| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མ ་ཏནྟྲ་རཱ་ཛ་སྱ་བི་བྲྀཏྟི། བོད་སྐད་དུ། རྒྱུད་ཀྱི་རྒྱལ་པོ ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན ་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། མཁའ་ལས་ཤར་བའི་ཟླ་བ་ལྟར།། མི་ཤེས་སེལ་བའི་འོད་བྱེད་ཅིང་།། དངོས་གྲུབ ་བདུད་རྩི་འཛག་པ་ཡི།། རྡོ་རྗེ་མཁའ་འགྲོའི་སྐུ་ལ་འདུད།། གསེར་དང་རིན་ཆེན་རང་བཞིན་ལས།། བསྒྲུབས་པས་རི་རྒྱལ་ལྷུན་པོ ་ལྟར། རྒྱུད་འདིའི་ཡན་ལག་ལས་བྱུང་བ།། ཐམས་ཅད་སྙིང་པོ་འབའ་ཞིག་སྐུས།། རྒྱུད་འདི་ཡི་ནི་དོན་ཆེན་རྣམས།། གང་ཡིན་གསལ་བའི་བློ་གོས་ཀྱིས།། གློག་ལྟར་ཆེ་མ་བྱེད ་ལྗགས་བསྐྱོད་ནས།། སྐད་ཅིག་གིས་ནི་གསལ་མཛད་པ།། གང་ཡིན་དེ་འདིར་བདག་གིས་ནི།། བླ་མས་ཇི་ལྟར་བསྟན་པ་རྣམས།། བློ་ཡིས་ཇི་ལྟར་དྲན་པ་བཞིན།། གསལ་བར་བྱ་ཕྱིར ་བརྗོད་པར་བྱ།། རྒྱུད་དུ་སྦས་པའི་དོན་ཆེན་རྣམས།། མན་ངག་ལས་རྙེད་མ་ལུས་པར།། བདག་གིས་བྲི་བར་མི་ནུས་ཀྱང་།། ཅུང་ཟད་ཙམ་ཞིག་བྲི་བར་བྱ།། འདིར་བརྗོད་པར་བྱ་བོ་ལ ་སོགས་པ་མ་མཐོང་བར་རྟོག་པ་སྔོན་དུ་གཏོང་བ་རྣམསུ་ཡང་འཇུག་པར་མི་འགྱུར་ལ།། དེ་དག་ཀྱང་དང་པོར་ཚིག་ཏུ་བརྗོད་པ་མ་གཏོགས་པར་མངོན་དུ་མི་འགྱུར་བ་དང་། འདྲ་སྒྲ་དོན་དུ་གཉེ ་བས་སྒྲུབ་ཐབས་ལ་འཇུག་པ་རྣམས་ཀྱང་སྒྲུབ་པ་པོ་བདག་ཉིད་ཀྱི་མངོན་པར་འདོད་པའི་འབྲས་བུ་དེ་དང་རྗེ་སུ་མཐུན་པའི་ཐབས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ཏོ། གཞན་དུ་ན་གལ་ཏེ་དེ་དག་བདག་ཉིད་ཀྱི་འདོད་པ་མ ་ཡིན་པ་དང་། ཉམས་སུ་བླང་བར་མི་ནུས་པ་ནི་མཐོ་རིས་འདོད་པ་རྣམས་ར་སྐྱེས་དཀར་པོ་ལ་བརྟེན་ནས་བསྒྲུབ་པ་སངས་རྒྱས་པ་སྙིང་རྗེ་ཅན་གྱི་འདོད་པའི་ཐའིས་མ་ཡིན་པ་དང་། གལ་ཏེ་ར་སྐྱེས་དཀར་པོ་བསད་པའི་མཆོད་པས་མཐོ ་རིས་ཐོབ་ཏུ་ཟིན་ཀྱང་སྙིང་རྗེ་ཅན་གྱི་མངོན་པར་འདོད་པའི་འབྲས་བུ་མ་ཡིན་པོ་ལ་སོགས་པ་དེ་དག་ལ་བརྗོད་པར་བྱ་བ་ལ་སོགས་པའི་ཁྱད་པར་ཚིགས་ཏུ་བརྗོད་པ་མ་གཏོགས་པར་འཇུག་པར་མི་འགྱུར་བས་གནས་ཕུན་སུམ ་ཚོགས་པ་ལ་སོགས་པ་བརྗོད་དུ་པའི་སྒོ་ནས་བརྗོད་པར་བྱ་བ་ལ་སོགས་པ་བསྟུན་པར་བྱ་བའི་ཕྱིར། གསང་བ་མཆོག་གི་ཞེས་བྱ་བ་ནིས། མཁའ་འགྲོ་ཀུན་དང་མཉམ་སྦྱོར་བའི།། རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག། ཅེས་བྱ ་བ་ནི་བར་གྱི་ཚིག་རྣམས་དང་པོར་སྡུད་པར་བྱེད་པ་རྡོ་རྗེ་ཕག་མོས་གསུངས་ཏེ། དེ་ཡང་བཅོམ་ལྡན་འདས་གཅིག་པུ་ཉིང་གར་མཁོན་ལྟར་སེམས་ཅན་རྣམས་འདུལ་བའི་ཕྱིར་འཆད་པ་པོ་དང་སྡུད་པར་བྱེད་པ་དང་། འཁོར་ཞེས་བྱ ་བ་དཀྱིལ་འཁོར་བ་དང་། གཙོ་བོ་ཞེས་བྱ་བ་དཀྱིལ་འཁོར་ཉིད་དང་། དངོས་པོ་གྲུབ་དང་སྒྲུབ་ཐབས་ལ་སོགས་པའི་བརྗོད་པར་བྱ་བའི་རང་བཞིན་འཛིན་པར་མཛད་དེ། འདི་ལྟར་བཅོམ་ལྡན་འདས་ཉིད་འཆང་པོ་པོ་ལ་སོགས་པར་གནོས ་མོད་ཀྱི། ལས་དང་པོར་དང་པ་འཇུག་པའི་ཕྱིར་བདག་ཉིད་བཅོམ་ལྡན་འདས་མའི་གཟུགས་སུ་ཐ་དད་པར་བསྟན་ནས། གསང་བ་མཆོག་གི་དགྱེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་བ་མཆོག་གིས་དགྱེས་པར་བཞུ་གས་ནས ་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་བ་དང་སྦྱར་རོ་ཞེས་བྱ་བ་ནི་སྔར་བསྟན་པའི་བརྗོད་པར་བྱ་བ་ལ་སོགས་པོ་ནི་བཅོམ་ལྡན་འདས་ཀྱིས་ཚིག་གི་གཞུང་རྣམས་གསུངས་ཀྱི། བཅོམ་ལྡན་འདས་མ་རྡོ ་རྗེ་ཕྲག་མེ་བདག་ཉིད་ཀྱི་རང་བཞིན་བཟོ་སྤོང་བར་མཛད་ཅིང་འདི་ལྟར་བཅོམ་ལྡན་འདས་ལས་ཐོས་ནས་རྒྱུད་ཐོས་སོ་ཞེས་པར་དགོངས་སོ།། གསང་བ་ཞེས་བྱ་བའི་སྒྲས་ནི་ཐམས་ཅད་ལ་ཁྱད་པའི་ཆོས་ཀྱི་དབྱིངས་ཏེ། དེ་ལས་དེ་བཞིན ་གཤེགས་པ་ཐམས་ཅད་འཁྲུངས་པས་གསུངས་པ་ནི་ཆོས་ཀྱི་འབྱུང་གནས་སོ།། དེར་བཞུགས་པ་ནི་དེར་རབ་ཀྱི་སྟེང་དུ་ཁང་པ་བརྩེགས་པར་གནས་པོའོ།། ཇི་ལྟར་བུར་གྱུར་པའི་གསོང་བ་ཞེ་ན། གསུངས་པ་མཆོག་ཅེས་པ་སྟེ ་ཡེ་ཤེས་པའི་ཡུལ་དུ་གྱུར་པས་ན་མཆོག་གོ།། དགྱེས་པ་ཞེས་བྱ་བ་ནི་མཆོག་ཏུ་བདེ་བར་བསྐྱེས་པའི་ཡུལ་དུ་གྱུར་བྱས་སོ།། ཐམས་ཅད་བདག་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་དུ་གྱུར་པས་ཐམས ་ཅད་བདག་ཉིད་ངོ་གསང་བའོ།། ཡང་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པའི་བདག་ཉིད་པས་ཐམས་ཅད་བདག་ཉིད་དོ།། ཡང་ཐམས་ཅད་ཀྱི་སྒྲས་ནི་རྡོ་རྗེ་འཛིན་པ་ལ་བྱ་ལ། དེའི་རང་བཞིན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེ ་ངག་གིས་ནི་གནས་ཕུན་སུམ་ཚོགས་པ་བསྟན་ཏོ།། རྟག་ཏུ་བཞུགས་ཞེས་བྱ་བས་ནི་སྟོན་པ་ཕུན་སུམ་ཚོགས་པའི་ཁྱང་པར་སྟོན་པར་མཛད་དོ།། སྣ་ཚོགས་དེའི་རང་བཞིན་གྱིས་ཐོགས་མ་མེད་པའི་དུས་ནས ་གར་ཡང་མ་བཞུད་པའོ།། དེ་ཡང་ཆོས་ཀྱི་སྐུ་ལ་སོགས་པའི་གཟུགས་ཀྱིས་རྟགས་ཏུ་དེ་ལྟར་བྱུང་བ་ཉིད་དུ་རང་བཞིནི་རྒྱུད་རྒྱུན་ཆགས་པར་འདིརཱི་བཞུགས་པ་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་ཇི་ལྟ་བུ་ཞིག་ཅེ་ན། མཁའ ་འགྲོ་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་ཀུན་གྱི་སྒྲས་ནི་རབ་ཏུ་གཏུམ་མེ་ལ་སོགས་པའི་ལྷ་མོ་ལ་བྱ་ལ་ང་རྣམས་ཀྱི་རང་བཞིན་གང་ལ་ཡོད་པ་ངོ་མཁའ་འགྲོ་ཀུན་གྱི་དངོས་སོ།། འདིས་འདི་སྐད་དུ་བཅོམ ་ལྡན་འདས་ཀྱིས་མཁོའ་འགྲོ་བ་མ་ཀུན་གྱི་འཁོར་གྱིས་བསྐོར་བ་ལ་གསུང་སོ་ཞེས་བསྟན་པར་འགྱུར་རོ།། དེས་ནི་འཁོར་ཕུན་སུམ་ཚོགས་པ་བསྟན་ཏོ།། བཅོམ་ལྡན་འདས་དེ་ཉིད་སེམས་ཅན་གྱི་དོན་ལ་ནུས་པ་དང་ལྡན་པ ་ན་སེམས་དཔའ་ཡིན་ལཱ། མི་ཤེས་པའི་རི་བོ་བཅོམ་པས་ན་རྡོ་རྗེའོ།། མི་ཤེས་པ་ཡང་འདིར་ཕུང་པོ་དང་ཁམས་པ་སྐྱེད་མཆིད་ཀྱི་ཤེས་བྱ་རྣམས་ལ་གཟུང་བ་ལ་སོགས་བྱ་མངོན་པར་ཞེན། ཞེས་བྱ་བའི་སྒྲིབ་པ་གང ་ཡིན་པའོ།། དེ་ནས་གཉིས་སུ་མེད་པའི་ཡེ་ཤེས་ནི་རྡོ་རྗེ་སྟེ་ཤེས་རབ་བོ།། མཁའ་འགྲོ་ཞེས་བྱ་བ་ནི་སྤྲུལ་པ་རྣམ་ཀྱི་ན་མཁའ་ཀུན་ཏུ་ཁྱབ་པར་འགྲོ་ནས་ན་མཁའ་འགྲོའོ།། སྤྲུལ་པ་ཡང་མཁའི་འགྲོ་མའི་གཟུགས ་ཀྱི་དངོས་པོའོ།། དེ་ལྟར་ན་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བས་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་བཅོམ་ལྡན་འདས་བསྟནྡ་ཏ། རྡོ་རྗེ་ཡང་ཡིན་པས་ན་རྡོ་རྗེ་ལ་མཁའ་འགྲོ་ཡང་ཡིན་པས་ན་རྡོ་རྗེ་མཁའ་འགྲོ་སྟེ། སྙིང་རྗེ་དང་སྟོང་པ་དབྱེར ་མེད་པའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཞེས་བྱ་བའི་དོན་ཏོ།། བཅོམ་ལྡན་འདས་དེ་ཉིད་བདེ་གི་རང་བཞིན་དུ་བསྟན་པའི་ཕྱིར་བང་བའི་མཆོག་ཅེས་གསུངས་ཏེ། བདེ་བའི་ནི་ཟག་པ་མེད་པའི་བདེ་བ་ཆེན་པོ་སྟེ། དེ་ཡང་བསྒྲུབ་པར་བྱ་བའི་དམ་པ ་ཞེས་བྱ་བའི་བདེ་དུའོ།། འདིར་འགྲོ་བ་རིགས་དྲུག་པོ་རྣམས་ཀྱི་རང་བཞིན་ཞེས་བྱ་བ་ནི་སྒྲུབ་པར་བྱ་བ་ནི་བདེ་བ་ཉིད་ཡིན་ཏེ། དེ་ཡང་བྱིས་པ་རྣམས་ཀྱི་ནི་ཟག་པ་དང་བཅས་པ་ཡིན་ལ། འཕགས་པ་རྣམས་ཀྱི་ནི་ཟག་པ་མེད་པའོ།། དེ་ལྟ ་མོད་ཀྱི་བདེ་བའི་དོན་དུ་ཐམས་སྣ་ཚོགས་དོན་དུ་གཉེན་པས་བདེ་བ་ལས་གནོན་པའི་བསྒྲུབ་པར་བྱ་བ་གཞན་ཡོད་པ་མ་ཡིན་ལ། ཇི་སྙེད་དུ་བདེ་བ་དེ་སྙེད་རང་བཞིན་རྣམ་པར་དག་པ་ཡིན་ཡང་བྱས་པ་རྣམས་ཇི་ལྟར་སྣང་བཞིན་པ ་ལ་མངོན་པར་ཞེན་པས་ཟག་པ་དང་བཅས་པ་ཞེས་བྱ་སྟེ། བདེ་བ་དེའི་རང་བཞིན་ཉིད་འདི་ནཱི་ཞེས་བྱའོ།། དེ་ཡང་བདེ་བས་བདེ་བ་བསྒྲུབ་པར་བྱ་ཞེས་གསུངས་སོ།། བདེ་བས་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ།། བདེ་བཱི་ཞེས་བྱ་བ་ནི ་ཟག་པ་མེད་པའོ།། དེ་ལྟར་ན་རྟག་ཏུ་བཞུགས་ཞེས་བྱ་བ་ནས། བདེ་བར་མཆོག་ཅེས་བྱ་བའི་བར་འདིས་སྟོན་པ་པོའི་ཁྱད་པར་བདག་དང་གཞོན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པོར་འགྱུར་རོ།། འདི་ནི་ཞེས་བྱ་བ་ནི་བདག་དང ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཉིད་དེ་དེ་ཅི་འདྲ་ཞེས་ན། རང་བྱུང་ཞེས་གསུངས་ཏེ། རང་བཞིན་ཞེས་པ་གདུལ་བྱ་རྣམས་ཀྱི་རང་བཞིན་དེ་དང་དེ་གདུལ་བར་བྱ་བའི་ཕྱིར་རོ།། བྱུང་ཞེས་པ་རྣམས་པར་སྣང་མཛད་ལ་སོགས་པ་སྤྲུལ ་བའི་གཟུགས་སུ་འབྱུང་ཞིང་གསལ་བར་མཛད་པས་ན་རང་བྱུང་ངོ་།། དེ་ཡང་སེམས་ཅན་གཅིག་ཏུ་དེ་ཉིད་ནི་རྣམ་པ་ལྔ་རུ་མཚོན་པ་ཡིན་ཞེས་གསུངས་ཏེ། སེམས་ཅན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་ཆེན་པོའོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་དེ་ཉིད ་སྐུལ་པ་ཕུན་སུམ་ཚོགས་པ་དྲུག་དང་ལྡན་པས་སོ།། ལྷག་པའི་ནི་ལྷ་གཅིག་པུ་ཉིད་ཅེས་བྱ་བ་ལ་ལུས་ལྷག་པར་བྱིན་གྱིས་རློབ་པས་ན་ལྷག་མ་ཡིན་ལ། ཎའི་རང་གི་རྐྱེན་ཅན་དུ་བྱས་པས་གསལ་ཞིང་རིག་པ་དང་སྤྲུལ་པ་རྒྱས་པོར་བྱེད་པས་ན་ལྷ ་སྟེ། ཞལ་དང་ཕྱག་ལ་སོགས་པའི་རྣམ་པར་བྱུང་བ་ཀུན་རྫོབ་ཀྱི་འདེན་པར་ཤེས་པར་བྱའོ།། གཅིག་པུ་ཉིད་ཅེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དོན་དང་པའི་བདེན་པས་ཏེ། དེ་ལྟར་ན་ཀུན་རྫོབ་དང་དོན་དམ་པ་དབྱེར་མེད་པའི་རང་བཞིན་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མར་གྱུར་པས་ལྷག་པའི་དོན་ཉིད་དུ་ལྟ་བར་བྱའོ།། ཡང་ན་མཁའ་འགྲོ་ཀུན་གྱི་ཚིག་གིས་རྣམ་པར་སྣང་བ་མཛད་ལ་སོགས་པ་ལ་བྱ་སྟེ། དེ་ཉིད་ཀྱིས་ན་རང་བྱུང་དེ།། དེ་ཡང་རང་སྟེ་རང་དང་གཞན་གྱི་དོན་ཕུན་སུམ ་ཚོགས་པ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བྱུང་ཞིང་བདེན་པ་གཉིས་ཀྱི་ཚུལ་དུ་བཅོམ་ལྡན་འདས་སྟོན་པར་མཛད་དོ།། ལྷག་མ་ནི་སྔ་མ་བཞིན་ནོ།། དེ་ནི་བཅོམ་ལྡན་འདས་ཀྱི་བསྐྱེད་པའི་རིམ་པའི་ཚུལ་བསྟན་པར་བཞེད་ནས ་འབྱུང་གནས་སྒྲ་ཚུལ་ཞེས་བྱ་བ་ལ་སོགས་པ་གཟུགས་སུ་བྱུང་ཞིང་བདེན་པ་གཉིས་ཀྱི་ཚུལ་དུ་བཅོམ་ལྡན་འདས་སྟོན་པར་གསུངས་ཧེ། འདིར་དངོས་པོ་ཐམས་ཅད་རྣམ་པར་ཕྱེ་ནས་བསྟན་པས་ན་འབྱུང་གནས་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི ་སེམས་སོ།། འབྱུང་གནས་ལས་ཞེས་བྱ་བ་ནི་རྒྱུའི་དོན་གྱི་ལྔ་པ་སྟེ། བྱང་ཆུབ་ཀྱི་སེམས་བརྟན་པར་བྱས་པ་ལས་ངེས་འབྱུང་རྣམས་ཞེས་བྱ་བར་འབྲེལ་ཏེ། དེ་ཅི་ཞིག་ཅེ་ན། སྒྲ་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ནི་སྒྲར་གྲག་པའི་རང་བཞིན་གང་དག ་ཡིན་པ་རྣམས་ཏེ། ཨ་ལ་སོགས་པ་དང་། ཀ་ལ་སོགས་པ་དང་། གཞན་ཡང་སྔགས་རྣམས་སོ།། དམ་ཚིག་ནི་ཟླ་བ་གཉིས་སོ།། སྤྱོད་པ་ནི་ས་བོན་ནོ།། སྤྱོད་ཡུལ་ནི་མཚན་མའོ།། དེ་དག་ངེས་པར་འབྱུང་ཞེས་བྱ་བར་སྦྱར་ཏེ། རྣམ་པ་སྣ་ཚོགས་ཀྱི་ཚུལ་གྱིས་ངེས ་པར་བྱུང་བ་སྟེ། བསྒོམ་པ་དང་བཟླས་པ་ཞེས་བྱ་བའི་བར་དུའོ།། འདིས་འདི་སྐད་སྟོན་པར་འགྱུར་ཏེ། སངས་རྒྱས་དང་བླ་མའི་མཆོད་པ་སྔོན་དུ་འགྲོ་བས་འདི་ལྟར། འགྲོ་ཀུན་སེམས་ཀྱི་སྤྲུལ་པ་སྟེ། སེམས་ལས་གཞན་དུ་ཡོད་མ་ཡ་ནི་ཞེས་བྱ་བ་ནི་འདིའི་དོན་ཡིད་ལ་བྱས་པས ་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། ཨ་ནུཏ་པནྡྷ་སརྦ་དྷརྨཱཿཔྲ་ཀྲིཏྟ་པྲ་བྷཱ་སྭ་རཿསརྦ་དྷརྨཱཿཞེས་བྱ་བའི་སྔགས་བརྗོད་ནས། སེམས་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམས་པར་བསྒོམས་ལ། ཨོཾ་ཙཏྟི་པྲ་ཏི་བྱཱ་དྷཾ་ཀ་རོ་མི་ཤེས་བྱ་བའི་སྔགས་བརྗོད་པར་བྱའོ།། ་དེ་ནས་ཟླ་བའི་དཀྱིལ་འཁོར་དེར་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་ཨ་ལ་སོགས་པའི་གཟུགས་ཀྱིས་ཞུགས་པར་བསྒོམས་ལ་ཡང་འོད་ཟེར་གྱིས་བསྐུལ་ཏེ། དེ་བཞིན་གཤེགས་པའི་ཚོགས་རྣམས་སྐར་མདའ་འཕྲོ་བའི་ཚུལ་དུ་ཞུགས་པར་བསྒོམས་ནས་སླར་ཡང ་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོ། མས་ཏེ། ཨོཾ་རྦ་དྷཿཏྭོདྱཱ་དྷཱ་དཱ་ཡཱ་མི་ཞེས་པའི་སྔགས་བརྗོད་པར་བྱའོ།། དེ་ནས་དེར་ཀཱ་ལ་སོགས་པ་མ་ག་བཞིན་བསམས་ལ། ངའི་སྟེང་དུ་བདག་ཉིངས་ཐོན་ལས་མཚན་མའི་གཟུགས་སུ་བསྐྱོམས་ཏེ། ་ཏིཥྛ་བཛྲ་ཞེས་བརྗོད་པར་བྱའོ།། དེ་ནས་སླར་ཡང་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ཨཏྨ་ཀོ་ཞེས་བྱ་བའི་ང་རྒྱལ་བྱ་སྟེ། ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་རང་གི་ལྷར་བསྒོམས་ལ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟྲ་ཐཱ་ཨ་ཧཾ་ཞེས་བརྗོད་པ་འདི་ནི ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་བཅོམ་ལྡན་འདས་ཀྱི་སྒྲར་བསྒྲུབ་པ་བསྟན་ཏོ།། འཇིག་རྟེན་གསུམ་དུ་རྙེད་དཀའ་བ་ཞེས་བྱ་བ་ལ་སོགས་པ་ལ། རྙེད་དཀའ་བ་ཞེས་བྱ་བ་ནི་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་སོ།། ། གང་ནས་ཞེ་ན། འཇིག་རྟེན་གསུམ ་ནས་ཏེ། སེང་གི་དང་འཕྲོག་བྱད་དང་། དབྱིགས་གི་སྙིང་པོ་ཞེས་བྱ་བ་མིང་གི་རྣམ་གྲངས་གཞན་འདོད་པ་ལ་སོགས་པ་དག་ལས། དེ་ཡང་སེང་གེ་འདོད་པ་ཞེས་བྱ་སྟེ། འཕྲོག་སེམས་ཞེས་བྱ་བར་གྲགས། ཚངས་པ་གྲོལ་བར་རབ་ཏུ་བཤད།། འདི་དག་འཇིག་རྟེན ་གསུམ་ཞེས་བརྗོད།། ཅེས་གསུངས།། ཕོའི་དོན་ལ་མི་ནང་གི་རྟགསུ་གསུངས་པ་ནི་ལུང་སྟེ། འཛེམ་པ་མང་པས་སོ།། ཡང་ན་བུད་མང་ཆགས་པ་སྐྱེས་པ་སྡང་། གཉིས་ཀ་སྤངས་པ་གཏི་མུག་གོ་ཞེས་བྱ་བའི་ཚིགསུ་གཅད་པ་ཕྱེང་པོ་འདི་དང་སྦྱར་ཏེ། འདིའི་དོང ་ནི། ཆགས་པ་རྣམ་དག་བུད་མེད་དེ།། སྡང་བ་དེ་བཞིན་སྐྱེས་པ་ཡིན།། གཉིས་ཀ་སྤངས་པ་གཏི་མུག་གོ།། ཞེས་བྱ་བས་བཤད་ལ། དེ་ལྟ་བུའི་ཁྱང་པར་གྱི་སེམས་ནི་འདོད་པ་ཡིན་ཏེ། དེ་ཡང་ཆགས་སྡང་གཏི་མུག་ལྡན་པ་ཡི།། སེམས་ནི་འདོད་པར་རབ་ཏུ ་བཤད་ཅེས་གསུངས་ཏེ། དེ་ལྟ་བུའི་ཁྱད་པར་ཅན་གྱི་སེམས་ཅནི་བལྟ་བར་བྱ་བས་ན་འཇིག་རྟེ་ནོ།། གཉིས་པ་ནི་རིས་སེཾན་གྱི་དོན་ལ་བལྟ་འང་དམིག་པས་ན་གརྟེན་ཏེ་སྙི་གོ་ཨུ་བ་ནི་མོ་ཉི་ལྡ་སྦྱིན་གྱི་ཕྱོ་སོ།། ཇི་ལྟར་ན་བཅོམ་པ་ཡིན་ཞེ་ན། འདིར་ཆོས་ཐམས་ཅད་གཅིག་དང་དུ་མ་དང ་བྲལ་བས་ངོ་བོ་ཉིད་མེད་པར་གྱུར་པའོ།། དེའི་ཚེ་འཇིག་རྟེན་གསུམ་པོ་དེ་དག་ཉིད་རྙེད་པར་དཀའ་བའོ་ཞེས་གོང་དུ་འདུད་པའོ།། འདིས་ནི་བཅོམ་ལྡན་འདས་རང་རིག་པ་ཙམ་དུ་བསྟན་ཏེ། དེ་ཡང་རྟག་ཏུ་འདོད་པ་བསྟེན་པར་བྱ།། ཆུ་ཡི་མཆོག་ནི་འཐུངས་ནས་སུ།། ་ཆོས་མིན་པས་ནི་ཆོས་བསྟན་བྱ།། སྐྱེས་པ་བུད་མེད་བརྟུལ་ཞུགས་ཡིན་ཞེས་གསུངས་སོ།། ཡང་ན་རིམ་པ་གཞན་དུ་བསྒྱུར་བའི་བདུན་པ་སྟེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་བཅོམ་པས་ན་འཇིག་རྟེན་ཏེ། སྐུ་རྡོ་རྗེ་ལ་སོགས་པ་གསུམ་གྱི་བདག་ཉིད་ཀྱི ་བཅོམ་ལྡན་འདས་དེ་ཉིད་འཇིག་རྟེན་ནོ།། རྙེད་དཀའ་བ་ནི་སླ་བར་རྙེད་པ་མ་ཡིན་ནོ།། འདིར་སྨྲས་པ། གཟུགས་ལ་སོགས་པའི་ཡུལ་དུ་བཅོམ་ལྡན་འདས་པ་ནི་རྣམས་པ་ཐམས་ཅད་དུ་སྤངས་པ་ཡིན་ལ། ངས་ཇི་ལྟར་ན་སྐུ་ལ་སོགས་པ་རྡོ་རྗེ་ལྟ་བུ་ཐོབ་པར ་འགྱུར་ཞེ་ན། སྨྲས་པ། འདིར་བཅོམ་པ་ནི་སྦྱང་བ་བྱས་པ་ཡིན་གྱི། རྣམ་པ་ཐམས་ཅད་དུ་སྤངས་པ་མ་ཡིན་ཏེ། དེ་བས་ན་དཀའ་བའི་སྒྲས་དགག་པ་མ་ཡིན་པའི་དཀའ་བ་ཉིད་ལ་བྱ་བར་བལྟའོ།། ཐོབ་མ་དབུས་མཐར་ཡང་དག་གནས་ཞེས་བྱ་བ་ལ། ཐོག ་མ་ལ་སོགས་པའི་སྒྲས་སྐྱེ་བ་དང་གནས་པ་དང་འགག་པ་གཅིག་དང་། གཉིས་དང་། མང་པོ་ལ་སོགས་པའི་མཚན་ཉིད་གང་དུ་འཇུག་པ་སྟེ། དེ་དག་རང་བཞིན་གྱིས་རྟག་པས་ནི་གནས་སྐབས་གསུམ་པོ་དེ་དག་མཐར་གཏུགས་ཤིང་བརྟན་པར་གནས་པ ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་དག་གནས་ཞེས་བྱ་བ་ནི་ཐོགས་མ་ལུ་སོགས་པ་དེ་དག་ཡང་དག་པ་སྟེ། རང་བཞིན་གྱིས་བརྟན་པར་སྟོན་པའི་ཆོག་ག་ཕྲང་ངོ་།། ཐམས་ཅད་དུ་ཁྱད་པར་དུ་བྱ་བའི་བཅོམ་ལྡན་འདས་དེ་ཉིད་དབུ་མ་ང། ་རྟོགས་པས་ཁྱད་པར་གྱུར་པ་བསྟན་པའི་ཕྱིར་འདོད་པ་ཆགས་མ་ཡིནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་འདོད་ཆགས་ནི་འཁོར་བའོ།། ཆགས་བྲལ་ནི་མྱ་ངན་ལས་འདས་པ་སྟེ། དེ་དག་མི་དམིགས་སོ་ཞེས་བྱ་བ་དང་སྦྱར་རོ།། དབུ་མ་ཞེས ་བྱ་བྱ་ནི་འདོད་ཚོགས་དང་། ཆགས་བྲལ་ལོས་གྲོལ་བ་ཡང་དངོས་པོར་དམིགས་སུ་མེད་དོ་ཞེས་བྱ་བའི་དོན་ཏོ།། དེ་དག་གིས་བཅོམ་ལྡན་འདས་དབུ་མའི་ལམ་ཐུགས་སུ་ཆུད་པར་བསྟན་ཏེ། དེ་ལྟ་བུའི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་བརྗོད་པར ་བྱའོ།། ང་ནི་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཐུགས་སུ་ཆུད་པའི་དེ་ཁོ་ན་ཉིད་ཀྱི་ཤེས་རབ་རྒྱུད་འོད་ལ་གཙོ་བོ་ཡིན་པ་དང་། དེ་ནི་རང་མེད་ཀྱི་གཟུགས་ཀྱིས་ཁོང་དུ་ཆུང་པོར་བྱ་བའི་ཕྱིར་དུད་མེད་ཀུན་གྱི་ཞེས་བྱེ་བཱ་ལ་སོགས་པ་གསུངས་ཏེ། རླུང ་ཀུན་ནི་ལྷ་མོ་ཐམས་ཅད་།། དེ་དག་གིས་སྒྱུ་མ་ནི་རང་བཞིན་ཏེ། རང་བཞིན་དེར་སྤྲུལ་པའོ།། དེ་དག་ཉིད་ཀྱི་བརྟན་པ་དང་ག་མ་འགྲོ་བཱ་ཀུན་ལ་འདེབས་པས་ནི་རྒྱུ་སྟེ། རིགས་ཀྱིས་ན་མང་པོ་ལྔ་གཅིག་གི་ཚིག་ཏུ་བྱས་པ་ཡིན།། འདི་ནི་ཞེས་བྱ ་བ་ནི་རབ་ཏུ་གྲགས་པར་ཟང་ངོ་།། དེ་དག་གིས་བཅོམ་ལྡན་འདས་དེ་ཉིད་བདེ་བས་བདེ་བ་ཆེན་པོ་སྒྲུབ་ཅིང་རྟོགས་པར་བྱ་བའི་ཕྱིར་རུང་མེད་ཀྱི་གཟུགས་སུ་སྤྲུལ་པར་སྟོན་ཏོ།། བུད་མེད་ཀུན་གྱི་སྒྱུ་མའི་ཕྱག་རྒྱ་དེ་འང་ཀུན་རྫོབ་དང་དོན་དམ་པའི་ཚུལ ་གྱི་ཕྱག་རྒྱ་དབྱེར་མེད་པ་ནི་གཉིས་མེད་དེ་དེ་ཉིད་ཕུལ་དུ་བྱུང་བའི་ཡེ་ཤེས་པས་ན་ཡེ་ཤེས་མཆོག་གོ།། རྙེང་དང་བདེ་བ་ཀུན་མོས་པས་ཞེས་བྱ་བ་ལ་རྙེད་པ་ལ་སོགས་པས་འགྲུབ་པར་འགྱུར་ཞེས་པར་སྦྱར་ཏེ། ཇི་ལྟར་འགྲུབ་པར་འགྱུར་ཞེ་ན། ཀུན ་མོས་པས་ཞེས་བྱ་བ་ལ་གསུངས་ཏེ། ཀུན་ནི་ཕུང་པོའོ།། དེ་རྣམས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་རྙེད་པ་དེ་ནི་རྙེང་པ་ཀུན་ཏེ། ངེས་ཡིད་བང་བར་གྱུར་པ་དེ་ནི་བདེ་བའོ།། མོས་པ་ནི་ཕུལ་དུ་བྱུང་བ་སྟེ། ཤེས་རབ་དང་ཐབས་ཀྱི་སྙོམས ་པར་ཞུགས་པས་ཀུན་ཏུ་བཅིངས་པའི་རྒྱུ་ལས་གང་ཐོབ་པའི་བླ་མའི་ཡང་བླ་མར་གྱུར་པའི་བདེ་བ་ཆེན་པོས་འགྲུབ་པར་འགྱུར་རོ་ཞེས་བྱ་བར་དགོངས་སོ།། སུ་ཞིག་ཅེ་ན། ངན་པར་སྤྱོད་པ་ཞེས་བྱ་བ་ལ་སྨད་པས་ན་ངན་པ་སྟེ་ཉོན་མོངས་པ་རྣམསོ།། ། ་དེ་དག་བངོ་བ་ངན་པར་སྦྱོང་བ་ཏེ་སྒྲུབ་པ་པོ་གང་གི་རང་བཞིན་ཉོན་མོངས་པ་བདོ་བ་ཡིན་ཀྱང་དེ་དག་ལ་རྣལ་འབྱོར་མ་རྣམས་ཀྱིས་དོན་དམ་པའི་ཡེ་ཤེས་ཀྱི་དངོས་གྲུབ་སྟེར་བར་འགྱུར་བའོ།། འདི་ཞེས་བྱ་བའི་སྒྲས་ནི་རྣལ་འབྱོར་མ་རྣམས་ལ་ཡང་དེ་དག་གིས་དོན ་དམ་པའི་ཡེ་ཤེས་ཀྱི་དངོས་པོ་གྲུབ་སྟེར་བར་འགྱུར་རོ་ཞེས་བལྟ་བར་བྱ་སྟེ། དེ་ལྟར་ལམ་འདིས་སྐྱེས་པོ་དང་། བུང་མེང་ངག་ཀྱང་ཚིགས་མང་བར་འགྲུབ་པར་འགྱུར་རོ།། ཞེས་བྱ་བར་དགོང་སོ།། ལྷ་མོ་རྣམས་ཀྱི་ཐ་སྙད་གཞན་གྱི་སྒོ་ནས་དེ་ཁོ་ན་ཉིད་བསྟན ་པར་བྱ་བའི་ཕྱིར་ནམ་མཁའ་ཀུན་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཀུན་ནི་དངོས་གྲུབ་ཀྱི་རྫས་ཐམས་ཅད་ལ་བྱ་ལ་དེ་རྣམས་ཀྱི་སྐབས་འབྱེད་པས་ན་ནམ་མཁའ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་འཁོར་ལོ་བསྒྱུར་བ་དྲུག་གོ།། རྒྱུ་བ་ནི་དེ་རྣམས ་དང་ལྷན་ཅིག་ཏུ་སྤྱོད་པ་སྟེ། དེ་རྣམས་ཀྱིས་བསྒྲུབ་པར་བྱ་བ་དེ་ལ་དེ་སྐད་ཅེས་བྱའོ།། རིགས་ཀྱིས་ན་གཅིག་གི་ཚིག་ཏུ་བལྟ་བར་བྱ་སྟེ། འདི་དག་ཉིད་གྲུབ་མཐར་འདྲེན་པས་ན་དངོས་གྲུབ་ཡིན་ལ་དེ་རྣམས་དེས་ན་ན་མཁའ་འགྲོ་མ་ཞེས་བྱ ་བ་ནཱི་གང་དག་གི་རང་བཞིན་སྟོང་པ་ཉིད་ཀྱིས་ཁྱབ་པར་འགྲོ་བའི་ངང་ཚུལ་ཅན་ང་ལ་དེ་སྐད་ཅེས་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཞེས་བྱ་བའི་བར་དུའོ།། དེ་ལྟར་ཡང་། དེ་ནི་ནམཁའ་འགྲོ་མ་ཞེས། ཁ་ལས་འདིར་ནི་བརྟགས་པའོ་ཞེས་གསུངས་ཏེ། ་དེ་ནི་མཁའ་འགྲོ་མ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་བདག་ཉིད་དུ་བྱ་བའོ།། དེ་ཡང་གཟུང་བ་ལ་སོགས་པའི་མངོན་པར་ཞན་པ་ལས་བཟློག་སྟེ། ཡང་དག་བར་འགྲོ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ་བ་ནི་མཁའ་འགྲོ་མ་ཞེས་གྲགས་པ་སྟེ། རྣམ་པར་བསྒྱུར་བ་མེད་པས ་གྲགས་པའི་ཚིག་ཡིན་ནོ།། ཁ་ཅིག་ནི་བརྡ་འདི་ནི་བླ་མ་ལ་བུཾའི་བུད་མེད་རྣམས་ཀྱི་ཡིན་ཏེ། དེའི་ཚེ་རབ་ཏུ་གྲགས་ཞེས་བྱ་བ་ལ་རབ་ཏུ་ཞེས་པ་ནི་ད་ལྟ་ཉིད་དུ་གྲགས་ཞེས་བྱ་བ་ཐབས་དང་བཅས་པས་དངོས་གྲུབ་ཏུ་འགྲོ་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། དེས་ན་མཁའ ་འགྲོ་བ་མ་ཞེས་བྱ་རབ་ཏུ་གྲགས་ཞེས་བྱ་བ་དགོངས་སོ་ཞེས་ཕྱི་རོ།། སྣ་ཚོགས་ཀུན་ཏུ་ཞེས་བྱ་བ་ནི་ཕུང་པོ་མགོས་པ་ཕྱོགས་བསྤུ་ཀཱརཱ་ནཱ་གནས་པོའི་ཆོས་རྣམ་སྩོ་ལ་ཕྱག་རྒྱུས་འདུབས་པས་ན་སྣ་རྒྱགས་ཀུན་ཏུ་བྱུགྲཱ་རྨྨ་སྟེ་ལྷ་མོ་རྣམས་སོ།། དེས ་སྐད་ཅེས་ངུ་རབ་ཏུ་གཏུམ་མོ་ལ་སེཐོས་པའི་ལྷ་མོ་རྣམས། འཁོར་མོ་སྦྱོར་བདྲུག་གོ་ས་ཀྱིས་བཅུ་བོང་བྱའོ་ཞེས་བསྟན་པོར་འགྱུ་རོ།། ཅི་ནིས་བྱ་བ་ནི་གྲག་ས་པ་ཀྲི། ཚོམ་པོའི་བུ་མོ་རྣམས་སྟེ་གདུན་ཀྱིས་ཀྱི་རྗེ ་ཏོ།། ཐབས་རྣམས་མ་གཏོགས་པར་མཁའ་འགྲོ་མ་རྣམས་ཀྱིས་འགྲུབ་པར་མི་འགྱུར་རོ་ཞེས་བསྟན་པར་བྱ་བའི་ཕྱིར་སྣ་ཚོགས་ཀུན་ཞེས་བྱ་བ་ལ་སོགས་གསུངས་ཏེ། ཀུན་ཏུ་གྱིས་ཞེས་བྱ་བ་ནི་ཆོ་ག་ཁྱང་པར་ཅན་གྱིས་རྣམས་ཀྱིས་རྣལ་འབྱོར་པ་འགྲུབ་པ ་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ།། ཇི་ལྟར་བུ་ཞིག་གིས་ཤེ་ན། སྣ་ཚོགས་ཀྱིས་ཏེ། གཟུགས་ཉེ་བར་སྤྱོད་པ་སྣ་ཚོགས་ཀྱིས་རྣལ་འབྱོར་པ་ལུས་དང་སེམས་བདེ་བ་ཆེན་པོར་འགྲུབ་པའོ།། ཇི་ལྟར་བུར་གྱུར་ནས་ཤེས་ན། མཁའ་འགྲོ་ཀུན་དང་ཞེས་བྱ་བ་ལ་སོགས་པ ་སྟེ། མཁའ་འགྲོ་ཀུན་ནི་འཁོར་ལོ་སྒྱུར་བ་དྲུག་གི་དཀྱིལ་འཁོར་པའི་ལྷ་མོ་རྣམས་སོ།། མཉམ་པར་སྦྱོར་བ་ནི་དེ་རྣམས་དང་ལྷན་ཅིག་ཡང་དག་པར་སྦྱོར་བ་སྟེ། རྡོ་རྗེ་མཁའ་འགྲོ་གང་མཉམ་པར་སྦྱོར་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། རྡོ་རྗེ་མཁའ་འགྲོ་ནི་ཉེ་བར ་མཚོན་པ་སྟེ། རྡོ་རྗེ་འཛིན་པ་ལ་སོགས་པ་གཞན་ཡང་རང་རང་གི་འཁོར་གྱི་མཁའ་འགྲོ་མའི་ཚོགས་དང་ལྷན་ཅིག་ཏུ་འགྲུབ་པ་སྟེ། བདག་ཉིད་རྫོགས་པར་འགྱུར་བའོ།། ད་ནི་ཕྱི་རོལ་ཏུ་དམིགས་པ་ལ་སོགས་པ་བྱ་བའི་རྒྱུད་ཀྱི་ཚོགས་ཕྱག་རྒྱ་ཆེན ་པོའི་དངོས་གྲུབ་གྲུབ་པ་མང་བ་བསྟན་པའི་ཕྱིར།། ང་ཉིད་མེད་པ་སེམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཁོ་ན་ཉིད་ནི་དོན་དམ་པར་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་རང་བཞིན་ལ། དེ་མང་བ་ནི་དེ་ལས་བཟློག་པ་སྡེ་གཟུང་བ་ལ་སོགས་པར་མངོན་པར ་ན་པོསོ།། རིམ་མོ་ནོ་གནས་ཏེ་གངས་སྤྱོང་ཡུལ་དེ་སོང་བ་ལང་རྐང་ཅི་བྱོལ་རྣལ་བྱོར་མཏིང་ངེ་འཛིན་ཏེ། སེམས་ཀྱི་གཅིག་པའི།། དེ་ར་ན་རྣལ་འབྱུར་བ་གང་རྣམས་ཀྱིས་སེམས་ལ་དེ་ཁོན་གྱི་ཏི་ང་ཛི་མེང་པ་ས་ནང་ཅེ་བྱའོ།། ་རཱ་ཤི་ལྟ་།། ད་མིགས་པ་ན་སེམས་ཀྱིས་བཀོང་པ་ལ། བྱུད་པ་ད་ནི་དང་འང་པའོ།། ཀུན་ཏུ་གཟུགས་བརྙན་ཞེས་བྱ་བ་ལ་རང་གི་གཟུགས་དང་འདྲ་བ་གཞན་ན་གཟུགས་བརྙན་ཏེ། དེའི་རང་བཞིན་གྱི་རྣལ་འབྱོར་ཞེས་བྱ་བར་གྱུར་རོ།། དག ་ཞེ་ན། ལུགས་མ་ལ་སོགས་པ་སྟེ། ལུགས་མ་དང་བྲིས་པ་དང་བརྡུངས་མ་ལ་སོགས་པའོ།། སྐྱེ་བ་མིན་ཞེས་བྱ་བ་ནི་དེ་དག་གིས་ཕྱག་རྒྱ་ཆེན་པོ་དངོས་གྲུབ་འགྲུབ་པར་མི་འགྱུར་བའོ།། འོ་ན་གང་གིས་འགྲུབ་པར་འགྱུར་ཞེ་ན། བྱང་ཆུབ་སེམས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། རང་གི་ལྷའི་གཟུགས་ཀྱིས་ཕྱག་རྒྱ་ཆེན་པོ་རྫོགས་པར་འགྱུར་ཏེ། དེ་ཉིད་གསུངས་པ་བྱང་ཆུབ་སེམས་ཞེས་བྱ་བ་སྟེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མང་པའི་སེམས་ནི་བྱང་ཆུབ་སེམས་སོ།། དེ་ཉིད་ལྟར་སྦྱོར་བའི་ཐབས་ཆེན་པོ་སྟེ། འདི ་ནི་བྱང་ཆུབ་སེམས་ཆེན་རྣལ་འབྱོར་རོ།། དེར་གཙོ་བོར་གྱུར་པས་ན་དབང་ཕྱུག་སྟེ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ལ་ལྷག་པར་དབང་བས་ན་གཙོ་བོའོ།། ཇི་ལྟ་བུ་ཅ་ནཱ~ཾ། རང་ཉིད་ཅེས་བྱ་བ་ལ་སོ་གསུངས་ཏེ། བདག་ཉིད་ཁོ་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱར་མང ་པོཔོའི་བྱང་ཆུབ་སེམས་ཀྱི་རང་བཞིན་གྱི་ལྷའི་གཟུགས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་པའི་ལྷའི་གཟུགས་བསྒོམ་པར་བསྟན་པོའི་ཕྱིར་བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡེ་ཤེས་ལྔའི ་བདག་ཉིད་པས་ན་རྡོ་རྗེ་ཡང་ཡིན་ལ། རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱང་ཡིན་ཏེ། དེ་རྣམས་ནི་མ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། འགྲོ་བའི་རྩ་ལག་ཅེས་བྱ་བ་ནི་རྩ་ལག་ལྟར ་བརྟན་པ་དང་གཡོ་བའི་སྣ་ཚོགས་ལ་ཁྱབ་པར་སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱིས་འགྲོ་བ་སྟེ། དེ་ཉིད་མཆོད་པར་བྱ་ཞེས་པ་དང་འབྲེལ་ཏོ།། དེའི་ཕྱིར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཉིད་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་དེ་དང་ངེས་བདག་དང་གཞན་གྱི ་དོན་ལ་ནུས་པ་དང་ལྡན་པའི་ཕྱིར་རོ།། འབད་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཡུན་རིང་དུ་གུས་པ་དང་བཅས་པས་གོམས་པས་སོ།། མཆོད་པར་བྱ་ཞེས་བྱ་བ་ནི་མངོན་དུ་བྱ་བའོ།། དེ་འདག་གིས་ནི་འདི་སྐད་དུ་ད་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ཉིད་བརྗོད་པར་བྱ ་བ་དེ་ཤེས་ནས་མངོན་སུམ་དུ་བྱེད་པ་ནི་དགོངས་པ་ཡིན་ཏེ། དེ་མངོན་སུམ་དུ་བྱས་པ་ལས་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་དངོས་གྲུབ་ནི་དགོས་པའི་ཡང་དགོས་པའོ་ཞེས་བསྟན་པར་འགྱུར་རོ།། དེ་ཉིད་གསལ་བར་བསྟན་པར་བྱ་བའི་ཕྱིར། ་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་རྟོགས་པས་ན་སངས་རྒྱས་སོ།། ཕྱིན་ཅི་མ་ལོག་པར་གྲུབ་པས་ན་དཔའ་བོ་སྟེ། གང་གིས་ཅི་ཞིག་ཅེ་ན། རང་གིས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་བདག་ཉིད་བསྒྲུབ ་པར་བྱ་ཞེས་བྱ་བའི་དོན་ཏོ།། དེས་ནི་བདག་གི་དོན་ཕུན་སུམ་ཚོགས་པ་བསྟན་ནས་གཞན་གྱི་དོན་གསུངས་པ་འདི་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗེད་པར་བྱ་བ་ལ་སོགས་པ་མངོན་སུམ་དུ་བྱས་པ་འདི་ཡིན་ཞེས་བྱ་བར་སྦྱར་རོ།། གསང་བ ་ཞེས་བྱ་བ་ལ་སོགས་པའི་དོན་འདི་དག་གི་ཁྱད་པར་གཞན་ནི་བཅོམ་ལྡན་འདས་ཉིད་ཀྱིས་ལེའུ་བཞི་བཅུ་རྩ་གཉིས་པ་ལས་གསལ་བར་སྟོན་པར་མཛད་ལ་ང་ཉིད་དུ་བདག་གིས་ཀྱང་སླར་བཤད་པར་བྱའོ།། བརྗོད་པར་བྱ་བ་ལ་སོགས་པ་དེ་དག་ནི་བཅོམ་ལྡན ་འདས་ཉིད་མངོན་པར་ཞོན་པ་ཡིན་པར་བསྟན་པའི་ཕྱིར་སྡུད་པ་པོས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བརྗོད་པར་བྱ་བ་ལ་སོགས་པ་དེ་སྐད་ཅེས་གསུང་སོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཞེས ་བྱ་བ་ནི་འདིར་འཆད་པ་པོ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་དང་ལྡན་པའི་རྡོ་རྗེ་འཛིན་པ་ཉིད་དུ་སྟོན་ཏོ།། ད་ནི་རྒྱུད་ཀྱི་བརྗོད་པར་བྱ་བའི་དོན་གྱི་རབ་ཏུ་དབྱེར་བ་རབ་ཀྱི་ཆ་བསྟན་པར་བྱ་བའི་ཕྱིར། ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་ཞེས ་བྱ་བ་ནི་གང་གི་མཚན་ཉིད་རང་བཞིན་མེད་པའི་ངང་ཚུལ་ཅན་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། གང་དག་གི་ཞེ་ན། ཐམས་ཅད་ཅེས་བྱ་བ་སྟེ་ཕུང་པོ་ལ་སོགས་པའོ།། ཇི་ལྟར་ན་མཁའ་ཐོགས་པར་བྱེད་པའི་རེག་བྱ་དང་བྲལ་བའི་མཚན་ཉིད་ཙམ་ཡིན་པས་ན་མཚན་ཉིད ་མེང་པ་ཡིན་ཏེ། མིང་ཙམ་དུ་ཀུན་ཏུ་བརྟགས་པར་ལྟར་བལྟ་བར་བྱའོ།། དེ་ཡང་ཕུང་པོ་ལ་སོགས་པ་འབའ་ཞིག་མ་ཡིན་གྱི། གཞན་ཁམས་གསུམ་པ་མ་ལུས་པ་ཡང་ཡིན་ཏེ། ཆོས་གང་དག་མ་ལུས་ཤིང་ལྕུག་མ་མེད་པ་དེ་དག་ལ་ང་སྐད་ཅེས་བྱའོ།། འི་ཞེས ་བྱ་བ་ནི་དང་པོའི་དོན་གྱིས་དྲུག་པའི་རྐྱེན་ཅན་ནོ།། ཅི་སྟེ་ཕུང་པོ་ལ་སོགས་པ་ངོ་བོ་མེད་པ་ཡིན་ན། ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། འགྲོ་ཀུན་སྒྱུ་མ་ལྟ་བུ་ཡིན་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་སྒྱུ་མ་ངོ་བོ་ཉིད་མེད་ཀྱང་གཟུགས་སུ་སྣང་ཞིང་དོན་བྱེད་པར་སྣང ་བ་ལྷུར་བལྟ་བར་བའོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར་མཐོང་བ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཐོང་པོ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་ཙ་མོ་མོ།། དེ་ཅི་ཞིག་ཅ་ན། རེག་པའི་དངོས་ཞེས་བྱ་སྟེ། བརྟན་པ་དང་གཡོ་བའི་འགྲོ་བ་ཇི་ལྟར་གྲགས་པ་རྣམས ་དང་དབང་པོ་རྣམས་ཀྱིས་གཟུང་བར་གྱུར་པས་ན་རེག་བྱ་སྟེ། དེ་དག་གི་རྣམ་པའི་དབྱེ་བ་ཐམས་ཅད་སྣང་མོད་ཀྱི། གཅིག་དང་དུ་མ་དང་བྲལ་བའི་སྦྱོར་བས་སྤྱད་ན་དམིགས་སུ་མེད་པ་ཡིན་ཏེ། ཅི་འདྲ་ཞེ་ན། སྒྱུ་མ་ཇི་བཞིན་ནོ་ཞེས་བྱ་བ་ལ། ཇི་ལྟར་སྒྱུ་མ་གཅིག་དང་དུ ་མར་སྣང་ཡང་དེ་ཁོ་ན་ཉིད་དུ་མ་ཡིན་པ་ལྟར། འགྲོ་བའི་དངོས་པོ་རྣམས་ཀྱང་རང་བཞིན་མེད་པར་དགོངས་སོ།། གང་གིས་ཞེས་བྱ་བ་ལ་སོགས་པ་ལ། བླུན་པོ་ཞེས་བྱ་བ་ནི་ཤེས་པའི་སྒྲིབ་པ་དང་ལྡན་པ་རྣམས་ཏེ། དེ་དག་གང་གིས་ཞེས་བྱ་བ་ནི་དངོས་པོའི་ཆ་ཕྲ་མོ་ཙ་གྱིས ་དེས་འཆིང་བ་ནི་སྡུག་བསྔལ་གྱིས་འཆིང་བར་འགྱུར་བའོ།། དེས་ཞེས་བྱ་བ་ནི་དངོས་པོའི་ཆ་ཕྲ་མོ་ཙམ་ངེས་ཞེས་བྱ་བར་དགོངསོ།། མཁས་པ་ཞེས་བྱེ་བ་ནི་ཤསོ་བྱའི་སྒྲིབ་པ་དང་བྲལ་བ་སྟེ། ཤིན་ཏུ་ཕྲ་བའི་ཆ་ལ་མངོན་པར་ཞན་པ་མེད་པའོ།། གསལ་བ་མང་པོའི ་ཉིད་ཀྱིས་ན་མང་པོའི་ཚིག་གོ།། རྣམ་པར་རོལ་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར་དེའི་རང་བཞིན་ཡོངསུ་ཤེས་བཞིན་དུ་རྣམ་པར་སྣ་ཚོགས་ཀྱི་གཟུགསུ་སྤྲུལ་ཏེ་རྩ་བར་མཛད་པའོ།། གང་དུ་ཞེ་ན། འདིར་ཏེ་ཆོས་ཀྱི་དབྱིངས་སུའོ།། ཕྱག་རྒྱའི་སྦྱོར་བ་འདི་ཡིས ་ནི་ཞེས་བྱ་བ་ལ། འདི་ཡིས་ཞེས་བྱ་བ་ལ། འདི་ཡིས་ཞེས་བྱ་བ་བསྟན་མ་ཐག་པའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་འདིས་སོ།། ཕྱག་དང་ཞལ་ལ་སོགས་པའི་ཀུན་རྫོབ་ཀྱི་ཕྱག་རྒྱ་དང་མཉམ་པར་སྦྱོང་བ་གང་ལ་ཡོད་པ་དེ་ལ་འདི་སྐད་ཅེས་བྱའོ།། རྣལ་འབྱོར་བ་དེས་ཅི ་ཞིག་བྱ་ཞེ་ན། ས་གསུམ་མ་ལུས་བཟའ་བ་རུ་བ་ཞེས་བྱ་བ་སྟེ། སྐུ་ལ་སོགས་པའི་ཐ་མལ་པའི་གཟུགས་བཟློག་པར་བྱ་ཞེས་བྱ་བའི་དོན་ནོ།། སྟེང་པ་ཉིད་ཀྱིས་བསམ་གཏན་འབའ་ཞིག་གིས་ཇི་ལྟར་ཡང་བྱང་ཆུབ་འགྲུབ་པ་མེད་པར་བསྟན་པོའི་ཕྱིར། གཞན ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ཞེས་བྱ་བ་ནི་སྟོང་པ་ཉིད་འབའ་ཞིག་གི་སོ།། སྦྱོར་བ་མཚར་བ་ཞེས་བྱ་བ་ནི་སྣང་བ་ལས་འདས་པའོ།། འདའ་ཞེས་བྱ་བ་ནི་བདག་གི་དོན་ཙམ་ཡང་མེད་པར་མྱ་ངན་ལས་འདའོ་བའོ།། ཇི་ལྟ ་བུར་ཞེ་ན། མར་མེ་མེ་ལྟ་བུར་ཏེ། ཇི་ལྟར་མར་མེ་མར་གྱི་རྒྱུད་ཀྱིས་ན་མཁའི་དངོས་སུ་གསལ་ཞིང་འབར་བ་ལ། གང་གི་ཚེ་མར་གྱི་རྒྱུད་ཟད་པ་དེའི་ཚེ་དེ་ཉིད་དུ་ཟད་ཅིང་གཏུགས་པར་གྱུར་པ་བདག་ཉིད་ཀྱང་མི་སྣང་བར་གཞན་སྣང་བར་བྱེད་པ་ལྟ་ཅི་སྨོས ་ཏེ། དེ་བཞིན་དུ་སྟོང་པ་ཉིད་འབའ་ཞིག་གི་ཏིང་ངེ་འཛིན་ཡང་བལྟ་བར་བྱའོ།། སྒྱུ་མ་ལྟ་བུའི་སྦྱོར་བ་དེ་ཉིད་འཁོར་ལོས་སྒྱུར་བ་དྲུག་གི་བྱེ་བྲག་གིས་བསྟན་པའི་ཕྱིར་གཟུགས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ནི་འདིར་དབང་པོ་ལྔའི ་དོན་རྣམསོ།། ཚོར་བ་ནི་བདྲེ་བ་ལ་སོགས་པ་ཉམས་སུ་མྱོང་བའི་རང་བཞིན་ནོ།། རྡོ་རྗེ་ཉི་མོ་ནི་རིན་ཆན་འབྱུང་ལྡན་ནོ།། འདུ་ཤོས་ནི་མཚན་མར་འཛིན་པའི་བདག་ཉིད་དོ།། པདྨོ་གར་དབང་ནི་སྣང་བ་མཐའ་ཡས་སོ།། འདུ་བྱེད་ནི་ཆགས་པ་དང་ལྡན ་པ་དང་གཏི་མུག་གི་བདག་ཉིད་དོ།། རྡོ་རྗེ་རྒྱལ་པོ་ནི་དོན་ཡོད་གྲུབ་པའོ།། རྣམ་ཤེས་ནི་རྣམ་པར་རིག་པ་ཡིན་ལ་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ།། ཉེ་བར་བསྡུ་བ་གསུངས་པ། འདི་དག་ཅེས་བྱ་བ་ལ་སོགས་པ་སྟེ། དངོས་ཀུན་ཞེས་བྱ་བ་ནི་ཕུང་པོ་ལྔ ་བོ་རྣམས་ཏེ། དེ་དག་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་སྔར་བྱས་པ་འདི་དག་རྡོ་རྗེ་མཁའ་འགྲོའི་རང་བཞིན་དུ་གྲགས་པ་སྟེ་རབ་ཏུ་གྲུབ་པ་ཡིན་ནོ།། ཡང་དག་ཆེན་པོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་སྟེ། ལྷན་ཅིག་སྐྱེས་པ ་ཞེས་བྱ་བའི་དོན་ཏོ།། བདེ་བ་ཐམས་ཅད་ནི་ཀུན་ཏུ་དགའ་བ་ལ་སོགས་པའོ།། སྒྱུ་མ་ཆེན་པོའི་རང་བཞིན་ནི་སྒྱུ་འཕྲུལ་ཆེན་མོའི་བདག་ཉིད་དེ། དེའི་བདག་ཉིད་ཀྱིས་ཉོན་མོངས་པ་དང་བྲལ་བས་ཆགས་བྲལ་ཡིན་ལ། སེམས་ཅན་རྣམས་འཆད་ཅིང་འཆིས ་སནི་ཆགས་པའོ།། ལྷང་བྱེད་མ་ནི་སྙིང་རྗེ་དང་སའི་ཁམས་ཀྱི་རང་བཞིན་གྱི་ལྷ་མོ་སྤྱན་མ་སྟེ། སེམས་ཅན་འདུལ་བའི་ཕྱིར་རོ།། གསེང་བྱང་མེ་ན་བྱམས་པ་དང་ཆའི་ཁམས་ཀྱི་བདག་ཉིད་ཀྱི་མཱ་མ་ཀཱི་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པར་བང་པོའི ་ཕྱིར་རོ།། འགུགས་མ་ནི་དགའ་བ་དང་མའི་ཁམས་ཀྱི་རང་བཞིན་གོས་དཀར་མོ་སྡེ་བདེ་བ་ཆེན་པོར་འདྲེན་པའི་ཕྱིར་རོ།། གེར་དབང་ནི་བཏང་སྙོམས་དང་རླུང་གི་ཁམས་ཀྱིས་རང་བཞིན་སྦྲེལ་མ་སྟེ་འགྲགས་པ་དང་ཉོན་མོངས་པ་སྐེམས་པའི་ཕྲིན་ལས་མཛད ་པོའི་ཕྱིར་རོ།། སྒྱུ་མ་ཆེ་ཞེས་བྱ་བ་ནཾ་པདྨའི་དྲ་བ་ཅན་ཏེ། རང་ཉིད་འགྲོ་ཞེས་བྱ་བ་རྡོ་རྗེ་མཁའ་འགྲོའི་སྐུ་དོང་ལྷན་ཅིག་ཏུ་ན་མཁའ་འགྲོ་བའི་ཕྱིར་རོ།། དེ་གཉིས་ཀྱིས་ན། སངས་རྒྱས་ཀུན་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འབྱུང་བ་ལྔན ་བྱ་བ་ནི་གོ་སླའོ།། རྡོ་རྗེ་གཽཙོ་བོར་གཞན་གནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་ལྷན་ཅིག་དབྱར་མེད་པར་གནས་པའི་ཕྱིར་རོ།། མིག་ལ་སོགས་པ་བྱིན་གྱིས་བརླབ་པའི་ཕྱིར་གསུངས་པ། མིག་གཉིས་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཞེས ་བྱ་བ་ལ་སྩོགས་བྱ་ལ་ནི་ལྷ་སྤྱི་ལྕུག་མ་ནི་ལྕེ་སྟེ་ལྷགོ་སླའོ།། སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བ་ཞེས་བྱ་བ་ལ་གང་དུ་སྐད་མཆོད་ཐམས་ཅད་མཉམ་པར་སྦྱོར་བ་དེ་ནི་སྐྱེ་མཆེད་ཐམས་ཅད་མཉམ་པར་སྦྱོར་བ་སྟེ་ཡིད་དོ།། བདུན་པའི་དོན་གྱིས་ནས ་དང་པོའི་ཚིག་ཏུ་བསྟན་པ་ཡིན་ཏོ། དེར་རྡོ་རྗེ་མཁའ་འགྲོ་བལྟ་བར་བྱའོ།། གཟུགས་འདི་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་སོ།། སྟོང་ངའི་ཚུལ་གྱི་མིག་གིས་ཞེས་བྱ་བ་ནི་དེར་དམིགས་པའི་སེམས་ཀྱིས།། ་དོགས་པ་མེད་པར་ནི་གཉི་སུ་མེད་པར་རོ།། རྣམ་པར་མི་རྟོག་པར་ནི་གཟུང་བ་ལ་སོགས་པའི་རྟོག་པ་དང་བྲལ་བ་སྟེ། མིག་ཅེས་བྱ་བ་དང་སྦྱརརོ།། ཉེ་བར་བསྡུ་བ་གསུངས་པ། ན་མཁའི་ཚུལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེར་རྡོ་རྗེ་མཁའ ་འགྲོའི་བསྐྱེད་པའི་རིམ་པས་ལུས་བསྐྱེད་པའི་རིམ་པས་ལུས་བསྐྱེད་པོ་དེར་ཕུང་པོ་ལ་སོགས་པ་སྟོང་པ་ཉིད་དུ་ཉམས་མེད་བསྲོ་བྱིན་གྱིས་བརླབ་སྟེ། ལྷའི་དཀྱིལ་འཁོར་གྱི་འཁོར་ལེའི་རིམྦི་གྱིས་བྱང་ཆུབ་བསྒྲུབ་པར་བྱ་ཞེས་བྱ་བར་དགོངས་སོ།། ཞེས ་བྱ་བ་ལ་སོགས་པས་ནི་སྡུད་པ་པོ་བདག་ཉིད་ཀྱི་རང་བཞིན་བཟོ་སྤོང་བར་མཛད།། ད་ནི་བསམ་གཏན་གྱི་གོ་རིམ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ལ་ཐམས་ཅད་ནི་བྱང ་ཆུབ་སེམས།། དེ་འདོད་པ་རྣམས་ཏེ། དེ་རྣམས་དེ་བཞིན་ཉིད་དུ་གཤེགས་ཤིང་འགྲོ་བ་དེ་ལ་དེ་སྐད་ཅེས་བྱའོ།། ཐོགས་པ་མེད་པ་ནི་ཡེ་ཤེས་ཙམ་གྱི་བདག་ཉིད་ཀྱིསོ།། གདོན་མི་ཟ་བ་ནི་འབྲས་བུ་དང་བཅས་པའི་ཕྱིར་རོ།། ངོམ་ཚིག་ནི་སྨོན་ལམ་སྟེ ་དེར་དམིགས་པའི་ཏིང་འཛིན་དེ་ཉིད་མ་ལུས་པའི་འགྲོ་བ་ཐམས་ཅད་ལ་བདེ་བ་ཆེན་པོ་བསྒྲུབ་པའི་རྒྱུ་ཡིན་པའི་ཕྱིར་བང་པ་ཆེན་པོ་ཡིན་ལ། དེའི་ཁྱད་པར་ནི་རིམ་པས་ཏེ། དེ་ལ་སྙེམས་པར་ཞུགས་ནས་འདི་སྐད་ཅེས་གསུངསོ་ཞེས་བྱ་བ་ནི་སྨོན་ལམ་ལ ་ཐུགས་རྩེ་གཅིག་ཏུ་མཛད་ནས། འོག་ནུས་འབྱུང་བ་འདི་སྐད་ཅེས་གསུང་སོ་ཞེས་བྱ་བའི་དོན་ཏོ།། ཇི་སྲིད་ཅེས་བྱ་བ་ལ་སོགས་པ་ལ། ལས་དང་ཉོན་མོངས་པའི་དབང་གིས་འགྲོ་བ་ནས་འགྲོ་བ་གཞན་དག་ཏུ་རྒྱུན་ཏུ་འཇུག་པས་ན་འཁོར་བ་སྔ་ཕུང་པོ་ལྔ ་ཡིན་ལ། གནས་དར་གནས་པ་ནི་སེམས་ཅན་རྣམས་ཀྱིས་དོན་གྱི་ཕྱིར་དེ་ལས་གར་ཡང་མི་འགྲོ་ཞིང་དེར་གནས་པར་དམ་འཆའ་བའོ།། སུ་ཞིག་ཅེ་ན་ན་མཁའ་མཆོག་སྟེ། བྱང་ཆུབ་སེམས་དཔའོ།། དེ་ཉིད་གསུངས་པ་དེ་ལྟར་ཞེས་བྱ་བ་ལ་སོགས ་པའོ།། མི་སྒོ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པའོ།། བརྩོན་འགྲུས་ནི་བྱང་ཆུབ་སྙམ་སུ་ལན་པོའོ།། ནམ་མཁའི་གནས་ཀྱི་མཐར་ཐུག་ཅེས་བྱ་བ་ལ་ན་མཁའ་ཉིད་གནས་པ་སྟེ། དེའི་གནས་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་པ་སྟེ་ཕུང་པོ་ལྔ་ཡིན་ལ་དེ་ལ ་མཐར་གཏུ་གོས་པ་ནི་ཇི་སྲིད་གནས་ཀྱི་བར་དུའོ།། ཅིའི་ཕྱིར་དེ་ལྟར་མཛད་ཅེ་ན། སྐོམ་ལམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་དོན་ནི་དགོས་པའོ།། དེ་ཉིད་ཀྱང་གང་ཞེ་ན། འདོད་ཆགས་ཐམས་ཅད་ཅེས་བྱ་བ་དང་སྦྱར་ཏེ། འདོད ་ཆགས་ཐམས་ཅད་རྣམ་པར་དག་པ་ཉིད་སེམས་ཅན་རྣམས་ཀྱི་དོན་དེ་དགོས་པ་ཡིན་ལ་དེ་བྱའོ་ཞེས་སྨོན་ལམ་གདབ་པར་བྱའོ།། དེ་ཡང་ཇི་ལྟར་བཞེ་ན། རྟོག་པ་རྒྱས་པར་སྦྱིན་པ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྟོག་པོ་འཇོམས་པར་བྱེད ་པས་ན་རྟོག་པ་སྟེ་ལམ་གྱི་བདག་ཉིད་ཀྱི་ཆོས་ཡིན་ལ་རྒྱས་པ་ནི་ཆགས་ཏེ་སྦྱིན་པ་དེ་ནི་དེ་དག་བསྟན་པའི་སྒོ་ནས་སོ་ཞེས་བྱ་བར་དགོངས་སོ།། ཅི་ཞིག་སྦྱིན་པར་བྱ་ཞེ་ན། ཐོག་མ་ཞེས་བྱ་བ་ལ་སོགས་པ་སྟེ། ཐོག་མ་ལ་སོགས་པ་མེད་པ ་ཆོས་ཀྱི་ལམ་ཐམས་ཅད་དོ།། ང་ཡང་བཤད་པས་སྦྱིན་པར་བྱའོ།། ཆོས་བཤད་པའི་སྔོན་དུ་བྱུང་བའི་གཏམ་རྣམས་གསུངས་པ། འདས་པའི་དུས་ན་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་མཁའ་འགྲོ་སྐྱ་བའི་ལ་རྒྱུས་པ།། ་རྡོ་རྗེ་སེམས་དཔའ་ཆེན་པོ་ནི་རྡོ་རྗེ་ན་མཁའ་འགྲོ་ཡིན་ལ། བདེ་བ་ཆེ་ནི་རྡོ་རྗེ་སེམས་དཔའོ།། ལྷག་མ་ནི་གོ་སླའོ།། དེ་ལས་སེམས་ཅན་ཐམས་ཅད་འབྱུང་བས་ན་སེམས་ཅན་ཐམས་ཅད་འབྱུང་བ་སྟེ། དེ་དག་གིས་ནི་དཀྱིལ་འཁོར ་བའི་ལྷ་རྣམས་བསྐྱེད་པ་བསྟན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་གཞལ་ཡས་ཁང་བརྩེགས་བྱ་དང་གདུན་དགོད་པའི་མཐར་ཟླ་བ་དང་མཚན་མ་ལ ་སོགས་པ་ཡོངསུ་གྱུར་པ་ལས། ཨོཾ་མ་ཧཱ་ཞེས་བྱ་བ་ལ་སོགས་པའི་གླུས་བསྐུལ་བར་བསྙེམས་ལ། བདག་ཉིད་རྡོ་རྗེ་མཁའ་འགྲོ་འམ། རྡོ་རྗེ་སེམས་དཔའི་གཟུགསུ་བསྒོམས་པར་བྱའོ་ཞེས་སྟོན་ཏོ།། ཁ་ཅིག་ནཱ་ར་མངོན་པར་བྱང་ཆུབ ་པ་ལྔ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཞི་བཱ་ལསཽ་བསྐུལ་ནས། བདག་ཉིད་རྡོ་རྗེ་མཁའ་འགྲེར་ལྡང་བར་བྱའོ་ཞེས་ཟེར་རཾ།། དཀྱིལ་འཁོར་ཆེན་པོ་སྦྱོར་བའི་ཞེས་བྱ་བཱ་ལ། རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི་དཀྱིལ་འཁོར་ཆེན་པོ་སྟེ། ་དཀྱིལ་འཁོར་གྱི་རིམ་པ་དུ་མ་དང་ལྡན་པའི་ཕྱིར་རོ།། སྦྱོར་བ་ནི་དེའི་རིམ་པ་སྟེ་དེས་བྲི་བའོ།། དེ་ལ་ཐོག་མོ་ཁོ་ནར་རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་བསྒྲིམས་ལ། དེའི་འོད་ཟེར་གྱིས ་བླ་མ་དང་རྡོ་རྗེ་སེམས་དཔའ་མདུན་དུ་སྣང་བར་བྱས་ཏེ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཚོངས་པའི་གནས་པ་བཞི་ཡིད་ཀྱིས་བསྒོམས་ཏེ། ཨཱདྱ་ནུཏྤནྟྲ་སརྦྦ་དྷརྨཱཿཔྲཱ་ཀྲྀ ་ཏི་པ་རི་ཤུདྡྷཿསརྦྦ་དྷརྨྨཿཞེས་བརྗོད་པས་ཆོསཽ་ཐམས་ཅད་བདག་མེད་པར་བྱས་ལ་རང་བཞིན་གྱིས་འོད་གསལ་བའི་སེམས་དེ་ཉིད་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསྒོམས་ནས། ཨོཾ་ཙཏྟ་པྲ་ཏི་བྱ་དྷི་ཀ་རོ་མ~ཾ་ཤས་བྱ་བའི་སྔགས་ཡིད་ཀྱིས ་བརྗོད་པར་བྱའོ།། དེ་ནས་ཡང་དེར་ཟླ་བའི་དཀྱིལ་འཁོར་གཉིས་པ་བསྒོམས་ལ། ཨོཾ་བོ་དྷི་ཙིཏྟ་ཨུཏྤལ་ད་ཡཱ་མི་ཞེས་བྱ་བའི་སྔགས་བརྗོད་པར་བྱ་སྟེ། དེ་ལ་ཟླ་བའི་དཀྱིལ་འཁོར་དང་པོར་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཨ ་ལ་སོགས་པའི་གཟུགས་ཀྱིས་གཞུག་པར་བྱ་ལ།། དེ་བཞིན་དུ་གཉིས་པར་ནི་ཀ་ལ་སོགས་པར་ཞུགས་པར་བསྒོམས།། དེ་ནས་དེའི་སྟེང་དུ་སོ་བོན་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་ཉིད་ཀྱི་ལྟེ་བར་བྱིན་གྱིས་བརླབས་པ་བསམས་ལ། ཨོཾ་ཏིཥྛ ་བཛྲ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། བདག་ཉིད་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་ལ། ཨོཾ་བཛྲ་ཨཱཏྨ་ཀེ། ཧཱུཾ་ཞེས་བརྗོད་པར་བྱའོ།། དེ་ཐམས་ཅད་ཡོངསུ་གྱུར་པ་ལས་བཅོམ་ལྡན་འོངས་བསྒོམས་པ་ནི་ཟླ་བའི་མདོག་ཅན་འཛུམ་པ ་དང་བཅས་ཤིང་ཉི་མའི་དཀྱིལ་འཁོར་གྱི་འོད་དང་ལྡན་པ་སངས་རྒྱས་ལྔའི་བུ་རྒྱན་ཅན། རྒྱན་ཐམས་ཅད་པ་སྤྱན་གསུམ་དང་རལ་པའི་ཅོད་པན་དུ་ལྡན་པ། རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་པའི་ཞལ་དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། ་དམར་པོའི་མདོག་ཅན་ཏེ། རྩ་བའི་ཞལ་ཞི་བའི་ཉམས་དང་ལྡན་པ། ཞལ་གཞན་རྣམ་པར་འགྱུར་བ་དང་ལྡན་པས་སུམ་བཅུ་རྩ་གསུམ་པ་འཇིགས་པར་མཛད་པ། གཡས་ན་རྡོ་རྗེ་དང་རལ་གྲི། གཡོན་པ་ན་དྲིལ་བུ ་དང་ཐོད་པ་སྟེ། ཟླ་བའི་སྟེང་གི་ཐོད་པ་ལ་ཕྱང་ཀྲུང་བཅས་པའི་གར་གྱིས་བཞུགས་པ། འོག་ནས་འབྱུང་བའི་གཞལ་ཡས་ཁང་ན་གནས་པའི་དཀྱིལ་འཁོར་པའི་ལྷ་རྣམས་དང་བཅས་པར་བདག་ཉིད་རྡོ་རྗེ་སེམས་དཔའི་གཟུགསུ་སྐད་ཅིག ་ཙམ་གྱིས་བསྒོམ་པར་བྱ་སྟེ། དེར་ཡང་སྔོར་བསྟན་པའི་བདག་མེད་པའི་རྗེ་སུ་ཧཱུ~ཾ་ལས་བྱུང་བ་ཉི་མ་ལས་གནས་པའི་རྡོ་རྗེའི་ལྟེ་བར་དེས་བྱིན་གྱིས་བརླབས་པ་བསམས་ལ། དེའི་འོད་ཀྱིས་རྡོ་རྗེ་རབ་ལ་སོགས་པ་བསྒོམས་པར་བྱའོ།། དེར་ཧཱུཾ ་སུཾ་ཧཱུཾ་ལས་རི་རབ་དེའི་སྟེང་དུ་ཆོས་ཀྱི་འབྱུང་གནས། དེར་སྣ་ཚོགས་པདྨ་དང་། རྡོ་རྗེའི་སྟེང་དུ་ཡི་གེ་བྷྲཱུཾ་ཡོངསུ་གྱུར་པ་ལས་རྣམ་པར་སྣང་མཛད་དེ་ལས་བྱུང་བ། གྲུ་བཞི་ལ་སོགས་པའི་ཡོན་ཏན་དང་ཡང་དག་པར་ལྡན་པ། སོ་སོ་འཐོད་པའི ་གདན་གྱིས་མནན་པར་ཁང་བྷ་བརྩེགས་མ་བསམས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་པས་དེའི་དབུས། པདྨོའི་སྟེང་གི་ཟླ་བར་གནས་པའི་ཐོད་པ་ལ་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེར་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་དང་སངས་རྒྱས ་ཐམས་ཅད་བཅུག་ནས། ཨོཾ་ཙིཏྟ་པྲ་ཏཾ་བྱ་དྷྲྀ་ཀ་རོ་མི་ཞེས་བྱ་བས་བྱིན་གྱིས་བརླབ་པར་བྱོའོ།། དེ་ཉིད་དུ་ཟླ་བའི་དཀྱིལ་འཁོར་གཉིས་པ་བསམས་ལ། ཨོཾ་བོ་དྷཱི་ཙིཏྟོ་ངྐུ་ད་ཡཱ་མི་ཞེས་བྱ་བས་བྱིན་གྱིས་བརླབས་ཏེ། དེ་ཧཱུཾ་གི་ས་བོན་ལས་བྱུང་བའི ་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་བྱིན་གྱིས་བརླབས་པ་བསྒོམས་ནས། ཨོཾ་ཏིཥྛ་བཛྲ་ཞེས་བྱིན་གྱིས་བརླབས་ཏེ། བདག་ཉིད་རྡོ་རྗེ་སམ་དུ་མོས་ནས། ཨོཾ་བཛྲ་ཨཏ་མ་ཀོ། ཧཾ་ཞེས་བྱ་བས་བྱིན་གྱིས་བརླབས།། དེ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭཿཛཿཧཱུཾ་བཾ་ཧོཿསུ་ར ་ཏ་སྟྭཾ་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ནས། རང་གི་སེམས་ཀྱི་རྟོག་པ་ཙམ་གྱིས་ལངས་ཏེ། སྔར་བསྟན་པའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའི་སྐུར་བསྐྲད་ལ། ཨོཾ་ཡ་ཐཱ་སརྦ་ཏ་ཐཱ་ག་ཏསྟ་བྷ་ཨ་ཧཱུཾ་ཞེས་བྱ་བས་བྱིན་གྱིས་བརླབས་པོ།། དེ་ལྟར ་མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་རྫོགས་པར་བསྐྱེད་ལ། ཨོཾ་ཧ་ཞེས་བྱ་བ་འདིས་སྙིང་རྟ་གཱར་རྡོ་རྗེ་སེམས་དཔའི་བསྒོམ་མོ།། དེ་བཞིན་དུ་ན་མཿཧཾ་ཞེས་བྱ་བས་མགོ་བོར་རྣམ་པར་སྣང་མཛད། སྭཱ་ཧཱ་ཧཱ་ཞེས་བྱ་བས་ཁང་པདྨ་གར་གྱི་དབང་ཕྱུག། ་བཽ་ཥ་ཊ་ཧེ་ཞེས་བྱ་བས་ཕྲག་པ་གཉིས་སུ་ཧེ་རུ་ཀུ། ཧཱུཾ་ཧཱུཾ་ཧོ་ཞེས་བྱ་བསོ་མིག་གཉིས་རྡོ་རྗེ་ཉི་མ། ཕཊ་ཧཾ་ཞེས་བྱ་བས་ཡན་ལག་ཐམས་ཅད་ལ་མཚོན་ཆར་རྟ་མཆོག་བསམ་པར་བྱ་སྟེ། དྲི་དག་གི་མདོག་དང་ཕྱགྲོ་མཚན་ལ་སོགས་པ་ནི་འདི་ཉིད་ཀྱི ་དཀྱིལ་འཁོར་དུ་བསྟན་པར་བྱའོ།། དེ་བཞིན་དུ་ཨོཾ་བཾ་ཞེས་བྱ་བསོ་ལྟེ་པར་རྡོ་རྗེ་ཕག་མོ།། ཨོཾ་ཧཾ་ཡོཾ་གིས་སྙིང་གོར་གཤིན་རྗེ། ཨོཾ་ཧྲཱི་མོཾ་གིས་ཁར་རྨོངས་བྱེད་མ། ཨོཾ་ཧྲེཾ་ཧཱུ~ཾ་གོས་སྤྱི་བོར་བསྐྱོད་བྱེད་མ། ཨོཾ་ཧཱུཾ་ཧཱུཾ་གིས་སྤྱི་གཙུགས་ཏུ་སྐྲག་བྱེད ་མ། ཨོཾ་ཕཊ་ཕཊ་ཀྱིས་ཡན་ལག་ཐམས་ཅད་ལ་མཚོན་ཆར་གཏུམ་མོ་བསམ་པར་བྱ་སྟེ། དེ་དག་གི་མདོག་ལ་སོགས་པ་ཡང་། ལེའུ་གཞན་ལས་ཤེས་པར་བྱའོ།། དེ་བཞིན་དུ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད། ཚོར་བ་ནི་རྡོ་རྗེ་ཉ་མ ་འདུ་ཤེས་ནི་པདྨ་གར་གྱི་དབང་ཕྱུག། འདུ་བྱེད་ནི་རྟ་མཆོག། རྣམ་པར་ཤེས་པ་ནི་རྡོ་རྗེ་སེམས་དཔའ། དེ་དག་ཐམས་ཅད་ནི་དཔལ་ཧ་རུ་ཀ། མིག་ལ་ནི་གཏི་མུག་རྡོ་རྗེ། རྣ་བ་ལ་ནས་སྡང་རྡོ་རྗེ། སྣ་ལ་སེར་སྣ་རྡོ་རྗེ། ལཱུ་ལ་འདོད་ཆགས་རྡོ།། ་ལུས་ལ་བྲག་དོས་རྡོ་རྗེ། སྐྱེ་མཆེད་ཐམས་ཅད་ལ་རྡོ་རྗེ་སེམས་དཔའ། ཡང་ན་རྣམ་པར་ཤེས་པ་ནི་ཧཱ་རཱ་ཀ་སྐྱེ་མཆེད་ཀུན་ནི་རྡོ་རྗེ་སེམས་དཔར་རོ།། ས་ནི་སྤྱན་མ། ཆུ་ནི་མཱ་མ་ཀཱི། མ་ནི་གོས་དཀར་མོ།། རླུང་ནི་སྒྲོལ་མ། ན་མཁའ་ནི་པདྨའི་དྲུ་བ་ཅན་དུ་བསམ ་མོ།། དེ་དག་གི་སྐུ་ལས་བྱུང་བའི་ལྷ་མོ་ལག་ན་བུམ་པ་ཐ་མདོག་ལ་སོགས་པ་ཡང་དཀྱིལ་འཁོར་འདི་ཉིད་དུ་བརྗོད་པར་བྱའོ།། པདྨའི་དྲ་བ་ཅན་ནི་མཱ་མ་ཀཱི་བཞིན་ནོ།། དེ་ལྟར་གོ་ཆ་ལ་སོགས་པས་བྱིན་གྱིས་བརླབས་ནས། རང་གི་ལུས་ཀྱི་འོད་ལས་སྤྲོས ་བའི་མཁའ་འགྲོ་མྱི་རྣམས་ཀྱིས་དེ་བཞིན་གཤེགས་པ་བཀུག་ནས། དེ་དག་གི་སྐུ་ལས་བྱུང་བའི་ལྷ་མོ་ལག་ན་བུམ་པོ་ཐོགས་པ་རྣམས་ཀྱིས་བདག་ལ་དབང་བསྐུར་བྱས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔས་རལ་པའི་ཅོད་པན ་ལ་བརྒྱན་པར་བྱའོ།། དེ་ནས་ཤར་ལ་སོགས་པའི་གནས་རྣམསུ་རྣམ་པར་སྣང་མཛོད་ལ་སོགས་པའི་ལྷ་ཚེགས་བསྒོམ་པར་བྱ་སྟེ། ད་ལ་ཤར་ཕྱོགས་ཀྱི་ཐོད་པའི་ཟླ་བའི་བྷྲཱུཾ་ལས་བྱུང་བ་ཁ་དོག་དཀར་ཞིང་ཞི་བར་གཡས་ལ་སོགས་པའི་ཕྱག་བཞིས་འཁོར་ལོ ་དང་དྲིལ་བུ་དང་ཐོད་པ་དང་ཞགས་པ་བསྣམས་པའི་རྣམ་པར་སྣང་མཛད་བསྒོམ་མོ།། དེ་བཞིན་དུ་ལྷོ་ཕྱོགས་ཀྱི་ཐོད་པའི་ཟླ་བ་ཨཾ་ལས་བྱུང་པོའི་རིན་ཆེན་འབྱུང་ལྡན།། ཁཾ་དོག་སེར་པོ། གཡས་པ་ལ་སོགས་པའི་ཕྱག་བཞིས་རིན་ཆེན་དང་ལྕགས་ཀྱུ་དང ་ཐོད་པ་དང་ཞགས་པ་བསྣམས་པའོ།། དེ་བཞིན་དུ་འོག་ནས་འབྱུང་བ་ཀུན་ལ་ཐོད་པ་དང་ཟླ་བའི་གདན་སྦྱར་རེ།། ནུབ་ཏུ་ཧྲཱིཿལས་བྱུང་བའི་པདྨ་བར་གྱི་དབང་ཕྱུག་ཁ་དོག་དམར་པོ་ཕྱག་བཞི་ས་མདའ་དང་པདྨ་དང་གཞུ་དང་ཐོད་པ་བསྣམས་པའོ།། བྱང་ཆུབ ་དུ་ཁཾ་ལས་བྱུང་བའི་རྟ་མཆོག་ཁ་དོག་ལྗང་གུ་ཕྱག་བཞིས་རྡོ་རྗེ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཐོད་པ་བསྣམས་པའོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རལ་པའི་ཅོད་པན་ཅན་ཞལ་གཅིག་པའོ།། དབང་ལྡན་མཚམ་སུ་བྷྲཱུཾ་ལས་བྱུང་བའི་སྤྱན་མོ ་ཁ་དོག་དཀར་མོ་ཞལ་གཅིག་སྤྱན་གསུམ་མ་རལ་པའི་ཐོར་ཚུགས་ཐོད་པའི་ཕྲེང་བས་བརྒྱན་པ། ཕྱག་རྒྱད་ཀྱིས་འཁོར་ལོ་དང་། རྡོ་རྗེ་དང་། རལ་གྲི་དང་། མངའ་དང་། ཐོད་པ་དང་། དྲིལ་བུ་དང་། ཞགས་པ་དང་། བཞུ་བསྣམས་པའོ།། མ་མཚམས་སུ ་ཧཱུཾ་ལས་བྱུང་བའི་མཱ་མ་ཀཱི་མདོག་སྔོན་མེ་ཞལ་གཅིག་སྤྱན་གསུམ་པ་ཅོད་པན་ཐོད་པའི་ཕྲེང་བས་བརྒྱན་པ། ཕྱག་བཅུ་གཉིས་ཀྱིས་མངའ་དང་། རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། གཞུ་དང་། ལྕགས་ཀྱུ་དང་། དྲིལ་བུ་དང་། ཞགས ་པཔོ་དང་། ཐོད་པ་དང་། ཁ་ཌི་ག་བསྣམས་པའོ།། བདེནི་བྲལ་དུ་ཧིཿལས་བྱུང་བའི་གོས་དཀར་མོ་མདོག་དམར་མོ་ཞལ་ལ་སོགས་སྔ་མ་ལྟ་བུ་ལས་ཕྱག་བརྒྱད་ཀྱིས་མདའ་དང་། པདྨ་དང་། རལ་གྲི་དང་། རྡོ་རྗེ་དང་། གཞུ་དང་། ཐོད་པ་དང་། ཞགས་པ་དང ་དྲིལ་བུ་བསྣམས་པའོ།། རླུང་མཚམས་སུ་ཏཱཾ་ལས་བྱུང་བའི་སྒྲོལ་མ་ཁ་དོག་ལྗང་གུ། ཞལ་ལ་སོགས་པ་སྔ་མ་ལྟ་བུ་ལས་ཕྱ་ག་བརྒྱད་ཀྱིས་ཨུཏྤ་ལྀ་དམར་པོ་དང་། རལ་གྲི་དང་། ལྕགས་ཀྱུ་དང་། མངའ་དང་། འཁོར་ལོ་དང་། ཞགས་པ་དང་། ཐོད་པ་དང་། ་གཞུ་བསྣམས་པའོ།། དེ་ནས་རིམ་པ་གཉིས་པའི་ཤར་དུ་ཨོཾ་ལས་བྱུང་བའི་རྡོ་རྗེ་དྲག་མོ་ཕྱག་བཞི་པ་དང་། ལྕགས་ཀྱུ་དང་། གཞུ་དང་། བུ་བས་གང་བའི་ཐོད་པ་བསྣམས་པར་བསམ་མོ།། ལྷོ་ཕྱོགས་སུ་ཨཱཾ་ལས་བྱུང་བ་རྡོ་རྗེ ་གཟུགས་ཕྱག་བཞིས། རྡོ་རྗེ་དང་། མདུང་དང་། ཞགས་པ་དང་། ཁྲག་གིས་གྲང་བའི་ཐོད་པ་བསྣམས་པའོ།། ནུབ་དུ་ཨཾ་ལས་བྱུང་བའི་རྡོ་རྗེ་ཆགས་མ་ཕྱག་བཞིས་རྡོ་རྗེ་དང་། རལ་གྲི་དང་། རྡོ་རྗེ་ཆུས་གང་བའི་ཐོད་པ་དང་དྲིལ་བུ་བསྣམས་པའོ།། བྱང་དུ་ཨཱི་ལས ་བྱུང་བའི་རྡོ་རྗེ་ཞི་བ་དང་། ཕྱག་བཞིས་གཏུན་ཤིང་དང་བ་དན་དང་། རྡོ་རྗེ་རལ་གྲི་དང་། རྡོ་རྗེ་ཆུས་གང་བའི་ཐོད་པ་བསྣམས་པའོ།། དེ་དག་ནི་རིམ་པ་བཞིན་དུ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའི་མདོག་ཅན་ནོ།། དབང་ལྡན་དུ་ཨུ་ལས་བྱུང་བ་རྗེ ་རྗེ་གནོད་སྦྱིན་མ། ཕྱག་ཐོཞིས་རྡོ་རྗེ་དང་། ཨུཏྤ་ལ་དང་། ཐོད་པ་དང་། དེལ་ཆུང་བསྣམས་པར་བསམ་མོ།། མ་མཚམས་ཨུ་ལས་བྱུང་བའི་རྡོ་རྗེ་མཁའ་འཀྴི་མ་ཕྱག་བཞིན་པདྨ་དང་། མ་འོད་དང་། ཚུལ་གྱི་གང་བའི་ཐོང་པ་དང་། དགྲ་སྟེ་བསྣམས་པའོ།། དེ་ན། ་བྲལ་དུ་ཨོཾ་ལས་བྱུང་བའི་རྡོ་རྗེ་སྐུ་ཕྱག་བན་ནི། བེ་ཅོན་དང་། དུང་དང་། འཁོར་ལོ་དང་། ཁྲག་གིས་གང་བའི་ཐོད་པ་བསྣམས་པའོ།། རླུང་མཚམས་སུ་ཨོཾ་ལསཾ་བྱུང་བའི་རྡོ་རྗེས། ཕྱག་བཞིན་རྡོ་རྗེའི་རྫས་ཀྱིས་བཀང་བའི་བུམ་པ་དང་། མིའི་པགས་པས ་གཡོགས་པའི་ཐོད་པ་དང་། དྲིལ་བུ་བསྣམས་པའོ།། དེ་དག་ཀྱང་རིམ་པ་བཞིན་དུ་དཀར་པོ་དང་། སེར་པོ་དང་། སེར་པཾ་དང་། དམར་པོ་དང་། དམར་པོ་དང་། སྔོན་པོ་དང་། སྔོན་པོ་དང་། དཀར་པོ་སྔ་མདོག་གཉིས་གཉིས་དང་ལྡན་པའོ།། རིམ་པ་གསུམ ་པོའི་ཤར་ཕྱོགས་སུ་རིམ་ལས་བྱུང་བའི་སྒྲོག་མོ།། ལག་པ་གཡོན་མ་དཀུར་བཙུགས་ཤིང་གཡས་པ་གར་ཐབསྟ་སུ་བསྐྱོད་པའོ།། ལྷོ་ཕྱོགས་སཱ་རཱྀ་ལས་བྱུང་བའི་ཕྲེང་བ་མ། ཕྱག་གཉིས་ཀྱིས་ཕྲེང་བ་བསྣམས་པའོ།། ནུབ་ཕྱོགས་སུ་ལི་ལས་བྱུང ་བའི་གླུ་མ་ཁན་མ། མགྲིན་པ་གླུ་ཡིས་བཀང་སྟེ། ལུག་བྷ་གཉིས་ཀྱིས་ཁྱི་འགགས་པ་ལྟར་བྱེད་པའོ།། བྱང་དུ་ལ་ལས་བྷཱུ་བའི་གང་མོ་ཁན་མ་ལེགས་པ་གཉིས་ཀྱིས་གར་བྱེད་པའོ།། དེ་དག་ཀྱང་རིམ་བཞིན་དུ་རྡོ་རྗེ་དྲུག་མོ་ལ་སོགས་པའི་མདོག ་ཅན་ནོ།། དེ་ཉིད་ཀྱི་མེ་མཚམས་ལ་སོགས་པ་། ཨོཾ་ཨ~ཾ་ཨ~ཾ་ཨོཾ་གས་བོན་རྣམས་ལསུཾ་བྱུང་བ་གླིང་བུ་མ་དང་། པི་ཝཾ་མ་དང་། བདག་པ་མ་དང་། རྫ་རྡུ་མའི་ལྷ་མོ་དྲུག་རི་མོ་བཞིན་དུ་ཕྱག་གཉིས་ཀྱིས་རང་བཞིན་གྲཱ་མཱ་ཙནྡྲ་པ་རྣམས་བསྣམས ་པ་དྲུག་མོ་ལ་སོགས་པའི་མདོག་ཅན་ནོ།། རིམ་པ་བཞི་པའི་སྣམ་བྱའི་མ་མཚམས་ལ་སོགས་པར་ལཱ་སྱ་ལ་སོགས་པ་བཞིའི་ས་བོན་ལས་བྱུང་བ་མེ་ཏོག་མ་ལ་སོགས་པ་བཞིའི་མེ་བཞིན་དུ་ཕྱག་གཉིས་ཀྱིས་རང་གི་མིང་གི་མཚན་མ་བསྣམས ་པདྲག་མོ་ལ་སོགས་པའི་མདོག་ཅན་ནོ།། རྡོ་རྗེ་དྲག་མོ་ནས་དྲི་ཆེ་བི་མའི་མཐར་ཐུག་པའི་ལྷ་མོ་དེ་དག་ནི་རལ་པའི་ཅོད་པན་ནཱན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། རྣམ་བྷར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ནི་བྱེད་གྲངས་བཅས་བླའི་གར་གྱིས་བཞུག ་ཤིང་ཉི་མའི་འོད་དང་ལྷའི་ན་བཟས་བརྒྱན་པའོ།། ལྷོ་ལ་སོགས་པའི་སྒོ་བཞིའི་ཐོད་པར་རིམ་བཞིན་དུ་ཛཿཧཱུཾ་བཾ་ཧཾཿཡི་ས་བོན་ལས་བྱུང་བའི་ལྕགས་ཀྱུ་མ་ལི་སོགས་པ་བནི་བསྒོམས་ཏེ། ང་ལི་ལྕགས་ཀྱུ་མ་མི་དོག་ན་མཁའི་ལྟར་སྔོ་བསངས ་བ་དང་། གཡས་དང་། གཡོན་གྱི་ཞལ་གསུམ་སྔོ་བསངས་ནག་པོ་དང་། དཀར་པོའི་མདོག་ཅན་ཕྱག་དྲུག་ན་ལྕགས་ཀྱུ་དང་། རལ་གྲི་དང་འཁོར་ལོ་དང་། ཞགས་པ་དང་། སྡིགས་མཛུབ་དང་། དྲིལ་བུ་བསྣམས་པའོ།། ཞགས་པ ་མ་ནི་མདོག་དཀར་སེར་རྩ་བ་དང་། གཡས་དང་། གཡོན་གྱི་ཞལ་གསུམ་དཀར་སེར་དང་། སྔོན་པོ་དང་། དམར་པོའི་མདོག་ཅན་ཕྱག་དྲུག་ན་ལྕགས་ཀྱུ་དང་། ཞགས་པ་དང་། རྡོ་རྗེ་དྲིལ་བུ་མ་ནི་ཁ་དང་། རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་སྡིགས ་མཛུབ་བོ།། རྡོ་རྗེ་ལྕགས་སྒྲོག་མ་ནི་ཁ་དོག་དམར་མོ་རྩ་བ་དང་། གཡས་དང་། གཡོན་གྱི་ཞལ་དམར་པོ་སྔོན་པོ་དཀར་པོའི་མདོག་ཅན་ཕྱག་དུག་ན་ལྕགས་སྒྲོག་དང་། རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་། དྲིལ་བུ་ལྕགས་ཀྱུའོ།། རྡོ་རྗེ་དྲིལ་བུ་མ་ནི། ་དོག་ལྗང་གུ་རྩ་བ་དང་གཡས་དང་གཡོན་གྱི་ཞལ་ལྗང་གུ་དང་། སྔོན་པོ་དང་། དཀར་པོའི་མདོག་ཅན་ཕྱག་དྲག་ན་རྡོ་རྗེ་དང་རལ་གྲི་དང་། འཁོར་ལོ་དང་། དྲིལ་བུ་དང་། ལྕགས་ཀྱུ་དང་། ཞགས་པ་བསྣམས་པའོ།། དེ་དག་ནི་སྐྲག་ཁམ་པ་གྱེར་དུ་འབར་ཞིང ་གཡས་བརྐྱང་བས་བཞུགས་པ། ཉི་མའི་དཀྱིལ་འཁོར་གྱི་འོད་ཅན། སྟག་ལྗགས་ཀྱི་ན་བཟའ་མནོབས། ཕྱག་རྒྱ་དྲུག་གིས་བརྒྱན་པའོ།། དེ་ནས་ཛ་ཧཱུཾ་བཾ་ཧོཿཞེས་བྱ་བ་བརྗོད་པས་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་ལ་བཀའ་བསྒོ་སྟེ། ཡེ་ཤེས་ཀྱི་འཁོར ་མེ་གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ལ་ལྷ་ཐམས་ཅད་ཀྱི་ཡན་ལག་ལ་གོ་ཆ་གཉིས་པོ་བཀོད་ཅིང་གོ་ཆ་བཞིན་དུ་དབང་བསྐུར་བས་ཐམས་ཅད་ལ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་བྱས་ནས་སྔགས་ཀྱི་ཚོགས་ཀྱིས་བསྟོད་པར་བྱ་སྟེ། དེ་ལ ་ཨ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བ་ཧོ།། སུ་ར་ཏསྟྭཾ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་འོ།། ཨོཾ་བྷྲཱུཾ་སྭཱ་ཧཱ་ཞེས་པ་ནི་རྣམ་པར་སྣང་མཛད་ཀྱིའོ།། ཨེ་ཨཾ་སྭཱཧཱ་ཞེས་པ་ནི་རིན་ཆེན་འབྱུང་ལྡན་གྷིའོ།། ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་པ་ནི་སྣང་བ་མཐའ་ཡས་ཀྱིའོ།། ཨོཾ་ཁཾ་སྭཱ ་ཞེས་པ་ནི་དོན་ཡོད་གྲུབ་པ་ཡིན་ནོ།། ཨོཾ་ཧཱ་སྭཱ་ཧཱ་ཞེས་པ་ནི་མི་བསྐྱོད་པའི་འོ།། ཨོཾ་ཨཱ་ལ་ཧཾ་སཧཱུཾ་ཞེས་པ་ནི་སྤྱན་མ་ཡིའོ།། ཨོཾ་ཨ་གཾ་ཧཾ་སྭཱ་ཧཱ་ཞེས་པ་ནི་མ་མ་ཀཱིའི་འོ།། ཨོཾ་ཀོ་ཊེ་བི་ཀ་ཌ་ནི་ཏ་ཀ་ཊངྐ་ཊེ་སྭཱ་ཧཱ་ཞེས་པ་ནི་གོས་དཀར་མོའི་འོ།། ཨོཾ་ཏཱ་ར་ཏུདྡྷེ ་རེ་ཏུ་རེ་སྭཱ་ཧཱ་ཞེས་པ་ནི་སྒྲོལ་མའི་འོ།། ཨོཾ་ཨཱཿཱ་ཧཾ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་དྲག་མོའི་འོ།། ཨོཾ་ཨཱཿཱཾ་ཧཾ་སྥོ་ཧ་ཞེས་པ་ནི་རྡོ་རྗེ་གཟུགས་མའིའོ།། ཨོཾ་ཨཱཿེ་ཧཾ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་དྲིའོའོ།། ཨོཾ་ཨཱཿོཾ་ཧཾ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེའི་བ་མོའོའོ།། ཨོཾ་ཨཱཿོཾ ་ཧཾ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་གནོད་སྦྱིན་མྱའི་འོ།། ཨོཾ་ཨཱཿཱཾ་ཧ~ཾ་སྭཱ་ཧ་ཞེས་པ་ནི་རྡོ་རྗེ་ན་མཁའ་འགྲོ་མའི་འོ།། ཨོཾ་ཨཱཿ་ཧཾ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་སྒྲའི་འོ།། ཨོཾ་ཨཱཿཱ་ཧཾ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་སྣའི་འོ།། ཨོཾ་ལཱཾ་སྱ་ར་སྭཱཧཱ་ཞེས་པ་ནི་སྒེག་མོའིའོ།། ཨོཾ་མ་ལ་རི ་སྭཱ་ཧཱ་ཞེས་པ་ནི་ཕྲེང་བ་མའི་ལྷོ།། ཨོཾ་གཱི་ཏི་ལི་སྭཱ་ཧཱ་ཞེས་པ་ནི་གླུ་མཁན་མའི་འོ།། ཨོཾ་ནརྀ་ཏེ་ལཱཾ་སྭཱ་ཧཱ་ཞེས་པ་ནི་གུར་མཁན་མའོའོ།། ཨོཾ་ཨཱ་རཾ་ཏཱཾ་སྭཱ་ཧཱ་ཞེས་པ་ནི་མེ་ཏོག་མའོའོ།། ཨོཾ་ཨཱཿརཱ་ཧཾ་སྭཱ་ཧཱ་ཞེས་པ་ནི་བདུག་པ་མའི་འོ།། ཨཾ་ཨཱཿལ་ཧཾ་སྭཱ་ཧཱ་ཞེས་པ ་ནི་དྲི་ཆབ་མའིའོ།། ཨོཾ་ཨཱཿལཱ་ཧཾ་སྭཱ་ཧཱ་ཞེས་པ་ནི་མར་མ་མའི་འོ།། ཨོཾ་ཨཱཿཧཾ་སཱཧཱ་ཞེས་པ་ནི་གྲོང་བུ་མའིའོ།། ཨོཾ་ཨཱཿཧཱ་སྭཱ་ཧཱ་ཞེས་པ་ནི་པི་ཝཾ་མོའིའོ།། ཨོཾ་ཨཱཿེ་ཧཾ་སྭཱ་ཧཱ་ཞེས་པ་ནི་རྔ་ཆེན་མོའོའོ།། ཨོཾ་ཨཱཿ་ཧཾ་སྭཱ་ཧཱ་ཞེས་པ་ནི་རྫ་མེའི་འོ།། ཨོཾ ་ཨཱཿབཛྲ་ཨ་ཀུན་ཤྭེ་\ུ0f7fཧཾ་སྭཱཧཱ་ཞེས་བྱ་ནི་རྡོ་རྗེ་ལྗགས་ཀྱུ་མའིའོ།། ཨོཾ་བཛྲ་པཱ་ཤ་ཧཱུ~ཾ་ཧ~ཾ་སྭཱཧཱ་ཞེས་པ་ནི་རྡོ་རྗེ་ཞགས་པ་མའིའོ།། ཨོཾ་ཨཱཿབཛྲ་ཤྲི་ཁ་ལེ་བེ་ཧ~ཾ་སྭཱ་ཧཱ་ཞེས་པར་རྡོ་རྗེ་ལྗགས་སྒྲོག་མའིའོ།། ཨོཾ་ཨཱཿ། བཛྲ་གྷཿ ་ཧོཿཧཾ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་དྲིལ་བུ་མོའིའོ།། དེ་དག་གིས་དཀྱིལ་འཁོར་ལ་བསྟོད་ནས། བདུད་རྩི་ལྔས་མཆོད་ལ་གཏུམ་མེའི་རྣལ་འབྱོར་བསྒོམས་ནས། ཨོཾ་མ་ཧཱ་སུ་ཁཱ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པར་བྱ་བའང་ནི་རྡོ་རྗེ་སེམས ་དཔའ་བསྒོམ་པའི་མཆོག་གོ།། འོད་ཟེར་དམར་པོ་འཁྲུགས་པ་ལས་ཞེས་བྱ་བ་ནི་ཉི་མའི་འོད་དང་ལྡན་པའོ།། སངས་རྒྱས་ཕྲེང་བས་མཛེས་པ་ནི་ཞེས་བྱ་བ་ནི་མཾ་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་སོ་དབུ་བརྒྱན་པའོ།། ལྷག ་བ་ནི་གོ་སླའོ།། ལྷ་མོ་བཞི་ཞེས་བྱ་བ་ནི་སྤྱན་མངའ་ལ་སོགས་པ་ཡིན་ལ། སངས་རྒྱས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། གཡས་དཀར་མིན་ཞེས་བྱ་བ་ནི་དཀར་པོ་ལས་བཟློག་པ་སྟེ་ནག་པོའོ།། ཞི་བ་ནི་ཞི་བོའི་ཉམས་དང ་ལྡན་པ་སྟེ། ལྷག་མ་ནི་བཞིན་རྣམ་པར་འགྱུར་བའོ།། དེ་ཉིད་ཀྱིས་ན་སུམ་བཅུ་རྩ་གསུམ་པ་འཇིག་པར་མཛད་ཅིས་གསུངས་སོ།། མཁའ་འགྲོ་མའི་འཁོར་ལོ་ནི་རྡོ་རྗེ་དྲོག་མོ་ལ་སོགས་པའོ།། སྐྱོབ་པ་སྣ་ཚོགས་ཞེས་བྱ་བ་ནི་རང་གི་ལུས་ལ ་སྤྲུལ་པ་སྣ་ཚོགས་པ་རྣམས་དེ་བཞིན་གཤེགས་པ་ཉིད་དུ་མཚོན་པར་བྱ་བ་དང་། དེ་བཞིན་གཤེགས་པ་དང་བདག་ཉིད་དུབྱེར་མེད་པར་བསྒོམ་པར་བྱའོ།། ཡང་ན་སྐད་ཅིག་ཙམ་གྱིས་རི་རབ་ཀྱི་རྩེ་མོར་རྡོ་རྗེ་རིན་པོ་ཆེ་བརྩེགས་པའི་ཁང་བུར ་བདག་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔར་བསྐྱེད་པའི་རིམ་པས་བསྒོམ་པར་བྱ་བའོ།། ཅི་དེ་ཡང་རང་བཞིན་གྱི་གྲུབ་པ་ཞིག་གམ་འོན་ཏེ་མ་ཡིན་ཞེ་ན། འདི་དེ་དག་རང་གི་སེམས་རྣམ་པར་དག་པ་ཉིད་ཀྱིས་སྣང་བ་ཡིན་པས་འོ་མ་ལ་མར་ལྟར་གྲུབ་པ ་བསྒྲུབ་པར་བྱ་བའི་ཚུལ་མར་ལྟར་མ་གྲུབ་པ་སྒྲུབ་པ་ནི་འགྲུབ་པར་མི་འགྱུར་རོ།། དེ་ཡང་ཆུའི་རྙོག་མ་ནོར་བུས་སྦྱངས་པ་ལྟར་བསྐྱེད་པའི་རིམ་པས་བདག་ཉིད་སྔོན་དུ་སྦྱངས་ནས་རྫོགས་པར་བྱ་སྟེ། རང་བཞིན་གྱིས་རྣམ་པར་དག་པའི་ཡིན་པའི་ཕྱིར་རོ།། ་གཞན་དུ་སྦྱོངས་པ་མ་བྱས་ན་ཡང་འཁོར་བ་ཉིད་ཡིན་པས་རྣམ་པར་དག་པའི་འབྲས་བུ་སྦྲེལ་པར་མི་ནུས་ལ་རང་བཞིན་གྱིས་མོ་དག་པའང་ཆོས་འགལ་བའི་ཕྱིར་རོ།། རྒྱུ་དང་འབྲས་བུའི་རྗེས་སུ་མཐུན་པ་ཉིད་ཀྱིས་ན་དག་པས་རྣམ་པར་དགེ་པ་བསྒྲུབ ་པར་བྱའོ་ཞེས་མན་ངག་ལྔས་ཤེས་པར་བྱའོ།། རྣཾ་སུ་མཐུན་པ་ཡང་རྗེ་སུ་བྱེད་པ་ཡིན་ཏེ། རྒྱུ་ཡང་འབྲས་བུར་འདོད་པ་དང་། རྗེ་སུ་མཐུན་པ་ཡིན་ན་སཱ་ལུའི་མྱུ་གུ་སཱ་ལུའི་ས་བོན་ལྟར་གདོན་མི་ཟ་བར་སྐྱེད་ནུས་ཀྱི། གཞན་དུ་ཀོ་ཊ་བའི་མྱུ་གུ་ལས་སཱ་ལུའི་ས་བོན ་ལྟར་ནུས་པ་ཡོད་པ་མ་ཡིན་ནོ།། འབྲས་བུ་ཡང་རྒྱུར་འདོད་པ་དང་དྷཱི་སུཾ་མཐུན་ན་སྐྱེ་བར་འགྱུར་གྱི། གཞན་དུ་དེ་དག་ཧ་ཅང་ཐལ་ཆེས་པར་འགྱུར་རོ།། དེ་ལྟར་ན་འོ་མའི་ཡོན་ཏན་དཀར་བ་ལྟར་རྣམ་པར་གྲུབ་པ།། དེ་དག་ཡང་དང་ཡང་གོམས་པས་བློ་བུར་བའི ་དྲི་མ་ཟློག་སྟེ། གཉུག་མ་ད་ཉིད་གསལ་བར་འགྱུར་བར་དགོངས་སོ།། རྣལ་འབྱོར་པས་གང་དེ་ལྟར་བསྒྲུབ་ས་ན། མཁའ་འགྲོ་ཀུན་དང་ཞེས་བྱ་བཾ་ལ་སོགས་པ་གསུངས་ཏེ། སྐད་ཅིག་ཙམ་གྱིས་རི་རབ་ཀྱི་སྟེང་དུ་གྱུར་པའི་ཁང་བུ་བརྩེགས་པར་གནས་པའི ་དེ་བཞིན་གཤེགས་པ་སྤྱན་མ་ལ་སོགས་པའི་ཚོགས་དང་ལྡན་པར་ཞེས་བྱ་བའི་དོན་ཏོ།། བདེ་བའི་མཆོག་ཅེས་པ་བ་ནི་བདེ་བ་དམ་པའི་རྣམ་པས་ཁྱད་བར་དུ་བྱས་པའོ་ཞེས་བྱ་བ་ལ་སོགས་པས་ནི་སྣང་བཟ། རང་བཟོ་སྦྱོར་བའོ།། དེ ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོག་དེ་བཞིན་ནི་ཕྱིན་ཅི་མ་ལོག་པ་ཡིན་ལ་དི་གསུངས་པས་ན་གཤེགས་པ་སྟེ། དེས་གཟུང་བའི་འོས་སུ་སྟོན་ཏོ།། ད་ནི་གཉིས་སུ་མེད་པའི་ང་ཁོ་ན་ཉིད་བསྟན་པའི་ཕྱིར། མ་དང་སྲོང་མོ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ་གོ་སླའོ།། བོ་ལང་ཤ་དང་རྟ་ཤ་སོགས་པ་གསུངས་ཏེ་གོ་ཞེས་བྱ་བ་ལ་སོགས་ཀྱིས་ན་གླང་པོ་ཆེ་དང་མི་དང་ཁྱིའི་ཤ་རྣམས་དང་། གཞན་རྣམ་པར་སྣང་མཛད་ལ་སོགས་པ་གསུངས་ཏེ། དེ་དག་གི་མག་གི་དྲི་མ་དང་བོཅས་ནས་ངམ་ཚིག་གི ་རྫས་བཅུ་རུ་འགྱུར་རོ།། འོགས་པ་མེད་ཅེས་བྱ་བ་ནི་ཡིས་གཉིས་སྤངས་པོ་སྟེ། ཐུགས་ཀྱི་རྡོ་རྗེ་སྨན་མ~ཾ་བྱ་ཞེས་གསུངས་པའི་ཕྱིར་རོ།། བཟའ་བར་བྱ་ཞེས་བྱ་བ་ལ་སོགས་ནི་འོག་ནས་འབྱུང་བའི་ཆོ་ག་བཞིན་དུ་སྦྱངས་ཏེ་སྤྱད་པའོ།། འཇིག་རྟེན་ལ་རྟག ་གཡོན་ལ་སྤྱོད་ཅེས་བྱ་བ་ལ། གསོན་གྱི་ཀུན་ཏུ་སྤྱོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། ལུས་ཀྱི་བྱེ་བ་ཐམས་ཅད་ལ་གཡོན་དུ་བཟློག་པར་བྱ་བའོ།། དྲ་གོང་ལས་ཞེ་ན། རྒྱུ་དང་མི་རྒྱུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཡོན་པ་ནི་དེ་བཞིན་ཉིད་དོ།། ་དེ་ལས་བྱུང་པོ་ནི་འགྲོ་བ་མ་ལུས་པ་རྣམས་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། འདི་ལྡོར་ཆོས་མི་སོང་མ་ཡིན་ཞེས་གསུངས་པའི་ཕྱིར་རོ།། ངེས་ན་སྐྱེ་བོས་གཡོན་དུ་འགྱིང་བ་དང་བཅས་པས ་དེ་ཉིད་བསྟེན་པར་བྱའོ།། གཡོན་གྱིས་བཟའ་ཞིང་གཡོན་མཆོད་པ་ཞེས་བྱ་བ་ནི་ལྷ་མོ་རྣམས་ལ་མཆོད་པ་དང་། བདག་ཉིད་བཟའ་བ་རྣམས་གཡོན་པས་བྱའོ།། དེ་ཁོ་ན་ཉིད་ཀྱིས་གཡོན་པ་བསྟེན་པ་ལ་དོགས་པ་བཟློག་པའི་ཕྱིར་ཕོ་ཉ་ཞེས་བྱ་བ་ལ་སོགས ་པ་གསུངས་ཏེ། ཕོ་ཉ་ནི་སྔགས་ལ་སོགས་པ་དང་ཡང་དག་པར་ལྡན་པའོ།། ཡང་ན་ལྷན་ཅིག་སྐྱེས་པ་དང་། ཞིང་ལས་སྐྱེས་པ་དང་། སྔགས་ལས་སྐྱེས་པ་རྣམསུ་གང་གསུངས་པ་དེ་དག་མ་གཏོགས་པ་ནི་གཞན་ཐ་མལ་པོ་སྟེ། དེ་དག་ལ་འདོད་ཆགས ་པས་རྨོངས་པ་ཞེས་བྱ་བ་ལ། འདོད་པ་ལ་མངོན་པར་ཞན་པས་བགྲོད་ན་དེ་དངོས་གྲུབ་ཏུ་མི་འགྱུར་རོ།། ཕོ་ཉ་མོ་རྟག་ཞེན་ཐར་པ་ཞེས་བྱ་བ་ལ། ཕོ་ཉར་གྱུར་པའི་ཤེས་རབ་ལ་རྟག་ཏུ་རྣམ་པར་རྟོགས་པ་སྤངས་ཏེ། བདེ་བ་ཆེན་པོའི་འདུས་པས་གནས་པ ་ནི་གྲོལ་བར་འགྱུར་ཏེ་འདོད་ཆགས་ཉིད་ཀྱིས་རྣམ་པར་གྲོལ་ཞེས་གསུངས་པའི་ཕྱིར་རོ།། ཇི་ལྟ་བུ་ཞིག་གིས་ཞེ་ན། སྒྲུབ་པོ་ཞེས་བྱ་བ་གསུངས་ཏེ། སྒྲུབ་པོ་ནི་ཕྱག་རྒྱས་ཆེན་པོའི་སྒྲུབ་པའོ།། མཆོག་ཏུ་འབད་བྱ་ཞེས་བྱ་བ་ནི་འགྲོ་བའི་དོན་བྱ་བ་སྟེ ་འབང་བ་ནི་དེའི་མཐར་གཏུགས་པའོ།། བརྟུལ་ཞུགས་མིནྡ་སྦྱངས་ཞེས་བྱ་བ་ལོ་སོགས་པ་ལ་སྤངས་ཏེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་བརྟུ་ལི་ཞུག་སོ་མིན་ནི་འཇིག་རྟེན་གྱི་བྱ་བ་རྣམས་ཏེ་དེ་དགེ་སྦྱང་སོ་པའོ།། བརྟུལ་ཞུགས་རྫོགས་ནི་འིགནས ་འབྱུང་བའི་དཀའ་ཐུབ་ཡོངསུ་རྫོགས་པའོ།། དམ་ཚིག་ནི་རྣལ་འབྱོར་མ་དང་རྣལ་འབྱོར་པ་འདུས་པ་སྟེ། དེར་དེ་བཞིན་གཤེགས་པའི་རིགས་ལ་སོགས་པ་ལ་སྤྱོད་པ་ནི་གང་ཞིག་འདོད་པར་གྱུར་པ་སྟེ། དེ་དང་ལྷན་ཅིག་ཏུ་ཙཱ་རུ་ཞེས་བྱ་བ་ལྷག་མར ་གྱུར་པ་དང་། མཛེས་པ་དང་གྱུར་པ་རྣམས་བརྡར་བ་དེ་ལ་དེ་སྐད་དུ་ཅེས་བྱའོ།། དེ་དག་ཀྱང་གང་ནི་ནཱ། རིགས་ལྔ་ཞེས་བྱ་བ་འི་སོགས་བུ་གསུངས་ཏེ། བྲམ་རྗེ་དང་། རྒྱལ་རིགས་དང་། རྫའུ་རིགས་དང་དམངས་རིགས་ད ་མཐའ་ལས་སྐྱེས་པ་རྣམས་སོ།། ཀུན་སྤྱོད་ནི་མཚུངས་པར་གཅིག་ཏུ་བྱས་ཏེ་སྤྱོད་པའོ།། དེ་ཉིད་ཀྱིས་ནི་རིགས་གཅིག་ཏུ་བརྟག་པར་བྱ་ཞེས་གསུངས་ཏེ། འདིར་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ལ་བྱེ་བྲག་སྣ་ཚོགས་མེད་ཅིང་གཅིག་པ་ཉིད་དེ། ་རིགས་ཞེས་བྱ་བ་ནི་མིང་ཙམ་དུ་དགོངས་སོ།། བདུད་རྩི་ལྔའི་ངེས་པ་བསྟོན་པའི་ཕྱིར་སྦྲང་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁུ་བོ་ཉིད་དུ་གྱུར་པ་དང་། ཆགས་པ་ལས་བྱུང་བས་ན་སྦྲང་རྩི་ཁྲག་སྟེ་སྣང་བ་མཐའ་ཡས་སོ།། ག་བུར་ནི་དོན་ཡོད ་གྲུབ་པ་སྟེ། དེ་དང་ལྷན་ཅིག་ཏུ་གྱུར་པའི་སྦྲང་རྩི་ཁྲག་དེ་ལ་དེ་སྐད་ཅེས་བྱའོ།། ཙན་དན་ནི་རྣམ་པར་སྣང་མཛད་དོ།། དམར་པོ་ནི་རིན་ཆེན་འབྱུང་ལྗོན་ནོ།། རྡོ་རྗེ་མུ་ནི་མི་བསྐྱོད་པ་སྟེ། དེ་དག་བདུད་རྩི་ལྔར་ནི་འགྱུར་ཞེས་བྱ་བར་འབྲལ་ཏོ།། དངོས་གྲུབ ་ཐམས་ཅད་ནི་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་ཏེ། དེ་དག་སྒྲུབ་པར་བྱེད་པ་ནི་བདུད་རྩི་རྣམས་བསྟེན་པས་བགེགས་རྣམས་ཉེ་བར་ཞི་སྟེ་དངོས་གྲུབ་ཉེ་བར་འགྲུབ་པའོ།། མཐེ་བོང་སྲིན་ལག་ཅེས་བྱ་བ་ནི་གོ་སླའོ།། ཞི་བའི་བཏུང་བ་བཞིན ་མྱངས་ཞེས་བྱ་བ་ལ། ཞི་བ་ནི་ཟླ་བ་སྟེ་བྱང་ཆུབ་ཀྱི་སེམས་སོ།། བཏུང་བ་ནི་བདག་ཉིད་ཀྱིས་བཏུང་བ་དང་། དེ་ལ་ཡང་སྦྱིན་པ་སྟེ་སྙོམས་པར་ཞུགས་པའི་འབད་པ་ལས་བྱུང་བ་པདྨའི་གནས་སུ་ལོངས་སྤྱོད་པའོ།། དེ་ལྟར་ཡང་གསང་བའི་མཛོད་ལས ་རྣལ་འབྱོར་པ་ཡིས་བདག་ཉིད་འདི།། བྷ་གའི་དབུས་སུ་བསྒོམ་བྱས་ལ།། གང་ཞིག་བདུད་རྩི་འཛག་པའི་རྩ།། ལུས་ཀྱི་དབུས་ནས་བལྟ་བར་བྱ།། ཡང་ན་མི་ནུས་བག་མེད་པས།། ལས་ཀྱི་ཕྱག་རྒྱ་ཁྱད་པར་ཅན།། རང་གི་ལྷ་མོར་བྱས་ནུས་སུ།། འབད་པ ་ལས་བྱུང་། ཨུ་བ་ནི།། བཏུང་ཞིང་འཐུངས་དུག་གཞུག་པ་ཡིས།། གདོན་མི་ཟ་བར་སངས་རྒྱས་འགྱུར་ཞེས་གསུངས་སོ།། འདི་དག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ལས་རྣམས་ཀུན་ལ་ཞེས་བྱ་བ་ལ་སོགས་པས་ནི་ཡུལ་རྣམས་ལ་ཉེ་བར་སྤྱོད་པའི་བརྟུལ ་ཞུགས་བསྟན་པ་ཡིན་ཏེ། ལས་རྣམས་ཀུན་ནི་དྲག་པོ་དང་ཞི་བ་རྣམས་སོ།། ཐབས་ནི་སྒྲུབ་ཐབས་ཏེ་མངོན་པར་སྦྱང་བའོ།། ཇི་ལྟར་ཞེ་ན། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་སྟེ། བྱ་བ་ཐམས་ཅད་ལ་མི་རྟོག་པའི་སེམས་ཀྱིས་ཉེ་བར་སྤྱོད་པ་ནི་འདི་ནི་སེམས ་ཧཱུ~ཾ་སྒོ་ནས་བརྟུལ་ཞུགས་བསྟན་པའོ།། ཡང་ལས་རྣམས་ཀུན་ཞེས་བྱ་བ་ལ་སོགས་པས་ནི་ངག་གི་སྒོ་ནས་སོ།། ཐེ་ཚོམ་མེད་པའི་ཞེས་བྱ་བ་ལ་སོགས་པས་ནི་ལུས་ཀྱི་སྒོ་ནས་བསྟན་པའོ།། སྒྲ་ཟླ་ལ་སོགས་ཞེས་བྱ་བ་ལ་སྒྲའི་ཚོགས་ནི་སྒོ་ཟླ་སྟེ། སོགས་ཀྱིས ་ཀྱིས་ནི་སྒྱུ་མ་ལ་སོགས་པ་བཟུང་ངོ་།། རྫས་དངོས་ཀྱི་སྒྲ་ནི་འདྲ་བ་སྟེ། དཔེར་ན་ལྷ་བྱིན་གྱི་རྗེ་སུ་བྱེད་དེ་ཞེས་བྱ་བས་འདྲ་བ་གཟུང་བ་ཡིན་ཏེ། དེ་དང་འདྲ་བའི་དངོས་པོ་རྣམས་ལ་དེ་སྐད་ཅེས་བྱའོ།། དཔེར་ན་རབ་རིབ་ཀྱིས་ཉམས་པའི་མིག་གིས་མད་བཞིན་དུ་ཡང ་ན་མཁའ་ལ་སྐྲ་ཤད་ཀྱི་ཚོགས་མཐོང་བ་ལྟར་གཟུང་བ་ལ་སོགས་པ་མངོན་པར་ཞན་པའི་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཡུལ་གྱི་དངོས་པོར་སྣང་ངོ་ཞེས་བྱ་བའི་དོན་ཏོ།། ཅི་སྟེ་སྐྲ་ཟླ་ལ་སོགས་པ་དེ་ཁོ་ན་ཉིད་དུ་མེད་པས་དོན་བྱེད་མི་ནུས་པ་ལྟར་ཡུལ ་རྣམས་ཀྱང་སྣང་དུ་འོན་ཀྱང་དེ་ཁོ་ན་ཉིད་དུ་མེད་པ་ཡིན་ན། ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། མ་ཡིན་ཏེ། འདི་ལྟར་རྨི་ལམ་ན་སྐྱེས་པ་དང་བུད་མེད་གཉིས་ཀྱི་འདོད་པ་ཉེ་བར་སྤྱོད་པ་ལ་གཉིས་སྤྱོད་པ་མེད་བཞིན་དུ་ཡང་འདི་ལྔར་སད་པའི་དུས་ན ་ཁུ་བ་འབྱིན་པའི་བྱ་བ་བྱེད་པ་ཡོད་དེ། དེ་བཞིན་དུ་འདི་ལྟར་ཡང་བག་ཆགས་ཀྱིས་དཀྲུགས་པའི་དབང་གིས་མེད་བཞིན་དུ་ཡང་དོན་ཏད་པ་ལ་འགལ་བ་མེད་དོ།། འདི་ལྟར་གཅིག་དང་དུ་མ་དང་བྲལ་བའི་རིགས་པས་གནོད་པའི་ཕྱིར་དེ་ཙམ་གྱིས་དོན་དམ་པར་ཡོད་པ ་ནི་མ་ཡིན་ནོ།། དེ་བོས་ནི་བག་ཆགས་ཀྱིས་དཀྲུགས་པའི་སེམས་ཙམ་པོ་དེ་ཉིད་དོན་དུ་སྣང་བར་འབྱུང་གི་ཕྱི་རོལ་དོན་ཡོད་པ་མ་ཡིན་ནོ།། དེ་ཡང་སློབ་དཔོན་དབྱིགས་གཉིས་ཀྱིས་གསུངས་པ། འདི་དག་རྣམ་པར་རིག་ཙམ་འདི།། ཡོད་པ་མ་ཡིན་དོན་སྣང་ཕྱིར།། ། ་དཔེར་ན་རབ་རིབ་ཅན་དག་གིས།། སྐུ་ཟླ་ལ་སོགས་མེད་མཐོང་བཞིན།། ཞེས་བྱ་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་སྟེ་རྒྱལ་བའི་སྲས་ངག་ཁམས་གསུམ་པ་ནི་སེམས་ཙམ་མེ་ཞེས་གསུངས་སོ།། སེམས་དང་རྣམ་པར་རིགས་པ་ནི་རྣམ་གྲངས ་སྐད་དུ་སེམས་དང་ཡིད་རྣམ་པར་ཤེས་པ་དང་རྣམ་པར་རིག་པ་ནི་རྣམ་གྲངས་སོ།། ཞེས་གསུངས་པའི་ཕྱིར་རོ།། གལ་ཏེ་གཟུགས་ལ་སོགས་པ་མེད་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་མདོ་ལས་གསུངས་ཞེ་ན། དེ་དག་དོན་དམ་པར་མེད་མོད་ཀྱི་སྐུ ་རྣམས་འདུལ་བའི་ཕྱིར་གསུངས་པར་གཟུང་སྟེ། ཇི་སྐད་དུ་ཡང་། གཟུགས་ལ་སོགས་པའི་སྐྱེ་མཆེད་ཡོད་པར་ནི།། ངེས་འདུལ་བ་ཡི་སྐྱེ་བོ་ལ། དགོངས་པོའི་དབང་གིས་གསུངས་པ་སྟེ། རྫུས་ཏེ་བྱུང་བའི་སེམས་ཅན་བཞིནོ།། ཞེས་གསུངས ་ཡིན་ནོ།། དེ་ལྟ་མོད་ཀྱི་འདིར་ཅུང་ཟད་ཅིག་དཔྱད་པར་བྱ་སྟེ། གཟུགས་ལ་སོགས་པའི་ཡུལ་འདི་དག་རྣམ་པར་ཤེས་པ་ལས་མ་གཏོགས་པའི་དངོས་པོར་ཡོད་ན་དེ་ལྟར་བྱེ་བྲག་པ་རྣམས་ཀྱིས་ཡན་ལག་ཅན་གྱི་ངོ་བོར་བརྟགས་པ་རགས་པ་གཅིག་པུ་ཞིག ་གམ།། པྲ་བ་དུ་མར་འགྱུར་གྲངས། དེ་དག་ནི་འགོལ་བའི་ཕྱིར་དེ་ལས་གཞན་པའི་གསུམ་པ་ནི་མི་སྲིད་དེ།། དེ་ལ་ཡན་ལག་ཅན་གཅིག་པུ་ནི་ཡུལ་མ་ཡིན་ཏེ། ཡན་ལགས་ལས་མ་གཏོགས་པར་ཡན་ལག་ཅན་འཛིན་པ་ནི་མ་མཐོང་སྟེ། འདི ་ལྟར་བུམ་པ་དང་སྣམ་བུ་ལ་སོགས་པ་ཐམས་ཅད་ལ་ལྷོ་དང་མགྲིན་པ་ལ་སོགས་པ་དང་། རྒྱུ་དང་སྤྱན་གྱི་སྣལ་མ་ལས་མ་གཏོགས་པར་བུམ་པ་དང་སྣམ་བུ་ལ་སོགས་པའི་ཡན་ལག་ཅན་དུས་ཐམས་ཅད་དུ་ཉམས་མྱོང་བ་མེད་པའི་ཕྱིར་རོ།། ཕྲ་རབ ་དུ་མ་ཡང་ཡུལ་མི་ཡིན་ཏེ། དེ་ཡང་འདི་ལྟར་ཡུལ་དུ་གྱུར་པ་ན་རྡུལ་ཕྲ་རབ་རྣམས་ཕན་ཚུན་མ་རིག་པར་ཉེ་བའི་མཐུ་ཙམ་གྱིས་འཛིན་པ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཁས་བླངས་པ་ལྟ་བུ་ཞིག་གུམ། དེ་དག་ཕན་ཚུན་རེག་སྟེ་འདུག་པ་ཞིག་ཡུལ ་དུ་འགྱུར་གྲང་།། རེག་པ་དང་མ་རེག་པ་འགལ་བས་གསུམ་པ་ནི་མི་སྲིད་དོ།། དེ་ལ་ཕྲ་མོ་ཕྲག་ཅན་རྣམས་ཀྱང་ཡུལ་མ་ཡིན་ཏེ། ཚུ་རོལ་མ་ཐོང་བ་རྣམས་ཀྱིས་དེ་དག་མི་འཛིན་པའི་ཕྱིར་རོ།། དེ་དག་ལྟར་ཕ་རོལ་པ་ཉིད་ཀྱིས་ཀྱང་ཁས ་བླངས་ཏེ། འདི་ལྟར་རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པའི་ཕྱིར་རོ།། ཞེས་གང་སྨྲས་པ་ཡིན་ནོ།། དེ་དག་འདུས་པའང་ཡུལ་མ་ཡིན་ཏེ། རྫས་སུ་མེད་པའི་ཕྱིར་རོ།། དེ་ཅིའི་ཕྱིར་ཞེ་ན་འདི་ལྟར་རྡུལ་ཕྲ་རབ་རྫསུ་མ་གྲུབ ་པའི་བྱེད་ཏོ། གལ་ཏེ་རྡུལ་ཕྲ་རབ་རྫ་སུ་གྲུབ་ན་ནི་དེ་དག་སོ་སོར་ཐ་དད་པའམ། འདུས་པ་ཞིག་ཡུལ་དུ་འགྱུར་བ་སྲིད་ན་དེ་མ་ཐག་བ་ན་དཔྱད་པ་དེ་ཉྀད་ག་ལ་འཇུག། དེ་ལྟར་ཡང་། ད་ནི་གཅིག་ན་ཡང་ཡུལ་མིན་ལ། བླ་རབ་རྡུལ ་དུ་དུ་མའང་མིན། དེ་དག་འདོས་པ་འང་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར་ཞེས་གསུངས་སོ།། དེ་ཇི་ལྟར་མི་འགྲུབ་ཅི་ན། འདི་ལྟར་ཡུལ་རྣམས་འདུས་པ་ནི་ཕན་ཚུན་རག་ཅིང་སྦྱར་བའི་རྣམ་གྲངས་ཡིན་ན་དབུས་ནས་གནས་པའི་རྡུལ་ལ ་ཕྱོགས་དྲུག་ན་གནས་པའི་རྡུལ་རྣམས་ཀྱིས་སྦྱོར་བས་ན། ཕྱོགས་སོ་སོ་ཐ་དད་པ་ནས་སྦྱོར་རམ།། འོན་ཏེ་ཕྱོགས་གཅིག་ནས་སྦྱོར། ཕྱོགས་ཐ་དད་ནས་སོ་ཞེ་ན། དེའི་ཚེ་དབུས་ན་གནས་པའི་རྡུལ་སྦྱོར་བ་པོའི་བྱེ་བྲག་གིས་སྦྱོར་བར་བྱ་བ་ཆ ་དྲུག་ཏུ་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། གཅིག་གི་གོ་གང་ཡིན་པ་དེར་གཞན་མི་འབྱུང་བའི་ཕྱིར་ཏེ། འདི་ལྟར་དབུས་ན་འདུག་པའི་རྡུལ་ཕྲ་རབ་ཀྱི་ཕྱོགས་ཀྱི་ངོས་ལ་སྦྱར་བའི་རྡུལ་ཕྲ་རབ་བཞིན་གྱིས་གོ་སྐབས་མེད་པས་ཕྱོགས་གཞན་དུ་གནས་པར་བྱ ་དངོས་སོ།། དེས་ན་ཆ་དྲུག་ཏུ་གྲུབ་པས་རྫས་སུ་ཡོད་པར་ག་ལ་འགྱུར།། ཕྱོགས་གཉིས་པ་ལྟར་ན་ཡང་གོང་བུ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་ཏེ། འདི་ལྟར་རྡུལ་གཅིག་གི་གོ་གང་ཡིན་པ་དེར་དྲུག་པོ་རྣམས་འདུ་བའི་ཕྱིར་ཏེ། གོ་གཅིག་པོས ་གོང་བུ་ཐམས་ཅད་རྡུལ་ཙམ་དུ་འགྱུར་རོ།། ག་ལས་ཤེ་ན་ཕན་ཚུན་ཐེ་དད་པ་མེད་པའི་ཕྱིར་ཏེ། འདི་ལྟར་རྡུལ་ཕྲ་རབ་ཐམས་ཅད་ཐ་དད་པ་མེད་པའི་ཕྱིར་གོང་བུ་རི་རབ་ལ་སོགས་པ་གང་ཡང་སྣང་བར་མི་འགྱུར་རོ།། དེ་ལྟར་ཡང་གསུངས་པ། དྲུག ་གིས་གཅིག་ཅར་སྦྱར་བ་ན།། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར།། དྲུག་པོ་དག་གི་གོ་གཅིག་ན།། གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར།། ཞེས་གསུངས་སོ།། ཡན་ལག་ཅན་དང་ཡན་ལག་དུ་མའང་རུང་། ཅིག་ཅར་ཡུལ་ཉིད་དུ་དགག་པ་དང་། ཆོས་ཐམས ་ཅད་རང་བཞིན་མེད་པའི་ལྟ་བ་གཞུང་གཟུགས་པའི་ཕྱིར་དངོས་པོ་ཐམས་ཅད་ཀྱི་རྩ་བ་རྡུལ་ཕྲ་རབ་ལ་གཏན་ཚིགས་ཀྱི་རྩེ་བ་གཅིག་དང་དུ་མ་དང་བྲལ་བ་བསྒྲུབ་པའི་ཕྱིར་དབུ་མ་རྒྱན་གྱི་བསྟན་བཅོས་ལས་གསུངས་པ། འདི་ལྟར་ཅུང་ཟད་ཅིག་བརྗོད ་པར་བྱ་སྟེ། དེ་ལས་ཇི་སྐད་དུ་སྦྱར་བའམ་ནི་བསྐོར་བའམ། བར་མེད་རྣམ་པར་གནས་ཀྱང་རུང་། དབུས་ནས་རྡུལ་ཕྲན་རྡུལ་གཅིག་ལ།། བལྟས་པའི་རང་བཞིན་གང་ཡིན་པ།། རྡུལ་ཕྲན་གཞན་ལ་བལྟ་བ་ཡང་།། དེ་ཉིད་གལ་ཏེ་ཡིན་བརྗེད་ན།། དེ་ལྟ་ཡིན ་ན་ཇི་ལྟར་ཡང་།། ས་ཆུ་ལ་སོགས་རྒྱས་འགྱུར་རམ།། ཞེས་གསུངས་སོ།། འདིའི་དོན་ནི་འདི་ཡིན་ཏེ། ཕྱོགས་བཅུ་ནི་རྣམ་པར་གནས་པའི་རྡུལ་ཕྲ་མོ་རྣམས་ཀྱི་དབུས་ན་གནས་པའི་རྡུལ་ཕྲ་རབ་གང་ཡིན་པ་དེ་ཤར་ཕྱོགས་ན་གནས་པའི་རྡུལ་ཕྲ་རབ ་ལ་སོགས་བལྟས་པའི་ཆུ་དེ་ཉིད་ཀྱི་ཕྱོགས་ལྷག་མ་ན་གནས་པའི་རྡུལ་ཕྲ་རབ་རྣམས་ལ་བལྟས་པ་ཡང་ཡིན་ནི་ནི་དེའི་ཚེ་ཆ་དེ་ལ་བལྟས་པ་ཡིན་པའི་ཕྱིར་ཤར་ཕྱོགས་ན་གནས་པའི་རྡུལ་ལྟར་བྱེགས་ན་གནས་ལྷག་མ་ན་གནས་པ་རྣམས་དོན་ཇི ་ལྟ་བ་བཞིན་དུ་མི་འགྱུར་རོ།། དེས་ནི་ཆ་ཤས་སྣ་ཚོགས་མེད་པའི་ཕྱིར་སའི་དཀྱིལ་འཁོར་ལ་སོགས་པ་ཇི་ལྟར་རྒྱས་པར་འགྱུར། འོན་ཏེ་གཞན་ལ་ལྟ་བའི་ཆ་དང་ཐ་དད་པར་འདོད་དོ་ཞེས་ནོ། བལྟ་བར་བྱ་བའི་གྲངས་བཞིན་དུ་ལྟ་བ་པོའི་ཆ ་བཅུར་གྱུར་པ་ཡིན་ནོ།། དེས་ན་གཅིག་ཉིད་མེད་ལ་དུ་མའང་མེད་དོ་ཞེས་བྱ་བར་སྦྱར་ཏེ། དེ་ནི་དེ་ལ་རག་ལས་པའི་ཕྱིར་རོ།། དེ་ལྟར་རྡུལ་ཕྲ་རབ་རང་བཞིན་མེད་པ་ཉིད་ཀྱི་ཕྱིར་ཡནྟ་ལག་ཅན་གྱི་རྫས་ལ་སོགས་པ་ཕྱི་རོལ་པས་བརྟགས ་བ་དང་། མིག་དང་གཟུགས་ལ་སོགས་པ་ཐམས་ཅད་རང་བཞིན་དང་བྲལ་བས་ཚེགས་མེད་པར་གྲུབ་སྟེ་དེ་ཡང་གསུངས་པ། རྡུལ་ཕྲག་ན་རང་བཞིན་མེད་གྲུབ་པ།། དེ་ཕྱིར་མིག་དང་རྫས་ལ་སོགས།། བདག་དང་གཞན་སྨྲས་མིང་པོ་དག། རང ་བཞིན་མེད་པར་མངོན་པ་ཡིན་ཞེས་བྱ་བ་སྟེ། འདི་ལྟར་མིག་དང་གཟུགས་ལ་སོགས་པ་ཡུལ་དུ་ལྕེ་དང་། དབང་པོ་ལྔ་པོ་རྣམས་ནི་རྡུལ་ཕྲ་རབ་བསགས་པ་ཡིན་པར་བརྗོད་ལ། དེ་མེད་ན་དེ་དག་ཀྱང་མི་རུང་ངོ་།། འདི་ལྟར་མིག་དང་གཟུགས་རྣམ ་ལ་རྐྱེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དེ་ལ་བརྟེན་པ་དང་། དམིགས་པ་རྣམ་པར་ཤེས་པའི་ཁམས་ལྔ་ཡང་དེ་མེད་ན་ཅི་ལ་དམིགས་ཏེ་སྐྱེ་བར་འགྱུར། རྣམ་པར་ཤེས་པའི་ཁམས་ལྔ་མེད་ན་དེ་མ་ཐག་པའི ་རྐྱེན་ངེས་མངོན་པར་བསྒྲུབས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡང་མི་འཐད་པ་ཉིད་དོ།། དེ་ལྟར་ཚོགས་དྲུག་པོ་མ་གྲུབ་ན་རྣམ་པར་ཤེས་པ་དེ་དག་འདས་མ་ཐག་པའི་ཡིད་ཀྱང་མི་འགྲུབ་པ་སྟེ། དྲུག་པོ་འདས་མ་ཐག་པ་ཡི།། རྣམ་ཤེས་གང་ཡིན་དེ ་ཡིད་དོ།། ཞེས་འབྱུང་བའི་ཕྱིར་རོ།། དེ་ལྟར་སེམས་ཀྱི་རང་བཞིན་མ་གྲུབ་ན་ཚོར་བ་ལ་སོགས་པའི་སེམས་ཅན་ལས་བྱུང་བ་ཡང་རང་བཞིན་མེད་པ་ཉིད་དེ། འདི་ལྟར་དེ་དང་གྲུབ་པ་དང་བདེ་བ་གཅིག་པས་དེ་ལ་རག་ལས་པའི་ཕྱིར་རོ།། དེ་ལྟར་གཟུགས ་དང་སེམས་ལས་བྱུང་བ་རྣམས་མ་གྲུབ་ན་མི་ལྡན་པའི་འདུ་བྱེད་རྣམས་ཀྱང་རང་བཞིན་མེད་པ་ཉིད་དོ།། དེ་དག་ནི་དེ་དག་གི་གནས་སྐབས་ཡིན་པའི་ཕྱིར་རོ།། རྣམ་པར་རིག་བྱེད་མ་ཡིན་པ་ཡང་འབྱུང་བ་ཆེན་པོ་རྣམས་ལ་རག་ལས་པའི་ཕྱིར་རང ་བཞིན་མེད་པར་གསལ་བ་ཡིན་ནོ།། དེ་བཞིན་དུ་རྡལ་གཉིས་པ་ལ་སོགས་པའི་ཡན་ལག་ཅན་གྱི་རྫས་དང་། གཟུགས་དང་སྒྲ་ལ་སོགས་པའི་ཡོན་ཏན་རྣམས་དང་། འདེབས་པ་དང་སྡུད་པ་ལ་སོགས་པའི་ལས་རྣམས་དང་། སྤྱི་དང་ཁྱད་པར ་ལ་སོགས་པ་གཞན་གྱིས་བརྟགས་པའི་དངོས་པོ་རྣམས་རང་བཞིན་མེད་པར་གསལ་བ་ཉིད་དེ། དེ་དག་ནི་དངོས་དང་བརྒྱུད་དེ་བརྩམས་པ་དང་། བརྟེན་པ་དང་ཉེ་བར་བརྟེན་པ་ལ་སོགས་པ་དངོས་དང་བརྒྱུད་དེ་འབྲེལ་པ་ཡིན་པའི་ཕྱིར་རོ།། དེ་སྐད ་དུ་ཡང་དེ་ཡི་རང་བཞིན་དེ་བརྩམས་དང་། དེ་ཡོན་ཏན་དེ་ལ་བདག། དེ་ཡི་སྤྱི་དང་ཁྱད་པར་ཡང་།། དེ་དག་དེ་དང་ལྡན་པ་ཅན།། ཞེས་གསུངས་པའི་ཕྱིར་རོ།། གཞན་གྱིས་བརྟགས་པའི་ནམ་མཁའ་དང་དུས་དང་ཕྱོགས་དང་ཡིད་ལ་སོགས་པ་རྣམས ་ཀྱང་གཅིག་དང་དུ་མ་དང་འགལ་བ་ཉིད་དེ། ཕྱོགས་ཐ་དད་པ་ཅན་གྱི་བུམ་པ་ལ་སོགས་པ་དང་འབྲེལ་པ་དེ་དག་གཅིག་དང་འབྲེལ་པའི་རང་བཞིན་གང་ཡིན་པ་དེ་གཞན་དང་འབྲེལ་པ་ཅན་ཡང་ཡིན་ན་དེ་གཅིག་པུའི་བདག་ཉིད་ཡིན་པ་བཞིན་དུ་གནས ་གཞན་ཡང་དེ་དང་ཐ་དད་པ་མ་ཡིན་པར་འགྱུར་རོ།། འོན་ཏེ་ཕྱོགས་ཐ་དད་ན་ནི་རང་བཞིན་དེ་ཉིད་གཞན་དང་འབྲེལ་པ་ཅན་ཡང་མ་ཡིན་པར་ཡང་འགྱུར་ཏེ། དེའི་ཚེ་གཞོང་བུ་དུ་མ་ན་འདུག་པའི་རྒྱུ་ཤུག་གི་འབྲས་བུ་ལྟར་གཅིག་ཉིད་མ་གྲུབ་པའོ།། དེ་སྐད་དུ ་ཡང་ཐ་དད་ཕྱོགས་དང་འབྲེལ་པས་ནི། ཁྱབ་རྣམས་གཅིག་པུར་ག་ལ་འགྱུར་ཞེས་གསུངས་ཏེ། དེ་ལྟར་གཅིག་ཉིད་མེད་ལ་དེས་ན་དུ་མ་ཉིད་དང་ཡང་འགལ་ཏེ། དོན་སྔོན་དུ་འགྲོ་བའི་ཕྱིར་རོ།། དེ་ཡང་གསུངས་པ་གང་ལ་གཅིག་ཉིད་ཡོད ་མིན་པ། དེ་ལ་དུ་མ་ཉིད་ཀྱང་མེད་ཅེས་པའོ།། ཁ་ཅིག་གང་ཟག་ཅེས་བྱ་བ་སྐད་ཅིག་མ་དང་སྐད་ཅིག་མ་མ་ཡིན་པ་གཉིས་ཀར་བསྟན་དུ་མེད་པའི་དངོས་པོར་ཁས་ལེན་པ་དེ་དག་ལ་ཡང་དངོས་པོ་གཉིས་མེད་པར་སློ་བ་ཉིད་དེ། འདི་ལྟར་སྐད་ཅིག་པ་ཡིན་ན་མི་སྔ་མ་ཞིག ་ལས་རང་བཞིན་གཞན་སྐྱེ་བའི་ཕྱིར་དུ་མ་ཉིད་ཡིན་ལ། སྐད་ཅིག་པ་མ་ཡིན་ན་ནི་སྔ་མ་ཉིད་མ་ཞིག་པ་དང་གཞན་མི་སྐྱེ་བའི་ཕྱིར་གཅིག་པ་ཉིད་ཡིན་ནོ།། དེ་གཉིས་ཀར་བསྟན་དུ་མེད་པ་ནི་རང་བཞིན་ཉིད་ཀྱིས་གཅིག་དང་དུ་མ་དང་བྲལ་བར་སྨྲས་པ་ཡིན་ནོ།། དེ་ཡང ་སྐད་ཅིག་སྐད་ཅིག་མ་ཡིན་པརོ། གང་ཟག་བསྟན་དུ་མི་རུང་བ།། གཅིག་དང་དུ་མའི་རང་བཞིན་དང་།། བྲལ་བ་ཉིད་དུ་གསལ་བ་ཡིན་ཞེས་གསུངས་སོ།། དེ་ལྟ་མོད་ཀྱི་རྣམ་པ་གཞན་དུ་དཔྱད་པར་བྱ་སྟེ། འདི་ལྟར་དངོས་པོའི་དེ་ཉིད་ལ་ཁྱབ་པར་བྱེད་པ་ནི་དོན་བྱེད་ནུས་པ ་ཡིན་ལ། ཕ་རོལ་པོས་ཁས་བླངས་པའི་རྟག་པའི་དངོས་པོ་ཐམས་ཅད་ལ་དེ་སྲིད་དེ། ཡང་དག་པར་ན་རིམ་དང་ཅི་ཅར་གྱིས་དོན་པང་ནུས་པ་མེད་པའི་ཕྱིར་རོ།། འདི་ལྟར་རེ་ཞིག་རྒྱུ་རིམ་ཅན་མ་ཡིན་པས་རིམ་གྱིས་དོན་བྱེད་པར་མི་འཐད་དེ། རྒྱུ་ནུས་པ་ཐོགས་པ་མེད ་བར་ཡོད་པ་ཡང་འབྲས་བུ་རེས་དགའ་མོ་བསྐྱེད་པ་མི་སྲིང་ལ་རྒྱུ་མཚར་བ་མེད་པ་ཡང་རེས་འགའ་དེ་ལས་མི་འབྱུང་བ་མི་སྲིང་པོས་ཇི་ལྟར་རིམ་གྱིས་དོན་བྱེད་པར་འགྱུར་ཏེ། ཡང་ན་ནི་བསྐྱང་བར་འདོད་པའི་དུས་བཞིན་དུ་གཞན་དུ་ཡང་ན་ན་མོ་བསྐྱེད་པར་འདོད ་ཞིན་དུ་གཞན་དུ་ཡང་བསྒྱུང་བ་བ། དུང་བྱ་སྟེ། དངོས་པོ་རྟག་པ་གཞན་གྱིས་བགས་བྱུང་དུ་སྣང་བ་རྣམས་ནང་ལ་བཟླས་ཐམ་ཡང་འའགྱུར་།། ག་ཅར་བྱེད་བུ་ཡང་མ་ཡོན་ཏེ། ངན་བྱེང་པ་ང་བཞིན་དེ་ལྟ་བུ་ཞིག་རྟག་ཏུ་ས་འཐདག། ་འབྲས་བུ་བསྐྱེད་པ་དང་མི་འབྲལ་བའི་ཕྱིར་དེས་བསྐྱེད་པར་བྱེ་བའི་འབྲས་བུ་ཐམས་ཅད་དུས་རྟག་ཏུ་སྐྱེ་བའི་ཕྱིར་ན་མཁའི་ཁམས་སྤྱ་ནི་ཤོང་བར་འགྱུར་རོ།། ཅི་སྟེ་མི་འབྲང་ན་ནི་ང་ཉིང་རྟག་པ་ཉིད་ཉམས་པ་ཡིན་ནོ།། དེ་ལྟར་དོན་བྱེད་པ་ནུས་པ་ཁྱབ་པར་བྱེད ་པ་ལོག་ན་དངོས་པོའི་མཚན་ཉིད་ཁྱབ་པར་བྱ་བ་ཡང་ལྡོག་པ་ཁོ་ན་ཏེ། གཞན་དུ་ན་དེས་མ་ཁྱབ་པར་ཐལ་བར་འགྱུར་བའི་ཕྱིར་རོ།། ཚུལ་དེ་ལྟར་ན་རྟག་པ་དང་མི་རྟག་པའི་དངོས་པོ་ཐམས་ཅད་ལ་གཅིག་པ་ཉིད་མེད་པས་དུ་མ་ཉིད་ཀྱང་མེད་པ་སྟེ། དེ་ནི་དེ ་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ།། དེ་སྐད་དུ་ཡང་དངོས་པོ་གང་གང་རྣམས་དཔྱད་པ་ན། དེ་དང་དེ་ལ་གཅིག་ཉིད་མེད།། གང་ལོ་གཅིག་ཉིད་ཡོད་མིན་པ།། དེ་ལ་དུ་མ་ཉིད་ཀྱང་མེད་ཅེས་གསུངས་སོ།། དེ་གཉིས་ལས་མ་གཏོགས་པའི་རྣམ་པ་གསུམ་པ ་ངག་ཀྱང་མི་སྲིད་དེ། དེ་གཉིས་ཕན་ཚུན་འགལ་བའི་ཕྱིར་དངོས་པོའི་རིགས་ལོ་ཁྱབ་པར་བྱེད་པ་ཡིན་ནོ།། དེ་ཡང་ཇི་སྐད་དུ་གཅིག་དང་དུ་མ་མ་གཏོགས་པར། རྣམ་པ་གཞན་དང་ལྡན་པ་ཡི།། དངོས་པོ་མི་རུང་འདི་གཉིས་ནི།། ཕན་ཚུན་སྤངས་ཏེ་གནས་ཕྱིར ་རོ། ཞེས་གང་གསུངས་པའོ།། དེ་ལྟར་ཡང་དག་པར་གཅིག་དང་དུ་མའི་རང་བཞིན་ལོག་ན། གཟུགས་བརྙན་ལྟར་དངོས་པོའི་རང་བཞིན་གྱི་ཚོགས་ལྡོག་པ་ཡིན་ཏེ། དེ་དེའི་རང་བཞིན་ཡིན་པའི་ཕྱིར་རོ།། གཟུགས་བརྙན་ལ་སོགས་པ་ཡང་དངོས་པོ་ཉིད་དུ་རུང ་བ་མ་ཡིན་ཏེ། འདི་ལྟར་བཞིན་ཉིད་མ་ལང་གི་ནང་དུ་ཞུགས་པར། གཟུགས་བརྙན་གཞན་ཞག་དང་བྱུང་བ་འམ། མ་ལོང་ལ་ཚིག་གི་འང་གྲོང་ནས་བཞིན་ཉིད་མཐོང་བ་འམ། རྣམ་པར་ཤེས་པ་ཉིད་ཡིན་ནོ་ཞེས་བྱ་བར་འགྱུར་གྲང ་ན། དེ་ལ་རེ་ཞིག་གཟུགས་གཞན་ཞིག་དར་འབྱུང་བ་ནི་མ་ཡིན་ཏེ། ལུས་ཅན་རྣམས་ཐོགས་པ་དང་བཅས་པའི་ཕྱིར་ཡུལ་གཅིག་པ་མི་རིགས་པའི་ཕྱིར་རོ།། མེ་ལོང་ལ་གྲེང་བའི་འོད་ཀྱིས་བཞིན་མཐོང་བ་ཡང་མ་ཡིན་ཏེ། འདི་ལྟར་བཞིན་ཁ ་ཤར་དུ་བལྟས་པ་བཞིན་དུ་གཟུགས་བརྙན་ནུབ་ཏུ་བལྟས་པར་སྣང་བ་དང་། བཞིན་ཆེན་པོ་གཟུགས་བརྙན་ཆུང་ངུར་སྣང་བ་དང་། ཆུ་འགྲམ་ལ་སོགས་པོའི་ལྗོན་ཤིང་གྱེན་དུ་བལྟས་པར་སྣང་བ་ལ་སོགས་པས་རྣམ་པར་མི་མཐུན་པར་སྣང་བའི ་སྦྱོར་རོ།། རང་གི་བཞིན་ཉིད་ཞུགས་པ་ཡང་མ་ཡིན་ཏེ། གོང་དུ་ཐལ་བའི་སྐྱོན་ཐམས་ཅད་ཡོད་པའི་ཕྱིར་རོ།། གཟུགས་བརྙན་མ་ཡིན་པར་འགྱུར་བའི་ཕྱིར་རོ།། ཤེས་པ་ཉིད་ཀྱང་མ་ཡིན་ཏེ། ལུས་ཅན་མ་ཡིན་པ་ཡུལ་ན་ནི་གནས་པའི་ཕྱིར་རོ།། འདིར ་སྤྲོས་པ་དང་བཅས་པའི་སྦྱོར་བ་ནི་དབུ་མའི་བསྟན་བཅོས་སུ་བལྟ་བར་བྱའོ།། དེ་ལྟར་ངོ་བོ་ཉིད་མདོ་དུ་སེམས་ཀྱི་སྣང་བ་ཙམ་ཉིད་དུ་བསྟན་པ་འདིས་ཚོས་ལ་བདག་མེད་པ་ཉིད་དུ་འཇུག་པར་འགྱུར་ཏེ། དེ་སྐད་དུ་ཡང་དབྱིག་གཉེན་གྱི་ཞལོ་ནས་རྣམ ་བྱར་རིག་བཅོམ་ཉིད་གཟུགས་ལ་སོགས་པའི་ཆོས་སུ་སྣང་བར་འབྱུང་སྟེ། གཟུགས་ལ་སོགས་པའི་མཚན་ཉིད་ཀྱི་ཆོས་གང་ཡང་མེད་པར་རིག་ནས་འཇུག་གོ།། གལ་ཏེ་ཆོས་རྣམས་ཐམས་ཅད་དུ་མངན་རྣམ་པར་རིག་པ་ཙམ་དུ་ཇི་ལྟར་བཞག ་ཅེ་ན། ཆོས་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་གྱི། གང་བྱིས་པ་རྣམས་ཀྱིས་ཆོས་རྣམས་ཀྱི་རང་བཞིན་ཀུན་ཏུ་བརྟགས་པའི་བདག་ཉིད་ངས་དེ་དག་བདག་མེད་ཀྱི། སངས་རྒྱས་རྣམས་ཀྱི་ཡུལ་གང་ཡིན་པ་བརྗོད་དུ་མེད་པའི་བདག་ཉིད་ཀྱིས་ནི་མེད་པ ་མ་ཡིན་ནོ།། དོན་འདི་གསང་བ་འདུས་པའི་རྒྱུད་ལས་ཀྱང་གསུངས་ཏེ། དངོས་པོ་ཐམས་ཅད་དང་བྲལ་བ། ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི།། གཟུང་དང་འཛིན་པ་རྣམ་སྤོངས་པ།། ཆོས་བདག་མེད་པ་དང་མཉམ་པ་ཉིད།། རང་སེམས་གདོད་ནས ་མ་སྐྱེས་པ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་བྱ་བ་དང་། ལང་ཀར་གཤེགས་པ་ལས་ཀྱང་། ཇི་ལྟར་བྲིས་པས་རྣམས་བརྟགས་ལྟར།། ཕྱི་རོལ་དོན་དུ་ཡོད་མ་ཡིན།། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས།། དོན་ལྟར་སྣང་བར་ཡང་དག་འབྱུང ་ནས་བྱ་བ་དང་། ཏཏྟ་སྣང་ཐ་ལས་ཀྱང་རིགས་ཀྱི་བུ་རང་གི་སེམས་དུ་ནི་རང་བཞིན་གྱིས་རྣམ་པར་དགེ་ཙོང་འོད་གསལ་བ་ཡིན་ཏེ། དེ་ལ་ཛི་ལྟ་ཇི་ལྟར་བརྟགས་པ་དེ་ལྟ་དེ་ལྟར་འགྱུར་ཏེ། དཔེར་ནི་སྣམ་བུ་དཀར་པོ་ལ་ཆེན་གྱིས་ཁེ་བསྒྱུར་བ་བཞིན ་ཞེས་གསུངས་སོ།། ཤིན་ཏུ་སྤྲོས་པས་ཆོག་སྟེ། ད་ནི་གཉུག་མ་ཉིད་བརྗོད་པར་བྱའོ།། ཡུལ་རྣམས་མ་ལུས་བསྟན་བྱེད་པ་ཞེས་བྱ་བ་ནི་རྣམ་པ་དུས་ཡུས་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། དེ་ཉིད་གཅིག་ཏུ་ངས་པའི་དཀའ་ཐུབ་བོ།། འདའ་ངས ་བ་ནི་འདིར་གཅིག་ཏུ་འདའ་བར་བྱ་བ་མ་ཡིན། པའོ།། གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ལས་རྣམས་ཐམས་ཅད་ནི་ལུས་ལ་སོགས་པའི་རྣམས་ཏེ། ལས་དེ་དག་ལ་ཤེས་རབ་ཅེས་བྱ་བ་ཐོས་པ་དང་བསམ་པ་དང་བསྒོམ་པ་ལས་བྱུང་བསྒྱུར ་བ་སྟེ་རྣམ་པར་དུག་དུང་བྱ་བའོ།། དེ་ཡང་སྣང་དུའི་གནས་སུ་སྦྱར་ཏཱི་ཞེས་བྱ་བ་ནི་རྒྱུ་ལ་སོགས་པ་སྟོང་པ་ཉིད་དུ་སྦྱར་བ་སྟེ་ཡེ་ཤེས་ཀྱིས་བསྒོམ་པར་བྱའོ།། བདག་གཞན་ཞེས་བྱ་བ་ནི་བྷངག་དང་གཞན་གྱི་དོན་བྱེད་པའི་ཕྱིར་རོ།། རྣམ? ་བར་མི་རྟོག་ཅེས་བྱ་བ་ནི་དངོས་པོ་རྣམས་སོ།། ཤེས་རབ་ནི་སྟོང་པ་ཉིད་དེ་མཚུངས་པ་ནི་གསོལ་བའི་ཡིན་ལ། དེ་རྣམ་པར་མི་རྟོག་པའི་སེམས་ཀྱིས་སྦྱར་ཏེ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ།། དོག་མང་ནི་འཇིགས་པ་མོད་བུའོ།། སྤྱོད་པ་ནི ་རྣམ་པར་བཞག་པའོ།། ཀུན་སྤྱོད་ནི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ། བདོག་མེད་པའི་དཀྱིལ་འཁོར་གྱི་འཁོར་ལོ་རྣམ་པར་བཞག་པ་ཉིད་དཀའ་ཐུབ་བོ།། ཤེས་རབ་ཐབས་ནི་སྟོང་པ་ཉིད་དང་སྙིང་རྗེའི་བདག་ཉིད་ཀྱི་སེམས་ཏེ། དེ་མོ་གཏོགས ་དོན་རྣམ་པ་གཞན་དུ་སེམས་གཡོ་བའོ།། ངེས་པ་ནི་དཀའ་ཐུབ་ཅེས་བྱ་བྱ་དང་སྟེང་བ་ཞེས་བྱ་བ་གཉིས་ཀ་དང་སྦྱར་རོ།། བྱང་ཆུབ་ཆེན་པོ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་སྟེ། མཆོག་ཏུ་ཟག་པ་མེད་པའི་བདེ་བའོ།། སྟེར་ངན ་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱི་ངེས་པའི་དཀའ་ཐུབ་དེ་ངེས་པར་སྦྱར་བའོ།། བྱང་ཆུབ་དེ་ཡང་བརྩོན་འགྲུས་ཀྱིས་འཐོབ་པར་བསྟན་པའི་ཕྱིར། རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་རྟོག་པ་དང་བྲལ ་ས་རྣམ་པར་མི་རྟོག་པ་ཡིན་ལ། ངེས་ངོས་པོ་རྣམས་ཀྱི་རྫས་འགྲོཞོང་འཇུག་པའི་ངོང་ཚུལ་གང་མི་སོང་པོ་ལ་དེསད་ཅེས་བྱའོ།། རྣལ་འབྱོར་པ་ནི་དེ་ལྟ་བུར་གྱུར་པའི་སྒྲུབ་པ་ཐོ།། མངོན་པར་བརྩོན་པནི་བྱང་ཆུབ་ཏུ་འའ ་ཐམས་ཅད་ཅེས་བྱ་བ་ནི་ཕུང་པོ་ལ་སོགས་པའོ།། འབྱུང་བ་ནི་ཡང་དག་པའི་མཐའ་སྟེ། དོན་དམ་པའི་རང་བཞིན་ཞེས་བྱ་བའི་བར་དུའོ།། ཅི་ཞིག་ཅེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞེས་བྱ་བ་ལ། ཤེས་རབ་ཀྱི་ནི་སྟོང་པ་ཉིད་དོ།། ་རོལ་ནི་མཐའ་སྟེ། རང་བཞིན་མེད་པའི་མཐའ་དེར་ཕྱིན་པ་ན་སོར་བའོ།། ཡང་ན་ཕ་རོལ་གྱི་སྒྲས་ནི་སྙོམས་པར་འཇུག་པར་བརྗོད་པར་བྱ་ལ། དེ་ཉིད་ནི་ཤེས་རབ་ཅེས་བྱ་བའི་དོན་ཏེ།། གང་ཚེ་ཞེས་བྱ་བ་ལ་སོགས་པ་ལ། འདུས་བྱས་ཞེས་བྱ་བ། ་ནི་རྒྱུ་དང་རྐྱེན་གྱིས་བྱས་ཤིང་བྱུང་བས་ན་འདུས་བྱས་ཏེ་ཕུང་པོ་ལ་སོགས་པའོ།། ཚུལ་ནི་དེའི་རྣམ་པའོ།། རྣམ་པར་མི་རྟོག་སེམས་ཀྱིས་ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའི་སེམས་གང་རྣམས་ཀྱི་ཡིནཱི་པ་དེ་ལ་དེ་སྐད་ཅེས་བྱའོ།། མེ་ལོང་ལྟོ་བུར ་རབ་ཤེས་པ་ནི་ཞེས་བྱ་བ་ལ། རབ་ཤེས་ནི་ཤེས་རབ་སྟེ། མེ་ལོང་ནི་མེ་ལོང་ཅན་ནོ།། ལྟ་བུ་ནི་འདྲ་བ་སྟེ། འདི་ལྟར་འདུས་བྱས་ཀྱི་ཚུལ་རྣམས་ཤེས་རབ་ཀྱིས་རྣམ་པར་དཔྱད་ན། གསལ་ཞིང་རོ་གཅིག་པར་འགྱུར་ཏེ་ཀུན་རྫོབ་དང་དོན་དམ་པ ་བདེན་པར་དབྱེར་མེད་པ་ཉིད་དོ།། དེས་འདི་སྐད་དུ་ཤེས་རབ་ཀྱི་ཚུལ་གང་གིས་འདུས་བྱས་ཀྱི་ཚུལ་དེ་དང་དེ་གང་ཡིན་པ་བལྟ་བར་བྱ་ཞེས་པ་པའི་དོན་ཏོ།། དེས་ནི་ཤེས་རབ་བསྟེན་པ་ཡིན་ཞེས་བྱ་བ་ལ། ཤེས་རབ་ནི་ཐོག་པ་དང་བསམ་པ་དང་བསྒོམ ་པའི་རང་བཞིན་གྱི་བློའོ།། བསྟན་པ་ནི་འདུས་བྱས་ཀྱི་ཚུལ་རྣམས་སམ། ཐབས་ཡོན་པར་བལྟ་བར་བྱ་སྟེ། བློ་ངས་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་ན་ཐབས་རྣམས་ཀྱིས་ཀྱང་དོན་ཇི་ལྟོ་བ་བཞིན་དུ་རྙེད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེས་ན་ཟླ ་དང་རྔན་པའི་སྒྲུབ་པ་པོ་ཐམས་ཅད་བསྒྲུབ་པར་ནུསོ་ཞེས་བྱ་བར་དགོངས་སོ།། ཀུན་རྫོབ་དང་དོན་དམ་པ་དག་དབྱེར་མེད་པར་རྟོགས་པ་འདི་ཉིད་པའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར་གྲོག་དང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བླན ་དང་ཆུ་བུར་ཞེས་བྱ་བ་འདིས་ནི་མོ་རྟག་པ་ཉིད་བསྟན་པོས་སྟོང་པ་ཉིད་ལ་འཇུག་པ་སྟོན་པ་ཡིན་ལོ། ལྷག་མས་ནི་དངོས་སུ་སྟོན་ཏོ།། སྨན་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་བག་ཚོགས་ཀྱི་གཞིར་གྱུར་པའི་ཀུན་གཞི་རྣམ་པར་ཤེས་པའོ།། སྒྱུམ ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་ར་སྐྱེས་དང་གླང་པོ་ཆེ་དང་རྟ་ལ་སོགས་པ་སྟེ། དེ་དག་རྣམ་པ་དུ་མར་སྣང་ཡང་དོན་དམ་པར་ཡོད་པ་མ་ཡིན་པའོ།། མཚུངས་པ་ཞེས་བྱ་བའི་སྒྲ་ནི་ཐམས་ཅད་ལ་སྦྱར་བར་བྱ་སྟེ། ཅི་ཞིག་ཅེ་ན། འདུས་བྱས་ཀྱི་ཚུལ ་རྣམས་སོ།། འདི་དག་གི་དོན་ནི་སྔར་བསྟན་མོད་ཀྱི། འདི་ལྟར་ཡང་རྒྱུ་དང་འབྲས་བུ་དགག་པར་མཛད་པ་ཡིན་ཏེ། འདུས་བྱས་ཀྱི་ཚུལ་རྣམས་དོན་དམ་པར་རྒྱུ་དང་འབྲས་བུའི་དངོས་པོ་དང་བྲལ་ཞིང་རྒྱུ་དང་རྐྱེན་ལ་བརྟེན་ཏེ་སྐྱེས་པའི་མཚན་ཉིད་མེད་པ ་ཞེས་བྱ་བའི་བར་དུའོ།། ཤེས་རབ་ཅེས་བྱ་བ་ནི་ཐོས་པ་ལ་སོགས་པའི་བདག་ཉིད་ཅན་གྱི་ཤེས་རབ་སྟེ། རབ་ཀྱི་སྒྲས་ནི་རབ་ཏུ་རྣམ་པར་འབྱེད་པའོ།། བརྟེན་པ་ནི་དེ་ལ་ཉེ་བར་བརྟེན་པའོ།། དེ་ནི་གཙོ་བོ་ཡིན་པར་བརྗོད་ཅེས་བྱ་བ་ལ། འགྲོ་བ་དེ་ལྟར ་གང་གིས་མཐོང་བ་དེ་ནི་དོན་ཇི་ལྟར་བ་བཞིན་དུ་ཤེས་པས་བསལ་བར་བྱས་པས་ནས་གཙོ་བོའོ།། དེ་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུས་པ་གསུངས་པ་ཡིན་ཏེ། གང་དུའང་ཞེས་བྱ་བ་ནི་འདུས་བྱས་དང་འདུས་མ་བྱས་དོག་སྟེ། དེ་དག་གང་ལའང ་མངོན་པར་ཞེན་པ་མེད་ཅིང་གནས་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཅི་སྟེ་འདི་དག་རང་བཞིན་མེད་པ་ཡིན་ན། ཇི་ལྟར་དོན་བྱེད་པར་འགྱུར་ཞེ་ན། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ་ཡང་དག་འབྱུང་མོད་ཀྱི་ཞེས་བྱ་བ་ནི་སྒྱུ་མ་ལྟ་བུར་འབྱུང་བ་སྟེ། ་མོད་ཀྱི་ཞེས་བྱ་བ་ནི་སྒྲས་མི་མཐུན་པའི་རྐྱེན་དོན་དམ་པར་མོང་མོད་ཀྱི་སྒྱུ་མ་ལྟ་བུར་བྱ་བ་བྱེད་པ་བསྟན་པ་ཡིན་ནོ།། ལོངས་སྤྱོད་ཁྱད་བར་སྐྱེ་འགྱུར་ཞེས་བྱ་བ་ལ། ལས་དང་ཉོན་མོངས་པ་ལས་འཕགས་པས་ཁྱོད་འཕགས་ཏེ། དེ་སེམས ་ཅན་རྣམས་ཡང་དག་པའི་སྤྱོད་པ་ནི་ལོངས་སྤྱོད་དོ།། སྐྱེ་འགྱུར་ཞེས་བྱ་བའི་ཚིག་གི་ཕྲང་ནི། དེ་འདིའི་ཡིན་ནོ་ཞེས་མཐར་ཐུག་པའི་དོན་ཏོ།། ཇི་ལྟར་སྐྱེ་བར་འགྱུར་ཞེ་ན། བདེ་བ་ཆེན་ཞེས་བྱ་བ་ལ་སོགས་པ་ལ། བདེ་བ་ཆེན་པོའི་ཚུལ་ཁྱད་པར་དུ ་འཕགས་པའི་ལོངས་སྤྱོད་ངོས་འགྲོ་བ་ཐམས་ཅད་མགྲོན་དུ་གཞན་པ་དྲི་ནི་ཡོངསུ་འགྱུར་བཞིན་པའོ།། ཅི་ཞིག་ཅེ་ན། འབྲས་བུ་ཁྱད་པ་འཕགས་ཏེ། བདེ་བ་ཆེན་པོའི་ཚུལ་གྱི་བདག་ཉིད་དོ།། དེ་དག་གིས་ནི་འདི་སྐད་དུ་ཕུང་པོ་ལ་སོགས ་འདི་དག་དོན་དམ་པར་སྙིང་པོ་མེད་པ་ལས་བདག་དང་གཞན་གྱི་དོན་གྱི་འབྲས་བུའི་སྙིང་པོ་ཆུ་ཤིང་ལྟར་འཐོབ་པར་འགྱུར་བ་ཅིའི་ཕྱིར་ན། འདོད་པར་མི་བྱ་སྟེ། འདོད་པར་བྱ་ཞེས་བྱ་བའི་དོན་ཏོ།། ཡང་ན་ལོངས་སྤྱོད་ཁྱད་པ་འཕགས་ཞེས་བྱ ་བ་ནི་འདུས་བྱས་རྣམས་སོ།། སྐྱེ་འགྱུར་བ་ནི་རྗེ་སུ་མཐུན་པར་སྐྱེ་བ་སྟེ། འབྲས་བུའི་ཁྱད་པར་རྣམས་སོ།། ཁྱད་པར་ནི་ཁྱད་པར་དུ་བྱ་བ་སྟེ་བྱེ་བྲག་གོ། ཇི་ལྟར་ཞེ་ན། བདེ་བ་ཡོངསུ་གྱུར་བཞིན་ཞེས་བྱ་བ་ལ། འདི་ལྟར་ཡོངས་མ ་དྲག་པའི་ཕུང་པོ་ལས་ནི་སྡུག་བསྔལ་གྱི་ཕུང་པོ་འབྱུང་སྟེ། འཁོར་བ་སྡུག་བསྔལ་ཕུང་པོ་སྟེ་ཞེས་གསུངས་པའི་ཕྱིར་རོ།། དེ་ཉིད་བདག་མེད་པས་ཡོངསུ་སྦྱངས་པའི་ལྷའི་གཟུགས་ཀྱིས་ནི་བདག་དང་གཞན་གྱི་དོན་ནུས་པའི ་བདེ་བ་ཆེན་པོའི་རང་བཞིན་དུ་སྐྱེ་བར་བལྟ་སྟེ། དཔེར་ན་སྦྱར་རྩིའི་ཤིང་འོ་མས་གན་བ་ལ་སོགས་པ་བྱས་ན་འབྲས་བུ་མངར་པོ་ཉིད་དུ་སྐྱེ་བ་ལྟར། མངོན་པར་འདུ་བྱ་བའི་ཁྱད་པར་གྱིས་ཁྱད་པར་གྱིས་ཁྱད་པར་ཅན་གྱི་འབྲས་བུ་བསྙེད་པར་འགྱུར ་ཞེས་བྱ་བའི་དོན་ཏོ།། སྱཱ་མེད་པ་དེ་ཉི་དེ་བསྟན་པའི་ཕྱིར། བཏན་གཡོའི་དངོས་པོ་ཞེས་བྱ་བོ་ལ་སོགས་བྱེ་གསུངས་སོ།། སྒོམ་པ་ཁྱང་པར་ནན་གཅི་ཞིག་ཅེས་བྱ་བ་ལ་སགས་པ་ལ། འདྀ་སྙམ་དུ་གཟུང་བ་ལ་སོགས་པར་མངོན་པར ་ཞེན་པས་ནི་སྡུག་བསྔལ་ཉིད་སྒྲུབ་ལ། དེ་ཉིད་བདག་མེད་པོར་སྦྱངས་པས་ནི་ཁྱད་པར་ཅན་གྱི་འབྲས་བུ་བདེ་བ་ཆེན་པོ་སྐྱེ་བར་འགྱུར་བ་ལ་ཉེ་བ་པོ་ཅི་ཞིག་ཡོད་སྙམ་དུ་དགོངས་སོ།། ཡིད་འོང་བ་ནི་ཡིད་ཀྱིས་བདེ་བ་ཡིན་ལ་བདེ་བ་ནི་ལུས་ཀྱི་བདེ ་བའོ།། རྒྱུ་ནི་ཡུལ་རྣམས་ཏེ། བསྒྲུབས་པ་ནི་བདག་མེད་པའི་ལྷོའི་རྣམ་པས་སྦྱང་བ་བྱས་པའོ།། འབྲས་བུ་ནི་ཐཱ་ནཱ་མོད་པའི་བདེ་བ་ཆེན་པོ་སྟེ། དོན་དུ་གཉེན་པ་ནི་རྒྱུར་ཉེ་བར་འགྲོ་བའོ།། ལྷའི་མོ་ནི་བོང་བའོ།། དེ་བས་ཞེས་བྱ་བ་ལ་སྲོག ་པས་ནི་ཉེ་བར་བསྡུ་བ་བསྟན་ཏེ། འགྲོ་བ་ཐམས་ཅད་སྟོང་པ་དང་སྙིང་རྗེ་དབྱར་མང་པོའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་གང་ཡིན་པ་རྡོ་རྗེ་འཛིན་པ་ཆེན་པོའི་སྒྲ་དེ་ནི་ཀུན་ཏུ་འགྲོ་བ་སྟེ། མཆོད་པ་ནི་འདོད་པའི་ཡོན་ཏན་ལྔའི་ལོང་སྤྱོད་ཀྱིས་མངོན་དུ ་བྱའོ།། དེས་ན་བདེ་བས་བདེ་བ་སྒྲུབ་པར་འགྱུར་རོ།། དེ་མ་གཏོགས་པར་བདེ་བ་ཉིད་མེད་པར་བསྟན་པའི་ཕྱིར་དཀའ་ཐུབ་ཅེས་བྱ་པ་ལ་སོགས་པ་གསུངས་ཏེ། དཀའ་ཐུབ་ནི་མེ་ལྔ་བསྟན་པ་ལ་སོགས་པའོ།། སྡོམ་པ་ནི་ཁ་ཟས་སྡོམ་པའོ།། ་མི་ཟད་པ་ནི་རིའི་ཁ་ནས་མཆོད་བ་ལ་སོགས་པའོ།། ལུས་བསྐམས་པ་ནི་ལུས་ཀྱི་སྡུག་བསྔལ་ལོ།། སྡུག་བསྔལ་ནི་ཡིད་ཀྱི་སྡུག་བསྔལ་ཏེ། དངོས་གྲུབ་གཞན་དུ་གྱུར་པ་ནི་ཡོངསུ་ཤེས་པར་བྱ་བའི་དོན་གྱིས་དངོས་གྲུབ་ལས་ཉམས་པའོ།། རྗེས ་འགྲོ་བའི་སྒོ་ནས་གསུངས་པ། ལུས་དང་སེམས་ནི་བརྟན་གྱུར་ན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་བདེ་བས་བརྟེན་པར་བྱས་ན་བདེ་བའི་འབྲས་བུ་མངོན་པར་འདོད་པ་བརྟེན་པ་ཉིད་དུ་འགྱུར་རོ།། ལྡོག་པ་གསུངས་པ། སྡུག་བསྔལ་གྱིས་ནི་ཞེས ་བྱ་བ་ལ་སོགས་པ་ལ། གཡོས་པ་ནི་བརྩམས་པའི་དོན་ལ་ཉམས་པའོ།། དེ་ཡང་ཅི་ཞིག་ཅེ་ན། ཤིན་ཏུ་འགོག་པ་སྟེ་འགོག་པའི་འབྲས་བུར་འགྱུར་རོ།། ལྷག་མ་ནི་གོ་སླའོ།། གཞན་དུས་མིན་འཆི་བ་ཞེས་བྱ་བ་ལ། ཐབས་མ་ཡིན་པས ་འབྲས་བུ་དོན་དུ་གཉེན་པས་གང་གི་ཚེ་མ་གྲུབ་པ་དེའི་ཚེ་དམ་པའི་ཆོས་ལ་བརྙས་པས་དུ་མ་ཡིན་པར་སྲེག་ཟས་པར་འགྱུར་ཏེ། དམྱལ་བར་བསྲེག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ངེས་པ་ནི་གདོན་མི་ཟ་བའོ།། མཁའ་འགྲོ་ཀུན་དང་ཞེས ་བྱ་བ་ལ་སོགས་པས་ནི་སྟོན་པ་པོས་རིམ་པར་ཕྱེ་བ་ཡོངསུ་རྫོགས་པར་བསྟན་ཏོ་ཞེས་བྱ་བའི་དོན་ཏོ།། དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་དམ་པོ་ནི་བརྗོད་པར་བྱེད་པ་དང་། བརྗོད་པར་བྱ་བའི་བདག་ཉིད་ཆོས་དང་གང ་ཟག་ལ་བདག་མེད་པའོ།། སྣང་བ་ནི་ངེས་ཤིང་གཏན་ལ་ཕབ་པའོ།། ཡུལ་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་ཏེ། དེར་འཇུག་པ་ནི་རབ་ཏུ་འཇུག་པའོ།། དེའི་ཡེ་ཤེས་ནི་རྟོག་པ་སྟེ། རིམ་པར་ཕྱེ་བ་ནི་བརྗོད་པར་བྱ ་བའི་དོན་དེ་དག་སྟོན་པའི་གཞུང་གི་ཚིག་ཚོགས་ཡིན་ལ་དེ་ཉིད་དང་པོའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་ན་མཁའ་འགྲོ་ཞེས་བྱ་བའི་རྣམ་པར་བཤད་པ་ལོས། ལེའུ་དང་པོའི་རྣམ་པར་བཤད་པའོ།། ་དེ་ནས་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་སྣང་བ་དམ་པའི་ཡུལ་ལ་འཇུག་པའི་ཡེ་ཤེས་ཀྱི་འོག་ཏུའོ།། བཙུན་མོ་རྣམས་ཀྱིས་གསོལ་ཏོ་ཞེས་བྱ་བ་ལ། ཤིན་ཏུ་ཡང་ངོ་མི་ཆོད་པའི་ཕྱིར་འབྱུང་བར་བྱ་བ་མ་ཡིན་པའི་དོན་བཙུན་མོ་ཉིད་ཀྱིས་ཞུ་བར་བྱའི།། གཞན ་གྱིས་ནི་མ་ཡོན་པས་སོ།། མཆིད་པ་ནི་ཕྱི་དང་གསང་བའི་མཆོད་པས་མཉེས་པར་བྱས་པའོ།། ཕྱག་བྱ་བ་ནི་དེའི་འོག་ཏུ་སེམས་ཀྱིས་ཁྱད་པར་ཅན་དུ་འཛིན་པ་དང་། ལུས་ཀྱིས་ལངས་ཏེ་ཡན་ལག་ཅན་སྔ་སོ་ལ་འདུད་པ་དང་། འདོད་དོ་ཞེས ་ངག་ཏུ་བརྗོད་པའི་སྒོ་ནས་སོ།། གསོལ་ཏྭོ་ཞེས་བྱ་བ་ནི་ལན་ཚའི་སྒྲ་ལྔ་སྩོགས་པོ་ལྷུར་དོན་དུ་མ་དང་འབྲེལ་བའི་ཕྱིར་མང་པོའི་ཚིགས་ཏུ་བལྟ་བར་བྱའོ།། ལྷག་མ་ནི་གྷོ་སྨྲའོ།། གདུག་པ་རྣམས་ཞེས་བྱ་བ་ནི་ལུས་ལ་སོགས་པ་སུན་འབྱིན ་པར་བྱེད་པས་ན་གཇིག་པ་སྟེ། དེ་རྣམས་ས་སེང་འཇོམས་པར་བྱེད་ཅིའི་སྣང་པོ་དོནི་གངག་བ་ཅན་གྱི་སྙིང་ཟ་སྷོ། ཧེ་རུ་ཀའི་སྔགས་སོ།། འདུལ་བ་ལ་སོགས་པའི་ཚིགས་གསུམ་གྱིས་ནི་བསྒྲུབ་པར་བྱེ་བའི་ལུས་ལ་སོགས་པ་གསུསོ ་འཇོམས་པ་དང་སྦྱར་རོ།། ལྷུང་བ་ཞེས་བྱ་བ་ནི་འདིར་རང་བཞིན་གིས་གཏན་ལ་ཕབ་སྟེ་སྦྱར་ཞིང་བཙུད་པའོ།། དེ་ནས་ཞེས་བྱ་བ་ནི་གཏོག་སོལ་བ་བཏབ་པའི་འོག་ཏུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེནི།། ་བདག་པོ་ཞེས་བྱ་བ་ནི་རྣམ་པར་བསྐོར་པོ་མེད་པའོ།། གླུ་བླངས་ཏེ་ཞེས་བྱ་བ་ནི་གླུའི་དོན་གྱི་སྔགས་གཟུང་བར་བྱ་བའོ།། དེ་ལ་རེ་ཞིག་དང་པོར་གོ་ཆའི་སྔགས་གསུངས་པ། དང་པོར་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་ལ། རྣམ་པར ་སྣང་མཛད་ནི་ཡཽ་གཾ་ཨཽ་མོ།། དེར་ནི་སྡེ་ཚན་རྣམས་ཀྱི་མཐའ་ཞེས་བྱ་བ་ལ། དེར་ཏེ་དྭེའི་འོག་ཏུ་སྡེ་ཚན་རྣམས་ཏཽ། ཡི་གེ་ཐམས་ཅད་ཀྱི་མཐའ་ཏེ་ཧ་གཟུང་བར་བྱའོ།། ཏ་དང་པོའི་དྷ་བྷའི་མཐའ་ཞེས་བྱ་བ་ལ། ཏའོ་སྟེ་ཚན་དང་པོའི་སྡེ་ཚན་གྱི་ཡི་གེ ་ཞི་པ་དྷ་དང་བྱཱའི་མཐའ་སྟན་དང་མ་གཟུང་བའོ།། སའི་མཐའ་ཞེས་བྱ་བ་ལ། ས་ནི་ཡི་གེ་ཧའོ།། དབྱངས་ཀྱི་གསུམ་པ་ནརི་ཡི་གེ་ཨ་སྟེ་ངེས་སྟེང་དུ་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ།། སཱའི་མཐའ་ཞེས་བྱ་བ་ནི་ས་ཉིད་མཐའ་སྟེ། ལྕེ་རྩ་ཅན་ལ་སོག ་པའི་སའི་རིགས་གསུམ་གྱི་མཐའ་མ་ཡིན་པའི་ཕྱིར་རོ།། ལ་སའི་དབུས་ཀྱི་སྟན་བཞུགས་པ་ཞེས་བྱ་བ་ལ། ས་ནི་འདིར་ཤ་སྟེ་རིགས་གཅིག་པོ་ཉིད་དང་། ཨ་བཻ་བྷི་ཤསོ་བསྟན་པའི་ཕྱིར་རོ།། དེ་ཡོང་ཝ་ཕྱི་ནས་སར་འགྱུར་ཏེ། དེ་ལྟར་ན ་དབྱངས་གང་ཡིན་པ་དེ་མདའི་སྒྲས་བསྟན་ཏོ།། སྦྱང་བ་ནི་དེ་དང་སྦྱར་བའོ།། འདིས་སཱཾ་ཞེས་བསྟན་པར་འགྱུར་རོ།། ཨ་སྟན་གནས་པའི་མཐའ་ཞེས་བྱ་བས་ནི་ཧ་གཟུངས་པར་བྱའོ།། སླར་ཡང་ས་མཐའ་མདའ་ལྔ་བསྟན་ཞེས་བྱ་བ་ལ། མངའ ་ལྔ་ནི་སྔར་བསྟན་པའི་ཚུལ་གྱི་དབྱངས་ཀྱི་ལྔ་པ་ཨུ་ལ་བྱའོ།། དེ་དག་གིས་ནི་ཧཱུཾ་ཞེས་བསྟན་པར་འགྱུར་རོ།། ལ་སའི་དབུས་གནས་ས་བོན་ནི་ཝའོ།། མངའ་བསུ་ནི་ཨོའོ།། སྦྱངས་པ་ནི་སྟེང་དུ་བརྒྱན་པ་སྟེ། དེས་ན་ལྷོ་ཞེས་བྱ་བར ་འགྱུར་རོ།། ས་དང་ས་དབུས་གནས་ལ་ཞེས་བྱ་བ་ལཾ། ཤའི་གནས་སུ་སཾ་བསྟན་པ་ནི་སྔར་བཤད་པ་བཞིན་དུ་སྟེ་དེས་ན་ཤ་དང་སའི་དབུ་མ་པའོ།། ཞལ་གསུམ་གྱིས་ནི་བརྒྱན་པ་དང་ཞེས་བྱ་བ་ལ། ཞལ་གསུམ་པ་ནི་མདུན་དང་ལོགས་དོང་རྒྱ་བ་སྟེ། ་གསུམ་ཡིན་ལ། འདིར་གསུམ་རྒྱབ་ཀྱི་ཞལ་གྱི་སཾ་ཊ་གཟུང་ངོ་།། རླུང་གི་ཕྱོགས་གནས་ས་བོན་ནི་ཧ་སྟེ། སྔགས་བཏུ་བ་ལས་རླུང་གི་མཚམས་སུ་བཀོད་པའི་ཕྱིར་རོ།། རུ་ཏྲ་ནི་དབྱངས་ཡི་གེ་བཅུ་གཅིག་པ་ཨེ་སྟེ་དེས་ན་ཧེ་ཞེས་བྱ་བར་འགྱུར་རོ།། ་ཧཱུཾ་ཧཱུཾ་ཧ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ།། དབྱངས་ཀྱི་དགུ་པ་ནི་ཨོ་སྟེ། དགོད་པ་ནི་དེས་སྟང་དུ་བརྒྱན་པ་རུ་བྱ་བ་ཡིན་ལ། དེས་ན་ཧོ་ཞེས་འགྱུར་རོ།། ཕཊ་ཅེ་སཽ་བྱ་བ་ནི་སྨ་ནི་དྷི་བཞིན་ནོ།། ལྷག་མ་ཧའི་རྐང་པ་དགང་ཞེས་བྱ་བ་ལ། ཧ་ཉིད་ལྷག་མ་སྟེ། ་ཡི་གེ་རྣམས་ཀྱི་ལྷག་མ་ཡིན་པའི་ཕྱིར་རོ།། དེ་ཉིད་རྐང་པ་ཡང་ཡིན་ལ་ལྷག་མ་ཡང་ཡིན་ཏེ། དེ་ཐིག་ལེས་དགང་བར་བྱའོ།། དེ་རྣམས་ཀྱིས་ལྷ་འདི་དག་བསྐྱང་བར་བྱ་སྟེ། ཨོཾ་ཧ་ཞེས་བྱ་བས་སྙིང་ཁར་རྡོ་རྗེ་སེམས་དཔའ་ན་མཿཧི་ཞེས་པས་མ ་རྣམ་པར་སྣང་མཛད།། སཱཧཱ་ཏུ་ཞེས་པས་ཁར་པདྨ་གར་གྱི་དབང་ཕྱུག་ངོ་ཥར་ཧེ་ཧཱ་ཧཱུ~ཾ་བ~ཾ་ཕཊ་ཧ~ཾ་སྭཱ་ཧཱ་ཞེས་གདོས་པརོ་ཞེས་པས་ཕྲག་པ་གཉིས་སུ་ཧེ་རུ་ཀ། ཧཱུ~ཾ་ཧྲཱི་ནས་པས་མིག་གཉིས་སུ་རྡོ་རྗེ་ཉིམ། ཕཊ་ཙ་ནས་པས་ཡན་ལག་ཐམས་ཅད་ཀྱི ་མཚོན་ཆར་རྟ་མཆོག་གོ།། དེ་ལ་བཟླས་པའི་དུས་སུ་ནི་ཨོཾ་ཧ་ན་མཿཧི་སྭཱ་ཧཱ་ཧུ་བཽ་ཥཊ་ཧེ་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་སྭཱ་ཧཱ་ཞེས་གདོན་པར་བྱ་སྟེ། སྭཱ་ཧཱ་ཞེས་པ་ནི་མནར་ངག་ལས་ཤེས་པར་བྱའོ།། ལྔ་པའི་དབུས་གནས་དེ་ཉིད་དེ་ཞེས་བྱ་བའི་སྡེ་ཚན་ལྔ་པའི་དབུས་མ ་གཟུང་བར་བྱའོ།། ཧ་ཛོ་ཞེས་པ་ལ། ཧ་ནི་མཚོན་པར་བྱ་བ་ཉིད་མཚོན་པར་བརྗོད་པའོ།། ཡོ་ཞེས་བྱ་བའི་གནས་སུ་རྫོ་ཞེས་པ་བསྟན་པ་ནི་སྔར་བཤད་པ་ལྟར་སྐད་ཀྱི་དབྱིངས་གཅིག་པ་དང་། ཨ་བ་བྷྲྀ་ཤས་བསྟན་པའི་ཕྱིར་ཏཱཾ། འདིར་དོན་གྱིས་ན་ཡོཾ་གཟུང ་བ་ཡིན་ལ། དེ་ཡང་ཧ་ནི་ཧ་ར་ཤ་སྟ་རངས་པའོ།། གོང་ལ་ཞེ་ན་དེ་ལ་ཏེ། ཡོ་ཞེས་བྱ་བ་རླུང་གི་ས་བོན་དུ་གྱུར་པ་ལའོ།། ཡང་ན་ཛེ་ཞེས་བྱ་བ་མན་ངག་གིས་ན་གཡོ་ཞེས་མཚོན་པར་བྱེད་པའོ།། ར་སྟན་ལ་གནས་ས་ཡི་མཐའ། ཨི་ཞེས་བྱ་བའི ་མངའ་སྦྱར་ཞེས་བྱ་བས་ནི་སྔར་བསྟན་པ་ལྟར་བསྒྲུབ་པར་བྱ་སྟེ། ཧཱི་ཞེས་བྱ་བར་འགྱུར་རོ།། སླར་ཡང་བྷ་ཞེས་བྱ་བའི་མཐའ་ཞེས་པ་ནི་མའོ།། མདའ་ནི་སར་པས་ཡོངས་སུ་སྦྱང་ཞེས་བྱ་བ་ལ། མདའ་ནི་སྔར་བསྟུན་པ་ལྟར་དབྱངས་ལ་བྱཱ་ལ། ་སར་པ་ནི་འདིར་དགུ་པ་ལ་བཱ་སྟེ། མན་ངག་གིས་མི་མངོན་པའི་ཕྱིར་རོ།། དེས་ནི་མཻ་ཞེས་བྱ་འགྱུར་རོ།། མཐའ་དེ་ནི་ར་ཡིག་ཞོན། ཨེ་ཞེས་བྱ་བ་རྣ་བའི་རྒྱན་ཞེས་པས་ནི་ཧྲྀ་ཞེས་བྱ་བ་འགྱུར་རོ།། ཨི་དབྱིངས་ཞེས་བྱ་བ་ལ་སོགས་པོས་ནི་ཧཱི ་ཞེས་བྱ་བ་ལ་སོགས་པ་སོ་ཧྲིཾ་ཞེས་བྱ་བར་འགྱུརརོ། རྐྱེ་པས་འདྲོ་བར་ཚུས་མ་པ་ཅྀག་ཅུ་ཏི་སོ་རན་ཆེན་མཐའ་མ་ཕན་ཀྱིས་བརྒྱན་ཞེས་བྱ་བ་ལཾ། གསལ་བར་བྱེད་པའི་ཕྱིར་རིན་པོ་ཆེ་སྟྭཾ་ཕཊ་ལ་བྱ་ལ། དེའི་མཐའོ་མར་ཕཊ་སྦྱར་བར་བྱའོ།། ་རྣམ་པར་སྣང་མཛད་ནི་ཨོཾ་མོ།། སྣ་ཚོགས་ཀྱི་ཞེས་བྱ་བ་ནི་ཐིག་ལེ་རྗེས་སུ་འགྲོ་བའི་དབྱངས་ཡིན་པའི་ཕྱིར་རོ།། ཚོགས་རྣམས་ཀུན་ལ་དགང་ཞེས་བྱ་བ་ནི་ཚིག་སོ་སོ།། ཀུན་ལ་ཨོཾ་དང་ཐིག་ལེས་བརྒྱན་པར་བྱའོ།། དེ་ལ་ཨོཾ ་བཾ་གྷིའི་འ་རྗེ་པནམས་མཙམ་ལྡན་སྙི་ཤི་ན་ནན་རྫལ་མསྷོ། ཨོཾ་ཏཱི་མི་ན་མཾ་མི་ཁར་རྨོངས་བྱེད་པའོ།། ཨོཾ་ཧྲཾ་ཧཱུཾ་གིས་ནི་སྤྱི་བོར་བོ་སྐྱོད་བྱེད་མའོ།། ཨོཾ་ཧཱུཾ་ཧཱུཾ་གིས་ནི་སྤྱི་གཙུག་ཏུ་སྐྲག་བྱེད་མའོ།། ཨོཾ་ཕཊ་ཕཊ་ཀྱིས་ནི་ཡན་ལག་ཐམས་ཅད་ཀྱི་མཚོན་ཆར་གཏུམ ་མོའོ།། བཟླས་པ་ལ་ནི། ཨོཾ་བཻ་ཧཾ་ཡོཾ་ཏྲ~ཾ་མ~ཾ་ཏྲ་ཧྲི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱུ་ཞེས་གདོན་པར་བྱའོ།། དཔའ་བོ་དྲུག་དང་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་དྲུག་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་ནི་ཕག་མོ་ལ་སོགས་པ་ཡིན་ལ། དེ་རྣམ ་ཀྱི་དྲ་བ་ནི་སྤྲུ་སྟེ། དེ་དག་པ་ཞིང་སྡུད་པས་ན། སྟོན་པ་པོ་ཞེས་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་ལ་གནས་པས་ནི། དཔའ་བོ་དྲུག་གི་གོ་ཆའི་སྔགས་བཟླས་པར་བྱས་ལ། རྣལ་འབྱོར་མ་དྲུག ་གྱི་གོ་ཆའི་སྔགས་ན་རྡོ་རྗེ་ཕ་མོའི་རྣལ་འབྱོར་ལ་གནས་ཏེ། བཟླས་པ་བསྟན་པའི་ཕྱིར་སྣ་ཚོགས་པདྨ་ཞེས་བྱ་བཱ་ལ་སོགས་པ་གསུངས་ཏེ། འདིར་རླུང་དང་མེ་དོང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་རི་རབ་དེའི་སྟེང་དུ་སྣ ་ཚོགས་པདྨ་དང་། སྣ་ཚོགས་རྡོ་རྗེར་བ་ལ་རྡོ་རྗེ་རབ་དང་དྲ་བའི་ནང་དུ་ཆོས་ཀྱི་འབྱུང་གནས་ངོར་སྣ་ཚོགས་པདྨ་དང་རྡོ་རྗེའི་སྟེང་དུ་རྣམ་པར་སྣང་མཛད་ལས་བྱུང་བའི་ཁང་བུ་བ་རྩེགས་པར་སྣ་ཚོགས་པདྨའི་ལྟེ་བ་ལ་ཉི་མོའི་དཀྱིལ་འཁོར་གྱི ་དབུས་སུ་ཟླ་བའི་དཀྱིལ་འཁོར་དང་། ཨཱ་ལི་ཀཱ་ལི་སྦྱོར་བ་ལ་སོགས་པས་འོག་ནས་བྱུང་བ་ལྟར་བསྒྲུབ་པར་བྱའོ།། སྣ་ཚོགས་པདྨའི་ཉིད་དཀྱིལ་འཁོར་ལ་ཞེས་བྱ་བ་ལ་སོགས་པ་ཚིགསུ་གཅད་པ་གཅིག་གིས་ནི་རྡོ་རྗེ་ར་བ་དང་དྲ་བ་བསྟན་པར་འགྱུར་ལ ་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཡང་སྣ་ཚོགས་པདྨོ་དང་རྡོ་རྗེ་བསྒོམ་མོ་ཞེས་ཟུར་གྱིས་སྟོན་ཏོ།། འོ་ཞེས་བྱ་བ་ནི་ཉིད་ཅེས་བྱ་བའི་དོན་ཏོ།། འོད་ཟེར་སྣ་ཚིགས་འབར་བ་ལས།། མཁའ་འགྲོ་མ་ཡི་འཁོར་སྤྲོ་བ་ཞེས་བྱ་བ་ནི་ས་བོན་གྱི་དེ་ཉིད ་ལས་མཁའ་འགྲོ་མ་གཟུགས་སྣ་ཚོགས་སྤྲོ་བའོ།། ཞལ་གཅིག་ཕྱག་གཉིས་ཞེས་བྱ་བ་ལ་སོགས་པས་ནི་ཁང་བུ་བརྩེགས་པའི་ནང་དུ་སྒྲུབ་ཐབས་ཀྱི་རིམ་པས་རིམ་པ་ལྟར་ཡི་གེ་ཧྲཱིཿལས་སྐྱེས་པའི་རྡོ་རྗེ་ཕག་མོ་བསྒོམ་པར་བསྟན་ཏེ། འདིས ་ནི་ཨོཾ་ཙཏྟ་པྲ་ཏི་བ་ཏཱཾ་ཀ་རོ་མི། ཨོཾ་བོ་དྷི་ཙིཏྟཾ་ཨུཏྤཱ་ད་ཡཱ་མི། ཨོཾ་ཏཾཥྛ་བཛྲ་ཨཱཏྨ་ཀོ་ཧཽ། ཨོཾ་ཡ་ཐ་སརྦ་ཏ་ཐཱ་ག་ཏསྟ་ཐཱ་ཨ་ཧཾ། ཞེས་བ་དེའི་སྔགས་ལྔའི་དོན་མངོན་པར་བྱང་ཆུབ་པ་ལྔ་སྟོན་པོ་ཡིན་ནོ།། མདུང་གི་དབེབས་ཅན་ཞེས་བྱ་བ་ནི ་ཕྱང་ཀྲུང་བཅས་པས་གནས་པའི་ཕྱིར་རོ།། འཇོགས་པ་དག་ཀྱང་འཇིགས་པར་མཛད་ཅེས་བྱ་བ་ལ། འཇིགས་པ་ནི་བདེ་བ་ལ་སོགས་པ་ཡིན་ལ། དེ་དག་ཀྱང་འཇིགས་པར་མཛད་པ་སྟེ། ཕྱག་ན་གྲི་དང་ཐོད་པ་བསྣམས་པར་བསྒོམ་མོ།། ་མཁའ་འགྲོ་མ་ཞེས་བྱ་བ་ནི་མན་ངག་གིས་ན་འོག་ནས་འབྱུང་བའི་རབ་ཏུ་གཏུམ་མོ་ལ་སོགས་པ་སྟེ། དེ་དག་དཔའ་བོ་དང་བྲལ་བར་དཀྱིལ་འཁོར་པའི་ལྔར་གཟུང་བར་བྱའོ།། ཡན་ལག་ལ་དགོད་པ་ལ་སོགས་པ་ཆོ་ག་རྫོགས་པ་ནི་ལྷ་འོག ་ཏུ་བལྟ་བར་བྱའོ།། མཁའ་འགྲོ་ཀུན་དང་མཉམྦྷ་སྦྱོར་བ། རྡོ་རྗེ་མཁྱའ་འགྲོར་རབ་ཏུ་གླགས།། ཞེས་བྱ་བས་ནི་རྡོ་རྗེ་ཕག་མོའི་བསྒོམ་པ་པོས་རྡོ་རྗེ་མཁའ་འགྱུར་རབ་ཏུ་གྲགས།། ཞེས་བྱ་བས་ན་རྡོ་རྗེ་ཕག་མ ་བསྒོམ་པ་པོས་རྡོ་རྗེ་མཁའ་འགྲོ་ལྟ་བུར་བལྟའོ་ཞེས་བྱ་བའི་དོན་ཏོ།། ད་ནི་རྡོ་རྗེ་མཁའ་འགྲོའི་སྔགས་གསུངས་པ། སྔོན་བསགས་ཞེས་བྱ་བ་ལ་སོགས་པ་ལ་སྔོན་ཉིད་ཡི་གེ་ཀ་སྟེ། མཐའ་ནི་དེའི་མཐར་རོ།། མ་གཉིས ་དང་ཨང་སྦྱར་བ་ནི་བརྩེ་བ་མེད་པས་ཏེ། ལྗང་གི་དོན་ཏོ།། མཐའ་དེར་ཅི་ཞིག་ཅེ་ན། མེ་དང་བཅས་པ་ཞེས་པ་སྟེ། མེ་ནི་རའོ།། དེས་ན་ཀར་ཞེས་འགྱུར་རོ།། ལན་གཉིས་བཟླས་ཞེས་བྱ་བས་ནི་འདས་མ་ཐག་པའི་སྔགས་གཉིས ་སུ་བཟླས་པའོ།། དེས་ནི་སྔགས་ཀྱི་ཚིག་ཏུ་འགྱུར་རོ།། ཐ་མལ་པའི་ཚིག་གི་དོན་བརྗོད་པར་བྱ་སྟེ། སྔོན་བསགས་ལས་ཞེས་བྱ་བ་ནི་མཚམས་མེད་པ་ལྔ་ལ་སོགས་པའི་ལསོ་སོ།། དེ་ཉིད་མེ་དང་བཅས་པ་སྟེ། མེ་ལྟར ་རྣམ་པར་སྨོན་པ་རྩུབ་པའི་ཕྱིར་རོ།། དེ་མཐར་བྱེད་པ་ནི་མཐར་བྱའོ།། ལན་གཉིས་ཞེས་བྱ་བ་ནི་བྱེ་བའི་ཚིག་ཡིན་ཏེ། ཡང་དང་ཡང་དུའོ།། བཟླ་ཞེས་བྱ་བ་ནི་བྱོས་ཤིག་བྱོས་ཤིག་པ་སྟེ། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་རྫོགས ་པར་བྱས་ལ། དེ་དང་ལྷག་གཅིག་ཏུ་སྙོམས་པོར་འཇུག་པའི་ལོས་ལ་གནས་ནས་སྔོན་གྱི་ལོས་མཐོར་བྱ་བ་བྱོས་ཤིག་པ་སྟེ། སྨད་པར་མི་བྱ་བའི་དོན་ཏོ།། ཡང་ན་འདིར་བྱེས་ཤིག་བྱོས་ཤིག་ཅེས་སྦྱར་བར་མི་བྱ་སྟེ། སྔོན་བསྔགས ་བའི་ལས་དེ་མི་མཐུན་པའི་ཕྱོགས་ཙམ་ཞིག་ཏུ་བསྣུན་པར་བྱ་བའོ།། ཀུ་རུ་ཀུ་རུ་སེམས་དཔའ་བྲལ་ཞེས་བྱ་བ་ལ་ཀུ་རུ་ཀུ་རུ་ཞེས་བྱ་བ་ནི་སྔགས་ཀུ་རུ་བཟླས་པ་སྟེ། སྔགས་ཀྱི་ཚིག་དེའི་དོན་གྱིས་ཤིག་པའོ།། ཅི་ཞིག་ཅེ་ན། སེམས་དཔའ་སྟེ ་གཟུང་བ་ལ་སོགས་པའི་བློ་དང་བྲལ་བར་གྱིས་ཤིག། པའོ།། ཚིག་གི་དོན་བརྗོད་པར་བྱ་སྟེ། དེ་ལ་སེམས་དཔའ་ནི་བོད་པའོ།། བྲལ་བ་ནི་དབྱེ་བའོ།། ཀུ་རུ་ནི་བྱོས་ཤིག་པ་སྟེ། ལས་ངན་པ་ཐམས་ཅད་ཀྱི་རྩ་བ་ཆགས་པ་དང་བྲལ་བར་བྱོས ་ཤོག་པའོ།། རལ་པ་གྱ་གྱུ་ཁན་དྷ་གསལ་ཞེས་བྱ་བ་ལ། བན་དྷ་ཞེས་བྱ་བ་ནི་སྔགས་ཀྱི་ཚིག་སྟེ། དེའི་དོན་ནི་བཅིངས་པའོ།། ཅི་ཞིག་ཙ་ན། རལ་པ་གྱ་གྷོ་སྟེ་སྐུའི་ཚོགས་བསམ་གྱིས་མི་ཁྱབ་པའི་རྩེ་མོ་ལི་ཞིང་འཁྱིལ་པ་དང་། གསོལ་བ ་སྟེ་མཐོན་པོར་བཅིངས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བསྟོད་པའོ།། ཡང་ན་རལ་པ་གསལ་བ་ནི་བོད་པའོ།། གྷུ་གྱ་ནཾ་གྱ་གྱུ་ཅན་སྡང་བ་རྣམས་ཚངས་ཤོག་པའོ།། སླར་བཟླས་པ་ནི་ལན་གཉིས་སུ་བཟླས་པ་སྟེ། དེས་ནཱ་བནྡྷ ་བནྡྷ་ཞེས་བྱ་བར་འགྱུར་རོ།། ཅིག་ཤོས་བརྗོད་པར་བྱ་སྟེ། རལ་པ་གྱ་གྱུ་ནི་དེ་བཞིན་གཤེགས་པའི་རིགས་ཀྱི་ཚོགས་རྣམས་སོ།། དོན་དམ་པར་རང་བཞིན་མེད་བཞིན་དུ་ཀུན་རྫོབ་ཏུ་དུ་མར་སྣང་བས་ན་གྱ་གྱུ་སྟེ། བསྟན་པར་བྱའོ།། བཅིངས ་པ་ནི་གཅོག་ཏུ་བྱ་བ་སྟེ། དོན་དམ་པར་བདག་མེད་པའི་འཁོར་ལོས་དེ་དག་བསྡུས་ཏེ། སྟོན་པ་པོ་ཉིད་བསྟན་པའོ།། དེ་ལྟར་ན་རལ་པ་གྱ་གྱུ་བཅིངས་ཞེས་བྱ་བ་དམན་པའི་ཚིག་གིས་ངོར་ཐབས་ཀྱིས་བསྟོད་པ་ཡིན་ནོ།། གསལ་ཞེས་བྱ་བ ་ནི་ཁྱད་པར་དུ་བྱ་བའི་དོན་ཏོ།། ཇི་ལྟར་རལ་པ་སྤྱི་བོའི་སྟེང་ན་གནས་པ་ལྟར་སངས་རྒྱས་རྣམས་གུས་པ་དང་བཅས་པས་སྤྱི་བོས་བླངས་ཏེ་བསྟེན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། སྐུར་བཟླས་པ་ནི་ཡང་དང་ཡང་དུ་གོམས་པར་བྱའོ།། གལ་ཏེ ་དེ་དེ་བཞིན་གཤེགས་པ་རྣམས་ཕྱག་དང་ཞལ་ལ་སོགས་པ་མཚན་མ་དང་བཅས་པའི་ཚུལ་གྱིས་བསྒོམས་པས་ནི་འཁོར་པ་ཉིད་དུ་འགྱུར་ཞེ་ན། འདིར་གསུངས་པ། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་དང་བྲལ་བ་ཞེས་བྱ་བ་ནི་གཟུང ་ལ་སོགས་པ་དང་བྲལ་བས་ངོ་བོ་ཉིད་མེད་པར་བྱའོ།། དེས་ཅི་ཞིག་ཏུ་འགྱུར་ཞེ་ན། འཇིག་རྟེན་སྐྲག་པ་ཞེས་བྱ་བ་སྟེ། དངོས་པོར་མངོན་པར་ཞེན་པ་རྣམས་ཡིད་ལ་གདུང་ཞིང་སྒྲོག་པར་འགྱུར་རོ།། དེ་ལ་ཅི་ཞིག་བཞན་བརྫུན་ཞེས་བྱ་བ་གསུངས ་ཏེ། ཚད་མས་དཔྱར་ན་ངོ་བོ་ཉིད་མེད་བཞིན་དུ་ཡང་འཇིག་རྟེན་སྐྲག་པ་སྤང་བའི་ཕྱིར་ཀུན་རྫོབ་ཏུ་ཇི་ལྟར་སྣང་བ་བཞིན་ཡོད་དོ་ཞེས་བསྟན་པར་བྱའོ།། དེ་ཉིད་ཀྱིས་ན་དམ་པ་དེ་ནི་ལན་གཉིས་བཟླ་ཞེས་གསུངས་སོ།། སྔགས་ཀྱི་ཚིག་གིས་དོན་བརྗོད་པ ་བྱ་སྟེ། བརྫུན་པ་ནི་ཨཱ་ལི་ཀཱ་ལི་སྟེ། ཕྱུགས་ལ་བྱ་ལ་ཕྱུགས་དང་འདྲ་བའི་བླུན་པོ་རྣམས་ཏཱ་ས་ཡ་སྟེ་སྐྲག་པར་གྱིས་ཤིག་པའོ།། ལན་གཉིས་བཟླ་ཞེས་བྱ་བས་ནི་ཏྲཱ་ས་ཡ་ཏྲཱ་ས་ཡ་ཞེས་བྱ་བར་འགྱུར་རོ།། ཇི་ལྟར་སྐྲག་པར་བྱ་ཞེ་ན། གཟུགས་དང ་བྲལ་བ་སྟེ་སྣང་བ་དང་བྲལ་བར་བྱ་བའི་བར་དུའོ།། ཀོ་ཥ་ཞེས་བྱ་བ་ལ་སོགས་པ་ལ། ཀ་དང་ཥ་ནི་ཀ་ཥ་སྟྲི་ཀཱའོ།། དེ་ཨོ་དང་ལྡན་པས་ཀྵོ་ཞེས་བྱ་བར་འགྱུར་རོ།། འདིར་ཨ་ནི་ཐམས་ཅད་ཀྱི་ཁོང་ན་གནས་པར་བལྟའོ།། དེ་ཡང་ཅི་འདྲ་ཞེ་ན། བྷ་ཡ ་སྦྱར་ཞེས་བྱ་བསྟྲ། བྷཱ་ལཱ་དང་སྦྱར་བྱས་ཀྵོ་བྷ་ཡ་ཞེས་བྱ་བར་འགྱུར་རོ།། གློན་གནས་ཞེས་བྱ་བན་ཀྵོ་བྷཱ་ཡ་ཞེས་བྱ་བ་ནི་ཀྵོ་བྷཱུ་ཡ་ཞེས་བྱ་བའི་སྒྲ་གཉིས་པ་དེའི་རྩར་བཞག་པ་སྟེ། འདིར་སྣང་བའི་ཕུང་པོ་ལ་སོགས་པ་ཀྵོ་བྷ་ཡཀྵོ་བྷཱ་ཡ་ཞེས་བྱ་བས་དཀྲུན ་པར་བསྟན་ཏོ།། ཚིག་གིས་དོན་བརྗོད་པར་བྱ་སྟེ། ཀཾ་ཥ་ཞེས་བྱ་བ་ནི་བདར་ལ་བྱཱ་སྟེ་བདྨོར་རྡོ་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པའོ།། རྡོ་ཇི་ལྟ་བུ་ཞིག་ཅེ་ན། དོན་དམ་པའི་བདེན་པ་བདར་བ་སྟེ། རྣམ་པར་དཔྱང་པར་བྱ་བའོ།། ཨོཾ་ཞེས་བྱ་བའི་སྒོ་དང་ལྡན ་ཞེས་བྱ་བ་ལ། ཇི་ལྟར་ཡི་གེ་ཨོ་ཆ་གཉིས་ཡོན་པ་བཞིན་དུ་ཤེས་རབ་དང་ཐབས་ཀྱི་ཚེ་གཉིས་ཡིན་ལ། སྒྲ་ཞེས་བྱ་བ་ནི་ཉམ་སུ་མྱོང་བ་སྟེ། དེ་ཉིད་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར་གསུངས་པ། བྷ་ཡ་ཞེས་སྦྱར ་ཅེས་བྱ་བ་ལ་སོགས་པ་ལ། བྷ་ཡ་ནི་བྷ་ག་སྟེ་ཤེས་རབ་པོ།། གློ་ན་གནས་པ་ནི་མཚུངས་པ་སྟེ་ཀུན་རྫོབ་ཀྱི་བདེན་པའོ།། འདི་ལྟར་བདར་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་ལ་གསོར་ལྟ་བུའི་དོན་དམ་པའི་བདེན་པ་བངར་བ་ལྟར་རྣམ་པར་དཔྱད་ན། རྡོ ་གསོར་གྱི་རི་མོ་ཆགས་པ་ལྟར་བདེན་པ་གཉིས་མཚུངས་ཤིང་དབྱེར་མེད་པར་འགྱུར་རོ།། ཡང་ན་ཀ་ཥ་ཞེས་པ་བངར་བ་ནི་ཚད་མ་ལ་བ་སྟེ། ཚད་མས་རྣམས་པར་དཔྱད་ཅིང་བདར་ན་གསེར་ལྟ་བུའི་ཀུན་རྫོབ་ཀྱི་བདེན་པ་རི་མོ་ལྟ་བུའི་དོན་དམ་པའི ་བདེན་པར་ཟད་ཅིང་མཐར་གཏུགས་པར་འགྱུར་རོ།། དེ་ཡང་ཚད་མ་འབའ་ཞིག་གིས་མ་ཡིན་པར་བསྟན་པའི་ཕྱིར། ཨོཾ་སྒྲ་ལྡན་ཞེས་གསུངས་ཏེ། ཨོཾ་ཞེས་བྱ་བ་ནི་དད་པས་འཇུག་པའོ།། སྒྲ་ཞེས་བྱ་བ་ནི་ལུང་ངོ་།། ལྡན་པ་ནི་དེ་རིགས་པས ་དཔྱད་པ་སྟེ། འདིར་ལུང་དང་རིགས་པས་དཔྱད་ནས་བླངས་གི་དད་པ་ཙམ་གྱིས་མ་ཡིན་ནོ་ཞེས་པའོ།། བྷ་ཡ་ནི་བྷཱ་ཡ་སྟེ་སྲིད་པ་ཡིན་ལ་གནས་པ་སྤྲེའུ་ཁྲིའུ་ཞེས་བྱ་བས་ཟད་པར་འདྲན་ཏེ། རིགས་པས་རྣམ་པར་དཔྱད་ཅིང་བདར ་ན་གཟུང་བ་ལ་སོགས་པའི་སྲིད་པའི་ཞགས་པ་ཟད་པར་འགྱུར་ཞེས་བྱ་བའི་དོན་ཏོ།། སའི་མཐའ་ནི་ཞེས་བྱ་བ་ལ་སོགས་པས་ནི་ཧྲྀ་ཧྲྀ་ཞེས་བྱ་བར་འགྱུར་རོ།། འོད་ཅེས་བྱ་བ་ལ་སོགས་པས་ནི་ཧྲཿཧྲཿཞེས་བྱ་བར་འགྱུར་རོ།། ཚིག་གི་དོན ་བཤད་པར་བྱ་སྟེ། སའི་མཐའ་ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པ་ཤེས་རབ་དང་ཐབས་གསལ་བར་མཛད་པ་ཡིན་ནོ།། དེ་ལ་ཉི་མ་ནི་རྡོ་རྗེ་སྟེ། ཡེ་ཤེས་ཀྱི་སྣང་པོ་བསྐྱེད་པའི་ཕྱིར་རོ།། དེའི་སྟན་ནི་ཆོས་ཀྱི་འབྱུང་གནས་སོ།། གནས་སུ ་གྱུར་པའི་ཕྱིར་རོ།། སའི་མཐའ་ནི་བྱང་ཆུབ་ཀྱི་སེམས་ཏེ། ལུས་ཐམས་ཅད་ལ་ཁྱབ་ཅིང་བསྐྱེད་པའི་ཕྱིར་རོ།། དེས་ཅི་ཞིག་བྱ་ཞེ་ན། མདའ་བཅུ་ཞེས་བྱ་བ་ལ་སོགས་པ་ལི། བན་ནི་དབང་པོ་རྣམས་དང་དོན་རྣམས་སོ།། བན་ནི་ནགས་ཚལ་ཏེ་ཕུང་པོ ་རྣམསོ།། དུམ་བུ་ནི་རྣམ་པར་དབྱེ་བ་སྟེ་གཅིག་དང་གཉིས་དང་མང་པོའི་བར་དུའོ།། ཐིག་ལེ་ནི་སྟོང་པ་ཉིད་ཀྱི་རི་མོ་སྟེ། དགང་བ་ནི་དབང་པོ་དང་། དོན་དང་། ཕུང་པོ་ལ་སོགས་པ་གཅིག་དང་གཉིས་དང་མར་པོར་ཕྱེ་བ་རྣམས་སྟོང་པ་ཉིད་ཀྱི་རི ་མོར་བྲི་བའོ།། འདིས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུའི་ནང་དུ་གནས་པའི་ཚེ་རྣམ་པར་རྟོག་པའི་རང་བཞིན་ཐམས་ཅད་ནུབ་ནས་ལྷན་ཅིག་སྐྱེས་པའི་རང་བཞིན་དུ་རྟོགས་པར་འགྱུར་རོ་ཞེས་སྟོན་ཏོ།། དེ་ལྟར་ཐམས་ཅད་སྟོང་པར་གྱུར་ནས། ་ཡང་ཇི་ལྟར་བུར་གནས་པར་འགྱུར་ཞེ་ན། དེ་ཡང་སླར་ནི་བརྗོད་པར་བྱ་ཞེས་བྱ་བ་ལ་འདིར་ཀང་ནི་བདེ་བའོ།། ཧིང་ནི་འཇུག་པ་སྟེ། བདེ་བ་ཉིད་ཀྱི་ལམ་དུ་འཇུག་པ་དེ་ལ་དེ་སྐད་ཅེས་བྱའོ།། ཡང་ན་ཀ་ནི་ཀ་མ་ལ་སྟེ་པདྨའོ།། སའི ་མཐའ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཧི་ད་ནི་བསྐྱོད་ཅིང་ཕབ་པའོ།། དེས་ན་ཅི་ཞིག་བྱ་ཞེ་ན། འོད་ཅེས་བྱ་བ་ལ་སོགས་པ་ལཾ། འོད་བྱེད་ནི་ཁྲག་གོ།། སྦྱངས་པ་ནི་དེ་དང་བཅས་པའོ།། གཤེག་སུ་གསོལ་བ་ནི་ད་དང་ལྷན་ཅིག་པ་དྷར་ཕབ་པའོ།། གློ་ན ་གནས་པོ་ནི་ཟོས་པས་ཚིམ་པར་བྱའོ།། ཉིས་གྱུར་དུ་བྱ་བ་ནི་ཡང་དང་ཡང་དུ་གོམས་པར་བྱ་བའོ།། ཟླ་གཞོན་ཞེས་བྱ་བ་ལ་སོགས་པ་ལ་ཕ་ནི་ཡི་ག་ཕེའོ།། གསལ་བ་ནི་ཟླ་ཚེས་དང་ཐིག་ལེས་སྟེང་དུ་བརྒྱན་པའོ།། སླར་བཟླས་པས་ནི་ཕེཾ་ཕོ ་ཞེས་བྱ་བར་འགྱུར་རོ།། དོན་གཞན་བརྗོད་པར་བྱ་སྟེ། ཕེཾ་ཞེས་བྱ་བས་ནི་འཛིན་པ་མེད་པའོ།། དེ་མེད་པ་ན་དངོས་པོ་འདི་དག་གང་གི་བཟུང་བ་ཡིན་པར་འགྱུར་ཏེ། དེ་ནི་དེ་ལ་བལྟོས་པའི་ཕྱིར་རོ།། ཟླ་གཞོན་ནི་ཟླ་ཚེས་གཉིས་པའོ།། ཐོགས་པ་ནི ་སྐདར་མའོ།། གསལ་བ་ནི་གསལ་བར་བྱེད་པ་སྟེ། གཉིས་པོ་དེ་དག་གིས་རང་ཉིད་གསལ་བར་ནུས་ཀྱི་གཞན་ནི་མ་ཡིན་ནོ།། འདི་ལྟར་དེ་དག་ཤར་དུ་ཟིན་ཀྱང་འགྲོ་བ་ཐམས་ཅད་མུན་པ་དང་བཅས་པར་མིག་གིས་མངོན་སུམ་དུ་མཐོང་བའི་ཕྱིར ་དེ་དག་གིས་མུན་པ་གསལ་བར་ནུས་པ་མོ་ཡིན་ནོ།། འོ་ན་གང་གི་ཞེ་ན་གསལ་བ་སྟེ། བདག་དང་གཞན་གཉིས་ཀ་གསལ་བའི་ཟླ་བ་ཉ་གང་བ་ལྟ་བུ་འབའ་ཞིག་ཤར་བས་སོ།། དེས་འདི་སྐད་དུ་སྟོང་པའི་རི་མོའི་བདག་མེད་པ་ཟླ་བ་ཚོས་པ་ལྟ་བུ ་འབའ་ཞིག་གིས་ཀྱང་འགྲོ་བའི་དོན་ཇི་ལྟ་བ་བཞིན་དུ་ནུས་པ་མ་ཡིན་ལ། སྐར་མ་ལྟ་བུའི་ཀུན་རྫོབ་ཀྱི་བངན་པ་ལྷའི་སྐུ་འབའ་ཞིག་གོས་ཀྱང་མ་ཡིན་ཏེ། གཞན་དུ་ན་བདེན་པ་གཉིས་གཉིསུ་མེད་བྱའི་སྐུ་ཟླ་བ་ཉ་གང་བ་ལྟ་བུའ ་ཞིག་གིས་སོ་ཞེས་སྟོན་ཏོ།། དེ་ཡང་སླར་ནི་བཟླས་པར་དཱ་ཞེས་བྱ་བའི་དོན་ནི་ཇི་ལྟར་ཟླ་བ་ཉ་གང་བ་དང་འགྲོགས་ན་སྐར་མས་ཀྱང་མུན་པ་སིལ་བ་ལྟར་གཉི་སུ་མེད་པའི་སྐུའི་རྗེས་སུ་འབྲང་བའི་བྱ་བ་ཐམས་ཅད་དེ་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། ཕཊ ་ཅེས་བྱ་བ་བསྒྱིངས་ཏེ་བསྒྲགས་ཞེས་བྱ་བ་ལ། ཕཊ་ནི་མཚོན་པོར་བྱ་བ་ཉིད་མཚོན་པའོ།། བསྒྱིངས་པ་ནི་ཁེངས་པ་སྟེ་ཕཊ་ཅེས་བྱ་བའོ།། བསྒྲགས་པ་ནི་སླར་བརྗོད་པ་སྟེ། དེས་ན་ཕཊ་ཕཊ་ཅེས་བྱ་བར་འགྱུར་རོ།། གཞན་བརྗོད་པར་བྱ་སྟེ ་ཕཊ་ཅེས་བྱ་བ་ནི་བདག་མེད་པའོ།། བསྒྱིངས་པ་ནི་གྲུབ་པའི་མཐའ་དེ་ཉིད་ཀྱིས་ངེས་པར་གནས་པའོ།། བརྗོད་པ་ནི་དོན་དེ་གསལ་བར་བྱེད་པའི་སྔགས་བརྗོད་པ་སྟེ། སྭ་བྷཱ་བ་ཤྲདྡྷཿསརྦ་དྷརྨཿསཱ་བྷ་བ་ཤུདྡྷོ། ཧཾ་ཞེས་བྱ་བའོ།། རྣམ་པར ་རྟོག་པ་ཀུན་གྱི་ཤིང་ཞེས་བྱ་བ་ནི་སྒྲ་ཇི་བཞིན་ནོ།། ད་ཧ་ད་ཧ་མཁའ་འགྲོའི་སྡོམ་ཞེས་བྱ་བ་ནི་བཅོམ་ལྡན་འདས་མ་ལ་བོང་བའོ།། ལྔ་སྔོ་ཞེས་བྱ་བ་ལ། ལྔ་སྟེ་ནི་སྡེ་ཚན་ལྔ་པའོ།། གཉིས་ཞེས་བྱ་བ་ནི་སྡེ་ཚན་ཞེས་བྱ་བ་དང་སྦྱར་ཏེ། དེས་ན ་སྡེ་ཚན་གཉིས་པ་ཡི་གེ་ཙོའི་སྡེའོ།། སྡེ་གཙོ་ཞེས་བྱ་བ་ནི་སྡེ་ཚན་དེ་དག་གི་གཙོ་བོ་སྟེ་པ་དང་ཙའོ།། བཟླས་ཞེས་བྱ་བས་ནི་པ་ཙ་པེ་ཙ་ཞེས་བྱ་བར་འགྱུར་རོ།། གཞན་བརྗོད་པར་འགྱུར་བྱ་སྟེ། ལྔ་སྡེ་ནི་དེ་བཞིན་གཤེགས་པ་ལྔའོ།། ་གཉིས་ནི་སྐུ་དང་གསུངས་ངོ་།། སྡེ་གཙོ་ནི་ཐུགས་ཏེ་རྡོ་རྗེ་སེམས་དཔའོ།། བཟླས་པ་ནི་བསྒྲུབ་པ་སྟེ། དེ་དག་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ།། བྷ་ཀཱ་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་ནི་བྷཀྵ་བྷཀྐ་བ་ས་སུ་དྷི་རཱནྟ་མཱ་ལཱ་བ་ལ་བི་ནི ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཾ། སརྦ་པཱ་ཏརྫ་ཡ་ཏརྫ་ཡ་ཞེས་བཟླས་པར་བྱའོ།། བ་ས་རུ་དྷི་ར་ཞེས་བྱ་བ་ལ་སོགས་པས་ནི་ལྷ་མོ་ལ་བསྟོད་དེ་བོད་པའོ།། བྷཀྵ་ཞེས་བྱ་བ་ནི་སེམས་ཀྱི་རྣམ་པར་རྟོག་པའི་བདུད་བཟའ་བའོ།། སཔྟ། ་ཞེས་བྱ་པཾ་ལ་སོགས་པ་ལ། ས་འོག་རིམ་པ་བདུན་ལ་སོགས་པའི་སྦྲུལ་ལམ་ལྟོ་འཕྱེ་སྟེ་རྣམ་པར་རྟོག་པ་འདི་དོག་ཚར་གཅད་ཅིང་གཟུང་ངོ་ཞེས་བྱ་བའི་དོན་ཏོ།། པ་ཞེས་བྱ་བ་ནི་བསྡུ་བའོ།། ཨ་དང་ཀའི་ཡི་གེ་དང་ཞེས་བྱ་བ་ལ་སོགས ་པ་ལ། གསུམ་པ་ནི་སྡེ་ཚན་གསུམ་པའོ།། དེའི་གསུམ་པ་དང་བཞི་པ་ནི་ཡི་ཤེ་གཱི་ཊ་དང་བྷོའོ།། རླུང་ལ་གནས་ཞེས་བྱ་བ་ལ་རླུང་གི་ཡ་སྟེ། དེ་ལ་དེ་དག་གཉིས་སྦྱར་ཏེ་གནས་པའོ།། གཉིས་སུ་བཟླ་ཞེས་བྱ་བ་ནི་བསྒྱུར་ཏེ་བཟླས་པོའོ།། དེ་དག ་གིས་ནི་ཨཱ་ཀ་ཌ་ཌྷཱ་ཞེས་བྱ་བར་འགྱུར་རོ།། ཚིག་གི་དོན་བཤད་པར་བྱ་སྟེ། ཨ་ནི་ཨ་ཀཱ་ར་སྟེ་རྣམ་པའི་རང་བཞིན་ནོ།། ཀ་ནི་མིང་པའོ།། ཝདྷ་ནི་སྔགས་པ་སྟེ། རྣམ་པ་དག་རོ་གཅིག་པར་མང་པར་བྱའོ་ཞེས་བྱ་བོའི་དོན་ཏོ།། དེ་ཅི་ཞིག་ཏུ་ཞེ ་གསུམ་པ་ནི་གསུམ་པ་ལ་བྱ་བ་ལ་གསུམ་པ་ནི་ལུས་དང་ངག་དང་ཡིད་དོ།། གསུམ་པ་ནི་སེམས་ཏེ་རྣམ་པར་ཤེས་པའོ།། དེ་ཡང་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནི་རྣམ་གྲངས་སོ་ཞེས་གསུངས་པའི་ཕྱིར་རོ།། གཉི་སུ་བཟླ་ཞེས་བྱ ་བ་ལ་གཉིས་ནི་རྣམ་པ་དང་བཅས་པ་དང་རྣམ་པ་མེད་པའོ།། བཟླ་བ་ནི་སྐྱོན་མཚུངས་པར་བསྡུད་པ་སྟེ། འདི་ལྟར་རྣམ་པ་དང་བཅས་པའི་ལྟར་ན། རྣམ་པ་རྣམས་དང་རྣམ་པར་ཤེས་པ་དེའི་བདག་ཉིད་དུ་གཅིག་ཡོན་པ ་རྣམ་པར་ཤེས་པ་ཡང་རྣམ་པ་ལྟར་བེམས་པོར་ཐལ་བར་འགྱུར་རོ།། རྣམ་པ་མེད་པའི་ལྟར་ན་ཡང་ཡུལ་དང་ཤེས་པ་ལ་འབྲེལ་པ་མེད་པའི་ཕྱིར་ཡུལ་རྟོགས་པ་མེད་པར་ཐལ་བར་འགྱུར་ཏེ། དོན་དམ་པར་ན་དེའི་བདག་ཉིད་ཐ་མི་དད་པས་ཤེས ་པར་རུང་གི། གཞན་དུ་ན་ཧ་ཅང་ཐལ་ཆེས་པར་འགྱུར་རོ།། སེམས་དེ་གཉིས་ཀ་ཡང་ཅི་ཞིག་ཡིན་ཞེ་ན། བཞི་པ་དེ་དག་ནི་ཞེས་བྱ་བ་ལ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་བདག་ཉིད་རང་བཞིན་གྱིས་འོད་གསལ་བའོ།། ་ཇི་ལྟ་བུ་ཞིག་ཅེ་ན། རླུང་ལ་གནས་ཞེས་བྱ་བ་ལ་རླུང་ནི་འདིར་ལུང་དང་རིགས་པའོ།། གནས་པ་ནི་ངེས་པ་སྟེ། དེ་དག་གིས་དེ་གཏན་ལ་ཕབ་པའོ།། ད་ནི་ཞེས་བྱ་བ་ནི་རྒྱུ་དེས་ན་དེ་འོད་གསལ་བར་གཏན་ལ་ཕབ་པས་ངེས་སོ།། སྦྱར་ཞེས་བྱ ་བ་ནི་བདག་མེད་པའི་དོན་དམ་པ་སྟེ། ཞལོ་དང་ཕྱག་ལ་སོགས་པའི་རྣམ་པ་དང་སྦྱར་བ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་འགྱུར་རོ།། དེ་དག་གིས་ནི་འོདདི་སྐད་དུ་སེམས་རྣམ་པ་དང་སྦྱར་བཅས་ཀྱང་རུང་མེད་ཀྱང་རུང་། ལུང་དང་རིགས ་པས་འོད་གསལ་བ་ཉིད་དུ་གཏན་ལ་ཕབ་སྟེ། བདག་མེད་པ་དེ་དང་ལྷའི་སྐུ་ཀུན་རྫོབ་ཀྱི་བདེན་པ་གཉིས་སུ་མེད་པར་བསྒོམ་མོ་ཞེས་བྱ་བའི་དོན་ཏོ།། སའི་མཐའ་ཞེས་བྱ་བ་ལ་སོགས་པས་ནི། ཧྲིཾ་ཧྲི་ཞེས་བྱ་བར་འགྱུར་རོ།། དོན་གཞན ་བརྗོད་པར་བྱ་སྟེ། འདི་ལ་འགྲོ་བ་ཐམས་ཅད་ལ་ཁྱད་པར་བྱེད་པས་ན་ས་ཝར་སྟེ་ཧེ་རུ་ཀའོ།། ཉི་མར་གནས་པ་ནི་ཉི་མའི་གདན་ལ་བཞུགས་པའོ།། ཝ་ར་ཎ་ནི་རིགས་ཏེ་རིགས་བཞི་ཆར་གྱི་བདག་ཉིད་ལའོ།། དགང་པ་ནི་བསྒྲགས་པའོ།། ཟླར་བཤད་པ་ནི ་བདག་ཉིད་ཐབས་ཀྱི་རང་བཞིན་དུ་གྱུར་པས་ཤེས་རབ་ཀྱི་ཚེ་དང་སྦྱར་བའོ།། ལྔ་སྡེ་མཐའི་ཞེས་བྱ་བ་ལ་སོགས་པ་ལྔ་སྡེ་མཐའ་ནི་མའོ།། དེའི་སྟན་ལ་གནས་པར་ཀ་དང་འ་གཉིས་བཞག་པའོ།། གཉིས་སུ་བཟླ་ཞེས་བྱ་བ་ནི་ལན་གཉིས་སུ་བརྗོད་པ་སྟེ ་ཀྲཱྀ་ཀྵྨཱཾ་ཞེས་བྱ་བར་འགྱུར་རོ།། གཞན་བརྗོད་པར་བྱ་སྟེ། ཀཾ་ནི་བདེ་བའོ།། ཤ་ནི་དེའི་རང་བཞིན་ཉམ་སུ་མྱོང་བར་སྟེ། བདེ་བ་ཆེན་པོ་རང་རིག་པའི་ཡེ་ཤེས་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཇི་ལྟར་རྙེད་པར་འགྱུར་ཞེ་ན། ལྔ་སྡེ་ཞེས་བྱ་བ་ལ་སོགས་པ་ལྔ་ནི ་སྤྲོས་པ་ཡིན་ལ། སྡེ་ནི་གཟུང་བ་དང་འཛིན་པའོ།། མཐའ་ནི་ཟད་པ་སྟེ་སྤྲོས་པ་མེད་པའི་མཐར་གཏུགས་པའོ།། དེ་ཡང་ཇི་སྐད་དུ་སྤྲོས་པ་སྤྲོས་པ་མེད་པར་བྱ་ཞེས་གསུངས་པའི་ཕྱིར་རོ།། དེ་ཅི་ཞིག་ལ་གནས་ཞེ་ན། སྟན་ཞེས་བྱ་བ་ལ། འདི་ལ ་བདེ་བ་ཡོད་པས་ན་སྟན་ཏི། བྱང་ཆུབ་ཀྱི་སེམས་སོ།། བཞུགས་པ་ནི་གནས་པ་སྟེ། ལྷན་ཅིག་སྐྱེས་པའི་ཚུལ་དུའོ།། དེ་ཉིད་བསྟན་པའི་ཕྱིར་ཨཱ་དང་ཐིག་ལེར་ལྡན་ཞེས་བྱ་བ་གསུངས་ཏེ། ཨ་ནཱི་རྣམ་པའོ།། ཐིག་ལེ་ནི་སྟོང་པ་ཉིད་དོ།། ལྡན་པ ་པནི་འགལ་བ་སྤངས་ཏེ་རོ་གཅིག་ཏུ་གནས་པའོ།། དེ་ནི་གཉིས་སུ་བཟླ་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་རྟོག་པ་ཙམ་གྱིས་ཀྱང་བཟླ་བ་སྟེ། འགྲོ་བ་འདི་ཐམས་ཅད་བདེ་བ་ཆེན་པོའི་རང་བཞིན་ཡིན་ན་མི་ཤེས་པའི་དྲི་མས་བསྒྲིབས་པས་དེ་ཁོ་ན་ཉིད ་མ་ཤེས་པར་ཟད་ངོ་སྙོམས་དུ་དྲན་པར་བྱའོ།། ས་མཐའ་ཞེས་བྱ་བ་ལ་སོགས་པ་ལས་མཐའ་ནི་ཧའོ།། མདའ་ནི་དབྱངས་ཡིག་སྠཱ། གཉིས་པ་ནི་ཨཱའོ།། གསུམ་པ་ན་ཨཱིའོ།། ལྔ་པ་ནི་ཨུའོ།། དེ་ཀུན་ནི་ཧའོ།། ཅོད་པན་ན ་སྟེང་དུ་བཞག་པ་སྟེ། གཉིས་སུ་བསྒྱུར་བ་ནི་སླར་ཡང་བཟླས་པའོ།། དེ་དག་གིས་ནི་ཧཱཾ་ཧཱཾ་ཧྲིཾ་ཧཱུ~ཾ་ཧཱུཾ་ཧཱུཾ་ཞེས་བྱ་བར་འགྱུར་རོ།། གཞན་བརྗོད་པར་བྱ་སྟེ། སའི་མཐའ་ནི་ཧའོ།། ནཱ་ད་གཉིས་ཀྱི་ཚུལ་ཅན་པས་ན་མདའ་གཉིས་ལྡན་པའོ།། དེ་ཉིད་མདའ ་གསུམ་དུ་སྦྱར་ཏེ། ཧ་དང་ཟླ་ཚེས་དང་ཐིག་ལ་རྣམས་སོ།། དེས་ནི་ཧཾ་ཞེས་བྱ་བར་འགྱུར་རོ།། དེ་བཞིན་ཞེས་བྱ་བ་ནི། དེ་ལ་དམིགས་པས་སེམས་སོ་སོར་རྟོགས་པར་འགྱུར་བའོ།། མངའ་ལྔ་ནི་དེ་བཞིན་གཤེགས་པ་ལྔ་སྟེ་དེ་དག་གིས ་བདག་ཉིད་ཧོའོ།། ཡང་ན་སྔར་ཐར་པའི་ཐབས་དང་ཤེས་རབ་གཉིས་དང་གསུམ་གྱི་ཡེ་ཤེས་ལྔའི་བདག་ཉིད་ཡིན་པའི་ཕྱིར་རོ།། དེ་ཀུན་ཞེས་བྱ་བ་ནི་ཨོཾ་དང་ཧཱུཾ་སྟེ། དེའི་གྲོགས་ཡིན་པའི་ཕྱིར་རོ།། དུམ་བུ་ནི་ཡི་གེ་ཨའོ།། ཐིག་ལ་ནི་རྗེ་སུ་འགྲོ ་བའི་དབྱངས་སོ།། ཅོད་པན་ནི་ཟླ་བ་ཚེས་པའོ།། དེ་དག་གིས་ནི་ཨཱཾ་ཞེས་བསྟན་པར་འགྱུར་ཏེ། འཁོར་ལོ་བཞི་ལ་གནས་པའོ།། ཀ་ས་ཙཽ་དང་དྷ་རྣམས་ནི་ཞེས་བྱ་བ་ལ་སོགས་པ་ལ། ཨི་ཞེས་བྱ་བ་ལ་སོགས་པ་ནི་ཀུན་ལ་སྦྱར་ཏེ། ད་ལྟར ་ནཀ་ཨེའོ་སྒྲ་ནི་མཆོག་གི་གཟུངས། ས་སེའི་ཨོཾའི་སྒྲ་ནི་མཆོག་གི་བཟུངས་ཞེས་བྱ་བ་ལ་སོགས་པར་འགྱུར་ཏེ། འདིས་ནི་ཀི་སི་ཙ་དྷི་ཞེས་སྟོན་ཏོ།། ལིའོ་མཐའ་ནི་རོ་རང་སྦྱར་ཞེས་བྱ་བས་ནཾ། དེ་ཐམས་ཅད་ཀྱི་མཐར་ལི་བརྗོད་པའོ།། དེ་དག་ནི ་དེདཀུན་ནོ།། ཡང་བསྒྱུར་བ་ནི་ལན་གཉིས་སུ་གདོན་པ་སྟེ། ཀི་ལི་ཀི་ལི། སི་ལི་སི་ལི། ཙ་ལི་ཙི་ལི། དྷི་ལི་དྷི་ལི། ཞེས་བྱ་བར་འགྱུར་རོ།། གཞན་བརྗོད་པར་བྱ་སྟེ། ཀོ་ནི་བདེ་བའོ།། ས་ཙ་ནི་བཟླུམས་པ་སྟེ་གཉིས་སུ་མེད་པའོ།། དྷི་ནི ་བློའོ།། སྒྲ་ནི་དབྱང་ས་ཏེ། བ་ར་ནི་མཆོག་གོ།། གཟུང་བ་ནི་རང་བཞིན་ཏེ་དེས་ན་གཉིས་སུ་མེད་པའི་བདེ་བ་ལ་སྤྱོད་པ་ན། ཤིན་ཏུ་རྣམ་པར་དག་པའི་བློས་སྒྲའི་མཆོག་འདོན་པ་ལ་དེ་སྐད་ཅེས་བྱའོ།། ཨུ་སྒྲ་ལོ་ཞོན་ཞེས་བྱ་བ་ལ ་སོགས་པས་ནི་ཧཱུ~ཾ་ཧཱ་ཞེས་བྱ་བར་འགྱུར་རོ།། གཞན་བརྗོད་པར་བྱ་སྟེ། ཨུ་སྒྲ་ལ་ཞོན་ཞེས་བྱ་བ་ནི་ཐབས་ཀྱི་ཆའོ།། དུམ་བུ་ཞེས་བྱ་བ་ལ་སོགས་པ་ནི་ཤེས་རབ་ཀྱི་ཆའོ།། ཕཊ་ཅེས་བྱ་བ་ལ་སོགས་པ་ནི་སྒྲ་ཇི་བཞིན་ནོ།། བསྒྲུབ ་ནཱི་སཱ་ཧཱ་ཞེས་མཐར་བརྗོད་པའོ།། ཆ་ནི་ཨ་ལ་སོགས་པའོ།། ཚ་མ་ནི་ནི་ཀ་ལཾ་སོགས་པའི་ཡི་གའོ།། མང་པོ་ནི་སྔགས་ཀྱི་ཚོགས་རྣམས་སོ།། དེ་ཅི་འདྲ་ཞེ་ན། མེ་ཏོག་ཚོགས་ཀྱི་ཕྲེང་བས་ཟིན་ཞེས་བྱ་བ་ལ། ཇི་ལྟར་མེ་ཏོག་སྣ ་ཚོགས་ཕྲེང་བས་བརྒྱུས་པ་ལྟར་སྔགས་ཀྱི་ཚོགས་དུ་མ་སྤེལ་བ་སྟེ། འདི་ལྟར་ཨཽ་ཀྲཱུ་ཪྵ་ཀ་ར་ཀུ་རུ་ཀུ་རུ་བནྡྷ་བནྡྷ་ཏཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷཱ་ཡ་ཀྵོ་བྷཱ་ཡ། ཧཱུ~ཾ་ཧྲྀ་ཏཿཧཿཕོ་ཕེཾ་ཕཊ་ཕཊ་ད་ཧ་ད་ཧ་པ་ཙ་པ་ཙ་བྷོཀྵ་བྷཀྵ་བ་ས་རུ་དྷི་རཱནྟ་མཱ ་བ་ལཾ་བི་ནི་གྲྀཧྞ་གྲྀ་ཧྞ་སཔྟ་པཱ་ཏཱ་ལ་ག་ཏ་བྷཱུ་ཛཾ་ག་སརྦ་བཱ་ཏ་རྫ་ཡ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧྲྀ་ཙྪི་ཛྲཱྀ་ཛྲཱྀ་ཀྵྨཱཾ་ཀྵཱཾ་ཧ་ཧཾ་ཧཾ་ཏི་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི་སི་ལི་སི་ལོ་ཧི་ལི་ཧི་ལི་དྷི་ལི་དྷི་ལི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་སྟེ། ཇི་སྐད་དུ་ཐོག་མར་ཨོཾ་སྟེ། སཱ་ཧཱ ་མཐའ་ཞེས་གསུངས་པའི་ཕྱིར་རོ།། དེ་དག་ཅེས་བྱ་བ་ལ་སོགས་པ་ལ། ལྷ་མོ་སྒྱུ་མ་ཆེ་ཞེས་བྱ་བ་ནི་བོད་པའོ།། ཐམས་ཅད་ནི་བརྟན་པ་དང་གཡོ་བའི་འགྲོ་བ་ཀུན་ནོ།། དེ་དག་གི་དངོས་གྲུབ་ནི་དེ་དག་བཅིང་བ་ལ ་སོགས་པའི་འཇིག་རྟེན་པ་དང་སངས་རྒྱས་ཉིད་ལ་སོགས་པ་འཇིག་རྟེན་ལས་འདས་པའི་དངོས་གྲུབ་པོ།། སྟེར་པོ་ནི་སྔགས་འདིས་སྒྲུབ་པ་པོ་རྣམས་ལ་དངོས་གྲུབ་དེ་དག་ཅིང་བསྒྲུབ་ཅིང་བསྐྱེད་པའོ།། འདི་ནི་ཞེས་བྱ་བ་ལ་སོགས ་ཕས་ནི་སྔགས་ཀྱི་མཐུ་གསུངས་ཏེ། འཇིག་རྟེན་ཁམས་ཀུན་གཡོས་གྱུར་ཅིང་ཞེས་བྱ་བ་ནི་ཐོས་པ་ལ་སོགས་པའི་ཤེས་རབ་ཀྱིས་གཞག་པའོ།། སྐྲག་པ་ནི་ཆོས་ཉིད་མངོན་ཏུ་བྱས་པའོ།། བྱང་ཆུབ་ཏུ་ནི་མངོན ་སངས་རྒྱས་ཞེས་པ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་གྱུར་པའོ།། ཚིག་གི་དོན་གྱི་འབྲས་བུའོ།། རི་བོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པས་ནི་སྔགས་ཀྱི་འབྲས་བུ་བསྟན་ཏེ། བཏུལ་བ་ལ་སོ་ལས་པའི་ཚིག་གསུམ་ནི་ལུས ་ལ་སོགས་པ་གསུམ་དང་སྦྱར་ཏེ། ལྷག་མ་ནི་གློ་སླའོ།། ད་ནི་རྡོ་རྗེ་མཁའ་འགྲོའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱི་བླ་མ་རྗེ་བཙུན་དང་མཁའ་འགྲོ་མའི་ཚོགས་དང་བཅས་པའི་རྡོ་རྗེ ་མགྲོ་མཁའ་འགྲོ་བ་ལྟ་སྟེ། དེའི་འོད་ལས་བྱུང་བའི་མེ་ཏོག་ལ་སོགས་པ་ནས། བདུ་རྩི་ལྔའི་བར་གྱིས་མཆོད་པས་ཡང་དག་པར་མཆོད་ལ། དེ་དག་གི་སྤྱན་སྔར་སངས་རྒྱས་ཐམས་ཅད་བདག་ལ་དགོངས་ཞེས་བྱ་བ་ལ་སོགས ་པའི་ཚགསུ་བཅད་པ་ལན་གསུམ་བརྗོད་པས་སྡོམ་པ་གཟུང་ནས། ཨོཾ་སྭ་བྷཱ་བ་ཤུདྡྷ་སརྦ་དྷརྨཿསྭ་བྷ་བ་ཤུདྡྷོ&ཧཾ། ཞེས་བརྗོད་ལ་ཆོས་ཐམས་ཅད་བདག་མེད་པར་མེས་ནས། ཨེ་བཛྲ་ཤུདྡྷཿསརྦ་དྷརྨ་བཛྲ་ཤུདྡྷོ&ཧཾ། ཞེས་བརྗོད་པར་བྱའོ།། དེ་ནས་སྣ་ཚོགས ་པདྨའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་དེ་ཉིད་ཀྱིས་བྱིན་གྱིས་བརླབས་པའི་འོད་ལས་བྱུང་བའི་རྡོ་རྗེ་ར་པ་ལ་སོགས་པ་བསྒོམས་ལ། དེར་ཡཾ་ཡོངསུ་གྱུར་པའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར། དེའི་སྟེང་དུ་ཐ ་ལས་བྱུང་བའི་ཆུའི་འི་དཀྱིལ་འཁོར། དེའི་སྟེང་དུ་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་ལ་རི་རྒྱལ་ལྷུན་པོ་བལྟས་ལ། དང་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་ཆུད་པར་སྣ་ཚོགས་པདྨ་དང་། རྡོ་རྗེའི་ལྟེ་བ་ལ་རྣམ་པར་སྣང་མཛད་ཡོངསུ་གྱུར་པ་ལས་བྱུང་བའི་ཁང་བུ ་བརྩེགས་པ་གྲུ་བཞི་ལ་སོགས་པའི་མཚན་ཉིད་ཅན་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བས་བསྐོར་བའི་པདྨ་རིམ་པས་གསུམ་ལ་ཉི་མའི་གདན་སུམ་ཅུ་རྩ་གཉིས་བདུན་སུམ་གྱིས་མནན་པ་བསྒོམས་ཏེ། དེའི་དབུས་ཀྱི་གདན་ལ་རིམྦྷ་པ་ཇི་ལྟ་བ་བཞིན ་དུ་ཨ་ལ་སོགས་པ་དང་ཀ་ལ་སོགས་པ་ཞུགས་པའི་ཟླ་བའི་དཀྱིལ་འཁོར་གཉིས་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་ལྟེ་བར་དེ་གཉིས་ཀྱིས་བྱིན་གྱིས་བརླབས་པ་དེ་དག་ཡོངསུ་གྱུར་པ་ལས་རྡོ་རྗེ་མཁའ་འགྲོར་བསྒོམ་པར་བྱ་སྟེ། ཨོཾ་ཙིཏྟ་པྲྀ་ཏི་བྱ་དྷ ་ཀ་རོ་མ~ཾ་ཞེས་བྱ་བ་ལ་སོགས་པ་མངོན་པར་བྱང་ཆུབ་པ་ལྔ་ཡི་སྔགས་དང་སྦྱར་རོ།། བཅོམ་ལྡན་འདས་ཇི་ལྟ་བུ་ཞིག་ཅན། སྐུ་མདོག་སྔོན་པོ་མཆེ་བ་ཡིད་ཙམ་གཙིགས་ཤིང་ཁྲོ་བ་དང་བཅས་པ་སྔོན་པོ་དང་། དཀར་པོ་དང་། སེར་པོ་དང ་དམར་པོའི་མདོག་ཅན་གྱི་རྩ་བ་དང་། གཡས་དང་། རྒྱབ་དང་། གཡོན་གྱི་ཞལ་བཞི་དང་ལྡན་པ་འབར་བའི་རྡོ་རྗེ་དང་། གཤོལ་དང་། མདའ་དང་། ཁ་ཊྭཱ~ཾ་ག་དང་ཐོད་པ་དང་། གཞུ་རྣམས་བསྣམས་པའི་ཕྱག་དྲུག་གིས་བརྒྱན་ཅི ་ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན་སྐྲ་ཁམས་པ་གྱེན་དུ་འབར་བ་སྤྱན་གསུམ་པ་ཉི་མའི་དཀྱིལ་འཁོར་ལ་བདུད་བཞི་གཡས་བརྐྱང་གིས་གནས་པས་མནན་ཏེ་བཞུགས་པ། ཞལ་བཞིའི་སྨིན་མཚམས་ནས་ཧཱུཾ་བཞིའི་སྔགས་འཕྲོ་ཞིང་ཤེས་རབ་སྐུ ་མདོག་དམར་མོ་ཕྱག་ན་ཟངས་གྲི་དང་ཐོད་པ་བསྣམས་པ་ལ་དགའ་བས་ཀུན་ཏུ་འཁྱུད་པའོ།། ཤར་གྱི་འདབ་མ་ལ་ལྟུང་བྱེད་མ་མདོག་སྟོ་སེར་ཕྱག་བཞིན་ཐོད་པ་དང་། རྡོ་རྗེ་དང་དྲིལ་བུ་དང་། ཁ་ཊྭཱཾ་ག་བསྣམས་པའོ།། བྱང་དུ་གསོད་བྱེད་མ ་མདོག་ལྗང་སེར། ཕྱག་བཞིན་རྡེའུ་ཆུང་དང་ཐོད་པ་དང་། ཁ་ཊྭཱཾ་ག་དང་། ཞགས་པ་བསྣམས་པའོ།། ནུབ་དུ་འགུགས་བྱེད་མ་མདོག་དམར་སེར་ཕྱག་བཞིན་མདའ་དང་། སྣ་ཚོགས་པདྨ་དང་། གཞུ་དང་ཐོད་པ་བསྣམས་པའོ།། ལྷོར ་གར་གྱི་དབང་ཕྱུག་མོ་མདོག་དཀར་སེར་ཕྱག་བཞིན་བ་དན་དང་། ཐོད་པ་དང་། མདུང་རྩི་གསུམ་དང་། རིན་པོ་ཆེ་བསྣམས་པའོ།། དེ་དག་གི་ཐོད་པར་རིམ་བཞིན་དུ་གླང་པོ་ཆེ་དང་། ཁྱི་དང་མི་དང་བ་ལང་རྣམས་བལྟ་བར་བྱའོ།། དེ་དག ་ཀུན་ཀྱང་ཞལ་གཅིག་སྤྱན་གསུམ་པ་སྤྲོ་ཁམ་པ་གྱེན་དུ་འབར་ཞིང་རྒྱན་ཐམས་ཅད་བཞི་མོའི་དཀྱིལ་འཁོར་ལ་གཡས་བརྐྱང་གིས་བཞུགས་ཤིང་ཉི་མའི་འོད་ཅན་ནོ།། དབང་ལྷུན་ལོ་སོགས་པའི་མཚམས་ཀྱི་འདབ་མ་རྣམས་སུ ་བདུད་རྩི་ལྔའི་ཐོད་པར་སངས་རྒྱས་ཀྱི་སྐུ་དང་ལྡན་པའོ།། དེའི་ཕྱི་རོལ་པདྨ་འདབ་མ་བརྒྱད་རྡོ་རྗེ་སྟོན་པའི་ཕྲེང་བས་བསྐོར་བ་ནི་ཐུགས་ཀྱི་འཁོར་ལོ་སྟེ། དེའི་ཤར་ཕྱོགས་ཀྱི་རྩིབས་སུ་པུལླི་རི་མ་ལ་ཡང་རབ་ཏུ་གཏུམ་མོ་ལ་ཐོད་པའི་དུམ་བུ་ཅན་གྱིས ་འཁྱུད་པའོ།། བྱང་ཆུབ་དུ་ཛཱ་ལནྡྷར་གཏུམ་པའི་མིག་ཅན་མ་དང་ཀེང་རུས་ཆེན་པོའོ།། ནུབ་ཏུ་ཨོ་ཌི་ཡ་ན་རུ་འོད་ལྡན་མ་དང་ཀེང་རུས་སོ།། ལྷོར་ཨནྨ་དར་སྣ་ཚན་མ་དང་མཆེ་བ་རྣམ་པར་གཙགས་པའོ།། མེ་མཚམ་སུ་གོ་དཱ་བ་རིང་དཔའ་བོའི་བླ་མ ་དང་ལྷའི་དགྲའོ།། བདར་བྲལ་དུ་རཱྀ་མ་ཤཱཤྭ་རིར་མིའུ་ཐུང་མ་དང་འོད་དཔག་ཏུ་མེད་པའོ།། རླུང་མཚམས་སུ་དེ་བི་ཀོ་ཊི་རི་ལྕང་ཀའི་དབང་ཕྱུག་མ་དང་རྡོ་རྗེའི་འོད་དོ།། དབང་ལྡན་དུ་མཱ་ལ་བར་ཤིང་གྲིབ་མ་དང་རྡོ་རྗེའི་ལུས་སོ།། དེའི་ཕྱི་རོལ་པདྨ་དམར་པོའི་ཕྲེང ་བས་བསྐོར་བའི་པདྨ་དམར་པོ་ནི་གསུང་གི་འཁོར་ལོ་སྟེ། དེའི་ཤར་ཕྱོགས་ཀཱ་མ་རུང་ས་སྲུང་མ་དང་མྱུ་གུ་ཅན་ནོ།། བྱང་དུ་ཨེ་དྲེར་འཇིགས་བྱང་ཆེན་པོ་དང་རྡོ་རྗེ་རལ་པ་ཅན་ནོ།། ནུབ་དུ་ཏྲི་ཤ་ཀུ་ནཱར་རླུང་ཤུགས་མ་དང་དཔའ་དེ་ཆེན་པོའོ།། ལྷོར ་ཀོ་ས་ལར་ཆད་ཐུང་མ་དང་རྡོ་རྗེ་ཧཱུཾ་མཛད་དོ།། མེ་མཚམ་སུ་ཀཱ་ལི་གྷ་རོ་སྔོ་བསངས་ལྔ་མོ་དཱང་ཤིན་ཏུ་བཟུང་པོའོ།། པདན་བྲལ་དུ་ལམ་བཱ་ཀར་ཤིན་ཏུ་བཟང་མོ་དང་རྡོ་རྗེ་བཟང་པོའོ།། རླུངས་མཚམས་ཀཱནྡུ་ར་རྟ་རྣ་མ་དང་འཇིགས་བྱེད་ཆེན་པོའོ།། དཔ ་ལྡན་དུ་ཧི་མཱ་ལ་ཡར་བྱ་གདོང་མ་དང་མིག་མི་བཟང་ངོ་།། དེའི་ཕྱིར་རོལ་འཁོར་ལོ་དཀར་ཐེའི་ཕྲེང་བས་བསྐོར་བའི་པདྨ་དཀར་པོ་ནི་སྒྲའི་འཁོར་ལོ་སྟེ། དེའི་ཤར་དུ་པྱེ་ཏ་བུ་རིར་འཁོར་ལོའི་ཤུགས་ཅན་མི་དང་སྟོབས་པོ་ཆེའོ།། བྱང་དུ་གྲི་ཧ་ད་བ་ཏཱ ་དུམ་སྐྱེས་མ་དང་རིན་ཆེན་རྡོ་རྗེའོ།། ནུབ་དུ་སཽ་རཱ་ཥཱ་ར་གླང་སྣ་མ་དང་རྟ་མགྲིན་ནོ།། ལྷོར་གསེར་གླེང་དུ་འཁོར་ལོའི་གོ་ཆ་མ་དང་ན་མཁའི་སྙིང་པོའོ།། མ་མཚམས་སུ་ན་ག་རར་ཤིན་ཏུ་དཔའ་མེ་དང་དཔལ་ཧེ་རུ་ཀའོ།། བདེན་བྲལ་དུ ་སིནྡྷུར་སྟོབས་ཆན་མ་དང་པདྨ་གར་གྱི་དབང་ཕྱུག་གོ། རླུང་མཚམས་སུ་མ་རོར་འཁོར་ལོ་སྒྱུར་མ་དང་རྣམ་པར་སྣང་མཛད་དོ།། དབང་ལྡན་དུ་ཀུ་ལུ་ཏྲར་བཙོན་ཆེན་མ་དང་རྡོ་རྗེ་སེམས་དཔའོ།། དེ་ལྟར་ཐུགས་དང་གསུང་དང་སྐྲའི་འཁོར་ལོ་སྐྱེས ་འི་ལྷ་མོ་དེ་དག་ནི་ཞལ་གཅིག་པ་ཕག་གཉིས་ཀྱིས་ཐོད་པ་དང་ཟངས་གྲི་བསྣམས་ཤིང་སྡིགས་མཛུབ་མཛད་པ། སྨན་གསུམ་པ་སྐ་ཁམས་པ་གྱེན་དུ་འབའ་ཞིག་དྲག་པ་གཅིག་བུའོ།། ཐོད་པའི་དུམ་བུ་ཅན་ལ་སོགས་པའི་དཔའི ་བོ་རྣམས་ནི་ཞལ་གཅིག་པ་རལ་པོའི་ཐོར་ཚུགས་དང་པ་དཔའ་བོའི་དར་ཐོད་ཅནི། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་ནས་ལྷ་མོ་ལ་འཁྱུད་པ་ཕག་གཞན་གཉིས་ཀྱིས་རྡེའུ་ཆུང་དང་ཁ་ཊྭཱཾ་ག་བསྣམས་པའི་གཅེར་བུའོ།། ཡང་དེ ་དག་ཐམས་ཅད་མགུལ་ངོ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་དང་། ཚངས་པའི་སྐུད་པ་དང་། མགོ་བོའི་ཕྲེང་བ་དང་། རྐང་གདུང་ཀྱིས་བརྒྱན་ཅིང་ཉི་མའི་གདན་ལ་གཡས་བརྐྱང་གོས་བཞུགས་པ་ཉི་མའི་འོད་ཅན་ནོ།། ཤར་སྒོར་ན ་གཤིན་རྗེ་བསྟན་མའོ།། བྱང་སྒྲོན་ནི་གཤིན་རྗེ་ཕོ་ཉ་མའོ།། ནུབ་སྒོར་ནི་གཤིན་རྗེ་མཆེ་བ་ཅན་ནོ།། ལྷོ་སྒོར་ནི་གཤིན་རྗེ་འཇོམས་མའོ།། མེའི་མཚམས་སུ་ཁྭ་གདོང་མའོ།། བདེན་བྲལ་དུ་འུག་གདོང་མའོ།། རླུང་མཚམ་སུ་ཁྱི་གདོང་མའོ ་དབང་ལྡན་དུ་ཕག་གདོང་མ་སྟེ། དེ་དག་ནི་སྤྱན་གསུམ་པ་སྐག་ཁམ་པ་གྱེན་དུ་འབར་བ་དང་ཁ་དོག་སྔོ་བསངས་ལ་ཕྱག་ན་ཟངས་གྲི་དང་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་ཤིང་སྦྲུལ་གྱི་རྒྱན་ཅན་གཅར་བུ་ཞལ་མཆེ་བ་རྣམ་པར་གཙིགས་པ་ཐོད་པའི་ཕྲེང ་བས་དབུ་བརྒྱན་པ་སྟེ། རྣལ་འབྱོར་མ་ཇི་སྙེད་པ་རྣམས་ནི་ཞལ་གཅིག་ཕག་གཉིས་པའོ།། དེ་ལ་ལུས་དང་། ཚོར་བ་དང་། ཆོས་དང་། སེམས་དྲན་པ་ཉེ་བར་གཞག་པ་རྣམས་ནི་རམི་བཞིན་དུ་ལྷུང་བད་མ་དང་། གསོད་པད་མ་དང་། འགུགས་བྱེད ་མ་དང་། གར་དབང་མོ་རྣམས་སོ།། འདུན་པ་དང་། བརྩོན་འགྲུས་དང་། དཔྱོད་པ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་རྣམས་ནི་རིམ་བཞིན་དུ་རབ་ཏུ་མཱ་མ་དང་། གཏུམ་མིག་མ་དང་། འོད་ལྡན་མོ་རྣམས་དང་། སྣ་ཆེན་མ་རྣམས་སོ།། དང་པོ་དང་། ་བརྩོན་འགྲུས་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་དབང་པོ་རྣམས་ནི་རིམ་བཞིན་དུ་དཔའ་བོའི་བློ་མ་དང་། མིའུ་ཐུང་མ་དང་། ལང་ཀའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་དང་། ས་སྲུངས་རྣམས་སོ།། དད་པ་དང་། བརྩོན་འགྲུས ་དང་། དྲན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྟོབས་ལྔ་ནི་རིམ་བཞིན་དུ་འཇིགས་བྱེད་ཆེན་པོ་དང་། རླུང་ཤུགས་མ་དང་། ཆང་འཐུང་མ་དང་། སྔོ་བསངས་ལྷ་མོ་དང་། ཤིན་ཏུ་བཟང་མོ་རྣམས་སོ།། ཏིང་ངེ་འཛིན་དང་། བརྩོན་འགྲུས ་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཆོས་རྣམ་པར་འབྱེད་པ་དང་། དྲན་པ་དང་། བཏང་སྙོམས་བྱང་ཆུབ་ཀྱི་ཡན་ལག་རྣམས་ནི་རོམ་བཞིན་དུ་རྟེན་རྣམ་དང་། བྱ་གདོང་མ་དང་། འཁོར་ལོ་ཤུགས་མ་དང་། དུམ་སྐྱེས་མ་དང་། གློང ་སྣ་མ་དང་། འཁོར་ལོའི་གོ་ཆ་མ་དང་། ཤིན་ཏུ་དཔའ་མོ་རྣམསོ།། ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩེལ་བ་དང་། དྲན་པ་དག་ནི་རིམ་བཞིན་དུ་སྟོབས་ཆེན་མ་དང་། འཁོར་ལོ ་སྐྱུསྦྱར་མ་དང་། བརྩོན་པས་ཆེན་མ་དང་། ཁྭ་གདོང་མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་སོ།། ཡང་དག་པའི་ཏིང་ངེ་འཛིན་ནི་དཔལ་ཧེ་རུ་ཀའོ།། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་དང་། སྐྱེས་པ ་ནིརྣམས་བསྲུངས་པ་དང་། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་དང་། སྐྱེས་པ་རྣམས་སྤོང་བ་དང་། མི་སྐྱེད་པ་ནི་རིམ་བཞིན་དུ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མོ་དང་། གཤིན་རྗེ་མཆེ་བ་མོ་དང་། གཤིན་རྗེ ་འཇོམས་མ་སྟེ། དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱིས་ལྷའི་རྣམ་ཕྱུ་དག་པ་བསྟན་པའོ།། པཱུལླཱི་རི་མ་ལ་ཡཏྨ་ནཱི་སྠི་བཽ་སྟེ། དར་རབ་ཏུ་གཏུམ་མྦེའོ།། ཛྭཱ་ལནཱ་ར་སྟེ་སྤྱི་གཙུགས་ཏུ་ནི་ག་ཏུམྦི་གཱ་མའོ།། ཨོ ་ཊུན་ཏཱ་རྣ་བ་གཡས་པར་འོད་ལྡན་མའོ།། ཨར་བྱཱ་ད་སྟི་ལྷག་པར་སྣ་ཚོན་མོ་སྟྲཻ་གནས་སོ།། གོངྒ་བཱ་རི་སྟེ་རྣ་བ་གསྨོན་པར་དཔའ་ཛི་ནི་མའོ།། རཱ་མ~ཾ་ཤྭ་རྀ་སྟྲཻ་སྤྲིན་མའི་དབུས་སུ་མོཊ་ཐུང་མའོ།། དེ་ཊོ་ཀོ་ཌཱི་སྟེ་མགྣ ་གཉིས་སུ་ལང་ཀའི་དབང་ཕྱུག་མའོ།། མ་ལཱ་བ་སྟེ་བྲེག་བཾ་གཉིས་སུ་ཤིང་གྲིབ་མ་སྟེ་ཉེ་བའི་གནས་སོ།། དེ་དག་ནི་ཐུགས་ཀྱི་འཁོར་ལོ་མཁའ་ལ་རྒྱུ་བའོ།། ཀཱ་མེ་རཱི་སྟི་མཆ་ན་ཁུད་དུ་ས་སྲུངས་མའོ།། ཨོ་དྲི་ཏེ་ནུབ་མ་གཉིས་སུ། ་འཇིགས་བྱེད་ཆེན་མོ་སྟེ་ཞིང་ངོ་།། ཏྲི་ཤ་ཀུ་ནེ་སྟེ་ལྟེ་བར་རླུང་ཤུག་མའོ།། ཀོ་ས་ལར་ཏེ་སྣ་རྩེར་ཆང་འཐུང་མ་སྟེ་ཉེ་བའི་ཞིང་ངོ་།། ཀ་ལལི་ག་སྟེ་ཁར་སྔོ་བསངས་ལྷ་མོའོ།། ལཾ་པཱ་ཀ་སྟེ་མགྲིན་པར་ཤིག་ཏུ་བཟང་མོ་སྟེ་རོལ་ས་མའོ།། ་ཀཉྩི་སྟེ་སྙིང་གརྱཱ་རྟ་རྣ་མའོ།། གངས་ཅན་ཏེ་ཆུ་སོར་བྱ་གདོང་མ་སྟེ་ཉེ་བའི་རོལ་སའོ།། ད་དིག་ནི་གསུང་གི་འཁོར་ལོ་ས་ལ་རྒྱུ་བའོ།། པྲ་ཏ་པུ་རི་སྟེ་མཚན་ལ་འཁོར་ལོ་ཤུགས་མའོ།། གྲི་ཧ་ད་བ་ཏ་སྟེ་བཤད་ལཾ་དུ་དུམ་སྐྱེས་མ་སྟེ ་འདུན་སའོ།། སེ་རཱཥྚ་སྟེ་བརླ་གཉིས་སུ་གླང་སྣ་མའོ།། གསེར་གླིང་སྟེ་བྱིན་པ་གཉིས་སུ་འཁོར་ལོའི་གོ་ཆ་མ་སྟེ་ཉེ་བའི་རོལ་འདུན་སའོ།། ནཾ་ག་ར་སྟེ་སོར་མོ་རྣམས་ལ་ཤིན་ཏུ་དཔའ་མོའོ།། སིནྡྷུ་སྟེ་རྐང་པའི་བོལ་ལ་སྟོབས་ཚོན ་མ་སྟེ་དུར་ཁྲོད་དོ།། མ་རུང་ཏ་རྐང་པའི་མཐེ་བོང་དག་ལ་འཁོར་ལོ་སྒྱུར་མོའོ།། ཀུ་ལུ་ཏཱ་སྟཾ་པུས་མོ་དག་ལ་བརྩོན་ཆེན་མ་སྟེ། ཉེ་བའི་དུར་ཁྲོད་དོ།། དེ་དག་ནི་སྐུའི་འཁོར་ལྷོ་ས་འོག་ན་རྒྱུ་བ་སྟེ། འཁོར་ལོ་གསུམ་གྱི་རྣལ་འབྱོར་མ ་འདི་དག་ཐབས་དང་བཅས་པར་སྐད་ཅིག་ཙམ་གྱིས་རྩ་རྣམས་སུ་བཀོད་པས་ལུས་སྦྱངས་ལ། ཨོཾ་ཨཱཿཧཱུཾ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཡོ་གི་ནི་ཀཱ་ཡ་བཱཀྵིཏྟ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཨོཾ་བཛྲ་ཤུདྷཿསརྦ་དྷརྨཱ་བཛྲ་ཤུདྡྷོ་ཧཾ། ཞེས་བྱ་བསོ་བྱིན ་གྱིས་བརླབས་ལ་གོ་ཆ་གཉིས་བཅས་ཏེ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་། བཅིངས་པ་དང་། དབང་དུ་བྱ་བའོ།། དེ་ནས་ཇི་ལྟར་བལྟམས་པ་ཙམ་གྱིས་ཀྱང་། དེ་བཞིན་གཤགས་ཀུན་ཁྲུས་གསོལ་པ། ་ལྷ་ཡི་ཆུ་ནི་དག་པ་ཡིས།། དེ་བཞིན་བདག་ནི་ཁྲུས་གྱིའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤཱི་ཡ་ཧཱུཾ་ཞེས་བྱ་བ་འདིས་དབང་བསྐུར་བ་བླངས་ལ་སངས་རྒྱས་ལྔའི་དབུ་རྒྱན་བྱས་ཏེ། མཆོད་པ་དང་། བསྟོད་པ་དང་། བདུད ་རྩི་མྱངས་ལ་མཐར་རྐང་པ་བརྒྱད་པ་ལ་སོགས་པའི་སྔགས་གང་འདོད་པ་ཞིག་བཟླས་ནས། བསོད་ནམས་ཡོངསུ་བསྔོས་ཏེ་ལངས་ལ་རྡོ་རྗེ་མཁའ་འགྲོའི་གཟུགས་ཀྱིས་རྒྱུ་བར་བྱའོ།། དེ་ལ་གྲོ་བཞི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཟེར ་དམོར་ཆེན་ཞེས་བྱ་བ་ནི་པདྨ་སྟེ། འོད་འཕྲོ་བ་དང་བཅས་ཤིང་འདབ་མ་བརྒྱད་པའོ་ཞེས་མན་དག་གོ།། ཕྱི་རོལ་རི་མོཾ་ཟླུམ་པོས་བསྐོར་ཞེས་བྱ་བ་ནི་པདྨ་གསུམ་གྱི་ཕྱི་རོལ་རིམ་པ་བཞིན་དུ་རྡོ་རྗེ་དང་། པདྨ་དང་། འཁོར་ལོའི་ཕྲེང་བས་བསྐོར་བའོ།། ་མཆེ་བ་ཅུང་ཟད་གོ་ཙགས་ཞེས་བྱ་བ་ལ་སོའི་ཁྱད་པར་གང་རྩེ་མོ་རྣོ་ལ་རིང་བ་དེ་ནི་མཆེ་བ་སྟེ་གཙགས་པ་ནི་ཅུང་ཟད་ཕྱིར་བྱུང་བའོ།། ཁྲོ་དང་བཅས་ཤིང་བཤད་པའི་ཞལ་ཞེས་བྱ་བ་ལ། གང་གི་རྩ་བའི་ཞལ་ཅུང་ཟད་ཁྲོ་བས་བཞད་པའི་ཞལ་ཡིན་པ ་དེ་ལ་དེ་སྐད་ཅེས་བྱའོ།། རིག་པོ་བཞི་ནི་ལྟུང་བྱེད་མ་ལ་སོགས་པའོ།། ཕྱག་བཞི་ཞེས་བྱ་བ་ནི་མངའ་དང་གཞུ་བསྣམས་པའི་ཕྱག་གཉིས་མ་གཏོགས་པ་སྟེ། དོན་དམ་པར་ཕྱོག་དྲུག་ཡིན་ནོ།། སངས་རྒྱས་གཟུགས་ཀྱིས་ཉེ་བར་བརྒྱན་ཞེས་བྱ་བ ་ནི་མཚམས་བཞི་ནི་གནས་པའི་བདུད་རྩི་ལྔས་བཀང་བའི་ཐོད་པར་བཞུགས་པའི་སངས་རྒྱས་ཀྱི་སྐུས་བརྒྱན་པའོ།། དཔའ་ངོ་ཞེས་བྱ་བ་ནི་ཉོན་མོངས་པའི་གཡུལ་ལས་རྒྱལ་བའི་ཕྱིར་རོ།། སེམས་ཅན་ཐམས་ཅད་ཀྱི་འཚོ་བའི་རང་བཞིནི་ཡིན་པས ་ན་སེམས་དཔའོ།། རྡོ་རྗེ་མཁའ་འགྲོའི་རང་བཞིན་སྤྲོས་པས་ན་སྔོན་པོ་འབར་བའི་དངོས་པོ།། འོད་ཀྱི་དཀྱིལ་འཁོར་དམར་པོ་ཅན་ཞེས་བྱ་བ་ནི་ཉི་མའི་འོད་དེ་ཅི་འདྲ་ཞེ་ན། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ་དུར་ཁྲོད་ཀྱི་མ་ནི་འཇིགས་པའི་དུས་ཀྱི་མ ་སྟེ། ཇི་ལྟར་འཇིག་པའི་དུས་སུ་བརྟན་པ་ལ་སོགས་པའི་འགྲོ་བ་ཐམས་ཅད་སྲེག་པར་བྱེད་པའི་མེ་ལྕེ་གཅིག་པོ་གང་ཡིན་པ་དེ་ནི་འགྲོ་བ་ཐམས་ཅད་སྲེག་པར་བྱེད་པའི་མེ་ལྕེ་གཅིག་པོ་གང་ཡིན་པ་དེ་ནི་འགྲོ་བ་ཐམས་ཅད་བསྲེག་པས་ན་དུར ་ཁྲོད་ཀྱི་མ་སྟེ། ད་ན་མཁའི་ངོས་ཐམས་ཅད་དུས་མ་ལྕེས་ཁྱབ་ཅིང་སྟད་དུ་འབར་བ་དང་བཅས་པའི་ཕུང་པོ་བཞིན་དུ་བཅོམ་ལྡན་འདས་ཀྱི་འོད་ཀྱང་བལྟ་བར་བྱའོ།། ཡང་ན་ངས་འཇིགས་པར་བྱེད་པས་ན་དུར་ཁྲོད་དོ།། དེ་ཉིད་སླར་ཡང་གསུང ་པ། མེ་ལྟར་འབར་བ་ཞེས་བྱ་བ་ལ་སོགས་པ་སྟ་གོ་སླའོ།། རློན་པ་ཞེས་བྱ་བ་ནི་མགོ་བོའི་ཕྲེང་བའོ།། ས་ཕྱོགས་ལ་སོགས་པའི་ངེས་པ་བསྟན་པའི་ཕྱིར། ཐམས་ཅད་དུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ནི ་ཡིད་གང་དུ་དགའ་བ་རྣམས་སོ།། ཐམས་ཅད་ཀྱིས། ཞེས་བྱ་བ་ནི་ཡུལ་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པ་དང་ལྡན་པས་སོ།། ཀུན་ཞེས་བྱ་བ་ནི་ཕུང་པོ་ལོ་སོགས་པའོ།། བྱ་བའི་ཁྱད་པར་གསུངས་པ། ཐམས་ཅད་ཅེས་བྱ་བས ་ང་སྐྲ་འམ། གཙང་སྦྲ་མེད་པའམ། ལྷག་མ་ལ་སྤྱོད་པའང་རུང་སྟེ། རྣམ་པ་ཀུན་གྱིས་སོ།། ཀུན་ཏུ་ཞེས་བྱ་བ་ནི་དུས་ཀྱི་ངེས་པ་མེད་པས་སོ།། བདག་ཉིད་ཅེས་བྱ་བ་ནི་སྒྲུབ་པ་པོ་བདག་ཉིད་དེ་འགྲུབ་པར་འགྱུར་ཞེས་བྱ་བ་དང ་འབྲེལ་ཏོ།། མཁའ་འགྲོ་ཀུན་ཞེས་བྱ་བ་ནི་གོ་སླའོ།། གང་གིས་འགྲུབ་པར་འགྱུར་ཞེ་ན། བསམ་གཏན་བཟླས་པའི་སྦྱོར་བ་ཡིས་སོ།། དུས་བཞི་ཞེས་བྱ་བ་ནི་སྔོན་དུ་གོམས་པར་བྱེང་བའི་དུས་ཀྱི་ཁྱད་པར་རོ།། གོམས། ་ཤིང་ཁྱད་བར་དུ་གྱུར་ནས་ནི་དུས་ཀྱི་ངེས་པ་མེང་བར་ཡང་འགྲུབ་བོ་ཞེས་སྦྱར་བར་བྱའོ།། བསམ་གཏན་དང་བཟླས་པ་དེ་ཅི་འདྲ་ཞེ་ན། བདེ་མཆོག་བླ་མ་ཞེས་བྱ་བ་ལ་ལུས་དང་ངག་དང་ཡིད་རྣམས་སྡུད་པས་ནི་བདེ་མཆོག་སྟེ་ཐབས ་དང་ཤོས་རབ་གཉིས་སུ་མེད་པའི་རྣལ་འབྱོར་རོ།། དེ་ཉིད་འཁོར་བ་ལས་སྒྲོལ་པོས་ན་བླ་མ་སྟེ། དེ་བསྒོམས་ནས་སོ།། རྡོ་རྗེ་ཆེན་པོ་ནི་གཉིས་ཀ་ར་ཀར་ལོ་སོགས་པའི་སྔགས་ཏྭ་ད་འབུམ་དུ་བཟླས་པས་སོ།། ཁྲོ་བོའི་རྒྱལ་པོ ་མཚུངས་པར་འགྱུར་ཞེས་བྱ་བ་ལ་ཁྲོ་བོའི་རྒྱལ་པོ་ནི་རྡོ་རྗེ་མཁའ་འགྲོ་སྟེ། དེ་དང་མཚུངས་པའོ།། ཅི་ཞིག་གིས་ཞེ་ན། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་ཆེན་པོ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།། འཛིན་པ་ནི་དེ་དང་ལྡན་པ་སྟེ། ་གྲུབ་པ་དེ་རྣམས་ཀྱི་ཚེ་དང་མཚུངས་པའོ།། མདོག་ནི་གཟུགས་མཛེས་ཤིང་དང་བའོ།། ན་སོ་ནི་ལང་ཚེའོ།། སྟོབས་ནི་ལུས་ཀྱི་རྩོལ་ལོ།། རྩལ་ནི་སེམས་ཀྱིས་སྤྲོ་བའོ།། དངོས་གྲུབ་ཆེན་པོ་ནི་སའི་འོལ་ཏུ་འགྲོ་བ་ལ་སོགས་པའི ་དངོས་གྲུབ་པོ།། རྫུ་འཕྲུལ་ཆེན་པོ་ནི་ནམ་མཁའ་ལ་འབུར་བ་ལ་སོགས་པའི་མཚན་ཉིད་དོ།། མི་ཟད་འགྲོ་དོན་ཞེས་བྱ་བ་འགྲོ་བའི་དོན་ནི་འགྲོ་བའི་མངོན་པར་འདོད་པའོ།། མི་ཟད་པ་ནི་འཇིག་རྟེན་པར་མི་འགྱུར་བ་སྟེ། གཞན་གྱིས ་གཞིག་པར་མི་ནུས་པའོ།། བྱེད་པ་ནི་གྲུབ་པའོ།། མཐུ་ནི་སྔར་བཤད་པ་དེ་དག་ཐམས་ཅད་དོ།། ཡང་ན་མ་བསྒྲུབས་པར་ཡང་ཞེས་བྱ་བ་ལ་སོགས་པ་ལ། མ་བསྒྲུབས་པ་ཡང་ལས་བརྒྱ་ཐམ་པ་བྱེད་པར་འགྱུར་ཞེས་བྱ་བ ་དང་འབྲེལ་ཏོ།། མ་བསྒྲུབས་པ་ནི་འཁྲུལ་འཁོར་ལ་སོགས་པའི་སྦྱོར་བ་མེད་པར་ཡང་ངོ་།། ལན་ཅིག་ནི་སྟོང་པ་ཉིད་དང་སྙིང་རྗེ་གཉིས་མེད་པའི་བདག་ཉིད་ཀྱི་སྔགས་སོ།། བཟླས་པ་ནི་འབུམ་དུ་བཟླས་པའོ།། འདི་ལྟ་སྟེ། ་ཞེས་བྱ་བ་ལ། འདི་ནི་ལས་བརྒྱའོ།། ལྟ་སྟེ་ནི་ཇི་ལྟར་བ་བཞིན་དུ་བསྟན་པོའོ།། ངེས་པར་གནོན་པ་ནི་བརླག་པར་བྱ་བའོ།། ལྟུང་བ་ནི་ས་ལ་བསྒྱེལ་བའོ།། བསྐྱོད་པ་ནི་འདར་བའོ།། སྐྲག་པ་ནི་རྔམ་པ་མཐོན་པའོ།། རྒྱ་གདབ་པ ་ནི་ཡན་ལག་དང་ཉིང་ལག་རེངས་པའོ།། རྨུགས་པ་ནི་ཤས་བཞིན་དུ་ཡང་ཁར་མི་ཐོན་པའོ།། རེངས་པ་ནི་མི་གཡོ་བའོ།། བཟློག་པ་ནི་སེམས་མེད་པ་རྣམས་དྲན་པ་ཐོབ་པའོ།། རྨོངས་པ་ནི་འཁྲུལ་པར་བྱའོ།། བཅིངས ་པའོ།། པ་ནི་མཁའ་འགྲོ་མ་ལ་སོགས་པས་བཅིངས་པའོ།། དྭགས་པ་ནི་རྨ་སྲོལ་གདོང་པའོ།། གཏོར་བ་ནི་གནས་སུ་མི་བྱ་བའོ།། བརླག་པ་ནི་ཐུར་དུ་དྲང་བའོ།། སྨོག་པ་ནི་བྱ་བ་དང་བྱ་བ་མ་ཡིན་པའི་འཚིལ་པའོ།། ་གཏུབ་པ་ནི་ཡན་ལག་དང་ཉིང་ལག་གཅད་པའོ།། སྤྱུགས་པ་ནི་ཡུལ་ནས་བསྐྲད་པའོ།། དབྱེ་བ་ནི་མཛའ་བོ་སྡང་བར་བྱའོ།། སྨིག་མེད་པ་ནི་ནོར་དང་ད་བྲལ་བའོ།། ནོར་དབྲོག་པ་ནི་ནོར་འགྲོགས་པའོ།། བསྡུ་བ་ནི་ལས་གང ་ཞིག་བྱས་ན་མཆི་མ་འཇུག་པར་འགྱུར་བ་དེ་ལ་དེ་སྐད་ཅེས་བྱའོ།། ལྐུགས་པ་ན་བརྗོད་པ་ཉམས་པའོ།། བཅིང་བ་ན་བྷྲཱུཾ་བུར་དུ་ལྕགས་སྒྲོགས་ལ་སོགས་པས་བཟུང་བའོ།། བདག་ཉིད་བརྡུང་བ་ཞེས་བྱ་བ ་ལ་བདག་ཉིད་ནི་ཡན་ལག་གོ། བརྡུང་བ་ནི་བཅང་པ་སྟེ། བློ་བུར་དུ་ཡན་ལག་བཅད་པའོ།། གསོད་དུ་གཞུགས་པ་ནི་གཞན་ལ་བསྐོ་བའོ།། ལྡོང་བར་བྱ་བ་ནི་མིག་དང་བྲལ་བའོ།། ས་བོན་བྲལ་བ་ནི་འབྲས་ཀྱི་སོ་བ་ལ་སོགས ་པའོ།། རིམས་ལ་སོགས་པ་ནི་གོ་སླའོ།། ས་གཡོ་བ་ནི་ས་གས་ཤིང་རྨ་བའོ།། དམྱལ་པར་བཏང་བ་ནི་དམྱལ་བར་བཀྲི་བའོ།། བྱོལ་སོང་གི་མངལོ་སྤོ་བ་ནི་མི་ལས་བྱོལ་སོང་དུ་བྱའོ།། སྐྱེས་པ་བུད་མེད་དུ་བྱ་བ་ནི་མཚན ་བསྒྱུར་བའོ།། མངལ་ན་གནས་པ་འབྱུང་བ་ལ་སོགས་པ་ནི་གྲགས་པར་ཟད་དོ།། མཚོན་བཅིང་བ་ཞེས་བྱ་བ་ནི་མཚོན་ཆ་ཁ་བདུལ་བ་སྟེ། འཆིང་དུ་གཞུག་པ་ཞེས་བྱ་བོ་དང་། ཡང་སྦྱོར་རོ།། བྱས་པ་ཆུང་གཟན་པ་ནི་འབད་པ ་འབྲས་བུ་མེད་པར་བྱའོ།། གཅེར་བུ་ནི་གྲོས་མེད་པར་བྱའོ།། བྷ་ག་དང་བཤད་པའི་ལྕགས་སྒྲོག་ཅེཙོས་བྱ་བ་ལ། བྷ་ག་ནི་རྡོ་རྗེ་དང་པདྨའོ།། བཤང་བ་ནི་བཤངོ་བའི་ལམ་སྟེ། དེ་དག་ཕན་ཚུན་སྦྱར་ནས། དཔྲལ་དཀའ ་བ་ནི་ལྕགས་སྒྲོག་གོ། བྷ་ག་དང་གཤང་བའི་སྨྲ་བ་དང་། རྒོད་དུ་གཞུག་པ་དང་། ཁྲག་དང་ཁུ་བ་དང་དབབ་པའི་ནད་དང་། གཞོམ་པ་དང་ཞེས་བྱ་བ་དང་། སྨྲ་བ་དང་རྒོད་དུ་གཞུག་པ་ནི་མཚན་མ་རྡོ་ལོ་བའོ།། ཁྲག་དང་ཁུ ་བདབབ་པ་ནི་ཚབས་ཆར་འཛག་པ་སྟེ་དེ་ཉིད་ནད་དོ།། གཞོམ་པ་ནི་བྷ་ག་ལ་སོགས་པ་གཡོན་པོར་གྱུར་པའོ།། ཁྲག་ལ་སོགས་པ་ནི་གོ་སླའོ།། མྱ་ངན་ནཱི་ཡིད་ཀྱི་གདུང་བའོ།། སྡུག་བསྔལ་ནི་ལུས་ཀྱི་གདུང་བའོ།། བཏགས་པ ་ནི་དབྱུག་པ་ལ་སོགས་པས་གདུང་བའོ།། བཅིང་བ་ནི་བརྩོན་རར་གཞུག་པའོ།། དུམ་བུར་བྱ་བ་ནི་རྐང་ལག་བྲེག་པའོ།། ལུས་ཐམས་ཅད་ཕྱེ་མོར་བྱ་བ་ནི་གྲེ་མོ་ཁུང་ཚུར་གྱིས་བཏགས་པའོ།། གཟེར་བ་ནི་བློ་བུར་དུ་རྒྱལ་པོ་ལ ་སོགས་པའི་ཆད་པས་བཅད་པའོ།། ཐམས་ཅད་ཆགས་པ་ནི་སྐྱེ་བོ་དགའ་བར་བྱའོ།། དགུག་པ་ནི་དགའ་བའི་འོག་ཏུ་མདུན་དུ་དགུག་པོའོ།། གཞུག་པ་ནི་བཀུག་པའི་འོག་ཏུ་དབང་དུ་བྱ་བའོ།། བསྐྱེད་པ་ནི་གཞན་དུ་བཀྲི ་བའོ།། གར་ལ་སོགས་པ་ནི་གྲགས་པར་ཟད་དོ།། མི་རྣམས་ནི་ལྷག་པར་སྨྲ་བ་དང་བྱོལ་སོང་ལ་སོགས་པ་ལན་དགའ་སྦྱར་གཞུག་པ་ནི་མང་དུ་སྨྲར་གཞུག་པའོ།། ལྟས་ངན་ནི་སྔོན་མེད་པའི་མཚན་མའོ།། བསྟན་པ ་ནི་སྣང་བའོ།། ཐོག་པ་ནི་རྙེད་པ་སྟེ། དེ་དག་དབང་དུ་བྱ་བའི་ལས་ལ་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ།། ལྷ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་ནི་ཡི་དགས་སོ།། ན་མོ་ནི་མ་མོ་བདུན་ནོ།། འདུལ་བྱེད་ནི ་འབྱུང་པོའི་གཙོ་བོའོ།། མཆོག་སྤྱན་ནི་ནོར་སྦྱིན་ནོ།། ཐམས་ཅད་མཁྱེན་པའི་ལས་བྱ་བ་ནི་ལྷ་ལོ་སོགས་པ་དེ་དག་སྣ་ཚོགས་སུ་སྤྲུལ་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདོད་ཆགས་དང་བྲལ་བ་དག་པོ་ནི ་འཁོར་བ་ལ་ཆགས་པ་དང་བྲལ་བ་དང་དཔྲལ་བའོ།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཁོར་བའི་སྐོ་བ་གསལ་བ་ནི་ལམ་ཤས་པ་ཉིད་ལ་སྦྱར་བའོ།། འདི་དེ་ཞེས་བྱ་ལ། འདི་ནི་ལས་བརྒྱ་པ་རྫོགས ་པའོ།། དེ་ནི་དེ་ལྟར་ཏེ་རིམ་པའོ།། སྔགས་ཀྱི་རྒྱལ་པོ་འདི་ཉིད་ཅེས་བྱ་བ་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་ཞེས་བྱ་བ་ལ་སྩོགས་པ་ནི་སྡུད་པ་པོའི་རང་བཟོ་སྤོང་བའོ།། སྒྱུ་མ་ཀུན་དང་མཉམོ་སྦྱོར་བ།། མཁའ་འགྲོ་མ་ཞུས ་རབ་གྲགས་པ།། ཞེས་བྱ་བ་ལ་སྒྱུ་མ་ཀུན་དང་མཉམ་པར་སྦྱོར་བའི་མཁའ་འགྲོ་མ་འདི་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་རྡོ་རྗེ་མཁའ་འགྲོའོ།། ལས་ཐམས་ཅད་ཀྱིཆོ་ག་ནི་ལུས་ཐམས་ཅད་ཀྱི་བྱ་བའོ།། དེ་ཉིད་སྒྱུ་མ་ཆེན ་མོས་རྣམ་པར་འཕྲུལ་པ་སྟེ། རྡོ་རྗེ་མཁའ་འགྲོས་རྣམ་པར་སྤྲོས་པའོ།། སྔགས་ཀྱི་ཆོ་ག་ནི་དེའི་དོན་གྱིས་སྔགས་ཀྱི་ཆོ་གའོ།། དོན་དེ་གསལ་བར་བྱེད་བྱའི་གཞུང་གི་ཚོགས་ནི་རིམ་པར་བྱེད་པ་སྟེ་གཉིས་པའོ།། རྒྱུད་ཀྱི ་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་གཉིས་པའི་རྣམ་པར་བཤད་པའོ།། །། ད་ནི་སེམས་ཅན་མོས་པོ་སྣ་ཚོགས་པ་ཡིན་པའི་ཕྱིར་སྔགས་སྣ་ཚོགས་ཀྱི་ལས་ཀྱི་ཆོ་ག་གསུངས ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་ཀ་ར་ཀར་ལ་སོགས་པའི་སྔགས་ཀྱི་འོག་ཏུའོ།། གསང་བ་བཤང་བྱ་བ་ནི་དམ་བཅའ་བའོ།། ཇི་ལྟར་ཞེ་ན། མངོན་བསྡུས་པ་སྤྱི་ཞེས་བྱ་བ་ལ་སོགས་པའོ།། ་ཡང་སྔགས་ཀྱི་དབང་དུ་བྱས་པའི་གསོལ་བ་བཏབ་ཀྱི་འོག་ཏུ་གསུངས་སོ།། ཞེས་བྱ་བར་སྦྱར་རོ།། དེ་ལ་མདོར་བསྡུས་པ་ཞེས་བྱ་བ་ནི་གཞུང་བསྡུས་པའོ།། ཇི་སྟེ་དེ་ལྟ་ན་ནི་དོན་ཀྱང་བསྡུས་པར་འགྱུར་ཏེ། འདི་ལྟར་སྡོང་པོ་ཞེས་བྱ ་བ་ཚིག་གི་དོན་ཡང་ལྗོན་ཤིང་གི་ངར་བས་འབའ་ཞིག་སྟོན་པ་མཐོང་ལ། གཞུང་རྒྱས་པས་ནི་དོན་རྒྱས་པར་འགྱུར་ཏེ་དཔེར་ན་འབྲས་བུ་དང་། མ་ཏེག་དང་། ཡལ་ག་དང་། འདབ་མ་ལ་སོགས་པ་དང་ལྡན་པའི་ཤིང་ཞེས་བྱ་བ་ལྟ་བུའོ་ཞེ ་ན་གསུངས་པ་སྟེ་རྒྱས་པར་མིན་བྱ་བ་ལ་སྟེ་ཞེས་བྱ་བ་ནི་ངེས་པར་གཟུང་བའོ།། རྒྱས་པར་མིན་ཞེས་བྱ་བ་ནི་དོན་བཞིན་དུ་གཞུང་རྒྱས་པ་མ་ཡིན་པར་དགག་པའོ།། ཡང་ན་གཞུང་རྒྱས་པ་མ་ཡིན་ཡང་དོན་རྒྱས་པ་ཞེས་བྱ་བོར་སྦྱར་ཏེ། ་གཞན་དུ་གཞུང་བསྡུས་པ་ཡིན་ནི་དོན་རྒྱས་པར་སྟོན་པར་མི་ནུས་སོ།། ཞེས་བྱ་བ་ནི་ལུང་གི་གཙུག་ལག་ཐམས་ཅད་ཆགས་ཆེ་བ་ཉིད་དུ་ཐལ་བར་འགྱུར་རོ།། དེ་བས་ན་གཞུང་ཉུང་བ་དོན་མང་བ་ཡིན་ཏེ། དཔེར་ན། སྭེ་ཏོ་དྦྷ་བ་ཏི ་ཞེས་བྱ་བ་ལྟ་བུའོ།། དེ་ཡང་ཇི་ལྟ་བུ་ཞེ་ན། འདི་ལཾ་སཱ་ནི་ཁྱིའོ།། ཨ་ཏོ་ནི་འདུར་བའོ།། དྷ་ཝ་ནི་སྐྱེས་བུ་རྒྱུག་པ་སྟེ། དོན་མང་པོ་ཡིན་པ་དེ་ལྟར་བཅོམ་ལྡན་འདས་ཀྱང་སྙན་ངག་མཁན་ཆེན་པོ་ཡིན་པས་གཞུང་ཉུང་ངུས་དོན་མང་པོ་སྟོན ་པ་ལ་འགལ་བ་ཅི་ཞིག་ཡོད། སྒྱུ་མ་ཀུན་གྱི་མཉམ་སྦྱོར་བ་ཞེས་བྱ་བ་ལ། སྒྱུ་མ་ཀུན་ནི་རྣལ་འབྱེར་མ་རྣམས་སོ།། དེ་དག་དང་ཡང་དག་པར་སྦྱོར་བ་ནི་སྒྱུ་མ་ཀུན་དང་མཉམ་སྦྱོར་བའོ།། ལས་རྣམས་ཐམས་ཅད་རྣམ་འཕྲལ་བ་ཞེས ་བྱ་བ་ལ་ཐམས་ཅད་ནི་རང་དང་གཞན་ནོ།། ལས་རྣམས་རྣམ་པར་འཕྲུལ་པ་ནི་གང་གིས་ལས་རྣམས་ཡོངསུ་སྤྲུལ་པ་སྟེ། དེ་དག་ནི་ལས་རྣམས་ཐམས་ཅད་རྣམ་པར་འཕྲུལ་པ་ཞེས་ཕྱིས་གཅིག་ཏུ་མཚམས་སྦྱར་རོ།། ་སྒྱུ་མ་ཀུན་ནི་ལྷ་ལ་སོགས་པ་སྤྲུལ་པའོ།། དབང་ཕྱུག་ནི་ཐམས་ལ་ཁྱུད་པ་སྟེ། གང་གི་རྫུ་འཕྲུལ་ཆེན་པོ་དང་། ཐབས་ཅད་ལ་ཁྱབ་པའི་དབང་ཕྱུག་ཡིན་པ་དེས་དེ་ལྟར་གྱུར་པའི་རྣལ་འབྱོར་པ་དྲུག་བ་ཅིང་གྲགས་པ་དེ་ལ་དེ་སྐད་ཅེས ་བྱེའོ།། དེ་ལྟ་བུའི་གསང་བ་བཤད་པར་བྱ་ཞེས་སྦྱར་ཏེ། འཆང་བ་པོས་ཚིག་གོ། ད་ནི་སྡུད་པ་པོའི་མཚམས་སྦྱར་བ་གསུངས་པོ། འབྱུང་པོ་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་པོ་ནི་སྲོག་ཆགས་རྣམས་སོ།། གདོན་ནི་བརྒྱ་བྱིན ་ལ་སོགས་པའོ།། དེ་རྣམས་ཀྱི་རིགས་པོ་ཆེན་མོ་ནི་སྔགས་ཀྱི་ཚིག་རྣམསོ།། གང་གིས་ནི་སྔོན་གྱི་སངས་རྒྱས་རྣམས་ཀྱིས་སོ།། སྡུད་ཅིང་སྤྲོ་བ་ནི་བཅོམ་ལྡན་འདས་མ་སྭཱ། སྐྱེ་བ་བསྡུ་བར་བྱེད་པ་ལྟ་བུའི་རིགས་པའོ།། དེ་གསུངས་སོ ་ཞེས་བྱ་བར་སྦྱར་ཏེ། འདི་ལྟར་ཞལ་གྱིས་བཞེས་ནས་དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་སྔགས་སྣ་ཚོགས་བཤད་པ་ལ་ཐུགས་རྩེ་གཅིག་ཏུ་མཛད་ནས་གསུངསོ།། ཞེས་བྱ་བར་དགོངས་སོ།། དེ་ཉིད་རམི་བཞིན་དུ་གསུངས་པ། ཧི་མ ་ཝན་ཏ་ས། ཞེས་བྱ་བ་ལ་སོགས་པ་སྟེ་སྔར་བཤད་པ་ལྟར་རྡོ་རྗེ་མཁའ་འགྲོའི་སྦྱོར་བ་ལ་གནས་ཏེ་སྔགས་ཐམས་ཅད་འབུམ་དུ་བཟླས་པར་བྱའོ།། སྔགས་འདི་ཞེས་བྱ་བོ་ནི་ཧི་མ་ཝན་ཏ་ས་ཞེས་བྱ་བ་ལ་སོགས་པའོ།། ཁང ་བོག་ཏུ་བཞག་ན་ཞེས་བྱ་བ་ནི་ཤྭ་ཌའི་ཤིང་བུའི།། འདིར་སྦྱོར་བ་ནི་འདི་ཡིན་ཏེ། མ་འདའ་ཆས་བརྒྱད་དམ་བཅུ་བཞིའི་ནུབ་མེ་རོ་བསྲེགས་པ་ལ་ཤ་ཟའི་ཤིང་བུ་ཡིས་བསྐུལ་ཞིང་བྱས་ཏེ། དེའི་རྩེ་མོའི་ཆ་སྣོར་བརྒྱུད་ཙམ་གཟུང་ནས་བ་ས ་སྒྲའི་ནང་དུ་བཅུག་སྟེ། མེ་དེ་ཉིད་ཀྱི་ནང་དུ་ཇི་སྲིད་ཤིང་ཐལ་བར་མ་གྱུར་གྱི་བར་དུ་རུ་བསྲེགས་ལ་དྲོ་བླངས་ནས་མིང་གཟུང་བ་སྔོན་དུ་འགྲོ་བས་དེ་ལ་ལན་བདུན་སྔགས་བཟླས་ཏེ། ཁང་པའི་ཕྱམ་གདུང་གི་གསོར་དུ་སྦས་ནི་ཇི་ལྟར་བསྟན ་པོ་བཞིན་དུ་འགྱུར་ཏེ། འདི་ནི་མན་ངག་གོ། ཡང་སྔ་མ་ལྟར་བསྲེགས་པའི་རུ་དེ་ཉིད་ཀྱི་ནང་དུ་ཤ་ཟའི་ཤིང་གི་ཚེར་མས་བཀང་སྟེ་དེ་ཉིད་ཀྱི་ཉིན་པར་ཁང་སྟེང་དུ་བཞག་ནས་ཤ་ཟའི་འཚེ་བ་དང་དྲན་པ་མེད་པར་འགྱུར་རོ།། བ་ས་ཧ་ཏོ་ལིའི་ས ་ཏི་ཡ་ཞེས་བྱ་བ་ལ་སོགས་ནི་འོག་ནུས་འབྱུང་བའི་ཁྱུ་མཆོག་གི་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་ཏོ།། དེ་ཉིད་ཀྱིས་ན་བ་ལང་གི་གདོང་ཞེས་བྱ་སྟེ། གླང་གི་རེས་བླངས་པའི་ས་དང་སྔགས་འདིས་འོག་ནས་འབྱུང་བའི་སྦྱོར་བ་བྱའོ་ཞེས་བྱ་བར ་དགོངས་སོ།། ན་མ་ཞེས་བྱ་བ་ལ་སོགས་པ་ལ། ན་མྲ་སྭ་པ་ར་ནཾ་ཞེས་བྱ་བ་ལ་སོགས་པའི་སྔགས་གཉིས་སོ།། སྔགས་འདི་ཞེས་བྱ་བ་ནཽ་གཉིས་བསྡུས་པ་སྟེ་དྲིས་ཞིང་བསྲུང་བར་འགྱུར་རོ།། བཀའ་ཙམ་གྷིས་སྤྲིན་བཟློག་པར་འགྱུར་རོ། ་ཞེས་བྱ་བ་ལ། གང་གི་སྔགས་ཀྱི་བཀའ་ཙམ་གྱིས་སྤྲིན་ཕྱིར་བཟློག་པ་དེ་ལ་དེ་སྐད་ཅེས་བྱའོ།། འདི་ཉིད་ཀྱིས་ཞེས་བྱ་བ་ནི། ཨིན་དོ་ས་ཞེས་བྱ་བ་ལ་སོགས་པའི་སྔགས་འདིས་ཀྱང་སྤྲིན་བཟློག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། རཏྣ་ར་ཏི ་ཞེས་བྱ་བ་ལ་སོགས་པ་ལ། ཏ་ཏི་ཞེས་བྱ་བ་ནི་དོན་མེད་པ་སྟེ་ལུང་ཙམ་མོ།། རཏྣ་ཞེས་བྱ་བྱཱ་ནི་མཐར་བཛྲ་ཞེས་བྱ་བ་གཉིས་སྦྱར་ཏེ། དེ་ནས་ཧྲི་ཕཊ་ཅེས་བྱ་བ་བརྗོད་ལ་ཀླང་དུ་ཨོཾ་ཞེས་བྱ་བ་བཞག་པར་བྱ་སྟེ། དེས་ནྱ་ཨཽ ་རཏྣ་བཛྲ་བཛྲ་ཧྲི་ཕཊ་ཅེས་བྱ་བར་འགྱུར་རོ།། དེ་ལྟར་ཡང་འོག་ནས་རཏྣ་བཛྲ་ཞེས་བྱ་བ་ནས། དེ་ནས་ཨོཾ་དང་བཛྲ་བརྗོད། ཧི་དང་ཕ་ཊ་མི་མཐར་སྦྱར་བ། སྔགསཽ་ནི་དཔུང་ནི་འཆིང་བྱེད་ཡིན་ཞེས་གསུངས་ཏེ། དེ་ལ་ཨོཾ་ནི ་ཀླད་དུ་བརྗོད་པར་བྱ་སྟེ། དེ་ནས་ཞེས་བྱ་བ་ནི་བཛྲ་དང་སྦྱར་རོ།། འདིའི་སྦྱོར་བ་ཡང་དེ་ཉིད་དུ་བརྗོད་པར་བྱའོ།། ཨོ་ཨ་ལི་ཞེས་བྱ་ལ་སོགས་པ་ལ། ཨཽ་ཨ་ལི་བི་ལི་བ་ར་ཙུ་ལི་ཞེས་པ་ནི་དང་པོའོ།། ཙོ་ར་བྷ་ག་ཞེས་བྱ་བ་ལ་སོག ་པ་ནི་སྔགས་གཉིས་པའོ།། སྔགས་འདྲིས་ཞེས་བྱ་བ་ནི་སྔགས་གཉིས་རྡོ་ཀ་གཅིག་ཏུ་བྱས་པས་སོ།། བ་ལང་གི་གདོང་གི་ཚེ་གཽ་གསུངས་པ། ཁྱུ་མཆོག་གི་རཱ་ཞེས་བྱ་བ་ལ་སོགས་པའོ།། ཀ་ར་བཱི་ར་ཞེས་བྱ་བ་ལ་སོགས་པ ་ལ། ཚར་བཅད་པ་ལ་སྩོགས་པར་འདོད་པའི་རྣལ་ལ་པྱོད་པས། ཨུ་ནི་ད་ས་ཞེས་བྱ་བ་ལྔ་སོགས་པའི་སྔགས་ཆོ་ག་བྱཞིན་དུ་བྲིས་ནས་སྦྱིནི་ལྔ་བལྟས་ཏེ་ཀླད་ལ་བསྐོར་ནཱ་ཛཱི་སྐད་གསུངས་པ་བཞིན་དུ་འགྱུར་རོ།། བ་ལང་གི་གདོང ་གི་ཆོ་ག་ཡང་འདི་ཉིད་དོ་ཞེས་བྱ་བ་ནི་བི་ས་ཧ་ཏི་ལིའོ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཀྱང་སྦྱོར་བ་འདི་བྱའོ།། ཨོཾ་ཛཾ་སྟེ་ལི་ཡེ་ཞེས་བྱ་བའི་སྔགས་དང་པོའོ།། ཛཾ་བི་སུ་ཝི་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ།། སྔགས་འ ་ཞེས་བྱ་བ་ནི་སྔགས་གཉིས་གཅིག་ཏུ་བསྡུས་པའོ།། ལྷག་མན་གོ་སླའོ།། ན་ཡ་མོ་ཞེས་བྱ་བ་ལ་སོགས་པ་ནི་སྔགས་གསུམ་པ་ཡིན་ཏེ། དེ་ལ་ན་མེ་བྷ་ག་བ་ཏི་ཞེས་བྱ་བ་ལ་སོགས་པ་རྐང་པ་བརྒྱད་པ་དང་། ཨོཾ་ཨ་དེ་ཞེས་བྱ་བ ་སོགས་པ་དང་། ཨོཾ་བཾ་ག་ལེ་ཞེས་བྱ་བ་ལ་སོགས་པ་སྟེ་གསུམ་མོ།། འདི་དག་ནི་ལེའུ་སུམ་བཅུ་གསུམ་པར་གསོལ་པོར་ཤེས་པར་བྱའོ།། ཟླ་ཚེས་ཞེས་བྱ་བ་ལ་སོགས་པའི་ལ། ཡི་གེ་ཨོཾ་ཟླ་ཆོས་དང་ཐིག་ལེས་བརྒྱན་པ་ནི་ཨོཾ་ཡིན་ལ ་དེས་རྐང་པ་བརྒྱད་ཀྱི་སྔགས་ཀླུང་དུ་བརྒྱན་པས་མཛེས་པར་བྱའོ།། མཐའ་དང་མཐར་ནི་ཕཊ་མཆོག་བྱ་ཞེས་བྱ་བ་ལ། སྔགས་ཀྱི་མཐོར་ནི་ཕཊ་བཞག་ལ་དེའི་མཐར་ཡང་ཕཊ་བྱ་བ་ནི་བཟླས་པ་སྟེ་མཆོག་ནི་བཏུ་བའོ།། ཡ་ན་བ་ར་ནི་ལན ་གྲངས་ཏེ། སྔགས་དཾ་དང་དེའི་མཐར་པཊ་གཉིས་གཉིསུ་སྦྱོར་བའི་དོན་ཏོ།། སྭཱ་ཧཱ་ཞེས་བྱ་བས་བརྒྱན་པུ་ཞེས་བྱ་བ་ནི་ཕཊ་ཀྱི་མཐར་སྭཱ་ཧཱ་ཞེས་བྱ་བས་མཛེས་པར་བྱའོ།། རྐང་པ་བརྒྱད་པོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སྔགས་གསུམ་ག ་ཡང་མགོ་ཞབས་ཀྱི་རྒྱུན་དེ་དག་དང་སྦྱར་རོ།། སྔགས་ཀྱི་རྒྱལ་པོ་འདི་ཞེས་བྱ་བཱ་ལ་སོགས་པ་ལ་འདིའི་ཞེས་བྱ་བ་ནི་སྔགས་གསུམ་གྷའིའོ།། འདི་ཞེས་བྱ་བ་ནི་བློ་ལ་གནས་པའི་སྦྱོར་བ་སྟེ་ལྷོའི་བསམ་གཏན་དང་འཁོར་ལོ་བྲི་བ་ལ་སོགས ་པའི་མཚན་ཉིད་ངོ་།། དེ་ལ་ལྷའི་བསམ་གཏན་གསུངས་པོ། སྔགས་པ་བདོག་ཉིད་ཅེས་བྱ་བ་ལ་སོགས་པ་ལོ་རླུང་དང་མིའི་དཀྱིལ་འཁོར་ལ་གནས་པ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་མའི་དཀྱིལ་འཁོར། དེའི་སྟེང་ངུ་རི་བོ་ལྷུང་པོ ་རའི་སྟང་དུ་ཁང་བུ་འཇུགས་པ་སྟེ། དེའི་ནང་དུ་འག་ནས་འབྱུང་བའི་སྒྲུབ་ཐབས་ཀྱི་ཚུལ་བཞིན་དུ་སྔགས་པ་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམ་པར་བྱ་ཞེས་བྱ་བ་དང་སྦྱར།། དེ་ཉིད་གསུངས་པ། ཞལ་བ་ནི་ཞེས་བྱ་བ་ལ་སོགས་པསྩུ ་ལེའུ་བཅུ་གཉིས་པར་བཤད་པའི་ཚོ་གས་འདིར་བསྟན་པའི་མདོག་ལ་སོགས་པ་དང་ལྡན་པའི་རྡོ་རྗེ་ཧཱུ~ཾ་མཛད་དུ་བསྒོམ་པའོ།། ཡན་ལག་གི་ཆ་ཤས་ཐམས་ཅད་ནས་རྡོ་རྗེ་མཁའ་འགྲོ་མ་སྤྲོས་ཞེས་བྱ་བ་ནི་རང་གི་ལུས་ཀྱི་ས་བོན་ལོས་རྡོ་རྗེ་མཁའ་འགྲོ ་མ་རྣམས་སྤྲོ་སྟེ། གནས་ཇི་ལྟ་བ་བཞིན་དུ་བསྒོམ་པའོ།། འདིས་ནི་རང་ཉིད་ཧཱུཾ་ལས་རྡོ་རྗེ་མཛད་དུ་བསྐྱེད་ཅིང་ཧཱུཾ་གི་ས་བོན་དེ་ཉིད་ལས་ལྟུང་བྱེད་མ་ལ་སོགས་པ་མཁའ་འགྲོ་མ་རྣམས་དང་། ཐོད་པ་རྣམས་བསྐྲད་ལ་ཕྱོགས་དང་ཕྱོགས་མཚམས ་རྣམསུ་དགོད་དོ།། ཞེས་བྱ་བར་སྟོན་ཏོ།། རྣལ་འབྱོར་དེས་རིག་པ་བཟླས་ནས་འཕྲུལ་འཁོར་ལ་སོགས་པ་བྲིའོ་ཞེས་བསྟན་པའི་ཕྱིར་ངོ་རྣམས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་རིག་པོ་འབུཾ་དྲོ་བཟླས་ཀྱི་འོག་ཏུའོ།། ཁམ ་བོར་ཞེས་བྱ་བ་ནི་ཆར་དབབ་པར་འདོད་པས། དམ་པོར་རྩེ་བ་ནོག་པོ་མེད་པ་གཉིས་བཟུང་བར་བྱ་སྟེ། དེ་ལ་བ་ཟླ་ལྔ་སོགས་པས་བྲི་བར་བྱའོ།། ཅི་ཞིག་ཅེ་ནོ། རླུང་དང་མེ་ཞེས་བྱ་བ་ལ་སོགས་པ་ལོ། ཁམ་པོར་འོག་མཾ་ལ་ནི་རླུང་གི་དཀྱིལ་འཁོར ་སྟེང་མ་ལོ་ནི་མེའི་དཀྱིལ་འཁོར་ཏེ། དེས་མཛེས་པར་བྱས་པ་ཉིད་འབར་བའོ།། རང་རང་མཚན་མས་མཚན་ཅིང་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་བ་དན་གྱིས་མཚན་པ་དང་། མེའི་དཀྱིལ་འཁོར་གྲུ་གསུམ་ལ་རྩེ་མོ་བདུན་གྱིས ་ཉེ་བར་མཚན་པའོ།། ཀླུ་བརྒྱད་ཀྱི་དཀྱིལ་འཁོར་ཞེས་བྱ་བ་ནི་དེའི་དབུས་སུ་བྲི་བ་སྟེ། ཇི་ལྟ་བཞིན། རེ་མིག་དགུ་པར་ཏེ། རི་མོ་ཟླུམ་པོ་ལ་ཐིག་བཞི་བྲིས་པས་རིའིའུ་མིག་དགུར་འགྱུར་ཏེ། དེ་ཉིད་ཀྱིས་ན་དཀྱིལ་འཁོར་བརྒྱད་དོ།། ཀླུ་རྣམས་དགོད ་པ་གསུངས་པ། དཀྱིལོ་འཁོར་གྱི་དབུས་སུ་ཞེས་བྱ་བོ་ལ་སོགས་པ་ལ། དབུས་ཀྱི་རེའུ་མིག་ཏུ་ཀླུ་ལྷག་མ་ཅན་གདེངས་ཀ་བདུན་ལ་སོགས་པ་དང་ལྡན་པར་བྲི་སྟེ་གོ་སླའོ།། ཕྱི་རོལ་གྱི་དཀྱིལ་འཁོར་ཞེས་བྱ་བ་ནི་ཤར་གྱི་རེའུ་ཆ་ལ་སོགས་པ་ལ ་རིམ་བཞིན་དུ་མཐའ་ཡས་ལ་སོགས་པ་འོག་ནས་འབྱུང་བ་ལྟར་གདེངས་ཀ་བདུན་ལ་སོགས་པ་ཅན་དུའོ།། ཐམས་ཅད་ཀྱི་རེའུ་མིག་ཏུ་ཀླུ་ལྷག་ལག་པ་གཡས་ན་རལ་གྲི་ཐོགས་པོའོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐུན་མོང་དུ་གཡུས་ཀྱིས་རལ་གྲི་བཟུང ་ལ། གཡོན་གྱིས་གདེངས་ཀ་གསུམ་དང་ལྡན་པའི་ཀླུ་མོ་ལ་འཁྱུད་པའོ།། འདིས་དཀྱིལ་འཁོར་བསྐོར་ལ་ཞེས་བྱ་བ་འདིས་ཞེས་བྱ་བ་ནི་ཨོཾ་ཧྲི་ཞེས་བྱ་བའི་སྔགས་ཀྱིས་སོ།། དཀྱིལ་འཁོར་བསྐོར་བ་ནི་རེའུ་མིག་དགུ་ལ་སོར་སྐྱེས་བསྐོར་བའོ།། ་སྔགས་འདི་ཞེས་བྱ་བ་ནི་ཨ་ནི་ཨ་ནི་ལ་སོག་སཱ་ཏཱ་ར་ཞེས་བྱ་བ་ལ་སོགས་པ་སྟེ། སྤྱནཱ་དྲང་བའོ་ཞེས་བྱ་བ་ནི་སྔགས་ཡོངསུ་རྫོགས་པའོ།། མཐེ་བོ་ཁ་སྦྱར་ཏེ་བཅིངས་ལ་ཞེས་བྱ་བ་ནི་མཐེ་བོ་དང་མཛུབ་མོ་རྩེ་སྤྱད་པའོ།། ཕྱི་རོལ་ནི་ཕྱིར་བསྟན་པའོ།། ལྷག ་མ་ནི་གོ་སླའོ།། ཛཿཞེས་བྱ་བ་ལ་སོགས་པའི་ཡི་གེ་བཞིན་དགུགས་པ་ལ་སོགས་པའི་ལས་བཞི་དང་རིམ་བཞིན་དུ་སྦྱརོ།། སྔགས་ཀྱི་མཐར་ཞེས་བྱ་བ་ནི་ཨ་ནི་ལ་ར་ཞེས་བྱ་བའི་མཐར་རོ།། སྡོང་བུ་ཞེས་བྱ་བ་ནི་ཤིང་ཨ་རཽ་ཀའི་རས་པ་ལ་པདྨ ་དཀར་པོའི་སྐལ་མས་དཀྲིས་ཏེ། བདུད་རྩི་ལྔས་བྱུག་པའོ།། ཁམ་ཕོར་དེར་ཞེས་བྱ་བ་ནི་ཁམ་ཕོར་གྱི་སྟེང་དུའོ།། བསྒོམས་ནས་ཞེས་བྱ་བ་ནི་དེའི་སྟེང་དུ་རི་རབ་བྲི་བར་བྱ་བ་དང་། བྲིས་ནས་ཀྱང་བསམ་པར་བྱ་ཞེས་བྱ་བའོ། ་དོན་ཏོ།། དེའི་སྟེང་དུ་ཧཱུཾ་གིས་ཁྲོ་བོའི་དཀྱིལ་འཁོར་བསྒོས་ལ་ཞེས་བྱ་བ་ནི་ཁམ་ཕོར་ཁ་སྦྱར་བའི་རི་རབ་ཀྱི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་ལས་བྱུང་བ་ཧཱུཾ་མཛད་ཀྱི་ཚོགས་འཕྲོ་བ་དང་བཅས་པོའི་རྡོ་རྗེ་ཧཱུཾ་མཛད་བསྒོམས་པའོ།། རྡོ་རྗེ་མཛད་ཀྱི་སྔགས ་ཞེས་བྱ་བ་ལ་སོགས་པོ་ལ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔོགས་སམ། རྐང་པ་བརྒྱད་པོ་ལ་སོགས་པའི་སྔགས་བཞི་པོ་དེ་དག་ལས་གང་ཡང་རུང་བ་ཞིག་གམ། འོན་ཏེ་དེ་དག་ཐམས་ཅད་སྤྲུལ་བའང་རུང་བརྒྱད་བརྒྱ་བཟླས་པར་བྱའོ།། ་ཞི་ཞེས་བྱ་བ་ལ་ནི་དགར་བའི་བདུན་པའོ།། གལ་ཏེ་སྔགས་གསུམ་པོ་ཟློས་ན་ནི་ཕྱག་བཞི་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ། ཀ་རཱ་ཀ་ར་ལ་སོགས་པའི་ཕྱག་དྲུག་པའི་སྦྱོར་བས་སོ།། ཞེས་བྱ་བ་ནྀ་བྱེ་བྲག་གོ།། ཆོ་ག་བཞིན་དུ་བཞོག ་པར་བྱ་ཞེས་བྱ་བ་ནི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱི་རོལ་གྱི་གནས་མཐོན་པོར་སྦ་བའོ།། ཁྲོ་བོའི་དཀྱིལ་འཁོར་ཞེས་བྱ་བ་ནི་ནཱ་མཁའ་ཐམས་ཅད་ཁྱབ་པའི་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ཏཽ། བསྒོམས་པ་ཞེས་བྱ་བ་ལྔ་པ་དང་འབྲེལ ་ཏོ།། ཅི་ཞིག་ཅེ་ན། རྡོ་ཧཱུཾ་མཛད་ཅེས་བྱ་བ་ལ་སོགས་པ་ལྀ། སོགས་པ་ཞེས་བྱ་བའི་སྒྲས་ནི་གཙོ་བོ་ཧཱུཾ་མཛད་ལས་འཕྲོས་པའི་འོད་ཀྱིས་ཧཱུཾ་མཛད་རྣམས་གཟུང་ངོ་།། ལུས་ཀྱི་གཟར་བུ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བརྒྱད་བརྒྱ ་བཟླས་ཀྱི་འོག་ཏུ་ལུས་ཀྱི་ཧོ་མ་གཟར་རྡོ་མཁའ་འགྲོའི་མཚམས་མཚན་པས་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་ཞེས་བྱ་བ་ཁམ་ཕོར་གྱི་སྟེང་དུ་བསྒོམས་པའི་རྡོ་རྗེ་མཁའ་འགྲོའི་ཚོགས་ལ་མཐོན་པར་བསམ་མོ་ཞེས་བྱ་བ་ནི་དང་ཆུའི་སྦྱིན་སྲེག་བྱའོ་ཞེས་བྱ་བར ་དགོངསོ།། གལ་ཏེ་ཇི་སྲིད་འདོད་པའི་གནསུ་ཆར་བཟློག་པར་འདོད་ན་དེའི་སྦྱོར་བ་གསུངས་ལ་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། བདག་ཉིད་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ལ། དེ་ནས་ཅི་ཞིག་པ་ཞེ་ན། རྡོ་རྗེ་ཧཱུཾ་མཛད་ཀྱི ་ཕྱག་བརྒྱ་བཙོངས་པའི་མཛུབ་མོའི་རྩེ་མོར་ཧཱུཾ་གཉིས་བསྒྲིམས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་རྡོ་རྗེ་ཧཱུཾ་མཛོད་ཀྱི་ཕྱག་རྒྱ་ནི་སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྲང་དེ་བཅིངས་ལ། མཐེའུ་ཆུང་གཉིས་སྒྲོགས་ཏེ་མཛུབ་མོ་གཉིས་བསྒྲེང་བ ་ཧཱུ~ཾ་གཉིས་བསྒོམས་ཏེ་ཞེས་བྱ་བ་ལ་སོགས་པ་དེར་བཀོད་པའི་ཧཱུཾ་གཉིས་ཀྱི་འོད་ཟེར་མེ་ལྕེ་འབར་བའི་ཚོགས་ཀྱིས་ཇི་སྲིད་འདོད་པ་ན་གནས་པའི་སྤྲིན་གྱི་ཚོགས་རྣམས་བསྲེགས་པར་བསྒོམ་པའོ།། བསམ་ཞེས་བྱ་བ་ནི་ད་ལྟར་བདག་ཉིད་རྡོ་རྗེ་མཁའ་འགྲོར ་བསྒོམ་པའོ།། བསམ་གཏོན་འབའ་ཞིག་གིས་མ་ཡིན་པར་བསྟན་པའི་ཕྱིར། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཀྱང་རུང་བཟླའོ།། ཞེས་བྱ་བ་གསུངས་ཏེ། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱིས་སྔགས་ནི་རིགས་པའི་རྒྱལ་པོ་རྐང་པ་བརྒྱད་པ་སྟེ། དཔལ་རྡོ་རྗེ ་ཧཱུཾ་མཛད་ཀྱི་སྦྱོར་བས་བཟླས་པས་ན་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་སོ།། རུང་ཞེས་བྱ་བའི་སྒྲས་ནི་གཞན་ཀ་ར་ཀ་ར་ལ་སོགས་པ་ཡང་བསྡུའོ།། སྦྱོར་བ་གཞན་བསྟན་པའི་ཕྱིར་དཀྱིལ་འཁོར་ཆེན་པོ་ཞེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་ཆེན ་པོ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་རོ།། དེ་རྣམས་ཀྱི་སྦྱོར་བ་ནི་གྲོང་དུ་བཞུག་པའོ།། ཕྱིའི་དཀྱིལ་འཁོར་ཞེས་བྱ་བ་ལ། འདིས་བསྟན་ཞིང་འཛིན་པས་ན་ཕྱི་སྟེ་གཞིར་གྱུར་པའོ།། དེ་ལྟར་ན་ཕྱི་ཡང་ཡིན་ལ ་འཁོར་ཡང་ཡིན་པས་ཕྱིའི་དཀྱིལ་འཁོར་ཏེ་ལས་ཀྱི་གཞིའོ།། ཡེ་ཤེས་ས་བོན་ཞེས་བྱ་བ་ནི་ཡི་གེ་ཧཱུཾ་ངོ་།། བསྒོམ་པ་ནི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ཡི་གེ་ཧཱུཾ་གིས་རྡོ་རྗེའི་ས་གཞི་དང་། ར་བ་དང་དྲ་བ་རྣམས་བསྒོམ་མོ་ཞེས་བྱ ་བའི་དོན་ཏོ།། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་བཤད་པའི་ཕྱིར་གསུངས་པ། རླུང་དོང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། དེའི་དབུས་གྱུར་པདྨ་ནི་ཞེས་བྱ་བ་ནི་གཞལ་ཡས་ཁང་གི་ནང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པ་བསྒོམ་པའོ།། ་གསལ་བའི་དཀྱིལ་འཁོར་ནི་ཟླ་བའི་དཀྱིལ་འཁོར་རོ།། ཟླ་བ་རྡོ་རྗེ་སྦྱོར་བ་ཞེས་བྱ་བ་ནི་མངོན་པར་བྱང་ཆུབ་པ་ལྔ་བསྟན་པའོ།། དེ་དག་གིས་ནི་རླུང་དང་མི་དང་ཆུ་དང་དབང་ཆེན་གྱི་དཀྱིལ་འཁོར་རྣམས་གོང་ནས་གོང་དུ་བསྒོམས་ལ། དེའི་སྟེང་དུརྨི ་རྒྱལ་ལྷུན་པོ་དེར་སྣ་ཚོགས་པདྨ་དང་རྡོ་རྗེ་ན་མནན་པའི་ཆོས་འབྱུང་བའི་ཕྱག་རྒྱར་གནས་པའི་རྣམ་པར་སྣང་མཛད་ཡོངསུ་གྱུར་པ་ལས་གོམ་འོག་ནས་འབྱུང་བའི་གྲུ་བཞི་པ་ལ་སྒོ་བཞི་པ་ཞེས་བྱ་བ་ལ་སོགས་པ་དང་ལྡན་པའི་ཁང་བུ་བརྩེགས་པ ་བསྒོམས་ཏེ། དེའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ཟླ་བ་རྡོ་རྗེའི་སྦྱོར་བ་ཞེས་བྱ་བས་མངོན་པར་བྱང་ཆུབ་པ་ལྔ་བསྒོམ་པར་སྟོན་ཏོ།། ད་ལ་མི་པྱོད་པས་ན་རྡོ་རྗེ་སྟེ། ཧྲི་ལེས་བྱུང་བའི་རོལ་གྲིའོ།། ་འདིར་ས་བོན་ན་ཧཱུཾ་ཡིན་པར་བལྟ་སྟེ། འོག་ནས་ཧྲྀ་ལས་བྱུང་བ་ཞེས་གསུངས་པའི་ཕྱིར་རོ།། རྡོ་མཁའ་འགྲོ་མ་ནི་ཛ་མཁའ་འགྲོ་མའི་དཀྱིལ་འཁོར་། ཅི་འདྲ་ཞེ་ན། ཞལ་གཅིག་ཕྱག་ན་བཞི་པ་སྟེ་ཞེས་བྱ་བ་ལ་སོགས་པ་གོ་སླའོ།། འཛག ་པ་དག་ཀྱང་འཇིགས་པར་མཛད་ཅེས་བྱ་བ་ལ། འཇིགས་པ་ལ་བརྩོན་པས་ན་འཇིགས་པ་སྟེ་བང་བྱེད་ལ་སོགས་པ་ཡིན་ལ། དེ་གང་གི་ཟིལ་གྱིས་གནོན་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། གྲུ་བཞི་སྒོ་བཞི་ལ་སོགས་པའི།། ་མཁའ་འགྲོ་མ་ཡིན་དཀྱིལ་འཁོར་བསྒོམ་ཞེས་བྱ་བ་འདི་ནི་རྡོ་རྗེ་མཁའ་འགྲོ་མ་བརྟེན་པའི་དཀྱིལ་འཁོར་དེ་དག་གི་ཉེ་བར་བསྡུ་བ་ཡིན་ཏེ་འོག་ནས་བྱུང་བའི་རི་མོའི་དཀྱིལ་འཁོར་ལ་ཡང་སྦྱར་བར་བྱའོ།། དེ་ལྟར་བསམ ་གཏན་གྱི་དཀྱིལ་འཁོར་ལ་གནས་ནས། སྔགས་འབུམ་ཕྲག་དུ་བཟླས་ཏེ། ཆུར་དབབ་པའི་སྒྲུབ་ཐབས་གསུངས་པ། བླ་རེ་དམ་པ་ཞེས་བྱ་བ་ལ་སོགས་པ་ལ། བླ་རེ་དམ་པ་ཞེས་བྱ་བ་ལ་གནས་དཀྱིལ་འཁོར་དགེ་བའི་ལས་བརྩམས ་སོགས་ཞེས་བྱ་བའི་བར་དུ་ནི་རྡོ་རྗེ་མཁའ་འགྲོ་མ་དང་ཀླུ་རྣམས་ཀྱི་དཀྱིལ་འཁོར་བསྟན་པའོ།། ལ་སོགས་ཀྱིས་ནི་བསྒོམ་པ་དང་མཆོད་པ་ལ་སོགས་པ་བསྡུ་བར་བྱའོ།། དེ་ནས་རྫིང་བུ་བྱ་བ་ནི་ཞེས་བྱ་བ་ལ་སོགས་པས་ནི་དཀྱིལ ་འཁོར་ཆེན་པོ་ངའི་བྱང་ཤར་གྱི་གྲར་ཀླུའི་གནས་རྫིང་བྱི་བར་བསྟན་ཏོ།། ཅི་ལྟ་བུ་ཞེ་ན། རྦ་རླབས་རླུང་ཆུ་གཉེར་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་དང་ལྡན་པའོ།། ལྷ་རྣམས་དགོད་པ་གསུངས་པ། དེ་ནས་ཆོ་ག ་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པའོ།། རིག་པ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་དཀྱིལ་འཁོར་ཏེ། དེ་སྔར་བཤད་པ་ལྟར་དགོད་པའོ།། ཀླུ་བརྒྱད་དགོད་ཅེས་བྱ་བ་ནི་མཐའ་ཡས་ལ་སོགས་པའི་ཀླུའི་རྒྱལ ་པོ་བརྒྱད་ཤར་ལ་སོགས་པའི་ཕྱོགས་མཚམས་སུ་དགོད་པའོ།། སྒོ་བཞིར་མགོ་གཉིས་བསྣོལ་བ་ལ་ཞེས་བྱ་བ་ལ་སོགས་པ་ནི་བཟང་པོ་ལ་སོགས་པའི་ཀླུ་ཕེལ་པ་བརྒྱད་མཐའ་ཡས་ལ་སོགས་པའི་མདོག་ཅན་དུ་རེ་བར་གྱུར ་པའི་ཚུལ་བཞིན་གྱིས་དགོད་པ་བསྟན་པ་སྟེ།། ར་ལ་སོགས་པའི་སྒོ་བཞིར་མགོ་གཉིས་གཉིས་བསྣོལ་ཏེ་སྤྲུལ་ལ་གྲཝ་བཞིར་ནི་འཇུག་མ་གཉིས་གཉིས་མདུད་དེ་བསྲུངས་ངོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་ཤར་སྒོར་ནི་བཟང་པོ་དང ་རྒྱལ་བ་གཉིས་ཀྱི་གདེངས་ཀ་མདུང་དེ་བསྟོད་པའོ།། བྱུང་སྐོར་ནི་དཔལ་ལྡན་དང་དགའ་བོའོ།། ནུབ་སྒོར་ནི་ཆར་འབེབྱས་དང་ཡིད་འོང་ངོ་།། ལྷོ་སྒོར་ནི་མྱུར་བ་དང་དབྱངས་ཅན་ནོ།། མཇུག་མས་གྲུ་བཞིར་དཀྲི་བར་བྱ་བ་ལ། རྒྱལ་བ ་དང་དཔལ་ལྡན་གྱི་འཇུག་མས་དབང་ལྗིན་དཀྲིས་པའོ།། དེ་བཞིན་དུ་དགེའ་བོ་དང་། ཆར་འབེབས་པ་དང་། ཡིད་འོང་དང་། མྱུར་བ་དང་། དབྱངས་ཅན་དང་། བཟང་པོ་རྣམས་ཕན་ཚུན་མཇུག་མ་མདུད་པར་བལྟ་བར་བྱའོ།། ཤར་དུ ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་མའི་ཤར་གྱི་འདབ་མ་ལ་ནི་མཐའ་ཡས་སོ།། ཀླུ་མོ་དང་ནི་བཅས་པར་དགོད་ཅེས་བྱ་བ་ལ། དེའི་གཡས་གཡོན་གཉིས་ཀར་ཀླུ་མོ་གདེངས་ཀ་གསུམ་གསུམ་དང་ལྡན་པོར་བྲིའོ།། ལྷག ་ནི་གཽ་སླའོ།། ཆོ་ག་ལྕི་བས་བྲི་བར་བྱ་ཞེས་བྱ་བ་ལ། ཇི་ལྟར་མཐའ་ཡས་གདེངས་ཀ་བདུན་དང་ལྡན་པ་ལ་སོགས་པ་ལྟར། ནོར་བུ་རྒྱས་ལ་སོགས་བྲི་བར་བྱ་ཞེས་བྱ་བ་འངན་ཏོ།། ལྷག་མ་ནི་གོ་སླའོ།། སྦྱིན་གྱི་དབང་ཕྱུག་རྒྱལ་པོ་རྣམས ་ཕྱོགས་བརྒྱད་ནས་ནི་དྲང་བར་བྱ་ཞེས་བྱ་བོ་ནཾ་ཤར་ལ་སོགས་པའི་ཕྱོགས་མཚམས་བརྒྱད་དུ་དགོད་པ་བྱ་སྟེ། དྲང་བ་ནི་དགོད་པའོ།། དེ་ལ་ཤར་སྒོར་ནི་སྒྲ་གྲག་གོ།། བྱང་སྒོར་ནི་རྨུགས་པའོ།། ནུབ་སྒོར་ནི་དྲག་པོའོ།། ལྷོ་སྒོར་ནི་འགུག ་བྱེད་དེ། དེ་དག་ནི་མཐའ་ཡས་ནས་བཟུང་སྟེ། སྟོབས་ཀྱིས་རྒྱུ་བའི་བར་གྱིས་རིམ་བཞིན་དུ་མདོག་ཅན་ནོ།། ཡང་དབང་ལྡན་དུ་ནི་གཏུམ་པོའོ།། མེ་མཚམས་སུ་ནི་འབེབས་པའོ།། བདེན་བྲལ་དུ་ནི་གང་པའོ།། རླུང་མཚམས་སུ་ནི ་གཡོ་བ་སྟེ། དེ་དག་ནི་རིམ་པ་བཞིན་དུ་དུང་སྐྱོང་ལ་སོགས་པའི་མདོག་ཅན་ནོ།། དེ་དག་ཀུན་ཀྱང་རོ་སྨན་སྤྲིན་གྱི་དཀྱིལ་འཁོར་ལ་རོ་སྟོད་སྦྲུལ་གྱི་གདེངས་ཀ་ར་འདུག་པའོ།། སྤྲིན་རྣམས་ཀྱི་བར་དུ་ཀླུ་ཕལ་པ་བརྒྱད་གསུངས་པ་ནི་མན ་ངག་གིས་ན་དཀྱིལ་འཁོར་གྱི་སྣམ་བུ་གཉིས་པོའི་སྒོ་བཞི་དང་གྲཝ་བཞིར་མགོ་བོ་གཉིས་གཉིས་དང་མཇུག་མ་གཉིས་གཉིས་ཀྱི་བར་བར་དུ་བཞི་བཞིར་བྲི་བར་བྱའོ་ཞེས་བསྟན་པའི་ཕྱིར་རོ།། ཤར་ཕྱོགས་པའི་སའི་ཆ་རྣམས་ཀྱང་དེ་དག་གི་མདོག ་དུ་ཤེས་པར་བྱའོ།། དེ་ནས་སྔར་གསུངས་པའི་སྔགས་དང་ཕྱག་རྒྱས་ཀླུ་རྣམས་དང་སྤྲིན་རྣམས་དགུག་པ་ལ་སོགས་པ་བྱས་ལ། བདག་ཉིད་འཐོར་འཐུང་དང་ཉ་རེག་བྱས་ཏེ། ཡོ་བྱད་ཐམས་ཅད་ལ་ཨོཾ་བྷུར་བྷུ་བཿསྭཱ་ཧཱ་ཞེས་བྱ་བས་བསང ་གཏོར་བྱས་ནས་མེ་ཏོག་དང་བདུག་པ་ལ་སོགས་པས་མཆོད་ཅིང་འོག་ནས་བཀང་བའི་ཁམ་པོར་བརྒྱད་ཀྱིས་ཀྱང་མཆོད་པར་བྱའོ།། དེ་ཡང་དམ་ཚིག་གི་རྡོ་རྗེ་མཁའ་འགྲོ་མ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཛཿཧཱུཾ་བཾ་ཧོཿཞེས་བྱ་བ ་དགུགས་པ་ལ་སོགས་པ་བྱས་ལ། ཨོཾ་བཛྲ་ཌཱ་ཀི་ནི་བར་ཥ་བར་ཥ་བར་ཥ་པ་ཡ་ཧཱུཾ་བྷུ་སྭཱ་ཧཱ། ཞེས་བཟླས་བརྗོད་བྱ་སྟེ། འདི་ནི་རྡོ་རྗེ་མཁའི་འགྲོ་མའི་སྔགས་ཨོཾ་ཨོཾ་གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པ་ནི་སྤྲིན་རྣམས་ལ་ཆར་དབབ་པར་བསྒོ་བའི ་སྔགས་སོ།། དེ་ལ་མཆོད་པ་བྱས་ཀྱི་འོག་ཏུ་མཐའ་ཡས་ལ་སོགས་པའི་ཀླུ་རྣམས་ལ་ཕྱག་རྒྱ་བསྟན་པར་བྱ་སྟེ། ལག་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཐེའུ་ཆུང་དང་མཐེ་བོའི་སྟེང་དུ་གཡས་པའི་གྲུ་མོ་བཙུགས་ཏེ་གཡས་པའི་སོར་མོ ་རྣམས་སྦྲུལ་མགོ་ལྟར་བྱས་པ་འདི་ནི་ཀླུ་རྣམས་ཀྱིའོ།། ལག་པ་གཉིས་པདྨར་སྐོར་བ་བྱས་ནས་ཕྱོགས་ཀུན་ཏུ་བསྟན་པ་འདི་ནི་སྤྲིན་རྣམས་ཀྱིའོ།། ཨོཾ་གྷི་ལཱི་གྣི་ལི་བར་འ་བ་ཥ་པ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་ནི་འདི་ནི་གཉིས ་ཀའི་སྔགས་སོ།། ཡོད་ན་ཕྱག་རྒྱ་མེད་པར་ཡང་སྤགས་འབའ་ཞིག་བཟླའོ།། མཁོའ་འགྲོ་ཀུན་དང་མཉམ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སྦྱོར་བ་གཞན་གསུངས་པ། བུད་མེད་གཉིས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། མིང་དང ་ལྡན་པ་ཞེས་བྱ་བ་ནི་བུད་མེད་ཀྱི་ཐོད་པར་ངེས་པར་ཤེས་པས་ན་མིང་སྟེ། ཤེས་པ་དེ་དང་ལྡན་པོ་ནི་ཐོད་པ་སྟེ་རང་གི་རྐྱེན་ཅན་ནོ།། མེའི་དཀྱིལ་འཁོར་ཞེས་བྱ་བ་ནི་གྲུ་གསུམ་པ་རྩེ་མོ་བདུན་པར་གཉིས་ཀ་ལ་བྲི་བའོ།། མཚམས་རྣམསུ་མི ་གཻ་ཀྵཾ་དང་ཧྲི་ཞེས་བྱ་བ་ལ་མཚམས་ཏེ། གྲུ་གསུམ་གྱི་ཕྱི་རོལ་ཏུ་དུ་ནི་ཀྵིཾ་བྲིལ་དཀྱིལ་འཁོར་གཉིས་ཀའི་ཡང་ནང་རོལ་ཕྱོགས་མཚམས་བརྒྱད་དུ་ཧྲིཾ་བརྒྱད་དགོད་དོ་ཞེས་མན་ངག་ལས་ཤེས་པར་བྱའོ།། དབུས་སུ་བསྒྲུབ་པར་བྱ་བའི་བུ་མོའི་མིང ་བྲིས་ཏེ་ཞེས་བྱ་བ་ནི་དགུག་པར་བྱ་བ་ནི་བུ་མོའི་མིང་ཆེ་གེ་མོ་ཨཱ་ཀ་ར་ཥ་ཡང་ཞེས་བསྐུལ་ཚིག་དང་བཅས་པར་བྲིའོ།། རི་མོ་གསུམ་གྱིས་བསྐོར་ནས་ཞེས་བྱ་བ་ཉིད་མོ་ཛའི་ས་བོན་ནམ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཡི་གེ་མོ་ཛ་འམ་རེ་ཕུ ་དཀྱིལ་འཁོར་གཉིས་ཀ་སུམ་རིམ་དུ་བསྐོར་བའོ།། སྟེང་འོག་གི་བྱེ་བྲག་ཤེས་པར་བྱས་ལ་ཞེས་བྱ་བ་ནི་གོ་རོ་ཙན་དང་ཁྲག་གིས་འདི་ནི་སྟེང་ངོ་།། འདི་ནི་འོག་གོ་ཞེས་ཕྱི་རོལ་ཏུ་བྲི་བའོ།། ལྷག་མ་ནི་གོ་སླའོ།། གནས་དབེན་པ་ཞེས་བྱ ་བ་ལ་སོགས་པ་ལ་དབེན་པ་ནི་ཤིན་ཏུ་ཡང་སྐྱེ་བོ་མེད་པའོ།། མར་ནག་ཚ་བས་བྱུགས་ཤིང་ཁྲུས་ཆབ་གསོལ་ནས་བསྐམས་ཏེ་ཞེས་བྱ་བ་ནི་གནས་དབེན་པར་བདག་ཉིད་ཀྱིས་བསྲུངས་ཏེ་ལེགས་པར་བསྐམས་པའོ།། སྔགས་བཟླས་ན་བརྒྱ་བྱིན ་གྱིས་ཆར་འབེབསོ་པ་ལ་ས་ཞེས་བྱ་བ་ནི་བདག་ཉིད་ང་རྒྱལ་དང་བཅས་པས་ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ན་ལྷའི་རྒྱལ་པོ་རྣམས་སྤྲིན་གསེབ་དུ་ཞུགས་ནས་འབེབས་པའོ།། ཇི་ལྟར་བཟླས་ཤྲེ་ན་སྒྲུབ་པའི་གྲོགས ་ཞེས་བྱ་བ་ལ་སོགས་པ་ལ། སྒྲུབ་པ་ནི་ལས་ཀྱི་རྡོ་རྗེ་ཅན་ནོ།། གྲོགས་ནི་སྒྲུབ་པོ་པོ་དང་རྗེསུ་མཐུན་པར་སྤྱོད་པ་སྟེ་བཤེས་གཉེན་ཅན་ནོ།། སྒྲུབ་པ་ཡང་ཡིན་ལ་གྲོགས་ཀྱང་ཡིན་པས་སྒྲུབ་པའི་གྲོགས་ཏེ། དེ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། ། ་ཆར་དབབ་པར་དམིགས་པ་ནི་ཆར་འབེབས་པ་ལ་སེམས་རྩ་གཅིག་ཏུ་བྱས་པ།། ཁ་ཀར་སྟེང་དུ་བཟླས་པ་ནི་ཤར་ལས་སུང་འདས་མཚམས་སུ་བལྟས་།། མནན་ཞེས་བྱ་བ་ལ་སོགས་པ་ལ། པ་ཅ་ང ་བ.རམ་གྱུར་ན་དཔལ་ཕྱག་ན་རྡོ་རྗེའི་སྔགས་བཟླ་ཞེས་བྱ་བ་སྟེ། དཔལ་ཕྱག་ན་རྡོ་རྗེ་ཉིད་སྔགས་ཡིན་ཏེ། སྔགས་དང་ལྡན་ངག་དབྱེར་མེད་པའི་ཕྱིར་རོ།། ཡང་ན་པག་ན་རྡོ་རྗེ་རྣལ་འབྱོར་ལ་གནས་ཏེ། འོག་ནས་འབྱུང་བའི་སྔགས་བཟླས ་བསྟེ་སྒྲ་ཇི་བཞིན་ནོ།། དེ་ལ་ཕྱག་ན་རྡོ་རྗེའི་རྣལ་འབྱོར་ནི་ཡི་གེ་ཧཱུ~ཾ་ལས་བྱུང་ཞིང་སྐུ་མདོག་སྔོ་བ་ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་བསྒོམས་པ་ལ་སོགས་པ་སྔགས་ལས་གསུངས་པ་དང་རྗེསུ་མཐུན་པའི་གཟུགས་སོ།། སྔགས་ནི་ཨོཾ་ན་མ~ཾ་ན~ཾ་ལ ་ཞེས་བྱ་བ་ལ་སོགས་པའོ།། ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ལས་གཉིས་སྟོན་པ་ཡིན་ཏེ། སྦྲུལ་མགོ་གཉིས་པ་ནི་སྦྲུལ་གྱི་ཁྱད་པར་གང་ལ་མགོ་གཉིས་ཡོད་པའོ།། ནམ་མཁའ་ལ་བཞག་ལ་ཞེས་བྱ་བ་ནི་ཀ་དམ་པའི་ལ་སོགས་པའི ་ཤིང་གི་མེ་འབར་བའི་སོལ་བ་ལ་མ་རེག་པར་སྟེང་དུ་ཁམ་པོར་གཉིས་བསྲོ་བའོ།། དེ་ཅིའི་ཕྱིར་ཞེ་ནི། ཆར་དབབ་པ་ལ་སྟེ་ཆེད་ཀྱི་བདུན་པ་ཡིན་ནོ།། གང་གིས་ཞེ་ན། སྔགས་བཟླས་ནས་ཏེ། རྡོ་ཧཱུཾ་མཛད་ཀྱི་སྦྱོར་བ་དང་ལྡན་པས་རྐང་པ ་བརྒྱད་པ་ལ་སོགས་པའི་སྔགས་བཟླས་ནའོ།། རྡོ་རྗེ་ཅན་ལ་ཕུལ་བའི་ཞེས་བྱ་བ་ལ་སོགས་པ་ལ། ཁང་སྟེང་དུ་གནས་པ་ནི་པ་འདབ་ཀྱི་སྟེང་དུ་གནས་པའོ།། སྤྲིན་ལ་འདུག་པ་ནི་སྤྲིན་ཕྱོགས་སུ་བདུག་པའོ།། སྔགས་ཟློས་པ་ནི་ཧཱུཾ་མཛད་ཀྱི་སྦྱོར ་བ་དང་ལྡན་པས་ཟློས་པའོ།། ཁམ་ཕོར་ཞེས་བྱ་བ་ལ་སོགས་པ་ལ། དུག་ལ་སོགས་པཱ་རིམས་དང་ན་ག་ང་མ་ནའི་ཁུ་བ་ལ་སོགས་པའོ།། རླུང་ལ་སོགས་པའི་དཀྱིལ་འཁོར་གསུམ་ནི་རླུང་དང་མེ་དང་དབང་ཆེན་ནོ།། ངའི་ས་བོན་ནུ་ཡཾ་དང་རཾ་དང་ལང ་ངོ།། ཆུའི་སྟེང་དུ་ཞེས་བྱ་བ་ནི་བཾ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་བྲིས་པའི་སྟེང་དུའོ།། འདབ་མ་བརྒྱད་ལ་ཡང་ཀླུ་བརྒྱད་ཀྱི་སྙིང་པོ་གཟིར་བར་བྲིས་ལ་ཞེས་བྱ་བ་ནི་ཧཱུ~ཾ་དང་སྤེལ་བའི་ནང་དུ་མིང་བྲི་བའོ།། སྟོབས་པོ་ཆེའི་སྔགས་ནི་ཨོཾ་བཛྲ་ཀྲོ་དྷ་ཞེས ་བྱ་བ་ལ་སོགས་པ་སྟེ། འོག་ནས་འབྱུང་བའོ།། དེ་པདྨའི་ལྟ་བ་དང་འདབ་མའི་ས་བོན་བསྐོར་བའོ།། ཧཱུཾ་དགུ་ཞེས་བྱ་བ་ནི་ཕྱོགས་གཅིག་གསུངས་པ་སྟེ། དོན་དུ་བཅོ་བརྒྱད་ཡིན་ནོ།། ཆོ་ག་བཞིན་དུ་སྔགས་བཟླས་ཞེས་བྱ་བ་ལ། ཆོ་ག་ནི་ལེའུ་བཞི ་པ་ལས་འབྱུང་བའི་སྟོབས་པོ་ཆེའི་རྣལ་འབྱོར་ཏེ། ཧཱུཾ་ལས་བྱུང་བའི་མདོག་སྔོན་པོ་དཀར་པོ་དམར་པོའི་ཞལ་གསུམ་པ་ཕག་དྲུག་ལས་ཕྱག་དང་པོ་གཉིས་རང་གི་རིགས་མ་ལ་འཁྱུད་པ། ལྷག་མ་རྣམས་ཀྱིས་མདུང་རྩེ་གསུམ་དང་། རལ་གྲི་དང་། པདྨ་དང ་ནོར་བུ་བསྣམས་ཤིང་ཉི་མའི་གདན་ལ་གཡས་བརྐྱང་གིས་བཞུགས་པ། ཉི་མའི་འོད་ཅན་སྤྱན་གསུམ་པ། སྐྲ་ཁམ་པ་གྱེན་དུ་འབོར་ཞིང་སྦྲུལ་གྱི་རྒྱན་ཅན་སྟག་གི་པགས་པའི་ན་བཟའ་བགེས་པའི་སྟོབས་པོ་ཚར་བསྒོམས་ལ། ཁམ་ཕོར་ལ་བརྒྱ ་བརྒྱ་བཟླས་ཏེ། མེ་ཏོག་སྔོན་པོ་ལ་སོགས་པས་མཆོད་པ་སྐུད་པ་སྔོན་པོས་དཀྲིས་ཏེ་མཚོར་སྤོ་བར་བྱའོ།། གཏུམ་པོའི་ས་བོན་ནི་སྐེ་ཚེའི་ས་བེན་ནོ།། ལྷག་མ་ནི་གོ་སླའོ།། ད་ནི་ཕྱག་ན་རྡོ་རྗེའི་སྔགས་གསུངས་པ། ཨོཾ་ན་མོ་ཞེས་བྱ་བ་ལ་སོགས ་ཡན་ལྡན་ནས་སྟུག། ཀླུ་ཐམས་ཅད་ཅེས་བྱ་བ་ལ་སགས་པལ། ཀླུབམས་ཅད་ན་གཟུགས་སྣ་ཚོགས་པར།། དབུག་པན་དེ་རྣམས་ཀྱི་སྟོང་འབུགས་པར་བྱང་བ་སྔགས་དང་ཕྱག་རྒྱལ་སགས་པར ་མཚན་ཉིད་དོ།། དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་བྱེ་བ་སྔོ་གསུམ་པའོ།། རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་མཁའ་འཚོ་རྣམ་པར་བཤད་པ་ལས་ལའུ་གསུམ་པའི་རྣམ་པར་བཤད་པའོ།། ད་ནི་སྔགས ་བཤད་པའི་ལས་ཀྱི་ཆོ་ག་བསྐང་བ་དང་སྔར་མ་བཤད་པའི་ལས་རྣམས་བསྟན་པར་བྱ་བའི་ཕྱིར་ལེའུ་བཞི་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ་དེ་ནས་ཞེས་བྱ་བ་ནི་ལས་ཀྱི་ཚོགས་བསྟན་པའི་འོག་ཏུའོ།། བཅོམ་ལྡན་འདས་ལེ་ཞེས ་བྱ་བ་ནི་བཞི་པའི་དོན་གྱིས་བདུན་པ་ཡོན་ནོ།། སླར་ཡང་ཞེས་བྱ་བ་ནི་ལས་ཀྱི་ཚོ་གས་སྔར་བསྟན་པ་ཉིད་ཡང་གསལ་བར་བྱས་པས་སོ།། འདི་སྐད་ཅེས་བྱ་དེ་ནི་འོག་ནས་འབྱུང་བ་སྣང་ངོ་།། མཆོད་ཅིང་ཞེས་བྱ་བ་ནི་ཕྱི་ནང་གི་མཆོད་པས་མཆོད ་ནས་སོ།། ལས་ཐམས་ཅད་ཀྱི་ཚིགས་ཞེས་བྱ་བ་ནི་ཆར་དབབ་པོ་དང་གྲོང་བུ་དགུག་པ་ལ་སོགས་པའི་ལས་ཀྱི་ཚོགས་སོ།། དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་ཀྱི་འོག་ཏུའོ།། རིག་པའི་རྒྱལ་པོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་ངོཔའ་སྟེ། ཆར་འབེབས་པ ་ལ་སོགས་པའི་རིག་པ་སྟོན་ཅིང་གསལ་བར་མཛད་པའི་ཕྱིར་རོ།། གཱི་ལི་གྷི་ལྀ་ཞེས་བྱ་བ་ལ་སོགས་པ་ནི་ཕལ་པའི་སྐད་ཅིག་དེ་མཚོན་པར་བྱ་བ་ཡིན་ལ་དེ་ནི་འོག་ནས་ལེགས་པར་སྦྱར་བས་མཚོན་པར་བྱའོ།། དེ་ལ་བ་ཛ་དའི་ནི་བ་རིས་པ་རི་ས་ཡ་ཧཱུཾ ་བྷུ་སྭཱ་ཏ། ཞེས་བྱ་བ་ནི་དང་པོའོ།། གྷི་ལི་གྷི་ལི་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པ་སྟེ། ཐ་ཞེས་བྱ་བ་གསུམ་ནི་བརྡ་ཡིས་ཕཊ་ཅེས་བྱ་བ་ཡིན་ནོ།། ས་ས་ཧ་ཧ་ཞེས་བྱ་བ་གཉིས་གཉིས་ནི་སྔགས་གཉིས་ཀྱི་སྭཱ་ཧཱ་གཉིས་སོ།། ཨོཾ་ནི་ཞེས་བྱ་བ ་ལ་སོགས་པས་ནི་ཨོཾ་བཏུ་བ་བསྟན་ཏེ། ཏི་ལ་ཡ་ནཽ་ཐིག་ལེའོ།། ངེས་ནི་ཨོཾ་གྷི་ལི་གཱི་ལི་བར་ཥ་ཡ་བར་ཥ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧེ་ཧོ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བར་འགྱུར་ཏཽ་སྤྲིན་བརྒྱད་ཀྱི་སྔགས་སོ།། དེས་ན་གསུངས་པ་དེ་ནི་ཆུ་འཛིན་བརྒྱད་ལ་གནས ་ཞེས་བྱ་བ་སྟེ། རྟག་ཏུ་སྤྲིན་བརྒྱད་ལ་འཇུག་ཅིང་གནས་སོ་ཞེས་བྱ་བའི་དོན་ཏོ།། ཨོཾ་བཛྲ་ཌཱ་ཀི་ནི་བར་ཥ་བར་ཥ་པ་ཡ་ཧཱུཾ་བྷ་སྭཱ་ཧཱ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་མའི་ཆར་དབབ་པ་དང་འབྲེལ་བའི་སྔགས་སོ།། ང་ཉིད་ཀྱིས་ན་མཁའ་འགྲོ་མའི་རིག ་སྔགས་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྱུ་མ་ཆེན་པོའི་རང་བཞིན་ནོ་ཞེས་བྱ་བ་ནི་མཁའ་འགྲོ་མ་ཐམས་ཅད་ཀྱི་རང་བཞིན་གྱི་སྔགསོ།། དེ་ཡང་ཕལ་བའི་སྐད་ཀྱིས་འབུམ་ཕྲག་གཅིག་བཟླས་པས་འགྲུབ་པ་ལེགས་པར་སྦར་བའི་སྐད ་ཀྱིས་འབུམ་ཕྲག་གཉིས་བཟླས་པས་འགྲུབ་པ་ལེགས་པར་སྦྱར་བའི་སྐད་ཀྱིས་འབུམ་ཕྲག་གཉིས་བཟླས་ན་འགྲུབ་པར་འགྱུར་རོ།། ཨོཾ་ནི་གཉིས་ཀ་དང་འབྲེལ་བར་བལྟ་བར་བྱའོ།། ད་ནི་གོང་བུ་དགུག་པ་གསུངས་པ། ན་མ་ཞེས་བྱ་བ་ལ ་སོགས་པ་གསུངས་པ་ན་མེ་ཞེས་བྱ་བ་ལ་སོགས་པ་ལ་མ་ཧཱ་ཀཱི་ལ་ཨ་ནུ་ཙ་ར་ཡ་ཞེས་བྱ་བ་ནི་ལྷ་ཆེན་པོ་སྟེ། ནག་པོ་ཆེན་པོ་དང་ལྷན་ཅིག་ཏུ་རྒྱ་བའི་ཕྱིར་རོ།། ན་མ་ཞེས་བྱ་བོ་ནས་ཏདྱ་ཐཱ་ཞེས་བྱ་བའི་བར་ནི་མཚམས་སྦྱར་བའི་གཞུང་སྟོ་སྔགས ་ནི་མཱ་ཡིན་ནོ།། ཨོཾ་ཙཱ་ལ་ཞེས་བྱ་བ་ལ་སོགས་པ་ནི་དགུགས་པའི་སྔགས་ཏེ། བསྙེན་པ་ཁྲི་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་སྦྱོར་བས་སོ།། མཚན་ཕྱེད་ན་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་དུས་གསུམ་དུའོ།། གོང་བུ་དགུག་པ ་ཞེས་བྱ་བ་ལ། གོང་བུ་ནི་ལུས་ཏེ་རླུང་གི་དཀྱིལ་འཁོར་ལ་གནས་ནས་བར་སྣང་ལུས་ཅིག་ཅེར་འོང་བ་ནི་གོང་བུ་དགུག་པའོ།། དེ་སྐད་དུ་རྡོ་རྗེ་ན་མཁའ་འགྲོའི་རྣལ་འབྱོར་པས་སྔགས་བསྙེན་པ་ཁྲི་བས་ཏེ། ལྷ་ཆེན་པོའི་གཟུགས་བརྙན་བྱས་ལ། དེའི ་དྲུང་དུ་བདག་ཉིད་རྡོ་རྗེ་མཁའ་འགྲོ་མ་དོག་དམར་པོར་གནས་ནས་སྒྲུབ་པར་བྱ་བ་མདོག་དམར་པོ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ་རང་གི་སྙིང་ག་ནས་འཕྲོས་པའི་སྔགས་ཀྱི་འོད་ཀྱིས་བསྐོར་བར་བསམས་ལ། ཨོཾ་ཙ་ལ་པྲ་ཙ་ལ་ལ་ལྀ་ལོ་ལ་ཡ་བ་ལང ་གི་ལྷ་བྱིན་ཨཱ་ན་ཡ་སྭཱ་ཧཱ་ཞེས་སྤེལ་ཏོ།། ཉི་མ་བདུན་ནམ་བཅུ་གསུམ་མོམ་ཉི་ཤུ་རྩ་གཅིག་དུ་དུས་གསུམ་དུ་བཟླས་ན་འོང་བར་འགྱུར་རོ་ཞེས་སྟོན་ཏོ།། ཡང་ན་མཚན་ཕྱེད་ན་ཇི་སྲིད་འོང་གི་བར་དུ་བཟླའོ།། ཨོཾ་ཙ་མུརྟྟི་ཞེས་བྱ་བ་ལ་སོགས་པ་ནི་ལྷ་མོ ་ཙམུཎྜཾའི་སྔགས་སོ།། རྡོག་པས་མནན་ཏེ་ཞེས་བྱ་བ་ནི་ལིངྒི་ཞེས་བྱ་བ་སྔ་མ་དང་འབྲེལ་ཏེ། ཁུག་ཞེས་བྱ་བ་ནི་རྐང་པས་འོང་བའོ།། དབང་དུ་འགྱུར་རོ་ཞེས་བྱ་བོ་བདག་ལ་ཆགས་པ་སྟེ། ནོར་དང་བཅས་པར་དབང་དུ་འདུས་པའོ།། འདིར་ཡང ་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་རྐང་པ་གཡོན་པོའི་འཐིལ་ལ་སེན་རྩིས་རི་བོ་སྤུན་པོ་བྲིས་ཏེ། དེའི་ནང་དུ་གྲཝ་བཞིར་ཡི་གེ་ཧྲི་བཞི་བྲིས་ལ་དབུས་སུ་སྔགས་ཀྱི་ཚིག་བསྒྲུབ་བྱའི་མིང་དང་སྦྲེལ་ཏེ་བྲིས་ནས་རྐང་པ་དེ་ཉིད་ཀྱིས་ལྷ་ཆེན་པོའི་གཟུགས་བརྙན་མཿ ་ལ་དུས་གསུམ་དུ་སྔགས་ཀྱི་ཚིག་ལྷས་བྱིན་བདག་གི་དབང་དུ་གྱུར་ཅིག་བྱ་བ་དང་སྤེལ་ཏེ་བཟླས་ན་ཁུགས་པར་འགྱུར་རོ།། ད་ནི་མངོན་སྤྱོད་གསུམ་པ། སྐྱེས་བུའི་ཞེས་བྱ་བ་ལ་སོགས་པ་ལ། སྟེང་གི་ཆ་ཞེས་བྱ་བ་ཆ་སྟེང་མ་སྟེ། འོག་གི་ཆ་ཕུར ་པའི་གཟུགས་རྩེ་གཅིག་པར་བྱ་བའི་ཕྱིར་རོ།། བྱས་ལ་ཞེས་བྱ་བ་ནི་བརྐོ་བའོ།། གཅོད་པ་ནང་ཆེན་པོ་ནི་ནད་ཀྱིས་འཚེ་བའོ།། འབྱུང་བ་ནི་སྐྱེ་བ་སྟེ་གོནས་པ་ནི་ཡུན་རིང་དུ་གནས་པའོ།། འདིས་ཀྱང་སྔོན་དུ་སྟོབས་པོ་ཆེའི་སྡིགས་བསྙེན་པ་ཁྲི ་བྱས་ལ་དེའི་འོག་ཏུ་སྐྱེས་བུའི་བྱ་ནི་པ་གཡོན་པོའི་ཐུན་མ་ལ་སྟེང་གི་ཆར་ཚོགས་ཀྱི་དབང་ཕྱུག་ཇི་སྐད་བསྟན་པ་བཞིན་དུ་བྱས་ཏེ། ཇི་སྐད་སྨོས་པའི་རྫས་ཀྱི་ནང་དུ་བཙོས་ནས་སྟོབས་པོ་ཆེའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། གང་གི་ཁྱིམ ་སྒྲར་སྦས་པ་དེ་ལ་ཡུནྡོ་རིང་དུ་ནང་ཆེན་པོ་འབྱུང་བར་འགྱུར་རོ།། ཞེས་སྟོན་ཏོ།། སྟོབས་པོ་ཆེའི་སྔགས་གསུངས་པ། ཨོཾ་བཛྲ་ཞེས་བྱ་བ་ལ་སོགས་པའོ།། ཆར་དབབ་པ་གསུངས་པ། གྲོགས་མཁར་གྱིས་དང་ཞེས་བྱ་བ་ལ་སོགས་པ་ལ ་གྲོག་མཁར་གྱི་ས་ནི་གྲགས་པར་བཟང་དོ།། བའི་རྣམ་པ་ལྔ་ནི་བའི་འོ་མ་དང་ཞོ་དང་མར་དང་གཅིན་དང་ལྕི་བ་རྣམསོ།། ཀ་ར་བཱི་རའི་ལྕུག་མ་ན་ཀ་ར་བཱི་རའི་ཡལ་ག་དང་འདབ་མ་དང་བཅས་པའོ།། དཀར་གསུམ་གྱི་གཏོར་མ་ནི་འོ་མ་དང་ཞོ་དང ་འབྲས་བུ་ས་ལུའི་གཏོར་མའོ།། ལྷག་མ་ནི་གོ་སླའོ།། དེས་ཀྱང་འདིར་སྐད་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་གྲོགས་མཁར་གྱི་ས་ལ་སོགས་པ་ལས་ཀླུ་བཱ་སུ་ཀ་མདོག་སེར་པོ་ཇི་སྐད་སྨོས་པའི་མཚན་ཉིད་ཅན་བྱས་ལ་ཀ་ར་བཱི་རིའི་ལྕུག་མས ་བཀའ་སྟེ་དཀར་གསུམ་གྱི་གཏོར་མ་བྱིན་ལ་ཉིན་ཞག་བདུན་དུ་བརྒྱན་མི་བཅད་པར་གུ་གུལ་གྱི་བདུག་པས་བདུག་ཅིང་ངཀ་ར་བཱི་རའི་ལོམས་རྐང་པ་བརྒྱད་པའི་སྔགས་ཟློས་ཤིང་རྒྱུན་མི་ཆུད་པར་ཆུ་གཏོར་ན་ཇི་སྐད ་སྨོས་པ་བཞིན་དུ་འགྱུར་རོ་ཞེས་སྟོན་ཏོ།། ཁ་ཅིག་ན་རེ་བཱ་སོ་ཀའི་གཟུགས་ཁམ་པོར་གྱི་སྟེང་དུ་བཞག་ལ་ཨོཾ་ཤོ་ཀའི་ཡལ་གས་བཏབ་སྟེ། དཀར་གསུམ་གྱི་གཏོར་མ་དུས་གསུམ་དུ་བྱིན་ལ་སྟང་ན་གནས་པའི་དུམ་པ་བུ་ག་ཕྲ་མོ་ལས ་རྒྱུན་འཛག་པས་རྒྱུན་མི་འཆད་པར་བཀྲུ་ཞིང་སྐབས་སྐབས་གུ་གུལ་གྱིས་བདུག་པ་དང་། ཀ་ར་བཱི་རའི་ལྷག་མས་ཆུ་གཏོར་བར་བྱའོ་ཞེས་ཟེར་རོ།། ཧཱུཾ་བཞིའི་སྔགས་དེ་ལ་ཟློས་ཤིང་ཞེས་བྱ་བ་ལ། དེ་ལ་ཞེས་བྱ་བ་ནི་ནཱར་དབབ་པ ་ལེལོའི།། ད་ནི་ངག་བཅིང་བ་གསུངས་པ། ཨོཾ་ག་ག་ཨ་རིག་ག་སྭཱ་ཧཱ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་འདིས་ཞེས་བྱ་བ་ནི་འདས་མ་ཐག་པའི་སྔགས་ཀྱིསོ།། ནང་པར་སྦྱར་གདོང་བཀྲུས་པ་ལས་ལངས་ཏེ་སྔོགས་འདི་ལན་བདུན ་བཟླས་པའི་ཆུས་གདོང་དང་རྡེའུ་བཀྲས་ལ་བཟླ་ཞེས་བྱ་བའི་དོན་ཏོ།། གང་ཡང་རུང་བའི་བུ་ག་ཞེས་བྱ་བ་ནི་པྲ་བ་ལ་སོགས་པའི་ཁུང་བུའི་བུ་གའོ།། ཇི་ལྟར་གཞུག་ཅེ་ན་ཆེ་གེ་མོའོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྕེས་བྱིན་གྱི་ཁ་ཚངས ་ཤིག་ཅེས་ཡིད་ཀྱིས་སམ་དངོསུ་བརྗོད་ནས་སོ།། ཡང་ན་གདོང་མ་བཀྲུས་པར་ཞེས་བྱ་བ་ནི་མ་བཀྲུས་པ་ཉིད་དུ་ལས་འདྲི་བྱའོ་ཞེས་པའི་དོན་ཏོ།། མུ་ཁ་ཏིཥཱིནྡ་ཞེས་བྱ་བ་ལ་སོགས་པ་ལ། གླང་གི་ལྕི་བ་ནི་ཁྱུ་མཆོག་གི་ལྕི ་སྟེ། དེ་ལ་སྔགས་བཟླ་ཞེས་བྱ་བ་དང་འབྲེལ་ཏོ།། འདིས་ནི་ཁྱུ་མཆོག་གི་ལྕི་བ་ས་ལ་མ་ལྟུང་བ་ལ་སྔགས་ལན་བདུན་བཟླས་ཏེ་བྱི་བའི་ཁུང་སྒོ་གནམ་དུ་བལྟས་པའི་ནང་དུ་བཅུག་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ།། ཁ་ཅིག། ་ནི་འདིར་རྡོ་རྗེ་མཁའ་འགྲེའི་རྣལ་འབོར་པས་སྔགས་འདིས་གདོང་མ་བཀྲུས་པར་ལས་བྱེའོ་ཞེས་ཟེར་རོ།། ད་ནི་ལེའུ་གསུམ་པོ་ལས་གནས་དབེན་པར་ཞེས་བྱ་བ་ལ་སོགས་པའི་སྦྱོར་བ་བསྟན་པའི་སྔགས་གསུངས་པ། ཨ ་ཀཱ་རོ་ཞེས་བྱ་བ་ལ་སོགས་པ་སྟེ། ནི་ཞེས་བྱ་བ་ནི་རྩ་བ་རྐང་པའོ།། ལྷག་མ་ནི་གོ་སླའོ།། དས་ནི་ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨཱ་ཙ་ཨཱདྱ་ནུཏྐནཱ། ཏཱཏ་ཅེས་བྱ་བར་འགྱུར་ཏེ། ཨོཾ་ཞེས་བྱ་བ་མན་ངག་ལས་ཤེས་པར་བྱའོ།། ་སྟོན་དུ་གསུངས་པའི་སྦྱོར་བ་ནི་གོ་སླའོ།། དེ་ཡང་ཞེས་བྱ་བ་ནི་སྦྱོར་བ་གཞན་བསྟན་པ་སྟེ། དེ་ཡང་བླ་གབ་དང་བྲེལ་བའི་གནས་དབེན་ཕྱིར་ལྷོའི་རྣལ་འབྱོར་དང་ལྡན་པས་ཆར་དབབ་པའི་བློས་སྔགས་འབའ་ཞིག་བཟླས་ནི་བརྒྱ ་བྱིན་གྱིས་ཆར་པ་འབེབས་པར་འགྱུར་རོ་ཞེས་བྱ་བ་དང་སྦྱར་རོ།། བློ་གྲོས་ཆེན་མོ་ཞེས་བྱ་བས་ནི་ལྷ་མོ་ལ་བོད་པ་སྟེ། གང་ལ་བློ་ཆེན་པོ་ཡོད་པ་དེ་ནི་བློ་གྲོས་ཆེན་མོ་སྟེ་བཅོམ་ལྡན་འདས་མའོ།། མདུན་ནས་ཏེ་ཞེས་བྱ་བ་ནི ་གདོང་གིས་བལྟས་པ་སྟེ་སྤྲིན་གྱི་ཕྱོགས་སུ་གདོང་བ་བལྟས་པའོ།། མཁར་གནས་རྣམས་ཀྱིས་ངེས་པར་ནི། ཆུ་ནི་རབ་ཏུ་མང་པོ་འབེབས་ཞེས་བྱ་བ་ནི་སྤྲིན་མེད་པར་ཡང་ན་མཁའ་ཉིད་ལས་ཆར་འབེབས་སོ་ཞེས་བྱ་བའི་དོན་ཏོ།། ་སྡེ་ཚན་གྱི་ཞེས་བྱ་བ་ལ་སོགས་པ་ལ། སྡེ་ཚན་གྱི་མཐའ་མ་ནི་སྡེ་ཚན་བརྒྱད་ཀྱི་མཐའ་མ་སྭཱ་ཧཱའོ།། དབྱངས་ཡིག་བཞི་པ་ནི་ཨི་སྟྭཾ། དེ་དག་གིས་ནི་ཧྲི་ཞེས་བྱ་བར་འགྱུར་རོ།། ཉལ་བའི་སྔས་ཀྱི་ས་གཞི་ཞེས ་ནི་རྨག་པ་ལ་སོགས་པ་གང་ཞིག་ཆགས་པའི་དབང་དུ་བྱས་པའི་སྐྱེས་པའམ། བུད་མེད་ཉལ་བའི་སྔས་ཀྱི་ས་གཞི་ལོ་བྲི་བའོ།། རང་གི་ཁྲག་ཅེས་བྱ་བ་ནི་དབང་དུ་བྱ་བར་འདོད་པར་རང་གིའོ།། སྙིང་པོ་ལ་ཞེས་བྱ་བ་ནི་ཡི ་གོ་ཧཱིའི་ལྟོ་བར་རོ།། ཅི་ཞིག་བྲི་ཞེ་ན། མིང་ཞེས་བྱ་བ་སྟེ། ཆགས་པར་བྱ་བའི་ཐ་མོ་ལ་སོགས་པའོ།། ནམ་ཞེ་ན། ཉལ་བའི་དུས་སུའོ།། མེ་ཏོག་དམར་པོ་ཞེས་བྱ་བ་ནི་ཨཱ་ཤློག་ཀ་ལ་སོགས་པའི་མེ་ཏོག་གོ།། བདུག་པ་ཞེས་བྱ་བ་ནི ་འོག་ནིས་འབྱུང་བའི་དབང་གིས་བདུག་པ་སྟེ། ངོས་བདག་ཉིད་ལ་བདུག་པའོ།། འདིར་བསྡུས་པའི་དོན་ནི་ཉལ་བའི་སྔས་ཀྱི་ས་གཞི་ལ་ཙན་ངན་གུར་གུམ་ལ་སོགས་པའི་དྲི་མར་པོས་བྱུགས་ནས། ཨ་ཤོ་ཀ་ལ་སོགས་པའི་སྨྱུ་གུས ་རང་གི་ཁྲག་གིས་ཡི་གེ་ཧྲཱི་བྲིས་ལ་དེའི་ལྟོར་ཆེ་གེ་མེ་བདག་གི་དབང་དུ་གྱུར་ཅིག་ཅེས་བྲིས་ཏེ་མེ་ཏོག་དམར་པོ་གཏོར་ལ་བདག་ཉིད་བདུག་པས་བདུག་ཅིང་ཙ་མུཎྜའི་སྔགས་བཟླས་ན་གདུལ་དཀའ་བ་རྣམས་ཀྱང་དབང་དུ་འགྱུར་ཞེས་བྱ་བ་ཡིན། ་སྦྱོར་བ་གཞན་གསུངས་པ་སྙིང་གར་ཉི་མ་ལ་ཧཱུཾ་བསྒོམས་སྟེ། རང་གི་ལྷག་པའི་ལྷ་ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པར་བསྒོམ་མོ་ཞེས་བྱ་བ་ལ་སོགས་པ་སྟེ་འདིས་ནི་སྔར་ལེའུ་གསུམ་པར་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཁྲོ་བོ ་དཀྱིལ་འཁོར་པའི་ལུས་ཀྱི་གཟར་བུ་ལས་བྱུང་བའི་ཆུ་རྡོ་རྗེ་ཉི་མའི་དཀྱིལ་འཁོར་ལ་འཐོར་བསམ་མོ་ཞེས་བྱ་བ་དང་འབྲེལ་པ་ཡིན་ཏེ། འདིར་དགོས་པ་ནི་མ་ཡིན་ནོ།། འདིའི་དོན་འདི་ཡིན་ཏེ། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་བཀོད ་དེ། ཁམས་གསུམ་རྣམ་པར་རྒྱལ་བ་ལ་སོགས་པའི་རང་གི་ལྷར་བྱས་ལ་རྡོ་རྗེ་ས་མཚན་པའི་རང་གི་ལུས་ཀྱི་གཟར་བུས་ཆུ་གཏོར་བར་བྱའོ་ཞེས་བྱ་བ་ཡིན་ནོ།། རྡོ་རྗེ་སོ་ཅན་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སོ་ཅན་གྱི་ཁྲག་གིས་བྲིས ་ལ་སྐུད་པ་དམར་པོས་བཀྲི་བར་བྱའོ་ཞེས་བྱ་བ་དང་འབྲེལ་ཏོ།། རྡོ་རྗེ་སོ་ཅན་ཞེས་བྱ་བ་ནི་མཛུབ་མོ་སྟེ་རྡོ་རྗེ་མཆེད་པ་ཅན་ཞེས་ཟེར་བའི་ཕྱིར་རོ།། རླུང་གི་ས་བོན་ཞེས་བྱ་བ་ནི་ཡི་གེ་ཡ~ཾ་།། སྐུལ་ཚིག་ཅེས་བྱ་བ་ནི་འདིས་བསྐུལ་བར་བྱེད་པས ་ན་བ་སྦྲུལ་ཆག་དེ་མིང་ཉིད་དོ།། ཧཱུ~ཾ་ཊཀྐི་ཞེས་བྱ་བའི་ས་བོན་གཉིས་ཀྱི་དབུས་འི་ཧཱུ~ཾ་ཧྲཱི་རི་ན་གྱིས་ཀྱི་ས་ས་བ་ཏྲི་། ང་བྱན་མ་མ་ས་ན་པ་བབ་ཡི་ཚུས་འི་མ་མ་གྱུ་ཨཱ ་བས་མནན་ཏེ་ཞེས་བྱ་བ་ནི་སོ་པ་ག་དེ་རྐང་པས་བརྫིས་པའོ།། དེ་དག་གིས་ནི་འདི་སྐད་དུ་ཧཱུ~ཾ་ལས་བྱུང་བ་མདོག་སྔོན་པོ་གཡས་པ་དང་རྩེ་བ་དང་། གཡོན་པའི་ཞལ་དཀར་པ་དང་། སྔོན་པོ་དང་། དམར་པོའི་མདོག་ཅན། ཕྱག་དྲུག་ལ་དང ་པོ་གཉིས་འོད་ཀྱི་རོ་ག~ཾ་མ་ལ་འཁྱུད་པའོ།། ལྷག་མའི་ཕྱག་གིས་ལྕགས་ཀྱུ་དང་། ཞགས་པ་དང་། རལ་གྲི་དང་། ནོར་བུ་བསྣམས་ཤིང་རོལ་པའི་གཟུགས་ཅན་པདྨའི་སྟེང་དུ་ཉི་མ་ལ་གཡོན་བརྐྱང་གིས་བཞུགས་པ་ལྷའི་རྒྱན་ཅན ་སྤྱན་གསུམ་པ། ཌཀྐི་རཱ་ཛར་བསྒོམས་ལ་གློ་གའམ་རས་ལ་མཛུབ་མོའི་ཁྲག་དང་ཤིང་ཛཱ་ཏིའི་སྨྱུ་གུས་ཡི་གེ་ཡཱི་དབུས་སུ་ཨོཾ་ཌཀྐི་ཛ། ཧཱུཾ། ལྷས་བྱིན་ཨཱ་ན་ཡ་ཨོཾ་ཊཀྐི་ཛཿཧཱུཾ་ཞེས་བྱ་བ་བྲིས་ལ་སོ་ཕྱག་ཁ་སྦྱར་བའི་དབུས་སུ ་བཅུག་སྟེ་སྐུད་པ་དང་དམར་པོས་དཀྲིས་ནས་གཡོན་བརྐྱང་གི་སྟབས་ཀྱིས་གཡས་པ་མནན་ལ། བསྒྲུབས་པརུ་བྱ་བ་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཏེ། ཀྐི་རྀ་ཛ་སྤྲས་ནས་མགྲིན་པ་ཞགས་པོས་བཅིངས་ལ་སྙིང་གར་ལྕགས་ཀྱུས་ཕུག ་སྟེ་ཁྲུགས་པར་བསམས་ལ་སྔགས་དེ་བཟླས་པར་བྱའོ་ཞེས་སྟོན་ཏོ།། སྦྱོར་བ་དེ་ཉིད་ཀྱིས་རྡོ་རྗེ་ཧཱུཾ་མཛོད་ཀྱི་རྣལ་འབྱོར་ལ་གནས་ཏེ། ཙ་མུཎྜའི་སྔགས་ཀྱིས་ཀྱང་དགུག་པར་བྱའོ།། བཏོན་ནས་ཞེས་བྱ་བ་ལ་སོགས་པ་ལ། གཞན་དུ་མ ་ཡིན་ནོ་ཞེས་བྱ་བའི་ནི་ཇི་སྲིད་འཁྲུལ་འཁོར་མ་བཏོན་གྱི་བར་དུ་གནས་པར་མི་འགྱུར་ཏེ། དཔེར་ནི་རྫ་མཁན་གྱི་འཁོར་ལོ་ལན་ཅིག་བསྐོར་བའི་འཕེན་ཤུགས་ཀྱིས་འཁོར་བ་ལྟར་སྦྱོར་བ་ལན་ཅིག་བཟླས་པས་རྒྱུན་ཏུ་མ་བཟླས་ཀྱང་ཡུལ་དུ ་སླར་མི་འཁོར་ལ་སྔགས་མ་བསྒྲུབས་པར་འཁྲུལ་འཁོར་ཙམ་གྱིས་ཀྱང་བསྐྲད་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སྦྱོར་བ་གཞན་གསུངས་པ། བདག་ཉིད་ཅེས་བྱ་བ་ལ་སོགས་པོ་ལྔ་བདག་ཉིད་ནི་སྒྲུབ་པ་པོ་བདག་ཉིད་དང་བསྒྲུབ་པར་བྱ ་བའི་བུ་མོའོ།། ཨོཾ་དམར་པོ་སྤྱི་བོར་ཡང་ཞེས་བྱ་བ་ལ་སྒྲུབ་པ་པོ་དང་བསྒྲུབཱིར་བྱ་བ་གཉིས་ཀའི་སྤྱི་བོར་ཨོཾ་དམར་པོ་བསྒོམ་པའོ།། ཡང་ཞེས་བྱ་བ་ནི་བསྡུ་བ་སྟེ་གཉིས་ཀའི་སྙིང་གར་མཾ་དམར་པོ་དགོས་པའོ།། བུ་མོའི་ཁོ་ན ་ཞེས་བྱ་བ་ལ། ཁ་ནཱི་སྨྲྀ་སྒྲ་སྣའི་བུགའོ།། ནས་ཞེས་བྱ་བ་ནི་ལྔ་པ་སྟེ། དེའི་སྣ་སྒོ་གཡོན་པ་ནས་བདག་གི་སྣ་ཆོག་སྒྲོ་གཡས་པར་འཇུག་པའོ།། ཕྲེང་བ་ནི་མགལ་མེའི་འཁོར་ལོ་ལྟར་འགྲོ་བ་དང་འོང་བའོ།། ལྷག་མྱ་ནི་གོ་སླའོ།། ་བསྡུས་པའི་དོན་ནི་འདི་ཡིནི་ཏེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བ་དང་ལྡན་པས་རྐང་པ་བརྒྱད་པའི་སྔགས་སྔོན་དུ་བསྟུན་པ་བྱས་ལ། བདག་ཉིད་མཾ་དམར་པོ་ལས་ཡད་དུ་འོང་བའི་བུ་མོའི་གཟུགས་སུ་བསྐྱེད་དེ། ཨོཾ་དང་མོ་དམར་པོ ་ས་བོན་སྤྱི་བོ་དང་སྙིང་གར་བཀོད་ལ། བསྒྲུབ་པར་བྱ་བ་ཡང་དྲི་བཞིན་དུ་བསྐྱེད་ནས་བདག་གི་སྣ་སྒོ་གཡོན་པ་ནིས་འོད་ཟེར་ཕྱུང་སྟེ། དེའི་སྣ་སྒོ་གཡས་པར་ཞུགས་ནས་ལུས་དང་ངག་དང་སེམས་ཀྱི་འོད་གོ་བུར་གཟུང་སྟེ། སླར་བདག ་སྣ་སྒྲོ་གཡོས་པ་ནས་སྤྱི་བོ་དང་སྙིང་གར་ཞུགས་བོར་བྱའོ།། དེ་ལྟར་ཡང་དོང་ཡང་དུ་འགྲོ་བ་དང་འོང་བ་བསམ་ལ། ཨོཾ་མོ་ཆེ་གེ་མོ་བ་ཤ་མ་ནཱ་ཡ་ཞེས་བཟླས་ན་དབང་དུ་འགྱུར་རོ།། སྦྱོར་བ་གཞན་གསུངས་པ། བུད་མེད་ཀྱི་ཞེས་བྱ་བ ་ལཱི་སོགས་པ་ལ། བུད་མོད་ཀྱི་གཙོ་བའི་ཤུལ་གྱིས་ཞེས་བྱ་བ་ནི་གང་དང་གང་དུ་བཅི་བུ་བྱས་པའི་ས་སྟེ། དེ་དང་རང་གི་གཅི་བའི་ཤུལ་གྱི་ས་གཅིག་ཏུ་བྱས་ལ། ཆོས་འབྱུང་བའི་གཟུགས་བྱ་བའོ།། སྔགས་ལན་བདུན་བཟླ་ཞེས་བྱ་བ ་ནིཙཱི་མུདྡྷི་ལ་སོགས་པའི་སྔགས་རང་གི་མཚན་མ་ལ་ལན་བདུན་བཟླ་བའོ།། དུས་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླའོ་ཞེས་བྱ་བ་ཡང་སྔགས་ང་ཉྀད་དེ། འདིར་ཡང་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས་བྱའོ།། ལྷག་མི་གོ་སླའོ།། ཚུལ ་གཞན་གསུངས་པ་སྐྱེས་པའི་ཐོད་པ་ཞེས་བྱ་བ་ལ་སོགས་པ་ལ། མིང་ནི་བསྒྲུབ་པར་བྱ་བའི་མིང་ངོ་།། སྤྲུལ་པའི་སྔགས་ཞེས་བྱ་བ་ལ་སྔགས་ནི་རིག་པའི་རྒྱལ་པོ་ཞེས་བྱ་བ་དང་སྦྱར་ཏེ། ཙཱ་མུཎྜ་ལ་སོགས་པའི་སྔབ ་སོ།། སྤེལ་བ་ནི་དགུག་པ་དང་དབང་དུ་བྱ་བ་ལ་ཆེ་གེ་མོ་བ་ཤཾ་ཀུ་རུ་ཞེས་བསྐུལ་ཚག་དང་སྤེལ་བའོ།། ལྷའི་འཇིག་རྟེན་ཞེས་བྱ་བ་ནི་ལྷའི་བུ་མོ་རྣམས་སོ།། ལས་ཀྱི་ཆོ་ག་དེ་ལྟར་ཡང་ཞེས་བྱ་བ་ལ། ཡང་ཞེས་བྱ་བ་ནི་དགུག་པ་འབའ ་ཞིག་མ་ཡིན་གྱི་ཆོ་གའི་རྣམ་པར་ངེས་དབང་དུ་བྱ་བ་ཡང་བྱའོ་ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ནེ་རེ་དུག་དང་སྐེ་ཚེས་ཆེ་གེ་མོ་ཨུ་ཙ་ཊ་ཡ་ཞེས་བྱ་བའི་བསྐུལ་ཚིག་ཧི་མ་ཝ་ནཱ་ཡ་ཞེས་བྱ་བ་ལ་སོགས་པའི་སྔགས་དེ་འི་དྲང་སྩོལ་ཏེ་བྲིས་ལ་སྔགས ་དེ་ཉིད་བཟླས་ན་བསྐྲད་པར་བྱ་འགྱུར་རོ་ཞེས་ཟེར་ཏེ། ཡང་ཞེས་བྱ་བ་ནི་སྨོས་པ་བསྡུ་བ་ཡིན་ཏེ། དགུགས་པའི་ལས་བློ་ལ་བསྡོམས་ནས་ཡང་ཞེས་གསུངས་པ་ཡིན་ནོ།། ཡང་ན་མ་སྨོས་པ་བསྡུས་པ་སྟེ། དེའི་ཚེ་ཐོད་པ་ལ་སོགས ་པ་ཡང་བྱ་བ་ཡིན་ནོ།། བསྐྲད་པའི་ཆོ་ག་གསུངས་པ། དུགོ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ་དུག་ཅན་ནི་སྤྲུལ་ལོ།། གནོད་སྦྱིན་སྐྱོན་པ་ནི་ཁྱི་སྨྱོན་པའོ།། སྦ་བ་ནི་བསྐྲད་པའི་སྔགས་ཀྱི་ས་མངོན་པར་བཟླས་ཏེ་སྦ་བའོ།། ་ལུས་ཀྱི་དུས་སུ་ཞེས་བྱ་བ་ནི་བསྐྲད་པའི་ལས་ཀྱི་དུས་སོ།། ཁྲོ་བ་དང་བཅས་པ་ཞེས་བྱ་བ་ནི་ནག་པོ་ཆེན་པོའི་རྣལ་འབྱོར་དུ་བྱ་བ་མ།། སྔགས་ཞེས་བྱ་བ་ཡང་དེ་ཉིད་ཀྱི་སྔགས་སོ།། ཁ་ཟས་ནི་སྡེར་ན་གནས་པའོ།། གཟུ ་བ་ནི་བཟའ་བ་དང་། འཕང་བའོ།། དེ་དག་གིས་ནི་འདི་སྐད་དུ་ནག་པོ་ཆེན་པོའི་གནས་རྣལ་འབྱོར་ལ་གནས་ཏེ། སྔར་ན་གནས་པའི་ཁ་ཟས་ལ་དེ་ཉིད་ཀྱི་སྔགས་ཀྱིས་བཟླས་ལ། ཁ་ཟས་དེ་བསྒྲུབ་པར་བྱ་བའི་གཟུགས་སུ་བསམས ་ས་ཁྲོ་བ་དང་བཅས་ནས་ཆང་བུ་གཅོད་པའི་ཚེ་ཆེ་ག་མོའི་མགོ་བཅད་པར་བསམས་ཤིང་ཁར་འཇུག་པའི་ཚེ་ཆེ་གེ་མེའི་མགོ་ཟ་བར་བསམས་ནས་སོས་བཏབ་སྔ་ཕྱེད་ཁར་བལྡད་ཅིང་ཕྲད་བསྒྲུབ་བའི་ཕྱོགས་སུ་འཕངས་པའི་ལས་འདི ་མ་བདུན་དུ་བྱས་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ།། ཁ་ཅིག་ནི་བསད་པའི་ལས་ཡིན་ནོ་ཞེས་ཟེར་རོ།། བཅིངས་པ་གསུངས་པ། ལྕི་བ་ཞེས་བྱ་བ་ལ་སོགས་པ་ལ། གཟུགས་བརླན་ཞེས་བྱ་བ་ནི་མ་དོག་ལ་སོགས་པ་དེ ་དང་འདྲ་བའི་གཟུགས་འཛིན་པའོ།། རས་མའི་དུམ་བུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཏཱ་ལའི་འདབ་མ་ལ་སོགས་པ་ཡང་ཉེ་བར་བཟུང་ངོ་།། མི་ཞེས་བྱ་བ་ཡང་མཚོན་པ་སྟེ། ཨོཾ་ཨ་ལི་བྷི་ལི་བྷ་ར་ཙུ་ལི་ཆེ་གེ་མོ་སྟམ་བྷཱ་ན་ཀུ་རུ ་སྭཱ་ཧཱ་ཞེས་སྤེལ་ཏེ། བྲིའོ།། གཏུན་ཤིང་ལ་སྔགས་ལན་བདུན་བཟླས་ཏེ་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་སྔགས་བཟླས་མ་ཐག་པ་དེ་ཉིད་གཏུན་ཤིང་ལ་ལན་བདུན་བཟླས་ཏི་ལན་བདུན་དུ་གདོང་བཙོག་པར་བྱ་བའི་དོན་ཏོ།། ཡང ་ན་ལེའུ་དྲུག་པ་ལས་བསྟན་པའི་ཨོཾ་ཛཾ་བྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་དེ་ལྟར་བྱས་ན་ཡང་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ།། སྦྱོར་བ་གཞན་གསུངས་པ་དཔའ་བོ་ཞེས་བྱ་བ་ལ་སོགས་པ་ལ། དཔའ་བོ་གཡུལ་དུ་བསད་པའི ་རས་ལ་བུ་མོ་བྲིས་ན་འོང་བར་འགྱུར་རོ་ཞུས་བྱ་བ་དང་འབྲེལ་ཏོ།། དཔའ་བོ་གཡུལ་དུ་བསད་པ་ནི་དགྲའི་ཕྱོགསུ་བལྟས་ཏེ་ཤི་བའོ།། རས་ན་དེའི་གོས་ཏྭེ་ངྒ་། མེ་ནིག་ཅན། གཟུགས་བརྙན་ཏེ་ཡན་ལག་དང་ཉིང་ལག ་ལལ་ཡོངསུ་རྫོགས་པའི་གཟུགས་སོ།། ཅིས་ཞེ་ན། རི་མོ་སྟཽ་ཚོན་གྱིས་བྲིས་པའོ།། ཇི་ལྟར་བྱས་པས་ཞེ་ན། བ་ལང་གི་རྡུལ་དང་ཞེས་བྱ་བ་ལ་སོགས་པ་ལ་བ་ལང་གི་རྡུལ་ནི་པ་ལང་གི་སྤུའོ།། བུ་པ་ཏ་ལི་ནི་ཤིང་བུ་པ་ཏ་ལི་ཞེས་གྲགས ་པའོ།། དེ་ཡང་རླན་ལས་སྐྱེས་ཤིང་སྡོང་པོ་ཕྲ་ལ་ལྕུག་མས་ལ་ཟུག་ཅིང་མེ་ཏོག་ཁ་ཐུར་དུ་བལྟས་པ་སྟེ། དེའི་རྩ་བའོ།། དེ་དག་གིས་ནི་འདི་སྐད་དུ་ཧཱུཾ་མཛད་ལ་སོགས་པའི་རྣལ་འབྱོར་པས་མངོན་པར་འདོད་པའི་བུ་མོའི་གཟུགས་ཇི་ལྟ་བ་བཞིན་དུ ་གསལ་པོར་བྲིས་ལ་བ་ལང་གཽ་སྤུ་དང་། བུ་པ་ཏ་ལའི་ཙ་བ་ལ་ཙ་མུརྟྟིའི་སྔགས་བརྒྱ་རྩ་བརྒྱད་སྔོན་དུ་བཟླས་པའི་བདུག་པས་བདུགས་ན་འོག་ནས་མདུན་དུ་གནས་པར་འགྱུར་རོ།། ཞེས་སྟོན་ཏོ།། བཅིང་བ་གསུངས་པ། རས་མ་ཞེས་བྱ་བ་ལ་སོགས ་པ་ལ། ཁྲོ་བོ་གཤིན་རྗེ་གཤེད་ནི་གཤིན་རྗེའི་དགྲ་སྟེ་བྲི་བ་ཞེས་བྱ་བ་དང་འབྲེལ་ཏོ།། ཁ་དོག་ཐམས་ཅད་དང་ལྡན་པ་ཞེས་བྱ་བ་ནི་ཁ་དོག་ཐམས་ཅད་གཅིག་ཏུ་འདྲེས་པ་སྟེ། འདིར་མན་ངག་གིས་ན་རང་གི་དབྱིབས་དང་ཁ་དོག་ཇི་ལྟ་བ་བཞིན་དུ་པའི ་གྱིས་བྲི་བར་བྱའོ།། གཡས་བརྐྱང་བས་གནས་པ་ཞེས་བྱ་བ་ནི་ཉི་མ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྐང་པ་གཡས་པ་མཐོ་ལྔའི་ཚད་ཙམ་དུ་བརྐྱང་སྟེ། གཡེན་པ་ཅུང་ཟད་བསྐུམ་པའོ།། ལག་པ་གཡས་ན་ཞེས་བྱ་བ་ལ་སོགས་པ་ནི་ཕྱག ་དང་པོ་གཉིས་ཏེ་མན་ངག་གིས་ནཱི་ཕྱག་དྲུག་པ་ཐོ་བ་དང་། རལ་གྲི་དང་། ཞགས་པ་དང་། སྦྲུལ་གྱི་ཞགས་པ་དང་། གཏུན་ཤིང་དང་དགྲ་སྟ་བསྣམས་ཤིང་གསུངས་པ་འཕྱང་བར་ཤེས་པར་བྱའོ།། དུར་ཁྲོད་ཀྱི་སོལ་བ་ཞེས་བྱ་བ་ནི་རོ་བསྲེགས ་པའི་སོལ་བ་སྟེ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་ཨོཾ་རཏྣ་བཛྲ་བཛྲ་ཧྲི་ཕཊ་ཅེས་བརྒྱ་རྩ་བརྒྱང་མངོན་པར་བཟླས་པའི་སོལ་བས་སོ།། སྔགས་སྤེལ་བ་ཞེས་བྱ་བ་ལ། སྔགས་ནི་འདས་མ་ཐག་པ་སྟེ། དེ་དང་བཅས་པའི་མིང་ངོ་།། བཞག་ན ་ཞེས་བྱ་བ་ནི་རོ་བགླེགས་དེའི་འོག་ཏུ་མེ་ཏོག་སེར་པོ་ལ་སོགས་པས་མཆོད་དེ་བཞག་ལ་ཡང་སྔགས་སྔ་མ་ཉིད་མིང་དང་སྤེལ་ཏོ།། ལན་སྟོང་དུ་བཟླས་ན་རེངས་པར་འགྱུར་རོ།། ཐ་ན་ཡིད་ཀྱིས་ཀྱང་ཞེས་བྱ་བ་ནི་ཡིད་ཀྱིས་བྱ་བ་ཡང་། མེད་ན་ལུས ་དང་ངག་གི་བྱ་བ་ལྟ་ཅི་སྨོས་ཞེས་བྱ་བའི་དོན་ཏོ།། གལ་ཏེ་ཞེས་བྱ་བ་ནི་བག་མེད་པའི་དབང་གིས་སོ།། ལྷ་ཐམས་ཅད་ཅེས་བྱ་བ་ལ། ཐམས་ཅད་ནི་སེམས་ཅན་རྣམས་སོ།། དེ་ཐམས་ཅད་གསལ་བར་བྱེད་པས་ན་ལྷོ་སྟེ་སྲོག་གོ། སྟོང་པར ་འགྱུར་བ་ནི་ཟད་པར་འགྱུར་ར་བྱའོ།། ཕ་རོལ་གྱི་དཔུང་གི་ཚིག་དོང་སྦལ་ན་ཞེས་བྱ་བ་ལ། སྔགས་མ་ལྟ་བུ་བྲིས་ཏེ་པྲ་ས་ན་སྟ~ཾ་བྷ་ནི་ཞེས་བྱ་བ་ནི་ཁྱད་པར་རོ།། དེས་ནི་འདི་སྐད་དུ་གྲོ་ག་ལ་སོགས་པ་ལ་སྔ་མཽ་ལྟར་བྲིས་ཏེ། རྒྱལ་མཚན་གྱི་རྩེ ་མོ་ལ་བཏགས་ནས་སྒྲུབ་པ་པོ་རྟ་ལ་སོགས་པ་ལ་ཞོན་ཏེ་གཡུལ་དུ་ཞུགས་པ་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པའི་རི་རབ་ཀྱིས་མནན་པར་བསམས་ལ། སྔགས་དེ་ཉིད་ཇི་ལྟ་བ་བཞིན་དུ་བཟླས་ན་དཔུང་བཅིང ་པར་འགྱུར་རོ།། གཞན་ཡང་ཤིང་ལོ་ལ་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཡང་ཞེས་བྱ་བ་ནི་སྔགས་དེ་ཉིད་ཀྱི་སྦྱོར་བ་གཞན་ནོ།། ཤིང་ལོ་ལ་སོ5། ཕྲེང་གཉིས་པའི་མཐར་བསྒྲུབ་པའི་མིང་གི་ཡིག ་དང་སྦལ་ཏེ་ཞེས་བྱ་བ་ནི་ཨཽ་དེ་བཱ་དདྷ་སྟཾ་བ་ཧྲི་དེ་བ་དཏྟ་ཧྲི་ཞེས་བྱ་བ་ལ་སོགས་པའམ། ཡང་ན་སྔགས་ཀྱི་ཡོ་གེ་རེ་རེའི་མཐའ་མར་བསྒྲུབ་བྱའི་མིང་གི་ཡི་གེ་རེ་རེར་སྤེལ་བ་སྟེ། ཨོཾ་ད་སྟཾ་བྷ་ཡ་ཞེས་བྱ་བ་ལ་སོགས་པར་སྦྱོར་རོ།། གལ་ཏེ ་ཡི་གེ་མི་མཉམ་པོར་གྱུར་ན་དེའི་ཚེ་ཐམས་ཅད་ཀྱི་མཐར་སྦྲེལ་བར་བྱ་སྟེ། ཨོཾ་རཏྣ་བཛྲ་བཛྲ་ཧྲི་དེ་བ་དཏྟེ་སྟཾ་བྷ་ནཱ་ཕཊ་ཅེས་བྱ་བ་སྤེལ་བར་བྱའོ།། བཅིངས་ལ་ཞེས་བྱ་བ་ནི་སྐུད་པ་སེར་པོས་བཅིངས་པའོ།། ཁམ་པོར་ཞེས་བྱ་བ་ནི་རྩ་བ་ནག ་བོར་མོ་མེད་པའོ།། བཤང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེ་དག་གིས་ནི་འདི་སྐད་དུ་སྔ་མ་ལྟར་བྲིས་པའི་ཤིང་ལོ་ལ་སོགས་པ་ཁམ་ཕོར་དུ་བཞག་སྟེ། ཆེ་གེ་མོ་བཅིངས་པར་བྱའོ་སྙམ་དུ་བློས་བསམས་ནསོ་ངའི་སྟེང་དུ་བཤད ་བ་བཏང་སྟེ། ལྕི་སྐམ་གྱི་ཐལ་བས་བཀང་ལ་ཁམ་ཕོར་གཞན་གྱིས་བཀའ་སྟེ། དབུགས་ཕྱིར་མི་འབྱིན་པར་ས་འོག་ཏུ་སྦས་ལ་སྲས་གཡོགས་ཏེ། འཐས་པར་བརྡུང་བར་བྱའོ་ཞེས་སྟོན་ཏོ།། གཞན་དུ་མ་ཡིན་ནོ་ཞེས་བྱ་བ་ནི་གདོན ་མི་ཟ་བར་འཆི་བའོ།། སྔགས་བཏུ་བ་གསུངས་པ། རཏྣ་བཛྲ་ཞེས་བྱ་བ་ལ་སོགས་པ་ལ་བཛྲ་ཞེས་བྱ་བ་ནི་མི་ཕྱེད་པའོ།། དེ་ནས་ཞེས་བྱ་བ་ནི་སྔོན་དུའོ།། དེ་བས་ན་རཏྣ་བཛྲའོ་སྔོན་དུ་མི་ཕྱེད་པའི་རང་བཞིན་གྱི་ཨོཾ་བརྗོད་པར་བྱའོ།། ཧྲི་དང ་ཕཊ་ནི་མཐར་སྦྱར་བ་ཞེས་བྱ་བ་ལ། ཨོཾ་རཏྣ་བཛྲ་བཛྲའི་མཐར་ནི་ཧྲི་ཡིན་ལ། དེའི་མཐར་ནི་མིང་དང་བསྐུལ་ཚིག་སྦྱར་ཞིང་དེའི་མཐར་ཕཊ་གདོན་ནོ།། ས་ནག་པོ་ཞེས་བྱ་བ་ལ་སོགས་པ་ལ། ཁ་བཅིངས་ཤིང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ་ལུས་ལ་སོགས་པ་ལ་ཡང་སྦྱར་རོ།། མཆོད་པ་ཞེས་བྱ་བ་ནི་བཅིང་བའི་ལས་ལ་ནི་མཆོད་པའི་ཡོ་བང་སེར་པོར་བས་ལ། དབང་གི་ལས་ལ་ནི་མཆོད་པའི་ཡོ་བྱད་དང་། གོས་ལ་སོགས་པ་དམར་པོར་བའོ།། ལྷག་མ་ནི་གོ་སླའོ།། དེ་དག ་གིས་ནི་འདི་སྐད་དུ་རང་གི་ལྷོའི་རྣལ་འབྱོར་གྱིས་གྲོགས་ལ་སོགས་པ་ལ་གོ་རོ་ཙ་ནས། ཨོཾ་ནོ་མོ་བྷ་ག་བ་ཏི་ཙ་མྲྀཎྜ་སུ་ཁ་མུ་ཁི་ཞེས་བྱ་བ་ལ་སོགས་པའི་སྔ་གོས་ཀྱི་ཚིག་དང་ཆེ་གེ་མོ་བི་ཤཾག་ཀུ་རུ་སྟཾ་བྷ་ནི་ཧི་ཞེས་བྱ་བའི་མིང་དང་བསྐུལ་ཚིག ་ཏུ་སྦྲེལ་བ་བྲིས་ཏེ། ཙ་མུཎྜའི་ཁར་བཅུག་ལ་སྔགས་དེ་ཉིད་བཟླས་ན་ཁ་བཅིངས་ཤིང་དབང་དུ་འགྱུར་རོ་ཞེས་སྟོན་ཏོ།། ཡང་དགུག་པ་གསུངས་པ། ཁམ་པོར་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བཟླསོ་ཞེས་བྱ་བ་ནི་ཨོཾ་ན་མོ་བྷ ་ག་བེ་ཏི་སུ་ཁ་མུ་ཁཱི་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ཏེ། འདིར་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་པས་བཟླ་བར་བྱའོ།། དེ་ཡང་གང་དང་གང་དུ་སྔགས་ཀྱི་ཆོ་ག་ལ་ལྷོའི་རྣལ་འབྱོར་མ་བསྟན་པ་དེ་དང་དང་རྡོ་རྗེ་ཧཱུཾ་མཛད་བསྒོམ་པར་བྱའོ། ་ཞེས་གསུངས་པའི་ཕྱིར་རོ།། བུད་མེད་དངོས་ཀྱི་ཞེས་བྱ་བ་ནི་ཐ་མལ་པའི་བུ་མོ་དངོས་ཀྱིའོ།། མཛུབ་ཡུས་ཀྱི་དུས་སུ་ཡང་སྔགས་དེ་ཉིད་བཟླའོ།། ལྷག་མ་ནི་གོ་སླའོ།། ནི་མཽ་པའི་ལོ་མ་ཞེས་བྱ་བ་ལ་སོགས་པ་ལ་རང་གི་ཁྲོག ་ཅེས་བྱ་བ་ནི་སྒྲུབ་པ་པོའི་སྲིན་ལག་གི་ཁྲུག་གོ།། རྒོངས་མོ་ཚངས་དུ་འགྲོ་ཁ་མ་ཞེས་བྱ་བ་ནི་ཕྱིར་མི་ལྡོག་པར་ཆུང་དུ་འགྲོ་བའི་དུས་སུའོ།། ལྷགུ་མ་ནི་གྷོ་སླའོ།། འདིས་ཀྱང་ནིམ་པའི་ལོ་མ་ལ་དུག་ལ་སོགས་པས། ་ཨོཾ་མུ་ནི་ཀ་སི་མུ་ནི་བ་སཽ་མུ་ནི་ཧ་ཏ་ལཾ་ག་ལེ་ཧི་བ་དེ་ཆེ་གེ་མོ་ཨུ་ཙ་ཌ་ཡ་སྭཱ་ཧཱ་ཞེས་སྦྲེལ་ཏེ་བྲིས་ལ་བག་ཟན་ལ་སོགས་པའི་ཆང་བུའི་ནང་དུ་བཅུག་ནས་སྔགས་དེ་ཉིད་ཟློས་ཤིང་། ཆང་བུ་བརྒྱ་རྩ་བདུན་བྱ་རོག་ཚང་དུ་འགྲོ་ཁ་མ་ལ་སྦྱིན་ཏེ། དེ ་ལྟར་ཉི་མ་བདུན་དུ་བྱས་ན་བསྐྲད་པར་འགྱུར་བ་སྟོན་ཏོ།། རྩིག་ངོས་ཞེས་བྱ་བ་ལ་སོགས་པ་ལ་ཡི་གེ་ཕ་བྲི་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་ལུགས་ལས་བཟློག་སྟེ་བྲི་བར་བྱའོ།། དབང་དུ་འགྱུར་ཞིང་བཙོང་བས་བཅིངས་པར་འགྱུར་རོ་ཞེས་བྱ་བ ་ལ། དབང་གིས་དང་བཅིས་པའི་ལས་སུ་འགྱུར་བ་དེ་ལ་ང་སྐད་ཅེས་བྱ་བ་སྟེ། གང་གི་ཞེ་ན། བཅིངས་པས་ཞེས་བྱ་བ་སྟེ། རྒྱུའི་དོན་གྱིས་གསུམ་པ་ཡིན་ནོ།། རོ་ཞེས་བྱ་བ་ནི་སྐབས་ཡོངས་སུ་རྫོགས་པའོ།། ལྷག་མ་ནི་གོ་སླའོ།། འདིའི་དོན་ནི ་རྩིག་ངོས་ལ་སོགས་པ་ལ་བླ་འམ་གུར་ཀུམ་ལ་སོགས་པའི་ཚོན་གྱིས་ཡི་གེ་ཀ་བྲིས་ལ། དེའི་ནང་དུ་ཝ་ཤི་ཀུ་རུ་སྟཾ་བྷི་ན་ཧི་བྱ་བ་དང་སྤེལ་བའི་བསྒྲུབ་བྱའི་མིང་བྲི་བའོ།། དེ་ནས་ཀའི་ཕྱི་རོལ་ཏུ་ཧ་བྲིས་ཏེ། ཧའི་ལྷོར་ཀ་བྲི་བའོ།། ཧ་ཡང་ཕའི་ནང་དུ ་བྲིའོ།། ཧ་དེའི་ཕྱི་རོལ་ཏུ་དབྱངས་ཀྱི་ཡི་གེས་འཁོར་བར་བྲིའོ།། དེ་ཐམས་ཅད་ཀྱང་ཐའི་ལྟོ་ཆུད་པར་བྲིས་ཏེ་ཅི་ཡང་རུང་བར་ཁ་བཅད་ལ་སྔགས་དེ་ཉིད་བསྐུལ་ཚིག་དང་བཅས་པར་བཟླའོ་ཞེས་བྱ་བ་འདི་ཡིན་ནོ།། ད་ནི་ཤི་བ་སོགསོ་བ་གསུངས་པ། ལྟེ ་པདྨ་ཞེས་བྱ་བ་ལ་སོགས་པ་ལ། འཛིའི་དོན་ནི་རྣམ་པར་སྣང་མཛད་དབ་སངས་རྒྱས་སྤྱན་གྱིས་རྣལ་འབྱོར་པས། སྙིང་བར་དཱ་དྭ་འདབ་བརྒྱད་ཀྱི་དབུས་སུ་དེའི་མིང་གི་སཱི་ག་འམ། ཡི་གེ་ཨ་དམར་པོ་བསྒོམས་ཏེ། སངས་རྒྱུས་སྤྱན་གྱི་སྔགས་ཀྱི་ཕྲ ་པས་བསྐོར་ལ། པདྨ་དེ་ཞགས་པས་བཅིངས་ནས་སྔགས་དེའི་འོད་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་བགྲོ་བར་བསྒོམ་ཞིང་སྤྱར་གྱི་སྔགས་དེ་ཉིང་བཟླས་པའི་ཚིག་འདིས་ནི་བདག་གམ་གཞན་འཚེ་བར་འགྱུར་རོ་ཞེས་པ་འདི་ཡིན་ནོ།། དེ་ཉིད་ཀྱི་ཁྱད་པར ་གསུངས་པ་ཨ་ནི་ཞེས་བྱ་བ་ལ་སོགས་པ་ལ་ཨ་ཉིད་སྲོག་ཡིན་ནོ་ཞེས་བྱ་བ་དང་སྦྱར་རོ།། ཕྱག་རྒྱ་ནི་ང་བསྲུང་བའི་ཕྱོག་རྒྱ་ནི་དེ་རྣམ་པར་སྣང་མཛད་དམ་སངས་རྒྱས་སྤྱན་གྱི་ཕྱག་རྒྱ་སྟེ། དེས་བཅིང་བར་བྱ་ཞེས་བྱ་བ་དང་སྦྱར་ཏེ། ཞགས་པའི ་ཚུལ་དུ་གྱུར་ནས་སྲོག་སྲོང་ལ་སོགས་ཞེས་བྱ་བ་ལ་སོགས་པས་ནི་ནད་མེད་པ་ལ་སོགས་པ་བསྡུའོ།། དེ་ཉིད་ཀྱི་སྦྱོར་པོ་གཞན་གསུངས་པ། རྡོ་རྗེའི་ཞེས་བྱ་བ་ལ་སོགསོ་པ་ནི་རྡོ་རྗེའི་ལྟེ་བ་ཞེས་བྱ་བ་ནི་རྡོ་ཛྷའི་ཆ་ཟུང་ངོ་།། ཁ་སྦྱར་བ་ཞེས་བྱ ་བ་ནི་སྲིང་ག་ཞེས་བྱ་བ་དང་སྦྱར་ཏེ། སྙིང་གའི་པདྨར་རྡོ་རྗེ་གཉིས་ཁ་སྦྱར་བའོ།། གངས་ཀྱི་སྡུག་འོང་ལྟ་བུ་ནི་འོད་དཀར་པོ་སྟེ་ཨ་དེ་ཡང་གཉིས་ཡིན་ནོ།། དེའི་མཐའ་ཞགས་པས་བཅིངས་པོ་ནི་རྡོ་རྗེ་གཉིས་ཀྱི་མཐའ་ཞགས་པས་བཅིང་བའོ།། ་འདིར་ཡང་ཨ་དང་རྡོ་རྗེའི་འོད་ཀྱིས་ལུས་ཐམས་ཅད་བཀྲུ་ཞིང་སྔ་མ་བཞིན་དུ་སྔགས་བརྗེད་པར་བྱའོ།། སྲུང་བ་ནི་སྲོག་སྲུང་བའོ།། དམ་པ་ནི་མཆོག་གོ།། སྦྱོར་བ་གཞན་གསུངས་པ་སྙིང་གའི་པདྨའི་ཞེས་བྱ་བ་ལ་འོ་མའི་རྒྱུན་ལྟ་བུའི་བདུང་རྩིའི་ཆུ་དྷན ་ཞེས་བྱ་བ་ནི་དེ་གཉིས་ཀ་ལས་བྱུང་བའོ།། འདིར་ཁྲུས་ཆབ་གསོལ་བ་ཞེས་བྱ་བ་ནི་ལུས་ཐམས་ཅད་དུའང་སྦྱར་རོ།། པདྨ་ཁ་སྦྱོར་ཞེས་བྱ་བ་ནི་ལྷ་འོག་གཞན་དག་ཏུའང་སྦྱར་བར་བྱའོ།། སྙིང་གར་དབང་བསྐུར་ཞིང་ཞེས་པ ་བ་ནི་སྙིང་གར་གནས་པའི་སངས་རྒྱས་སྤྱན་གྱི་སྔགས་ལས་རྣམ་པར་སྣང་མཛད་དང་། སྤྱན་ལ་སོགས་པའི་ཚོགས་ཕྱུང་སྟེ་བཀྲ་ཤིས་དང་བཅས་པས་དབང་བསྐུར་བའོ།། འདིའི་དོན་ནི་སྟོང་གར་པདྨའི་སྟེང་དུ་ཟླ་བ་ལ་ཡི་གེ་བ~ཾ་ཁ་ཐུར་དུ་བལྟོས ་པ་བཀང་ལ་པདྨ་གཞན་དང་ཁ་སྦྱར་ཏེ་བདུད་རྩི་དཀར་པོ་འཛག་པར་བསམས་མོ།། དེ་བཞོན་དུ་ལྟེ་བའི་པདྨའི་ཟླ་བ་ལ་ཡི་གེ་ཨ་ནས་ཀྱི་འབྲུ་ཙམ་བཀོད་ལ་པདྨ་གཞན་དང་ཁ་སྦྱར་ཏེ་དེ་དག་གི་བདུད་རྩིའི་འོད་ཀྱིས་བསྒྲུབ་བྱའི་ལུས་ཀྱི་ནང་ཐམས ་ཅང་བཀང་སྟེ། རྣམ་པར་སྣང་མཛོད་ལ་སོགས་པའི་ཚོགས་ཀྱི་དབང་བསྐུར་བས་བསམས་ལྔ། སྣ་མ་ལྟར་སྡིགས་བཟླ་བ་འདི་ཡིན་ནོ།། འཆི་བ་ཟླ་བ་གསུངས་ནས། སྦྱོར་བ་གཞན་བསྟན་པའི་ཕྱིར་ཤིང་ཏཱ་ལའི་ཞེས་བྱ་བ་ལ་སོགས་པ་གསུང ་ཏེ། ག་དང་ཨོཾ་ཁ་སྦྱར་བ་ཞེས་བྱ་བ་ནི་ཏ་ལའི་འདབ་མ་ལ་ཚར་མས་ཨོཾ་གི་མོ་སྟཾ་བྷ་ཧེ་ཨོ་ག་ཞེས་བྲི་བའོ།། བུམ་པ་ནི་བུམ་པ་ཁ་སྦྱར་བའོ།། སྤྲ་ཚིལ་ལ་སོགས་པས་ནི་ལི་ཆ་ལ་སོགས་པ་བསྡུ་བོའོ།། འདིར་བསྒྲུབ་པོར་བྱ་བ་བློ་ལ་བཞག་སྟེ། ་དབུས་ནང་དུ་བསྡམས་ནས་བཅིང་བའི་སྔགས་གང་ཡང་རུང་བ་ཟློས་ཤིག་མིང་གཙང་བའི་ནང་དུ་བཅུག་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ། ཡང་གསུངས་པ་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ཨ་ར་ཀ་ནི་ཉི་མའི་ཤིང་ངོ་།། ལོག་པ་བཞི་དང་ལྡན་པར ་བྱ་ཞེས་བྱ་བ་ལ། ཕྱག་མཚན་ལ་སོགས་པ་ནི་མུ་སྟེགས་ཅན་གྱི་གཞུང་ལས་འབྱུང་བ་ལྟར་རོ།། ས་བོན་ནི་ཡི་གེ་གཱའོ།། འགུགས་པ་ནི་ཡེ་ཤེས་སེམས་དཔའ་གཞུགས་པའོ།། དམ་ཚིག་སྦྱིན་པ་ནི་ཨརྐ་ལ་སོགས་པ་སྦྱིན་པའོ།། སྔོན་པོ ་ནི་པི་པི་ལའི་ངོ་།། སྨན་པ་ནི་བ་རུ་རའོ།། ཆུ་ནི་བ་ལི་ཀའོ།། ཁྱིམ་གྱི་ཆུ་ནི་རང་སྐྱུར་ཀཉྫའོ།། ལྷོར་བལྟ་བ་ནི་གཤིན་རྗེའི་ཕྱོགས་སུ་བལྟ་བའོ།། སྔགས་པ་ནི་འཆིང་བའི་སྔགས་ཟློས་པ་པོའོ།། ལྷག་མ་ནི་གོ་སླའོ།། སྟོབས་པོ་ཆེའི་སྔགས་ཀྱིས་བསྒྲེང ་པ་གསུངས་པ། དུར་ཁྲོད་ཀྱི་རས་ཞེས་བྱ་བ་ལ་སོགས་པ་ལ། ཨ་བ་དྷཱུ་ཏིའི་རས་ནི་ཟླ་མཚོན་འཛག་པའི་སྨད་དཀྲིས་སོ།། ཤ་ཟའི་ཤིང་ནི་ཨུ་དུམ་པར་འམ། ས་ཀོ་ཏ་ཀ་འམ་བ་རུ་ཏ་ཀའི་ཤིང་ངོ་།། རླུང་མཚམ་སུ་ཞེས་བྱ་བ་ལ་སོགས་པས་ནི་ལས་ཀྱི་བྱེ་བྲག་གི་ཕྱོགས་ཀྱི་ངེས ་པ་བསྟན་པ་ཡིན་ཏེ། བཅིང་བ་ལ་ནི་དབང་ལྡན་གྱི་མཚམ་སུ་སྦ་བར་བྱའོ།། དེ་ཉིད་ཀྱིས་གྲོ་ག་ལ་བསྒྲུབ་ན་ཆོ་ག་འདི་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུང་སོ།། ལུག་སུ་འབྱུང་བར་ཞེས་བྱ་བ་ནི་རིམ་བཞིན་དུ་བཟླ་བ་སྟེ། ཤུགས་ཀྱིས་ན་སྔར་བཟློག་སྟེ་བཟླས་པར་ཡང་བལྟའོ།། ལྡོང ་རོས་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལག་པ་གཡོན་པས་ལྡོང་རོས་ཀྱིས་གྲོ་ག་ལ་བསྒྲུབ་བྱའི་དཞུགས་བྲིས་ཏེ། དེར་ལྷག་པར་མོས་ནས་སྙིང་གར་དབང་དུ་བྱེད་པའི་སྔགས་མིང་དང་སྤེལ་བ་བྲིས་ལ་སྤྲ་ཚིལ་གྱི་ལོང་བུར་ཏིལ་མརཾ་རྩི་མར་གྱི་མར་མེ་ལ་གཟུགས་བརྙན ་བསྲོ་ཞིང་ངོས་གསུམ་དུ་སྔགས་བཟླས་ན་དབང་དུ་འགྱུར་རོ།། བསྒྲང་པ་གསུངས་པ། མཎྜལ་བྱུགས་ཏེ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་མི་འདི་ཀ་ཁ་མུ་ཁི་ཞེས་བྱ་བ་ལ་སོགས་པའོ།། དགུག་པ་གསུངས་པ་བསྒག་ནས་བསད་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་ནི ་འདིར་དགུག་པའི་དབང་དུ་བྱས་པའི་སྔགས་གང་ཡང་རུང་བ་སྟེ། ལྷག་མ་མི་གོ་སླའོ།། གྲོང་ཁྱེར་བརྟན་པར་བྱ་བ་གསུངས་པ། ཡང་ཞེས་བྱ་བ་ལ་སོགས་པ་ལ། བརྡར་རྡོ་ནི་རྡོའི་ཁྱད་པར་རྣོན་པོའོ།། རྫ་མཁནག་པོ་ནི་ས་ནག་པོའི་རྫས་མའོ།། རྒྱ་བཏབ་སྟེ་ཞེས་བྱ་བ ་ནི་དེའི་སྟེང་དུ་འཇིམ་པ་ནག་པོས་བཀབ་ལོ་དབང་དུ་བྱ་བའི་སྔགས་བཟླས་པའི་ལག་བརྒྱ་གདབ་པའོ།། སྟོང་རྩ་བརྒྱད་བཟླ་ཞེས་བྱ་བ་ནི་དབང་དུ་བྱེད་པ་ནི་དབང་དུ་བྱེད་པའི་སྔགས་སམ་གཞན་རྐང་པ་བརྒྱད་པའོ།། གྲོང་ཁྱེར་བ་བྲོས་པ་ཞེས་བྱ་བ་ལ་སོགས་པ་ལ། སྔགས་བཟླས་ན་ཞེས ་བྱ་བ་ནི་དགུག་པའི་ཧཱུཾ་མཛད་ཀྱི་སྔགས་སམ། རྐང་པ་བརྒྱད་པ་འམ། ཀ་ར་ཀ་ར་ལ་སོགས་པའོ།། བུ་རམ་ལ་བཟླས་ཏེ་ཞེས་བྱ་བ་ནི། ཨོཾ་ཨིན་དྲ་ཧ་ཞེས་བྱ་བའི་སྔགས་སམ་སྟོབས་པོ་ཆེའི་སྔགས་ལ་སོགས་པའོ།། རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ཞེས་བྱ་བ་ནི ་ལག་པ་ལ་གོས་པ་ཕྱིས་པ་ཡོན་གྱི་ལག་པས་བླངས་པ་ཙམ་ནི་མ་ཡིན་ནོ།། ཇི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་བརྒྱད་པའི་སྔགས་ཀྱིས་བྱ་བ་སྟེ། གེ་སླའོ།། ཉི་ཤུའི་ཕྱེད་ཀྱིས་རྫས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ ་ཡས་དང་། མི་བསྐྱོད་པ་ཞེས་གྲགས་པ་བཞི་པོ་རྡོ་རྗེའི་དྲི་མ་དང་བཅས་པ་ལྷ་དང་། གོ་ཀུ་ད་ཧ~ཾ་ན་ཞེས་བྱ་བར་གྲགས་པ་ལྔ་སྟེ་བཅུའོ།། ཁ་ཅིག་ནི་སྐྱུགས་པ་དང་བཅུའོ་ཞེས་ཟེར་རོ།། ཁ་ཅིག་ནི་གུར་ཀུམ་མོ།། འདིར་རྐང་པ་བརྒྱད་པའི་སྔགས་སམ། དབང་དུ་བྱེད ་པའི་སྔགས་བརྒྱ་རྩ་བརྒྱད་བཟླ་བར་བྱའོ།། མ་ལ་ཡ་སྐྱེས་ཞེས་བྱ་བ་ནི་ཙིནྡ་ནོ།། དམར་པོ་ཞེས་བྱ་བ་ནི་ཡང་གུར་ཀུམ་མོ།། ནད་ཀྱི་དབང་པོ་ན་རུ་ཏའོ།། འཚོང་བྱེད་ནི་ཡུང་བའོ།། ལྷག་མ་ནི་གོ་སླའོ། རྩ་སྔགས་ནི་ཀ་ར་ཀ་ར་ལ་སོགས་པའི་སྔགས་སོ།། དེ་ནི་འདི ་སྐད་དུ་རྩ་བའི་སྔགས་འབུམ་དུ་བཟླས་ན་སྔགས་གཞན་དག་གིས་ཀྱང་སྔར་མ་བཟླས་བཞིན་དུ་གྲུབ་པོ་ཞེས་སྟོན་ཏོ།། དེ་འོག་ལས་རྣམས་བརྩམ་པར་བྱ་ཞེས་པ་ནི་མ་བཟླས་བཞིན་དུ་ཡང་ཞེས་བྱ་བའི་ཚིག་གི་ལྷག་མའོ།། དེ་ཉིད་ཀྱིས་ན་གཞན་དུ་ཞེས་བྱ་བ་གསུང ་ཏེ། གཞན་དུ་ཞེས་བྱ་བ་ནི་སྔགས་ཀྱི་གཙོ་བོ་མ་བཟླས་པར་ལས་རྣམས་བརྩམས་ན་དངོས་གྲུབ་ཏུ་མི་འགྱུར་བས་དམ་པའི་ཆོས་ལ་བརྙས་པར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ཚད་མར་སྟོན་ཏེ། གཞན་དུ་ན་གནས་འཆད་པ་པོར་འགྱུར་རོ།། ལས ་ཐམས་ཅད་ནི་ཆར་དབབ་པ་ལ་སོགས་པའི་སྒྲུབ་ཐབས་ཀྱི་མཚན་ཉིད་དོ།། ཚོགས་ནི་རབ་ཏུ་རྒྱས་པའོ།། འབྱུང་བ་ནི་སྐྱེ་བ་སྟེ། དེ་རྣམས་གང་ནས་འབྱུང་བ་དེ་ལ་དེ་སྐད་ཅེས་བྱའོ།། ཞེས་བྱ་བ་ནི་གསལ་བར་བྱེད་པ་སྟེ། ཅི་ཞིག་ཅེ་ན། ཆོ་ག་སྟེ་ལས་རྣམས ་ཀྱི་སྔགས་ཀྱི་ཚོགས་སོ།། རྒྱས་པ་ནི་སྐུད་སྣ་ཚོགས་ཀྱི་ཉེ་བར་བཞག་པའི་དོན་དེ་སྨྱོན་པར་བྱེད་པའི་གཞུང་ཚིག་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ། བཞི་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་པའི་རྣམ ་པར་བཤད་པའོ།། ། ད་ནི་ཕྱག་བརྒྱད་པའི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་གྱི་ལོས་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ལེའུ་ལྔ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པས་ལ་དེ་ནས་ཞེས་བྱ་བ་ནི་གསལ་བར་བྱེད་རྣལ་འབྱོར་མ་ངེས ་པའི་ལས་རྒྱས་པ་བསྟན་པའི་འོག་ཏུའོ།། མཁའ་དབྱིངས་དབུས་གྱུར་པར་ཞེས་བྱ་བོ་ནི་སྔར་གསུངས་པའི་སྒྲུབ་ཐབས་ཀྱིས་རོམཾ་གྱིས་བསྐྱེད་པའི་ཁང་བུ་བརྩེགས་པའི་ནང་གི་ན་མཁའ་རོ།། ཉི་མའི་དཀྱིལ་འཁོར་ནི་རཾ་གྲུ་གསུམ་ལོས་བསྐྱེད་པའོ།། ཅི་འདྲ ་ཞེ་ན། དཔག་མེད་ཅིང་ཅེས་བྱ་བ་ལ་སོགས་པ་ལ་རིགས་ཀྱི་ཀླུའི་ཚོགས་སོ།། གང་གི་འོད་ཟེར་ཀླུའི་གཟུགས་ཀྱིས་ཕྱོགས་མཚམས་ཀྱི་ན་མཁའ་ཁྱབ་པར་འཕྲོ་བ་དེ་ལ་དེ་སྐད་ཅེས་བྱའོ།། འདིས་ནི་ཡི་དགུས་ཀྱི་སྟེང་དུ་ཉི་མའི་སྟན་ལ་ཨ་ལ ་སོགས་པ་དང་། ཀ་ལ་སོགས་པ་ཡོངསུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གཉིས་ཀྱི་སྟེང་དུ་རཾ་ལས་བྱུང་བའི་ཉི་མ་སྔར་བཤད་པའི་མཚན་ཉིད་ཅན་བལྟ་བར་བྱའོ་ཞེས་སྟོན་ཏོ།། རང་གི་ས་བོན་མཚན་མ་ནི་ཞེས་བྱ་བ་ནི་དར་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེའི་ལྟེ་བར ་དེ་ཉིད་ཀྱིས་མཚན་པའོ།། ཅི་འདྲ་ཞེ་ན། ཉི་མི་སྟོང་པས་ཞེས་བྱ་བ་ལ་སོགས་པ་སྟེ། འོད་ཟེར་རྣོན་པ་ཞེས་བྱ་བ་ནི་ཀླུ་རིགས་ལྡན་གྱིས་མཚན་པའི་རྡོ་རྗེའི་མཚན་མ་ལས་འཕྲོས་པའི་འོད་ཀྱི་ཚོགས་དེ་ཀླུ་དང་བཅས་པས་ན་རྣོན་པོའོ།། བདུད་སྡེ་ནི་ཉོན་མོངས་པའི་བདུད་དང ་ཕུང་པོའི་བདུད་ལ་སོགས་པའོ།། བསྲེགས་ནས་ཞ་བ་ལས་ནི་སྐུར་བཞེངས་སོ་ཞེས་བྱ་བ་དང་སྦྱར་ཏཽ། ཛི་ལཱ་ཤི་ན། དེ་བསྡུས་གོང་བུའི་སྦྱོར་བ་ཡིས་ཞེས་བྱ་བ་ལ་དེ་ན་དག་སྟེ་ཟླ་བ་ལ་སོགས་པའོ།། བསྡུས་པ་ནི་འོད་ཟེར་འཕྲོ་བ་བསྡུས་ནས་གཅིག་ཏུ་བྱས་པ ་སྟེ། ཟླ་བ་ལ་སོགས་པ་དེ་དག་འདུས་ཤིང་ཞུ་བ་ལས་གྱུར་པ་ནི་གང་བུའོ།། དེ་ཉིད་ནི་སྦྱོར་བ་སྟེ། རོ་གཅིག་ཏུ་གྱུར་པ་ཞེས་བྱ་བའི་དོན་ཏོ།། ཅི་འདྲ་ཞོ་ན། སྐུ་མདོག་ཅེས་བྱ་བ་ལ་སོགས་པ་སྟོན་ཏེ་གོ་སླའོ།། ཡང་ཅི་འདྲ་ཞེ་ན། ལྷག་གིར་བཞད་ཆེན་ཞེས་བྱ ་བ་ལ་སོགས་པ་སྟེ། ལྷག་གེར་བཞད་པ་ནི་ཧ་ཧར་བཞད་པའོ།། བཞད་པའི་ཚེམས་ཀྱི་འོད་ཀྱིས་བླ་རེ་གྱེན་དུ་འདོགས་པའི་ལྷ་མོའི་དཀྱིལ་འཁོར་དེ་ལ་ད་སྐད་ཅེས་བྱ་སྟེ། ལྷ་མོ་དེ་གང་དག་ཡིན་ཞེ་ན། ལྟུང་བྱེད་མ་ལ་སོགས་པའོ།། རྒྱུན་ཆགས་ནི་ལྷ་མོ་དོ ་དག་གཟུགས་གཞན་དང་གཞན་གྱིས་ཡུན་རིང་དུ་གནས་པའོ།། མཐའ་ནི་འཁོར་ལོའི་མཐའ་འམ་བླ་རེའི་མཐའ་སྟེ། དེར་གནས་པའི་ངང་ཚུལ་ཅན་གྱི་ལྷ་མོ་དེ་དག་ལ་དེ་སྐད་ཅེས་བྱའོ།། འདིས་ནི་བསྒོམ་པ་ལ་ཡང་རི་མོ་དང་འདྲ་བར་དཀྱིལ་འཁོར་ལ་བླ་ར ་བར་ཤེས་པར་བྱའོ།། ད་ནི་བཅོམ་ལྡན་འདས་ཀྱི་ཞལ་དང་མདོག་ལ་སོགས་པའི་ངེས་པ་གསུངས་པ། སླར་ཡང་འོད་ལྡན་ཕྱག་བཞི་ཞེས་བྱ་བ་ལ་སོགས་པ་ལ། ཕྱག་བཞི་དང་སླར་ཡང་བཞི་ཞེས་བྱ་བར་སྦྱར་ཏེ། དེ་ལྟར་ན་ཕྱག་བརྒྱ་དོ།། དེ་དག་ཀྱང་སྒྱུ་མ་ཆེན་མོས ་གང་གིས་མཐོང་ཀ་མཛེས་པར་བྱས་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྒྱུ་མ་ཆེན་མོ་ནི་སྔར་བསྟན་པའི་གཟུགས་ཅན་གྱི་རྡོ་རྗེ་མཁའ་འགྲོ་མའོ།། ཡོད་ན་སླར་ཡང་ཞེས་བྱ་བའི་སྒྲ་ནི་བཅོམ་ལྡན་འདས་ཀྱི་ཁྱད་པར་ལ་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཕྱག་བཞི་བཞིས་སྒྱུ་མ ་ཆེན་མོའི་མཐོང་ཀ་མཛེས་པར་བྱས་པའོ།། ཡང་ཅི་འདྲ་ཞེ་ན། རྒྱལ་བ་རྣམ་པར་གྲོལ་བའི་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་བ་རྣམ་པར་གྲོལ་བ་ཞེས་བྱ་བར་སྦྱར་རོ།། འདིར་རྒྱལ་བ་ནི་སྟག་གི་པགས་པ་སྟེ། ཛི་ན་བ་ར་དྷཱ་རཱ་ཡ་ཞེས་སྔོགས་ལ་ཟེར་བའི་ཕྱིར ་རོ།། དེ་ཉིད་དྲི་མ་སྟེ་དེ་ཉིད་འགྲོ་བ་ཡིན་པས་ན་དྲི་མ་དང་ཆོས་མཐུན་པའི་ཕྱིར་རོ།། མུ་ཏིག་ནི་གྲོལ་བ་སྟེ་རྣམ་པར་གྲོལ་བས་ན་གྲོལ་བའོ།། ཧ་རཱ་ནི་ཕྲོགས་པོ་སྟེ་དེ་དག་ནི་རྣམ་གྲངས་སོ།། དེ་ཅི་འདྲ་ཞེ་ན། རྒྱུན་ཞེས་བྱ་བ་སྟེ། ཆུ་བཾ་གདྷཱའི་རྒྱུན་ལྟར་དྲི་མ་མེད་ཅིང་དང ་ཁ་བ་མཆོག་གི་ཟེར་ཚོགས་འཁྲུ་ཞེས་བྱ་བ་ལ། ཁ་བ་མཆོག་གཟིར་ཚོགས་དང་འདྲ་བས་ན་ཁ་བ་མཆོག་གི་ཟེར་ཚོགས་ཏེ། མགོ་བོའི་སྟེང་ན་གནས་པའི་ཟླ་བ་ཚེས་པའོ།། འཁྲུ་བ་ནི་དེའི་འོད་ཆུ་ལྟར་བཽསིལ་བས་གསོལ་བའོ།། ཉིས་འགྱུར་ནི་འོད ་དེ་དང་ཧ་ཧར་བཞད་པའི་ཚེམས་ཀྱི་འོད་འདུས་པས་བསལ་བའོ།། ཡང་ན་ན་མཁའ་ལ་གནས་པའི་ཟླ་བ་དང་སྐར་མ་ལ་སོགས་པ་དང་། ཟླ་བ་དེ་ཉིད་ཉེ་བར་གྱུར་པས་འོད་ལྷག་པར་གསལ་བའོ།། ཡ་28། ཞབས་གནས་དང་ན་ལ་བཞུ ་བསྐྱོད་ཅེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་རི་བོ་ཆེན་པོའི་སྟེང་དུ་གར་མཛད་པས་རི་བོ་འཁྲིག་ཅིང་ལྡེག་ལ་དེས་ལྷ་མ་ཡིན་གྱི་གྲོང་ཁྱེར་གསུམ་བརྩེགས་ཀྱི་མཐའ་སྟེ། ཐེག་གཞིའི་བར་དུ་ཀུན་ཏུ་བསྟོད་ཅིང ་འཁྲུགས་པའོ།། རྣམ་པར་རྒྱལ་བ་ཞེས་བྱ་བ་ནི་གྲགས་པའོ།། རྒྱུན་ནི་གཅིག་ནས་གཅིག་ཏུ་འཇུག་པ་སྟེ། དེ་ལྟར་བསྐྱོད་པ་ངེས་གཅིག་ནས་གཅིག་ཏུ་ས་གསུམ་པོ་མཾ་ལུས་པར་གྲགས་པས་ཡོངསུ་གང་བར་འགྱུར་བའོ།། འབྱུང་འཇུག་དབུག ་ནི་ཞེས་བྱ་བ་ལ། བཅོམ་ལྡན་འདས་གར་མཛད་པའི་དབུགས་དབྱུང་བ་དང་རྔུབ་པའི་སྒྲའི་ཚོགས་གསུང་མཐོན་པོས་བཙམ་པས་ས་གསུམ་པོ་རབ་ཏུ་གཡོས་པ་དང་། ཁྱད་པར་ངེས་ས་གསུམ་གྱི་སྐྱེ་བོ་ཕ་རོལ་པོ་རྣམས་ཀྱི་དཔུང་གི་སེམས་ར ་ཏུ་གཡོངས་པའོ།། མཚོན་ཆ་སྣ་ཚོགས་འཕངས་པས་ཁྱབ་ཅིང་བྱ་བ་ནི་བཅོམ་ལྡན་འདས་ཀྱི་མཚོན་ཆ་འཕངས་པ་རྣམས་ཀྱིས་ན་མཁའ་ཁྱབ་པའོ།། ཡང་ན་མཚོན་ཆ་ལྟར་བཟོད་པ་དཀའ་བོས་ན་མཚོན་ཆ་སྟེ། བཅོམ་ལྡན་འདས་ཀྱི ་མཐུའོ།། ད་མི་ཞལ་གྱི་མདོག་གསུངས་པ། མུན་པའི་ཚོགས་ཀྱིས་གཏིབས་པ་བཞིན་ཞེས་བྱ་བ་ལ་སོགས་པ་ལ། གཏིབས་པ་ནི་གཙིགས་ཤིང་མཐུག་པའོ།། བཞིན་ཞེས་བྱ་བ་ནི་འདྲ་བ་སྟེ། ཅི་ཞིག་ཅེ་ན། ལྷའི་ཕྱོགས་ཞེས་བྱ་བ་དང ་སྦྱར་ཏེ། ཤར་ཕྱོགས་ཀྱི་ཞལ་ལོ་བཅོམ་ལྡན་འདས་ཀྱི་འོད་སྟེང་དུ་འཕྲོས་པ་གསུངས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། སྟེང་གི་ན་མཁའ་ལ་གནས་པས་ན་མཁའ་ན་གནས་པའི་ལྷ་རྣམས་ཏྭ་གནས་གཙང་མའི་བར་དུའོ།། འབྲུ ་པོའི་བདག་པོ་ནི་བདེ་བྱེད་དོ།། གྲིབ་མའི་མཐའ་ནི་འོད་ཀྱི་ཉེ་འཁོར་རོ།། རྐང་པ་ནི་ལྷ་རྣམས་ཀྱི་རྐང་པ་སྟེ། དེས་འོད་ཀྱི་ཉེ་འཁོར་དེར་ཉེ་བར་བཟོད་ཅིང་བཟོད་པར་མི་ནུས་པའི་ངང་ཚུལ་ཅན་དེ་ལ་དེ་སྐད་ཅེས་བྱ་སྟེ། རང་གི་ཚིག་ལ་ཏ་ལ་དང་ན་ངའི་རྐྱེན་ཅན་ཡིན་ནོ། ་ཁ་ཅིག་ན་རེ་རྐང་པ་ནི་བཅོམ་ལྡན་འདས་ཀྱི་རྐང་པ་སྟེ། དེའི་འོད་མུན་པའི་ཚོགས་ཀྱིས་གཏིབས་པ་བཞིན་ཞེས་བྱ་བ་དང་སྦྱར་རོ་ཞེས་ཟེར་རོ།། བཅོམ་ལྡན་འདས་ཀྱི་འོད་གླིང་བཞོར་འཕྲོས་པ་གསུངས་པ། བཀླགས་ཀྱི་ཚོགས་གཞན་སྒྲ་ཅན་དང་ཞེས་བྱ་བ་ལ ་སོགས་པ་ལ། སྒྲ་ཅན་ནི་སྐྱེ་བོ་གཡོན་ཅན་རྣམསོ།། ལྷ་ནི་ལྷའི་སྐྱེ་གནས་སུ་སྐྱེས་པ་རྣམ་སོ།། དཔག་ཚད་འབུམ་ནི་ཉེ་བར་མཚན་པ་སྟེ། དཔག་ཚད་འབུམ་ཕྲག་དུ་མ་གཟུང་བར་བྱའོ།། མཐའ་ནི་རྩེ་མོ་སྟེ་འོད་ཀྱི་ཕྱི་རོལ་གྱི་རྩེ་མོན།། ཕྱི་རོལ་ན་གནས་པདེ ་རྣམས་ཀྱིས་ཇི་ལྟར་མཐོང་ཞེ་ན། རྡུལ་ལམ་དུ་བ་ཞེས་བྱ་བ་ལ་སོགས་པ་ལ།། འོད་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཐག་རིང་པོ་ན་གནས་སུ་ཟིན་ཀྱང་འོད་དེ་ནི་རྡུལ་ལམ་དུ་བའི་ཚོགས་ལྟར་བལྟ་དཀའོ།། བདག་ཉིད་ཀྱང་ཅུང་ཟད་འོད་ཀྱི་ལུས་ཅན་ཏེ། ཁ་ཅིག་ཙམ ་ཅུང་ཟད་ལམ་དུ་སྣང་བའོ།། ཡོ་མེད་དེ་ནི་ལྷའི་ཕྱོགས་ཞེས་བྱ་བ་ལ་རང་གི་ལུས་དེ་རྣམས་རི་མོར་བྲིས་པོའི་ལུས་ལྟར་ཅུང་ཟད་ཙམ་སྣང་བས་ཡོད་པ་ཡིན་ལ། རིང་ན་གནས་སུ་ཟིན་ཀྱང་བཅོམ་ལྡན་འདས་ཀྱིས་འོད་ཀྱིས་འཛེགས་སྐྲག་ནས་བྱ་བ་རྣམས་ལ་རྨོངས་ཏེ ་བྱ་བ་བྱུང་མ་ནུས་པས་ན་མེད་པའོ།། ལྷའི་ཕྱོགས་ཞེས་བྱ་བ་ལ།། ཝཱ་ན་བརྒྱ་བྱིན་ལ་དེའི་ཕྱུགས་ནི་ཤར་གྲགས་ཏེ། བཅོམ་ལྡན་འདས་སྐྱེ་ནལ་ཤར་དུ་གཟིགས་པ་ངོ་ལ་ཡུལ་གྱི་མདོ་བཏགས་ནས་དེ་སྐད་ཅེས་བྱ་སྟེ། མུང་པ་ཚོགས་ཀྱིས་གཏངས། ་པ་དང་ཞེས་བྱ་བ་ལ་སོགས་པ་དང་འབྲེལ་ཏོ།། པདྨ་རཱ་ག་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ་ཤིན་ཏུ་དམར་བས་ན་པདྨ་རཱ་ག་ལྟ་བུ་སྟེ། འོད་ཟེར་གྱི་ཚོགས་ནི་ཕུང་པོའོ།། མ་ལུས་པས་ནི་ལུས་པ་མེད་པའི་ཚིག་གི་ཕྲང་ངོ་།། སྲེག་པ་སྙམ་སེམས་པ་ནི་བཅོམ་ལྡན ་འདས་ཀྱི་འོད་ཀྱི་འདྲ་བ་དེ་མེ་ལྟར་བལྟ་དཀའ་བའི་ཕྱིར་རོ།། སྤུངས་པོ་ནི་མང་པོ་གཅིག་ཏུ་སྤངས་པའོ།། རིགས་གསུམ་ནི་ས་གསུམ་མོ།། བྱུང་བ་ནི་སྐྱེས་པ་སྟེ། ཀུན་ནས་ལྷགས་པ་ནི་འདུས་པའོ།། ངོ་མཚར་དུ་གྱུར་པ་ནི་རྨད་དུ་གྱུར་པའོ།། ཅིའི་ཕྱིར་ཞེ་ན་འོད ་གཟུགས་དེས་ནི་ཞེས་བྱ་བ་ལ་སོགས་པ་ལ། འོད་ཉིད་གཟུགས་དེ་དག་ལ་འཇུག་པར་བྱེད་ཕྱིར་རོ།། ཉི་མ་སྟོང་པས་ལྷག་པ་ནི་འོད་དེ་ཉིད་ཀྱི་ཁྱད་པའོ།། དེས་སད་ཅིང་རྟོགས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། ཕཊ་སྒྲ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བཅོམ ་ལྡན་འདས་ཀྱི་ཞལ་ནས་བྱུང་བའི་འོད་མ་ལྕེ་ལྟར་སྲེག་པ་གང་ལ་ཕཊ་དང་འདྲ་བའི་སྒོ་ཆེན་པོ་བསྒྱིངས་ཤིང་མང་པོར་གྲགས་པས་སྐྲག་པོར་བྱེད་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གཡས་ཞལ་ནི་གཽཡས་ཀྱི་ཕྱོགས་ཀྱི་ཞལ་ལོ།། ཁ་བའི་སྙིང་པོ་ནི་སེར ་བསྟེ་སྤུངས་པ་ནི་ཚོགས་སོ།། ཤེལ་དང་བཻཌཱུན་རྡོ་ཞེས་བྱ་བ་ནི་ཤེལ་རྡོ་སྟེ་རྙོག་པ་མེད་པ་ནི་འོད་ངོ་ཤིར་ཏུ་གསལ་བའི་ཕྱིར་རོ།། གདེངས་ཀའི་བར་ཞེས་བྱ་བ་ནི་འོག་ན་གནས་པའི་ཀླུ་ཡུལ་གྱི་བར་དུ་གསལ་བར་བྱས་པའོ།། དེ་ཅི་འདྲ་ཞེ་ན། དཔེ་གསུངས་པ ་རང་གི་ཆུ་རྒྱུན་འབའ་ཞིག་པ་བཞིན་ཏེ། འོ་མའི་ཚོགས་ཀྱི་ཆུ་རྒྱུན་ལྟར་དྲི་མ་མེད་པའོ།། དེ་ཉིད་ནི་རྒྱལ་བ་སྟེ་མ་ལུས་པའི་བདུད་ལས་རྒྱལ་བའི་ཕྱིར་རོ།། རིགས་ནི་ཁྲོ་བོའོ།། ཀུན་ནི་ཚོགས་སོ།། གསལ་བ་ནི་འཕྲོ་བའོ།། ནུབ་ཅེས་བྱ་བ་ནི་ཞལ་དུ་ཤེས་པར་བྱའོ།། འདིར ་ཡང་མུན་པའི་ཚོགས་ནི་གཏིབས་པ་བཞིན་ཞེས་བྱ་བ་དང་སྦྱར་རོ།། གསེར་བཙོས་འདྲ་ཞེས་བྱ་བ་ནི་ཤིན་ཏུ་སེར་པོར་སྟོན་ཏོ།། མེ་འབར་སོལ་བ་ཞེས་བྱ་བ་ནི་ལྕགས་ཀྱི་སེའུ་ཁ་འཚོད་པར་བྱེད་པའི་སོལ་བའི་ཕུང་པོའོ།། ཉི་མ་འཆར་ཀའི་འོད་འདྲ་བ་ཞེས་བྱ་བ་ལ ་ཆར་ཀ་ནི་གསར་དུ་འཆར་བ་སྟེ། ཇི་ལྟར་ཉི་མ་གཞོན་ནུ་འཆར་བའི་འོད་རྣོ་ཞིང་ཤིན་ཏུ་སེར་བ་ལྟ་བུའི་མདངས་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གཟུགས་ཞེས་བྱ་བ་ལ་གནས་གསལ་ཞིང་བཀྲ་བས་ན་གཟུགས་ཏེ་དྲག་པོ་ཆེན་པོར་སྟོན་པའི་ཕྱིར་རོ།། སྐར་མདའི ་འོང་ལྟར་ལྡིང་ཞིང་འཁྲུགས་ཅེས་བྱ་བ་ནི་ཇི་ལྟར་སྐར་མདའ་ཐང་ལ་བབྱས་པའི་འོད་མང་དུ་འཕྲོ་ཞིང་འཚེར་བ་ལྟར་ཤིན་ཏུ་འཁྲུག་ཅིང་པོ་ལྟ་དཀལེ། གཟུང་བར་དཀའ་བ་ནི་མེ་ལྕེ་ལྟ་བུ་ཡིན་པའི་ཕྱིར་ཏེ། འདི་ལྟར་འཇིག་པའི་དུས་མེ་ལྕེ་གཅིག་ཏུ་འཁྱིལ་བ་ལྟར ་གཟུགས་གཟུང་བར་དཀའ་བའོ།། དེ་ལྟ་བུའི་ཞལ་བཞི་དང་ལྡན་པའི་བཅོམ་ལྡན་འདས་གང་ན་བཞུགས་ཤེ་ན། དཔག་ཚད་ཅེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་མངའ་ནི་རྡོ་རྗེའི་ཚོགས་སོ།། དྲ་བ་ཆེན་པོ་ནི་ཕྱིར་ཆེན་པོའོ།། བཅིངས་པ་ནི་བསྐོར་བ་སྟེ་དོན ་བཞུགས་པའོ།། འཁོར་ལོ་ནི་ལྷའི་ཁྱང་པར་ཏེ་གང་ཞེ་ན། ཁྭ་གདོང་མ་ལ་སོགས་པའོ།། ཅི་འདྲ་ཞེ་ན། སོ་སོའི་བ་སྤུ་རེ་རེའི་ཁོང་ནས་ཀྱང་ཞེས་བྱ་བ་ལ། དེ་དག་རེ་རེའི་པ་སྤུའི་ཁུང་ནས་ཏེ། བ་སྤུའི་བུ་ག་དང་སྙིང་པོ་ལས་རི་རབ་ཀྱི་རྡུལ་དང་མཚུངས་པའི་མཁའ་འགྲོ ་མའ་འཁར་ལ་འདྲ་བ་ཡོད་པ་ལ། སྨྲ་བ་མ་འུག་སན་ནས་རླུ་རྫ་གསུམ་གྱི་རང་བཞིན་རྣམས་ཏེ། དེ་དག་གིས་བློའི་བྱེ་བྲག་བཞིན་དུ་ནས་ཉིད་རྟགས་པར་མཛད་པ།། ད་ལ་རྫོགས་མ་ནི་སྨྲ་ལ་སོགས་པ་སྟེ། རྣམས་ཀྱི་རང་བཞིན་མརང ་བཞིན་མེད་པ་སྟེ། ན་མཁའ་འགྲོ་གསལ་མཛད་ཅེས་བྱ་བ་ནི་ན་མཁའ་ལྟར་འོད་གསལ་བར་སྟོན་ཏོ།། དེ་ཡང་གསུངས་པ། སྐུ་མི་འགྱུར་བ་མ་སྐྱེས་པ། གསུངས་དང་ཐུགས་ཀྱང་མཚན་མ་མེད།། ནཱ་མཁའི་རྡོ་རྗེ་རྟོག་ལས་བྱུང་། ལོག་པར་གཟུང་བས་ཟོན་པ ་ཡིན་ཞེས་སོ།། ད་ལྟར་སྔགས་པས་རྣམ་པར་བྱ་ཞེས་བྱ་བ་ནི་སྔགས་པས་ཆོས་ཉིད་དེ་ལྟ་བུ་བསམས་ནས་འོག་ནས་འབྱུང་བའི་སྒྲུབ་ཐབས་ཀྱི་རིམ་གྱིས་བསྒྲུབ་པར་བྱ་བའི་དོན་ཏོ།། མཁའ་འགྲོ་ཉི་ཤུ་བཞི་ཕྱེད་བསྐོར་ཞེས་བྱ་བ་ནི་བཅུ་གཉིས་ཀྱིས་བསྐོར ་བ་སྟེ། འདི་ལྟར་པདྨ་འདབ་བརྒྱད་ཀྱི་དབུས་སུ་ནི་བཅོམ་ལྡན་འདས་སོ།། འདབ་མ་རྣམས་ལ་ནི་ལྟུང་བྱེད་ལ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ།། དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོ་རྣམ་སོ་ནི་ཁྭ་གདོང་མ་ལོ་སོགས་པའོ།། དབང་ལྡན་ལ ་སོགས་པའི་མཚམས་རྣམསུ་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་སྟེ། དེ་དག་གི་མདོག་དང་མཚན་མོ་ལ་སོགས་པ་ནི་འོག་ནས་སྟོན་ཏེ།། དེ་ཤར་ཕྱོགས་པའི་སྒོ་རྣམས་དང་དབང་ལྡན་ལ་སོགས་པའི་མཚམས་རྣམསུ་མཐའ་ཡས་ལ་སོགས་པ་ཀླུ་བརྒྱད ་སྔར་བསྟན་པའི་གཟུགས་ཅན་རྣམས་ཁ་གདོང་མ་ལ་སོགས་པ་རྣམས་ཀྱི་གདན་དུ་བལྟ་བར་བྱའོ།། ལྷག་མ་ནི་གོ་སླའོ།། དེ་ལྟར་བསམ་གངན་སྔོན་དུ་འགྲོ་བས། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་ནི་ཇི་སྐད་བསྟན་པ་བཞིན་དུ་འགྱུར་རོ།། ་ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ་གཞན་ཏེ། རྟ་བླ་མོ་ཞེས་བྱ་བ་ནི་སྲོག་ཆགས་ཀྱི་ཁྱད་པར་གང་དཀྱུས་རིང་ཞིང་མདོག་དམར་བ་རྐང་པ་མང་བ་ཞིག་གོ།། དེ་ཡང་ཁ་ན་མ་ཐོ་བ་མེད་པར་རྙེད་པ་དེ་འདིར་གཟུང་ངོ་།། རས་ཀྱིས་གཡོགས་ཏེ་བཏགས ་ས་བྱ་བ་ལྀ། རས་ཀྱིས་གཡོགས་པ་ནི་བསྐམས་པའི་དོན་དེ། རསཽ་ཀྱིས་གཡོགས་ནས་བསྐམས་ལ་བཏགས་པའོ།། ལི་ཁྲི་དང་བསྲེས་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རྙེད་པའི་ལི་ཁྲི་དང་ལྷན་ཅིག་དུ་བྱས་ཏེ་ཀླུའི་གཟུགས་བྱ་བའོ།། ཀླུའི་གཟུགས ་དེ་ཡང་ཟླ་བའི་གོ་རིམ་དང་རྗེ་སུ་མཐུན་པའི་གཟུགས་བྱས་ཏེ་དེ་ཡང་གསུངས་པ། དབྱར་ཟླ་ཐ་ཆུང་སྟོབས་ཀྱིས་རྒྱུ།། སྟོན་ཟླ་ར་བ་དུང་སྐྱོང་སྟེ། སྟོན་ཟླ་འབྲིང་ལ་འཇོག་པོ་ཡིན།། སྟོན་ཟླ་ཐ་ཆུང་ནོར་རྒྱས་བུ་ཞེས་བྱ་བ་ལ་སོགས་པ་གཞན་ཡང་རིམ་པ ་བཞིན་དུ་སོ་སོར་འབེབས་པར་བྱེད་པ་ཡིན་ནོ།། དེའི་ཁོང་པ་ནཱི་གནས་ཏེ་ཚོན་སྣ་ལྔས་རྟ་བབས་མེད་པར་གྲུ་བཞི་ལི་སོགས་པར་བྲི་བའོ།། དེ་ཡང་མཚོན་རྩི་རྣམས་ཀླུའི་མདོག་དང་རྗེ་སུ་མཐུན་པར་དགྱེ་བའོ།། ཉའི་གདོང་པ་ཞེས་བྱ་བ་ནི་རོ་ཧི་ཏའི་གདོང་པའོ།། ་རས་ཁ་དོག་སྣ་ཚོགས་པས་གཡོགས་ཞེས་བྱ་བ་ནི་དུས་ཀྱི་རྗེ་སུ་འབྲང་བའི་ཀླུའི་ཁ་དོག་བཞིན་དུ་གོས་ཀྱི་ཁ་དོག་ཐ་དད་པར་བྱའོ།། སྔགས་ཞེས་བྱ་བ་ནི་ཀ་ར་ཀ་རཱ་ལ་སོགས་པའི་སྔགས་སོ།། འདོད་པ་ཐམས་ཅད་པའི་གཏོ་མ་ཞེས་བྱ་བ་ལ། གཟུགས ་དང་སྒྲ་ལ་སོགས་པའི་འདོད་པ་ཐམས་ཅད་ཀྱིས་བརྒྱན་པའི་གཏོར་མ་སྟེ། དེ་ལ་གར་ལ་སོགས་པ་ནི་གཟུགས་སོ།། གླུ་ལ་སོགས་པ་ནི་སྒྲའོ།། སྤོས་ལ་སོགས་པ་ནི་དྲིའོ།། འོ་མ་ལ་སོགས་པ་ནི་རོའོ།། གོས་དང་བ་དན་ལ་སོགས་པ་ནི་རེགོ་བྱ་སྟེ། དེ་དག ་ཀྱང་སྔགས་སུ་མྱ་ཉིད་དང་། ཨོཾ་ནཱ་ཕཊ་ཅེས་བྱ་བས་སྦྱར་ན།། རིག་པ་འཛིན་པ་ཞེས་བྱ་བ་ལ། དག་པ་ན་ཀ་ར་ཀུ་རཱ་ལ་སོགས་པ་དང་། རྐང་པ་བརྒྱད་པའི་སྔགས་ཏེ། ད་མང་དུ་ཟློས་པའི་སྒྲུབ་པ་པོ་ནི་རིག་པ་འཛིན་པའོ།། ས་ཕྱོགས ་ཞེས་བྱ་བ་ནི་ཀླུའི་གནས་ཀྱི་ཉེ་འཁོར་རོ།། ཡང་ན་རང་གི་གནས་ཀྱི་ཉེ་འཁོར་ཏེ། དེ་རླུང་ལ་སོགས་པསོ་བཟློག་པའོ།། ལྷག་མ་ནི་གོ་སླའོ།། སྦྱོར་བ་གཞན་གསུངས་པ། ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ལ་དགྲ་ཐམས་ཅད་ནི་ཉེ་བ་ལ་སྩོགས་པ་རྣམས་སོ།། ་འཁྲ་ནཽ་ཟླ་ནི་སྲིད་དམ་ནོར་གཅིག་ལ་རྟོག་པ་རྣམས་སོ།། སྣང་བའི་གྲོགས་པ་ནི་མཛའ་བ་ཤེས་ལ་སྡང་བ་རྣམས་སོ།། སྡང་བའི་ཕྱོགས་བྱེད་པ་ནི་དགྲ་བོའི་མཛའ་བཤེས་སོ།། ལྷག་མ་ནི་གོ་སླའོ།། རྟ་བླ་མེ་དེ་ཉིད་ཅེས་བྱ་བ་ནི་གྲིཥྚི་མ་ལ་བསྐམ་ཞིང་ལི ་ཁྲི་དང་བཅས་པ་དེ་ཉིད་དོ།། ཁ་ཙི་པ་ནཱ་རེ་ནི་ཀླུའི་རྟ་བླ་མོ་དེ་ཉིད་དོ་ཞེས་ཟེར་རོ།། ཐལ་བ་དང་བསྒོ་ཞེས་བྱ་བ་ལ་བསྒོ་བ་ནི་དུག། དང་ནིམ་པའི་ལ་མཱའི་ཁུ་བ་ལ་སོགས་པས་བསྒོ་བའོ།། སྐྱེས་པ་འམྦི་བུད་མེད་ཀྱིས་ཞེས་བྱ་བ་ནི་གཉིས་པའི་དོན་གྱིས་དྲུག ་ཡིན་ནོ།། ཁྲེ་བོ་ཆེན་པོའི་སྔགས་ནི་ཀ་ཀཱར་ཡ~ཾ་སོགས་པ་དང་། རྐང་པ་བརྒྱང་པའི་སྔགས་ཏེ་བོསྲུད་པ་ལ་སོགས་པ་དང་། སྤེལ་བ་ནི་ཇི་སྙེད་སྨོས་པ་བཞིན་དུ་འགྱུར་རོ།། རིག་པ་འཛིན་པ་ནི་རྣལ་འབྱོར་པའོ།། བནྡྷ་རྔ་བརྒྱད་བཟླས་པས ་ཞེས་བྱ་བ་ནི་སྔགས་དེ་ཉིད་དོ།། བྲག་ན་རེང་གི་སྲིན་ལག་གི་ཁྲག་གོ།། ལྷག་མ་ནི་གོ་སླའོ་ཞེས་བྱ་བ་ནི་རིམ་པ་ངེས་སོ།། ཀླུ་ཐམས་ཅད་དལུག་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ་བསད་པ་ལ་སོགས་པ་ནི་ཡང་ངོ་།། ཆོ་ག་རྒྱས་པ་ནི་བྱ ་བསྤྲོས་པའོ།། དོན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་བྱེད་ཕེ་བས་ཏེ་ལྔ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ལྔ་པའི་རྣམ་པར་བཤད་པའོ།། །། ད་ནི་གླུའི་སྔགས་བཏུབ་ལ ་སོགས་པ་བསྟན་པའི་ཕྱིར་ལེའུ་དྲུག་པ་གསུངས་པ། དེ་ནས་ཞེས་བྱ་བོ་ལོ་སོགས་པ་ལ་གླུའི་སྔགས་ཞེས་བྱ་བ་ནི། གླུའི་ཚུལ་གྱིས་བསྟན་པའི་སྔགས་ཏེ། སྔགས་གླུར་བླངས་པའོ།། སྒྲ་ཆེན་པོས་བཤད་དུ་སྩོལ་ཞེས་སྦྱར་ཏེ། གསལ་བར་བསྟན ་དུ་གསོལ་ཞེས་བྱ་བའི་བར་དུའོ།། གཤིན་རྗེ་མཆེ་བ་ཅན་མ་ཉིད་ཅེས་བྱ་བ་ལ་སོགས་པ་འདི་དག་ནི་རྐང་པ་གསུམ་པའི་ཚིགསསུ་བཅད་པའོ།། གཤིན་རྗེ་ནི་གཤིན་རྗེའི་དགྲ་སྟེ་དེའི་ནང་ནས་མཆེ་བ་ཅན་མ་ནི་ས་ཅན་གྱི་སའོ།། རུ་སྦལ་ནི་ཨུ་སྟེ། ་དེའི་སྟནཱ་ལྔ་བཞུགས་པར་ས་བཟུང་སྟེ། བསྡུས་པ་ན་སུ་ཞེས་བྱ་བར་འགྱུརརོ།། དབུ་མ་ཡིན་ཐ་མ་ཉིད་ཅེས་བྱ་བ་ལ། དབུ་མ་ནི་པའི་སྡེ་ཚན་ནོ།། དེའི་མཐའ་མ་ནི་མ་སྟེ་དམིགས་ཀྱིས་དགར་པའི་དྲུག་པ་ཡིན་ནོ།། བཞི་པ་ནི་སྡེ་ཚན་དབུ་མའི་བཞི ་པ་སྟེ་ཡི་གེ་བྷྱོའོ།། གནས་པ་ནི་དེའི་སྟང་དྲིན་གནས་པཱ་སྟེ་ཡོ་གེ་མའོ།། བསྡུས་པས་ཨཱ་བྷ་ཞེས་བྱ་བར་འགྱུར་རོ།། གཤིན་རྗེའི་ཕྱོགས་ནཱི་རྟའི་སྡེ་ཚན་ནོ།། མཐར་གནས་པ་ནི་དེའི་མཐར་གནས་པ་སྟེ་ནའོ།། བཟང་པོ་ཡི་ནི་སྟེང་དུ་བརྒྱན་ཞེས ་བ་ལཾ། སྟེང་དུ་ན་དེའི་སྟེང་དུ་སྟེ། དེར་བཟང་པོ་ཞེས་བྱ་བ་ཨིས་བརྒྱན་པའོ།། བསྡུས་པས་ནི་ཞེས་བྱ་བར་འགྱུར་རོ།། གཤིན་རྗེ་མཚོ་བ་ཅན་ནི་སའོ།། རུས་སྦལ་ཞེས་བྱ་བ་ཐ་མལ་པའི་སྐད་ལ་ནི་ཐུང་ངུ་ཡིན་ལ། ལེགས་པར་སྦྱར་བས་ནི་རིང་པོ་ཡོན ་བསྡུས་པས་སྨྲ་ཞེས་བྱ་བར་འགྱུར་རོ།། ཨམཱ་པ་ཞེས་པ་བརྗོད་ཚིག་དང་ལྡམ་ཞེས་བྱུ་ལ། ཨ་ན་མཐུན་པའི་ཤུགས་ཏེ་དོན་མེད་པའ།། བརྗོད་པ་ཉིད་ཚིག་སྟེ། ད་དང་ཡང་དག་པར་ལྡན་པའི་སྔགས་སོ།། ་གཤིན་རྗེའི་མཆེ་བྱ་ནི་ཨོཾ་དའི་ཚིག་དང་ལྡན་པའི་རུས་སྦལ་གྱིས་བརྒྱན་ཞེས་བྱ་བར་སྦྱར་ཏེ། འདིར་དྲུག་པོ་ནི་མངོན་པ་ཡིན་ནོ།། དེ་ཡང་ཀ་ག་ཙ་ཛ་པཱ་བ་ལ་རྐྱེན་ནི་གསལ་བར་མ་ཡིན་ནོ་ཞེས་མདོ་ལས་གསུངས་པ་བེ་ཞིན་ནོ།། དང་པ ་དང་པོ་བ་སྱཱ་ཡི་གེ་ཨོཾ་ལ་བྱའོ།། དེ་ཡང་མི་མངོན་པ་ཡིན་ནོ།། མགོན་པོ་ནི་ཏིའོ།། རི་མོ་དང་རྩེས་བརྒྱན་ཞེས་བྱ་བ་ལ། རི་མོ་ནི་ཟླ་བ་ཚེས་པའི་རི་མོའོ།། རྩེ་མོ་ནི་ཐིག་ལེ་སྟེ། དེ་དགྲ་གིས་ཧ་ལ་བརྒྱན་པའོ།། བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ།། ་ལན་གཉིས་བསྒྱུར་བར་བྱེ་ཞེས་བྱ་བར་ལན་གཉིསུ་བརྗོད་པའོ།། མགོན་པོ་ཞེས་བྱ་བ་ནི་སྔགས་ཏེ་སྐྱེས་བུ་མཆོག་གི་དོན་བྱེད་པའི་ཕྱིར་རོ།། ཕ་ན་ཞེས་བྱ་བ་ནི་ཐ་མལ་པའི་སྐད་དེ། ལེགས་པར་སྦྱར་ཕཊ་ཅེས་བྱ་བ་ཡིན་ནོ།། ཚིག་ལ ་འབར་ཞེས་བྱ་བ་ནི་ཚིག་དེས་གསལ་བར་བྱས་པའོ།། ཐམས་ཅད་བསྡུས་པས་ཨོཾ་སུམྦྷ་ནི་སུམྦྷ་ཧཱུ~ཾ་ཧཱུ~ཾ་ཕཊ་ཕཊ་ཅེས་བྱ་བ་སྟེ། སྔགས་འདིའི་ཕན་ཡོན་རྒྱུད་གཞན་ལས་གསུངས་ཏེ། འདིར་ཡང་ཤིན་ཏུ་བཟློས་ན་གསོད་པ་ལ་སོགས ་པའི་ལས་བྱེད་པར་བལྟའོ།། ཁྭ་གདོང་མ་ཡི་སྔགས་གསུངས་པ། ཀ་ཀིཾ་ཞེས་བྱ་བ་ནི་ཆོ་གཽ་ལ་སོ་གོས་པ་ལ་རི་སའི་ཞེས་བྱ་བ་དང་། ཛ་ཧི་ཞེས་བྱ་བ་དང་། སན་ཐི་ཡ་ཞེས་བྱ་བ་རྣམས་མ་གཏོགས་པར་ལྷག་མ་ནི་སྔགས་ཏེ། དུས ་གསུམ་དུ་བཟླས་བརྗོད་མང་དུ་བྱས་ནས་བསྒྲུབ་པར་བྱ་བ་ལ་བློས་དམིགས་ཏེ་གཏོར་མ་བྱིན་ན་བསད་པ་དང་བསྐྲད་པ་ལ་སོགས་པར་འགྱུར་རོ།། རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོ་གསུངས་པ་འབུགས་པ་ལ་ནི་ཞེས་བྱ་བ་ལ། དབུགས་བྱེད་ནི་ཨོའོ།། ་སའི་དབང་ཕྱུག་ནི་ཐིག་ལེའོ།། ཟླ་བའི་དུམ་བུ་ནི་ཟླ་བ་ཚེས་པའོ།། འབུགས་བྱེད་ལ་དེ་དག་གིས་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ་བསྡུས་པས་ཨོཾ་ཞེས་བྱའོ།། སླར་ཡང་དབུ་མ་གཟུང་ཞེས་བྱ་བ་ལ། དབུ་མའི་པའི་སྡེ་ཚན་ཏ་དེའི་ད་བུ་མ་ཡི་ག་བ་གཟུང་ངོ་།། བྱང ་ཕྱོགས་ཀྱི་ནྀ་དབུ་མ་ཞེས་བྱ་བ་ལ། བྱང་ཕྱོགས་ནི་ཙའི་སྡེ་ཚན་དེའི་དབུ་མོ་ནི་ཛའོ།། ཞབས་ཀྱི་པདྨ་ཉི་མར་ལྡན་ཞེས་བྱ་བ་ལ། ཉི་མ་ནི་ར་སྟེ་ཞབས་ཀྱི་པདྨ་ཞེས་བྱ་བ་ཛའི་འོག་གི་ཆ་དོང་སྦྱར་བ་དེ་ལ་དེ་སྐད་ཅེས་བྱའོ།། བསྡུས་པས་བཛྲ་ཞེས་བྱ་བར་འགྱུར།། ་བདེན་བྲལ་ལ་ནི་སྨེ་བས་བརྒྱན་ཞེས་བྱ་བ་ལ། བདེན་བྲལ་ན་གནས་པས་ན་བདེན་བྲལ་ཏེ་ཡི་གེ་ཝའོ།། སྨེ་བ་ནི་ཡི་གཽ་ཨེ་སྟེ། བརྒྱན་པ་ནི་མཚན་མས་མཛེས་པར་བྱའོ།། བསྡུས་པས་ཝཾ་ཞེས་བྱ་བར་འགྱུར་རོ།། འབར་བ་འབུགས་པས་རྣམ་པར་ཀླུབ ་ཞེས་བྱ་བ་ལ་འབར་བ་ནི་རའོ།། འབུགས་པ་ནི་ཨོ་སྟེ་རོ་ཞེས་བྱ་བར་འགྱུར་རོ།། བྱང་ཕྱོགས་གྲགས་པའི་དང་པོ་དང་ཞེས་བྱ་བ་ལ། བྱང་ཕྱོགས་ཀྱི་སྡེ་ཚུན་དུ་གྲགས་བྱ་སྟེ། ཙའི་སྡེ་ཚན་ཡིན་ལ་དེའི་དང་པོ་ཙ་ཉིད་གཟུང་ངོ་།། གཤིན་རྗེ ་ཕྱོགས་ཀྱི་མཐར་གནས་པ་ནི་ཡི་གེ་ནའོ།། ཁྱུ་མཆོག་ནི་ཡི་གེ་ཨི་སྟེ། དོ་ནའི་སྟེང་དུ་བཞག་པ་དེ་ལ་དེ་སྐད་ཅེས་བྱའོ།། བསྡུས་པས་ནི་ཞེས་བྱ་བོར་འགྱུར་རོ།། རླུང་ནི་ཡུགས་ས་མོ་ཡིས་བརྒྱན་ཞེས་བྱ་བ་ལ་རླུང་ནི་ཡའོ།། ལུགས་ས་མོ་ནི་ཨ་སྟེ་ངེས་བརྒྱན ་པའོ།། བསྡུས་པ་ཡེ་ཤེས་བྱ་བར་འགྱུར་རོ།། གཤིན་རྗེ་མཆུ་བ་ཅན་ནི་སའོ།། བདེན་བྲལ་ལ་གནས་ཞེས་བྱ་བ་ལ། འདིར་པ་མི་མངོན་པ་ཡིན་ཏེ། བདེན་བྲལ་བའི་ཡི་གེ་པ་གཟུང་བར་བྱའོ།། གནས་པ་ནི་སྦྱར་བའོ།། ཡང་ཅི་འདྲ་ཞེ་ན། ག་ཏི ་མུག་གིས་ནི་རྣམ་པར་བརྒྱན་ཞེས་བྱ་བ་སྟེ། གཏི་མུག་ནི་དབྱངས་ཡིག་གཉིས་པ་ཡིན་ལ་ངེས་བརྒྱན་ཅིང་ཀླུབས་པ་དེ་ལྀ་དེ་སྐད་ཅེས་བྱ་སྟེ། བསྡུས་པས་སྭཱ་ཞེས་བྱ་བར་འགྱུར་རོ།། གཤིན་རྗེ་འཇོམས་མ་ནི་ཧའོ།། གཏི་མུག་ནི་དབྱངས་ཡིག་གཉིས ་བ་སྟེ། དེ་དང་སྦྱར་བའོ།། ཐམས་ཅད་བསྡུས་པས་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ཏེ། རྣལ་འབྱོར་པའི་བྱ་བ་ཐམས་ཅད་བྱེད་པའོ།། གླུའི་ཕྱག་རྒྱ་འོད་ཡིས་ནི་ཞེས་བྱ་བ་ལ་ཕྱག་རྒྱ་ནི་རྡོ་རྗེ་ཕག་མོ་ཡིན་ལ། སྔགས་དང་ལྷ་དག་དབྱེར ་མེད་པའི་ཕྱིར་སྡིགས་ལ་ཡང་དེ་སྐད་ཅེས་བྱའོ།། འདི་ཞེས་བྱ་བ་ནི་འདི་བཟླས་པ་ཙམ་གྱིས་མཁའ་འགྲོ་མ་ཀུན་དགའ་མགྲོར་གྱུར་པ་སྟེ་ཚིམ་ཞིང་རངས་པར་གྱུར་པའོ།། སྒྱུ་མ་ཆེན་མོ་བཅུ་དྲུག་འདི།། ཡི་གེ་ར་རེར་ཀུན་ནས་ཤེས་ཞེས་བྱ་བ་ལ་སྒྱུ་མཚན ་མོ་ནི་རྣལ་འབྱོར་མ་རྣམས་ཏེ། རྣལ་འབྱོར་མོ་བཅུ་དྲུག་ཏུ་གྲོགས་པ་རྣམས་ཡི་གེའི་གཟུགས་ཀྱིས་ཀུན་ཏུ་གནས་སོ་ཞེས་བྱ་བར་དགོངསོ།། ཡི་གེ་བཅུ་དྲུག་པོ་དེ་དག་ཀྱང་གང་ཞེ་ན། ཨོཾ་སརྦྦ་བུདྡྷ་ཝཱརྡྷ་ནཱི་ཡེ་བཛྲ་ཌཱ་ཀི་ནི་སྭཱཧཱ་ཞེས་བྱ་བོ་སྟེ། རྡོ་རྗེ་ཕཊ ་མོའི་སྙིང་པོ་ཡི་གེ་བཅུ་དྲུག་མན་ངག་གིས་བལྟ་བར་བྱའོ།། དེ་ཡང་སྔགས་ཀྱི་ལེའུ་བསྟན་པར་བྱའོ།། ཁ་ཅིག་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ལས་ཐམས་ཅད་པ་ལ་བྱའོ་ཟེར་རོ།། ལྷག་མའི་གཏོར་མའི་སྔགས་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས ་པ་དང་པོ་སྟེ། ཐོག་མར་རུས་སྦྲུལ་ཏེ་ཨུ་གཟུང་བར་བྱའོ།། བཟང་པོ་ནི་ཨི་སྣེ་དེའི་སྟེང་དུ་གནས་པའོ།། གང་ཞེ་ན། བྱང་གི་དང་པོ་སྟེ་ཙ་དང་དེ་ཉིད་ཀྱི་གཉིས་པ་ཡི་གེ་ཚ་ལྡན་པ་སྟེ་འོག་ཏུ་སྦྱར་བ་ཡིན་ནོ།། བསྡུས་པས་ཙྪ་ཞེས་བྱ་བར་འགྱུར་རོ།། གཤིན་རྗེའི ་ཕོ་ཉ་མོ་ཞེས་བྱ་བ་ལ། གཤིན་རྗེ་ཕོ་ཉའི་སྒྲས་ཁ་ལི་བྱའོ།། ཆུ་ལྷ་ནི་ཆུ་ལྷའི་ཕྱོགས་ཀྱི་ཡི་གེ་ཋ་ལ་བྱ་ལ། གཞུགས་པ་ནི་འོག་ཏུ་སྦྱར་བའོ།། བསྡུས་པས་ཀཱ་ཞེས་བྱ་བར་འགྱུར་རོ།། ར་ནི་གྲོགས་པར་ཟང་ངོ་།། གཏི་མུག་བརྒྱན་པ་ནི་དེ་ཡང་སྦྱར་བ་སྟེ་ར་ཞེས ་བྱ་བར་འགྱུར་རོ།། སླར་ཡང་ཀ་ཥ་ཞེས་བྱ་བར་བརྗོད་ཅེས་བྱ་བ་ལ་སླར་ཡང་སྟེ་དེའི་འོག་ཏུ་ཀ་དང་ཤ་འདུས་པས་ཀཱ་ཞེས་བྱ་བར་འགྱུར་རོ།། གཤིན་རྗེ་ན་མཆེ་བ་ཅན་ནཽ་ཡི་གེ་སའོ།། བཟང་པོ་ནི་ཨི་སྟེ་སི་ཞེས་བྱ་བར་འགྱུར་རོ།། མཆེ་བ་ཅན་ཞེས་བྱ་ནི་གཤཱིན ་རྗེ་མཆེ་བ་ཅན་ནོ།། བདེན་བྲལ་བཞུགསོ་པ་ནི་ཝ་དང་སྦྱར་པོའོ།། ལྷན་ཅིག་ལྡན་ཞེས་བྱ་བ་ནཱི་དེ་དང་བཅས་པ་སྟེ་སྭ་ཞེས་བྱ་བར་འགྱུར་རོ།། དེར་ནི་ཞེས་བྱ་བ་ནི་དེའི་འོག་ཏུའོ།། ས་མཐའ་ཞེས་བྱ་བ་ནི་ཧའོ།། གཏི་མུག་གོས་ནི་ལྷན་ཅིག་བརྒྱན་ཞེས་བྱ་བ་ནི་སྦྱར ་པ་སྟེ། ཧཱ་ཞེས་བྱ་བར་འགྱུར་རོ།། ཐམས་ཅད་བསྡུས་པས་ཨུཙྪི་ཝཱ་རཱཀཱ་སི་སྭཱ་ཧཱ་ཞེས་བྱ་བའི་སྔགས་སོ།། སྲིན་མེའི་དངོས་གྲུབ་འདོད་པ་རྣམས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ལ་གནས་ཏཽ་འདིས་བསྒྲུབ་པར་བྱའོ།། བུ་མོ་རྣམས་ནི་དགུག་པའི་ཚིག་ཅེས ་བྱ་བ་ནི་དེ་གྲུབ་པས་བུ་མེ་རྣམས་ཁྲིད་དོ།། འོང་བར་དགོངས་སོ།། རྨོངས་པར་བྱེད་པའི་སྔགས་གསུངས་པ། ཤར་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། ཤིར་ཕྱོགས་ནི་ཀའི་སྡེ་ཚན་ཡིན་ལ་བརྒྱད་པ་ནི་ཀ་ནས་གཟུང་བའི་བརྒྱད་པ་སྟེ་ཛའོ།། འདིར་ཡང ་བ་མོ་མངོན་པར་བྱས་པ་ཡིན་མོནོ།། དབུམ་མ་མ་པའི་བྱུ་སྣམ་ནས་བྱ་བ་ལ། དབུས་ན་པས་ས་ནྡན་ཏེ། ད་ཐ་མ་གང་ཡིན་པ་ག་ཏུ་ད་ཀྱི་བཞི་པ་བྷཱུ་སྒྱུར་བར་བྱན།། ཨཱནཱན་སྭཱདྨ་སྱཱ་དཱུ་སྔགས་ས་མྦྷ་ནས་ན། ་སྦྱར་བས་མྨེ་ཞེས་བྱ་བར་འགྱུར་རོ།། སླར་ཡང་དབུ་མའི་ཐ་མ་གཟུང་ཞེས་བྱ་བ་ནི་ཡི་གེ་མ་ཉིད་དོ།། འབུགས་པའི་རང་བཞིནི་ལྡན་པར་བྱ་ཞེས་བྱ་བ་ལ་རང་བཞིན་ནི་དངོས་པོའོ།། ལྡན་པ་ནི་སྤྱིར་པོ་སྟེ་མོའོ།། གཤིན་རྗེ་འཇོམས་མ་ནི་ཧའོ།། ལུགས་ས ་མོ་ནི་ཨེའོ།། རྣ་ཚོ་ནི་གློར་བཞག་པ་སྟེ། ཧེ་ཞེས་བྱ་བར་འགྱུར་རོ།། མཐར་ནི་སྭཱཧཱས་ཡོངས་བརྒྱན་ཞེས་བྱ་བ་དེའི་འོག་ཏུ་སྭཱ་ཧཱ་ཞེས་གདོན་པོའོ།། རིག་བྱེད་ཀྱིས་ནི་མཉེས་པར་བྱ་ཞེས་བྱ་བ་ལ་རིག་བྱེད་ནི་ཚངས་པ་སྟེ། ཨོཾ་མོ།། མཉེས་པ་ནི་དེ་ཐམས་ཅད ་ཀྱི་ཀླུང་དུ་སྦྱིན་པའོ།། བསྡུས་པས་ཨོཾ་ཛམྦྷ་མོ་ཧ~ཾ་སྭཱཧཱ་ཞེས་བྱ་བའི་སྔགས་སུ་འགྱུར་རོ།། ཐོང་པའི་དབུས་གནས་རྒྱལ་བར་འགྱུར་ཞེས་བྱ་བ་ལ། ཐོད་པ་ནི་མགོའི་དབུགས་ཏེ་དཔྲལ་བའོ།། དབུས་གནས་ནི་དེར་སྔགས་དེ་བྲི་བའོ།། རྒྱལ་འགྱུར་ནི་མི ་མཐུན་པ་ཐམས་ཅད་ལས་རྒྱལ་བར་འགྱུར་བའོ།། དེས་ནི་འདི་སྐད་དུ་དཔྲལ་བར་ཨེ་བསྒོམས་ལ་དེའི་སྟེང་དུ་སྔགས་ཀྱི་ཕྲེང་བ་དེ་ཟླུམ་པོར་ཡིད་ཀྱིས་བྲིས་ལ་བལྟས་ན་གང་ལ་བལྟས་པ་ང་རྨོངས་པར་འགྱུར་ཞིང་དེ་ལྷུར་ལྕེའི་དྲི་མ་ལ་སོགས་པ ་ལ་སྔགས་གོང་མ་དེ་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་ཡང་སྔར་བསྟན་པ་བཞིན་འགྱུར་ལ། མན་ངག་གི་ཚུལ་དེ་དག་ཉིད་ཀྱིས་གཡུལ་ལ་སོགས་པར་ཞུགས་ན་རྒྱལ་བར་འགྱུ་རོ་ཞེས་སྟོན་པར་འགྱུར་རོ།། ནུ་ཨོཾ་ཞེས་བྱ་བ་ལ་སོགས་པའི ་སྔགས་གཉིས་ལེའུ་སུམ་ཅུ་རྩ་བཞི་པ་ལུས་དབྱེ་བར་བྱའོ།། དེ་ལྟ་མོད་ཀྱིས་མདོར་ཡང་བསྡུས་ནས་དབྱེར་མེ་བར་བྱ་སྟེ། ཨེ་བྷ་ནི་ཀ་སི་མུ་ནི་བ་སའི་མུ་ནི་ཧ་ཐང་ལང་ག་ལ་ཧི་ཕཊ། ཆེ་གེ་མོ་མུ་ཧ་ཧ་ཐ་བན་དྷ་མི་སྭཱ་ཧཱ། ཞེས་བྱ་བ་ཏེ་བཅིང་བའོ།། ཨོཾ ་ཀ་ཀ་ཧ་ཁྭ་ཀ་ཀཱ་རུད་ཏི་ཀཾ་པིན་དྷོ་པ་ཧ་རི་ཎི་ཆེ་གེ་མྲྀ་བཛྲ་བི་ཏྲང་གྲིས་ཙ་ཧ་གཙྪ་ཡ་ཐཱ་སུ་ཁཾ་ཕིཊ་ཅེས་པ་སྟཾ་བསྐད་པོའི་འོ།། འདི་དག་གི་ཆོ་ག་ནི་སྔར་བསྟན་པའི་མན?