོན་ཏོ།། འདི་ཉིད་སླར་ཡང་བཟླས་པར་བྱ། ་ཞེས་པ་ནི་འདི་ཉིད་ཡང་བརྗོད་པ་སྟེ། ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ།། རི་ཁྲོད་ཉིན་ག་པས།། ཡོངས་བརྒྱན་ཚག་དྲུག་ཡང་དག་གནས་ཞེས་པ་ནི། ཡི་གེ་ཧཱ་ར་ལ་བརྟེན་ཅིང་ཚིག་དང་ལྷན་ཅིག་པ་བཏུ ་བ་ཞེས་པའི་དོན་ཏོ།། ཉིས་འགྱུར་བྱ་ཞེས་པ་ནི་ལན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ།། ཕ་ཞེས་བྱ་བའི་སྟེང་དུ་ནི།། ཟླ་བ་གཞོན་པའི་ཐིག་ལེར་སྦྱར་ཞེས་པ་ནི། ཡི་གེ་ཕའི་སྟེང་དུ་ཟླ་བ་ཕྱེད་དང་ཐིག་ལེར་སྦྱར་ཞེས་བྱ ་བའི་དོན་ཏོ།། སླད་ཡང་བཟླས་པར་བྱ་བ་ཡིན་ནོ།། ཞེས་བྱ་ནི་སྔོན་བཞིན་དུ་ཡང་བཟླས་པར་བྱ་བའི་དོན་ཏོ།། ཕཊ་ཕཊ་སྒྲའི་བསྒྱིངས་ཏེ་མཛེས་ཤེས་པ་ནི་ཕོཊ་ཕཊ་ཅེས་པས་བརྒྱན་པ་གོང་མ་དང་སྦྱར་བར་བྱ་ཞེས་པོའི་དོན་ཏོ།། ད ་ཧ་ད་ཧ་མཁའ་འགྲོ་སྡོམ།། མ་ལུས་རྣམ་རྟོག་ཤིང་ནི་བསྡིག་ཅེས་པ་ནི། ད་ཧ་ད་ཧ་མཁའ་འགྲོ་མའི་སྡོམ་པ་སྟེ། རྣམ་པར་རྟོག་པ་མ་ལུས་པའི་ཤིང་བསྲེག་པའི་དོན་ཏོ།། སྔ་ཚན་ལྔ་པ་གཉིས་དང་ལྡན་ཞེས་པ་ནི་སྡེ་ཚན་ལྔ ་པའི་བཱ་དང་། སྡེ་ཚན་གཉིས་པའི་ཙ་དང་ལྡན་པའི་དོན་ཏོ།། སྡེ་འདི་དག་གི་གཙོ་བོ་ནི། སླར་ཡང་བཟླས་པར་བྱ་བ་ཡིན། ཞེས་པ་ནི་སྡེ་ཚན་དེ་དག་གི་ཡི་གེ་གཉིས་པོ་གཙོ་བོར་གྱུར་པ་སླར་ཡང་བཟླས་པར་བྱ་ཞེས་པའི་དོན་ཏོ།། བྷ་ཀཱ་བྷ་ཀྵ་ཧཱ ་ས་རུ་དྷི་ར་ཨནྡྲ་མཱ་ལཱ་བཱ་ལཾ་བི་ནེ་ཞེས་པ་ནི། བྷ་ཀླཱ་བྷ་ཀྵ་ཞེས་པ་ལ་སོགས་པ་བསྡུས་ཏེ་བཏུ་བར་བྱ་ཞེས་པའི་དོན་ཏོ།། གྲྀཧྞ་གྲྀཧྞ་ས་པ་ཏ་པ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦཾ་བཱ་ཞེས་པ་དང་། ཏར་ཛ་ཡན་ལན་གཉིས་བཟླས་པར་བྱ་ཞེས་ནོ།། ་ཏར་ཛའི་ཚིག་ལན་གཉིས་སུ་བསྒྲེ་བར་བྱ་ཞེས་པའི་དོན་ཏོ།། ཨ་དང་ཀ་སྟེ་གསུམ་པ་དང་། བཞི་པའི་ཚིག་ལ་ཡང་དག་གནས།། ཞེས་པ་ནི་ཡི་གེ་ཨཱ་དང་སྡེ་ཚན་གསུམ་པའི་ཌ་དང་འདི་ཉིད་ཀྱི་བཞི་པ་ཌྷ་ཡའི་ཚིག་ལ་གནས ་པའི་དོན་ཏོ།། སྦྱར་བ་འདིས་བཟླས་པར་བྱ་ཞེས་པའི་དོན་ནི་ལན་གཉིསུ་གདོན་པར་བྱ་ཞེས་པའི་དོན་ཏོ།། རི་ཁྲོད་མའི་གདན་ལ་གནས་ཞེས་པ་ནི། ཡི་གེ་ཧཱ་ར་བརྟན་པའི་དོན་ཏོ།། བཞི་པའི་མངའ་ཡིས་ཡོངས་སུ་རྫོགས་ཞེས་པ་ནི ་བཞི་པའི་དབྱུངས་དང་ལྡན་པའི་དོན་ཏཽ། སླར་ཡང་བཟླས་པར་བྱ་བ་ཡིན་ཞེས་པ་ནི་ལྡན་གཉིས་སུ་བཟླས་པར་བྱ་ཞེས་པའི་དོན་ཏོ།། ཀའ་སྡེ་ཚན་ལྔ་པ་ཡི། མཐའ་ཡི་གདན་ལ་ཡང་དག་གནས་ཞེས་པ་ནི། ཡི་གེ་ཀྵ་སྔ་ཚ་ནཱ་ལྟ་པའི ་མཐའ་མ་མོའི་གདན་ལ་གནས་པའོ།། ཨོཾ་དང་ཐི་ག་ལེར་ཡང་དག་ལྡན་ཞེས་པ་ནི། ཨའི་དབྱངས་ཡོག་དང་ཐིག་ལེ་དང་རབ་ཏུ་ལྡན་ཞེས་པའོ།། འདི་ནི་བཟླས་པར་བྱ་བ་ཡིན་ཞེས་པ་ནི། འདི་སླར་འདས་པར་བྱ་ཞེས་པའི་དོན་ཏོ།། ་སླར་ཡང་རི་ཁྲོད་ཅེས་བྱ་བ་ལ། གཉིས་པའི་མདའ་དང་ཡང་དག་ལྡན་ཞེས་པའི་ཡི་གེ་ཧ་དང་དབྱངས་ཡིག་གཉིས་པ་དང་ལྡན་ཞེས་པའི་དོན་ཏོ།། སླར་ཡང་གསུམ་པའི་འདའ་ཡིས་ནི། རི་ཁྲོད་ཡོངསུ་བརྒྱན་པའོ།། ཞེས་པ་ནི ་དབྱངས་ཡིག་གསུམ་པས་ཡོངསུ་རྫོགས་པའི་ཧ་ཞེས་པའི་དོན་ཏོ།། སླར་ཡང་རི་ཁྲོད་ཅེས་བྱ་བས། ལྔ་པའི་དབྱངས་མངའ་ཡིས་གདན་དུ་བྱས།། ཞེས་པ་ནི་སླར་ཡང་ཡི་གེ་ཧ་ས་དབྱངས་ཡིག་ལྔ་པ་གང་ན་དུ་བྱས་ཞེས་བྱའི་དོན་ཏོ།། ་འདི་དག་ཐམས་ཅད་ཟླ་ཕྱེད་དང་། ཐིག་ལེ་ཅོད་པན་གྱིས་ནི་བརྒྱན་ཞེས་པ་ནི། འདི་དག་ཐམས་ཅད་ཇི་ལྟར་གསུངས་པ་བཞིན་དུ་ཟླ་བ་ཕྱེད་པ་དང་ཐིག་ལེས་ཅོད་པནྡ་དུ་བརྒྱན་ཞེས་པའི་དོན་ཏོ།། འདི་དག་སླར་ཡང་བཟླས་པོར་བྱ་ཞེས ་པ་ནི། འདི་དག་ཐམས་ཅད་ཡང་དང་ཡུང་དུ་བཟླས་པར་བྱ་ཞེས་པའི་དོན་ཏོ།། ཀ་ས་ཙ་དྷ་ཨི་མངའ་འཆང་ཞེས་པ་ནི་ཡི་གེ་ཀ་དང་སཾ་ཙ་དང་དྷ་རྣམས་དབྱངས་ཡིག་ཨི་འཆང་ཞེས་པའི་དོན་ཏོ།། རེ་རེ་ཞིན་དུ་ལའི་མཐའ་ཞེས་པ་རྀ་རཾ་བཞིན ་དུ་ལིའི་སྒྲའི་མཐའ་དང་ལྡན་ཞེས་པའི་དོན་ཏོ། འདིའི་རང་བཞིན་སླར་ཡང་བཟླས། ཤེས་པ་ནི་ཡང་དང་ཡང་དུ་བཟླས་པར་བྱ་ཞེས་པའི་དོན་ཏོ།། རི་ཁྲོད་ཨུ་ཡི་མདའ་ལ་ཞོན།། ཟླ་བ་ཕྱེད་དང་ཐིག་ལེར་ལྡན། སླར་ཡང་ཡོངསུ་བཟླས་པར་བྱ།། ་ཞེས་པ་ནི་ཡི་གེ་ཧ་དང་དབྱངས་ཡིག་ལྔ་པ་ཨུ་ལ་བརྟན་པ་དང་། ཟླ་བ་བྱང་པ་དང་ཐིག་ལེ་དང་ལྡན་པ་ལན་གཉིསུ་བཟླས་པར་བྱ་ཞེས་པའི་དོན་ཏོ།། ཕཊ་གྱི་རིན་ཆེན་རབ་ཏུ་བསྒྲུབ།། རྣམ་པ་དུ་མའི་ཆ་དང་ནི།། ཆ་མང་མེ་ཏོག་ཡང་དག་བླང་། ་ཞེས་པ་ནི་རྣམ་པ་སྣ་ཚོགས་པའི་ཆ་དང་། ཆ་མ་ཡིན་པའི་མེ་ཏོག་བླངས་ཏེ་ཕཊ་ཀྱི་མཐའ་ཅན་གྱི་སྔགས་ཀྱི་རྒྱལ་པོ་རབ་ཏུ་བསྒྲུབ་ཅེས་བའི་དོན་ཏེ།། འདིས་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཀྱི་ཚོགས་གང་ཞིག་གླུའི་རྣམ་འཕྲུལ་གྱིས ་བཏུ་ས་ཏེ་བསྟན་པ་ཡིན་ནོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཀ་ར་ཀཱ་ར་ཀུ་རུ་ཀུ་རུ་བནྡྷ་བྷནྡྷ། ཏྲ་སེ་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷཱ་ཡ། ཧྲིཾ་ཧྲིཾ་ཧྲཿཧྲཿཕེཾ་པཾ་ཕཊ་ཕཊ། ད་ཧ་ད་ཧ། ཙ་པ་ཙ་བ། བྷཀྵ་བཱཀྵེ། བ་ས་རུ་དྷི་ར། ཨ་ན་ཏྲ་མཱ་ལཱི་པ་ལཾ་བི་མི་གྲྀཧྞ་གྲྀཧྞ ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦ་བཱ་ཏརྫ་ཡཏ་ཛཱ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཿཧཱི་དྷཱི་ཀྲཱྀ་ཀྵཻ་ཏཱཾ་ཧཱཾ་ཧི་ཏི་ཧུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་ས་ལི། ཙི་ལྀ་ཙི་ལི། དྷི་ལི་དྷི་ལི། ཙཱ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་དག་རྒྱུ་དྲི་གསུངས་པའི་རབ་ཏུ་སྦྱོར་བ་ལས་ཀྱི་ཚོགས་བིརྨྱ ་བྱའོ།། དཔལ་རྡོ་རྗེ་མཁའི་འགྲོའོ་ལེའུ་གཉིས་པའི་སྔགས་པདྡྷ9འི་བཤད་པའོ།། རྐང་པ་བརྒྱུད་པའི་སྔགས་དང་བཙན་ཐབས་ཀྱི་གཟུང་དང་། སྤྱན་སེར་ཅན་གྱི་སྔགས་ཀྱི་ལྷན་ཅིག་པར་གཏོགས་པོ་རྒྱས་རྒྱུད་དུ་བསྟན་པ ་བཞིན་དུ་བཏུ་བར་བྱའོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཡི་མོ་བྷ་ག་ཏ་ཤཱག་ས་དྡྷི་བྷཱུ་ཛ་ཊ་མ་ཀུ་ཌོཏ་ཀཊྚ་ཡ། དཥྚ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མཱ་ཥ་ཡ། སཱ་ཏཱ་སྭ་བྷ་ཛཱ་བྷྱཱཾ་སུ་རཱ་ཡཱ། པཱ་ར་ཤུ་པཱ་ཤློ་དྱཱ་ཏཱ་ཤྨ་ལཱ་པཱ་ཊྭཱཾ་ག་དྷཱ་རི་ཎི། བྱཱགྣ་ཛི་ནཱཾ་བ་ར་དྷ་ར་ཡ། མཧཱ ་དྷུམྨ་ཨ་ན་དྷ་ཀཱ་ར་བ་པུ་ཥཱ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ད་ལ་བ་ཙན་ཐབས་ཀྱི་གཟུངས་འདིའོ།། ཨ་ཌྷེ་བརྡྷ་ནརྞྞེ་ཀུན་ཌྷེཿ། ཀེ་ཐར་ཀི་ཏ་རུ་བི་ཏ་རུ་བེ་ནཿཀི་ལི་ལི་ལུ་ལུ་ཧི་མི་ལི་མི་ལྀ་ཏི་ལི་སི་ལིཾ་སི་ལི། ཨ་ཐི་བ་ཐ་ཀུ་ནེ་ཐེ། ཨ་ན་མ་པ་པིཿ ་ན་བམྱཱ་ཀ་སྱོ་གྷཱ་སོགྷཱ་སམ་ཧཱགྣ་ས་མྦྷ་སགྷཱ་ས་སྭཱ་ཧཱ། ཨུ་བྷ་གཎ་ལཱཀྵ་ས་དྒྷ་ཛྙཱ་ཕཊ་ཕཊནས་པ་ནི་སྤྱན་སེར་ཅན་གྱི་སྔགས་པ།། གང་དུ་བརྒྱན་ན། ཨ་མ་ཧཱ་ཞེས་པ་ལ་སོགས་པརར། ཉམ་བན་ད་ཞེས་བྱུང ་ལ་སོགས་སྔགས་ཀྱི་ཆོ་ག་ནི་འདི་ཡིན་ཏེ། སཱ་ལ་ཁྲུ་གང་ཙམ་བརྐོས་ནི་ས་དེའི་འོག་གི་ས་བླངས་ཏེ་ལེན་བདུན་དུ་མངོན་པར་སྔགས་ཏེ། དབུགས་མི་འབྱིན་པར་ཁང་པའི་སྟེང་གཏོར་ན། ཇི་སྐད་གསུངས་པ་བཞིན་འགྱུར་རོ།། བྷ ་ས་བ་ཏོ་ལ་ཨོཾ་མདྷི་ཞེས་བྱ་བ་ལ་སོགས་པའི་སྔགས་མཐར་གང་གསུངས་པ་ནི་བ་ལང་གི་གདོང་ཅན་གྱི་སྦྱོར་བའོ།། ཁྱུ་མཆོག་གི་རུས་ས་གཏོར་བ་བར་སྣང་ལས་མྱུར་བར་བླངས་ཏེ་ཞེས་པ་ནི།། ཁྱུ་མཆོག་རང་ཉིད་ཀྱི་རས་དྲནས ་པ་གང་ཡིན་པ་དེ་ཉིད་བླང་བར་བྱ་བའི་དོན་ཏོ།། འདིར་ངེས་པར་དཀྲུགས་པ་དང་མ་དཀྲུགས་པའི་རིམ་པས། སྦྱོར་བ་རྟོགས་པར་བྱའོ།། སྔགས་ཀྱང་དེ་བཞིན་ནོ།། དེ་ལྟར་གཞན་དག་ཀུན་ནི་རྟོགས་པར་སླའོ།། བཀས་སྤྲིན་གཟློག ་པ་འགྲུབ་ཅེས་པ་ནི། ཨ་ནི་དསྨ་ཏཎྜ་ཛྙ་ཨ་ཨི་ཞེས་པ་ལ་སྩོགས་པའི་སྔགས་ཀྱིས་སོ།། ཀ་ར་བཱི་རའི་ལྕུག་མ་ལ་ལག་པའི་ཚད་ཙམ་བླངས་ཏེ། ཆོ་ག་བཞིན་སྔགས་པས་རླུང་དང་ཆར་བ་དང་སེར་བ་ལ་སོགས་བཟློགས་པར་བྱེད།། ་དེ། འདིའི་ཆོ་གས་རྟོགས་པར་བྱའོ།། རཏྣ་ར་ཏི་ཞེས་པ་ནི། ཨོཾ་རཏྣ་ར་ཏི་སྭཱ་ཧཱ་ཞེས་པའོ།། སྔགས་འདིའི་སྦྱོར་བ་ནི་བུད་མེད་ཀྱི་ཆུའི་རྗེས་ཀྱིས་དང་། བདག་གི་ཆུའི་རྗེས་ཀྱིས་གཅིག་ཏུ་བྱས་པ་དང་། གཞན་ཡང་མིའི་ཐོད ་ཐོད་པར་གི་ཝང་དང་། སེན་མོ་རྩི་དག་གིས་བསྒྲུབ་བྱའི་ཆ་བྱས་བྲི་བར་བྱ་ཞེས་པའི་དོན་ཏོ།། དེ་ལྟར་ལས་ཀྱི་ཆོ་ལ་རྫོགས་པར་བྱ་ཞེས་པའི་དོན་པར་དུའོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་གསུམ་པའི་ལས་ཀྱི་ཚོགས་ཀྱི་བཤད་པའོ།། ། ་དཔའ་བོ་གཡུལ་དུ་ཕྱོགས་པའི་རས་ལ་རི་མོ་སྣ་ཚོགས་པས་ལུས་སྤྲས་ཞེས་པ་ནི། ཨོཾ་ཛཾ་བྷ་མོ་ཧཾ་ཞེས་པའི་སྦྱོར་བས་རྟོགས་པར་བྱའོ།། རྐང་པ་བརྒྱད་པའི་སྔགས་ཀྱི་རྒྱལ་པོ་ནི་དེའི་ལས་ཀྱི་ཁྱད་པར་ཐམས་ཅད་ལ་ཐུན ་མོང་མ་ཡིན་ནོ།། བཙན་ཐམས་ཀྱི་གཟུང་རྒྱུན་དུ་བཟློག་པ་གང་ཡིན་པ་དེ་ནི་འཆི་བ་ལས་རྒྱལ་བར་འགྱུར་རོ།། སྤྱན་སེར་ཅན་གྱི་རབ་ཏུ་སྦྱོར་བས་ཀྱང་དེ་ལྟར་འགྱུར་རོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཞི་པའི་ལས་ཀྱི་ལྷག་མའི་བཤད ་བའོ།། །། ཏོགས་པའི་དགྲའི་མཚོ་བ་ཅན་ཞེས་པ་ནི་གཤིན་རྗེའི་དགྲའི་མཆེ་བ་ཙོན་གྱི་ཡི་གེ་སའོ།། རྀས་སྦྲུལ་གདན་ལ་ཡང་དྲུག་བཞུགས་ཞེས་པ་ནི། ཨུའི་གདན་ལ་ཡང་དག་པར་བཞུགས་པའོ།། པ་སྡེ་དབུ་མའི་མཐར་ཆུང་པ ་སླར་ཡང་བཞི་པ་ཡང་དག་གནས།། ཞེས་པ་ནི་བཀྲམ་པའི་འཁོར་ལོའི་དབུས་སུ་གནས་པའི་སྡེ་ཚན་གྱི་མཐའ་མའོ།། སླར་ཡང་བཞི་པ་ཞེས་པ་ནི། སྡེ་ཚན་དེ་ཉིད་ཀྱི་དབུས་སུ་གནས་པའི་བཞི་པའི་བྷ་དེ་རུ་ཡང་དག་པར་སྦྱོར་བས ་གནས་པའོ།། གཤིན་རྗེ་ཕྱོགས་ཀྱི་སར་གནས་པ་ཞེས་པ་ནི་ཏའི་སྡེ་ཚན་གྱི་མཐའ་མ་ནའོ།། བཟང་པོས་སྟེང་དུ་བརྒྱན་པ་སྟེ། ཞེས་ལ་བཟང་པོ་ནི་ཨི་སྟེ། ངེས་སྟེང་དུ་བརྒྱན་པ་ཞེས་པའི་དོན་ཏོ།། སླར་ཡང་རུ་སྦལ་ཞེས་བྱ་བ་གཤིན་རྗེ ་མཆེ་བར་རབ་ཏུ་བསྒྲུབ་ཅེས་པ་ནི། ཡང་རུ་སྦྲུལ་ནི་ཨུ་སྟེ། ས་དང་ལྡན་པར་རབ་ཏུ་བསྒྲུབ་ཅེས་པའི་དོན་ཏོ།། སྣའི་ཚིག་དང་ཡང་ངག་ལྡན། ཞེས་པ་ནི་མྦྷའི་སྒྲ་དང་ལྡན་པའི་དོན་ཏོ།། མ་ཡི་རུ་སྦལ་གདན་ལ་གནས་ཞེས་པ་ལ། ་མེ་ནི་གཤིན་རྗེའི་སྲུབ་མ་སྟེ་ངའོ།། ས་སྦྲུལ་ནི་ཨུ་སྟེ་རེའི་གདྷནཱ་ལ་གནས་ཞེས་པའི་དོན་ཏོ།། མགོན་པོ་རི་མོ་གཉིས་ནི་འབར། ཅེས་པ་ནི་ཧཱུཾ་འབར་བ་དང་ལྡན་པ་གཉིས་ཞེས་པ་ནི་དོན་ཏོ།། གདུངས་ཀའི་གདེངས་ཅན་འབར་བའི་མགོན་ཞེས་པ་ན ་ཕཊ་ཕཊ་ཅེས་པ་ནི་ཁ་ནས་འབར་བའི་མགོན་པོ་ཞེས་པའི་དོན་ཏོ།། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ་ཕཊ། སྔགས་འདི་ལྟར་བཏུས་ཏེ། སྤེལ་བ་འདིས་ནི་ལས་ཐམས་ཅད་།། དེ་ལ་སྦྱོར་བ་ནི་འདི་ཡིན་ཏེ། ཁྭ་གདོང་མ་ཞེས་པ་ནི་ཁྭ་གདོང་ཅན་གྱི་བུད་མད་བྲི་བར ་བྱ་ཞེས་པའི་དོན་ཏོ།། སྐྲ་གློལ་མ་ཞེས་པ་ནི་སྐྲ་བཤིག་མའོ།། གཅེར་བུ་ཞེས་པ་ནི་གཙོར་བུ་མར་གྱུར་པའོ།། ཟླ་བའི་ཆ་མ་ཞེས་པ་ནཱི། དྭེའི་སྙིང་གར་ཟླ་བ་ཕྱེད་པ་བྲི་བར་བྱ་ཞེས་པའི་དོན་ཏོ།། རིའུ་མིག་བསྒྲུབ་ཅེས་པ་ནི། ཟླ་བ་ཕྱང་བ་དེར་རེའུ་མིག་བྱ་ཞེས ་བྱ་བའི་དོན་ཏོ།། སྙིང་གི་སྟེང་དུ་ཕྲེང་གཉིས་བྱ་ཞེས་པ་ནི། དེ་ལྷུར་སྙིང་གར་རེའུ་མིག་ཕྲེང་གཉིས་བྱ་ཞེས་པའི་དོན་ཏོ།། དེར་འདི་བྲི་བར་བྱ་སྟེ། ཀ་ཧ་ཀ་ཧི་ཛཱ་ཨི་ཀསྨཱ་ཐཱཾ་ཞེས་པའོ།། འཕྲལ་དུ་འབྲས་བུ་སྟར་བྱེད་པའི་སྔགས་ཀྱི་དོན་སུ་ཞིག་ལ ་བསྟན་པར་བྱ།། སུ་ལའང་བསྟན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་ལས་ཀྱི་རྗེསུ་འབྲངས་པས་རྒྱུད་དུ་གསུངས་པའི་ཆོ་ག་རྣམས་ནི་རྩ་བར་བྱའོ།། གལ་ཏེ་དབང་པོ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་མངོན ་སུམ་དུ་དཔུང་དང་གཞོན་པར་བཅས་པ་ལྗགས་ཏེ་བསྲུངས་ཀྱང་། ཁྭ་གདོང་མའི་སྙིང་གར་གནས་པའི་འཁོར་ལོས་གློག་ཅིང་འཇིག་པར་བྱང་ངོ་།། བྷི་དི་ཀ་ནི་ས་དབང་ཕྱུག་ཅེས་པ་ནི། བྷི་དི་ཀ་ས་དབང་ཕྱུག་ནི་ཨོཾ་སྟེ། བཅུ་གཉིས་པོ་དེ་དག་ལ་སའི་དབང་ཕྱུག ་ཅེས་གསུངས་པའི་བྱར་རོ།། ཟླ་བ་པད་ཐིག་ལེ་དྲུག་གིས་བརྒྱན་ཞེས་པ་ནི། ཨོཾ་ལ་ཟླ་ཕྱེད་དང་ཐིག་ལེ་དག་གིས་བརྒྱུན་ཞེས་པའི་དོན་ཏོ།། སླར་ཡང་དབུ་མའི་དབུ་མ་བྱུང་ཞེས་པ་ནི། དབུ་མ་ནི་པའི་སྡེ་ཚན་ཏེ། དེའི་དབུ་མ་པ་བཏུ་ཞེས་པའི་དོན་ཏོ།། ཁྱང ་གི་དབུ་མ་ཡང་བླང་བྱི་སྟེ། ཞེས་པཾ་ནི། ཕྱག་གི་བྱོག། སུ་གནས་པ་ནི་ཙའི་སྡེ་ཚན་ཏེ། དེའི་ད་བུ་མ་ཛ་བླང་ཞེས་པའི་དོན་ཏོ།། ཞབས་ཀྱི་པདྨར་ཉི་མར་ལྡན་ཞེས་པ་ནི་དེའི་ཆ་འོག་གི་ཆར་རྭ་དང་ལྡན་ཞེས་པའི་དོན་ཏོ།། བདེན་བྲལ་མ་ཀི་ར་ཡིས་བརྒྱན་ཞེས ་པ་ནི། བདེན་བྲལ་གྱི་ཕྱོགས་སུ་གནས་པའི་བ་བླང་ཞེས་དོན་ཏོ།། མི་ཀི་རས་བརྒྱན་པ་ནི་ཨཾ་བརྒྱན་ཞེས་པའི་དྲོན་ཏོ།། འབར་བ་བྷི་དི་ཀ་ཡིས་བརྒྱན་ཞེས་པ་ནི་འབར་བ་ནཱི་ར་སྟེ་དེ་ལ་བི་ཏྲི་ཀ་ཨོས་བརྒྱན་ཞེས་པའི་དོན་ཏོ།། བྱང་གི་དང་པོ་གཤིན ་རྡོའི་མཐའ་ཞེས་པ་ལ། བྱང་གི་དང་པོ་ནི་ཙའོ།། གཤིན་རྗེའི་མཐའ་མ་ནི་ནའོ།། ཁྱུ་མཆོག་སྟེང་དུ་ཡང་དག་གནས་ཞེས་པ་ལ། ཁྱུ་མཆོག་སྟེང་དུ་གནས་པ་ནི་ཡི་གེ་ཨི་ཞེས་པའི་དོན་ཏོ།། རླུང་ལ་རན་ངས་རབ་ཏུ་བསྒྲུབཅེས་པ་ལ། རླུང་ནི་ཡའོ།། ་རནྡྷ་ས་རབ་ཏུ་བསྒྲུབ་པ་ཞེས་བྱ་བའི་དོན་ཏོ།། གཤིན་རྗེའི་མཆེ་བ་ཅན་བདེན་བྲལ་གནས་ཞེས་པ་ལ། གཤིན་རྗེའི་མཆེ་བ་ཅན་ནི་སའོ།། བདན་བྲལ་ནི་ཝ་སྟེ་དེ་ལ་ཡིག་ས་གནས་པ་ཞེས་པའི་དོན་ཏོ།། མི་ཧི་ཏའི་རྒྱན་གྱིས་བརྒྱན་ཞེས་པ་ལ། ་མོ་ཧ་ཏཱརཱི་ནི་ཨ་དེ་ཉིད་ཀྱིས་དེ་ལ་བརྒྱན་ཞེས་པའི་དོན་ཏོ།། གཤིན་རྗེའི་སྲུབ་མིན་ཧཱའོ།། མོ་ཧཱི་ཏ་ནི་ཨ་སྟེ། དེས་ཡོངསུ་བརྒྱན་ཞེས་པའི་དོན་ཏོ།། ད་ལ་སྔགས་ནི་འདི་ཡིན་ཏཱི། ཨོཾ་བཛྲ་བ་རོ་ཙ་ནཱི་ཡ་སྭཱ་ཧཱ། དང་པོར་རུས་སྦལ་བྱུང་རྒན། ་དང་བྱོར་རུ་སྦལ་བྱང་གི་ནི། དང་པོར་གཉིས་པར་ཡང་དག་ལྡན། ཞེས་པ་ལ། རུས་སྦལ་ནི་ཨུ་སྟེ་དྲང་པོར་སྦྱར་རོ།། བྱུང་གི་དང་པོ་ནི་བྱང་གི་ཕྱོགསུ་གནས་པའི་ཅའོ།། གཉིས་པ་ནི་དེ་ཉིད་ཀྱི་གཉིས་པ་ཚ་སྟེ། དི་དང་ཡང་དག་པར་ལྡན་པར་བྲི་བར་བྱ ་བའི་དོན་ཏོ།། བྷ་དྲ་སྟེང་དུ་ཡང་དག་གནས་ཞེས་བྱ་བ་ལ། བྷ་དྲི་ན་ཨི་སྟེ་དེའི་སྟེང་དུ་གནས་ཞེས་པའི་དོན་ཏོ།། གཤིན་རྗེ་ཕོ་ཉ་ཆུ་གདན་ཞེས་པ་ལ། གཤིནི་རྗེའི་ཕོ་ཉ་མོ་ནི་ཤའོ།། དེའི་གདན་དུ་ཆུ་སྟེ་ཏ་བྱ་ཞེས་དོན་ཏོ།། ར་དང་མོ་ཧ་ཏེ་རུ་སྦྱར་ཞེས་པ་ནི།། ་ར་ལ་མོ་ཧཱི་ཏཱ་སྟཱ། ཨ་དང་སྦྱར་བྱར་བྱ་ཞེས་པའི་དོན་ཏོ།། སཱུཪྵཱ་ཡ་ཀཱ་ཥ་ཞེས་སུ་བཾ་ཤད་ཅེས་པ་ལ། སླར་ཡང་ཀཱ་དང་ཥ་བྷྲེ་སྟྲ་པ་ནི། ཡི་ག་ཀཱ་ཞེས་པའི་དོན་ཏོ།། པ་ཤིན་དྷཱའི་མཆེ་བ་ཅན་ཞེས་པ་ལ། བྷཱུ་དའི་ས་ནི་སྤྱི་བོར་བརྒྱན་ཞེས་པ་ནཱི ་གཤིན་རྗེ་མཆེ་བ་ཅན་ནི་སའོ།། བྷྲྀ་དྷཱ་ནཾ་ཨི་སྟངས་སའི་མགོ་བོར་བརྒྱན་ཐོས་པའི་དོན་ཏོ།། སྐུར་སྣང་མཆེབ་ཅན་གྱི་ནི་ཞེས་པ་ལ། མཆེ་བ་ཅན་ཞུས་པ་ནི་སའོ།། གདན་དུ་བཅུ་བྲལ་བྱ་སྟེ་ཞེས་པ་མི་བ་ངན་བྲལ་དུ་གནས་པའི ་གདན་དུ་བྱ་བ་ཞེས་པའི་དོན་ཏོ།། མ་ཧི་ཏ་ནི་གྲོགས་དང་ལྡན་པ་ཞེས་པ་ལ། མེ་ཧི་ཏེ་ནི་ཨཱ་སྟེ། དེའི་བཤེས་དང་ལྡན་པར་བྱ་ཞེས་པའི་དོན་ཏོ།། དེ་རུ་རི་ཁྲོང་མོ་ཧི་ཏའོ།། གྲོགས་ཀྱིས་ཡོངས་སུ་བརྒྱན་པ་སྟེ་ཞེས་པ་ལ། དེ་ལྟར་རི་ཁྲོད་ནི་ཧོ ་མོ་ཧི་ཏ་ནི་ཨའོ།། དེ་ཉིད་གྲོགས་པ་སྟེ་ངེས་ཡོངསུ་བརྒྱན་ཞེས་པའི་དོན་ཏོ།། གཞན་དག་ནི་རྟོགས་པར་པར་སླ་བའི་ཕྱིར་འདིར་མ་བཀྲོལ་ལོ།། དེ་ལ་སྔགས་ནི་འདི་ཡིན་ཏེ། ཨུཙྪཥྚ་རཀྵ་སི་སྭཱ་ཧཱ། ཤར་གྱི་ངརྒྱད་པ་བླང་བྱ་སྟེ་ཞེས་པ་ནི། ཤར ་ཕྱོགསུ་གནས་པའི་ཀཱི་སྡེ་ཚ་ནཱ་ཏེ། དེའི་བརྒྱད་པ་ཛ་བླང་ཞེས་པའི་དོན་ཏོ།། དབུ་མའི་བཞི་པ་མཐའ་མཐར་ལྡན་ཞེས་པ་ལ། དབུ་མ་ནི་པའི་སྡེ་ཚན་ཏེ། དེའི་བཞི་པ་ནི་བྷའོ།། དེའི་མཐའ་མ་ནི་མ་སྟེ། དེ་དང་ལྡན་པར་བྱ་ཞེས་པའི་དོན་ཏོ།། དེའི་སྤྱི ་བོར་རཏྣོ་སྦྱར་ཞེས་པ་ནི། བྷ་དྭེའི་སྤྱི་བོར་རུ་རཏྣ་སྟེ་ཨེ་སྦྱར་ཞེས་པའི་དོན་ཏོ།། སླར་ཡང་དབུ་མའི་མཐའ་མ་བླང་ཞེས་པ་ནི། སླར་ཡང་དབུ་མ་ནཱི་བཱའི་སྡེ་ཚན་ཏེ། དེའི་མཐའ་མ་ནི་མ་བླང་ཞེས་པའི་དོན་ཏོ།། བྷི་དྷི་ཚང་གིས་མྱོས་དང་ལྡན་ཞེས ་པ་ལ། བྷྲྀ་དྷྲྀ་ཀཱ་ནི་ཨོ་སྟེ། དེའི་ཆ་ངྒ་གིས་མྱོས་པ་དང་ལྡན་ཞེས་པའི་དོན་ཏོ།། ག་ཤན་དྷུ་སྲབ་མ་ཡང་དག་བླང་ཞེས་པ་ལ། ག་ཤློན་རྗེ་སླེབ་མི་ནི་ཧཱ་སྟེ། དེ་ཡང་དག་པརྱཱ་བྲཱངྠ་ཞེས་པའི་དོན་ཏོ།། རཎྜ་ཡིས་ནི་རྣ་བར་བརྒྒ་ནོ་ཞེས་པ་ནཱི། ཡི་ག ་ཨེས་ཧའི་མགོའི་གྲཝར་བརྒྱན་པའི་དོན་ཏོ།། མཐའ་རུ་སྭཱ་ཧཱ་ཆོ་གས་མཛེས་པ་ལ། ཆོ་ག་ནི་ཨོཾ་སྟེ། དེ་ཡོངསུ་མཉེས་པར་བྱའོ།། ང་ལ་ཆོ་ག་ནི་འདི་ཡིན་ཏེ། དང་པོར་ཨོཾ་སྦྱར་མཐའ་མར་སྭཱ་ཧཱུ~ཾ་སྦྱར་ཞེས་པའི་དོན་ཏོ།། ཐོད་པའི་དབུསུ ་གནས་པས་བརྒྱ་ལ་ཞེས་པ་ནི། ཐོད་པ་ཁ་སྦྱར་གྱི་དབུས་སུ་གནས་པར་བྲི་སྟེ། གྲོག་མཁར་གྱི་ས་ལ་སོགས་པ་ལ། གཟུགས་བརྙན་བྱས་ལ་གཞན་ཡང་ཆོས་ག་བཞིན་དུ་མིང་སྤེལ་ཏེ། ངའི་སྙིང་གར་བཅུག་ན་བརྒྱལ ་བར་འགྱུར་རོ།། དེ་སྔགས་ནི་འདི་ཡིན་། ཨཱ~ཾ་ཛཱ་བྷཱི་མྱོ་ཧ་སྭཱཧྨཱ། ཡི་ག་རེ་རེ་བཞིན་ནང་དུ་ཆུད་པཥྚི་སྔགས་འདི་གཉིས། བ་ལང་གི་ཆུ་རྫས་ལྟ་བྷུར་སྦྱར་བ་རིམ་པས་བཏྟ་སྟེ། སྔགས་ཕྲེང་གཉིས་སུ་བྱའོ།། དེ་ལ་ཨོཾ་ནི་ཀཱ་ཀཿ ་ས་ཁཾ་ཞེསྭཱ་པ་ལ་སོགས་པ། ལེ་སྔགས་ནི་འདི་ཡིན་ཏེ། མུ་ནཻ་ཀ་ས་ཨོཾ་མཱུ་ནི་ཧཱ་ལ་ལང་ག་ལ~ཾ་ཧ~ཾ་ཕཊ། ཨཱཾ་ཨེ་མུ་ཀ་སྱཱ་མུ་ཧི་ཧ་ཐཱ་བྷནྡྷ་མི་སཱཧཱུ~ཾ། ཕྲེང་གཅིག་གིས་གཞན་བ་ཤད་དཾ། ཨོཾ་ཀ་ཀཱ་ཀྵཾ་ཀ་ཀུ་ནུ་དྷྲྀ་ཀ་ཀ་བིན་ཏོ་བ་ཧ་རི་ནི་ཨ ་མུ་ཀ་སྱ་ཛི་བི་ཏ་གྲ་ཧྱ་ཙྪ་ཀཱ་ཀི་ཡཐཱ་སུ་ཁཾ་ཕཊ། ཕྲེང་གཉིས་པའོ།། སྔགས་འདི་གཉིས་གནོན་པ་དང་བསྐུད་བ་ལ་རབ་ཏུ་སྦྱར་བར་བྱའོ།། ཨོཾ་བྷ་གེ་བ་ཏི་མུན་ཏ་ཞེས་པ་ལ་སོགས་པ་ནི་རྒན་བྱང་མའི་སྡིགསོ།། སྦྱོར་བ་གང་དང་གང་ལ་སྔགས ་མ་གསུངས་པ་དེ་དང་དེར་ཆོ་ག་བཞིན་རྒན་བྱད་མའི་གདོང་ཅན་གྱི་སྦྱོར་བའི་སྔགས་དེ་ཁོང་དུ་ཆུད་པར་བྱའོ།། དེ་དག་གྲམ་པའི་འཁོར་ལོ་ལས་བཏུ་བར་བྱའོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་དྲུག་པའི་སྔགས་བཏུ་བའི་བཤད་པའོ།། ་ཧྲཱི་ཁྲི་དང་ནི་ཚིག་སྟོང་དང་། དྲུག་བརྒྱ་ཞེས་བྱའི་ལོ་ནི། ཞེས་པ་ནི་ཞག་གཅིག་གི་དབུགས་དང་ལོ་གཅིག་གི་བུ་གུའི་གྲངས་ཡིན་ཏེ། ཁྲི་ཕྲུག་གཉིས་དང་སྟོང་ཕྲག་གཅིག་དང་། བརྒྱ་ཕྲག་དྲུག་ཅེས་པའི་དོན་ཏོ།། ཇི་ལྟར་བགྲང་བར་བྱ་ཞེ་ན། ་ཉིན་ཆེན་གཅིག་ལེ་དབུགས་ཚོང་དྲུག་ཅུ་སྟེ། དབུགས་ཚོད་དྲུག་ཅུ་སྟེ། དབུགས་ཚོང་དང་། ཆུ་ཚོང་དང་སྦུ་གུ་ཞེས་པ་ནི་རྣམ་གྲངས་ཀྱི་དོན་ཏོ།། ཞག་སུམ་བརྒྱ་དྲུག་ཅུ་ལ་ལོ་གཅིག་གོ།། དེ་སྙེད་ཀྱི་གྲངས་ཉིད་ཆུ་ཚོང་གཅིག་གི་དབུགས ་ཇི་ལྟ་ཞེ་ན། དབུགས་སུམ་བརྒྱ་དྲུག་ཅུས་ནི་ཆུ་ཚོད་གཅིག་གོ།། ཆུ་ཚོང་དྲུག་ཅུ་ལ་ནི་ཉིན་མཚན་གཅིག་གོ། གང་གི་ཚེ་དབུགས་སུམ་བརྒྱ་དྲུག་ཅུ་གྲངས་དྲུག་ཅུར་སྦས་ཏེ། གསུམ་དྲུག་ལ་བཅོ་བརྒྱད་དོ།། དྲུག་དྲུག་ལ་སུམ་ཅུ་རྩ་དྲུག་སྟེ། དེའི་རིམ་པས ་བརྩིས་པས། དེའི་ཚེ་ཇི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། འབྱིན་དང་རྔུབ་ཅེས་པ་ནི། འབྱུང་བའི་རླུང་དང་འཇུག་པའི་རླུང་ངོ་།། དེ་བཞིན་ས་ནི་བཅུ་གཉིས་ཉིད། ཕྱི་རོལ་ཏུ་ནི་མཚོན་ཏེ་བཞག། ཅེས་པ་ནི། མོ་རྩིས་ཀྱི་ཡང་ཤེས་ཀྱི་འཁོར་ལོ་རྟོགས ་པར་བྱེད་པའི་བདག་ཉིད་དུ་གསུངས་ཏེ། འདི་ནི་རྒྱུད་ཉིད་ནས་མངོན་པར་གསལ་ཏེ། ཕྱིས་ཀྱང་གསལ་བ་ཉིད་དུ་འགྱུར་རོ།། དེས་ན་དུས་ཀྱི་བགྲོད་པ་བཤད་ཅེས་པ་ལ་སོགས་པ་ལ། རིའུ་མིག་བཅུ་གཉིས་པོ་དེ་རྣམསུ་སྔོན་བཞིན་དུ། ཐམས་ཅད ་བྲི་བོར་བྱ་ཞེས་པའི་དོན་ཏོ།། རོ་ཧྲྀ་ཏཱ་ལ་ནོར་རྒྱས་ཏེ། མོ་ཧི་ཏ་ལ་འཇོག་པོ་ཉིད། བྷ་དྷ་སྟོབས་ཀྱིས་རྒྱུ་ཡི་གཟུགས།། ཁྱུ་མཆོག་པདྨར་ཤེས་པར་བྱ།། དེ་བཞིན་རུས་སྦལ་པད་ཆེན་པོ།། ཆུ་སྲིན་དྲང་སྐྱོང་ཉིད་དུ་གསུངས།། རནྟ་མཐའ་ཡ་སུ་ནི ་བཤད།། མི་ཀཱི་རི་ལ་རིགས་ཀྱི་གཙེ།། བྷ་དྷ་ལ་ནི་མགོ་བརྒྱ་པ།། བྱ་ཀུ་ལི་ལ་ཡིད་འགྲོ་ཞེས།། སྲ་ས་ན་ལ་ནི་གཅིག་པ་ཉིད།། ས་ལི་ས་རུ་ཆར་འབེབས་པའོ།། ལྷ་ཆེན་བཅུ་གཉིས་པོ་དེ་རྣམས།། སོ་སོར་བྱུང་བའི་རང་བཞིན་ཉིད།། ཅེས་པ་ནི། གང་དུ ་གབའ་དུས་ཡིན་པ་དེར་ཀླུའི་དུས་སུའང་གསུངས་ཏེ། དེས་ན་ལས་གྲངས་རྣམས་དང་རྒྱུ་སྐར་རྣམས། རྗེས་སུ་མཐུན་པའི་དུས་ཀྱི་དབང་ཐང་ནི། དུས་ཀྱི་དབང་པོར་གསུངས་སོ།། དེ་ལྟར་ས་ནི་མཉམ་ཤེས་ནས་ཞེས་པ་ནི། ཇི་སྐད་གསུངས ་པའི་རིམ་པས་གནས་མཉམ་པར་ཤེས་པ་སྟེ། མོ་རྩིས་ཤེས་པས་ལག་པས་རེག་པ་འམ། མེ་ཏོག་བསྒྱུར་བ་འམ། བགྲང་བ་ཡང་རུང་བས་དགེ་བ་དང་མི་དགེ་འཐོང་འཁོར་ལོ་འདིར་རིམ་པ་བཞིན་དུ་གཅིག་པར་བསྟན ་པར་བྱ་བའི་དོན་ཏོ།། དགའ་བ་ལ་སོགས་པའི་ཞེས་པ་ནི། དགའ་བ་བཞི་དང་། སྐད་ཅིག་བཞི་དང་། འབྲས་བུ་དང་། ཡ་ན་ལག་དང་། དེ་བཞིན་དུ་བགྲོད་པ་དང་། དབྱེ་བ་སྟེ་དྲུག་གོ།། དེ་གསུངས་དག་སུམ་འགྱུར་དུ་བསྒྱུར་རོ།། ཐམས ་ཅང་ཚིག་རྐང་བཞི་ཡིས་དགང་ཚིག་བཞི་རྫོགས་པར་བྱ་ཞེས་པའི་དོན་ཏོ།། གསང་གང་གིས་དགེ་བ་དང་མི་དག་པ་ཤེས་པར་བྱ་སྟེ། དེའི་མིང་གཞུག་པར་བྱའོ།། མདུད་པ་དོར་བར་འབྱུང་བ་ཉིད་ཅེས་པ་ནི། འཁོར་དེ་ལོའི་རེའུ ་མིག་བཅུ་གཉིས་པའི་མདུད་པ་བཏང་བ་སྟེ། ཡང་ན་ཞེས་པའི་དོན་ཏོ།། ལྷག་མ་དུས་འབྱུང་བ་ལས། དགེ་བ་དང་མི་དགེ་བ་བརྟག་སྟེ། དེ་ནས་རོ་ཧི་ཏ་ལ་སོགས་པའི་ཕན་ཡོན་ཇི་སྐད་རྒྱུད་དུ་གསུངས་པ་ཐམས་ཅད་ཤེས་པར ་བྱའོ།། ལྷག་མར་གྱུར་པ་ནི་རྟོགས་པར་སླའོ།། ལེའུ་དགུ་པར་གང་གསུངས་པའི།། ཕྱུགས་རྣམས་ཀྱི་ནི་རྒྱུད་བྲལ་ཕྱིར།། རྒྱུད་བྲལ་གྱིས་ནི་བསྣུན་པར་བྱ།། ཞེས་པ་ནི་རྒྱུ་ནི་རྒྱུར་གྱུར་པ་སྟེ་ལས་དགེ་བ་དང་མི་དགེ་བུ་ལས་འོང ་བའི་རྣམ་པར་ཤེས་པའོ།། དེ་དང་བྲལ་བ་གང་ཡིན་པ་ནི་སྲོག་སོང་བ་ཞེས་པའི་བར་དུའོ།། དེ་རྣམས་ཀྱིས་བསྣུན་པ་ནི་ཤི་བླང་བའོ།། རྒྱུད་མེང་པའི་ས་ཞེས་པ་ནི་བདག་དང་བདག་གི་གཞན་ལ་སོགས་པར་ཡོངསུ་བརྟགས ་པའི་རྣམ་པར་རྟོགས་པ་དང་། བྲལ་བ་སྟེ། དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་རིག་པ་སྔ་ཕྱི་ཡོངསུ་དག་པས་དོན་ཤེས་པ་སྟེ། མཁས་པ་ཞེས་པའི་དོན་ཏོ།། དེ་ལྟར་རྒྱུད་གཞན་དག་གི་ནང་དུ་ཡང་རྟོགས་པར་བྱའོ།། དེ་དག་ཇི་ལྟར་ངེས ་པར་ནུས་ཤེ་ན། ལེའུ་ཉི་ཤུ་རྩ་དགུ་པ་ལས་གསུངས་པ། མ་དང་དེ་བཞིན་པ་དང་ནི། རྒྱལ་པོ་བྲམ་ཟེ་གཙང་མ་གཉིས།། ཡུལ་འཁོར་རྒྱུ་བ་བཅས་བཅོམ་ལྡན་འངས་ན། བྲམ་ཟེ་སྡིག་པ་མེད་པར་འགྱུར།། ཞེས་པ་ལ་སོགས་པ་ནི།། ་ཇི་ལྟར་འདུས་པ་དེ་ལྟར་འགྱུར་བ་དེ་ལྟར་བསྟན་པའི་ཕྱིར་རོ།། དེ་ལ་སྲིད་པ་དང་། གཏི་མུག་དང་། འདོད་ཆགས་དང་། ཞེས་སྡང་གཞོམ་པའི་དོན་དུ་དེ་ལྟར་གསུངས་པ་ཡིན་ནོ།། འདིར་ལུང་གི་དོན་ཤིན་ཏུ་ལྐོག་ཏུ་གྱུར་པ ་ཉིད་མ་ཡིན་ནམ་ཞེ་ན། དེ་ལྟར་མོད་ཀྱི་བདག་ཉིད་འཇིག་རྟེན་དུ་ནོར་བཟངས་ཞེས་གྲགས་པ་བཞིན་ནོ།། གསེར་ལ་སོགས་པ་དང་ལྡན་པས་དེ་ནར་བཟངས་ཞེས་གལ་ཏེ་མིང་ཁོ་ནས་བསྟན་ཀྱང་འདིར་འགྲོན་བུ་ཙམ་ཡང་མེད་དོ།། དེའི ་ཕྱིར་དམ་པ་མ་ཡིན་པའི་རྟོག་པ་ལ་མངོན་པར་ཞེན་པས་བདག་ཉིད་འབྲེལ་བར་བྱེད་པ་ཞིག་ཏུ་ཟད་དོ།། བརྡའི་དོན་དང་སྒྲའི་དོན་དག་ལ་ཁྱད་པར་ཅི་ཡང་མ་མཐོང་ངོ་།། གལ་ཏེ་ཡང་བསླང་པ་ལ་སོགས་པ་དེ་ཡང་གདུལ་བྱའི་ཕྱིར ་བྱེད་ན་ནུས་པ་རྟས་པས་བྱ་བ་ཡིན་ནོ།། དེས་ན་དེས་ཉམ་སུ་མྱོང་བ་ཙམ་བསྟན་གྱི་བསད་པ་ནི་མ་ཡིན་ཏེ། བྱ་བ་ཐམས་ཅད་ལ་སྙིང་རྗེས་བྱའོ།། ཞེས་གསུངས་པའི་ཕྱིར་རོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅུ་པའི་རླུང་གི་དེ་ཁོ་ན་ཉིད ་བཤད་པའོ།། །། ཉེ་བར་སྤྱོད་པའི་གཏོར་མའི་སྣོད་ཅེས་ནི། ཉེ་བར་སྤྱོད་པར་གྱུར་པའི་བཟའ་བ་ལ་སོགས་པ་སྟོང་གཅིག་ཏུ་བསགས་ཏཱཾ། རྣལ་འབྱོར་མ་མང་པོ་དང་ལྷན་ཅིག་ཏུ་ལོངས་སྤྱོད་པའོ།། དེ་རྣམས ་གཏོར་མའི་སྣོད་ནི་སོ་སོར་བྱ་ཞེས་པའི་དོན་ཏོ།། ཤ་རློན་ལ་སོགས་ཉི་ཤ་ཞེས་པ་ལ་སོགས་པ་ནི། དེ་ཁོ་ན་ཉིད་དུ་བསྟན་པའི་ཕྱིར་དོན་ཏོ།། གཡོན་པའི་ཆའི་སྣོད་ལས་ནི་ཞེས་པ་ནི། གཡོན་གྱི་ལོགསུ་མཆོད་ཡོན་གྱི་སྣོད་བཞག་པར ་བྱ་ཞེས་པའི་དོན་ཏོ།། གཡས་ཀྱི་ཁྲོ་བོས་བསྟན་པར་བྱ་ཞེས་པ་ནི་སྣོད་ངར་གནས་པའི་མེ་ཏོག་ལ་སོགས་པའི་གཡས་པའི་མཛུབ་མོ་དང་མཐེ་བོ་དག་གིས་བསྐོར་ཏེ། མཆོད་ཡོན་དབུལ་ཞེས་པའི་དོན་ཏོ།། གཞན་ངག་ནི་རྟོགས ་པར་སླའོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་བཅོ་བརྒྱད་པའི་གཏོར་མའི་མཆོད་པའི་བཤང་པའོ།། །། སུམ་ཅུ་རྩ་གཉིས་རྩ་ཞེས་པ་ནི། དུས་ཀྱི་འཁོར་ལོའི་གནས་སྐབསུ་གཙོ་པོ་ཉིད་ཡིན་ནོ།། བཅུ་ཕྱེད་ཅེས་པ་རྩ་ལྔ་ཞེས་པའི ་དོན་ཏོ།། དབྱངས་རྣམས་ཀྱི་ནི་འགྲོ་མཚན་ཉིད།། དཀར་པོ་ནག་པོ་ཆེ་ཡིས་ནི།། ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་དབྱེ་བས་དབྱངས་ཉི་ཤུ་རྩ་བཞི་གསུངས་སོ།། ལུས་ཀྱི་མཚན་མཱ་ཞེས་པ་ནི་འོག་ནས་འབྱུང་བའི་རྟགས་དགུའོ།། བུ ་ནི་རྣམ་པར་རྒོད་ཅན་གྱིས། ལུས་ཅན་གདུགས་གཉིས་ནི་ན་འཆི་ཞེས་པ་ནི། སོར་བཅུ་གཉིསུ་དབུགས་ཕྱིར་བྱུང་བ་ཆང་ནའོ།། ཞེས་པ་སྟེ། ལུས་ཅན་སོར་གནས་པའི་རང་འདི་ལས་གལ་ཏེ། གཞན་དུ་གྱུར་པ་ངའི་ཚེ་འཆི་བའི་དུས ་ལ་བབ་པར་དེ་རྟོགས་པ་བྱའོ།། རོ་ཧི་ཏ་དུས་སྔ་དྲོའི་ཆ་ཞེས་པ་ནི། ཐུན་ཕྱེད་ཕྱུང་དུས་ངེས་པར་རླུང་འཕོ་བའི་དོན་ཏོ།། དེ་ལ་རོ་ཧི་ཏ་ལ་སོགས་པའི་ཞག་བཅུ་གཉིས་རྣམ་པར་དབྱེ་སྟེ་དེའི་དོན་ནི་འདིའོ།། ཞག་གཅིག་ཉིད་ལ་ཆོས་བཅུ་གཉིས ་ཀྱི་ཆ་ཕྱེད་དེ། དེས་ན་རོ་ཧི་ཏོའི་ཆ་ནས་མཚོན་པའི་དོན་ཏོ།། གཞན་ངག་ནི་རྟོགས་པར་སླའོ།། དབུས་ན་ཆད་ཅིང་འཆད་པར་འགྱུར། ཞེས་པ་ནི། རྟགས་དགུ་པོ་གང་བསྟན་པས་གང་གི་ཆ་རྩ་ཆད་པས་དེ་འཆང་བར་འགྱུར། ཞེས་པ་ནི ་རྟགས་དགུ་པོ་གང་བསྟན་པས་གང་གི་ཚེ་རྩ་ཆད་པས་དེ་འཆང་དེ། ཚ་ཟང་ཞེས་པའི་དོན་ཏེ།། གང་ཚེ་ཉིན་ཞག་དྲུག་སྒྲུབ་པ། གཅིག་ཏུ་རྒྱུ་བས་བརྒྱན་པ་སྟེ། ཞེས་པ་ནི་རྟགས་པར་རྒྱུན་མི་ཆང་པར། གང་གི་ཚེ་རླུང་གི་རྒྱུ་བ་དེའི་ཞེས་པའི ་དོན་ཏོ།། དེ་རུ་ལོ་ནི་གསུམ་བརྩི་བ། དེ་བཞིན་སུམ་བརྒྱ་དྲུག་ཅུས་སོ།། ཞེས་པའི་དོན་ཏོ་ཞེ་ན། འཁོར་ལོ་ཕྱིའི་རིམ་པོའི་གྲགས་ལ་ཞག་ལྔར་རྒྱུན་ཞེས་ལོ་གསུམ་དུ་ཚེས་ཐུབ་པར་གསུངས་སོ།། དེའི་རྗེ་སུ་ལྔ་ལས་ཡང་འཕེལ་བས་གང ་གི་ཚེ་ཞག་བཅུའི་བར་དུ་བབ་པ་དེའི་ཚེ་ལོ་གཉིསུ་འཚོ་བར་བསྟན་ཏོ།། འདི་དག་གི་བར་དུ་ཆུད་པའི་ཉི་མ་རྣམས་གཏན་ལ་དབབ་སྟེ། དེར་ལོ་གསུམ་དུ་བརྩི་བ་ནི་མ་ཡིན་ཏེ། ལོ་གསུམ་གྱི་ཆ་བླང་བར་བྱའོ།། ངས་ན་ལོ་གཉིས་དང་ཟླ་བ ་དྲུག་དུ་དེ་བཞིན་དུ་ཞག་བཅོ་བརྒྱད་དོ།། དེ་ལྟར་བར་དུ་ཆད་པའི་ཉི་མ་གཞན་རྣམས་ཀྱང་རྟོགས་པར་བྱའོ།། སུམ་བརྒྱ་དྲུག་ཅུས་ལོའི་ཞག་གི་གྲངས་ཀྱི་ཆ་ཡོངསུ་བརྟག་པར་བྱའོ།། འདི་དག་ཐམས་ཅད་ཀྱི་བར་གྱི་ཉི་མ་གང་ཡིན ་པ་བཤད་པར་བྱ་སྟེ། དེ་ཡང་ཇི་ལྟར་རྙེ་ཞེ་ན། ཞག་བདུན་པའི་ཆ་ལ་ཡོངསུ་བརྟག་པ་སྟེ། ལོ་གཉིས་དང་ཟླ་བ་ཡང་དུས་ཀྱི་གྲངསུ་བསྟན་ཏོ།། ཟག་བདུན་དོར་ཞེས་པ་ནི། ཞག་བདུན་དོར་བ་ནི་བརྒྱད་པ་ཞེས་དོན་དུ། ་གང་ཚེ་རླུང་ནི་རྒྱུ་བ་ཞེས་པ་ནི། གང་གོ་ཚེ་སྣ་བུག་གཡས་པར་ནས་ཞག་བརྒྱད་དུ་རླུང་རྒྱུ་བ་ན་ལོ་གཉིས་དང་། ཟླ་བ་རིག་བྱེད་ཀྱི་གྲངས་ཏེ། ཟླ་བ་བཞི་ཞེས་པའི་དོན་ཏོ།། ཞག་རྣམས་ཀྱི་དུས་ཀྱི་སྒྲས་བསྟན་ཏེ། ཞག་ནི་ཉི་ཤུ་རྩ་བཞི ་བསྟན་པ་ནི་འཚོ་པའི་དུས་ཀྱི་གྲངས།། བར་གྱི་ཞག་གྲངས་གསུངས་པ་གང་། བཅུ་གཉིས་ལས་ཤེས་བཞིན་བཟངས་མ། བདུན་ཅུ་རྩ་གཉིས་གོ་རིམ་ལས།། ལོ་ཡི་རིམ་གྱི་གྲངས་དེ་དར་བྱ།། སུམ་ཅུ་དྲུག་དང་བཅོ་བརྒྱད་དང་།། ཟླ་བ ་ལ་སོགས་པ་གོ་རིམ་བཞིན།། ཞེས་པ་ནི་ལོའི་རིམ་གྱིས་གྲངས་བཞིན་ནི་མ་ཡིན་ནཱཾ། ལོའི་ཆ་ལ་གནས་ཏེ། གཅིག་གཉིས་གསུམ་ལ་སོགས་པའི་ཉི་མས་དེ་སྦྱར་ཞེས་པའི་དོན་ཏོ།། དེ་ཡང་འཁོར་ལོའི་སྟེང་འོག་གི་སྒོ་ལས་ཤེས ་པར་བྱ་སྟེ། འཁོར་ལོའི་སྟེང་གི་སྒོ་ནཱི་ལྷོའི་རིམ་པས་སོ།། འོག་གི་སྒོ་ནི་ཞག་དང་ཟླ་བའི་རིམ་པས་སོ།། པགས་ཀྱི་པགས་ཀྱིས་དབྱེ་བར་བྱ། ལྷག་མར་གྱུར་པ་གང་ཡིན་དང་། བཟླུམས་པ་ཞེས་པ་བྱ་འཚོ་བའི་ཚད།། ཅེས་པ་ནི་ཇི་ལྟར་ཕྲི་བ ་དེ་ལྟར་བསྣན་པའི་དོན་ཏོ།། འདིས་ནི་ཕྱིའི་དང་དབུས་ཀྱི་རིའུ་མིག་བཅུ་གཉིས་གཏན་ལ་ཕབ་པ་ཡིན་ནོ།། ནང་གི་རེའུ་མ་མེ་རྣམས་ནི་རྟོགས་པར་སླ་བ་ཉིད་དོ།། འདིས་འཆི་བའི་མཚན་ཉིད་ངེས་པར་བྱ་སྟེ། ཕྱིར་བཟློག་པའི་ཆོ་ག་བྱའོ། འཆིང ་འཚོ་བ་ལ་སོགས་པ་ནི་སྔོན་ཉིད་དུ་ཡང་བསྟན་ཟིན་ཏོ།། ཡང་ན་ལག་པ་ཁ་ཊྭཱཾ་ག་དང་སྦྱར་ཞེས་པ་ལ་སོགས་པ་གསུངས་ཏེ། ཡང་ན་ཀེང་རུས་ཀྱི་གཟུགས་པགས་པ་དང་། ཤ་དང་ཁྲག་དང་ཁུ་བ་ལ་སོགས་པ་དང་བྲལ་བ་བདག་ཉིད་བསྒོམ ་པར་བྱའོ།། ཡང་ན་ཁཎྜ་རོ་ཧ་ཁ་ཌཱ་ག་དང་ཐོང་བ་དང་ལྡན་པ་ཕྱུང་སྟེ། བསྒོམ་པ་ལ་གོམས་པའི་རྣལ་འབྱོར་པས། ཡན་ལག་ཐམས་ཅད་ཀྱི་སྒོ་ལ་སོགས་པ་གསུངས་ཏེ། བདུད་རྩི་ལྔས་ཁ་བཀྲུས་པ་འམ། ཡང་ན་བདུད་རྩི་བསམ་གཏན ་གྱིས་བྱིན་གྱིས་བརླབ་བོ།། མཆོག་པ་སྔོན་དུ་འགྲོ་བ་ལ་སོགས་པ་ནི་སྔོན་དུ་བཤད་ཟིན་ཏོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ལས་འཆི་བ་བླུ་བའི་བཤད་པའོ།། །། ད་ནི་མུ་སྟེགས་ཅན་གྱི་དབང་དུ་བྱས་ཏེ་གསུངས་པའོ།། རླུང་བཅིང ་བ་ལ་སོགས་པས་དེ་དག་ཀྱང་རྫོགས་པའི་སངས་རྒྱས་སུ་བྱའོ།། དེ་དག་གིས་ཀྱང་ངེས་པར་རླུང་དང་བདུད་རྩི་ལ་སོགས་པའི་དེ་ཁོ་ན་ཉིད་རྟོགས་པར་འདོད་དེ་ངས་ན་དེ་རྣམས་ཀྱིས་རྟོགས་པར་བྱ་བ་དང་། བདག་ཅག་གི་ཡང ་ཡོད་པ་སྟེ། ཕུང་པོ་ལ་ཞེན་ཅིང་མངོན་པར་ཆགས་པ་རྣམས་དང་། མཐོ་རིས་ལ་སོགས་པའི་ལོངས་སྤྱོད་ལ་དགའ་བ་རྣམས་ཀྱི་ཕྱིར། གཞན་གྱི་ལུས་ལ་གཞུག་བྱ་དང་། གོང་དུ་འཕོ་བ་བསྟན་པ་ཡིན་ནོ།། འདི་དག་གང་ལས་ཤེས་པར་བྱ ་ཞེ་ན། མདོ་སྡེ་ལ་སོགས་པ་ལས་བསྟན་པའི་ཕྱིར་རོ།། དེ་ལྟར་ཡང་གསུངས་པ་ཏེ། གང་གི་ཆ་སྔོན་ཚངས་པ་དང་དྲང་སྲོང་དང་། འོད་སྲུངས་བྱུང་བ་དེའི་ཚེ། དགེ་སྦྱོང་གཽ་ཏ་མས་གལ་ཏེ། བདག་གི་དེ་ཁོ་ན་ཉིད་ཤེས་ན་ངའི་ཚེ་ཕྱིས་མཉམ་པར ་བྱའོ་ཞེས་བགྲོས་ཏེ། བཅོམ་ལྡན་འདས་ལ་འདྲི་བ་ལ་བརྩོན་འགྲུས་པར་བྱེད་དོ།། དགེ་སྦྱོང་གཽ་ཏ་མ་དག་ཡོད་དམ་ཞེས་འདྲིའོ།། གསུངས་པ་བདན་ཏེ་ཁྱེད་པར་ཅག་གིས་ཇི་ལྟར་ཤེས་པ་བཞིན་དུ་བདག་ནི་ཡོད་དོ། ་ས་གསུངས་སོ།། དེ་ནས་དེ་ངག་ཡིད་དགའ་ཞིང་མགུ་ནས་ལགསོ་ཞེས་བྱ་བ་བྱིན་ནས་རབ་ཏུ་བྱུང་བར་གྱུར་ཏོ།། དེ་ལྟར་གཞན་དྲུག་གི་དཔར་ཡང་རྟོགས་པར་བྱའོ།། གཞན་ཡང་བརྩེ་བ་དང་ལྡན་ཞིང་བསྒོམས་པའི་བདག ་ཉིད་ཅན་སེམས་ཅན་གྱི་དོན་དང་ལྡན་པས། ངན་འགྲོའི་ལམ་དགག་པར་བྱ་བའི་ཕྱིར་གོང་དུ་འཕོ་བར་བྱའོ།། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ལ་གོམས་པར་བྱ་བའི་ཕྱིར་དང་། ངན་འགྲོ་ལས་གཞན་གྱི་སེམས་བསྲུང ་བར་བྱ་བའི་ཕྱིར། གཞན་གྱི་ལུས་ལི་གཞུག་པར་བྱ་སྟེ། དེ་ཡང་བསྒོམ་པའི་བདག་ཉིད་ཅན་ནུས་པ་དང་ལྡན་པས་འདི་བྱའོ།། དང་པོ་ཁོ་ནར་ཡོངསུ་དག་པར་བསྟན་ཏེ་ཕྱིས་སེམས་ཀྱི་ལས་བྱའོ།། གཞན་དག་ནི་རྟོགས་པར ་སླའོ།། སྔོན་བཞིན་འཁོར་ལོ་གང་གསུངས་ལས། རྣ་བ་དག་ཏུ་ཞུགས་ནས་ཀྱང་།། ཞེས་པ་ནི་རྡོ་རྗེ་མཁའ་འགྲོའི་སྦྱོར་བས་ནང་གི་འཁོར་ལོའི་བདག་གཉིད་བསྒོམས་ཏེ། ཐིག་ལེར་སྤྲོས་ནས་འཇིག་རྟེན་གསུམ་དུ་གཏོན ་བའི་སྒྲ་དང་འདྲེས་ཤིང་། ཛཱ་ལན་དྷ་རིའི་ལམ་ནས་ཞུགས་ཏེ། མེ་ཏོག་བཞིན་དུ་འཁོར་བར་འགྱུར་རོ།། རླུང་གིས་མེ་བསྐྱོད་པས་སྤྲོས་པའི་བདག་ཉིད་ཤེས་རབ་དང་ལྡན་པ་མེ་སྟག་བཞིན་དུ། རྣ་བ་དག་ཏུ་གཞུག་གོ་ཞེས་པའི ་དོན་ཏོ།། འདིས་ནི་རྣལ་འབྱོར་པའི་རིང་ནས་ཐོས་པ་ཤེས་པར་འགྱུར་རོ།། དེ་ལྟར་མིག་ལ་ཡང་སྦྱར་ཏེ། ལྷའི་མིག་སྤྱོད་ཡུལ་དུ་བྱས་པས་ཁམས་གསུམ་མཐོང་བར་འགྱུར་རོ།། དེ་ལྟར་སྔོན་གྱི་གནས་པར་བྱ་བའི་ཕྱིར། འཇིག་རྟེན ་གསུམ་སྣང་བར་བྱ་བ་དང་། གཞན་གྱི་སེམས་ལ་བཅུག་པས་གཞན་གྱི་སེམས་ཤེས་པ་དང་། རྫུ་འཕྲུལ་མངོན་པར་བྱེད་དོ།། ཇི་ལྟར་གསུངས་པའི་དཀྱིལ་འཁོར་ལོ་གནས་ཏེ། འབར་ཞིང་གསལ་བ་ལ་སོགས་པའི་ལ ་བསླབ་པ་དང་། གཞན་གྷི་ལུས་ལ་འཇུག་པ་དང་། གོང་དུ་འཕོ་བའི་འི་མཚན་ཉིད་ལ་བསླབས་པས་མྱུར་བ་ཁོ་ནར་དེ་དང་འདྲ་བ་བསྐྱེད་པར་འགྱུར་རོ།། འགྲོ་བ་ཡི་ནི་བསྒོམ་བཟང་པོ།། ཉིན་གཅིག་ལྷ་མོ་སྒྱུ་འཕྲུལ་ཆེ་ཞེས་པ་ནི།། ་སྒོ་དགུ་ནས་རྣམ་པར་ཤེས་པ་འཕོ་བའི་མཆོག་དང་ཐ་མའི་དབྱེ་བས་འགྲོ་བའི་དབྱེ་བ་བསྟན་ཞེས་པའི་དོན་ཏོ།། ལྟེ་བ་འདོད་ཆག་ཅན་མཐོ་རིས་ཏེ། ཐིག་ལུས་གཟུགས་ཀྱི་ལུས་ཅན་ནོ།། ཞེས་པ་ནི། གང་གི་ཆུ་སྤྲོ་བ་དང་སྡུང ་པའི་རིམ་པས་སེམས་ཅན་ཐིག་ལེའུ་གཟུགས་ཅན་གྱི་རྣམ་པར་ཤེས་པ་ལུས་ཅན་རྣམས་ཀྱི་ལྟེ་བའི་སྒོ་ནས་བྱུང་བ་དེའི་ཚེ་མཐོ་རིས་སུ་སྐྱེས་པར་འགྱུར་རོ།། ལྷ་མོ་སྟེང་གིས་སྟེང་འགྲོ་ཞིང་། ཞེས་པ་ན། གང་གི་ཚེ་སྟེང་ཛཱ་རཱ་ན་དྡྷ ་རའི་སྒོ་ནས་བྱུང་ན། དེའི་ཚེ་རྣལ་འབྱོར་པ་མཐོ་རིས་ཀྱི་གོང་དུ་གྱུར་པ་འོག་མིན་ལ་སོགས་པར་སྐྱེ་བར་འགྱུར་བ་སྟེ། དེས་ན་མྱུར་དུ་འགེ་བོས་ཕྱེ་བ་ཞེས་པའི་དོན་ཏོ།། སྣ་ལས་ནི་གནོད་སྦྱིན་དུ་འགྱུར་རོ།། རྣ་བ་དག་ལ་ནི་མི ་འམ་ཅིར་འགྱུར་རོ།། ལྷ་མོ་གལ་ཏེ་མིག་འགྲོ་ན། མི་རྣམས་ཀྱི་ནི་རྒྱལ་པོར་འགྱུར། ཞེས་པ་ནི། གལ་ཏེ་མིག་ནས་རྣམ་པར་ཤེས་པ་བྱུང་ན། མིའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཞེས་པའི་དོན་ཏོ།། སྲིད ་བའི་སྒོ་ཞེས་པ་ནི་ཁའི་སྟེ་སྟེ། འདི་ལས་རྣམ་པར་ཤེས་པ་བྱུང་ན། ཡི་དགས་སུ་འགྱུར་ཞེས་པོའི་དོན་ཏོ།། ཆུ་ཡིས་དུད་འགྲོ་ཞེས་པ་ནི་དྲི་ཆུའི་ལམ་ནས་རྣམ་པར་ཤེས་པ་བྱུང་ན་དུད་འགྲོར་འགྱུར་ཞེས་པའི་དོན་ཏོ།། ཆུ་མིན ་དམྱལ་བར་འགྲོ་བ་སྟེ། ཞེས་པ་ནི་འོག་གི་སྒོ་དྲོ་ཆེན་གྱི་ལམ་ནས་རྣམ་པར་ཤེས་པ་བྱུང་ན་དམྱལ་བར་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ།། ཐར་པ་རྣམས་ལས་གཞན་དུ་འགྲོ་ཞེས་པ་ནི་འདི་ལྟར་བུ་ན་སླར་ཡང་ཐར་པའི་སྒོར་མི ་འགྲོ་ཞེས་དོན་ཏོ།། དེའི་ཚེ་རྣལ་འབྱོར་པ་རང་དགའི་རྫུ་འཕྲུལ་ཅན་དུ་ཇི་ལྟར་འགྱུར་ཞེ་ན། སྔོན་དུ་བུམ་པ་ཅན་བསམས་ལ་སྒོ་ཐམས་ཅད་བཀག་སྟེ་གོང་དུ་འཕོ་བ་བརྩམས་ནས་དེ་ལྟ་བུར་འགྱུར་ཞེས་པའི་དོན་ཏོ།། སྒྲོགས་པ་ལྔའི ་མཆོད་རྟེན་གྱི་སྒོ་ཡི་བུ་གར་བསྒོམ་པར་བྱ་ཞེས་བྱ་བ་ནི། མཆོད་རྟེན་གྱི་སྒོ་དང་སྤྱི་བོའི་བུ་གེ་ར་ཧ་ཀཾ་བསྒོམས་ནས་སྒོ་དབྱེ་བར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཁུ་བུའི་སྒོ་ལ་ཞེས་པ་ནི་སྙིང་གི་ནང་དུ་གནས་པའི་ཧཱུཾ་གི་ས་བོན་ཆུ་བྲེའི ་འབྱུང་བ་དང་། འཇུག་པའི་རླུང་བདུད་རྩིའི་རང་བཞིན་ཅན་མེའི་ས་བོན་སྦར་བ་དང་བུམ་པ་ཅན་གྱི་དབུགས་ངེས་ནི་བདེ་བླག་དུ་སྒོ་ཕྱེ་ནས་ལུས་དོར་ཏེ། རང་དགའ་བར་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞེས་པའི་དོན་ཏོ།། ལུས་ནི་རླུང་གི ་མདོག་ཏུ་སྟེ་ཞེས་པ་ལ་སོགས་པ་ནི་གོ་རིམ་པར་སླའོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་གཅིག་པ་ལས་གོང་དུ་འཕོ་བའི་བཤད་པའོ།། །། སླར་ལང་ལྷ་མོས་གར་མཛེས་པ་དེ། གླུ་འདི་ཡིས་ནི་མཉེས་པར་བྱ།། ཞེས་ལ་ལ་སོགས་པ ་ལ། ཨེ་བི་སི་ཏཱ་ཨ་རུ་ཎ་ནི་བྷ་ཛ་ནཱི་ཏ་དྷྱ་མཱ་ག་མཱ་ས་ད་མ་ལ། ཞེས་པ་ནི་ཁྱོད་ནི་ཨེ་བཾ་སྟེ། དཀར་པོ་དང་དམར་པོར་སྣང་བའི་བྱང་ཆུབ་སེམས་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། སི་ཏ་ཞེས་པ་ནི་ཧེ་རུ་ཀ་ནཱག་པོའོ།། ཨ་རུ་ཤ་ཞེས་པ་ནི། རྡོ་རྗེ་ཕཊ་མོ ་དམར་མོ་སྟེ། འདི་དག་གཉིས་པའི་དངོས་པོས་ཤེས་རབ་དང་ཐབས་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། ཛ་ན་ཏེ་མ་དྷ་མཱ་ག་མཱ་ཞེས་པ་ནི། དབུ་མ་ལས་སྐྱེས་ཤིང་འོངས་པ་ཞེས་པའི་དོན་ཏོ།། ད་མ་མ་ནི་སེམས་འདུལ་བ་སྟེ། དེ་ལས་གང་སྐྱེས ་པ་ནི་དབུ་མར་འགྲོ་བས་འདུལ་བར་འགྱུར་པ་དེ་ལ་བསྲུངས་ཤིག་བསྐྱངས་པའི་དོན་ཏོ།། ནི་ས་ཞེས་པ་ནི་དབུགས་རྔུབ་པོ་ཞེས་པའི་དོན་ཏོ།། རིང་གྷ་མཱ་སཱ་ཞེས་པོའི་སྟོང་པ་ཉིད་ཀྱི་རྣལ་འབྱོར་མ་དེའི་རང་བཞིན་ཏེ། སྲོགས་གི་དབུགས་ཀྱི་རང་བཞིན་ཞེས་པའི ་དོན་ཏོ།། རྀ་གའི་མཱ་ཞེས་པ་ནི་ཀྱི་སྟོང་པ་ཉིད་ཀྱི་རང་བཞིན་ཞེས་པའི་དོན་ཏོ།། བྷུ་བ་སྟེ་ཞེས་པ་ནི་མ་ལུས་པའི་དབང་ཕྱུག་ཅེས་པའི་དོན་ཏོ།། ས་རེ་རཾ་ཞེས་པ་ནི་ཁྱོད་ཀྱི་སྙིང་པོ་ཞེས་པའི་དོན་ཏོ།། དེ་ཅི་ཞེ་ན། ནི་པཱ་སཱ་ཞེས་པ་ནི་རྔུབ་པའི་དབུགས་ཐ ་མལ་པ་བཞན་དག་མ་ཡིན་ཏེ། ཤེས་རབ་དང་གཉིས་འདུས་པས་འགྲོ་བ་ལ་ཕན་པར་བྱེད་པ་ཞེས་པའི་དོན་ཏོ།། མ་དྷུ་མ་དྷཱ་མ་སྭ་སཱ་སཱ་སཱུ་ཏ་ནི་ས་ཞེས་པ་ནི། འཛག་པའི་རང་བཞིན་རྔུབ་པའི་དབུགས་ཏེ། སེམས་ཀྱིས་ཆོས་ཀུན་རྫོབ་པ་བྱང་ཆུབ ་སེམས་ཀྱི་རང་བཞིན་ཞེས་པའི་ཐ་ཚིག་གོ།། སཱ་རི་སཱ་རི་ཏ་ཀ་མ་ག་མ་ཞེས་པ་ནི། དེ་དབུགས་གཏོར་བ་དང་རྔུབ་པ་དང་འགྲོ་བ་དང་འོང་བའི་རང་བཞིན་ཞེས་པའི་ཐ་ཚིག་གོ།། དྷ་མྦཱ་དྷཱ་མ་ས་ཞེས་པ་ནི་དེས་གདུལ་བ་སྟེ་ཡིད་ཀྱིས ་གདུལ་བའི་དོན་ཏོ།། པཱ་པ་མ་པཱ་པ་ཞེས་པའི་ནི་སྡིག་པ་དང་སྡིག་པ་མེད་པའི་རང་བཞིན་ཞེས་པའི་དོན་ཏོ།། མ་དང་ནི་མི་ཏ་ཞེས་པ་ནི་ཀྱེ་མཆོག་དགའ་བའི་རང་བཞིན་གྱིས་དྲེགས་ཤེས་པའི་དོན་ཏོ།། དོན་ནི་འདི་ཡིན་ཏེ་ཀླུས་མཉེས་པར་བྱ་ཞེས ་སྦྱར་ཏེ། ངལ་ཞིང་སྙན་པའི་དབྱངས་ཀྱིས་ཁྱད་པར་གྱི་གླུ་བླངས་ཞེས་པའི་དོན་ཏོ།། དེ་ལྟར་རྣལ་འབྱོར་པའི་དབུགས་ཀྱི་གན་སུ་དབྱངས་ཀྱི་དབྱེ་བ་དེ་རྣམས་ཀྱང་བསྟན་ཏོ།། ད་ནི་རྩིས་ཀྱི་འཁོར་ལོར་དགེ་བ་དང་མི་དགེ་བའི་རྒྱུ་མཚན་འབྱུང་བ ་བོསྟན་ཏེ། ཤར་དུ་མེ་ཞེས་པ་ནི་རེའུ་མིག་དགུ་པ་བྲི་སྟེ། དེའི་ཤར་ཕྱོགསུ་མ་ཤའི་ལུག་དབང་ཟད་བྲི་བར་བྱའོ།། གཤིན་རྫར་བྲི་ཞེས་པོ་ནི་གཤིན་རྗེའི་ཕྱོགས་སུ་བྲྀ་ཥ་བྲིའོ།། ཆུ་རུ་མ་ཞེས་པ་ནི་ཆུའི་ཕྱོགསུ་མི་ཐུནམ་བྲིའོ།། གནོད་བྱིན་དུ་ཀུ ་ཞེས་པ་ནི་གནོད་བྱིན་ཏེ་བྱང་གི་ཕྱོགས་སུ་ཀུ་ལི་རིལ་ཟའོ།། མོ་དྷ་རུ་དྷུ་སི་ཞེས་པ་ནི་མེའི་ཕྱོག་སུ་དྷ་ནུ་སཾ་དང་སི་ཧཾ་བྲིའོ།། སྲིན་པོ་མ་ཀ་ར་ཞེས་པ་སྲིན་པོའི་ཕྱོགས་བདེན་ཐལ་དུ་མཱ་ཀ་ར་དད་ཀ་བྱཾ་བྲིའོ། གཱ་ཡོ་བ་ར་ཏུ་ཀུ་ཞེས་པ་ནི་རླུང་གི་ཕྱོགས ་ཏུ་ལ་དང་ཀུམ་བྷ་བྲྀའོ།། དབང་ལྡན་དུ་བ་མི་ཞེས་པ་ནི་དབང་ལྡན་གྱི་ཕྱོགསུ་གཽཥ་དང་མཱི་ན་བྲིའོ།། འདི་ནི་དབང་ཐང་རྣམས་ཀྱི་དགོས་པའོ།། ཨ་ལ་སྒུར་པོ་ཞེས་པ་ནི་སྒུར་པོ་མིག་དམར་ཏེ། དེའི་ཨ་འབྲི་ཞེས་པའི་དོན་ཏོ།། ཨི་ལས་ཟླ་སྐྱེས ་ཤེས་པ་ནི། ཟླ་སྐྱེས་ནི་གཟའ་སྟེ། གཟའི་ཨི་བྲི་ཞེས་པའི་ཐ་ཚིག་གོ། ཨུ་ལས་ལྷའི་བླ་མ་ཞེས་པ་ནི། ལྷའི་ཐ་མ་ཞེས་པ་ནི་ཕུར་བུ་སྟེ། དེའི་ཨུ་བྲི་ཞེས་པའི་དོན་ཏོ།། ཨ་ལ་ཁྱཱ་བ་ཞེས་པ་ནི་བ་བཱ་སངས་ཀྱི་ཨེ་བྲྀ་ཞེས་པའི་དོན་ཏོ།། ཨོ་ལ ་ཉི་མའི་བུ་ཞེས་པཾ་ནི། སྤེན་པའི་ཨོ་བྲི་ཞེས་པའི་དོན་ཏོ།། ཨོ་ལ་གཟའ་བདག་ཅེས་པ་ནི་གཟའ་བདག་ནི་ཟླ་བ་སྟེ། དེའི་ཨོ་བྲི་ཞེས་པའི་དོན་ཏོ།། ཨཿཉི་མར་གསུངས་ཞེས་པ་ནི་ཉི་མའི་ཨཿབྲི་ཞེས་པའི་དོན་ཏོ།། ད་ནི་འདི་གཉིས་རྟོགས ་པར་བྱ་སྟེ། ཀུ་ལ་རི་ལ་དཀྱིལ་འཁོར་ཅན་དུ་ཤེས་ཞེས་པ་ནི་ཀུ་ལཱ་རི་ནརི་ཀར་ཏེའོ།། དཀྱིལ་འཁོར་ཅན་ནི་ཟླ་བ་སྟེ། དེ་ལ་སྐྱེས་པ་ནི་གཟའ་དང་ལག་ཏུ་ཤེས་པར་བྱ་བའི་དོན་ཏོ།། གདོང་ལྔ་པ་ལ་ཉི་མ་གནས་པར་ཞེས་པ་ནཱི། གདོང་ལྔ་པ ་སེང་གེ་ཉི་མ་གནས་པར་ཤེས་པར་བྱ་ཞེས་པའི་དོན་ཏོ།། འདིས་ནི་རྟའི་འགྲོས་ཀྱིས་གཟའ་རྣམས་བསྟན་པ་ཡིན་ནོ།། གང་དག་མཐའ་ན་གནས་པའི་གཟའ་རྣམས་ནི། ལྷག་མ་རང་རང་དབང་ཐང་ལ་སྤྱོད་པ་ཞེས་པ་ནི་གཟའ་གང ་དག་ལྷག་མ་རྣམས་མཐའ་ན་གནས་པ་སྟེ། མཚམས་ཀྱི་ཆ་ན་གནས་པ་ན་དེ་རྣམས་ནི་དབང་ཐང་གཉིས་གཉིས་ལ་སྤྱོད་པས། ཡོངསུ་མཉེས་པའི་དོན་ཏོ།། ཕྱོགས་རྣམས་ནི་དབང་ཕྱུང་རེ་རེ་ལ་སྤྱོད་ཅེས་པའི་ཐ་ཚིག་གོ།། གཞན ་ཡང་རོ་ཏི་ཏ་ལུག་ཁ་ཅིག་ཏུ་ཞེས་བྱ་བ་ལ་སོགས་པ་ནི། རྒྱུད་ཀྱི་གཞུང་ཉིད་དུ་གསལ་བར་བྱས་པས་ཐམས་ཅད་རྟོགས་པར་སླ་ཞེས་པའི་ཐ་ཚིག་གོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་གསུམ་པ་ལས། ཀླུ་དང་ག་པའི ་དབང་གི་བཤད་པའོ།། །། དེ་ལྟར་དེ་ཀུན་འཇིག་རྟེན་གྱི་ཞེས་པ་ནི། གང་དག་སྔོན་དུ་གསུངས་པའི་ཧོ་ཏ་ལ་སོགས་པའི་དབྱངས་ཡིག་བཅུ་གཉིས་པོ་རྣམས་སོ།། དེས་ན་ཟད་དང་མངོན་པར་འབྱུང་ལ་གནས་ཞེས་གསུང་སོ།། ་ལྷ་ཆེན་བཅུ་གཉིས་པོ་དེ་རྣམས།། འཚོ་བའི་གཟུགས་ཀྱི་ཚེ་རུ་གནས། དེ་རྣམས། དབང་ཐང་ཡང་དག་བཤད།། རྒྱུད་སྐར་ཀུན་དང་ཡང་དྲག་ལྡན། ཟླ་བ་ཉི་མ་རྣམས་དབྱེ་བས།། འོག་དང་སྟེང་དུ་བལྟས་དེ་བཞིན།། ཞེས་པ་ནི་ལུས་ལ་ཁ་སྟེང་དུ་བལྟས ་བ་ནི་ས་ལ་སོགས་པའོ།། ཁ་འོག་ཏུ་བལྟས་པ་ནི་ཀ་ལ་སོགས་པ་ཞེས་པའི་དོན་ཏོ།། བརྟན་པ་དང་ནི་གཡོ་བ་གཉིས།། གཉིས་དང་གཉིས་སུ་ཡང་དག་གསུངས།། ཤྲཱིས་པ་ནི། རེ་རེ་བཞིན་དུ་བརྟན་པ་དང་གཡོ་བའི་རང་བཞིན་ཞེས་པའི་དོན་ཏེ།། ་འདི་དག་གི་འབྱུང་བའི་རིམ་པས་ནི་མ་དགེ་བའོ།། འཇུག་པའི་རིམ་པས་ནི་དྲག་པ་སྟེ། སོ་སོར་ར་རེ་ལ་སྦྱར་ཞེས་པའི་དོན་ཏོ།། ལྷ་མོ་དེ་བཞིན་གཟི་བརྗིད་ཟུང་།། རིང་ཐུང་རྒྱལ་དང་རྒྱུ་ལ་མིན་པ་ཞེས་པ་ནི། སྔོན་དུ་གསུངས་པའི་འཁོར་ལོའི་སླར ་ཡང་བསྟན་པའོ།། གཟི་བརྗིད་ཟུང་ཞེས་པ་ནི། སྡེ་ཚན་རིམ་པར་གསུངས་པའི་ཡི་གེ་ཟུང་དུ་འབྲེལ་པ་བླ་བྷ་དང་རིང་བ་གང་ཡིན་པ་དེས། རྒྱལ་བ་དང་རྒྱལ་བ་མ་ཡིན་པར་འགྱུར་རོ།། དེའི་བསམ་པ་ཅིག་ཞེ་ན། སྟེང་གིས་དེ་ཡི་གེ་རྒྱལ་བ་སྟེ། ་ཞེས་སྨྲས་མ་དང་པོ་རི་ཡི་གེ་ཐུང་དུས་ནི་རྒྱལ་བར་འགྱུར་རོ།། འོག་གིས་འཆི་དང་ཟད་པོ་ཡིན་ཞེས་པ་ནི་ཡི་གེ་གཉིས་པས་ནི་འཆི་བ་དང་ཟད་པས་འགལ་ལ་ཞེས་པའི་དོན་ཏོ།། དེ་ལྟར་སྡེ་ཚན་ཐམས་ཅད་ངམ། ཨ་ལ་སོགས་པའི་སྒོ ་རྣམས་རྩིས་ཀྱི་འཁོར་ལོ་བྲིས་ཏེ། བརྩིས་པར་འགྱུར་བས་གང་ལྷག་པར་འགྱུར་བའི་ཡི་གེ་དེ་བླུགས་ཏེ། དེས་བསྟན་པའི་དགེ་བ་དང་མི་དགེ་བའི་འཁོར་ལོ་རེའུ་མིག་བཅུ་གཉིས་པ་ལས་མཚོན་པར་བྱའོ།། དེ་ཡང་རྒྱུ་ཉིད་ལས་སྟོམ ་པར་འགྱུར་རོ།། ཐམས་ཅད་ཉི་མར་སྤྱོད་པ་དང་། སྐར་མ་དབང་ཐད་གཟའ་དང་ཀླུ། འཆར་བ་ཡིས་ནི་ཞེས་པ་ལ་སོགས་པ་ནི་གོ་སླའོ།། དཔལ་རྡོ་རྗེ་མཁའ་འགྲོ་མའི་ལེའུ་ཉི་ཤུ་པའི་རྩིས་ཀྱི་འཁོར་ལོའི་བཤད་པའོ།། ། གོང་དུ་ཟླ ་བ་རྣམས་གནས་པར།། སྔོན་དུ་སྐར་མ་བགྲང་བར་བྱ། ཞེས་པ་ནི་མི་རྣམས་སྐྱེས་པ་དང་སྐར་མ་བརྟག་པར་བྱ་སྟེ། སྔོན་དུ་བརྩི་བར་བྱའོ།། ཕྱིས་དེའི་ཟླ་བ་དུ་ཡིན་པ་ཡང་བརྟགས་ལ། གང་དུ་སྐུར་མ་གནས་པའི་ཟླ་བ་དེ་བརྩིས་ཏེ། མཚན།། ་མ་གདབ་པར་བྱའོ།། དེ་ནས་གྲངས་དྲུག་ཅུ་རུ་བརྩི་བར་བྱའོ།། ཡང་ཉི་མ་གང་ལ་སྐྱེས་པ་དེའི་དུས་ཀྱི་ཆུ་ཚོད་འདས་པ་དེ་རྣམས་ཀྱང་བསྣུན་པར་བྱའོ།། དེར་ནི་ཟླ་བ་གཞུག་པར་བྱ་ཞེས་བྱ་བའི་དོན་འདི་ཡིན་ཏེ། ཟླ་བ་ལ་ལོངས་སྤྱོད་པ ་དུས་གཞུག་པ་དང་། སླར་ཡང་གྲངས་དྲུག་ཅུ་བསྣུན་པར་བྱ་བའི་དོན་ཏོ།། གླང་པོ་མོ་དང་རོ་དབང་པོ་ཞེས་པ་ལ། གླང་པོ་ནི་ཕྱོགས་གླང་པོའོ།། མེ་ནི་གསུམ་མོ།། རོ་ནི་དྲུག་གོ།། དབང་པོ་ནི་གཅིག་སྟེ། སྤྱིར་དྲིལ་ན་གྲངས་ཉི་ཤུར་བྱ་འགྱུརརོ།། ་དེ་ལྟར་ཆ་འདི་དག་ཙམ་གྱིས་ཕྲིན་སྟེ། ལྷག་མ་ལུས་པའི་ཆ་གང་ཡིན་པ་དེ་བླང་བར་བྱ་ཞེས་པའི་དོན་ཏོ།། དབུས་སུ་ལྡོག་པ་ཞེས་པ་ནི་གང་ལྷག་པར་བླངས་པ་དེའི་གནས་སྐབས་ལ་སྤང་པར་གསུངས་ཞེས་པའི་དོན་ཏོ།། ་དང་མཚན་གྱི་བར་སྦྱོར་བས། ལྷག་པའི་ཆུ་ཚོད་དུ་ནི་གསུངས།། གང་དུ་ཟླ་བ་རྣམ་གནས་པ།། རབ་ཏུ་གནས་པ་འཇོམས་པར་འགྱུར་ཞེས་པ་ནི། གལ་ཏུ་པ་དང་པོ་ལ་སྐྱེས་པ་དེའི་ཟླ་བ་དང་། སྐར་མས་ནི་འཇོམས ་ཤིང་གསོད་པ་ལ་སོགས་པར་འགྱུར་ཞེས་པའི་དོན་ཏོ།། གཉིས་པ་ཞི་བས་ཞི་བ་སྟེ། ཞེས་པ་ནི་ཟླ་བ་གཉིས་པ་ནི་ཞི་ཞིང་དག་པར་ཤེས་པར་བྱ་ཞེས་པའི་དོན་ཏོ།། གསུམ་ནི་འཚོ་བ་ཞེས་བྱ་བ་ནི་ཟླ་བ་གསུམ་པས་སྡུག ་བསྔལ་ཞིང་འཆི་བའི་གནས་སྐབསུ་འགྱུར་ཞེས་པའི་དོན་ཏོ།། བཞི་པ་དགའ་བས་མགུ་བར་འགྱུར་ཞེས་པ་ནི་ཟླ་བ་བཞི་པས་དགའ་ཞིང་མགུ་བར་འགྱུར་ཞེས་པའི་དོན་ཏོ།། ལྔ་པ་ནོར་གྱིས་ནོར་ནི་འགྱུར་ཞེས་པ་ནི་ཟླ་བ་ལྔ ་པས་ནོར་འབྱུང་བར་འགྱུར་ཞེས་པའི་དོན་ཏོ།། དྲུག་པར་རིམ་གྱིས་དུས་ནི་ཀློག་ཞེས་པ་ནི། ཟླ་བ་དྲུག་པས་ལུས་རམཾ་གྱིས་ཀློག་པར་འགྱུར་ཞེས་པའི་དོན་ཏོ།། བདུན་པས་དགའ་བས་དེ་བཞིན་དུ་ཞེས་པ་ནི་ཟླ་བ་བདུན་པས་མེགུ། ་བ་དང་འཕྲད་པར་འགྱུར་ཞེས་པའི་དོན་ཏོ།། བརྒྱུད་པ་རློག་པས་བརླག་པས་ཏེ། ཞེས་པ་ནི་ཟླ་བ་བརྒྱད་པར་བརླག་པར་འགྱུར་ཞེས་པའི་དོན་ཏོ།། དགུ་པ་ཉེ་བར་གནས་པ་ཡིས། ཞེས་པ་ནི་ཟླ་བ་དགུ་པས་དགྲ་རྣམས་དང་རྩོད ་པར་འགྱུར་ཞེས་པའི་དོན་ཏོ།། བཅུ་པ་རྩེད་འཇོམས་ཞེས་བྱ་བས་ཞེས་བྱ་བ་ནི་རྣམས་པར་རྒྱལ་བ་སྣ་ཚོགས་པར་རྒྱལ་བར་འགྱུར་ཞེས་པའི་དོན་ཏོ།། བཅུ་གཅིག་པ་ནི་གདུང་བས་ཡ་སཾ། ཞེས་པ་ནི་ཟླ་བ་བཅུ་གཅིག ་པས་འཇིགས་པ་སྣ་ཚོགས་འབྱུང་ཞེས་པའི་དོན་ཏོ།། བཅུ་གཉིས་པ་ནི་ཟ་བཞིན་པས་ཞེས་པ་ནི་ཟླ་བ་བཅུ་གཉིས་པས་བདེ་བ་ཆེན་པོ་ལོངས་སྤྱོད་པ་སྐྱེ་བར་འགྱུར་ཞེས་པའི་དོན་ཏོ།། ཟླ་བ་དགུ་པའི་ཆོ་ག་རིམ་པས།། ལྷ་མོ་ལུག་ལ་སོགས ་པར་བཤད་ཙ་ན་ཏེ། དེ་དག་ནི་རྩིས་ཀྱི་འཁོར་ལོར་ཁོང་དུ་ཆུད་པར་བྱ་ཞེས་པའི་ཐ་ཚིག་གོ།། དཔལ་རྡོ་རྗེ་མཁའ་འགྲོའི་ལེའུ་ཉི་ཤུ་རྩ་ལྔ་པཱ་ལས། སྐྱེ་བའི་གནས་སྐབས་ཀྱི་བཤད་པའོ།། །། ཉ་ལ་མེ་རུ་ཡང་དག་གནས།། གནམ ་སྟོང་ལ་ནི་རླུང་དུ་གནས།། དེ་ལྟར་དེ་ཡིས་དབུགས་གནས་པའོ།། ཕྱོགས་ནི་རབ་ཏུ་གདུང་གནས།། ཟླ་བ་ཉི་མ་འབྱུང་རི་མོ།། མཉམ་པར་སོང་ཞིང་མཉམ་པར་བལྟ།། ཞེས་པ་ལ་སོགས་པ་ནི་རྒྱུད་ཉིད་དུ་གསལ་བར་བསྟན་ཏོ།། མན་ངག ་དམ་པ་རྣམས་ནི་རྙེད་དཀའ་ཤེས་པར་དཀའ་ཤེས་པར་དཀའ། དེ་ནས་བླ་མྲ་སྙིང་རྗེས་ཐུགས་བཙངས་འདིར་བཞུགས་པས། དེ་ཉིད་རབརྟན་རྒྱུད་རུ་ཁྱེད་ཅག་དེ་རྟོགས་ཀྱིས།། བདག་ལ་རིགས་པས་ཁེངས་པའི་ཆ་འདིར་ཅི་ཡང་མེད ་བདེར་གཤེགས་སྐྱེས་ཚོགས་དང་ནི་ཡེ་ཤེས་བཙུན་མོ་མཆོག། ཇི་སྦྲིད་བྱང་ཆུབ་སྙིང་པོར་འགྲོ་ཀུན་ཕན་མཛོད་དང་། མཁའ་སྤྱད་ས་སྤྱོད་རྣམས་དང་ས་ཡི་སྟེང་བཞུགས་པའི།། འཕགས་པ་རྣམས་ལ་ནོར་བཟངས་འདི ་བྱས་བཟོད་པར་མཛོད།། དཔལ་རྡོ་རྗེ་མཁའི་འགྲོའི་དཀའ་འགྲེལ་དེ་ཁོ་ན་ཉིད་བརྟན་པར་བྱེད་པ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ནོར་བཟངས་ཀྱི་ཞལ་སྔ་ནས་ཀྱིས་མཛད་པ་རྫོག་སོ།། །། རྒྱ་གར་གྱི་མཁན་པོ་ཤྲཱི ་ག་ཡ་དྷཱ་ར་དང་། བོད་གྷི་ལོ་ཙྪ་བ་ཟླ་བའི་འོད་ཟེར་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། གུ་ཏྱ་བཛྲ་ཏནྟྲ་རཱ་ཛ་བྲྀཏྟི། བོད་སྐད་དུ། གསྡང་བ་རྡོ་རྗེའི་རྒྱུད་ཀྱི་འགྲེལ་པ། དཔྲལ་ཀུན་ཏུ་བཟངས་པོ་ལ་ཕྱག་འཚལ ་