CLOSE WINDOW

GT1322: tshogs kyi 'khor lo'i cho ga
Wyliee-texts produced with BDRC’s OCR application

མཧཱ་པཎྜི་ཏ་ཤྲཱི་རཏྣ་རཀྵི་ཏའི་ཞལ་སྔ་ནས།། ། རྒྱ་གར་སྐད་དུ། ག་ཎ་ཙཀྲ་བིདྷི། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི་ཆོ་གི། འཕགས་པ་སྤྱན་རེས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཚོགས་རྣམས་བསག ་པར་བྱ་བ་དང་།། བགེགས་རྣམས་ཞི་བར་བྱ་བའི་ཕྱིར།། བསོད་ནམས་མཐར་ཐུག་ཚོགས་འཁོར་ལོ།། ལུང་དང་མན་ངག་ཇི་བཞིན་བྲི།། དེ་ལ་རེ་ཞིག་དང་པོ་གཞུང་དང་མཐུན་པའི་ཚོགས་ཀྱི་ཁང་པ་ཙན་དན་ལ་སོགས་པ་དྲི ་དྲི་ཞིམ་པོས་བསྐོར་བ་ཡིད་དུ་འོང་བའི་གནས་སུ་ལས་ཐམས་ཅད་པའི་སྐྱེས་བུ་ལྷའི་ང་རྒྱལ་དང་ལྡན་པས་ཆག་ཆག་བདབ་པ་དང་།། མཎྜལ་བྱ་བ་དང་མེ་ཏོག་བཀྲམ་པ་དང་།། མཆོད་པ་བཤམ་པ་དང་།། ཕྱོགས་སྐྱོང་གི་གཏོར་མ ་རྒྱ་ཆེན་པོ་ལ་སོགས་པ་བཤམ་མོ།། དེ་ནས་སློབ་དཔོན་སྤྱན་དྲངས་ལོ་གནས་ཇི་ལྟར་རིགས་པ་དང་བཅས་པར་བཞུགསུ་གསོལ་ནས།། ལས་ཐམས་ཅད་པའི་བུམ་པ་བརྒྱན་ཆས་དང་ལྡན་པ་བྱིན་བརླབ་པའོ།། མཆོད་པའི་བུ ་པ་ཡང་ཅི་རིགས་པར་བཤམ་མོ།། དེ་ནས་རྣལ་འབྱོར་པ་འདུ་བར་འོས་པ་ཀུན་བཀུག་ལ་དེ་དག་གིས་གསོལ་བ་གདབ་བོ།། ཁྲོ་བོ་སྔོན་པོ་མཛེས་པ་སྟེ།། ཁྱོད་ནི་བཟང་པོ་ཡིད་དུ་འོང་།། ནོར་རིན་ཆེན་གཅེས་བཅིངས་པའི།། དབྱུག ་པ་ཕྱག་ན་བསྣམས་པ་སྟེ།། བདག་ནི་འཁོར་བཽ་ལས་བསྒྲལ་ཕྱིར།། དཔའ་བོས་གནང་གིས་བཏང་དུ་གསོལ།། རྣལ་འབྱོར་མ་ཡི་ཚོགས་དབུས་སུ།། བཟང་པོའི་སྒོ་འདི་ཕྱེ་སྟེ་ཐོང་།། ཞེས་གསོལ་བ་བཏབ་ནས་ནང་དུ་བཀུག ་སྟེ། ལས་ཀྱི་བུམ་པའི་ཆུས་གཏོར་ཞིང་སྐྱོར་ཆུ་བླུང་དོ།། དེ་ནས་གྲོལ་རིམ་པ་བཞིན་དུ་བཀོད་ལ་རྡོ་རྗེ་སློབ་དཔོན་ལ་མེ་ཏོག་ཕུལ་གསོལ་བ་གདབ།། རྣལ་འབྱོར་པ་ཀུན་ལ་ཡང་མེ་ཏོག་གཏོར་ལ་བསྐུལ་བར་བྱའོ།། དེ་ནས་སློབ་དཔོན ་གྱིས་ལྷག་པའི་ལྷར་བསྒོམས་ལ་མོས་པ་ཙམ་གྱིས་ལྕེ་ལག་བྱིན་གྱིས་བརླབ་པོ།། རྡོ་རྗེ་དང་དྲིལ་བུ་ཡང་ཧཱུཾ་གིས་བྱིན་གྱིས་བརླབས་ལ་མངོན་པར་བརྟོགས་པ་བརྗོད།། ཧཱུཾ་ཐོག་མ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དེ ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་པ་བདག་པོའི་གཙོ།། ཨོཾ་མ་ཧཱ་བཛྲ་ཧཱུཾ། དྲིལ་བུ་ཡང་། ཨཱཿསྙིང་པ་རང་བཞིན་གྱིས་དག་ཕྱིར།། ངོ་བོ་ཉིད་ཀྱིས་གདོད་ནས་དག། རང ་བཞིན་དག་པའི་སེམས་དཔའ་ཡིས།། སྲིད་པ་དམ་པ་མཆོག་ཏུ་བྱེད།། ཨོཾ་བཛྲ་གྷཎྜ་ཨཾ། དེ་ནས་མཆོད་པའི་ཁྱད་པར་ཐམས་ཅད་འབྲུ་གསུམ་གྱིས་བྱིན་གྱིས་བརླབ་པོ།། དེ་ནས་སྙིང་གའི་ས་བོན་གྱིས་འོད་ཟེར་གྱི་བླ་མ་དང ་བཅས་པའི་ལྷ་རྣམས་ན་མཁའ་ལ་བལྟས་ལ། ཡོན་ཆབ་དང་། ཞལ་བསིལ་དང་། ཞབས་བཀྲུ་དབུལ་ཞིང་། མེ་ཏོག་ནས་སྒྲ་སྙན་གྱི་བར་དུ་རིམ་པས་མཆོད་དོ།། དེ་ནས་དེ་ཁོ་ན་ལྔ་འམ་གཞུང་གང་ཡིན་པས་བསྟོད་པ་བྱ།། ཡན་ལྕག ་བདུན་པ་མདོ་རྒྱས་གང་ཡང་རུང་བྱའོ།། ཡ་གེ་བརྒྱ་བས་བཟོད་གསོལ་བྱས་གཤེགས་སུ་གསོལ་ལོ།། དེ་ནས་ཤུ་ནྱ་ཏའི་སྔགས་ཀྱིས་སྟོང་པ་ཉིད་དུ་བསྒོམས་ལ།། ཡི་གེ་ཧཱུཾ་གི་སྣང་བ་ལས་རབ་དང་དྲ་བ་དང་སཽ་གཞིར་བསྒོམ ་ལ།། དེ་ནས་འབྱུང་བ་རིམ་རྩེགས་རི་རབ་རིན་པོ་ཆེའི་རང་བཞིན་བསྒོམས་ལ་དེའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བ་ལ་སྣ་ཚོགས་རྡོ་རྗེ་བསམས་ཏེ། དེའི་ལྟེ་བ་ལ་བྷྲཱུཾ་ལས་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད་ནས། དེར ་གང་ཡིན་པའི་ལྷའི་དཀྱིལ་འཁོར་བསྐྱེད་ལ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཏེ་མཆོད་ནས་དབྱེར་མེད་པར་བསྟིམ་མོ།། དེ་ནས་ཆང་ལ་བསྲུང་བ་དང་བྱིན་གྱིས་བརླབ་པ་གཞུང་བཞིན་བྱས་ཏེ།། ཡི་གེ་ཧ་དམར་པོས་ཁ་དོག་སྦྱངས ་ལུཿཧོ་དཀར་པོས་དྲི་ངན་གསལ་ཏེ་ཧྲཱིཿམཐིང་ཁས་ནུས་པ་བཅོམ་ནས་བདུད་རྩིའི་རང་བཞིན་དུ་གྱུར་པར་བསམས་ལ།། དེ་ཉིད་ཀྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་བདུད་རྩི་བཀུག་སྟེ་བསྟིམ་མོ།། དེ་ནས་རྩ་བའི་དཀྱིལ་འཁོར་གྱི་ལྷ་ལ ་སོ་སོའི་མིང་ནས་བརྗོད་ཅིང་མཆོད་དེ།། དེ་ནས་བདུད་རྩི་དང་བཅས་པའི་སྲིན་ལག་གིས་མཎྜལ་གྲུ་གསུམ་བྲིས་ལ་དེར་བདུད་རྩི་བཏོར་བས་ཟླ་བའི་གདན་ཕྱོགས་མཚམས་སུ་གྱུར་པར་བསམ་མོ།། དེར་ཡེ་ཤེས་འཁོར་ལོ་མོས ་པ་ཙམ་གྱིས་བསམས་ལ་བདུད་རྩིས་མཆོད་དེ།། དེ་ནས་བདག་ཉིད་ལ་མཆོད་དེ་འདི་ལྟར་འཐོབ་སྲིན་གྱིས་ལྕེ་རྩེ་དང་སྨི་མིའི་དབུས་དང་སྤྱི་བོར་གཏོར་རོ།། དེ་ནས་དེ་དག་མི་དམིགས་པར་བསམས་ལ་གཙོ་བོའི་དཀྱིལ་འཁོར ་ལ་ཡོན་ཆབ་ལ་སོགས་པའི་ཁྱད་པར་གྱིས་མཆོད་དེ་བསྟོད་པ་བྱས་ལ་གཤེགས་སུ་གསོལ་ལོ།། དེ་ནས་ཞིང་སྐྱོང་རྣམས་ལ་གཏོར་མ་རྒྱ་ཆེན་པོ་བཏང་སྟེ་ཡི་གེ་འབྲུ་གསུམ་གྱིས་སྦྱང་བ་དང་སྦར་བུ་དང་།། རྟོགས་པར་བྱས ་ལ། མཎྜལ་ཐིག་བཞི་བཏབ་པའི་ལེའུ་ཚེ་དགུ་པར་བྱས་ཏེ་དབུས་མོ་ལ་ཡེ་ཤོས་ཀྱི་འཁོར་ལོ་བསམ།། ཕྱོགས་འཚམས་ལ་ཞིང་སྐྱོང་བརྒྱད་མ་མོ་སུམ་ཅུ་གཉིས་དང་བཅས་པ་སྤྱན་དྲངས་ལོ་མཆོད་དོ།། ཨོཾ་ཤིང་གཅིག་དང་ནི་དུ ་ཁྲོད་དང་། རི་བོ་དང་ནི་ར་སུལ་ཕུག། གྲོང་དང་བཞི་མཽདོ་ཉིད་དང་ནི།། ཁྱད་པར་དུ་ནི་ཁང་སྟོང་དང་།། རིགས་ངན་ཁྱིམ་དང་ཟང་དང་ནི།། ཁྱད་པར་དུ་ནི་ཆུ་ལ་གནས།། ནག་པོ་དྲག་པོ་དྲག་ཆེན་པོ།། ལྷ་སྦྱིན་མཉམ་དུ་བསྟེན་པ་དང་།། ནག ་བོ་གཙིགས་དང་མྱི་སྡུག་པ།། དགའ་ལས་འདས་པའི་ལོག་འདྲེན་རྣམས།། རྒན་བྱེད་མོ་དང་དྲག་མོ་དང་།། མི་སྡུག་མ་དང་ཨུ་མ་དང་།། རྒྱལ་མ་རྣམ་པར་རྒྱལ་བ་མ།། མི་ཐུབ་གཞན ་གྱི་མོ་ཐུབ་མ།། ནག་མོ་བཟང་མོ་ནག་ཆེན་མོ།། ནག་སྒྲོམ་མ་དང་རྣལ་འབྱོར་མ།། དབང་མོ་དང་ནི་ཟླ་བ་མོ།། རབ་ཏུ་སྡོད་དང་འཕྱང་བ་མོ།། འཕྲོག་བྱེད་ས་དང་དམར་སེར་མ།། འཇིགས་བྱེད་གྲོང་ནས་རྣལ་འབྱོར་མ།། ་དྲག་མོ་གཟུགས་དང་གཟུགས་ཆེན་མོ།། མཆེ་བ་གཙིགས་དང་ཐོང་ཆེན་མ།། ཐོད་འཕྲེང་ཕྲེང་ཅན། ཁ་ཊྭཱཾ་མ།། སྦྲུལ་ཆེན་རལ་གྲི་དགྲ་སྟ་ཅན།། རྡོ་རྗེ་དེ་བཞིན་གཞུ་ཅན་མ།། དེ་བཞིན་གཤེགས་པ་མཁའ་ཆེན་པོ།། ་ལས་ཀུན་རྗེས་སུ་སྒྲུབ་བྱེད་མ།། དེ་བཞིན་རྡོ་རྗེ་དབང་ཕྱུག་གཙོ།། དེ་བཞིན་གཤེགས་པའི་སྐུ་ཆེན་པའི་སྐྱེ་ཆེན་དེ།། རྡུལ་མེད་རྣལ་འབྱོར་འབྱིན་པའོ།། རྡོ་རྗེ་དབང་མོས་བཀའ་འདི་ཡིས།། ཐམས་ཅད་མ་ལུས་འདིར ་འདུས་ཤིག། ཨོཾ་ཀྲྀཀླཱ་ཌྷཱ་ན་བ་བྷན་དྷ་ན། ཁ་དྷཱ་ནཱ། སརྦ་དུཥྚཾ་ཧ་ནཱ་ཏ་ནཱ། གྷཱ་ཏ་ཡ་གྷཱ་ཏྱཱ་ཡཱ། ཨ་མུ་ཀཱ་ཧཱུཾ་ཛཱཿཞེས་པས་བཀུག་ལ་པོདྨའི་གོད་ན་ལ་གནས་པར་བསམས་ལ། མཆོད་པ་ལྔར་བྱིན་གྱིས་བརླབས་ལ་ད ་ཉིད་དབུལ་ཏེ།། སོ་སོའི་ལྕེ་ཧཱུཾ་ལས་རྡོ་རྗེར་བྱིན་གྱིས་བརླབས་པའི་རྡོ་རྗེའི་སྦུ་གུའི་འོད་ཀྱིས་བདུད་རྩི་མཆོད་པར་བསམས་ལ་ཆོས་བཤད་དེ།། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ་ཞེས་བྱ་བ་ལ་སོགས་པ ་བརྗོད་དོ།། དེ་ནས་སྨོན་ལམ་གདབ་སྟེ། སེམས་ཅན་ཐམས་ཅད་སྡིག་མེད་ཅིང་།། སེམས་ཅན་ཐམས་ཅད་བདེ་གྱུར་ཅིག། གང་གི་ལམ་ནས་འགྲོ་བ་ཡིས།། སངས་རྒྱས་ཉིད་དང་ཕྲད་པར་ཤོག། མ་སྒྲལ་བ་རྣམས ་བསྒྲལ་བར་བྱ།། མ་གྲོལ་ལ་རྣམས་བདག་གིས་དགྲོལ།། དེ་ལྟར་ཉིད་དུ་རྗེས་བརྩེ་བས།། རྣལ་འབྱོར་བསྟན་བཅོས་གནས་ལ་དགོས་ཅེས་པས་བསྔོ་བ་བྱས་ལ་གཤེགས་སུ་མི་གསོལ་ལོ།། དེ་ནས་རྣལ་འབྱོར ་པ་ཕོ་མོ་ཀུན་ལྷའི་འཁོར་དུ་བལྟས་ལ་དང་པོར་དྲིས་མཆོད།། དེ་ནས་མེ་ཏོག་དུང་བདུག་པ་དང་མར་མེས་ཚུལ་བཞིན་དུ་མཆོད། དེ་ནས་བདུད་རྩི་དོང་བཅས་པའི་ཆང་གིས་མཆོད་དེ།། དེ་ནས་ལག་པ་གཡས ་པར་ཆང་གཟུང་ལ་གཡོན་པ་རྩེ་གསུམ་པར་བྱས་ཏེ་ཚིག་འདིས་ཚང་སྦྱིན་ཏེ། ལྟོས་ཤིག་མཛེས་པ་དམ་ཚིག་ཆོས།། དེ་ལ་ཐེ་ཚོམ་ཡོད་མ་ཡིན།། བྲམ་ཟེ་ཁྱི་དང་གདོལ་པ་གསུམ།། རང་བཞིན ་གཅིག་ཏུ་རྟོགས་པས་བཟའ།། ཞེས་བརྗོད་ལ་དྲང་།། ལེན་པ་པོས་བརྗོད་པ།། འདོད་ཆགས་དྲི་མ་དང་བྲལ་བའི།། རིན་ཐང་མེད་ལས་ལེགས་འོངས་ཆོས།། གཟུང་དང་འཛིན་མེད་རྣམ་པར་སྤངས།། དེ་ཁོ་ན ་ཉིད་ལ་བདག་ཕྱག་འཚལ་ཞེས་བརྗོད་པ་པདྨས་བསྐོར་བ་དང་བཅས་པས་གླང་ངོ་།། དེ་ནས་འོག་མ་རྣམས་དྲང་བ་ལ་འདི་སྐད་བརྗོད་དེ།། སྦྱོར་བའི་དངོས་གྲུབ་དོན་དུ་ནི།། སྤྱོད་ཀུན་དེ་ཉིད་དེ་བཞིན་དུ། རྣལ ་འབྱོར་པ་ཡིས་ཀུན་ཏུ་སྦྱང་།། ཇི་ལྟར་བྱེ་བ་སྤྱད་པར་བྱ་ཞེས་བརྗོད་ལ་དྲང་ངོ་།། དེའི་འོག་ཏུ་ཤ་དང་མར་ལ་སོགས་པས་མཆོད་དོ།། དེ་ནས་བ་ཤོས་སོ་སོར་དྲངས་ལ་དེ་དག་ཀུན་གྱི་ཕུང་བསྡུས ་ལ་སློབ་དཔོན་ལ་དབུལ།། སློབ་དཔོན་གྱི་ཕུད་དེ་ཆ་གཉིས་སུ་བགོས་ལ།། ཆེ་གཅིག་བྱིན་གྱིས་བརླབས་གཡོན་ཕྱོགས་སུ་བཞག་སྟེ་དཀྱིལ་འཁོར་གྱི་ལྷ་ལ་དབུལ། ཆ་གཅིག་གཡ་སུ་བཞག་ལ་བྱིན་གྱིས་བརླབས་ཏེ ་ཕྱོགས་སྐྱོང་གི་གཏོར་མྱུར་དབུལ་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁྱི་ཞེས་པའི་སྔགས་ཀྱིས་མཆོད་ལ་དེ་ནས་ཅི་བདེར་རོལ་ཞིང་སྤྱད་དོ།། སྐབས་དེར་བཀྲ་ཤིས་ཀྱི་གླུ་བླང་ངོ་།། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་ཕྱོགས་སྐྱོང་ལ་གན ་བོ་ནོད་པོ་དང་བཟོད་གསོལ་བྱས་ལ་གཤེགས་སུ་གསོལ་ལོ།། དེ་ནས་ཡེ་ཤེས་ཀྱིས་ལྷ་ལ་ཡི་གེ་བརྒྱ་པས་བཟོད་གསོལ་བྱས་ལ་བཛྲ་མུཿཞེས་པས་གཤེགས་སུ་གསོལ་ལོ།། དམ་ཚིག་གི་ལྷ་ལ་ཨོཾ་ཨཱཏྨ། ་ཏིཥྛ་ཧཱུཾ་ཞེས་བརྗོད་ལ་བདག་གི་སྙིང་གར་བསྡུའོ།། ཨོཾ་སརྦ་དུཥྚ་གྲིཧྞ་གཙྪ་ཧཱུཾ་ཞེས་པས་ཕྱི་རིམ་གྱི་ལྷ་གཤེགསུ་གསོལ་ལོ།། དེ་ནས་ལྷག་མ་བསྡུས་ཏེ་ཁྱིམ་གྱི་ལྷག་མ་ནི་ཁྱིམ་དེ་ཉིད་ཀྱི་མི་མ་ཡིན་པ་མི་མི ་ཡིན་པ་ལ་བསྔོའོ།། རྣལ་འབྱོར་པ་རྣམས་ཀྱི་ལྷག་མ་ནི་ཕྱི་རོལ་གྱི་ཤ་ཟ་ལ་སོགས་པའི་མི་མ་ཡིན་པ་རྣམས་ལ་སྦྱིན་ཏེ་ཕྱིའི་སྒོར་བསྐྱལ་ལོ།། ལྷག་མ་དེ་ལྟ་བུ་བཟའ་བའི་སྐལ་པ་མེད་པ་ལ་ཡང་སློབ་དཔོན་གྱི ་ཁ་ནས་བདུད་བརྩི་བྱིན་ནོ།། དེ་ནུས་ཡོན་བདག་ལ་བཀྲ་ཤིས་དང་སྨོན་ལམ་གདབ་པོ།། དེ་ནས་གཏོར་སྐྱེལ་ལོག་པ་དང་ཚོགས་ཀྱིས་ཁང་པའི་སྒོར་མེ་ལོང་དང་བུད་དཀྲོལ་དང་། ཆུ་ཆན་གྱི་ཞོ་དང་། ཟན་གྱིས་མཆོད་ངོ་།། དེ་ནས ་ནང་དུ་ཕྱིན་ལ་རྣལ་འབྱོར་པ་ཕོ་མོ་རྣམས་ལ་ཡང་དེ་ལྟར་མཆོད་པར་བྱའོ།། མ་འོངས་སྐྱེ་བོ་གང་དག་ཚོགས་རྣམས་བསག་པར་འདོད་པ་དང་།། བསླབ་པའི་ལམ་ལ་ངེས་པར་ཞུགས་པའི་སྒྲུབ་བྱ་པོ།། ངག་གི་དྲི་མེད ་ལུང་དང་བླ་མའི་མངམས་ངག་ལྟར།། མ་ནོར་བཟུང་སྟེ་བདག་དང་གཞན་ལ་ཕན་པའི་ཕྱིར་དུ་དྲིས་པ་ཡིན།། ཚོགས་ཀྱི་འཁོར་ལོའི་མཆོད་པའི་ཆོ་ག་སློབ་དཔོན་ནག་པོ་བས་མཛད་པ་རྫོགས་སོ།། ། ་རྒྱ་གར་གྱི་མཁན་པོ་ཀྲྀཥྞ་པ་དེ་ཉིད་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གུར་སྐད་དུ། ག་ཎ་ཙ་ཀྲ་བི་དྷི། བོད་སྐད་དུ། ཚོགས་ཀྱི་འཁོར་ལོའི ་