| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ག་ཎ་ཙ་ཀྲ་བི་དྷི་ཙིནྟ་མ་ཎི་ནཱ་མ། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡིད་བཞིན་ནོར་བུ་ཞེས་བྱ་བ།། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། མཆོག་དང་ཐུན་མོང་ཀུན་གྱི ་གཞི། ལམ་དང་དངོས་གྲུབ་མཐར་ཕྱིན་པ།། རྒྱུད་ལས་གསུངས་པའི་ཆོ་ག་བཞིན།། དེར་འདིར་བསྡུས་ཏེ་བརྗོད་པར་བྱ།། དམ་ཚིག་ཉམས་པའི་སྐྱོན་སེལ་ཅིང་།། མི་མཐུན་ཕྱོགས་རྣམས་འཇོམས་བྱེད་པ།། འདོད་པའི་དོན ་ཀུན་སྒྲུབ་པ་ཉིད།། ལྷག་པའི་ལྷ་ཡང་ཚིམ་པར་འགྱུར།། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི།། མྱུར་དུ་ལུང་བསྟན་ཐོབ་པར་བྱེད།། ཚོགས་ཀྱི་འཁོར་ལོའི་ཆོ་ག་ཡི།། རིམ་འདིས་འདོད་པའི་འབྲས་བུ་འབྱིན།། ཇི་ལྟར་ཡང་དག ་སྦྱོར་བ་ལས།། རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན།། འདོད་པའི་དོན་ཀུན་གྲུབ་བྱེད་ཅིང་།། དགེ་བའི་ཚོགས་ལ་འདུད་པ་གང་།། ཟོས་པས་དངོས་གྲུབ་འགྱུར་བ་ཉིད།། དེ་བཞིན་རྡོ་རྗེ་ཕྲེང་བ་ལས།། དེ་ནས་གཞན་ཡང་བཤད་ཀྱིས ་ཉོན། ཚོགས་ཀྱི་འཁོར་ལོའི་རིམ་པ་འདུས།། གང་ཞིག་མཆོད་པ་བཞིན་དུ་སྤྱད།། རང་བཞིན་དངོས་གྲུབ་ཉེ་བ་ཉིད།། འདིར་ནི་མགྲོན་དང་དུས་དང་ནི།། གནས་དང་རྗེས་དང་བྱེ་བའོ།། མཆོག་ཏུ་གྱུར་པའི་ཆོ་ག་འདིས།། གང ་ཞིག་དངོས་གྲུབ་མངོན་དུ་འགྱུར།། དེ་ལ་ཚོགས་ཀྱི་འཁོར་ལོའི་སྒྲ།། དོན་ནི་དགོས་པའི་སྒོ་ནས་ཏེ།། མགྲོན་གྱི་རང་བཞིན་བཤད་པར་བྱ།། དཔལ་ལྡན་རྡོ་རྗེ་འཕྲེང་བ་ལས།། རྣལ་འབྱོར་ཆེན་པོའི་ཏིང་ངེ་འཛིན།། མཉམ་ཞིང ་གཅིག་ཏུ་གྱུར་བྱས་ནས།། བརྡ་དང་ཕྱག་རྒྱའི་སྦྱོར་བ་ཤེས།། དམ་ཚིག་ལྡན་པ་འཇུག་པའོ།། དེ་ལ་མདྨ་དུ་འདུས་པ་ཚོགས།། འཁོར་ལོ་ལྷ་ཡི་རིམ་པ་ཉིད།། ཐུན་མོང་དུས་སུ་བཤད་པ་ཉིད།། ་ཁྱད་པར་འདི་ཡིས་ཤེས་པར་བྱ།། ཐམས་ཅད་དུ་ནི་དམ་ཚིག་གཅོག། རྟོག་པ་ཐམས་ཅད་ཡོངས་སུ་སྤངས།། བུ་མ་ལ་གུས་ཏིང་ངེ་འཛིན་གནས།། སྦྱིན་སོགས་ཡོན་ཏན་རྒྱན་སྤྲས་པའི།། ཐབས་འདིར་ཚིགས་ཀྱི་འཁོ ་ལྷོ་ལེ། བགེགས་མེད་པར་ནི་རབ་ཏུ་འཇུག་གཞན་དུ་སྐྱོན་དང་བཅས་པར་འགྱུར།། ཐབས་དང་ཤེས་རབ་ཕན་ཚུན་དུ།། ཡིད་འཕྲོག་བྱ་དང་བྱེ་མིན་མཁས།། ལོ་ནི་ཉི་ཤུ་ལྔ་ལོན་པས།། ལྷག་པ་ཡོངས་སུ་སྤང་བར་བྱ།། ་ཡོངས་ཤེས་ཐབས་ནི་ཐམས་ཅད་ལ། ཤེས་རབ་གཅིག་གིས་བྱ་བ་མིན།། འདིར་ནི་སྒྲུབ་པ་གཅིག་པ་ཡི།། བློ་མས་སློབ་མ་རྗེས་སུ་བཟུང་།། ཇི་སྐད་སྡོམ་པ་འབྱུང་བ་ལེས།། གང་ཞིག་དཀྱིལ་འཁོར་དགེ་བར་འགྱུར།། ་སློབ་དཔོན་སྔོན་དུ་ཕྱོགས་བྱས་ནས།། སློབ་དཔོན་ཡོན་ཏན་མ་བསྡམས་ན།། འཇིག་རྟེན་པ་ཡིས་དཔྱས་པར་འགྱུར།། སློབ་དཔོན་མེད་པར་གྱུར་པ་ན།། གཞན་ཡང་བླ་མ་མཚན་ཉིད་ལྡན།། འཁོར་ལོའི་དབང་ཕྱུག་བྱས་པ ་ཉིད། གུས་པ་གཅིག་པའི་ཚུལ་གྱིས་སྤྱད།། དེ་ཡང་རྡོ་རྗེ་ཕྲེང་བ་ལས།། ནི་སོགས་པའི་ཕྲིན་ལས་དང་།། སྔགས་ཀྱི་སྦྱོར་བའི་ཆོ་ག་ཤེས།། བྱ་བ་ཉི་ཤུའི་དབྱེ་བས་ནི།། བླ་མའི་ཚི་ག་བྱ་བ་ཉིད།། སྦྱིན་དང་ཚིལ་ཁྲིམས ་བཟོད་པ་དང་།། བརྩོན་འགྲུས་བསམ་གཏན་ཕ་རོལ་འགྲོ། ཉིན་མཚན་རྟག་པར་དགེ་ལ་སྤྲོ།། ཤེས་རབ་རྣོ་ཞིང་བཟོ་གནས་མཁས།། གཉིས་མེད་ཡོན་ཏན་གྱིས་ལྕི་བ།། འདི་ནི་དཔལ་ལྡན་བླ་མའོ།། ནང་དུ་གསང་བ་འདུས ་ལ་སོགས།། ཕྱི་རུ་ཉན་ཐོས་སྤྱོད་པ་ཅན།། མན་ངག་རིམ་པའི་ཁྱད་པར་གྱིས།། ཇི་ལྟར་རིགས་པའི་སྤྱོད་པ་ལ།། སློབ་མ་རྗེ་འཛིན་སྟོན་པ་དངོས།། དེ་བཞིན་དཀྱིལ་འཁོར་ལ་སོགས་དང་།། མདོ་དང་ལས་ཀྱི་ཚོགས ་རྣམས་དང་།། དོན་དམ་པ་ཡི་བྱེ་བ་མཁས།། སྣང་བ་གསུམ་ལ་སོགས་པ་ལ།། རང་གིས་གོམས་འགྱུར་གཞན་ལ་སྟོན།། རྣལ་འབྱོར་རིམ་པའི་སློབ་དཔོན་ཏེ།། ཡིད་འཕྲོག་བསྡུད་པས་བསྡུད་པས་སློབ་དཔོན་ནོ།། ་དེ་ཉིད་བཅུ་ནི་ཡོངས་སུ་ཤེས།། དཀྱིལ་འཁོར་འདྲི་བའི་ལས་ལ་མཁས།། སློབ་མ་རྗེས་འཛིན་ནུས་པ་དང་།། གསང་བའི་དབང་གི་མཐར་སོན་པ།། ཤེས་རབ་སྙིང་རྗེ་མཚུངས་པར་ལྡན།། རྒྱུད་ཀྱི་རིམ་པའི་སྦྱོར་བ་མཁྭ ་ཟབ་མོའི་སྤྱོད་པ་རབ་ལྡན་པ།། འདི་ནི་རྡོ་རྗེ་སེམས་དཔའ་དངོས།། ཇི་སྐད་ཕྱག་ན་རྡོ་རྗེ་ཡིས།། འཁོར་ལོ་སྡོམ་པ་འགྲེལ་པ་ལས།། ཐུན་མོང་བསོད་ནམས་བསགས་པའི་རྒྱུ།། ཡེ་ཤེས་དངོས་གྲུབ་བསྒྲུབ་པའི་ཐབས ་དགེ་བསྙེན་ཕོ་མ་ལ་སོགས་པ།། སློབ་དཔོན་དག་ལ་རབ་ཏུ་ཕྱོགས།། གསང་སྔགས་ཐེག་པའི་ཆོ་ག་འདིར།། སློབ་དཔོན་རྣམ་པ་གསུམ་ཡིན་ལ།། ཁྱིམ་པ་དགེ་ཚུལ་དགེ་སློང་སྟེ།། ཐ་མ་འབྲིང་དང་མ་ཆོ་ག་ཡིན་ནོ།། ་སྦྱིན་བདག་བློ་གྲོས་མི་འཕེལ་ཕྱིར།། ཐུན་མོང་སྤང་བྱའི་སློབ་དཔོནྡ་ནི།། སྙིང་རྗེ་མེད་ཅིང་ཁྲོ་བ་དང་།། ཁེངས་ཤིང་ཆགས་ལ་མི་བརྟན་པ།། བསླབ་པས་མ་བསྡམས་འདོད་པ་ཆེ།། རང་ལ་བསྟོད་ལ ་མི་བྱའོ།། ཁྱད་པར་ཁྱིམ་པའི་སློབ་དཔོན་ནི།། བུད་མྱོང་བཅས་ཤིང་དཀོར་ཟས་དང་།། ཞིང་ལས་གཡོག་དང་ཚེད་པ་དང་།། རྨོངས་པ་རྙེད་ཕྱིར་ཆོས་སྨྲ་བ།། འདི་ནི་ཚོགས་ཀྱི་སློབ་དཔོན་མིམ་འདིར་ནི་ཚུལ་ཁྲིམས་ཡོན་ཏན ་ལྡན། རྣལ་འབྱོར་དཀྱིལ་འཁོར་ལ་སོགས་པའི།། ཡོན་ཏན་བདག་ཟིལ་གནོན་བཀུར་བའི་གནས།། འདི་ཉིད་འཁོར་ལོའི་དབང་ཕྱུག་འགྱུར།། འདིས་ནི་དཀྱིལ་འཁོར་གཙོ་བོ་དག། མ་བྱས་ཡོན་བདག་བསོད་ནམས་ཉམས།། ་དཀྱིལ་འཁོར་འཁོར་ལོ་འདི་ཉིད་དུ།། དམ་ཚིག་སྡོམ་པ་མ་གཅིག་ན།། འཁོར་ལོའི་དབང་ཕྱུག་དེ་ཡིས་ནི།། རྣལ་འབྱོར་བསྡུ་བར་མི་བྱའོ།། གཞན་གྱི་རྒྱུད་ཀྱི་བསླབ་བྱར་མངོན།། གནས་ཁང་གཞན་དུ་མཆོད་པར་བྱའོ།། ་འདི་ཉིད་ལུང་དང་བཅས་པའི་ཕྱིར།། བྱ་བ་དོན་དང་བཅས་པར་འགྱུར།། ཁ་ཅིག་རྣལ་འབྱོར་རྣལ་འབྱོར་མ།། བསྒྱུམ་རིམ་གཞན་དུ་གྱུར་པ་ན།། རྣལ་འབྱོར་ལྷག་པའི་ལྷ་ལ་མཆོད།། དེ་ཡི་རྗེས་སུ་རིམ་པ་འདིས།། སྐད་ཅིག ་བྱེད་པའི་རྣལ་འབྱོར་གྱིས།། བསྒྲུབ་བྱ་དཾ་ཡས་ལྕེ་མཆོད་པ།། འདི་ཉིད་ཡང་དག་མཚན་ཉིད་ཡིན།། ཟོ་དང་སོ་སོའི་རྒྱུད་དག་གིས།། བསླབ་པས་གྲོལ་པོར་འདོད་པ་ལ།། བརྡ་ཡི་རིམ་པ་སོ་སོ་ཡི།། ཕན་ཚུལ་དམ་ཚིག་སྦྱོར་མི ་ཤེས།། འཁོར་ལོའི་ཆོ་ག་ཉམས་པ་ཉིད།། དེ་རྣམས་མགྲོན་གྱི་རྣམ་བཞག་གོ།། དེ་ནས་ལྷ་ཡི་ང་རྒྱལ་གྱིས།། གོང་དུ་གསུངས་པའི་རྣལ་འབྱོར་ལ།། མཎྜལ་སྔོན་དུ་འགྲོ་བ་ཡིས།། སྔགས་ཀྱིས་མཆོད་པར་གསོལ་བ་གདབ ་རྣལ་འབྱོར་ཀུན་སྤྱོད་ལ་སོགས་པའི།། འཁོར་ལོ་སྡོམ་པའི་རྒྱུད་ཀྱིས་ནི།། ནག་པོའི་ཕྱོགས་དང་དཀར་ཕྱོགས་ཀྱི།། བཅུ་པ་ལཱ་ནི་དེ་རབ་མཆོད།། ཡི་དགས་ཟླ་ཕྱེད་བཅུ་བཞི་དང་།། དེ་བཞིན་དུ་ནི་བརྒྱད་པ་ལ།། དཔལ་ལྡན ་དགྱེས་མཛད་རྡོ་རྗེ་མཆོད།། དུས་ཀྱི་འཁོར་ལོ་ཉ་གཉིས་ལེ།། གསང་བ་འདུས་པ་ཟླ་རེ་བཞིན།། ལྔ་བརྒྱད་བཅུ་དང་བཅུ་བཞི་དང་།། དེ་བཞིན་བཅོ་ལྟ་ནག་ཕྱོགས་ལའང་།། ལྡེ་སྟེ་དུས་ནི་བཅུ་རུ་འགྱུར།། དེ་དག་དུས་ཀྱི ་ཁྱད་པར་རོ།། འདིར་ནི་རྟག་ཏུ་ཕུན་ཚོགས་སམ།། ཇི་ལྟར་འདོད་ཅིང་ཇི་ལྟར་ནུས།། གྲུབ་པར་ནུས་ན་ཉིན་རེ་འམ།། ལོ་ཟླ་ཀུན་ཏུ་བྱ་བའོ།། གནས་ནི་དབེན་པར་གསང་བ་ཡི།། འཁོར་ལོ་རབ་ཏུ་བསྐོར་བར་བྱ།། ཕྱག ་རྒྱ་ཆེན་པོ་ཐིག་ལེ་ལས།། ཐམས་ཅད་འཇིགས་པ་སྤངས་པ་ཡི།། སྐྱེ་བོས་དབེན་ཞིང་ཡིད་འཕྲོག་པ།། གྲོང་ངམ་ལྡུམ་ར་ནགས་ཚལ་དང་།། དུར་ཁྲོད་རི་ཡི་ཕུག་ཏུའོ།། དང་པོ་ཡིད་འཇུག་བྱི་དོར་བྱ།། དཀྱིལ་འཁོར ་རྣམ་པར་མེ་ཏོག་དགྲམ།། རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནི།། མེ་ཏོག་སྣ་ཚོགས་བཀྲམ་པ་ཡི།། གཞལ་ཡས་ཁང་གིས་རྣམ་པར་སྨྲས།། དེ་དག་གནས་ཀྱི་རྣམ་བཞག་གོ། གང་ཞིག་དམ་ཚིག་མེད་པར་ནི།། བུ་ལ་སོགས ་པ་འང་མི་གཞུག་གོ། ཇི་སྐད་སྡོམ་པ་འབྱུང་བ་ལས།། ཡོངས་སུ་གྲུབ་པའི་གནས་དག་དང་།། གདན་ལ་འཇུག་པར་བྱ་བ་ནི།། རྒན་དང་གཞོན་པའི་དབྱེ་བས་དེར།། སློབ་དཔོན་རྗེ་སུ་འཇུག་པར་བྱ།། ་སྣོད་དང་མི་ལྡན་ང་རྒྱལ་ཆེ།། བླ་མའི་སྦྱིན་རྟོག་ཤེས་རྒྱུ་དེ་རྣག། གོང་མའི་དབང་གི་སྣ་མེ་སྨིན་པ།། རང་གི་བུ་དང་ཆུང་མ་དང་།། དེ་བཞིན་བླུན་དང་བྲན་མོར་བཅས།། དངོས་གྲུས་འདོད་ཕྱིར་བསྒྲུབ་པ་པོས།། དམ་ཚིག་འདི ་དག་གཞུག་མི་བྱ།། དེ་ལྟར་འདི་དག་གཞུག་པ་ན།། རྨོངས་དང་དངོས་གྲུབ་རིང་བར་འགྱུར།། དམ་ཆེགེ་དྲལ་གྱུར་སྡུག་བསྔལ་ཞིང་།། དེ་བཞིན་ལུས་དག་ཡིད་ཀྱིས་མྱོང་།། གནས་ནས་འཐོན་དང་ཕུན་ཚོགས་ཉམས ་སྣ་ཚོགས་སྡུག་བསྔལ་མྱོང་པ་ཉིད།། སྒྲུབ་པོས་འདི་བཞིན་མཆོད་པའི་ཡུལ།། ཕ་རོལ་རྣལ་འབྱོར་དངོས་གྲུབ་ཉམས།། དམ་ཚིག་མེད་པའི་འཁོར་ལོ་ནི།། ནམ་ཡང་བསྐོར་བར་མི་བྱའོ།། མཆེད་ཡུལ་རྣམ་པར་བཞག་པ་ནི།། ཚུལ ་དང་མཐུན་པའི་གནས་དག་ཏུ།། སྨན་གསནྡ་ཕབ་པའི་རྣལ་འབྱོར་པ།། སློབ་དཔོན་རྗེས་སུ་འཇུག་པར་བྱའོ།། ཕྱི་རུ་རྣལ་འབྱོར་ཁྲུས་བྱས་ནས།། སྒོ་དག་སྐྱོང་བའི་སློབ་དཔོན་ལ།། ཚོགས་བཅད་འདི་ཡིས་འཇུག་པར ་བྱ། ཁྲོ་བོ་སྔོན་པོ་མཛེས་པ་སྟེ།། ཁྱོད་ནི་དམ་ཚིག་ཡིད་དུ་འོང་།། ནོར་བུ་རིན་ཆེན་སྤྲས་པ་ཡི།། དབྱུག་པ་ཕྱག་ན་བསྣམས་པ་ཉིད།། བདག་ནི་འཁོར་བ་ལས་བསྒྲོལ་ཕྱིར།། རྣལ་འབྱོར་ཚོགས་ཀྱི་དབུས་དག་ཏུ།། བཟང་པོའི ་སྒོ་ནི་ཕྱེ་ནས་སུ།། དཔའ་བོས་གནང་གིས་གཏང་དུ་གསོལ།། ནང་དུ་སྟནྣ་ལ་རྒན་རིམ་གྱིས།། དཀྱིལ་འཁོར་འཁོར་ལོའི་རིམ་པ་འམ།། ཡང་ན་གྲལ་གྱི་རིམ་པའོ།། དེ་ནས་སློབ་དཔོན་ཡོན་བདག་གིས།། རི་རབ་སྟེང་དུ་སྐད ་ཅིག་ལ།། གནས་པའི་གཞལ་ཡས་ཁང་དཀྱིལ་དུ།། ལྷག་པའི་ལྷ་ཡི་གཟུགསུ་བལྟ།། དམུ་ཚིག་སེམས་པའི་རང་བཞིན་ལ།། ཡེ་ཤས་སེམས་དཔའ་གཞུག་པར་བྱ།། ཨརྒྷ་དང་ནི་ནུལ་གསིལ་དང་།། བསང་ཆུ ་སྔོན་དུ་འགྲོ་བ་ཡིས།། མེ་ཏོག་ཕྲེང་བ་སྤོས་ལ་སོགས།། ཐུན་མིང་གི་ནི་མཆིད་པ་དབུལ།། ཡོན་གྱི་བདྲག་པོས་བསྟོད་པ་བྱ།། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་ནི།། མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར།། ཡེ་ཤེས་ལྔ་དང ་སྐྱེ་གསུམ་ཉིད།། འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད།། ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ།། ཀུན་ཏུ་རྟོག་པ་འཆིང་གཅོད་ཅིང་།། འཇིག་རྟེན་བྱེ་བ་རབ་འཇུག་མ།། དེ་སྙེད་རྣམས་ལ་ཕྱག་འཚལ་ལོ།། ཡིད་མེད་རྟོག་པ་ལས ་གྲོལ་ཞིང་།། འཁོར་འདས་རྣམ་པ་གཉིས་མེད་པ།། དཱཔེ་མང་བྱེད་པར་གང་གྱུར་པའི།། འཁོར་ལོའི་དཔའ་བོ་ལ་སོགས་བསྟོད།། འདིས་ནི་མངོན་པར་བརྐྱང་ཕྱག་འཚལ།། སློབ་དཔོན་རྒྱུད་ཀྱི་དབྱེ་བས་དེར།། ཏིང་ངེ་འཛིན་གྱིས ་རིམ་པས་ནི།། རང་གི་ལྷ་ཡི་གཟུགསུ་འགྱུར།། ཇི་ལྟའི་རྫོགས་པའི་རིམ་པ་སྒོམ།། ཡོན་བདག་ཡི་དམ་གཞན་ཡིན་ནོ།། སྔོན་ལ་རང་གི་ཡི་དམ་སྟེ།། རྗེས་ལ་སྐད་ཅིག་ཉིད་ལ་ནི།། ཡོན་བདག་འདོད་ལྷའི་རྣལ་འབྱོར་བསྒོ ་རྒྱུད་ལས་གསུངས་པའི་མཚན་ཉིད་ཅན།། ལས་ཀྱི་རྡོ་རྗེའི་བྱ་བ་ནི།། ཇི་སྐད་བདེ་མཆོག་འབྱུང་བ་ལྔས།། གཙང་ཞིང་ཞིལ་བློ་གྲོས་ལྡན།། རྨོངས་དང་སེར་སྣ་རྣམ་པར་སྤངས།། ཐམས་ཅད་དང་ནི་མཐུན་པར ་ལྷ།། ལས་ཀྱི་རྡོ་དྷཱ་ར་དེར་རྟོག་གོ། དེ་བཞིན་རྡོ་རྗེ་ཕྲེང་བ་ལས།། ཁྱོད་ནི་རང་འབྱུང་རྡོ་རྗེ་སེམས།། མཚུངས་མེད་ལས་ཀྱི་རྡོ་རྗེ་ཉིད།། དེ་ནས་སྣ་ཚོགས་སྟོན་མོ་དང་། ཤ་དང་ཆང་ནི་མཉམ་པོར་སྦྱོར།། ལོ་སྤྱོད་ཡིད་འཕྲོག་བདེ་བཅན།། དང་ལྡན་ནི་སེ ་མཉེས།། ཨུ་སྨྲ་དང་ནི་ས་ནཱི་ས།། མི་དིམྦྷ་ན་རི་ཀཻ་ལ་སོགས།། འབྲས་བུ་རྣམ་པ་སྣ་ཚོགས་པ།། ཚེགས་ཀྱི་དཀྱིལ་དུ་དབུལ་བ་ནི།། ཡང་དག་སྦྱོར་བའི་རྒྱུད་ལས་གསུངས།། འཕགས་པ་ཕྱག་ན་རྡོ་རྗེས་གསུངས།། ཇི་ལྟར་ཚོགས་པའི ་རྣལ་འབྱོར་ལ།། བདུད་རྩི་རིལ་བུ་ཆུ་ཡིས་བསང་།། སྔོན་དུ་གཏོར་མ་སྦྱིན་པར་བྱི།། ཕྱག་རྒྱ་ཆེན་པོའི་ཐོག་ལེ་ལས།། ཐོག་མར་གཏོར་མ་ཆེན་པོ་ནི།། སྣ་ཚོགས་པ་ཡི་བཟའ་བ་དང་།། བཏུང་བ་དང་ནི་ལྡན་པ་ཉིད།། ཐོག་མ་བར ་དང་ཐ་མ་ནི།། ལྷག་པ་ལྷ་ཡི་རྣལ་འབྱོར་གྱིས།། གཏོར་མ་དབུལ་བར་བྱ་བ་ནི།། མདུན་དུ་དྲི་བཟང་སོགས་པས་བྱུག། དྲི་ཡི་ཐིག་ལེས་དཀྱིལ་འཁོར་ལ།། རང་གི་ལྷ་ཡི་འཁོར་ལོ་ནི།། ཆོ་ག་བཞིན་དུ་བསྐྱེད་ལ་མཆོད།། ་དམ་ཚིག་སེམས་དཔའ་མཁའ་ཉིད་ལས།། ཡེ་ཤེས་སེམས་དཔའ་དགུག་པར་བྱ།། དེ་ཡི་རྩིབས་བཅུར་ཁྲོ་བོ་བཅུ།། བསྲུང་བའི་འཁོར་ལོའི་ལྟེ་བ་ལ།། སྒྲུབ་པ་པོ་ཡི་ལྷ་ཉིད་དེ།། བསྲུང་བའི་འཁོར་ལོའི་ཕྱི་རོལ་ཏུ།། ་འཁོར་དང་བཅས་པའི་ཕྱོགས་སྐྱོང་དང་།། ཞིང་སྐྱོང་དུར་ཁྲོང་ལ་སོགས་པ།། ཇི་ལྟར་མངོན་རྟོགས་སྔགས་ཀྱིས་སུ།། སྐད་ཅིག་གིས་ནི་རང་གི་ལྷ།། དཀྱིལ་འཁོར་འཁོར་ལོའི་གཟུགས་སུ་བལྟ།། ཡུམ་དང་བཅས ་ཉིད་དུ་བསྒོམ།། དམ་ཆོག་ལ་ནི་གཞུག་པར་བྱ།། ཇི་ལྟར་ཆོ་ག་ལ་སོགས་པ།། གཏོར་མ་བདུད་རྩིར་བྱིན་བརླབས་ཏེ།། རང་རང་སྔགས་ཀྱིས་དབུལ་བར་བྱ།། ཁྱད་པར་སོ་སོའི་མངོན་རྟོགས་ནི།། གཞུང་མང་འཇིགས ་པས་མ་བྲིས་ཤིང་།། ཡོངས་སུ་གྲགས་པ་ཅུང་ཟད་བཀོད།། དེ་ནས་གཡོན་པའི་མིང་མེད་དང་།། རྒན་པོའི་སོར་མོ་གཉིས་སྦྱར་ནས།། ཤེས་རབ་ཁུ་བ་བྱིན་གྱིས་བརླབ།། དེ་ཡི་མདུན་དུ་ཆོས་འབྱུང་བྲི།། ཤེས་རབ ་ཐབས་ཀྱི་ཁུ་བུས་གཏོར།། ལྡོག་པ་ལྷ་ཡི་དཀྱིལ་འཁོར་ནི།། གཟུགས་བརྙན་བཞིན་དུ་གསལ་བར་བལྟ།། བསྲུང་བས་བྱིན་གྱིས་བརླབ་པའི་གནས།། ཏིང་འཛིན་བྱེད་པ་རྒྱུན་མི་བཅང་།། དེ་ནས་ལས་ཀྱི་རྡོ་རྗེ ་ཡིས།། སློབ་དཔོན་ལ་ནི་སྣོད་གཉིས་དབུལ།། གཞན་པ་རྣམས་ལ་རེ་རེའོ།། མཆོད་རྫས་བླ་མ་ཉིས་འགྱུར་རོ།། དེ་ནས་གཞན་རྣམས་མཉམ་པོར་ཤེས།། འགའ་ཞིག་ཚིམ་པར་མ་གྱུར་ནའང་།། རང་གིས་བླང་བར་མི་བྱེ ་སྟེ།། ལས་ཀྱི་རྡོ་རྗེ་ལས་བླངས་ན།། ལྟུང་བ་ཉིད་དུ་མི་འགྱུར་རོ།། གང་ཞིག་ལག་ནས་ལྷུང་བ་དག། དངོས་པོ་གཞན་གྱི་དགའ་བར་བྱ།། འདྲེན་པས་ཧ་ཅང་གང་བ་མིན།། ལེན་པ་ཧ་ཅང་སྟོངས་པ་མིན།། ཕན་ཚུན ་གཅིག་ལ་གཅིག་མིན་བཞིན།། འདོད་ཅེས་ངག་གིས་སྨྲ་བ་ཡིན།། ཡང་། འདྲེན་པས་པར་སྐོར་ཕྱག་རྒྱ་སྟེ།། གཡོན་པས་སྟེང་དུ་བསྐྱོད་པར་བྱ།། ལེན་པས་ཀྱང་ནི་དེ་བཞིན་ནོ།། ཕྱག་འཚལ་ནས། ་ནི་དབུལ་བྱ་ཞིང་།། འདྲེན་པས་དེ་བཞིན་ཤེས་པར་བྱ།། གཡས་པའི་ལྷ་ང་སར་བཙུགས་ཏེ།། ཐོག་མར་ཐབས་དང་ཤེས་རབ་ལ།། གཟིགས་ཤི་གཾ་མཛེས་པ་དམ་པའི་ཆོས།། འདི་ལ་ཐེ་ཚོམ་བྱ་མི་རུང་།། བྲམ་ཟེ ་ཁྱི་དང་གདོལ་བ་ཡང་། རང་བཞིན་གཅིག་ཏུ་དགོས་ཏེ་རོལ།། ཚོགས་བཅད་འདིས་ནི་སྦྱིན་པར་བྱའོ།། ཡང་ནི་ལེན་པ་པོ་ཡིས་ནི།། བདེ་གཤེགས་ཆོས་ལ་རིན་ཐང་མེད།། འདོད་ཆགས་ལ་སོགས་དྲི་མ་བྲལ།། ་གཟུང་འཛིན་རྣམ་པར་སྤངས་པ་ཡིས།། དེ་ཁོ་ན་ཉིད་ལ་སྐྱབས་སུ་མཆིའོ།། ཚོགས་བཙོད་འདིས་ནི་ལེན་པར་བྱའོ།། བླ་མའི་བཀའ་དྲིན་གནད་པ་ཡི།། སྣོད་ནི་ས་ལ་བཞག་མི་བྱ།། གནང་བ་ཐོབ་གྱུར་བཞག་པར ་བྱའོ།། དེ་ལས་གཞན་དུ་ཆད་པར་འགྱུར།། སློབ་དཔོན་རྗེས་གནང་མ་བྱིན་པར།། རྣལ་འབྱོར་བཟའ་ཏུང་དོན་གཞན་མན།། སློབ་དཔོན་ཐོག་མར་རང་གི་ནི།། ཕྱག་རྒྱ་མཆོད་ལ་དེ་ནས་རོལ།། བཏུང་བ་དགའ་བུ་སྐྱེད ་པ་ཙམ།། དེ་བས་ལྷག་དང་ཆད་པ་མིན།། བདེ་བ་སྐྱེད་ཕྱིར་བཏུང་བ་སྟེ།། མྱོས་པའི་ཕྱིར་ནེ་མ་ཡིན་ནོ།། རྣལ་འབྱོར་ལྷ་ཡི་ང་རྒྱལ་ནི།། དུས་རྣམས་ཀུན་ཏུ་བྱ་བ་ཉིད།། རྡོ་རྗེ་ཕྲེང་བའི་རྒྱུད་ལས་ནི།། ཚོགས་ཀྱི་འཁོར་ལོར ་འདུས་པ་ན།། གཏམ་གྱི་རྙོང་པ་ལ་སོགས་པ། དེ་བཙུན་གཡོད་པ་སྤང་བར་བྱ།། མཚོལ་མ་འདོར་ལ་སོགས་པ་དང་།། སྨ་ར་འཐོག་དང་རྒོད་པ་དང་།། རྐང་ལག་བརྐྱང་བར་མི་བྱའོ།། ཡང་ཡང་ལྡང་དང་འདུག་པ་དང་།། ་མགྲིན་པ་བསྒྱུར་སོགས་རྟག་ཏུ་སྡང་།། གང་ཞིག་དགོས་པའི་དབྱེ་བ་ལ།། བརྡ་སྐད་ཕྱག་རྒྱ་བགོ་བར་བྱ།། འདུས་པའི་དཀྱིལ་འཁོར་དབང་ཕྱུག་གིས།། གནང་བ་བྱིན་པར་མ་གྱུར་པར།། གཞན་དུ་གླུ་དང་གར་དང་ནི།། ་དེ་བཞིན་རོལ་མོ་འཁྲོལ་ལ་སོགས།། ཟབ་མོའི་སྐད་སྩོགས་འདྲི་བ་མིན།། གནང་བ་ཐོབ་ནུས་ཅི་བདོར་འགྱུར།། གང་ཞིག་བཟའ་དང་བ་ཏུང་བ་ལ།། ཐམས་ཅད་བདུད་རྩི་རི་སྦྱར་བྱས་ལ།། དེ་ནས་རང་གི་ལྟེ་བར ་ནིཿགང་ཞིག་དགོས་པའི་དབྱེ་བ་ཡིས།། ལྷ་ཡི་འཁོར་ལོ་གནས་པར་བསམ།། རང་གིས་ལག་པ་གཡས་དང་གཡོན།། བླུགས་གཟར་དགང་གཟུར་རང་གཟུགས་ཉིད།། ལྟེ་བྱའི་ལྷ་ལ་མཆོད་པའི་ཚུལ།། ་ལོངས་སྤྱོད་ཚོགས་ཀྱིས་མཆོད་པར་བྱ།། དེ་བཞིན་གཟུགས་ལ་སོགས་པའི་ཡུལ།། མྱིག་ལ་སོགས་པའི་དབང་པོ་ཉིད།། ཇི་ལྟར་ལྷ་ཡི་གཟུགས་ཀྱིས་ནི།། རྣམ་པར་དག་པའི་རོ་གཅིག་པའི་ཕན་ཚུལ ་ཤེས་པ་ཉིད་ཀྱིས་སོ།། དེ་ཡང་རྡོ་རྗེ་ཕྲེང་བ་ལས།། ལྟ་བ་པདྨའི་དབུས་སུ་ནི།། དཔའ་བོ་དབང་ཕྱུག་དྲན་པ་ཉིད།། གང་ཞིག་པ་ནི་ཚུན་གཅིག་ལ་གཅིག། རྣམ་པར་དག་པར་མི་ཤེས་ན།། དེ་ལ་འཁོར་ལོའི་འབྲུས ་བུ་མེད། ཐམས་ཅད་དངོས་གྲུབ་འབྲས་ཉམས་འགྱུར།། གང་དུ་རིམ་པ་འདི་ཡིས་ནི།། ཕྱི་དང་ནང་གིས་བདག་ཉིད་ཀུན།། རོ་གཅིག་པར་ནི་སྤྱད་བྱས་ནས།། དེ་ནི་འགྲུབ་པར་འགྱུར་བ་ཉིད།། ་ཡང་དག་ཚོགས་འཁོར་འབྲས་བུ་འབྱིན།། མྱོས་བྱེད་བདེ་བ་སྐྱེད་པའི་ཚེ།། གླུ་དང་གར་ནི་བྱེད་འདོད་ན།། གནང་བ་ཐོབ་ནས་རྡོ་རྗེ་ཡི།། གླུ་གར་རྣལ་འབྱོར་པ་ཡིས་བྱ།། དེ་ཡང་བརྟག་གཉིས་རྒྱལ་པོ་ལས།། གླུ་ནི ་རྣམ་དག་སྔགས་སུ་གནས།། གར་ནི་སྒོམ་པ་བྱེད་པོ་ཉིད།། དེ་ཡིས་ཕྱིར་ནི་གླུ་དང་གར།། རྣལ་འབྱོར་པ་ཡིས་རྒྱུན་ཏུ་བྱ།། དགའ་བ་རྡོ་རྗེ་བསྡམས་པ་ཡིས།། རྐང་པ་རྡོ་རྗེ་རྩེ་གཅིག་དང་།། རྣལ་འབྱོར་མཉམ་པར་བཞག། ་པ་ཡིས།། བདེ་བ་བསྐྱེད་ཕྱིར་གར་ཉིད་དེ།། ཐར་པའི་རྒྱུར་ནི་བརྗོད་པར་བྱའོ།། རྒྱུ་དེ་ལས་གསུངས་པའི་རིམ་པ་སྟེ།། གཞན་དུ་གནང་བ་མ་ཡིན་ནོ།། དེ་བཞིན་རྡོ་རྗེ་ཕྲེང་བ་ལས།། དགའ་བ་བསྐྱེད་ནས་གནད་པ་ཡིས།། གླུ་དང ་གར་ནི་བྱ་བ་ཉིད།། ག་ཞིག་རྡོ་རྗེ་བསྡམས་ལ་སོགས།། དེ་བཞིན་ལྷ་ནཱི་མཉེས་པ་ཉིད།། རྒྱུད་ལས་གསུངས་རྡོ་རྗེའི་གླུ། ཀོ་ལ་ཨེ་བྡྷི་ཨ་བྷོ་ལཱ་མུ་མྨ་ནི་རོ་ཀཀྐོ་ལ། གྷ་ན་ཀྲི་བི་ཊ་ཧོ་བཛཾ་ཨི།། ཀ་རུ་ཎེ་ཀ་ཨ་ཨི་ནེ་རོ་ལཱ། ་ཏ་ཧི་བཾ་ལ་ཁཛྫ་ཨཽ། གྷ་ཌྷོ་མ་ཨ་ནི་པི་དྷཱི་ཨ་ཨ་ཨི། ཧ་ལེ་ཀཱ་ལེཉྫ་ར་པ་ཎི་ཨ་ཨི། དུ་དུ་ར་བོཛྫི་ཨ་ཨི། ཙ་ཨུ་ས་མེ་ཀཙྪ་རྀ་སིཧླ་ཀཔྶ་ར་ལཱ་ཨི་ཨཱ་ཨི།། མཱ་ལ་ཨ་ཨིནྡྲ་ཎ་པཱ་ལི་ཨ་ཏ་ཧི་བྷ་རུ་ཁ་པི་ཨ་ཨི། པྲེ་ཀྵ་ཎ་ཁེ་ཊ། ་ཀ་རནྟ་ཤུདྡྷ་ཨ་ཤུདྡྷ་ན་མ་ཎི་ཨ་ཨི། ནི་རང་སུ་ཨ་ཀཙྪ་ཊཱ་ཝི། ཏཱ་ཧི་ཛཾ་སུ་ཝི་ཨ་ཎཱི་ཨཱ་ཨི། མུ་ལ་ཨ་ཛ་ཀུནྡུ་རུ་པ་ཊུ་ཨི་ཌིམྦྷི་མ་ཏ་ཧིཾ་ནི་བཛྫི་ཨ་ཨཱི།། གྲུབ་ཐོབ་བླ་མས་གསུངས་པའི་དབྱངས།། སྟོང་པ་སྙིང་རྗེ་དབྱེར་མེད་པཱར།། དོན ་སྟོན་རྡོ་རྗེའི་གླུ་ཉིད་དོ།། གཞན་དུ་རྟོག་པས་ཕན་ཚུན་དུ།། སྤེལ་པ་རྡོ་རྗེའི་གླུ་མ་ཡིན།། རྡོ་རྗེ་རྐང་པའི་གེར་ལ་སོགས།། གཞན་དུ་གྲགས་ཕྱིར་འདིར་མ་སྤྲོས།། འདིར་ནི་ཆོ་ག་ཇི་བཞིན་དུ།། གྲུ་ག་ར་ལ་སོགས་རིམ་པ་ནི།། ་བྱིན་གྱིས་བརླབ་པར་འགྱུར་བ་ཉིད།། དེ་ལ་ཐུན་མོང་བྱིན་བརླབས་རྟགས།། དེ་ཡང་བརྟག་གཉིས་རྒྱལ་པོ་ལས།། གསུངས་པ་རིམ་བཞིན་ཤེས་བྱས་ཏེ།། འཁོར་ལོའི་དབང་ཕྱུག་མདུན་དུ་ནི།། གང་ཞིག་གུས་པས་གླུ་དང་གར།། བྱས ་པས་དྲི་ཡི་མཚན་ཉིད་ནི།། ཐོག་མར་སྒྲོག་པའི་དྲི་ཉིད་དེ།། དེ་ནས་ཡང་ནི་བྱ་རྒོད་དྲི།། གདུར་མ་ལཱ་ཡ་ཡི་དྲི།། བྱིན་བརླབས་གླུ་ཡི་མཚན་ཉིད་དོ།། ངང་པའི་ངང་ནི་བུང་བའི་སྒྲ།། ཐོས་པས་གླུ་ཡི་ཁྱད་པར་ཉིད།། བ་ལང་ཚ་ཡི ་སྒྲ་ཉིད་ནི།། ཕྱི་རོལ་ཉེ་བའི་མཚན་ཉིད་དོ།། ཁྱད་པར་བྱིན་གྱིས་བརླབས་པའི་རྟགས།། དེ་ཡང་རྡོ་རྗེ་ཕྲེང་བ་ལས།། གལ་ཏེ་ཐུན་མོངདོ་རྣལ་འབྱོར་མྱེ།། འདུས་པའི་ཚེགས་སུ་འོངས་པ་ན།། གཡིན་པའི་ཙྪོ་མོའི་བརྡ་ཡིས་ནི།། བདེ ་བའི་ཕྱག་རྒྱ་བྱེ་བ་ཉིད།། དེ་ལ་སྒྲུབ་པ་པོ་ཡིས་ནི།། གཏན་འདྲི་རྣམ་རྟོག་བྱར་མི་རུང་།། ཅུང་ཟད་འདྲི་བར་འདོད་ན་ཡང་།། གང་ཞིག་རྡོ་རྗེ་སློབ་དཔོན་ནམ།། ཡང་ན་ལས་ཀྱི་རྡོ་རྗེ་ཡིས།། བརྡ་དང་ཕྱག་རྒྱ་འདྲི་བར་འགྱུར།། ་སྣ་ཚོགས་གཟུགས་ཀྱི་རྣལ་འབྱོར་མ།། ཡང་དང་ཡང་དུ་འགྲོ་ཞིང་འོང་།། དེ་ལ་ཐེ་ཚོམ་ཟ་བ་དང་།། ཡ་མཚན་འཇིགས་པར་བྱེད་དོན་སོགས།། སྒྲུབ་པ་པོ་ཡིས་མི་བྱ་སྟེ།། བྱས་ན་དངོས་གྲུབ་ཉམས་པ་ཉིད།། ་དེ་ནས་དཀྱིལ་འཁོར་སྡུད་པ་ན།། ལྷག་མའི་གཏོར་མ་སྦྱིན་པར་བྱ།། དེ་ཡང་རྡོ་རྗེ་ཕྲེང་བ་ལས།། ལྷག་མའི་གཏོར་མའི་སྦྱོར་བ་ཡིས།། དངོས་གྲུབ་རྣལ་འབྱོར་ཆེན་པོར་འགྱུར།། ཨོཾ་ཀྵི་ཨུཙྪུ་ཀྵེ་ཀྵི་ཏྲ་པཱ་ལཱ་ཡ་སྭཱ་ཧཱ།། སྔགས་འདིས ་བརྗོད་ཅིང་ཁ་ཕྲུས་གདགེ།། ཡང་ནི་སློབ་དཔོན་སྔོན་འགྲོ་བས།། གང་ཞིག་མ་མཐོང་གྱུར་པ་ན།། རྟགས་ཀྱི་སྦྱོར་བའི་མཚན་ཉིད་ནི།། རྣལ་འབྱོར་གྱིས་ནི་ཤེས་པར་བྱ།། གང་ཞིག་བྱད་ཟླུམ་ཁ་དོག་དམར།། གཞིན་བཟང་སྨིན་མ ་རིང་བ་ནི།། འོད་དཔག་མེད་ཀྱི་རིགས་ཤེས་བྱ།། དེ་ལ་རུས་སྦལ་ཕྱག་རྒྱ་བསྟན།། ཅུང་ཟད་སྦོམ་ཞིང་དམིགས་དཀྱུས་རིང་།། དཀར་སེར་མདོག་ཅན་ཡིད་འཕྲོག་མ།། སྣ་ཚོགས་གོས་ནི་འཛིན་པ་སྟེ།། རི་མོ་གསུམ་འགྲེང་དཔྲལ ་བཔར་མཚན།། གང་དུ་གནས་པའི་ས་དག་ཏུ།། གྲོང་བའི་ཤི་སོགས་གཏམ་སྨྲ་བ།། འདི་ཉིད་རིན་འབྱུང་རྣལ་འབྱོར་མ།། དཔལ་ལྡན་མཁའ་འགྲོ་ཞེས་བྱར་བལྟ།། རྩི་གསུམ་པ་ཡི་ཕྱག་རྒྱ་བསྟན།། གཡོན་བརྐྱང་བ་ཡི ་གར་སྟབས་ཀྱིས།། དེ་ཡི་མདུན་དུ་བལྟ་བར་བྱའོ།། ལག་ཏུ་གཡོན་པས་བྱིན་ནས་ནི།། ཕྱག་རྒྱ་རབ་ཏུ་སྟོན་པར་བྱེད།། ཁ་དོག་གནག་ཅིང་གོས་ནག་འཛིན།། སྐྲ་ལི་དཔྲལ་བ་གཞུ་ཡི་དབྱིབས།། མཚན་མའི་རྣམ་པར་རྟོག ་པར་སྟོན།། སེམས་འགྲོ་བ་ཡི་མར་རབ་གྲགས།། གཡོན་བསྐུམ་དགེ་བའི་གར་གྱིས་ནི།། ཕྱག་རྒྱ་རབ་ཏུ་བསྟན་པར་བྱ།། མི་བསྐྱོད་པ་ཡི་རིགས་སུ་ཤེས།། གཡོན་པའི་སྟངས་ཀྱིས་ལན་ཡང་འདེབས།། ལུས་སྦོམ་གསུས་བཅུད ་ཟད་འཕྱང་།། མིག་ཡངས་རྫི་མ་མང་བ་ལ།། བྱིན་པ་སྦོམ་ཞིང་མཛེས་པ་ནི། ས་འོག་གྲུས་པ་ཤེས་པ་སྟེ།། རྣམ་སྣང་རིགས་སུ་ཤེས་པས་ན།། དེ་ལ་དུང་གི་ཕྱག་བརྒྱ་བསྟན།། མིག་སྐམ་པ་སྤུ་ཐམས་ཅད་ལངས།། ལུས་སྐེམ ་ལག་པ་རིང་བ་ལ།། མཁའ་འགྲོ་ཞེས་སྒྲ་རབ་ཏུ་སྒྲོགས།། འདི་ཉིད་དོན་གྲུབ་རིགས་སུ་ཤེས།། དེ་ལ་རབ་བལྟ་མཐའ་མ་བསྐོར།། ལག་པ་གཡོན་གྱི་དབྱེ་བུ་ཡིས།། བི་དན་ཕྱག་རྒྱ་བསྟན་པར་བྱ།། ཇི་ལྟར་འདི་དག་ལ་མཁས ་པས།། རབ་ཏུ་འབད་པས་ཤེས་པར་བྱ།། དྲི་བ་འམ་ཕྱག་རྒྱ་བྱེད་པ་ན།། དེ་ཡི་དོན་གྱིས་མཆོད་པར་བརྗོད།། གང་ཞིག་འདི་རྣམས་ཐམས་ཅད་ལ།། དཔའ་བོ་བརྐྱང་བའི་བྱ་བ་ནི།། དཔའ་བོའི་སྟོན་མོ་ཞེས་སུ་བརྗོད།། ཆོས ་ཀྱི་དབང་ཕྱུག་དེ་ལྟ་མིན།། དེ་བཞིན་དཔའ་མོ་བརྐྱང་བ་ལ།། དཔའ་མོའི་དབང་ཕྱུག་སྟོན་མོ་ཉིད།། དེ་ལྟར་འཁོར་ལོའི་དབང་ཕྱུག་ལ།། ཤེས་རབ་ཐབས་དང་བཅས་པ་ཉིད།། གཞན་ཡང་གང་ཞིག་སྟོབས་དང་ནི།། མྱོས་བྱེད ་ཁུ་བརྐྱང་བས་ནི།། འཕགས་པ་ཕྱག་ན་རྡོ་རྗེའི་ཞབས།། སྟོབས་དང་མྱོས་བྱེད་ཁུ་བར་ནི་མི་ལྡན་ཡོན་ཏན་བསོད་ནམས་ཉམས།། གཙོ་བོ་ཚོགས་ཀྱི་དབང་ཕྱུག་གི། ཁྱད་པར་ཤེས་རབ་གཡོན་དུ་བཞག། འདིར་ནི་ཇི་ལྟར ་འབྱོར་པ་དང་།། ཇི་ལྟར་ནུས་པའི་རིམ་པ་ཡིས།། ལྷ་ཡི་བདག་ཉིད་དཀྱིལ་འཁོར་སོགས།། རྣམ་པར་དག་པའི་ཆོ་གས་མཆོད།། ཐམས་ཅད་རང་གི་རྣལ་འབྱོར་གྱིས།། འདིར་ནི་དགེ་བར་འདོད་པས་ན།། ་རྣམ་དག་ལྷ་ཡི་རྣལ་འབྱོར་གྱི།། སློབ་མས་ཚོགས་ཀྱི་རྣལ་འབྱོར་གོམས།། ནང་གི་དབང་ཕྱུག་གྱུར་པ་སྟེ།། རྒྱུན་པར་ཤིན་ཏུ་གོམས་པས་ན།། གང་ཚེ་ཆོ་ག་འདི་ཡིས་ནི།། རིམ་པ་འདི་ནི་རྣམ་པར་སྤྱད།། དེ་ཚེ་རྟག་ཏུ་གོམས་པས ་ན། སྤྲོས་བཅས་སྨོས་མོད་རྣམ་པར་བཞག། དེ་ནས་སྒྲུབ་པ་པོ་ཡིས་ནི།། ཞལ་གསིལ་ཕྱག་ཕྱིས་གོ་ལ་དབུལ།། ཡོན་ཏན་སོགས་པས་མཉེས་པར་བྱ།། རང་གི་ལྷ་ཡི་འཁོར་ལོ་ཉིད།། དང་པོ་ཐར་པར་འགྱུར་བ་སྟེ།། དེ་ནས ་བསོད་ནམས་བསྔོ་བར་བྱ།། བཟོད་པར་གསོལ་ལ་ཚོགས་ཀྱི་ནི།། འཁོར་ལོ་གཤེགོས་པར་བྱ་བ་ཉིད།། བདག་ཉིད་དབང་ཕྱུག་གྱུར་པས་ན།། གཞན་ལ་ཕྱག་ནི་བྱ་མི་དགོས།། ཆོ་གའི་རིམ་པ་འདི་ཡིས་ནི།། ཇི་ལྟར་རིགས ་པར་འབང་གྱུར་ནི།། དེ་ཡི་བསོད་ནམས་མཐའ་མ་ནི།། ཚད་བཟུང་ནུས་པ་མ་ཡིན་ནོ།། དེ་ལྟར་ཕྱོག་ན་རྡོ་རྗེ་ཡིས།། གསུངས་པའི་རྗེསུ་འབྲངས་པར་འགྱུར།། ཚོ་གས་ཀྱི་འཁོར་ལོའི་ཆོ་ག་བཱཞིན་ནོར་བུ་ཞེས་བྱ་བ། པཎྜི་ཏ་རཏྣ ་རཀྵི་ཏས་མཛད་པ་རྫོག་སོ།། ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་རཏྣ་རཀྵི་ཏོ་པའི་ཞལ་སྔ་ནས་དང་།། བོད་ཀྱི་ལོ་ཙེ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་གྲུབ་པ་དཔལ་བཟང་པོས་བསྒྱུར་པོའོ།། ་