་ངག་གིས་སྦྱར་བར་བྱ་སྟེ། འདི་ལྟར་རྟག་ཏུ་བཟླས་ན་དེ་བོཝཱན་དུ་འགྱུར་རོ།། ལས ་གཉིས་པོ་འདི་ཉིད་གསུངས་པ། གླུའི་ཕྱག་རྒྱ་འདི་ཡིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ་འདིར་ཕྱག་རྒྱ་ནི་སྔགས་ཀྱི་ལྷ་རྣམས་སོ།། ལྷ་དང་དབྱེར་མེད་པའི་བྱ་བ་དང་བྱེད་པས། སྔགས་ལ་ཡང་དེ་སྐད་ཅེས་བྱ་སྟེ། གླུའི་རང་བཞིན་གྱི་ཕྱག་རྒྱ ་ནི་གླུའི་ཕྱག་རྒྱའོ།། ཉེ་བར་མཚོན་པོ་དོས་འདི་ལྟར་ཁྭ་གདོང་མ་འོམ་གཞན་གྱི་རྣལ་འབྱོར་གྱིས་ཀྱང་གླུའི་སྔགས་ཀྱིས་བཟླས་པ་དང་སྦྱོར་བ་བྱའོ།། དེ་ལ་ཁྲ་གདོང་མས་ནི་བཅིང་བའོ།། འུག་གདོད་མས་ནི་ཞི་བའོ།། ཁྱི་གདོང་མས་ནི་རྒྱས་པའོ།། ་ཕག་གདོང་མས་ནི་བསྐྲད་པའོ།། གཤིན་རྗེ་བརྟན་མས་ནི་བཅིང་བའོ།། གཤིན་རྗེ་ཕོ་ཉ་མོས་ནི་ཉེ་འབྱེད་དོ།། གཤིན་རྗེ་མཆེ་བ་ཅན་གྱིས་ནི་བསོད་པའོ།། གཤིན་རྗེ་འཇོམས་མས་ནི་བསྐྲད་པ་སྟེ། དེ་དག་ལས་ཀྱི་བྱེ་བྲག་གིས་ཁ་དོག་ལ་སོགས ་པ་བྱེ་བྲག་ཏུ་བསྒྱུར་བས་ལས་གཞན་དག་ཀྱང་བྱེད་པར་འགྱུར་རོ།། དེ་ལ་ཞི་བ་ལ་ནི་དཀར་པོའོ།། རྒྱས་པ་དང་བཅིང་བ་ལ་ནི་སེར་པོའོ།། སྡང་བ་དང་སྤགས་པ་དང་བསད་པ་ལ་ནི་ནག་པོའོ།། དབང་དུ་དགུག་པ་ལ་ནི་དམར་པོ་སྟེ། དེ་ལྟར་ཡང ་གསུངས་པ། ཞི་བ་ལ་ནི་སྤྱན་གྱི་ཚུལ།། རྒྱུས་ལ་རྡོ་རྗེ་པདྨ་ཅན།། དབང་ལ་རྣམ་པར་སྣང་མཛད་གནས།། རྡོ་རྗེ་ཁྲོ་བོ་མངོན་སྤྱོད་ལའོ།། ཞེས་སོ།། བསམ་པ་ཡང་རྗེསུ་མཐུན་པར་གཟུང་སྟེ། དེ་ཡང་གསུངས་པ། ཞི་བ་ལ་ནཱི་ཞི་བའི ་སེམས།། རྒྱས་ལ་རངས་པའི་ཡིད་དུ་བྱ།། དབང་གི་ལས་ནི་ཆགས་པ་སྟེ།། དྲག་ལ་ཁྲོ་བས་རབ་ཏུ་བསྒྲུབ་ཅེས་སོ།། ཨོཾ་ཧཱི་ན་དེ་ཞེས་བྱ་བ་ལ་སོགས་པའི་གླུའི་སྔགས་ནི་དག་བཅིང་བའོ།། ཨོཾ་ཛཾ་བྷ་ནི་ཞེས་བྱ་བ་ལ་སོགས་པ་ལ་བཅིང་བ ་རྣམས་ཀྱི་ཐུན་མོང་གིའོ།། དེ་ལྟར་རྣལ་འབྱོར་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་ནི་འདི་ལས་བསྟན་པའི་སྦྱོར་བ་འམ། གཞན་ལས་གསུངས་པའི་ལྷའི་སྦྱོར་བ་དང་ལྡན་པས་ཀྱང་ངོ་།། ལས་བསྟན་པ་ནི་འདིར་བསྟན་པ ་དང་གཞན་དུ་བསྟན་པ་དག་གི་ཡང་ངོ་།། ཅི་ཞིག་ཅ་ན། ཆོ་ག་སྟོ་བྲི་བ་ལ་སོགས་པའི་ལས་ཀྱི་ཚོགས་སོ།། དེ་ལྟར་ཞེས་བྱ་བ་ནི་སྔར་སྦྱར་བ་སྟེ། ཤེས་པར་བྱ་ཞེས་བྱ་བ་ལྐོག་མའོ།། ཨོཾ་ཛཾ་བྷ་ནི་ཞེས་བྱ་བ་ལ་སོགས་པའི་སྔགས་ནི ་སྔགས་ཀྱི་ཚིག་གི་དོན་བཞིན་དུ་ཡང་ལས་བལྟ་བར་བྱའོ།། ཨོཾ་ན་མོ་ཞེས་བྱ་བ་ལ་སོགས་པའི་ལུས་ནི་སྔར་བསྟན་ཟིན་ཏེ།། དཔའི་གོ་ཞེས་བྱ་བ་ལ་སོགས་པས་ནི་རྐང་པ་བརྒྱད་པའི་རིལ་བུ་བསྐྱོབ་པ་གསུངས་པ་ཡིན་པ། དཔ ་བོབཻ་དེ་ཕྱོགས་སུ་བལྟས་པ་ཞེས་བྱ་བ་ནི་ཕ་རོལ་གྱི་གཡུལ་ཕྱོགས་སུ་ཁ་བལྟས་པའོ།། དེའི་རྐང་པའི་པགས་པ་དང་རྫས་རྣམས་ལྷན་ཅིག་ཏུ་གཟུང་བར་བྱའོ།། མ་ན་ཞེས་བྱ་བ་ནི་སྡོང་རོས་སོ།། ཉན་པ་ཞེས་བྱ་བ་ནི་ལིག་པུ་མིག་གོ།། མིག ་སྨན་ཞེས་བྱ་བ་ནི་དྲྀ་མོད་ཅེས་བྱ་བའི་མིག་སྨན་ནོ།། རྡོ་ཞེས་བྱ་བ་ནི་མུ་ཟིའི་རྡོའོ།། དམར་པོ་ནི་གུར་ཀུམ་སྟེ། དེ་དགྲ་ཆ་མཉམ་པར་མིའི་ཁྲག་གིས་བཏག་པར་བྱའོ།། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཙནཱ་དན་དམར་ནི་ཙན་དན་དམར་པོའི་ཆུ ་ལིན་མང་དུ་སྦལ་པ་ནི་རྫས་བདུན་པོ་དང་། ལིག་བུ་མིག་ལ་སོ་སོར་ལན་བདུན་བསྐམ་ཞིང་སྦལ་པའོ།། ཨ་མའི་རིལ་བུ་བྱས་ལ་ཞེས་བྱ་བ་ནི་རྫས་བདུན་གྱི་རལ་བུ་ཙན་དན་དམར་པོའི་ཆུས་རློན་པར་བྱའོ།། ལིག་བུ་མིག་ཅེས་བྱ་བ་ནི་འདིར་སྐམ ་པོར་གཟུང་ངོ་།། གྲིབ་མ་ལ་བསྐམས་ཞེས་བྱ་བ་ནི་རས་ཀྱིས་གཡོགས་ནས་ཉི་མ་ལ་བསྐམས་པ་སྟེ་ལྷག་པར་གནས་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ཇི་ལྟར་གྱུར་པ་ཞེ་ན། ཉི་མ་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་ནི་ཟངས་ཏེ། མན་ཅ ་བཞི་དང་ར་ཏི་ལྔའོ།། ཟླ་བ་ནི་དངུལ་ཏཱ་ར་ཏི་གསུམ་དང་བཅས་པའི་མན་ཅུ་གསུམ་མོ།། སྲེག་བྱང་ནི་གསེར་ཏེ་ར་ཏཱི་བདུན་ལྷག་པའི་མན་ཆ་བཞིའོ།། དབུས་སུ་བཙུག་ཅེས་བྱ་བ་ནི་དེ་དག་གི་ནང་དུ་རིལ་བུ་བཞུགས་པ་སྟེ། དང་པོར་ནི་གས ་གྱིས་དྲིལ་ལོ།། གཉིས་པར་ནི་དངུལ་གྱིས་སོ།། གསུམ་པར་ནི་ཟངས་ཀྱིས་སོ།། དེ་ཡང་གསུངས་པ། གསེར་དང་རི་བོང་ཅན་དང་ནི།། འོད་བླ་མངའ་བྱེད་ར་ཏཱི་བདུན་ལྡོག་པའི་མན་ཆ་བཞིའོ།། དབུས་སུ་བཅུག་ཅེས་བྱ་བ་ནི་དེ་དག་གི་ནང་དུ་རིལ ་བུབཞུགས་པ་སྟེ། དང་པོར་ནི་གསེར་གྱིས་དྲིལ་ལ།། གཉིས་པར་ནི་དངུལ་གྱིས་སོ།། གསུམ་པར་ནི་ཟངས་ཀྱིས།། ཐུབ་གསུམ་དམར།། བཙོས་པའི་མན་ཆེར་རིགས་གསུམ་བཞིས།། རིལ་བུ་རིམ་བཞིན་དཀྲི་བར་བྱས་ཞེས་སོ།། རྒྱལ ་ཞེས་བྱ་བ་ནི་སྐུར་མ་བརྒྱད་ལོ།། ལྷག་པར་གནས་པ་ནི་བྱིན་གྱིས་བརླབ་པ་སྟེ། དཀྱིལ་འཁོར་བ་དང་བཅས་པའི་རྡོ་རྗེ་ན་མཁའ་འགྲོའི་རྣལ་འབྱོར་པས་ཏིང་ངེ་འཛིན་ནམ། རྡུལ་ཆེན་ནམ་བྲིས་སྒྲའི་དཀྱིལ་འཁོར་དུ་མ་ཏོག་ལ་སོགས ་པས་ཡང་དག་པར་མཆོད་ནས། ཅི་ནུས་ཀྱིས་རྐང་པ་བརྒྱད་པའི་སྔགས་བཟློ་བའོ།། ཞལ་དུ་བཅུག་ལ་ཞེས་བྱ་བ་ནི་ཉི་མ་བཞག་ལ་བདག་ཉིད་རྡོ་རྗེ་མཁའ་འགྲོར་བསྒོམས་པའི་ཁར་བཅུག་ལ་ལག་པ་གཡིན་པས་བཀའ་སྟེ་སྔགས་བརྣ ་དེ་ནིང་གསུངས་པ། རིག་པའི་རྒྱལ་པོ་ཞེས་བྱ་བ་ལ། བདག་ཉིད་རྡོ་རྗེ་མཁའི་འགྲོར་བྱས་པའི་རིག་པ་བྱ་སྟེ། ཕྱོག་རྒྱ་དང་ལྡན་པས་རྐང་པ་བརྒྱད་པའི་སྔགས་གསལ་བར་བཟླས་པས་ན་རྒྱལ་པོའོ།། དེ་ཡང་ཟླ་བ་དྲུག་ཏུ་བླངས་ཀྱངས་པ་མྱང ་བར་བཟླས་ལ། དེའི་འོག་ཏུ་འབུམ་ཕྲག་ཏུ་བཟླས་ནས་རྨི་ལམ་གྱི་མཚན་མ་བཟོང་པོ་རྙེད་པ་དང་ཁར་བཙུག་སྟེ། བསྒྲུབས་ན་མཚན་གཅིག་གིས་འགྲུབ་པར་འགྱུར་རོ།། ཡང་ན་རིགས་པ་བྱས་བྱ་བ་ནི་རྡོ་དྷཱ་ཕག་མོའི་སྔགས་ཏེ་རྒྱལ་པོ་ནི ་དེས་བརྒྱན་པའི་རྡོ་རྗེ་མཁའ་འགྲོའི་སྔགས་ཀྱིས་རིལ་བུ་བསྒྲུབ་ན་ཡང་སྐྱོན་མེད་དོ།། སྦྲུལ་གྱི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་ལ་རི་མོ་དཀར་ནག་དུམ་བུ་སོ་སོར་ཕྱེ་ཞེས་བྱ་བ་ལ། དཀར་པོ་ད་ནག་པོ་ནི་དཀར་ནག་སྟེ་སྦྲུལ་གྱི་ལུས་ཀྱི ་མོ་དཀར་ནག་གི་ཆ་རྣམས་སོ་སོར་དབྱེ་བའོ།། དཀར་ནགས་སོར་ཤེས་པར་བྱ་ཞེས་བྱི་བ་ནི་དཀར་ནག་སོ་སོར་ཕྱེ་བ་དེ་རྣམས་མ་འདྲེས་པར་སོ་སོར་ཕུང་པོ་གཉིས་སུ་བྱའོ།། གང་དང་ལྷན་ཅོག་དུ་ཕུང་པོར་བྱ་ཞེ་ན། ཤང་ཀ་པུས ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དུམ་བུ་དཀར་པོའི་ཆ་དང་ཤཾ་ཀ་བུས་པར་ལྷན་ཅིག་བྱའོ།། ཨ་ཀ་རྱ་ནག་པོ་དང་དུམ་བུ་ནག་པོར་རོ།། དེ་ལ་ཤང་ཀྲ་པུས་པ་ཞེས་བྱ་བ་ནི་སྨན་གྱི་ཁྱད་པར་ཞིག་སྟེ། མེ་ཏོག་གི་མདོག་དུང་འདྲ་བས་ཤད་ཀ་པུས་པ་ཞེས་སྐྱེ ་བོ་རྣམས་ལ་གྲགས་པ་སྟེ། དཔེར་ན་ལེའུ་གསུམ་པར་དབང་པོ་ལག་པ་ཞེས་བྱ་བ་དེ་ཡང་རྩ་བའི་ཁྱད་པར་གང་ཞིག་དབང་པོ་དང་ཉེ་བ་ལག་སོར་འདྲ་བས་ནི་དབང་པོའི་ལག་པ་ཞེས་བྱ་བ་སྟེ་ཁ་ཅིག་ནི་རྟའི་དཱུར་བ་ཞེས་ཟེར་བ་ལ། ལ་ལ་ནི་དང་པོ ་མིག་ཅེས་བརྗོད་ཅིང་གཞན་དག་ལ་ནི་མཆན་ཁུང་གི་དྲི་མ་ཞེས་གྲགས་པ་བཞིན་ནོ།། ཨ་ཀ་རུ་ནག་པོ་ནི་གྲགས་པར་ཟད་དེ་དག་ཀྱང་དུམ་བུ་དག་དང་ཆ་སྙམ་དུ་ཏེ། བཟུང་ལ། སྟོང་ཕྲག་ཉི་ཤུ་རྩ་བཞིར་གཅིག་གིས་མ་ཚང་བའི་སྔགས་བཟླ་ཞེས ་བྱ་བ་རྡོ་རྗེ་ཕག་མོའི་སྙིང་པོ་འམ་ཉེ་བའི་སྙིང་པོ་དེའི་རྣལ་འབྱོར་གྱིས་བདུག་པ་གཉིས་ལ་བཟླས་ནས་སྣམ་བུ་ལ་འདུག་གོ་ཞེས་ལྷག་མ་ཡིན་ནོ།། དེ་ནས་ཅི་ཞིག་བྱ་ཞེ་ན། ཕྱིས་ཀྱང་ཞེས་བྱ་བ་ལ་སོགས་པ་ལ། སྔ་མ་ལྟར་བཟླས་ནས་བདུག་པའི་དུས ་སུ་ཡང་བརྒྱད་བརྒྱ་བཟླས་པའོ།། སྣམ་བུ་བསྒྲུབ་པ་གསུངས་པ། སྐར་མ་རྒྱལ་གསུམ་ལ་ཞེས་བྱི་བ་སྟེ། སྐར་མ་རྒྱལ་ལ་རུས་བལྔ་རྨལ་བ་དང་། སྣལ་མོ་བཀལ་བློ་དང་ཐགས་བཏག་པ་དགུ་བྱའོ།། དྲི་གྱོན་པའི་ལུས་ཞེས་བྱ་བ་ལ། དེ་ཞེས ་བྱ་བ་ནི་རྒྱལ་གསུམ་ལ་བསྒྲུབས་པ་དང་། འདུག་པ་གཉིས་ཀྱིས་བདུག་པ་དང་སྔགས་བཟླས་པ་དེ་ལ་ད་སྐད་ཅེས་བྱའོ།། གྱོན་པ་ནི་ལུས་ལ་དཀྲིས་པའོ།། སྔགས་ཁྲི་བཟླས་པ་ནི་སྔགས་སྔ་མ་ཉིད་ཡང་ཁྲི་བཟླས་པའོ།། འགྲུབ་པར་འགྱུར་བ་ནི ་མི་རྣམས་སྣང་བར་འགྱུར་བ་དང་སྒྱུ་རྱ།། སྣམ་བུ་ཡང་དཀར་བ་དང་ནག་པར་བྱ་བའི་ཕྱིར་གསུངས་པ། དཀར་བ་དང་ནག་པའི་ཕྱོགས་སྨྲ་ཞེས་བྱ་བ་སྟེ། སྣུམ་བུ་དཀར་བ་ལ་སྣང་ངོ་འོངས་སུ་བདུག་པ་དཀར་བ་འཆས་བདུགས་ཤཱ་ཡང ་ངོའི་དུས་སུ་གྱོན་ལ་བཟླས་པ་དང་། སྣམ་བུ་དང་ནག་པོ་ལ་ཡིད་མར་ངོའི་དུས་སུ་བདུག་པ་ནག་པོའི་ཆོས་བདུག་ཅིང་དུས་དེ་ཉིད་དུ་གྱོན་ལ་བཟླའོ།། ཁ་ཅིག་ནི་ཡོད་ངོ་ལ་བསྒྲུབས་པའི་སྣམ་བུ་ནི་དཀར་པོའི་ཕྱོགས་ཞེས་བྱ་བ་ལ། དེ་བཞིན་དུ་ནག་པོ་ལ ་བསྒྲུབས་པ་ནི་ནག་པོ་ཡིན་གྱི་ཁ་དོག་བསྒྱུར་བ་ནི་མ་ཡིན་ནོ་ཞེས་ཟེར་རོ།། གང་ལ་འདོད་པ་དེ་ལ་འདོད་པ་སྤྱོད་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་དམ་ཚིག་དང་སྡོམ་པ་ལ་སོགས་པའི་རྗེས་སུ་འགྲོ་བ་ཡིན་ནོ།། སྒྲུབ་པ་པོ་བདག་ཉིད་ཀྱི་འདོད་པའི་ཡུལ་རྒྱལ ་བོའི་བུ་མོ་ལ་སོགས་པ་ལ་སྤྱོད་པར་འགྱུར་བའོ།། དེའི་ཞེས་བྱ་བ་ནི་སྦྲུལ་གྱི་རྒྱལ་པོ་དེ་ཉིད་ཀྱིའོ།། ངུ་བོ་མེད་པར་བསྲེགས་ལོ་ཞེས་བྱ་བ་ནི་གསོལ་བས་བསྲེག་པའོ།། ཞིབ་མོར་བཏགས་ཏེ་ཞེས་བྱ་བ་ནི་ཁ་དེ་ནས་ལིག་བུ་མིག་དལ་བུས་བླངས ་ལ་ཕྱེ་མར་བྱས་ཏེ། རྡོ་རྗེ་ཕ་གོ་མོའི་སྙིང་པོ་ལ་སོགས་པའི་སྔོགས་འབུམ་ཕྲག་ཏུ་བཟླས་ནས་མིག་ལ་བྱུགས་ནཱ་མུན་ནག་གི་ནང་དུ་ཡང་ཐམས་ཅད་མཐོང་བར་འགྱུར་རོ།། དེ་ཉིད་ཀྱིས་ན་ཁྱིམ་གྱི་མེ་ཏོག་མཆོག་ལྟར་ཞེས་བྱ་བ་གསུངས་ཏེ། ་ཁྱིམ་གྱི་མེ་ཏོག་ནི་སྒྲོན་མའོ།། མཆོག་ནི་ཟད་པ་མེད་པའོ།། གསལ་བ་ནི་སྣང་བ་སྟེ། དེ་ལྟར་མཐོང་བའོ།། རང་གི་ལྷའི་སྔགས་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའི་སྔགས་ཏེ། རང་གི་ལྷའི་སྒྲས་དེའི་རྣལ་འབྱོར་བྱ་བར་སྟོན་ཏོ།། ལྟོ་འཕྱེའི་རྒྱལ་པོ་ནི་སྤྲུལ ་རྒྱལ་པོའོ།། ས་བུམ་ནི་དུར་ཁྲོད་ཀྱི་བུམ་པའོ།། ཁམ་པོར་ནི་ཐེད་པའོ།། གཏར་དུ་སྦ་བ་ནི་སའི་འོག་ཏུ་བཞུག་པའོ།། རུལ་ཞེས་ཟག་པ་ནི་སྐལ་དེའི་ལུས་རུལ་པའོ།། ཅི་ཞིག་བྱ་ཞེ་ན། གཏོན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཞེས་བྱ་བ་ནི་སྦྲུལ་གྱིའོ།། ་བདག་ཞེས་བྱ་བ་ནི་སྣོད་ཀྱི་བུམ་པ་དེ་ཉིད་ཀྱི་དུམ་བུ་འམ་སྣོད་ཀྱི་ཐོད་པ་ཉིད་ཀྱི་བུམ་བུ་དང་། ཕན་ཚུན་སྡུད་བའོ།། ཐིག་ལེ་བྱ་བ་ནི་དེའི་ཕྱེ་མས་དཔྲལ་བར་བསྒོ་བའོ།། དེས་ཅིར་འགྱུར་ཞེ་ན། གྲིབ་མའང་ཞེས་བྱ་བོ་ལ་སོགས་པ་སྟེ། ་མི་སྣང་བར་འགྱུར་བའོ།། ད་ནི་སྐྱེ་བ་བདུན་པའི་དངོས་གྲུབ་གསུངས་པ། གང་གི་ཞེས་བྱ་བ་ལ་སོགས་པ་སྟེ། སྐྱེས་བུ་གང་གིས་ལུས་ལས་ཞེས་བྱ་བ་ནི་ལྷག་མའོ།། སྐྲ་གཡ་སུ་འཁྱིལ་པ་ཞེས་བྱ་བ་ནི་སྐྲའི་རི་མོ་གཡས་སུ་འཁྱིལ་བ་དང་ལྡན་ཞིང་རྩེ་མོ ་འདུས་པའོ།། ཡིད་དུ་འོང་བ་ནི་མཛེས་པའོ།། གྲིབ་མ་བདུན་ནི་སྐྱེ་བ་བདུན་གྱི་ལུས་དང་རྗེས་མཐུན་པའི་གྲིབ་མའོ།། དྲིའི་ལུས་ཞེས་བྱ་བ་ནི་དྲི་དང་ལྡན་པའི་ལུས་ལས་ཏེ། གང་གི་ལུས་དེ་དག་གི་ལུས་ལ་དྲི་ཞིམ་པོ་དང་ལྡན་པ་དེ་ལ་དེ་སྐད་ཅེས་པའོ།། རྨ ་མེད་ཅེས་བྱ་བ་ལ་རྨིའི་སྒྲ་ནི་ནད་མེད་པ་ལ་བྱ་སྟེ། ནད་མེད་པོ་ཡིན་གྱི་རྨ་སྲོལ་མེད་པ་ནི་མ་ཡིན་ནོ།། བདེན་པར་སླ་བ་ནི་སེམས་ཅན་རྣམས་ལ་ཕན་པར་སྨྲ་བའོ།། ལྷ་མོ་ཞེས་བྱ་བ་ནི་བྲོང་པའོ།། དངོས་གྲུབ་བྱེད་པར་འགྱུར་ཞེས་བྱ་བ་ནི་དེའི་ལུས་ཀྱི ་ཤ་ཡིན་ཞེས་བྱ་བའི་ལྷག་མ་སྟེ། དངོས་གྲུབ་ན་ན་མཁའ་འཕུང་བ་ལ་སོགས་པའོ།། གཞན་ཡང་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་མཚན་ཉིད་དོ།། སྐྱིད་པ་ངེས་པར་གནས་པ་ཞེས་བྱ་བ་ནི་ལུས་ལ་སོགས་པའི་འོང་བ་དང་ལྡན་པའོ།། བྱང་ཆུབ་སེམས་དཔའ ་སྭཱ་ནས་བྱ་བ་ནི་གཞན་གྱི་དོན་རྒྱ་ཚོགས་དང་ལྡན་པ་བྱ་། བྱང་ཆུབ་སེམས་དཔའ་སྦྱིན་གྱི་ཤུགས་དང་། གཙུག་ནནར་བུ་དང་། བྱམས་པ་འ་གྲུབས་ལ་སོགས་པ་ལྟང་སུས་སྦྱིན་པར་གཏོང་བའི་ཕྱིར།། སྦྱིན་པ་ཅན་པོ་ཞེས་བྱ་ན ་ལུས་ཀྱི་སྦྱིན་པ་སྟེ། རབ་ཏུ་གཏོང་བ་ཞེས་བྱ་བ་ནི་ལུས་འདི་སེམས་ཅན་ཐམས་ཅད་ལ་བདག་གིས་བཏང་གིས་སུ་ཇི་ལྟར་དགའ་བ་བཞིན་སྤྱོད་ཅིག་ཅེས་བྱའོ།། ཅིའི་ཕྱིར་ཞེ་ན། བསྒྲུབ་པའི་ཕྱིར་ཏེ་ཕན་པའི་ཕྱིར་རོ།། སེམས་ཅན་རྣམས་ལ་བྱིན་གྱིས་བརླབས ་པ་ནི་སྔར་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་ནས་ཞེས་བྱ་བ་སྟེ། ཕན་པར་བྱས་ནས་ཞེས་བྱ་བའི་བར་དུའོ།། ཤཱཀྱ་ཐུབ་པ་བཞིན་དུ་ཞེས་བྱ་བ་ནི་རོའི་ལུས་འབྱུང་བ་ལས་འགྱུར་བའི་གཟུགས་ཀྱིས་ཀྱང་ཕན་པར་བྱ་བའི་ཕྱིར་མྱུར་དུ་མྱ་ངན་ལས ་འདའ་བའོ།། ཁ་ཅིག་ན་རེ་ལུས་ཀྱི་སྨྱོན་པ་འདི་ལས་བདག་གི་བསོད་ནམས་གང་འབྱུང་བ་དེས་སེམས་ཅན་ཐམས་ཅད་སངས་རྒྱས་པར་གྱུར་ཅིག་ཅེས་བསོད་ནམས་ཡོངསུ་བསྔོ་བའི་བདེན་པའི་བྱིན་གྱིས་བརླབས་པ་དེ་ལོ་དེ་སྐད་ཅེས་བྱའོ་ཞེས་ཟེར་རོ།། ་མདུན་དུ་དངར་བ་དང་ཡང་དག་པར་ལྗོན་ཞེས་བྱ་བ་ནི་རོ་དེ་ཉིད་ལ་དགའ་ལྡན་ལ་སོགས་པའི་ལྷའི་བུ་རྣམས་ལྷགས་ནས་མདུན་དུ་དང་ར་ཏ་མེ་ཏོག་དང་བདུག་པ་ལ་སོགས་པའི་ཆར་ཕབ་ནས་མཆོད་ཅིང་རྒྱལ་བར་གྱུར་ཅིག་ཅེས་བྱ་བོ་རྒྱལ་བར་གྱུར་ཅིག ་ཅེས་བྱ་བའི་སྒྲ་དང་རྔ་བོ་ཆེ་ལ་སོགས་པའི་སྒྲ་རྣམས་ཀྱིས་ཡང་དག་པར་མཆོད་པ་དང་། འདི་ལྟར་ཉི་མ་གང་ལ་ཤི་བའི་ཉི་མ་དེ་ལ་གནས་དེར་ཐོག་ལ་སོགས་པ་འདབ་པ་དང་ལྡན་པ་དེ་ལ་དེ་སྐད་ཅེས་བྱའོ།། སྐྱེ་བ་བདུན་པའི་མཐོ་གཞན་ཡང་གསུངས ་བལྷ་མ་དུ་ནི་ཞེས་བྱ་བ་ལ་སོགས་པ་ལ་དྲིན་རོལ།། གོམས་པར་བྱ་བས་ནས་ཞེས་བྱ་བ་ནི་དེའི་ལུས་སེམས་ཅན་ཐམས་ཅད་ལ་ཕན་པར་ཤེས་རྣམ་ནས་སོ།། རང་གི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་སྙིང་པོ་སྟེ་ཡཾ་གེ་ཉི་ཤུ་གཉིས་པའོ།། ་ཉེ་བར་མཚོན་པ་འོངས་ན་སྔར་བསྟན་པའི་རྡོ་རྗེ་ཕག་མོའི་སྔགས་སམ་བཅོམ་ལྡན་འདས་ཀྱི་ཉེ་བའི་སྙིང་པོས་སྒྲུབ་པ་ལ་ཡང་སྐྱོན་མེད་དོ།། ལས་འདིས་ཐམས་ཅད་ལ་ཡང་སྒྲུབ་པ་པོ་བློ་དང་ལྡན་ཞིང་དད་པ་ཅན་གྱིས་བསྒོམ་པ་དང་བཟླས་པར ་ལྡན་པས་བསྒྲུབ་པར་བྱའོ།། གླུའི་སྔགས་ཐམས་ཅད་ནི་སྔར་བསྟན་པའི་སྔགས་ཀྱི་ཚོགས་རྣམསོ།། རབ་ཏུ་སྦྱོར་བ་ནི་ལས་ཀྱི་ཆེ་གོ་སྟེ་བསྒོམ་པ་དང་བཟླས་པ་ལ་སོགས་པའོ།། དེ་ན་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་དྲུག་པའོ། ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་དྲུག་པའི་རྣམ་པར་བཤད་པའོ།། །། རྣལ་འབྱོར་པ་ལ་སོགས་པར་བསྐྱོད་པ་རྣམ་ན་རྣལ་འབྱོར་མ་རྣམས་ཀྱིས་བརྡ་བསྟན་པའི་ཚེ་བརྡོའི་ལྡན་བསྟན ་པས་དེ་རྣམས་མཉེས་པར་འགྱུར་བས་རྣལ་འབྱོར་མ་རྣམས་ཀྱིས་ཕྱག་རྒྱ་ལ་སོགས་དང་ཤེས་པར་བྱ་བའི་ཕྱིར་ལག་པའི་ཕྱག་རྒྱ་ལ་སོགས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་ལེའུ་བདུན་པ་གསུངས་ཏེ། དེ་ནས་ཞེས་བྱ་བ ་ནི་སྔགས་ཀྱིས་མཐུ་ལ་སོགས་པ་བསྟན་པའི་འོག་ཏུའོ།། འདིས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བོའི་དོན་ཏེ། བརྡ་རྣམས་དགོས་པ་ཡིན་པ་དེའི་ཕྱིར་མཚོན་ཉིད་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ།། ཅི་ཞེ་ན། ལག་པའི་ཕྱག་རྒྱ་ཞེས་པ་གསུངས ་ཏེ། ལག་པ་བསྐྱོད་པའི་བརྡ་ཉིད་ཕྱག་བརྒྱའོ།། སྤྱི་གཙུག་འཕྲེང་གནས་བྱ་བ་ནི་སྤྱི་བོའི་ཅོག་ཅོག་པའོ།། སྐྱེ་གནས་ཞེས་བྱ་བ་ན་ཆོས་ཀྱི་འབྱུང་གནས་སོ།། གལ་ཏེ་སྐྱེས་པ་ནང་གིས་སྟོན་པ་དེའི་ཚེ་མཐེ་བོ་དང་མཛུབ་མ ་རྣམས་ཀྱི་རྩེ་སོ་སོར་སྤྱད་ལ་སོ་གོ་སོར་མོ་ལྷག་མོ་ཅུང་ཟད་བསྐུམ་པའི་ཕྱག་རྒྱ་བསྟན་པོར་བྱའོ།། མཐིལ་ཞེས་བྱ་བ་ནི་རྐང་པའི་མཐིལ་ལོ།། ཉི་མ་ཞེས་བྱ་བ་ནི་ཁ་ཅིག་ནཱ་རེ་ཤེགས་གཡས་པ་ཡིན་ནོ་ཞེས་ཟེར་རོ།། ཆུ་བོ་ཞེས་བྱ་བ་ནི ་ལག་པས་ན་མཁའ་ལ་རི་མོ་གྱ་གྱུ་འབྲི་བའོ།། རྒྱ་མཚོ་ཞེས་བྱ་བ་ནི་སོ་སོར་མོ་རྣམས་བརྐྱང་སྟེ་སྡུག་ཅི་ར་མ་ལང་བསྐོང་བའོ།། དེ་ནས་ཞེས་བྱ་བ་ནི་བྲན་མོང་གཽ་བརྡ་བསྟན་པའི་འོ་9།། འཕྲོག་བྱེད་མ་ལ་སོགས་པ་ཞེས་ཕྱེ་བ་ནི་འོ་ཕྲོག་བྱེད ་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་སོ།། ཀྱིའོ།། ཟིན་དང་གྲོལ་བ་ཞེས་བྱ་པ་ལ་ཟིན་པ་ནི་གཟུང་སྟེ་དེ་རྣམས་ཀྱིས་གང་ཞིག་བསྟན་པའི་བོརྡའོ།། དགྲོལ་བ་ནི་སླར་གཤེགས་སུ་གསེལ་བ་སྟེ། ལིན་བདུན་བསྟན་པའི་བརྡའོ།། གཟུང་བའི་རྗེས ་ལ་དེ་དགྲེལ་བའི་བརྡ་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ།། ཡང་ན་གཟུང་བ་དང་དགྲོལ་བ་ནི་ཟིན་པ་དང་གྲོལ་བ་སྟེ། དེ་དག་གི་བརྡ་བསྟན་པའོ།། ཅིའི་ཕྱིར་ཞེ་ན། ཤི་བ་ལ་གསོལ་བ་ཞེས་བྱ་བ་ལ་སོགས་པས་འབྲས་བུ་བསྟན་ཏེ། ཡི་བ་ནི་བརྒྱལ ་འོ།། གསོ་བ་ནི་བརྡ་བསྟན་པས་སླར་བསློང་བའོ།། གསོར་པོ་ནི་གསོན་པོ་ཉིད་།། ནང་མེདང་སྤེལ་བ་ནི་ཆེ་སྤེལ་བའོ།། གཔ་མིག་ཅེས་བྱ་པ་ལ་སོགས་པོ་ནི་བརྡ་དང་ལན་གྱི་བརྡ་སྟེ། བསྟན་པ་དང་རྗེ་སུ་བསྟན་པའོ།། ལྷག་མ་ནི་གོ་སླའོ།། ཁྲག ་གི་གནས་ཞེས་བྱ་བ་ནི་སྙིམ་པས་ཁྲག་འཐུང་བ་ལྟར་བྱེད་པའོ།། གཅི་བ་དང་བཤང་བ་དང་ཡང་བཅི་བ་དང་བཤུང་བུ་སྟེར་བའི་ཚུལ་དུ་བྱེད་པའོ།། ད་ནི་དེ་དག་ནི་རང་བཞིན་གྱིས་གྲུབ་པའི་མཚན་མ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། མཁུར་བ་ཞེས་བྱ་བ་ནི་འགྲམ་སྟེ། ཕག་པའི་མཆེ་བའི་དབྱིབས་ལྟ་བུའོ།། ཤ་ཀ་ཏི་ནི་མཚོནཾ་ཤ་ཀ་ཏི་སྟེ་དེའི་དབྱིབས་སོ།། བཟློག་ཅིང་བལྟ་ཞེས་བྱ་བ་ནི་ཡོན་པོར་བལྟ་བའོ།། ཁ་ཅིག་ནཻ་རེ་བཟློག་སྟེ་བལྟ་བྱའོ།། ཁ་ཅིག། ་ནུ་མ་མཐེ་ཞེས་བྱ་བ་ནི་ནུ་མ་མི་མཉམ་པའོ།། ཁ་ཅིག་ནི་མཁྲང་བའོ་ཞེས་ཟེར་རོ།། ལྟོ་བ་ལས་ཞེས་བྱ་བ་ནི་ལྟེ་བ་ཁ་ཡངས་པའོ།། ཁ་ཅིག་ནི་གཏིང་རིང་བ་ཞེས་ཟེར་རོ།། རབ་བྱེད་སྤྱད་ནི་རྣམ་པར་འགྱུར་ཞེས་བྱ་བ་ལ་རབ་ཏུ་བྱེད་པ་སྟེ། སྐྱེ་བོས་དབེན ་པའི་གནས་སུ་རབ་ཏུ་དགོད་པར་བྱེད་པའོ།། ཡུང་ན་རབ་བྱེད་ནི་རྣམས་པ་སྟེ། ཤིས་པ་དང་མི་ཤིས་པོའི་ལས་རྣམས་པ་དུ་མ་བྱེད་པའོ།། སྨད་ནི་རྣམ་པར་འགྱུར་ཞེས་བྱ་བ་ནི་ལྟེ་བའི་འོག་གི་ཆ་མི་གསལ་བ་ཡིན་ནོ།། ཅི་ཞིག་ཅེ་ན། རི་མོ་གསུམ་པོ ་ཡོངསུ་ཟླུམ་ཞེས་བྱ་བ་སྟེ་ལྟེ་བའི་འོག་ན་རི་མོ་གསུམོ་སྦས་ནས་ཡོད་པའོ།། ཁ་ཅིག་ལས་རབ་བྱེད་འོག་ནི་ཀུན་ཏུ་འཁྱིལ་ཞེས་འབྱུང་སྟེ། ལྟེ་བ་ཅུང་ཟད་འཕྱང་ཞིང་རི་མོ་གསུམ་དུ་གསལ་ལ་གཡས་ནས་ཀུན་ཏུ་འཁྱིལ་བ་སྟེ། རི་མོ་གསུམ ་ཟླུམ་པོར་འཁྱིལ་པོས་ཀུན་ཏུ་བརྒྱན་པ་དེ་ལ་དེ་སྐད་ཅེས་བྱའོ།། མཁའ་འགྲོ་མ་ནི་ཉེར་འགྲོ་བ་ཞེས་བྱ་བ་ནི་གང་གི་ཚེ་འགྲོ་བའི་དུས་སུ་འོག་ནས་འབྱུང་བའི་མཚན་ཉིད་འདི་དག་ཤེས་པར་བྱའོ།། མཚན་ཉིད་དེ་དག་གང་ཞེ་ན། སོང་བའི་ས་ལས ་ཞེས་བྱ་བ་ལ། གང་དུ་སོང་བའི་ས་དེ་ནས་ཐལ་མལ་པར་སླར་མི་བཟློག་པའོ།། ལྡོག་པའི་རྒྱུ་གསུམས་པ་རྒྱུ་མེད་པར་ཞེས་བྱ་བ་ལ་སོགས་པ་ལ་རྒྱུ་མེད་པ་ནི་རྒྱུ་མཚན་མེད་པ་སྟེ། བློ་བུར་དུའོ།། དུ་བ་ནི་ཉེ་བར་མཚོན་པ་སྟེ་བློ་བུར་དུ་སྐྱོ ་བ་སྐྱེས་ཤིང་ཁྲོ་བདང་། བཅས་པར་དུས་ཤིང་གནས་དེ་ནས་ལྡོག་པའོ།། ལྷག་མ་ནི་གྲོ་སླའོ།། སྒྱུ་མཆེ་དང་མཉམ་སྦྱོར་བ་ཞེས་བྱ་བ་ལ་སྒྱུ་མཆེན་མོ་ནི་རྡོ་རྗེ་ཕྲག་མོ་སྟེ་དེ་དང་མཉམ་པར་སྦྱར་བ་ནི་རྡོ་རྔ་མཁའ་འགྲོ་མ་ཡིན་ལ་དེ ་སྐྱེས་པའི་མཁའ་འགྲོ་མ་དེ་ལ་དེ་སྐད་ཅེས་བྱའོ།། འབར་བའི་མཆིག་ཅེས་བྱ་བ་ནི་ངའི་རིགས་ཀྱི་མ་ཁའ་འགྲོ་མ་རྣམས་མི་མེའི་ཚུལ་དུ་གནས་པ་གང་ཞིག་གིས་མཐོང་བར་མཐའ་ཡས་པའོ་བསོད་ནམས་ཐོབ་པར་གྱུར་པའམ ་ཡང་ན་དེ་ལྟ་བུར་གྱུར་པ་དེས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ་ཞེས་བྱ་བའི་དོན་ཏེ།། ལག་པའི་ཕྱག་རྒྱའི་སྦྱོར་བ་ནི་སྤྱི་གཙུག་ཏུ་རེག་པའི་བརྡ་ལ་སོགས་པའོ།། འཕྲོག་བྱེད་མའི་རྟ་ཀཱས་ནི་ཤ་ཀ་ཏི་ལ་སོགས་པའོ།། ་རྣམས་འདི་མཚན་པར་བྱ་བས་ན་མཚན་ཉིད་དོ།། དེ་ནི་དེ་གསལ་བར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བོ་སྟེ་བདུན་པའོ།། ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ ་བདུན་པའི་རྣམ་པར་བཤོད་པའོ།། །། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་དང་ཞིང་ལས་སྐྱེས་པའི་རྣལ་འབྱོར་མ་རྣམས་ཀྱིས་བརྡ་ལ་སོགས་པ་བསྟན་པའི་འོག་ཏེ། སྔགས་ཀྱི་རིག ་ཞེས་བྱ་བ་ནི་སྔགས་ལས་སྐྱེས་པའི་རྣལ་འབྱོར་མྱ་རྣམ་སོ།། དེ་དག་ཉིད་ལྷ་མྱོ་སྟེ་གཟུགས་སྣ་ཚོགས་སུ་གསལ་བའི་ཕྱིར་རོ།། མཚན་ཉིད་ནི་མཚོན་པར་བྱེད་པ་སྟེ་བརྡ་རྣམས་སོ།། གླང་ཞིག་ཅེས་བྱ་བ་ནི་གང་གི་ཚེའོ།། ཕྱག་འཚལ ་བ་ནི་འདུད་པའི།། ལྟོགས་པ་ནི་དཀྲེས་པའོ།། སོར་མོས་སོར་མོ་སྟོན་པ་ནི་སོའི་མོན་དཱ་ཕན་ཚུན་དུ་སྟོན་པའོ།། ལྷག་མ་ནི་གོ་སླའོ།། གང་ཞིག་ཁྲོ་གཉེར་ལ་རེག་པ་ཞེས་བྱ་བ་ནི་སྨིན་མའི་དབུས་སུ་ལག་པ་བརྡེབས་པའོ།། མཁ ་ལྡིང་ནི་རྣམས་སོ།། ཁ་ཅིག་ན་རེ་པུས་མོ་གཉིས་ལ་གཙུགས་ཏེ། ལག་པ་གཉིས་ཀྱིས་ན་མཁའ་ལ་གཡས་པ་ལྟར་བྱེད་པ་ནི་མཁའ་ལྡིང་ངོ་ཞེས་ཟེར་རོ།། གཏོར་མུ་བཟོའ་ཞེས་བྲི་བྲ་ནི་གཏེ་མ་ལོངས་སྤྱོད་པའོ།། ངགུ་གི་བརྡ ་ཞེས་བྱ་བ་ལ་དག་ན་ཚིག་ཏུ་བརྗོད་པའོ།། བརྡ་ནི་མཚོན་པར་བྱེད་པ་སྟེ། ཚིག་ཏུ་བརྗོད་པས་བརྡར་བྱས་པའོ།། པོ་ཏང་གཽ་ཞེས་བྱ་བན་པི་ཏིང་ལཱི་ཞེས་བྱ་བ་ཚིག་ཏུ་འདོན་པའོ།། པྲ་ཏི་པོ་ཏང་གཱི་ཞེས་བྱ་བ་ལཾ་པྲཱ་ཏི་སླར་བཟློག་པ ་སྟེ་ལོན་ནོ།། ག་མོ་ཞེས་བྱ་བཱ་ལ་སོགས་པ་ཡང་ཚིཀྲ་ཏུ་བརྗོད་པར་བལྟ་བར་བྱའོ།། ཌོང་ཞེས་བྱ་བློན་འོང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། བྱིན་ཅིགཽ་པཱ་ནི་སློང་བའོ།། ལོང་ཤིག་པ་ནི་ཁྱེར་ཅིག་པ་སྟྲྀ་སྟེར་བའོ།། དཔའ་བོ་ནི ་དཔའ་བོ་ཡིན་པའོ།། ཀུ་རུ་བ་ནི་ཤི་བ་ཞེས་བྱ་བ་ལ་འདིར་བརྡ་ནི་ཀུ་རུ་བའོ།། དེ་བཞིན་དུ་ཀ་རྀ་ནི་ཀ་བརྡ་ཡིན་གྱི་དྲིལ་བུ་ནི་མོ་ཡིན་ནོ།། མགོ་བི་ནི་མགོ་ཉིད་དོ།། སྒྲ་ནི་སྒྲ་ཞེས་བྱ་བར་གྲགས་པའོ།། མཐན་ནི་བདུད་རྩིའོ་ཞེས་བྱ་བ་ནི ་བདུད་རྩི་ལ་མཱནཱ་པ་ཞེས་བྱ་བའི་དོན་ཏོ།། མཁའ་འགྲོ་མུ་ནི་ན་མཁའ་ལ་འཕུར་བ་རྣམས་སོ།། དུར་ཁྲོད་ནི་དུར་ཁྲོད་ཅེས་བྱ་བའོ།། བྷཱུམཱ་ཌྷྭེ་ནི་བྱམ་ཟེར་གྲགས་པའོ།། རྒྱལ་རིགས་ནི་ཐང་མཚམས་པ ་རྣམས་སོ།། དམངས་རིགས་ནི་རིགས་སྣ་ཚོགས་དང་ལྡན་པ་རྣམས་སོ།། ཕྱུགས་ནི་ཐུགས་རྣམས་ཏེ་མང་པོའི་ཚིག་མངོན་པ་ཡིན་ནོ།། འདའ་ཀཱིཉྩི་ནི་སྲིང་མོའོ་ཞེས་བྱ་བ་ལ་འདའ་ཀི་ནཽ་དང་སྲྀང་ཏ་ལི་ཀ་དང་སྲིང་མོ་རྣམས ་ནིདོན་ཅིག་གོ།། མེ་ཏ་ཀ་ནི་ཀླུམ་མོ་ཞེས་བྱ་བ་ལ་ཟླུ་མ་ནི་སྦྲང་ནི་མའོ།། ལྕེ་ནི་ལྕེ་ཞིང་ངོ་།། སྔོན་སོ་ཉིད་དོ།། གང་ནས་ཞེས་བྱ་བཱ་ནཱི་གནས་གང་ནས་ཞེས་པའོ།། ཆེ་གེ་མོ་ནས་ཞེས་བྱ་བ་ནི་གནས་ཆེ་གེ་མོ་ནུས་འོངས་པའོ།། ལམ་པོ ་དང་ཞེས་བྱ་བ་ལ་དར་ནཱི་འཇིགས་པོ་སྐུ་དེ་ཉིད་ལ་ལམ་པ་ཞེས་བརྗོད་དོ།། ཚིག་པ་ནི་ཚིམ་པ་ཉིད་དོ།། དྷཱ་མ་པྲི་ཡ་ནི་ཆུ་འཛིན་ནོ་ཞེས་བྱ་བ་ལ་ཆུ་འཛིན་པ་ནི་སྦྱིན་ནོ།། སན?་ནི་རི་བོ་ཞེས་བྱ་བ་ལ་རི་བོ་ནི་རི་རྣམས་སོ།། ས་རི་ནི་ཆུ་དྲོ ་ཞེས་བྱ་བའི་སྒྲ་ཇི་བཞིན་ནོ།། ཆ་ཤས་ཞེས་བྱ་བ་ནི་ཉིང་ལག་གོ།། གདོང་ཞེས་བྱ་བ་ནི་གདོད་པ་སྐྱེ་བ་མི་མངོན་པའོ།། ཕྲེང་བ་ནི་མེ་ཏོག་གི་ཕྲེང་བའོ།། ཕྱུགས་ནཱི་ཕྱུགས་ཆེན་པོའོ།། མ་ནོ་ད་ལ་ནི་མཉམ་པའོ་ཞེས་བྱ་བ་ལ་མནད ་ལ་དང་མཉམ་པ་དང་། ན་ར་ཀ་ནི་རྣམས་གྲངས་སོ།། ཕྱུགས་ཆེན་པོ་ཞེས་བྱ་བོ་ནི་གླང་པོ་ཆེ་ལ་སོགས་པའོ།། ཨ་བྱ་ཀ་ནི་ཞེས་བྱ་བ་ནི་ཨ་བྱ་ཀའི་སྒྲའོ།། དེ་བཞིན་དུ་སྠ་ཡང་སྒྲར་ཤེས་པར་བྱའོ།། ལྷག་མ་ནི་གཽ་སླའོ།། མཁ ་འགྲོ་མ་ཐམས་ཅད་ན་སྔགས་ལས་སྐྱེས་པ་རྣམས།། དེ་རྣམས་ཀྱི་བཛིན་དེ་རྣམས་ཀྱི་ལུས་དང་དག་མཚན་མའོ།། དོན་ད་གསལ་བར་བྱེད་བའི་གཞུང་གཚོགས་ན་རིམ་པར་བྱ་བ་སྟེ་བརྒྱད་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དང ་རྡོ་རྗེ་མཁའ་འགྲོའི་རྣམ་པ་བཤད་པ་ལས་ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། །། ད་ནི་རྒུང་པ་བཞི་པའི་སྔགས་དང་འབྲེལ་བའི་འཁྲུལ་འཁོར་གྱི་ལེའུ་གསུངས་པ།། དེ་ནས་ཞེས་བྱ་བ་ནི་བརྡ་བསྟན་པའི་འོག་ཏུའོ།། ལྷ ་མོ་ཐམས་ཅད་ཅེས་བྱ་བ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་མཁའ་འགྲོ་མ་རྣམས་སོ།། བཅོམ་ལྡན་འདས་ཐོག་མ་དང་ཐ་མ་མེད་པ་ཞེས་བྱ་བ་ལ་ཐོགས་མ་ནི་སྐྱེ་བའོ།། ཐ་མ་ནི་འགག་པའོ།། གང་གི་རང་བཞིན་ཡང་དག་པར་སྐྱེ་བ་དང ་འཇུག་པ་མེད་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་སྟེ་དོན་དམ་པར་རོ།། གཉིས་པར་ན་བཅོམ་ལྡན་འདས་ཉོན་མོངས་པ་ལ་སོགས་པ་དང་བྲལ་བས་དེ་དག་གི་དབང་གིས་སྐྱེ་བ་དང་འཆི་བ་མི་མངའ་བས་ཐོག་མ་དང་ཐ་མ་སྦེད་པ་སྟེ་ཀུན་རྫོབ་ཏུ ་རྡོ་རྗེའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ལ། རྡོ་རྗེའི་ནི་ཐམས་དང་ཤེས་རབ་གཉིས་སུ་མེད་པའི་མཚན་ཉིད་ཀྱི་ཏིང་ངེ་འཛིན་ལས་བྱུང་བའི་བདེ་བ་དམ་པའི་འཁོར་ལོས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་སྟེ། དེ་ཉིད་སྟོང་པ་ཉིད ་ལ་སོགས་པ་འདུས་པའི་རང་བཞིན་པས་རྣལ་འབྱོར་རོ།། དེ་སུ་ལ་ཡོད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་རྣལ་འབྱོར་པའོ།། དེ་རྣམས་ཀྱི་དབང་ཕྱུག་ནི་བདག་པོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད ་པར་བྱ་བའི་ཕྱིར་རོ།། བཅོམ་ལྡན་འདས་ཉིད་དོ།། གསོལ་བ་བཏུབ་པ་ནི་བཀུར་སྟི་སྔོན་དུ་འགྲོ་བས་ཞུས་པའོ།། དེ་ཉིད་གསུངས་པ་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྟེ། བཅོམ་ལྡན་འདས་ཀྱིས་བསྐྱེད་དུ་གསོས ་ཞེས་བྱ་བ་དང་འབྲེལ་ཏོ།། ཅི་ཞིག་ཅེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་ཞེས་བྱ་བ་ནི་སྙིང་པོ་དམ་པའོ།། སྣང་བ་ཐམས་ཅད་ནི་ཉོན་མོངས་པ་རྣམ་སོ།། འདུས་པ་ན་འཇོམས ་པའོ།། འཁྲུལ་འཁོར་ནི་སྔགས་རྣམས་བཀོད་པའི་འཁོར་ལོ་གཉིས་གཉིས་ཁ་སྤྱད་པ་སྟེ། ལེའུ་ནི་དོན་སྟོན་པའི་གཞུང་ངོ་ཞེས་བྱ་བ་ནི་བརྣག་པ་ཡོངསུ་རྫོགས་པའི་ཚིག་གོ།། བསྐྱེད་དུ་གསོལ་ཞེས་བྱ་བ་ནི་དངོས་གྲུབ་བསྐྱེད་པའི་བདག ་ཅག་གི་དཔུང་དུ་སྒྲུབ་པ་སྟེ་བསྟན་དུ་གསོལ་ཞེས་བྱ་བ་ནི་བར་དུའོ།། དེ་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་པའི་འོག་ཏུའོ།། རིན་ཆེན་ཁ་སྦྱོར་ཞེས་བྱ་བ་ལ་རིན་ཆེན་ནི་དངོས་གྲུབ་རློམས་སོ།། ཁ་སྦྱོར་ནི་སྣོད་དེ་དང་འབྲེལ་པོའོ།། གསུངས ་ཞེས་བྱ་བ་ནི་སྡུད་འི་བོའི་ཚིག་གོ།། དེ་ཉིད་བསྟན་པའི་ཕྱིར།། མདོར་བསྡུས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིགས་ལྡན་ནི་ཀླུའི་ཁྱད་པ་རོ།། རྟ་ནི་དྷ་ཉིད་དེ་འཁྲུལ་འཁོར་གྲང་དུ་སྡུག་སོ་རྣམས་རིགས་ལྡན་དང་ཎཱའི་འགྲུས ་ངག་གིས་དགོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གཤིན་རྗེ་ཡི་དགས་དེ་བཞིན་ཏེ་ཞེས་བྱ་བ་འོང་ཤིན་རྗེ་ནི་འཁྲུལ་འཁོར་ཡང་དུ་སྔགས་གཤི་ནི་རྗེའི་དཀྲུགས་པ་ལྔར་བཀོད་པའོ།། ཡི་དགས་ནི་ཡི་དགེས་ཀྱི་ཚུལ་ཏུའོ།། དེ་བཞིན་དུ་རོ་ལངས་བྱུང ་ནི་རོ་ལངས་ཟུང་གི་ཚུལ་དུ་བྲིས་པའོ།། སྲིན་པོ་ནི་སྲིན་པོ་ལྟར་རྣམ་པར་གཙིགས་པའི་ཕྱིར་རོ།། དེ་ནས་རིམ་དང་ཕྱི་རོལ་རིམ་ཞེས་བྱ་བ་ནི་ཕྱི་རོལ་དང་སྙིང་པོའི་རི་མོ་དག་གོ།། ངེས་འཇོམས་སྒོ་དང་སྟོང་པ་དང་ཞེས་བྱ་བ་ལ་སྟོང་པ་ནི་ཕྱི་རོལ་པདྨའི་རི ་མེའོ།། གྲཝའི་མཐའ་ནི་རྡོ་རྗེ་ལྡན་ཞེས་བྱ་བ་ནི་གྲཝ་རྣམསུ་རྡོ་རྗེས་མཚན་པའོ།། སྔགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའོ།། ཁྱད་པར་བྱས་ཞེས་བྱ་བ་ལ་འཁྲུལ་འཁོར་ནི་གཉིས་ཏེ། ཡི་གེའི་གནས་དང་། སྔགས་ཧྲི ་བའི་འཁྲུལ་འཁོར་རོ།། དེ་ལ་ཁྱད་པར་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་ལ་སྔགས་ཀྱི་ཕྲེང་བ་དེ་བྲི་བས་ཁྱད་པར་དུ་བྱས་པའོ།། འཁྲུལ་འཁོར་ཆེན་པོ་བཅུ་གོཉིས་ནི་ལེའུ་གཞན་ལས་གསུངས་པའི་བཅིང་བ་དང་། རྨོངས་པ་དང་། རྨུགས ་པ་དང་། གནོད་པ་དང་། གཞོམ་པ་དང་། ཉེས་བྱེད་དང་། བསྐྲད་པ་དང་། བསད་པ་དང་། ཞི་བ་དང་། རྒྱས་པ་དང་། དབང་དང་། དགུག་པའི་མཚན་ཉིད་ཀྱིས་ལས་རྣམས་ཀྱི་བྱེ་བས་དེ་དག་སྒྲུབ་པར་བྱེད་པའི་འཁྲུལ་འཁོར་བཅུ་གཉིས་ཡིན་ནོ།། ཉེ ་བར་མཚོན་པ་འདིས་གཞན་དག་ཀྱང་ཤེས་པར་བྱ་སྟེ། དེ་ཉིད་ཀྱིས་ན་རིམ་པ་དེ་བཞིན་བརྗོད་པ་ཡིན་ཞེས་སོ།། ཡི་གེའི་གནས་ཀྱི་འཁྲུལ་འཁོར་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པོ་ལ་ཚད་ལྡན་ཞེས་བྱ་བ་ནི་ཡི་གའི་གྲངས་ཀྱི་ཚད ་དང་ལྡན་པ་སྟེ་ལྷག་ཆད་མེད་པའོ།། དེ་ཉིད་ཀྱིས་ན་རེའུ་མིག་བཞི་བཅུ་དཀུར་ལྡན་པ་ཞེས་བྱ་བ་གསུངས་ཏེ། རེ་མིག་ནི་རེའུ་ཎའོ།། བཞི་བཅུ་དགུ་ནི་གྲངས་ཏེ་ལྔ་བཅུར་གཅིག་གིས་མ་ཚང་བར་བྲི་བའོ།། སྔགས་པོ་ཞེས་བྱ་བ་ནི་རིག་པ་ཟློས་པ། ་པོའོ།། མཉམ་པར་གཞག་པ་པོ་ནི་ལྷའི་རྣལ་འབྱོར་ཅན་ནོ།། དང་པོ་ནི་ཕྲེང་བ་གཉིས་ཞེས་བྱ་བ་ནི་རེའུ་མིག་བདུན་བདུན་པའི་ཕྲེང་བ་དང་པོ་གཉིས་སོ།། མཆོག་ནི་ཕྲེང་བ་གསུམ་པའི་རེའུ་མིག་གཉིས་སོ།། ཨ་ལ་སོགས་པ་ན ་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ།། ལྷག་མ་ནི་གོ་སླའོ།། དབུས་ཀྱི་རི་མིག་སྟོང་པ་ལ་ཞེས་བྱ་བ་ནི་ཕྱོགས་མཚམས་ཀུན་ཏུ་རེའི་མིག་གསུམ་གསུམ་བོར་བའི་དབུས་མ་གང་ཡིན་པ་ནི་སྟོང་པའི་རེའུ་མིག་སྟེ་དུར་བྲིས་ཞེས་བྱ་བ་དང་འབྲེལ་ཏོ།། ་ཅི་ཞིག་ཅེ་ན། ཀ་ཤ་ཞེས་བྱ་བ་དེ་ཀྵིའོ།། ཡང་ཅི་ཞིག་ཅེ་ན། པ་ཞེས་བྱ་བ་སྟེ། ཀྵའི་དབུས་སུ་པ་བྲིའོ།། འཁོར་ལོ་རི་མོ་གཉིས་བསྐོར་ལ་ཞེས་བྱ་བ་ནི་དེའི་འོག་ཏུ་ཕྱི་རོལ་རི་མོ་གཉིས་ཀྱིས་བསྐོར་བའོ།། དེའི་ཕྱི་རོལ་དུ་ནི་པདྨ་འོད་བ་མ་བརྒྱད་པ་སྟེ། ་དེ་ཉིད་ཀྱིས་ན་ཕྱི་རོལ་ལོ་ཞེས་བྱ་བ་ལ་སོགས་པའོ།། དེ་ཡང་ཕྱི་རོལ་ཏུ་གྲུ་བྷཉྫི་པ་བྲིས་ཏེ། དེ་ཡང་འོག་ནས་སླར་ཡང་ཕྱི་རོལ་གྲུ་བཞི་པ་ཞེས་བྱ་བ་གསུངས་པའི་ཕྱིར་རོ།། ད་ནི་རེའུ་མིག་བཞི་བཅུ་རྩ་བཞི་དགུ་པའི་ཕྱིར་རོལ་ཏུ་ཡི་གེ་རྣམས ་དགོད་པ་གསུངས་པ། རི་མོའི་བར་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལཾ། རི་མོ་གཉིས་པོ་བསྐོར་བའི་བར་དུའོ།། འཕེལ་བ་ལ་སོགས་པ་ཞེས་བྱ་བ་ནཱི་མ་ནིང་གྲི་ཡི་གེ་བཞི་མ་གཏོགས་པ་དབྱངས་ཀྱི་ཡི་གེ་བཅུ་གཉིས་རིམ་བཞིན་དུ་བྲི་བར ་དབང་པོར་ཀ་ཞེས་བྱ་བ་ལ་དབང་པོའི་ཕྱོགས་ནི་དབང་པོ་སྟེ་དབང་པོའི་ཕྱོགས་ན་གནས་པའི་པདྨའི་འདབ་མ་ལ་ཡང་དེ་སྐད་ཅེས་བྱའོ།། ཀ་ཞེས་བྱ་བ་ནི་དེར་ཀ་བྲི་བའོ།། ལུས་ངན་ལ་སོགས་པོ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱ་སྟེ། དེས་ན་བྱང ་ཕྱོགས་དང་ནུབ་ཕྱོགས་དང་ལྕེ་ཕྱོགས་རྣམས་ཀྱི་འདྲང་མ་ལཱ་ཙ་དང་ཊ་དང་ཧ་ཏ་རྣམས་བྲི་བའོ།། དེ་ཉིད་ཀྱི་ཕྱིར་པ་ནི་དབུ་མ་སྟེ། ཀཱ་ལ་སོགས་པ་ཕྱོགས་བཞིན་གནས་པའི་དབུས་སུ་གནས་པའི་ཕྱིར་རོ།། ཀ་ལ་སོགས་པ་ནི་ཉེ་བར་མཚོན་པ་སྟེ། མན ་དག་གིས་ན་སྡེ་ཚན་ཐམས་ཅད་བཟུང་བར་བྱའོ།། དེ་ལྟར་ཞེས་བྱ་བ་ཡང་ར་ལ་ཝ་དགོད་ཅེས་བྱ་བ་ལ། དེ་ལྟར་ཞེས་བྱ་བ་ནི་རིམ་པ་དེ་ལྟར་དོ་རླུ་མཚམས་ཀྱི་འདབ་ལ་ལ་ནཾ་ཡའོ། མེ་མཚམས་སུ་ནི་རའོ།། དབང་ལྡན་གྱི་མཚམས་སུ་ནི་ལའོ།། ་བདེན་བྲལ་དུ་ནི་ཝའོ།། དེ་དག་ཅི་ཞིག་ཅེ་ནི། རླུང་དང་མེ་དང་དབང་ཆེན་ཆུ་ཞེས་བྱ་བ་སྟེ། རླུང་ལོ་སོགས་པའི་དཀྱིལ་འཁོར་རྣམས་ཀྱི་ས་བོན་དུ་གྱུར་པའོ།། འདི་ཉིད་ཀྱིས་ན་འབྱུང་བ་ཆེན་པོའི་ཁམས་ཞེས་བྱ་བ་ཞེས་གསུངས་ཏེ། ཆུའི་ས་བོན་ནི། ་ཝའོ།། སའི་ནི་ལའོ།། མེའི་ནི་རའོ།། རླུང་གི་ནི་ཡའོ།། རླུང་དང་མེ་དང་བདུད་རྩིའོ་ཞེས་བྱ་བ་ལ་རླུང་ནི་ཧ་སྟེ། ཕྱི་རོལ་གྲུ་བཞིའི་རུང་མཚམ་སུ་བྲི་བར་བྱའོ།། མི་ནརྀ་གཤིནྡ་རྗེ་བསྟན། མ་ནི་ཤ་སྟེ་དེ་ཡང་མེ་མཚམ་སུ་དགོད་དོ།། བདུད་རྩི་ནཱི་ཥསྠཱ ་དབང་ལྡན་དུའོ།། ཌོ་ནི་ས་སྟེ་བདེན་བྲལ་དུའོ།། དེ་ཉིད་གསུངས་པ། གཤིན་རྗེ་འཇོམས་མོ་ལ་སོགས་པ་ཏཾ། ཤྲྀ་ཥ་ས་ཧཱ་རཱ་བསྟན་པ་དགོད་ཅེས་བྱ་བོ་ལ་འདིར་རིམ་པ་བཞིན་དུ་མ་ཡིན་ནོ།། འོ་ན་ཅི་ཞེ་ན། ཤ་ནི་གཤིན་རྗེ་བརྟན་མའོ།། ཥ་ནི་གཤིན ་རྗེརྗེརྡོ་ཉ་མོའོ།། ས་ནི་གཤིན་རྫ་མཆེ་བ་ཅན་མའོ།། ཧ་ནི་གཤིན་རྗེ་འཇོམས་མ་སྟེ། དང་ཞེས་བྱ་བ་ནི་བསྡུ་བ་ཡིན་ནོ།། ཅི་ཞིག་ཅེ་ན། རླུང་དང་མེ་ཞེས་བྱ་བ་ལ་སོགས་པའི་རྣམ་གྲངས་ཏེ། ཤར་ལ་སོགས་པ་འདི་དག་གཤིན་རྗེ་འཇོམས་མ་ལ ་སོགས་པའི་བརྡས་བསྟན་པར་མ་ཟད་ཀྱི། རླུང་ལ་སོགས་པའི་བརྡངས་ཀྱང་ངོ་།། རི་རཱི་ལི་ལཱྀ་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་མཱ་ནིང་གི་མིང་ཅན་བཞིའོ།། སྒོ་བཞི་རུ་ནི་དགོད་པར་བྱ་ཞེས་བྱ་བ་ནི་ཤར་ལ་སོགས་པའི་སྒོ་གཡོན ་སྐོར་གྱིས་བྲི་བའོ།། ཆོ་གའི་སྦྱོར་བ་དེ་ལྟ་བུས་ཞེས་བྱ་བ་ལ་ཆོ་ག་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་རེའུ་མིག་བཞི་བཅུ་རྩ་དགུ་ནས་གྲུ་བཞིའི་བར་གྱི་ཆོ་ག་བྱའོ།། སྦྱོར་བ་ནི་དར་ཨ་ལ་སོགས་པའི་དང་ཀ་ལ་སོགས་པའི་ཡི་གེ་བཞི་བཅུ ་རྩིརྩེ་དགུ་བཀོད་པའོ།། དེ་ལྟ་བུ་ནི་འདྲ་བ་སྟེ་སྔགས་ཀྱི་འཁྲུལ་འཁོར་གཉིས་པ་ཡང་ཐམས་ཅད་དེ་དང་འདྲ་བར་བྲི་བ་ལསྟེ་ཁྱད་པར་དུ་སྔགས་ཀྱི་རྒྱལ་པོ་དགོད་པའོ།། དེ་ཉིད་གསུངས་པ། འབུགས་པ་ཞེས་བྱ་བ་ལ་སོགས་པ་ལ། འདིས་ནི་རྣམ ་བར་སྣང་མཛད་བཏུ་བ་བསྟན་ཏེ། འབུགས་པ་ནི་ཨོའོ།། རྨི་ལམ་ནི་ཨཾ་ངོ་།། ཟླ་ཚེས་ནི་གྲགས་པར་ཟད་དེ། བསྡུས་པས་ཨོཾ་ཞེས་བྱ་བར་འགྱུར་རོ།། དང་པོ་ནི་སྔགས་ཀྱི་འཁྲུལ་འཁོར་གྱི་རེའུ་མིག་དང་པོའོ།། གཉིས་པ་ཡང་སྔགས ་འཁྲུལ་འཁོར་གྱི་རེའུ་གཉིས་པ་སྟེ། འོག་ནས་འབྱུང་བ་གཞན་དག་ཏུ་ཡང་འདི་ལྟར་བལྟའོ།། བདེན་བྲལ་གྱི་ཕྱི་རོལ་ཞེས་བྱ་བ་ནི་ཡི་གེའི་གནས་ཀྱི་འཁྲུལ་འཁོར་གྱི་ཕྱི་རོལ་གྲུ་བཞི་དངོན་བྲལ་གྱི་ཕྱོགས་ལ་བྱ་སྟེ། དེ་ཡང་འདིར་ཡི་གེ ་ས་ཡན་ཏེ། དེ་དག་ན་གནས་པའི་ཕྱིར་རོ།། འདི་ཡང་འོག་ནས་འབྱུང་བ་གཞན་དག་དག་ལ་ཡང་དག་བལྟ་བར་བྱའོ།། རུ་སྠ་ལོ་ཞེས་བྱ་བ་ནི་ཨུའོ།། བསྡུས་པས་སུ་ཞེས་བྱ་བར་འགྱུར་རོ།། རེའུ་མིག་གསུམ་པ་ལོ་གནས་པ་ཞེས་བྱ་བ་ནི ་དེ་བཞིན་གཤེགས་དུ་སྔགས་ཀྱི་རེའུ་མིག་གསུམ་པ་ལ་གནས་པ་སྟེ། ཅི་ཞིག་སྡེ་ན། དབུ་མའི་ནི་མཐའ་མ་བཟུང་ཞེས་བྱ་བ་ཡི་གེ་མ་དང་དེ་ཉིད་ཀྱི་ཞེས་བྱ་བ་དབུ་མའི་སྡེ་ཚན་ཏ་དེའི་བཞི་པ་བྷའོ།། བསྡུས་པས་སུམྦ་ཞེས་བྱ་བར་འགྱུར་རོ།། ་མིག་བཞི་པར་གནས་ཞེས་བྱ་བ་ཡང་སྔ་མ་བཞིན་ནོ།། ལྷོ་མཐའ་ཞེས་བྱ་བ་ནི། ཏྲའི་སྡེ་པའི་མཐའ་མ་ནའོ།། བཟང་པོ་ནི་ཨེའོ།། བསྡུས་པས་ནི་ཞེས་བྱ་བའོ།། རེའུ་མིགེ་ལྔ་པ་ཞེས་བྱ་བ་ལ་སོགས་པས་ནི་ཡང་སུ་ཞེས་བྱ་བར་འགྱུར་རོ།། དྲུག ་བ་ཞེས་བྱ་པ་ལ་སོགས་པས་ཀྱང་མཱ་ཞེས་བྱ་བར་འགྱུར་རོ།། བདུན་པ་ཞེས་བྱ་བ་ལ་སོགས་པ་ནི་ཧཱུཾ་ངོ་།། བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་ཡའོ།། རེའུ་མིག་ལ་གནས་ཞེས་བྱ་བ་ནཱི་རའུ་མིག་གཉིད་ཀྱི་བརྡའོ།། དགུ་པ་ཞེས་བྱ་བ་ལ་སོགས་པ ་ལ། དང་པོའི་གསུམ་པ་ནི་གྲཝའོ།། མཾ་ནིང་གཽ་དང་པོ་ནིརེའོ།། སྟན་དུ་བྱ་བ་ནི་དེའི་འོག་ཏུ་སྦྱར་བའོ།། བཅུ་པ་ཞེས་བྱ་བ་ལ་སོགས་པ་ནི་ཏཱ་ཞེས་བྱ་བའོ།། ཉི་ཤུ་རྩ་གཅིག་པ་ཞེས་བྱ་བོ་ནི་ཡི་གེ་པ་སྟེ། བཅུ་གཅིག་པ་ལ་དགོད་པ་ནི་བྲི་བའོ།། བཅུ་གཉིས ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་ཡའོ།། བཅུ་གསུམ་ཞེས་བྱ་བ་ལ་སོགས་པས་ཀྱང་སླར་ཧཱུཾ་གཟུང་ངོ་།། བཅུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། དེས་ཞེས་བྱ་བ་ནི་ཧཱུཾ་ཉིད་ཀྱིས་སོ།། བཅཝོ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་སླར་ཡང་བའོ།། བཅུ་དྲུག ་པ་ལ་སོགས་པ་ནི་ནའོ།། བཅོ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་དྱའོ།། བཅུ་དགུ་པ་ཞེས་བྱ་བ་ལ་སོགས་པ་ལ་མེ་ནི་རའོ།། བརྒྱན་པ་ནི་མཛེས་པ་སྟེར་ཞེས་བྱ་བོར་འགྱུར་རོ།། ཉི་ཤུ་པ་ཞེས་བྱ་བ་ལོ་སོགས་པ་ནི་སླར་ཡང་ཧཱུཾ་ངོ་།། ཉི་ཤུ་གཅིག ་བ་ཞེས་བྱ་བ་ལ་སོགས་པ་ནི་པའོ།། ཉི་ཤུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་ཧའོ།། ཉི་ཤུ་གསུམ་པ་ཞེས་བྱ་བ་ལ་སོགས་པ་ནི་གའོ།། ཉི་ཤུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ཨ་དང་བྲལ་བའི་ཕུཊ་སྟེ། ཡི་གེ་བྱེད ་མིན་ནོ།། ཉི་ཅུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་ཛའོ།། ཉི་ཤུ་བདུན་པ་ཞེས་བྱ་བ་ལ་སོགོས་པ་ནི་ངའོ།། ཉི་ཅུ་བརྒྱད་པ་ཞིས་བྱེ་བ་ལ་སོགས་པ་ནི་སླར་ཡང་\ུ0f7fསྟེ། སྣུམ་བཞིན་ནོ།། ཉི་སུཾ་དགུ་པ་ཞེས་བྱ་བ་ལ་སོགས་པནི་གྲོའི།། སུམ་ན་ས ་ཞེས་བྱ་བ་ལ་སོགས་པ་ནི་བྷོཥཱཾ་ཡང་ཕའོ།། སུམ་ཅུ་གཅིག་པ་ཞེས་བྱ་བ་ལ་སོགས་པ་ནི་སྒྲར་ཡང་ཕའོ།། སུམ་ཅུ་གཉིས་པ་ཞེས་བྱ་བ་ལ་སོགས་པ་ནི་སྨར་ཡང་ཧཱུ~ཾ་།། དེ་ཉིད་ཀྱིས་ཤེས་བྱ་བ་ནི་ཧཱུཾ་ཉིད་ཀྱིས་སོ།། སུམ་བཅུ་བཞི་པ་ཞེས་བྱ་བ་ལ་སོགས ་པ་ནི་སྒོར་ཡང་ཥ་སྟེ་ཕའི་ཐ་མ་ཡིན་པས་ཕྱེད་པའོ།། སུམ་བཅུ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སུམ་ཅུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ནི་ཨོཾ་མོ།། བཞི་བཅུ་གཉིས་པ་ཞེས་བྱ་བ་ལོ་སོགས་པཱ་ནི་གྲྀའོ།། བཞི་བཅུ་གསུམ་པ་ཞེས་བྱ་བ་ལ་སོགས ་པ་ནི་སླར་ཡང་ཊའོ།། བཞི་བཅུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ནི་སྒྲར་ཡོང་ཕྲའོ།། བཞི་བཅུ་ལྔ་པ་ཞེས་བྱ་བ་ལ་སོགས་པ་ནི་སྒོར་ཡང་ཧཱུཾ་ངོ་།། བཞི་བཅུ་དྲུག་པ་ཞེས་བྱ་བ་ལ་སོགས་པ་ཡོང་ཧཱུཾ་ཉིད་དོ།། བཞི་བཅུ་བདུན་པ་ཞེས་བྱ་བ་ལ་སོགས་པོ་ནི་ཧཱའོ།། བཞི ་བཅུ་བརྒྱད་པ་ཞེས་བྱ་བ་ལ་སོགས་པ་ནི་གྲོའོ།། བཞི་བཅུ་དགུ་པ་ཞེས་བྱ་བ་ནི་སླར་ཡང་དྷ་སྟེ། འདི་ནི་གློ་རིགས་ལྡན་གྱི་འགྲོས་ལྟར་སྔགས་ཀྱི་གྱུར་བཀོད་པས་རིགས་ལྡན་གྱི་འགྲོས་ཞེས་བྱ་བའི་འཁོར་ལོའོ།། དགྲ་རྣམས་ཐམས་ཅད་འཆི་བ་དང་ཞེས་བྱ ་ལ་སོགས་པ་ལ། ཡི་གེ་བཞི་བཅུ་རྩ་བརྒྱད་བཀོད་པའི་དབུས་ཀྱི་རེའུ་མིག་སྟོང་པ་ལ་ལྷས་བྱིན་བཾ་དྷ་མོ་ཧ་ཡ་ཞེས་པ་དགོད་པའོ།། འཁོར་ལོ་ཡང་འགྲོ་བ་ལ་སོགས་པ་ལ། ལས་དང་རྗེ་སུ་མཐུན་པའི་སྔགས་ཚས་གཉིས་བྲིས་ལ་ཁ་སྦྱར་ཏེ་རྗེ་སུ་མཐུན ་པའི་སྐུད་པས་བཅིངས་ནས་མུང་ཀ་ལ་སོགས་པ་དང་བཅས་པར་དུར་ཁྲོད་ཀྱི་ས་ལ་སོགས་པར་གཞག་ལ། ལས་ཀྱི་རྗེ་སུ་མཐུན་པའི་མཆོད་པས་ཆོ་ག་བཞིན་དུ་མཆོད་དེ། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པས་ང་རྒྱལ་བ་སྒྱིངས་ནས་སྔོགས་དེ་ཉིད་བཟླས ་པར་བྱའོ།། ཁང་པར་གྱིས་ཞེས་བྱ་བ་ནི་བསམ་པའི་ཁྱད་པར་གྱིས་ཏེ། སྒྲུབ་པ་པོའི་བསམ་པའི་ཁྱད་པར་གྱིས་ཞི་བ་ལ་སོགས་པ་ཡང་བྱ་བར་སྟོན་ཏོ།། གྲོལ་བ་ཞེས་བྱ་བ་ནི་ལྕགས་ཀྱི་ཐོ་བ་ལྟར་འཇོམས་པར་བྱེད་པས་སོ།། ཆོ་གའི་སྦྱོར་བ་ཞེས་བྱ་བ་ནི ་ལས་ཀྱི་རབ་ཏུ་སྦྱོར་བའོ།། ཁ་ཅོག་ན་རེ་འགའ་ན་ཞེས་བྱ་བ་ནི་ལས་མང་པོའི་ཚོགས་ལ་བྱའོ་ཞེས་ཟེར་རོ།། ད་ནི་སྲིན་པོའི་གདོད་དང་གཤོན་རྗེའི་དབྱུགས་པ་ལྟ་བུའི་འཁྲུལ་འཁོར་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། འདི་དག་ཀྱང ་རེའུ་མིག་བཞི་བཅུ་རྩ་དགུ་ལ་བྲི་བ་སྟེ། རེའུ་མིག་ལ་དང་པོ་ལ་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ།། བཅུ་ཅིག་པ་ལ་ཡི་གེ་དེ་ཞེས་བྱ་བ་ནི། དེ་བ་དཏྟ་ཛམྦྷ་ཡ་པ་ཏ་ཡ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་ལས་རྨོངས་པ་དང་། ལྟུང་བ་ལ་སོགས ་པའི་ལས་ཀྱི་བསྐུལ་བ་དང་། སྤེལ་བར་བྲིས་ཏེ་གཞན་དུ་ཡང་དེ་ལྟར་བལྟ་བར་བྱའོ།། འདི་ནི་ཞེས་བྱ་བ་ལ་སོགས་པ་ལ་ལས་རྣམས་ཐམས་ཅད་ཅེས་བྱ་བ་ནི་ཞི་བར་དང་སོགས་པའོ།། གནོན་པ་ནི་ཞེས་བྱ་བ་ནི་བརླག་པར་བྱེད་པའོ།། དྲི་མ་མེད་ཅེས་བྱ་བ་ནི ་ཧསྟྲཻ་རང་བྱུང་བའོ།། ཡང་ན་ནེ་ཀ་ལ་ཞེས་བྱ་བ་ཆ་ཤེས་མེད་པའོ།། ལྷག་མ་ནི་གོ་སྒྱུའོ།། བསྡུས་པས་ཧཱུཾ་ཞེས་བྱ་བར་འགྱུར་རོ།། རྡོ་རྗེ་ཡི་ནི་སྟང་ན་གནས་ཞེས་བྱ་བ་ལ་སོགས་པ་ལ། དྭེ་ནི་སྦྱངས་ནས་སུ་ཞེས་བྱ་བ་ནི་ཡང་ན་རྒྱུད ་རྡོ་རྗེ་དང་ཧཱུཾ་བྲི་བའོ།། འདི་དག་གིས་ནི་འདི་སྐད་དུ་དབུས་ཀྱི་རེའུ་མིག་སྟོང་པ་ལ་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྲིས་ལ་དེའི་སྐྱོང་གར་རྡོ་རྗེ་བྲིའོ།། དེའི་ལྟེ་བར་ནི་ཧཱུ~ཾ་ངོ་།། ཧཱུཾ་གི་ནི་བསྒྲུབ་པར་བྱ་བའི་མིང་བསྐུལ་ཚིག་དང་བཅས་པར་བྲིས་ལ ་དཔའ་བོ་ལ་སོགས་པའི་ཐོད་པ་ཁ་སྦྱར་བར་འཁྲུལ་འཁོར་ཁ་སྦྱར་བ་གཞག་ལ་དུར་ཁྲོད་ལ་སོགས་པའི་ས་ཕྱོགསུ་ཇི་ལྟ་བ་བཞིན་དུ་གཞག་སྟེ། དེ་ཉིད་བསྒྲུབ་པར་བྱ་བའི་ལུ་སེམས་ནས་ཁྲོ་བོའི་རྣལ་འབྱོར་ལ་གནས་ཏེ། སྔགས་སྦྲེལ་བ ་དང་བཅས་པར་ཟློས་ཤིང་། རང་གི་ལག་པ་གཡས་པར་ཧཱུཾ་ལོས་སྐྱེས་པའི་རྡོ་རྗེ་འབར་བར་བསམས་ནས་དེ་ལ་ཡང་དང་ཡང་དུ་འཇིག་པར་བསམས་ནའི་ཆི་བར་འགྱུར་རོ་ཞེས་སྟོན་ཏོ།། དཔའ་བོ་འབྲལ་གྱི་བུམ་པ་ལ་ཞེས་བྱ་བ་ནི་དཔའ་བོའི ་ཐོང་པ་རློན་པའོ།། བྲམ་ཟེའི་བུམ་པ་ཡང་བྲམ་ཟེའི་ཐོད་པའོ།། ཆོ་ག་བཞིན་དུ་བྲི་ཞེས་བྱ་བ་ནི་དར་དུག་ད་ཙི་ཏྲ་ཀཱའི་ཁུ་བ་ལ་སོགས་པས་བྲི་བའོ།། འབྱུང་པོ་ཀུན་གྱི་གཏོར་མཱ་ཞེས་བྱ་བ་ནི་ལས་ཐཱ་ལ་ས་ཙཱད་ལ་བལྟ་བར་བྱ་བྱའོ།། ད་ནི་རྟའི་འགྲོ ་ཀྱིས་དགོད་པ་དང་གཤིན་རྗེའི་དབྱུག་པ་ལྟ་བུའི་འཁྲུལ་འཁོར་གསུངས་པ། སླར་ཡོང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། ལྷ་མོ་ཞེས་བྱེ་བ་ལ་སོགས་པ་ལ་རྟ་དང་མ་ཧེའི་བུམ་པོ་ཞེས་བྱ་བ་ནི། དེ་ཉིད་ཀྱི་ཐོང་པ་སྷོ། དེར་ཡང་སྤེལ་ཅི ་དང་བཅས་པའི་སྔགས་བཟླས་པར་བྱའོ།། པཱ་ཡི་དགས་ཀྱི་གདོང་ལྟ་བུའི་འཁོར་ལོ་དགོད་པ་གསུངས་པ། འབུགས་པ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཀྱང་གོ་སླའོ།། འཁོར་ལོ་འདི་ནི་ལྷ་མོ་ཆེ། མཆོག་ཏུ་རྣོ་སྟེ་ཞེས་བྱ་བ་ནི། ཡི་གེའི ་གནས་ཀྱི་འཁོར་ལོ་ཡང་རྣོ་བ་སྟེ། ལས་ཐམས་ཅད་ལ་འཇོམས་པ་ཡིན་ནོ།། འབྱུང་པོའི་མཚན་མོ་ཞེས་བྱ་བ་ནི་མར་ངོའི་བཅུ་བཞི་ལའོ།། ལྷོ་ཕྱོགས་སུ་ཁཱ་བལྟས་པ་ནི་གཤིན་རྗེའི་ཕྱོགས་སུ་བསྡུས་པའོ།། དུག་ལ་སོགས་པ་ནི་དྲག ་ལས་ཀྱི་སྣག་ཚ་སྟེ། ཞི་བ་ལ་སོགས་པ་ལ་ནི་གཞན་ལས་འབྱུང་བ་ལྷུར་གྲོགས་ལ་སོགས་པའི་གཞི་ལྷོ་གོ་རོ་ཙནྡ་དང་། གུ་ཀུམ་ལ་སོགས་པས་ཀྱང་བྲི་བར་བྱའོ།། དམར་པོ་འམ་ན་སྔོན་པོའི་གོས་ཞེས་བྱ་བ་ལ་དབང་དང་དགུག་པའི ་ལས་ལ་ནི་གོས་དམར་པོ་བགོ་བར་བྱས་དྲག་པོའི་ལས་ལ་ནི་སྟོན་པོ་བགོའོ།། ཁྱད་པར་གྱི་ཞེས་བྱ་བ་ནི་ལས་ཀྱི་ཁད་པར་གྱི་སྟེ། རྒྱས་པ་དང་བཅིངས་པ་ལོ་ནི་སེར་པོ་བགོ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་བ་བྱའོ།། དྲག་པོའི ་ལས་ལ་གཤིན་རྗེ་ལ་སོགས་པའི་ཚུལ་དུ་བསྒོམས་པ་བསྟུན་པའི་ཕྱིར། བས་རྡོ་ལ་གཤིན་རྗེའི་རྒྱལ་པོ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། སྟོང་པ་ལ་སྟོང་པའི་པདྨོ་ཡིས་ཞེས་བྱ་བ་ལ། སྟོང་པ་ནི་ཡཽ་ག་ཌཱི་གནས་ཀྱི ་འཁྲུལ་འཁོར་རོ།། སྟོང་པའི་པདྨ་ནི་རི་མོ་གཉིས་ཀྱི་ཕྱི་རོལ་གྱི་པདྨའོ།། ངེས་པར་འཇོམས་པའི་གྲཝ་རུ་ནོ་ཞེས་བྱ་བ་ལ། ངེས་པར་འཇོམས་པ་ནི་བརླག་པར་བྱེད་པ་སྟེ། ཉེ་བར་མཚོན་པོ་འདིས་ལས་གཞན་དག་དང་འབྲེལ་བའི་འཁྲུལ ་འཁོར་ཡང་གཟུང་བར་བྱ་སྟེ། འཁྲུལ་འཁོར་དེ་དག་གི་པྲཱ་སྟེ། ཕྱི་རོལ་གྱི་སྣམ་བུ་ལ་སྔགས་ཕྱུང་སྟེ། ཀཨཱརྱ་ཀ་ར་ལ་སོགས་པ་དང་། དེ་བཞིན་ཕྲེང་སྟེ། རྡོ་རྗེ་མཁའ་འགྲོའི་སྙིང་པོ་དང་། ཉེ་བའི་སྣང་པོ་ལ་སོགས ་པབྱིའོ།། སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པ་ཞེས་བྱ་བ་ནི། སུམྦྷ་ནི་སུམྦྷ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་ཚིག་བཞིའོ།། འཁྲུལ་འཁོར་ཆེན་པོ་བཅུ་གཉིས་ནི་ཞེས་བྱ་བ་ནི་ལས་བཅུ་གཉིས་དང་འབྲལ་པའི་བྱེ་བྲག་གིས་སོ།། ་འདི་ནི་ཞེས་བྱ་བ་ནི་སྔགས་འདི་སྟེ། འཇིགས་བྱུང་མི་བཟོད་ཡིན་བྱ་བ་དང་འབྲེལ་ཏོ།། སུ་ཞིག་གི་ཞེ་ན། དྲག་པོའི་ལས་ཀུན་གྱི་ཞེས་བྱ་བ་སྟེ། བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པར་བྱེད་པའི་ལས་རྩུབ་མོ་ཅན་རྣམས་ཀྱི། ་དེ་ལྟ་མོད་ཀྱི་ཐམས་ཅད་དུ་བསད་པར་ནི་མི་བྱའོ།། འོན་ཀྱང་འཚོ་བྱ་ལ་ཐུག་གི་བར་དུ་ཚེར་བཅང་ནས་སླར་བཟློག་པར་བྱའོ།། གཏེར་མ་ལྔ་སོགས་པའི་ལས་ཀྱི་དུས་སུ་ཤ་རྣམས་ལ་ལོངས་སྤྱོད་པོ་བསྟན་པར་བྱ་བའི་ཕྱིར། ཡང་དག་ཆོ ་ག་གང་གིས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། སྲོག་གཅོད་པ་ལ་སོགས་པ་མ་གཏོགས་པར་ཤ་རྣམས་བསྒྲུབ་པ་བསྟན་པའི་ཕྱིར། ཕྱུགས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱུག་སོ་རྣམསོ་དགྲ་ནི་རྒྱུ་མཚན ་མེད་པས་གཞོམ་པོར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། རྒྱུ་མཚན་མེད་པ་ཞེས་བྱ་བ་ལ་རྒྱུ་མཚན་ནི་མཚོན་ཆའོ།། མེད་པ་ནི་དགག་པ་སྟེ་ཁ་ནོ་མ་ཐོ་བ་དང་བཅས་པ་སྤངས་པའི་དོན་ཏོ།། དེ་ཉིད་ཀྱིས་ནི་སྒྲུབ་པས་སྔར་བསྟན་རིམ་པར་བྱ་ཞེས ་བྱ་བ་གསུངས་སོ།། བཅོམཱ་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པར་རྙེད་པའོ།། གཉིས་པར་ན་དོན་དམ་པའི་ཆ་བསྟན་པ་ཡིན་ཏེ། ཕྱུགས་ཞེས་བྱ་བ་ནི་དོན་དམ་པར་རོ།། རྒྱུ་དང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། རྒྱུ་དང་འབྲས་བུ་དག་གཞོམ་པ་སྟེ ་མེད་པ་ཡིན་ནོ།། དེ་ཡང་འདི་ལྟར་ཚད་མ་དང་ལུང་གིས་རྣམ་པར་དཔྱད་ན་རྒྱུ་དང་འབྲས་བུ་དག་དོན་དམ་པར་མ་གྲུབ་པར་སྡེར་བསྟན་པ་ཡིན་ཏེ་རྒྱ་ཆེར་ཤེས་པར་བྱའོ།། དེ་ལྷོར་རིགས་པ་དང་ལུང་གིས་རྣམ་པར་དཔྱད་ན་རྒྱུ་དང་འབྲས་བུ་ལ ་སོགས་པ་རང་བཞིན་མེད་དུ་ཟིན་ཀྱང་ཉམསུ་མྱོང་བ་བཟློག་དཀའ་བོས་ཁམས་གསུམ་པོ་མ་ལུས་པ་རང་བཞིན་གྱི་སེམས་ཀྱི་སྣང་བ་ཙམ་དུ་གདོན་མི་ཟ་བར་ཤེས་པར་བྱའོ།། རྒྱུ་མཚན་ཞེས་བྱ་བ་ནི་བྱེད་པ་པོ་སྟེ། ཉེ་བར་མཚོན་པའི་དོན ་གྱིས་ན་བྱེད་པ་དང་བྱ་བ་གསུམ་བཅོམ་ནས་མི་དམིགས་པ་ཉིད་དུ་བྱ་བ་འདི་ནི་སྒྲོལ་བའི་ཆོ་ག་ཐམས་ཅད་ལ་བལྟ་བར་བྱའོ།། ཕྱུགས་རྣམ་དགུག་པ་ཞེས་བྱ་བ་ལ་དགུག་པ་ནི་རང་གི་གྲུབ་པའི་མཐའ་ལ་སྦྱར་བའོ།། གངྒཱ་ཞི་ན། སྒྲུབ ་པ་པོས་སྔར་བསྟན་རིམ་པས་ཞེས་བྱ་བ་སྟེ། ཞི་བ་དང་དྲག་པོའི་ལས་རྣམས་ཀྱིས་འོག་ནས་འབྱུང་བའི་ཕྱུགས་རྣམ་པ་ལྔ་ལ་སོགས་པ་བཏུལ་ཏེ་རང་གི་བསྟན་པ་ལ་གཟུང་བར་བྱའོ།། ཕྱོགས་རྣམ་དག་ནི་རྣམ་པ་ལྔ་ཞེས་བྱ་བ་ནི ་མ་དང་། སངས་རྒྱས་དང་ཆོས་དང་དོགེ་འདུན་ལ་གནོད་པར་བྱེད་པ་དག་དང་། དམ་པའི་ཆོས་སྨོད་པ་རྣམས།། ལྷག་མ་ནི་གོ་སླའོ།། ཞེས་བྱ་བ་ནི་འཁྲུལ་འཁོར་བསྟན་པ་ཡོངསུ་རྫོགསོ་པའོ།། འཁྲུལ་འཁོར་ཐམས་ཅད་ཅེས་བྱ་བོ་ནི་ཡི་གེ ་གནས་ལ་སོགས་པ་)། ཡཱ་འབྱུང་བ་ན་ཚིགས་སོ།། དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་ངས་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལུས་ལེའུ་དགུ་པའི་རྣམ་པ་བ ་པའོ།། ། ད་ནི་རླུང་གི་ཁོ་ན་ཉིད་ལ་སོགས་པའི་ལའུ་བསྟན་པར་བྱ་བའི་ཕྱིར། ཚེ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚེ་སྤེལ་བ་ནི་ཚེ་བསྲིང་བའོ།། རང་མེད་པ་ཉིད་དོ།། ཚེ་དང་ནང་མེད་པ་སྦྲེལ་བའི་ཕྱིར་དབུགས་ཀྱི་ལས་ལ་སོགས ་པའི་མཚན་ཉིད་བཤད་ཀྱི་ཉོན་ཅིག་ཅེས་བྱ་བ་ལ་སྦྱར་རོ།། བྱ་དང་བྱེ་མིན་ཞེས་བྱ་བ་མི་འབྱུང་བའི་མཚན་ཉིད་ཁྱད་པར་ཅན་ནོ།། བླ་མིན་ནི་འཇུག་པའི་མཚན་ཉིད་ཁྱད་པར་ཅན་ནོ།། སྦྱོར་བ་ནི་རླུང་ལ་སོགས་པའི་མཚན་ཉིད་དེ་གང་ལ་དབྱེ་བ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དབུགས་ནི་འབྱུང་བ་དང་འཇུག་པའི་རླུང་ངོ་།། དེའི་ལོས་ནི་འབྱུང་བ་དང་འཇུག་པ་ཉིད་དེ་མཚན་ཉིད་ནི་དེའི་རང་བཞིན་ནོ།། སྐལ་ཆེན་མ་ཞེས་བྱ་བ་ནི་ཡོན་ཏན་ཆེན་པོའི་སྐལ་བ་དང་ལྡན་པའི་པ་རི་རོ།། མཚན་ཉིད་དེ ་གསུངས་པ་ཉི་ཁྲི་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། ཁྲི་ཕྲག་གཉིས་དང་སྟོང་ཕྲག་གཅིག་དང་། བརྒྱ་ཕྲག་དྲུག་སྟེ་བརྒྱ་ཕྲག་དྲུག་དང་བཅས་པའི་སྟོང་ཕྲག་ཉི་ཤུ་རྩི་གཅིག་གོ།། ཙྭིའི་གྲངས་ཤེ་ན། དབུགས་རྣམས་ཀྱི་ཞེས་བྱ་བ་ད ་སྦྱར་ཏེ། དབུགས་འབྱུང་བའི་འོ།། ཇི་ཙམ་ཞིག་གི་ཞེ་ན། ཆུ་ཚོང་དྲུག་ཅུ་ཞེས་བྱ་བ་སྟེ། ཆུ་ཚོད་དྲུག་ཅུ་པོ་རྣམས་ཀྱང་ཉིན་མཚན་ཏེ། ཞག་གཅིག་གི་ཡིན་ནོ།། དེ་ལྟར་ན་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བརྒྱུ་བ་ཉིད་ལ་ཆུ་ཚོད་དྲུག་ཅུ ་དང་ཉིན་མཚོན་ཕྲུགས་གཅིག་ལ་སོགས་པ་བརྗོད་པ་ཡིན་ནོ།། ཉིན་མཚན་ཕྲུགས་གཅིག་པོ་གཅིག་ཁོ་ནར་མ་ཟད་ཀྱི་གཞན་དག་གི་ཡང་ཡིན་པར་བསྟན་པའི་ཕྱིར་རོ།། ལོ་རུ་ཞེས་བྱ་བ་གསུངས་ཏེ། གཉིས་པའི་དོན་གྱིས་བདུན་པ་ཡིན་ནོ།། ལོ ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། བསྐལ་པ་གྲངས་མེད་པའི་བར་དུ་ཡང་ཉིན་མཚན་གྱི་དབུགས་ཀྱི་གྲངས་ནི་དེ་སྐད་དུ་ཤེས་པར་བྱའོ།། འབྱུང་བ་ནི་དབུགསོ་ཕྱིར་འཕྲོ་བའོ།། འཇུག་པ་ནི་ནང་དུ་བསྡུད་པའོ།། བྱུང་བའི་མཚན་མས་བགྲང ་བར་བྱ་ཞེས་བྱ་བ་ནི་ཕྱིར་འགྲོ་བའི་དུས་སུ་ཡོན་ཏན་གྱིས་བརྩི་བར་བྱའོ།། བློ་དང་ལྡན་པ་ཞེས་བྱ་བ་ནི་བཤེས་གཉེན་ཅན་གྱིས་སོ།། འཇུག་པ་འབྱུང་ལ་ཐིམ་པོར་བྱ་ཞེས་བྱ་བ་ནི་བག་ལ་ཞི་བར་བྱ་བ་སྟེ། འཇུག་པ་དང་འབྱུང་བ་དང ་གཅིག་ཏུ་བྱས་ནས་འོཐུང་བའི་མཐར་བགྲང་བའོ།། གནས་བཅུ་གཉིས་ཞེས་བྱ་བ་ལ་གནས་བཅུ་གཉིས་ནི་ས་བཅུ་གཉིས་ཏེ། འདི་ལྷུར་ཕན་ཚུན་དུ་རིམ་པ་བཞིན་ཐིག་གོཉིས་གོཉིས་བཏབ་ལ་སྨར་ཡང་གྲཝ་བཞིན་ཐིགར་བཏབ་པ་སྟེ། དབུས་ཀྱི ་བ་མ་གཏོགས་པ་རེའུ་མིགེ་བཅུ་གཉིསུ་འགྱུར་རོ།། ཕྱི་རོལ་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྩིབས་ཏེ། དབུས་ལ་སོགས་པའི་མཚན་མ་རི་མོར་བྲིས་པའོ།། དེ་ལ་འཕེལ་བ་དང་ཆུ་སྲིན་ལ་ནི་ཆུ་ཚོད་གསུམ་གྱིའོ།། གཏི་མུག་དང་རུས་སྦལ་ལ་ནི་བཞི ་བང་པོ་དབང་དང་ཁྱུ་མཆོག་ལེ་ནི་ལྔའོ།། ཡུགས་སོ་མོ་དང་འདོད་པ་ལའང་ལྔའིའོ།། འབུགས་པ་དང་འཕྱོ་བ་ལ་ནི་དྲུག་གིའོ།། སྐྱེ་བ་དང་རྨི་ལམ་ལ་ནི་བདུན་རྒྱ་སྟེ། ཤཱར་ཕྱོགས་ཀྱི་རའི་རྒྱལ་ནི་གསུམ་མོ།། མེ་མཚམས་སུ་ནི་བཞིའོ།། ཡང་། ་མཚམསུ་ནི་ལྔའོ།། ལྷོ་ཕྱོགསུ་ནི་ལྔའོ།། བདེན་བྲལ་དུ་ནི་བཞིའོ།། ཡང་བདེན་བྲལ་དུ་གསུམ་མོ།། ནུབ་ཏུ་ནི་ལྔའོ།། རླུང་མཚམ་སུ་ནི་བདུན་ནོ།། ཡང་རླུང་མཚམས་སུ་དྲུག་གོ།། བྱུང་དུ་ཡང་དྲུག་གོ།། དབང་ལྡན་དུ་བདུན ་ད་ནོ།། ཡང་དབང་ལྡན་དུ་ལྔ་སྟེ། ཆུ་ཚོད་ཀྱི་གྲངས་དེ་དག་ཉིད་ལ་འཕེལ་བ་ལ་སོགས་པར་བརྗོད་པ་ཡིན་ནོ།། ཚེས་གྲངས་བྱེ་བྲག་ཅེས་བྱ་བ་ནི་ཟླ་བའི་གྲངས་དང་འཕེལ་བ་ལ་སོགས་པའི་ཚེས་གྲངས་ཀྱི་དབྱེ་བ་མཐུན་པར་བརྩིའོ།། དབྱངས ་ཀྱི་བྱེ་བྲག་ཅེས་བྱ་བ་ནི་མ་ནིང་གི་ཡི་གེ་སྦྱངས་པའི་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་པོ་ཉིད་གོ་རིམ་བཞིན་འཕེལ་བ་ལ་སོགས་པ་མིང་དུ་བརྗོད་པའོ།། གཟའ་དང་སྐར་མ་རྣམས་ཀྱི་རྒྱུ་བ་ནི་དེ་རྣམས་སོ་སོར་རྒྱུ་བའི་རྩིས་སོ།། དུག ་གི་དུས་ཞེས་བྱ་བ་ནི་མཆེ་བ་ལ་སོགས་པའི་དུག་གི་དུས་ཀྱི་དབྱེ་བ་བཅུ་གཉིས་སོ།། རིམ་པ་འདི་ཞེས་བྱ་བ་ནི་དེ་དག་རིམ་བཞིན་དུ་འཕེལ་བ་ལ་སོགས་པས་ཤེས་པར་བྱ་བ་འམ། རྩིས་གཞན་དག་ཅི་ཡོད་པ་ཐམས་ཅད་ཀྱང་རྩིས་འདིས་ཤེས་པར ་བྱའོ།། དཔྱིད་ཟླ་འབྲིང་པོ་ཞེས་བྱ་བ་ལ་མཆེ་བ་ལ་སོགས་པའི་དུས་སོགས་པ་ནི་དཔྱིད་ཟླ་འབྲིང་པོ་ནས་གཟུང་བའི་ཟླ་བ་རྣམས་ལ་ར་མི་བཞིན་དུ་རོ་ཧི་ཏ་ལ་སོགས་པར་ཤེས་པར་བྱའོ།། ཉི་མ་བྱུང་དུ་འགྲོ་བའི་དུས་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ལས ་དྲུག་སྟེ་ཉེ་བར་གཟུང་བ་ཡིན་ཏོ།། དཔྱིད་ཟླ་བ་ཆུང་གི་ཡ་མཚམས་ནས་སྟོན་ཟླ་འབྲིང་པོའི་བར་ཡིན་ནོ།། ལྷག་མ་ནི་གོ་སླའོ།། སྔ་དྲོ་ཞེས་བྱ་བ་ནི་ཐོ་རངས་ཀྱི་ངུས་ནས་རྩི་བར་བྱའོ།། ལྷག་མ་ནི་གོ་སླའོ།། འཕེལ་བའི་ཉི་མོ་ལ་ཞེས་བྱ་བ་ནི་འཕེལ་བའི་ཟླ ་བ་དང་། འཕེལ་བའི་ཚེས་དང་། འཕེལ་བའི་སྐད་ཅིག་དག་ལས་ཅི་སྟེ་གསུམ་ཀ་འཛོམ་པ་དང་། མ་འཛེམ་ན་ཡང་འཕེལ་བའི་སྐད་ཅིག་གཟུང་བར་བྱའི། ཟླ་བ་དང་ཆོས་ནི་མ་ཡིན་ཏེ། དེས་ན་གསུམ་ཀ་འཛོམ་པ་དང་། སྐད་ཅིག་དེ་ལས་སྐྱེས་པ་ནི ་ཇི་སྐད་བཤད་པའི་མཚན་ཉིད་དུ་གྱུར་གྱི་གཞན་ནི་མ་ཡིན་ནོ།། སྐད་ཅིག་དེ་ཡང་སྔར་བསྟན་པའི་ཆུ་ཚོད་ཀྱི་རི་མོས་ཤེས་པར་བྱའོ།། དེ་ཡང་འདི་ལྟར་ཞག་གཅིག་ལ་རྣམ་པ་བཅུ་གཉིས་འགྱུར་ཏེ། ཐོ་རངས་ཀྱི་ཆུ་ཚོད་གསུམ་ནི་འཕེལ་པོའོ།། དེ ་ནས་བཞི་ནི་གཏི་མུག་གོ།། དེའི་འོག་མ་ལྔ་ནི་བཟང་པོའོ།། ཁྱུ་མཆོག་གི་ཡང་དེ་བཞིན་ནོ།། དེ་ནས་བཞི་ནི་རུས་སྦལ་ལོ།། དེའི་འོག་མ་གསུམ་ནི་ཆུ་སྲིན་ནོ།། དེའི་འོག་མ་ལྔ་ནི་ཡུགས་ས་མོའོ།། དེའི་འོག་མ་བདུན་ནཱི་སྨེ་བའིའོ།། དེའི་འོག་མ་དྲུག་ནི ་འབུགས་པའིའོ།། འཕྱོ་བ་ནི་ཡང་དེ་བཞིན་ནོ།། དེའི་འོག་མ་བདུན་ནི་རྨི་ལམ་མོ།། དེའི་འོག་མ་སྔ་ནི་སའི་དབང་ཕྱུག་གོ།། དེ་ལ་འཕེལ་བ་ནི་ལུག་གོ།། གཏི་མུག་ནི་ཁྱུ་མཆོག་གོ། བཟང་པོ་ནི་འཁྲིག་པའོ།། ཁྱུ་མཆོག་ནི་ཀཱ་ར་ཏཱི་ཀའོ།། རུས་སཱ་ལ་ནཱི་སེངྒེའོ།། ་ཆུ་སྲིན་ནི་གཞོན་ནུ་མའོ།། ཡུགས་ས་མོ་ནཱི་སྲང་ངོ་།། སྐྱེ་བ་ནི་སྡིག་པའོ།། འབུགས་པ་ནི་གཞུའོ།། འཕྱོ་བ་ནི་ཆུ་སྲིན་ནོ།། རྨི་ལམ་ནི་བུམ་པའོ།། སའི་དབང་ཕྱུག་ནཱི་ཉྩིའོ།། དེ་ལ་ལུག་གི་ཆུ་ཚོད་གསུམཱ་ལ། ཐ་སྐར་དང་། བྲ་ཉེ་དང་། སྨན་དྲུག་གི་བཞིན ་གཅིག་སྟེ་དགུའོ།། དེའི་འོག་མ་ཁྱུ་མཆོག་གི་ཆུ་ཚོད་བཞི་ལ་སྨིན་དྲུག་བཞི་ཆ་གསུམ་དང་། སྣར་མ་དང་མགོའི་ཕྱེད་དོ།། དེའི་འོག་ཏུ་འཁྲིག་པའི་ཆུ་ཚོད་ལྔ་ལ་མགོའི་ཕྱེང་དང་། ལག་དང་ནབས་སོའི་བཞི་ཆེ་གསུམ་མོ།། དེའི་འོག་ཏུ་ཀ་ར་ཀ་ཌའི་ཆུ ་ཚོད་དེ་དང་འདྲ་བ་ལ་ནབས་སོའི་བཞི་ཆ་གཅིག་དང་རྒྱལ་དང་སྐྲག་གོ།། དེའི་འོག་ཏུ་སེངྒེའི་ཆུ་ཚོད་བཞི་ལ་མཆུ་དང་གྲེ་དང་དཔོའི་བཞི་ཆ་གཅིག་གོ།། དེའི་འོག་ཏུ་བུ་མོའི་ཆུ་ཚོད་གསུམ་ལ་དབོའི་བཞི་ཆ་གསུམ་དང་མེ་བཞི་དང ་ནིག་པའི་ཕྱེད་དོ།། དེའི་འོག་ཏུ་སྲང་གི་ཆུ་ཚོང་ལྔ་ལ་ནག་པ་ཕྱེད་དོ།། དེའི་འོག་ཏུ་སྲང་གི་ཆུ་ཚོད་ལྔ་ལ་གནས་པའི་ཕྱེད་དང་ས་ག་དང་སེ་རརིའི་བཞི་ཆ་གསུམ་མོ།། དེའི་འོག་ཏུ་སྡིག་པའི་ཆུ་ཚོད་བདུན་ལ་སྟ་གའི་བཞི་ཆུ་གཅིག་དང་ལྷ་མཚམས་དང ་སྣརོན་ནོ།། དྲོའི་འོག་ཏུ་གཞུའི་ཆུ་ཚོད་དྲུག་ལ་སྣེབས་དང་ཆུ་སྟོད་དང་། ཆུ་སྨད་ཀྱི་བཞི་ཚེ་གཅིག་གོ།། དེའི་འོག་ཏུ་ཆུ་སྲིན་གྱི་ཆུ་ཚོད་དེ་དང་འདྲ་བ་ལ་ཆུ་སྨད་གྱི་གཞི་ཆ་གསུམ་དེང་གྲོ་ཞུན་དང་། མོན་གྲུའི་ཕྱེད་དོ།། དེའི་འོག་ཏུ་བུམ་པའི་ཆུ་ཚོད་བདུན ་ལྕི་མོན་གྲུའི་ཕྱེད་དང་མོ་ནི་གྲེ་དང་ཁྲུམས་སྟོད་ཀྱི་ཆ་གསུམ་མོ།། དེ་ནས་ཉའི་ཆུ་ཚོད་ལྔ་ལ་ཁྲུམས་སྟོད་ཀྱི་ཆ་གཅིག་དང་ཁྲུམས་སྨད་དང་ནམ་གྲོའི།། དེ་ལྟར་ནཱ་ལུག་ལ་སོགས་པའི་ཉི་མ་རྣམས་ནི་སྐོར་མ་གསུམ་གསུམ་ལ་ལོངས་སྤྱོད ་པར་བལྟ་བར་བྱའོ།། ཤི་ཆང་དུ་མ་གྱུར་ན་ཞེས་བྱ་བ་ལ་ཆད་པ་ནི་དུས་མ་ཡིན་པར་འཆི་བ་སྟེ། ཉི་མ་དང་ཟླ་བ་དང་ལོ་དགུའི་བར་དུ་ཤི་ཆད་དུ་མ་གྱུར་ནའོ།། ཕྱུག་ཅིང་སྐལ་བཟང་བ་དང་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་བསྟན་པ་འདི ་དག་ཀྱང་འཕེལ་བའི་ཆུ་ཚེད་དང་པོ་ལ་ནི་མ་ཡིན་གྱི། གཉིས་པ་དང་གསུམ་པ་ཡོངསུ་རྫོགས་པ་ཡིན་པར་བལྟ་བར་བྱའོ།། དེ་ལྟར་འོག་ནས་འབྱུང་བ་ཐམས་ཅད་ལ་སྦྱར་རོ།། ལྕུག་མ་ནི་གོ་སླའོ།། སའི་དབང་ཕྱུག་གི་ཉི་མ་ལ་འཆི་བར་འགྱུར་རོ།། ་ཞེས་བྱ་བ་ནི། ལོ་བརྒྱད་ཅུ་རྩ་གཅིག་འདས་ནས་སུའི་དབང་ཕྱུག་གི་ཟླ་བ་དང་ཆོས་དང་སྐད་ཅིག་དེ་ལ་འཆི་བར་འགྱུར་ཏེ། ཐམས་ཅད་ལ་དེ་ལྟར་བལྟའོ།། སུའི་དཔུང་ཕྱུག་ཅེས་བྱ་བ་ནི་འདོད་པའོ།། འདིས་ནི་འཕེལ་བ་ལྔ་སོགས་པ་གཡོན ་སྐོར་དུ་དགོད་པའོ།། ཡང་ན་གཡོན་སྐོར་དུ་བརྩི་བའོ།། ལྷག་མྱོ་ནི་གོ་སླའོ།། ཆོས་ཤེས་བྱ་བ་ལ། ཆོས་ནི་མཐོ་རིས་དང་། བྱང་གྲོལ་གྱི་རྒྱུ་སྟེ་བསིད་ནམས་ཀྱི་ཆོས་སོ།། ཤེས་པ་ནི་བྱེད་པའོ།། མཁས་པ་ཞེས་བྱ་བ་ནི་རྟོག་གེ་དང་ལུང་ཤེས ་པའོ།། ཚངས་པར་སྤྱོད་ཅིང་ཞེས་བྱ་བ་ནི་ཆེང་དང་བུད་མེད་ལ་སོགས་པ་སྤོང་བའོ།། བཟོ་ཤེས་པ་དང་ཞེས་བྱ་བ་ནི་གླུ་དང་གྲར་དང་རོལ་མོའི་སྦྱོར་བ་ལ་མཁས་པའོ།། བསྟན་བཅོས་ཐམས་ཅད་རྒྱས་པར་འགྱུར་པོ་ཞེས་བྱ་བ་ལྔ། བསྟན ་བཅོས་ཐམས་ཅད་ནི་སྒྲའི་བསྟན་བཅོས་ལ་སོགས་པའོ།། རྒྱས་པ་ནི་དེ་དག་གི་སྦྱོར་བ་ལ་མཁས་པའོ།། ཐེ་ཚོམ་མེད་པ་ནི་བདེན་པའོ།། ཉི་མ་བཞི་འམ་ཞེས་བྱ་བ་ལ་སོགས་པ་ནི་ཤི་ཆང་དུ་མ་གྱུར་ན་ཞེས་བྱ་བ་དང་འབྲེལ་ཏོ།། ཚིག་རྩུབ་སྨྲ་བ ་ཞེས་བྱ་བ་ནི་ཚིག་བརླང་པོ་སླ་བ་སྟེ། གང་གིས་བརླང་པོ་སྨྲ་བར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། སྡིག་པའི་ལས་ལ་ནན་ཏན་བྱེད་པ་ཞེས་བྱ་བ་ནི་བརྣབ་སེམས་དང་གནོད་སེམས་དང་། ལོག་པར་ལྟ་བ་ཕུན་སུམ་ཚིགས་པ་དང་ལྡན་པའོ།། འཕྱར་བ ་ཞེས་བྱ་བ་ནི་མ་དཔྱད་པར་བྱེད་པའོ།། སེངྒེ་དང་འདྲ་བ་ཞེས་བྱ་བ་ནི་མཐོན་པོ་ལ་བརྟེན་པ་ཉིད་དང་། རང་གིས་བསྒྲུབས་པའི་ཡོ་བྱད་ལ་ལོངས་སྤྱོད་པའོ།། སྡུག་བསྔལ་མང་བ་ཞེས་བྱ་བ་ནི་ཐོག་མ་དབུལ་ཞིང་སྡུག་བསྔལ་བའོ།། ཡོ་བྱད་འཕེལ་ཞིང་ཞེས ་བ་ན་ཛན་ཚེ་སྦྲང་ལ་ཕྱུག་པོར་གྱུར་པ་སྟེ། དེ་ཉྀད་གསུངས་པ་ནོར་དང་ཕྱུགས་མང་ལ་ཞེས་བྱ་བ་ལ་ནོར་བུ་རྣམས་དང་ཕྱུགས་རྣམས་ཞེས་ཟླས་ཕྱེ་ནས་ཕྱིས་མང་བཞོགཅིག་ཏུ་མཚམས་སྦྱར་བ་འམ། ཡད་ནཱ་ནར་དུ ་གས་མྦྷ་དྲཱ་ཐཱ་ཀྴ་གྷ~ཾ་བྱཱ། ཧཱུ~ཾ་བྱ་རྗེས་ཀྱིས་ཞྀགས་ནི་སྤྲིད་ཅིག་གིས་ནི་རྡོ་། རྒྱས་ཀྱིའི་སེཾ་ས་སེམས་མེ་། མ་རྣམམ་ཚོགས་ལ་ཞེས་བྱེ་བན་རྣམས་ཀྱིས་འཇིགས་པ ་བའོ།། ཁེ་སྤོགས་ཀྱིས་འཚོ་བ་ནི་ཚོང་གིས་འཚེ་བའོ།། རྨོངས་པ་དང་སྡིག་པའི་བསམ་པ་དང་ལྡན་པ་ཞེས་བྱ་བ་ནི་རྨོངས་པ་ནི་སྒྲ་མི་མཁས་པའོ།། སྡིག་པའི་བསམ་པ་དང་ལྡན་པ་ནི་བྱ་བ་ངན་པ་ལ་འཇུག་པའི་བསམ་པ་ཅན ་མྱོ། ངང་ཚུལ་ངན་པ་ནི་སྤྲོ་ཐུངས་པའོ།། རང་གི་རིགས་བསྟོད་ཅིང་ཞུས་བྱ་བ་ནི་རིགས་མཐོན་པོར་སྐྱེ་བའོ།། བསྟོན་བཅོས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་རྒྱལ་ཁྲིམས་ལ་སོགས་པའི་ལུགས་ཀྱིས་བསྟན་བཅོས་ཕུན་སུམ ་ཚོགས་པའོ།། བཟློ་སྣ་ཚིགས་རིག་པ་ནི་གཪྵ་ལ་སོགས་པའི་བཟོ་སྣ་ཚོགས་ལ་མཁས་པའོ།། གཡོ་སྒྱུ་ཅན་ཞེས་བྱ་བ་ལ་གཡོ་དང་སྒྱུ་ནི་གཡོན་སྒྲ་སྟེ། དྲི་སུ་ལ་ཡོད་པ་དེ་ལ་ད་སྐད་ཙེས་བྱའོ།། བྱ་བ་ཐམས་ཅད་ཡང་བཾ་ཞེས ་བྱ་བ་ནི་དགོངས་སོ་ཅོག་གི་མྱུར་དུ་འགྲུབ་པའོ།། བདེ་བར་འཚོ་ཞེས་བྱི་བ་ནི་ཅུང་ཟད་ཀྱིས་བདེ་བ་རྙེད་པའོ།། རྒྱལ་པོའི་འཆང་པས་གཙོད་ཅིང་ཞེས་བྱ་བ་ནི་རྒྱལ་པོའི་ཁྲིམས་ལས་འདའ་ཞིང་ཆང་པོའི་གནས་སུ་འགྱུར་བའོ།། ངོར ་ཐབས་ཀྱི་བཟོ་ཞེས་བྱ་བ་ནི་རོལ་མོ་ལ་སོགས་པ་འཁྲུལ་འཁོར་གྱི་བཟོ་བའོ།། རྟག་ཏུ་སེམས་ཁྲལ་ཅན་ཞེས་བྱ་བ་ནི་རྟག་ཏུ་གཞན་གྱི་ཚད་ལ་ཞུགས་པའོ།། བུ་དང་ཆུང་མ་གསོད་པ་ཞེས་བྱ་བ་ནི་ཆུང་མ་བླངས་པ་དང་བུ་སྐྱེས་པ་རྣམ ་མྱུར་དུ་འཆི་བར་འགྱུར་ཞིང་རིང་དུ་མི་འཚོ་བའོ།། སེམས་ཆུང་བ་ནི་སེམས་སྲབ་པའོ།། བསམ་པ་ངན་པ་ནི་རྟག་ཏུ་སེམས་སྡུ་བའོ།། འཕེལ་བའི་ཉི་མ་ལ་ཞེས་བྱ་བ་ལ་སོགས་པས་ནི་སྐད་ཅིག་གང་ལ་ནད་ཀྱིས་ཟིན་པའི་དགེ་བོ་དང་སྡིག ་པའི་མཚན་ཉིད་བསྟན་པ་སྟེ་གོ་སླའོ།། དུག་བཟློག་པ་བཤད་པར་བཞེད་ནས་གསུངས་པ། གང་གྲི་ཞེས་བྱ་བ་ལ་སོགས་པ་ལ། གང་གི་མཚ་བས་མངོན་ཟོན་ན། འཆི་བདག་དང་ནི་མཉམ་པར་འགྲོགས་ཞེས་བྱ་བ་ནི་གསོར་མི་རུང་བ ་བསྟན་པ་ཡིན་ཏེ་ར་ཅན་བཞི་ལ་ཟིན་པ་དག་འཆི་བདག་གིས་སྒོར་གཞོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་རྣམས་ཞེས་བྱ་བ་ནཱི་རྣལ་འབྱོར་པ་རྣམསོ།། ཇི་ལྟར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་ཇི་ལྟར་བཀྲ་ཤིས་པོར་འགྱུར་བ་སྟེ། དེ་ཉིད ་གསུངས་པ། ཚྭ་དང་ནད་མེད་པའོ་ཅེས་བྱ་བ་ལྔ་སོགས་པ་ལ། ཚེ་ནི་སྲོག་གོ།། སྤེལ་བ་ནི་ཡུན་རིང་དུ་འཚོ་བའོ།། གཞིན་ལ་ཞེས་བྱ་བ་ནི་གསེར་རུང་བ་སྟེ་བརྒྱད་པོ་དག་ལའོ།། དུག་བསྡུ་བའི་ཆོ་ག་ཇི་ལྟར་སྦྱརས་ཞེས་བྱ་བར་འབྲལ་ཏོ།། དེ་ལ་དུས ་བསྡུ་བ་ནི་དུག་དབྲོག་པའོ།། སྦྱར་བ་ནི་ཏིང་ངེ་འཛིན་གྱི་མཚན་ཉིད་དོ།། དེ་དག་གིས་ནི་འདི་སྐད་དུ་བཀ་ཤིས་ཀྱི་དངོས་གྲུབ་ཚེ་དང་ནད་མེད་པ་སྦྲེལ་བ་དང་། ངག་གིས་ཟིན་པར་གསོར་རུང་བ་གཞན་དག་ལ་དུག་བསྡུ་བའི་ཚིག་ཇི་ལྟར་བགྱི་ཞེས ་གསོལ་བ་བཏབ་པ་སྟོན་ཏོ།། བཀའ་སྩལ་པ་ཞེས་བྱ་བ་ལ་སོགས་པ་ལ། ཆུའི་སྦྱིན་སྲེག་ཅེས་བྱ་བ་ནི་ཆུར་མཆོད་སྦྱིན་བྱ་བཱ་སྟེ། དེའི་ཆོ་ག་བྱ་བ་ཞེས་བྱ་བ་ལྷག་མ་ཡིན་ནོ།། དེ་ཉིད་གསུངས་པ། སའི་ཆ་ནི་ཞེས་བྱ་བ་ལ་སོགས ་པ་ལ། ཁ་དོག་དཀར་པོའི་དྲི་ནི་ཙནྡྲ་དཀར་པོ་ལ་སོགས་པའོ།། བྱུགོས་པ་ནི་ཁྲུ་བཞི་ཙམ་དུ་ཡ་པར་གྲུ་བཞི་པར་བྱུག་པ་སྟེ། གྲུ་བ་ནི་ཤིན་ཏུ་ཡངས་པར་བྱ་ཞེས་གསུངས་པའི་ཕྱིར་རོ།། རྩ་བ་ནཱག་པོ་ར་རཱི་མེད་ཅེས་བྱ་བ་ནི་ཞབས་བརྟན ་ཞིང་རི་མོ་སྔོན་པོ་དང་བྲལ་བ་སྟེ། དོན་གྱིས་ན་བུམ་པ་རྣམས་དཀར་པོར་བྱ་བ་ཡིན་ནོ།། སོགས་ཀྱིས་ནི་ལྷོ་ཆེ་བ་དང་མཆུ་འཕྱང་བ་ལ་སོགས་པ་བཟུང་ངོ་།། བུམ་པ་ཞེས་བྱ་བ་ནི་རོགས་ཀྱིས་ན་གཅིག་གི་ཚིག་ཏུ་བྱས་པ་ཡིན་ཏེ། དངོས་སུ ་ནཟླུམ་པ་དགུར་བལྟ་བར་བྱའོ།། ཆུ་ཡིས་བཀུང་ཞེས་བྱ་བ་ལ་ཕྱོགས་མཚམས་ཀྱིས་བུམ་པ་བརྒྱད་ནི་དྲྀ་ནིམ་པོའི་ཆུས་བཀང་ལ་དབུས་ཀྱི་བུམ་པ་བཞི་དྨའི་ཐབཱ་ཛ~ཾ་དྷཱ་གྷྲི་རྣམྦྷ་པ་ལྟ་བུས་ལུས་བྱས་པའི་བུམ་པཱ་ནི་དྲི་ཞིམ་པོའོ ་དང་འོ་མར་བསྲེས་པས་དགང་ངོ་།། ཆུ་ནི་ཉེ་བར་མཚོན་པ་སྟེ། ཤིང་གཱི་ལོ་མས་ཁ་བརྒྱན་པ་ལ་སྩོགས་པ་བྱུང་བར་བྱའོ།། དེ་ཡང་གསུངས་པ། དྲྀ་ཡི་ཆུས་ནཱི་རབ་བཀ་ཞིང་།། ཤིང་ལོས་ཁེ་ནི་བརྒྱན་པ་ཡིས།། བྱམ་པ་བརྒྱད་ནི་བཤམས་ནས་སུ ་ཕྱོགས་བརྒྱ་དེ་དག་ཏུ་བཞག་པར་བྱ།། དྲི་ཆུ་འོ་མས་བསྲེས་པ་ཡི། བུམ་པ་དགུ་པོ་དབུས་སུའོ།། ཞེས་སོ།། དེའི་དབུས་སུ་ཞེས་བྱ་བ་ནི་དབུས་དང་ཤ་རོ་ལ་སོགས་པའི་བུམ་པ་རྣམས་ཀྱི་ནང་དུའོ།། ལྷ་མོ་ཞེས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་ཏྲཾ ་མཁའ་འགྲོ་མ་ལ་སོགས་པའོ།། པདྨའི་ཕྲེང་བས་མཛེས་པར་བྱས་ཞེས་བྱ་བ་ནི་མགྲིན་པར་པདྨའི་ཕྲེང་བའོ།། གངས་དང་ཀུན་དུ་ཟླ་དང་འདྲ་བ་ཞེས་བཱ་བ་ནི་ལྷ་མོ་རྣམས་ཀྱི་ཁ་དོག་སྟེ་བསམ་པར་བྱ་ཞེས་པ་དང་འབྲེལ་ཏོ།། མཁའ་འགྲོ་མའི ་འཁོར་ལོ་ཞེས་བྱ་བ་ནི་དཀྱིལ་འཁོར་པོའི་ལྷ་སྟེ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པའོ།། དེ་དག་གིས་ནི་འདི་སྐད་དུ་སྒྲུབ་ཐབས་ཀྱི་རིམ་གྱིས་བདག་ཉིད་ཡེ་ཤེས་མཁའ་འགྲོ་མར་བྱས་ནས་དབུས་ཀྱི་བུམ་པའི་སྣོད་པ་ལ། ཨོཾ་ཀཱ་མ་ལ་བྷེ་སྭཱ་ཧཱ་ཞེས་བྱ ་པའི་སྔགས་པ་རྗོད་ཅིང་ལག་པ་གཡས་གཡོན་པདྨར་བསྐོར་བའི་ཕྱག་རྒྱ་བསྟན་པས་དེའི་ནང་དུ་པདྨའི་གདན་བསྐྱོད་ལ་དེར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་གི་ས་བོན་ལས་སྐྱེས་པའི་ཡེ་ཤེས་མཁའ་འགྲོ་མ་མདོག་དཀར་མོ་ཕྱག་གཉིས་པ་རྡོ་རྗེས ་མཚན་པའི་དབྱུག་པ་རྣམས་བརྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་སྟེང་ན་གདུགས་དཀར་པོ་ལྡིང་བ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་བསྒོམས་ལ་ཡེ་ཤེས་ཀྱི་སེམས་དཔའ་བཅུག་ནས་ལག་པ་གཉིས་ཁུ་ཚུར་བཅིངས་ཏེ་རྒྱ་བོ་སྤྲད་ལ་མཛུབ་མོ ་གཉིས་ལྕགས་སྒྲོག་ལྟར་བཅིངས་པའི་དམ་ཚིག་གི་ཕྱག་རྒྱ་བསྟན་ཅིང་ས་མ་ཡ་ཏིཥྛ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་བརྗོད་པར་བྱའོ།། ཤར་ཕྱོགས་ཀྱི་བུམ་པར་ནི་རྡོ་རྗེ་མཁའ་འགྲོ་མ་ས་བོན་སུཾ་གིས་བསྐྱེད་པར་བྱའོ།། བྱང་དུ་ནི་དྲག་མོ་སྟེ་ས་བོན ་ཀྵཾ་གིས་བསྐྱེད་དོ།། ནུབ་ཏུ་ནི་རོ་ལངས་མ་སྟེ་ས་བོན་ཡུཾ་གོས་བསྐྱེད་དོ།། ལྷོར་ནི་གཏུམ་མེ་སྟི་ས་བོན་ཧཱུ~ཾ་གིས་བསྐྱེད་དོ།། དབང་ལྡན་དུ་ནི་སེངྒ་སྟཽ་ས་བོན་སྐྲྀ་གིས་བསྐྱེད་དོ།། མེ་མཚམ་སུ་སྟག་མོ་སྟེ་ས་བོན་ཧཱུ~ཾ་གིས་བསྐྱེད་དོ།། བདེན་བྲལ་དུ་ལྕེ་སྦྱང ་མ་སྟེ་ས་བོན་གས་བསྐྱེད་དོ།། རླུང་མཚམས་སུ་ནི་འུག་པ་མོ་སྟྭཾ་ས་བོན་སྨྲྀ་གིས་བསྐྱེད་དོ།། དེ་དག་ཐམས་ཅད་ཀྱང་སྔ་མ་ལྟར་མདོག་དཀར་ཞིང་རྒྱུན་ཐམས་ཅད་ཀྱིས་བརྒྱན་པ་ལ་སོགས་པར་བསྒོམ་མོ།། ཡུ་དེ་ནས་སོ་སོར ་ཕྱག་རྒྱ་བསྟན་པར་བྱ་སྟེ། ཁག་ཡུགཡོན་པའི་ཁུ་ཚུར་སྙིང་གར་གན་རྒྱལ་དུ་བཞག་ལ། ཥཝཪྵཱ་པའི་ཁུ་ཚུར་དེའི་སྟེང་དུ་བཞག་པ་འདི་ནི་ཐུན་མོང་གི་དམ་ཚིག་གི་ཕྱག་རྒྱ་སྟེ། ཨོཾ་དྷྱཾ་ཧཱུ~ཾ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བརྗོད་དོ།། སྔགས་འདིས་ནི ་སྔོན་དུ་འབུམ་ཕྲག་གསུམ་དུ་བསྙེན་པ་བྱས་ནས་ལས་བརྩམ་པར་བྱའོ་ཞེས་མན་ངག་ལས་བཤད་དོ།། དེ་ནས་ཉེ་བའི་ལོངས་སྤྱོད་ཀྱི་གཏོར་མ་ལ་སོགས་པ་ཕུལ་ནས་སྔགས་དེ་ཉིད་ཀྱིས་མེ་ཏོག་དཀར་པོའི་ནང་དུ་དུར་བསར་པའི་རྩ་བ ་གཙུགས་ལ་སྔར་བསྟན་པའི་ཆུ་སྣོད་དུ་བསྒོམས་པའི་ཡེ་ཤེས་མཁའ་འགྲོ་མའི་རྡོ་རྗེའི་དབུ་རྒྱན་གྱི་རྩེ་མོར་བསྣུན་པའི་སྤྲིན་སྲོག་བྱས་ན་རྒྱས་པ་ལ་སོགས་པར་འགྱུར་རོ།། སྤྲིན་སྲེག་ཁྲི་ཡིས་ནི་ཚེ་འཕེལ་བར་འགྱུར་རོ།། ནཱ་ག་གེ་སར་གྱི ་ནི་སྲེག་ཁྲི་བྱིས་ན་ཡུལ་ཕྱོགས་ཞི་བར་འགྱུར་རོ།། ཐག་ཁུང་དེར་ཡེ་ཤེས་མཁའ་འགྲོ་མ་དོ་ཉིད་བསྒོམས་ནས་ཆུ་སྦྱོར་བརྒྱ་རྩ་བརྒྱང་རྒྱུན་དུ་ཕུལ་ན་ཡང་རྒྱས་པར་འགྱུར།། ད་ནི་དུག་གདོམ་པའི་ཆོ་ག་གསུངས་པ། བདུད་རྩི་ཆུ་རྒྱུན ་ཞེས་བྱ་བ་ལ་སོགས་པ་ལོ། སྔོན་དུ་བསྒྲུབ་པར་བྱ་བ་རྡོ་རྗེ་མཁའ་འགྲོ་མར་བསྒོམས་ཏེ། དུག་གིས་ཟིན་པའི་ཡན་ལོག་བརྒྱད་ལ་མཁའ་འགྲོ་མའི་ས་བོན་བརྒྱད་དགོད་པར་བྱའོ།། དེ་ལ་མགོ་བོར་ནི་ཀྵཾ། རྣ་བ་དང་སྣ་ངག་ལ་ན་ཡུ~ཾ། མིག ་གཉིས་ལ་ནཱི་ཧཱུཾ། ལྐོག་མར་ནི་སུཾ། མགྲིན་པར་ནི་སྟྭཾ། ཕྲག་གཉིས་ནི་ཧཱུཾ། སྙིང་གར་ནི་ཡྨྼ;ྻུཾ། ལྟེ་བར་ནི་ཀྐི་བསྒོམས་ཏེ། ས་བོན་དེ་དག་ཁ་དོག་སྣ་ཚོགས་ཡིན་དུ་ཟིན་ཀྱང་དུག་བསྡུ་བའི་སྐབསུ་ནི་ཐམས་ཅད་དཀར་པོར་བསམས་ལ་འོད་ཀྱིས་བདུད ་རྩིའི་ཆུ་རྒྱུན་གྱིས་བསྒྲུབ་བྱའི་ལུས་ལ་བཀྲུས་ཏེ། ཡུཾ་དུག་སེལ་བར་བསི་སུཾ་མོ།། དེ་ནས་ཡུ་ཡང་སྒྲུབ་པ་ཝ~ཾ་པོས་དུག་ནི་རང་གི་རྟོག་པ་ཙམ་དུ་བསམས་ནས་དེའི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཡི་གེ་ཧཱུཾ་ལས་བདུད་རྩིའི་ཆུ་རྒྱུན་འཛག་པར་བསྒོམ་མོ།། ་དེ་ནས་ཆུ་དང་འོ་མ་བསྲོས་པས་བཀང་བའི་ནང་དུ་པདྨ་དཀར་པོ་འདབ་བརྒྱད་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་སུམ་ལས་རྡོ་རྗེ་མཁའ་འགྲོ་མ་མདོག་དཀར་མོ་གདུགས་དཀར་པོ་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ནི་ཁ་ཊྭཱཾ ་ག་དང་ཐོད་པ་བསྣམས་ཤིང་པདྨའི་འདབ་མ་བརྒྱད་ལི་ཀླུ་ཆེན་པོ་བརྒྱད་གནས་པའི་མགོ་ཟླ་བའི་དཀྱིལ་འཁོར་གྱི་གདན་འོག་ཏུ་བཅུག་ནས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པར་བསྒོམ་མོ།། དེ་ལ་ཤར་དུ་ནི་ནོར་རྒྱས་ཀྱི་བུ་དཀར་པོའོ།། ་བྱང་གིས་ནི་འཇོག་པོ་སེར་པོའོ།། ནུབ་ཏུ་ནི་སྟོབས་ཀྱིས་རྒྱུ་བ་དམར་པོའོ།། ལྷོར་ནི་པདྨ་སྔོན་པོའོ།། དབང་ལྡན་དུ་ནི་པདྨ་ཆེན་པོ་དཀར་སྟེར་རོ།། མེ་མཚམས་སུ་ནི་དུང་སྐྱོང་སེར་ནག་གོ།། བདེན་བྲལ་དུ་ནི་རིགས་ལྡན་དམར་ནག་གོ།། རླུང་མཚམས ་སུ་ནི་ཧུ་ལུན་ད་སེར་དམར་ཏེ། དེར་མཆོད་པ་ལ་སོགས་པ་བྱས་ལ་རྨ་བྱའི་སྒོའི་ཆུན་བུ་ལ། ཨོཾ་ཧྲི་ཏ་ཌན་ད་ར་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་མངོན་པར་བཟློས་ནས། བསྒྲ་བྱའི་མགོ་ནས་རྐང་པའི་བར་དུ་བྱ་བ་ཅིང་བུམ་པའི་ཆུ་སྨུག་གོ།། ་རླུང་མཚམ་སུ་ནི་ཧུ་ལུན་དཱ་སཻརྱཱ་ང་མར་ཏེ། དྭེར་མཆོད་པ་ལ་སོགས་པ་བྱས་ལ་རྨ་བྱའི་སྡེའི་ཆུན་བུ་ལ། ཨོཾ་ཧྲི་ཏ་སྔགས་འདིས་ནི་སྔོན་དུ་བསྙེན་པ་གསུམ་འབུམ་བྱས་ནས་ལས་བརྩམ་མོ་ཞེས་བཤང་ངོ་།། དེ་ནས་ཅི་སྟེ་འོ ་དུག་ལ་བྱབ་པའི་ཚེ་ནི་མིང་དང་སྤེལ་བར་བྱ་སྟེ། ཨོཾ་པཱ་སུ་ཀི་ཧྲི་ཏ་ཌན་ང་ར་ཆེ་གེ་མོ་ནི་རི་བ་བཽཤིཾ་ཀུ་རུ་ཧཱུཾ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཟླས་ཤིང་བྱབ་བོ།། དེ་ལྟར་ཀླུ་གཞན་གང་དག་གི་སྔགས་སྤེལ་བ་ཡང་བལྟ་བར་བྱའོ།། དེ་ནས་ཅི་སྟེ་འོ་མ་ནག ་བོཔོར་གྱུར་ན། མེ་ཏོག་དཀར་པོ་དང་ཡུངསཽ་ཀར་དཀར་པོ་དང་། ཙཏྤ་དཀར་པོ་ལ་སྔགས་ཐམས་ཅད་མངོན་པར་པར་བཟླས་ནས་སྙིང་གར་བརྡེག་པར་བྱའོ།། སླར་ཡང་བདུག་པས་བྱ་ཞེས་བ་བ་ནི་དེ་ནས་དབབ་པའི་ཕྱིར་ཡུངས་ཀར་དཀར་པོ་ལ་སོགས་པས ་བདུག་པ་དེ་དག་ཉིད་ཀྱིས་བདུགས་ན་འདར་ཞིང་ཡན་ལྷག་བསྐྱོད་ལ་མིག་འབྱུང་པར་གྱུར་པ་དང་། དེ་ནས་ཧཱུཾ་ཞེས་བྱ་བས་རྣམ་པར་ཤེས་པ་བསྡམས་ན་དུག་མེད་པར་འ་གྱུར་རོ།། དེཔྱིད་ཟླ་འབྲིང་སོགས་རིམི་བཞིན་དུ་ཞེས་བྱ་བ་ལ་འཕེལ་བ ་ལ་སོགས་པ་དང་། དཔྱིད་ཟླ་འབྲིང་པོ་ལ་སོགས་པ་རིམ་པ་ཞན་དུ་སྦྱོར་བའོ།། ཉི་མ་བྱུང་དུ་འགྲོ་བའི་ཚེ་ཞེས་བྱ་བ་ནི་དཔྱིང་ཟླ་འབྲིང་པོ་དེ་ཉིད་ནས་བམས་ནས་ཉི་མཱི་བྱང་དུ་འགྲོ་བ་ཡིན་ལ་དེ་ཉིད་ནི་ལོའི་དང་པོ་དང་དུས་ཀྱི་མཆོག་གོ།། ་ཇི་ལྟ་བུའི་དུས་བཞི་ཞེས་བྱ་བ་ནི་དཔྱིང་དང་། སོ་ཀ་ལ་སོགས་པའི་དུས་ཏེ། དེ་དག་ཏུ་འཕེལ་བའི་དང་བྲི་བར་སྦྱར་བའོ།། མཚན་མ་ནི་གྲངས་ཀྱི་རི་མོའོ།། རིམ་གྱིས་རིམོ་གྱིས་ཞེས་བྱ་མོ་ནཱིམྦི་དང་ཟླ་བརླ་ཆུ་ཚོད་རིམ་གྱིས་འཕེལ་ཞིང ་བར་སྟེ། དེ་ཉིད་གསུངས་པ། ཉིན་མོ་ནི་ཆུ་ཚོད་དག་ཅེས་བྱ་བ་ལ་སོགས་པ་ལ། ཟླ་བ་དང་པོ་དེ་ཉིད་ཀྱི་ཉིན་མོའི་ཆུ་ཚོད་ནི་བཞི་དང་བཅུ་གཉིས་བསྒྱུར་ཞེས་བྱ་བ་ལ། བཅུ་ཕྲག་གཉིས་དང་བཞི་སྟེ་ཉི་ཤུ་རྩ་བཞིར་བརྩིའོ།། ལྷག་མ་ནི་གོ་སླ ་དབུས་ཀྱི་བི་ཉི་ཤུ་གཉིས་ར་སྦྱར་ཞེས་བྱ་བ་ནི་དཔྱིད་ཟླ་འོ་བྲིང་པོ་ཟླ་བའི་མགོ་ལ་ཉིན་མོ་དང་མཚན་མོའི་ཆུ་ཚོད་མཉམ་པའོ།། ཨོཾ་བཞིན་དུ་བི་ཉི་ཤུ་གཉིས་པ་ཡང་།། དགུན་ཟླ་འབྲིང་པོའི་དང་པོ་ལ་ཉིན་མོ་དང་མཚན་མོ་མཉམ་པའོ། ་ཆུ་ཚོད་གཅིག་གི་དབུགས་ཀྱི་གྲངས་ཀྱི་བྱིས་པ་བསྟན་པའི་ཕྱིར་སུམ་བརྒྱ་དྲུག་ཅུ་ཞེས་བྱ་བུ་ལ་སོགས་པ་གསུངས་ཏེ། དབུགས་འབྱུང་བ་དྲུག་ཅུ་དང་བཅས་པའི་སུམ་རྒྱལ། དུས་རྣམས་ཤེས་བྱ་བ་ནི་ཆུ་ཚོད་གཅིག་ལ་ཇི་ལྟ་བ ་བཞིན་དུ་ཉིན་མཚན་གྱི་ཆུ་ཚོད་དྲུག་ཅུ་པོ་གཞན་དག་ཡོཾ་ཡང་དེ་ལྟར་སྦྱར་བའི་དོན་ཏོ།། ཆུ་ཚོང་དབུགས་ནི་རྫོགས་དང་པོ་ཞེས་བྱ་བ་ལ། ཆུ་ཚད་དབུགས་རྫོགས་པ་ནི་གྲངས་ཇི་ལྟ་བ་བཞིན་དུ་ཡོངསུ་རྫོགས་པ་སྟེ། དེ་ཉིད་རིམ ་གྱིས་འཕེལ་བ་ཡིན་ནོ།། དང་པོ་ནི་མཆོག་སྟེ་དག་པའི་མཚན་མའོ།། རིམ་གྱིས་འབྲི་བཱ་ནི་དེ་ལས་བཟློག་པ་སྟེ། དབུགས་ཇི་སྐད་སྨོས་པ་ལས་བྲི་ཞིང་འཆད་པ་ཡི་ནི་ནོ།། ལས་དང་ལསྔ་མིན་ཞེས་བྱ་བ་ནི་སྲོག་གནས་པ་དང་འགག་པའོ།། ་ཡང་ན་རིམ་གྱིས་འཕེལ་ཞིང་འབྲིང་ཞེས་བྱ་བ་ནི་ཇི་ལྟར་གནས་པ་ལས་ཅིག་ཤོས་བྲི་བ་གང་ཡིན་པ་ཉིད་ཅིག་ཤེས་འཕེལ་པོ་སྟེ། དེས་ལས་དང་ལས་མིན་ཞེས་བྱ་བ་དགེ་བ་དང་སྡིག་པའི་མཚན་མར་བྱའོ།། བྱེ་བྲག་བཞིན་ཞེས་པ ་ནི་ཆོས་དང་ཟླ་བ་དང་ལོའི་བྱེ་བྲག་གོ།། དབུགས་ནི་རིམ་གྱི་གཟུང་བར་བྱ་ཞེས་བྱ་བ་ནི་བྱེ་བྲག་དེ་དག་གི་རིམ་པ་ཇི་ལྟ་བ་བཞིན་དུ་བཟུང་བ་སྟེ་ཤེས་པར་བྱའོ།། འདི་དག་ནི་འོག་ནས་སྟོན་མོད་ཀྱི་འདིར་ཅུང་ཟད་ཙས ་བརྗོད་པར་བྱ་སྟེ། དེ་ལ་ཕན་ཚུན་དུ་ཐིག་གཉིས་གཉིས་བྲིས་པསཱ་རེའུ་མིག་གཉིས་དགུར་འགྱུར་ལ་དཱ་ནོས་ཡང་མཚམས་ཀྱི་རེའུ་མིག་བཞི་ལ་ཐིག་རེ་རེ་བྲིས་པས་རེའུ་མོག་བཅུ་གསུམ་དུ་བྱའོ།། དེ་ནས་ཕྱི་རོལ་ཀུན་ཏུ་བསྐོར ་བས་འཁོར་ལོ་རིམ་པ་གསུམ་དུ་བྱས་ལ་དེ་ལས་ཕྱི་རོལ་གྱི་རིམ་པའི་རིའུ་མིག་དང་པོ་ལ་གྲངས་ལྔའི་མཚན་མ་བྲིའོ།། གཉིས་པ་ལ་ནི་བཅུའོ།། གསུམ་པ་ལ་ནི་བཅོ་ལྔའོ།། བཞི་པ་ལྔ་ནི་ཉི་ཤུའོ།། ལྔ་པ་ལ་ནི་ཉི་ཤུ་རྩ་ལྔའོ།། དྲུག ་པ་ལ་ནི་ཉི་ཤུ་རྩ་དྲུག་གོ།། བདུན་པ་ལཱྀ་ནི་ཉི་ཤུ་རྩ་བདུན་ནོ།། བརྒྱད་པ་ལ་ནི་ཉི་ཤུ་རྩ་བརྒྱད་དོ།། དགུ་པི་ལ་ཡང་རྩ་དགུའོ།། བཅུ་པ་ལ་ནི་སུམ་ཅུའོ།། བཅུ་གཅིག་པ་ལ་སུམ་ཅུ་རྩ་གཅིག་གོ།། བཅུ་གཉིས་པ་ལ་སུམ་ཅུ་རྩ་གཉིས ་དབུས་སུ་ནི་སུམ་ཅུ་གསུམ་མོ།། རིམ་པ་གཉིས་པའི་རེའུ་ཆུ་དང་པོ་ལ་གསུམ་མོ།། གཉིས་པ་ལ་གཉིས་སོ།། གསུམ་པ་ལ་གཅིག་གོ།། བཞི་པ་ལ་དྲུག་གོ། ལྔ་ལ་པ་ལ་ཡང་གསུམ་མོ།། དྲུག་པ་ལ་ཡང་གཉིས་སོ།། བདུན་པ་ཡང ་གཅིག་གོ།། བརྒྱད་པ་ལ་ཡང་བཅོ་ལྔའོ།། དགུ་པ་ལ་ཡང་བཅུའོ།། བཅུ་པ་ལ་ཡང་ལྔའོ།། བཅུ་གཅིག་པ་ལ་ཡང་གསུམ་མོ།། བཅུ་གཉིས་པ་ལ་ཡང་གཉིས་སོ།། དབུས་སུ་ནི་གཅིག་དེ་ལ་ཉི་མ་ལྔར་རླུང་ཕྱིན་ཅི་ལོག་ཏུ་རྒྱུན་ལོ་གསུམ ་ན་འཆིའོ།། དེ་བཞིན་དུ་ཉི་མ་བཅུས་ནི་ལོ་གཉིས་ན་འཆིའོ།། ཉི་མ་བཅོ་ལྔས་ནཱི་ལོ་གཅིག་ནུ་འཆིའོ།། ཉི་མ་ཉྫི་ཤུས་ཡིས་ནི་ཟླ་བ་དྲུག་ན་འཆིའོ།། ཉི་མ་ཉི་ཤུ་རྩ་ལྔས་ནི་ཟླ་བ་གསུམ་གྱིས་འཆིའོ།། ཉི་མ་ཉི་ཤུ་དྲུག་གིས་ནི་ཟླ་བ ་གཉིས་ཀྱི་འཆིའོ།། ཉི་མ་ཉི་ཤུ་བདུན་གྱིས་ནི་ཟླ་བ་གཅིག་ནཱ་འཆིའོ།། ཉི་མ་ཉི་ཤུ་བརྒྱད་ཀྱིས་ནི་ཟླ་བ་ཕྱེད་ཀྱིས་འཆིའོ།། ཉི་མི་ཉི་ཤུ་དགུ་ཡིས་ནི་ཉི་མ་བཅུ་ཡིས་འཆིའོ།། ཉི་མ་སུམ་ནུ་ནི་ཉི་མ་ལྡ་ན་མ་འཆིའོ།། ཉི་མ་སུམ་ཅུ་གཅིག ་གིས་ནི་ཉི་མ་གསུམ་ན་འཆིའོ།། ཉི་མ་སུམ་ཅུ་གཉིས་ཀྱིས་ནི་ཉི་མུ་གཉིས་ན་འཆིའོ།། ཉི་མ་སུམ་ཅུ་གསུམ་གྱིས་ནི་ཉི་མ་གཅིག་ན་སྟེ། འདི་དག་གི་དོན་ཡང་ལྔ་དང་ཞེས་བྱ་བ་ལ་སོགས་པས་འོག་ནས་བསྟན་པས་དེར་ཤེས་པར་བྱའོ།། ་བང་བར་གྱི་ཉི་མ་དག་ཀྱང་དེ་ཉིད་དུ་བལྟའོ།། ད་ནི་ལོའི་དབུགས་ལ་སོགས་པའི་གྲངས་ཀྱི་ངེས་པ་གསུངས་པ། མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ། ཁ་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞིའོ།། ག་ཞེས་བྱ་བ་ནི་དྲུག་ཕྲག་གཉིས་ཀྱིས་སོ།། དེ་ཉིད ་གསུངས་པ། དུས་ཆགས་གཉིས་ཡེ་ཤེས་བྱ་བ་སྟེ། དུས་དྲུག་པོ་གཉིསུ་བྱ་བའོ།། དེ་དག་ནི་ཉི་ཤུ་རྩ་བཞི་དང་དྲུག་ཕྲག་གཉིས་ཀྱི་མཚན་མ་བྱ་ཞེས་བྱ་བའི་དོན་ཏོ།། བགྲོད་པ་གཉིས་ཀྱིས་མཚོན་པར་བྱ་ཞེས་བྱ་བ་ནི་ཉི་ཤུ་བཞི་པ། ་དང་། དྲུག་ཕྲག་གཉིས་ཀྱིས་མཚན་མ་དག་གཅིག་ཏུ་བསྲེས་ཏེ་སུམ་ཅུ་རྩ་དྲུག་གི་མཚན་མ་བྱ་བའོ།། གཉིས་པ་ཞེས་བྱ་བ་ནི་དེ་ཡང་སླར་བཅོ་བརྒྱད་པ་ཕྲག་གཉིས་སུ་བགོས་ཏེ་མཚན་མ་བྱ་བའོ།། བཅུ་རུ་བསྒྱུར་ཞེས་བྱ་བ་ནི ་གཉིས་པོ་དེ་དག་བཅུ་བཅུར་བསྒྱུར་བ་འརྩིས་ཏེ། བརྒྱ་བརྒྱ་བཅུ་པ་ཕྲག་གཉིས་སུ་འགྱུར་རོ།། དེ་ལ་བརྒྱ་ཕྲག་གཉིས་གཅིག་ཏུ་བསྲེས་གཅིག་ཏུ་བསྡུསས་བརྒྱའི་མཚན་མ་བྱཱ། བཅུ་དྲུག་ཕྲག་བརྒྱུད་པ་གཉིས་ལྔས ་བཅུའི་མཚན་མ་དང་དྲུག་གི་མཚན་མ་སོ་སོར་བྱས་ལ་བཅུ་དྲུག་གི་མཚན་མྱ་བྱའོ།། དེའི་རྩར་ཐིག་ལ་གཉིས་བཞོག་པས་ཉྩི་ཁྲི་ཚིག་སྟེང་དྲུག་བརྒྱར་འགྱུར་ཏེ། མེ་ཆུ་ཚོད་ཀྱི་གྲངས་ཀྱི་མཚོན་མར་འགྱུར་རོ།། དེའི་མཚན་མ་དེ་ཉིད ་ཀྱི་ཉིན་མཚན་གྱི་དབུགས་ཀྱི་གྲངས་ཀྱི་མཚན་མ་ཡང་བསྦྱིན་པ་ཡིན་ཏེ། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་དྲུག་བརྒྱུར་འགྱུར་རོ།། དག་གིས་དབང་ཕྱུག་ཀུན་བཟངས་ནས་ཞེས་བྱ་བ་ལ་འདྲེ་བ་པོའི་ངག་གི་ཨོཾ་གེའི་གྲངས་ཇི་སྐད་ལོང ་པའི་མཚན་མ་དེ་བྱ་བའོ།། དྲུག་འགྱུར་དུ་ནི་བཞག་ནས་སུ་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་དང་སྦྱར་རོ།། དེས་ནི་དྲུག་གི་ཡི་གེ་དེ་རྣམས་དྲུག་འགྱུར་དུ་བྱ་བ་སྟོན་ཏོ།། ལྦུ་པ་དེ་ནི་གསུམ་འགྱུར་བྱ་ཞེས་བྱ་བ་ནི་དྲུག་རྒྱུ ་ལྔ་བོ་ཉིད་གསུམ་འགྱུར་དུ་བྱ་བའོ།། སུམྦྷ་བརྒྱ་དྲུག་ཅུས་བསྲེ་སོ་ནས་སུ་ཞེས་བྱ་བ་ནི་གྲངས་དེ་ཉིད་ལྷག་པར་བསྣན་པའོ།། ས་གཞི་དུ་ནི་བཅད་ནས་སུ་ཞེས་བྱ་བ་ནི་གླེངས་བཅུ་ཥྚེཿཀྱིལ་བཅད་པའོ།། ལྷག་མོ་གཟུང་བ་ནི ་དེའི་ལྷག་མའི་དབྱངས་ཀྱི་ཡོ་གེ་སྟེ། དེའི་མཚན་ཉིད་ཇི་སྐད་སྨོས་པ་བཞིན་འགྱུར་རོ།། ཡང་ན་ངག་གི་དབང་ཕྱུག་དི་སུམ་འགྱུར་དུ་བྱའི་ལྔ་པ་ལྟར་དྲུག་འགྱུར་ལ་སོགས་པ་ནི་མི་བྱའོ།། ལྷག་མ་ནི་སྔ་མ་བཞིན་ནོ།། དྲུག་འགྱུ ་དུ་བྱ་བ་ནི་བཅུ་གཉིས་སུ་བཅད་པའི་ཁྭ་བཀང་བའོ།། སའི་དབང་ཕྱུག་ཀུན་ཏུ་བཞག་ཞེས་བྱ་བ་ལྔས་ནཱི་རཱིའུ་མིག་བཅུ་གཉིས་སོ།། དབང་ཕྱུག་ནི་ཨ་ལ་སོགས་པའི་དབྱངས་ཀྱི་ཡི་ག་བཅུ་གཉིས་ཏེ་དྭེ་བྲི་བའོ།། དེ་ཉིད་ཀྱིས་ན་མ་ནིང ་གཉིས་ནི་སྤངས་ནས་སུ། དབྱངས་ཀྱི་མཚན་མ་མངོན་པར་བཞག་ཞེས་བྱ་བ་སྟེ། མ་ནོ་ནི་རི་རཱི་ལཱི་ལཱའོ།། ཨའི་རིམ་པ་ལ་བབ་ན་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དྲུག་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། ས་བཞི། ་དུ་ཞེས་བྱ་བ་ནི་གྲངས་བཅུ་གཉིས་སུའོ།། ཡང་ན་ཞེས་བྱ་བ་ལ་སོགས་པ་ལ། རང་གི་ལྷའི་སྔགས་ཀྱིས་ཐོད་ལེ་ཀོར་ལ་མངོན་པར་བཟླས་ལྀ་གླང་གི་གཅན་རྗེས་ལྟ་བུའི་རི་མེ་ཇི་ཙམ་འདོང་པོར་སེམས་ཀྱིས་གྲངས་པ། རི་མོ་དེའི་འབུར་བ ་རྣམས་འབུར་པོ་ཐ་མའི་བར་དུ་བརྩིས་ཏེ། དབྱངས་ཀྱི་ཡི་གེའི་གྲངས་བཞོན་དུ་ཐ་མ་དེའི་ཕན་ཡོན་དུ་འགྱུར་རོ།། ཡང་ན་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་འབྲི་བ་པོའོ་ལྷག་པས་མེ་ཏོག་འདོར་དུ་བཅུག་སྟེ། མེ་ཏོག་དེ་དབྱངས་ཡིག་གི་གནསུ ་གང་ལྷུང་བ་དེའི་ཕན་ཡོན་བསྟན་པར་བྱའོ།། ཡང་ན་ཞེས་བྱ་བ་ནི་རྣམ་པ་གཞན་བསྟན་པ་སྟེ། ཤིན་ཏུ་མཉམ་པར་གཞག་པའི་རྣལ་འབྱོར་པས་འཕེལ་བ་ལ་སོགས་པའི་དུས་གང་ལ་འབྲི་བའི་དུས་དེ་ཉིད་ཀྱིས་སྔར་བསྟོན་པའི་ཚུལ་དུ་དགེ་སྡིག ་བསྟན་པར་བྱའོ།། གང་ལས་ཞེ་ན། རྣལ་འབྱོར་བསྟན་བཙོས་ལས་ཏེ་སྔགས་ཀྱི་ཚུལ་རབ་ཏུ་རྒྱས་པ་ལས་སོ།། སྔ་དྲོ་ཞེས་བྱ་བ་ནི་སྔར་ཐོལ་བའི་ཕྱི་རོལ་གྱི་མཚམས་བརྩིབས་པ་ཐམས་ཅད་སྔ་དྲོའི་ཆུ་ཚོད་གསུམ་གྱི་དུས་སུ་བརྩིའོ།། རྩ་བ་པཾ ་ཞེས་བྱ་བ་ན་ཙས་མཁན་གྱིས་སོ།། སེམས་ནི་བསྐྱེད་པའི་ཚིག་བྱུ་ཤད་ཅེས་བྱ་བ་ལ་སོགས་པ་ལ་སེམས་བསྐྱེད་པ་ནི་སེམས་རྒྱུ་དའི་བྱེ་བྱུག་།། དེ་ཆོ་ག་ནི་གནས་བཅུ་གཉིས་སུ་ལག་པ་དག་པར་བྱ་བྲག་གས་དེའི་སེམས་ཀྱི་། ་ཤེས་པར་བྱ་བའོ།། རོ་ཧི་ཏ་དུས་ཞེས་བྱ་བ་ལ་སོགས་པས་ནི། ཡང་རོ་ཧི་ཏ་ལ་སོགས་པའི་ངོས་གང་ལ་འབྲི་བ་དེས་སྔ་མ་བཞི་ནི་སེམས་ཀྱི་དགེ་སྡིག་ཤེས་པར་བྱའོ།། འཕེལ་བ་ནོར་རྒྱས་བུ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ལ། ནོར་རྒྱས ་ཀྱི་བུ་ལ་སོགས་པ་ཡང་འཕེལ་བ་ལ་སོགས་པའི་སྒྲས་ཤེས་པར་བྱའོ།། ལོའོ་གནས་ཞེས་བྱ་བ་ནི་ཟླ་བ་བཅུ་གཉིས་ཏེ་དེ་དག་ཀྱང་དེའི་བརྟུས་བསྣུན་པའོ།། རྟེན་འབྲེལ་བཅུ་གཉིས་ཞེས་བྱ་བ་ནི་མཱ་རིག་པ་ལ་སོགས་པ་སྟེ། དེ་དག་ཀྱང་ང ་རང་བཞིན་གྱིས་ཤེས་པར་བྱའོ།། དེ་ལྟར་ས་རྣམས་ཞེས་བྱ་བ་ནི་སྔོར་བསྟན་པ་ལྟར་ས་རྣམས་དང་རིམ་བཞིན་སྦྱར་བ་སྟེ། མོས་པ་སྤྱོད་པའི་ས་ནི་འཕེལ་བའོ།། རབ་ཏུ་དགུར་བ་ནི་གཏི་མྱིག་གོ།། དྲི་མ་མེད་པ་ནི་བཟང་པོའོ།། འོད་བྱེད་པ་ནི་ཁྱཱ ་མཆོག་གོ།། འོད་འཕྲོ་བ་ཙནྡ་ནརྀ་རུས་སྦྲུལ་ལོ།། ཤིན་ཏུ་སྤྱོང་དཀའ་བ་ནི་ཆུ་སྦྱིན་ནོ།། མངོན་དུ་གྱུར་པ་ནི་ལྕགས་ས་མེའོ།། རིང་དུ་སོང་པོ་ནི་སྐྱེ་བའོ།། མི་གཡོ་བ་ནི་འདུགས་པའོ།། ལེགས་པའི་བློ་གྲོས་ནི་ཁྱུ་མཆོག་གོ།། ཆོས་ཀྱི་སྟོན་ནི་རྨི་ལ་མ་མོ།། ་སངས་རྒྱས་ཀྱིས་ནི་འདོད་པའོ།། ངག་དང་མི་དག་པ་བོ་རྟག་པར་བྱ་ཞེས་བྱེ་བ་ནི་དེ་ལྟར་མེ་ཉེ་གནས་གང་དང་གང་དུ་རེག་པ་ལ་ས་ནོར་རྒྱས་ཀྱི་བུ་ལ་སོགས་པའི་དུག་གིས་ཟིན་པ་གསོར་རུང་བ་དང་། མི་རུང་བ་བསྟན་པ་ལ་སོགས་པའོ།། དེ་ནས ་དུས་སུ་བགྲོད་པ་ནི་ཞེས་བྱ་བ་ནི་དགའ་བ་ལ་སོགས་པའི་དུས་ཤེས་པའོ།། དེ་ཉིད་གསུངས་པ། དགའ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དགའ་བ་ནི་ཅུང་ཟད་བདེ་བ་དགའ་བ་སྟེ། མཆོག་ཏུ་དགའ་བ་དེ་ལས་ལྷག། ཁྱད་པར་དགའ་བ་ཤིན་ཏུ་ཆགས། ་ལྷག་མ་ལྷན་ཅིག་སྐྱེས་དགའ་བ་ཞེས་བྱ་བའི་ཚིགསུ་བཅད་པའི་དོན་གྱིས་བླ་མས་བསྟན་པ་ལས་ཤེས་པར་བྱའོ།། སྐད་ཅིག་ཉིད་ཅེས་བྱ་བ་ཡང་རྣམ་པ་སྣ་ཚོགས་པ་དང་རྣམ་པར་སྨིན་པ་དང་། རྣམ་པར་འཇོམས་པ་དང་། རྣམ་པའི་མཚན་ཉིད ་ཀྱི་སྐད་ཅིག་གོ།། འབྲས་བུ་ཞེས་བྱ་བ་ནི་རྒྱུ་མཐུན་པ་དང་། རྣམ་པར་སྨིན་པ་དང་། སྐྱེས་བུ་བྱེད་པ་དང་བྲལ་བའི་འབྲས་བུའོ།། ཡན་ལག་ནི་རྣོལ་འབྱོར་དང་། རྗེ་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་རྣམས་དང་། བསྙེན་པ ་དང་། ཉེ་བའི་བསྙེན་པ་དང་། སྒྲུབ་པ་དང་། སྒྲུབ་པ་ཆེན་པོ་རྣམསོ།། གསུམ་འགྱུར་ཞེས་བྱ་བ་ནི། སྙིང་སྟོབས་དང་། རྡུལ་དང་མུན་པ་རྣམས་ཏེ་དེ་ཐམས་ཅད་དགའ་བ་ལ་སོགས་པ་གསུམ་པོ་རྣམས་དེས་རྣམ་པར་བཞག་པའོ།། ཀུན་ལ་རྐང་པ་བཞི ་ཡིས་དགང་ཞེས་བྱ་བ་ལ། རྐང་པ་ཞེས་བྱ་བ་ནི་ཆ་ཤས་བཞི་པ་སྟེ། ལྷན་ཅིག་སྐྱེས་པོའོ།། དགང་པ་ནི་རྫོགས་པ་སྟེ། དགའ་བ་གསུམ་གྱིས་རིམ་པ་གྱིས་འབྲས་བུར་གྱུར་པའི་ལྷན་ཅིག་སྐྱེས་པ་སྐྱེ་བའི་མཐར་ཐུག་ཅིང་རྫོགས་པར་འགྱུར་བའོ།། ། ་མདུད་པ་ཞེས་བྱ་བ་ནི་རླུང་འཕོ་བའི་སྨིན་མོའི་དབུས་ཀྱི་རྩའོ།། བཅད་པ་ཞེས་བྱ་བ་ནི་གསལ་བའོ།། འཆར་བ་ཞེས་བྱ་བ་ནི་རླུང་འཕོ་བ་ཉིད་དོ།། དུས་ནི་རྣམ་པ་སྣ་ཚོགས་པ་ལ་སོགས་པའི་སྐད་ཅིག་མས་རྩ་གསལ་བར་གྱུར་ཅིང་རླུང་འཕོ ་བར་གྱུར་པ་དེའི་ཚེ་དེ་ལྟར་ཞེས་བྱ་བ་དགའ་བྱ་རྣམས་འཆང་བ་ཡིན་ནོ།། བཛྲོད་པ་ཡིན་ཞེས་བྱ་བ་ནི་ནོར་ལ་འོངས་པ་དེ་དག་བསྟན་ཏོ་ཞེས་བྱ་བ་དྨ་བལྟའོ།། འཕྲུལ་བ་ལ་སོགས་པའི་དུས་སུ་བྱ་བའི་ཁྱད་པར་བསྟན་པར་བྱ ་ཆང་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཚང་པ་ནི་རྒྱལ་པོ་ལ་སོགས་པའི་ཆང་པའི་གཟིར་ཞིང་འདུལ་པོའོ།། བགེགས་ནི་ཚོགས་བདག་སྟེ་གདོན་གྱི་བྱེ་བྲོག་གོ།། གབའ་ནི་ཉི་མཱ་ལ་སོགས་པ་སྟེ། དྲི་རྣམས་ཀྱི་གནྡྷ་པ་བཟློག་པ་ལ ་བ་ལ་སོགས་པའི་དགེ་བ་དང་མི་དགེ་པའི་མཚན་མ་བལྟས་ནས་ཆོ་ག་སྦྱར་བར་བྱའོ།། མདུང་ཞེས་བྱ་བ་ནི་གཟིར་བའོ།། དགྲ་རྣམས་ལྟུང་བ་ནི་སྦྱང་བབ་པའོ།། ཁྱིམ་སའི་དཔྱད་ནི་ཁྱིམ་རྩོམ་པ་སྟེ། ཉེ་བར་མཆོད་པའི་དོན་གྱིས་ན་གཙུག ་ལག་ཁང་ལ་སོགས་པ་གཟུང་ངོ་།། ལྟོ་འཕྱེའི་ལྟོར་བསྒོ་བ་ནི་ས་བརྐོ་བཱ་སྟེ། ཎཱིང་དཱིང་ཁྲོན་པ་ལ་སོགས་པ་བྱེད་པའོ།། འགྲོ་འོང་ནི་འགྲོན་དུ་འགྲོ་བའོ།། སྦྱོར་བ་ནི་སྨན་སྦྱོར་བའོ།། བྱེ་བྲག་ནི་ནོར་སྒྲུབ་པའོ།། ཚེ་དང་ནང་མེད་སྤེལ་བ་ནི་ཆུའི་སྦྱིན ་སྒེག་ལ་སོགས་པའོ།། ས་བོ་ནི་གདབ་པོ་ནི་ཤིང་དང་འབྲུ་ལ་སོགས་པའི་ས་བོན་གྱི་ཚོགས་གཟུགས་པའོ།། ཕྱུགས་གདུལ་བ་ནི་བླ་མ་དང་སངས་རྒྱས་ལ་སོགས་པ་ལ་གནོད་པ་བྱེད་པ་རྣམས་ཚར་བཅད་པའོ།། འབྲལ་དང་འདུ་ཤེས་བྱུབ ་ནི་སོང་བ་སླར་དགུག་པ་སྟེ། ཤི་བ་རྣམས་སླར་གསོ་ཞེས་བྱ་བའི་དོན་ཏོ།། རྒྱལ་སྲིད་ནི་རྒྱལ་ཐབས་ལ་དགོང་པའོ།། རྙེད་པ་སྤང་བ་ནི་ཐ་མལ་པའི་རྒྱུ་བ་དགག་པའོ།། དེས་ཅི་ཞིག་བྱ་ཞེ་ན། ཡིད་ལས་བྱུང་བ་དང་། ཞེས་བྱ་བ་ལ་ཡོ ་འབྱུང་བ་ནི་ཡིད་ལས་བྱུང་བ་སྟེ། ཏིང་ངེ་འཛིན་ཏོ།། འདིར་དྲུག་པ་ནི་མངོན་པ་དང་། མ་ནིང་གིས་རྟགསུ་བྱ་བ་ནི་ལུང་གི་དོན་ཏོ།། གཡུལ་འགྱོད་པ་ནི་གྲགས་པར་ཟད་དོ།། སྡོང་པོའི་ཕུང་པོ་ནི་གཏེར་བརྐོ་བ་ལ་སོགས་པའི་སྡོང་བུ ་ཉིད་དོ།། དུས་དང་ཚོད་ལ་སོགས་པ་ཉིད་ཅེས་བྱ་བ་ལ་དུས་ན་དུས་མིན་ནོ།། ཚེད་ནི་དྲོད་དོ།། དེ་དག་ཐམས་ཅད་ཅེས་བྱ་བ་ནི་འབེལ་བ་ལ་སོགས་པའི་དུས་ཀྱི་བྱེ་བྲག་གིས་བྱ་བར་བསྟན་པའི་ཕྱིར་རོ།། ཉྫན་དང་བྱིན་གྱིས་དབྱེ་བར་བྱ ་ཞུས་གསུངས་ཏེ། འཕེལ་བ་ལ་སོགས་པའི་དུས་ཚེ་དེ་དཱ་དང་དྲ་ལ་བྱཱ་ཞེས་བྱ་བའི་དོན་ཏོ།། བཅུད་ཀྱིས་ལེན་དང་རྩི་རྣམས་གཉིས་ཤེས་བྱ་བ་ལ་བཅུད་ཀྱིས་ལྡན་ནི་ལུས་དང་ཚེ་འཕེལ་བར་བྱེད་པའི་སྨན་ནོ།། རྩི་རྣམ་པ་གཉིས ་ནི་རྩི་རྣམ་པ་གཉིས་ཏེ་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ཅིའི་ཕྱིར་ཞེ་ནི། ལས་ནི་ཡོངསུ་སྨིན་པའི་ཕྱིར་ཏེ། ཐར་པ་ཐོབས་པའི་ཕྱིར་རོ།། གཉིས་པོ་དེ་ཅི་ཞིག་ཙ་ན། སེམས་འཕེལ་མཉམ་པར་འཇུག་པ་ཡིན་ཞེས་བྱ་བ་ལ་སེམས ་འཕེལ་བ་ནི་ཉེ་བར་མཚོན་པ་སྟེ། ལུས་འཕེལ་བ་འང་གཟུང་བར་བྱའོ།། འཕེལ་བ་ནི་རྒྱས་པའོ།། མཉམ་པར་འཇུག་པ་ནི་གང་དུ་གཅིག་ཏུ་འདྲེས་པའོ།། དེ་ལ་སེམས་འཕེལ་བ་ནི་མྱ་ངན་ལས་འདས་པ་ཡིན་ལ་ལུས ་འབྲེལ་བ་ནི་སྲིད་པ་ཡིན་ནོ།། བློ་ལྡན་ཞེས་བྱ་བ་ནི་གཉིས་སུ་མེད་པོའི་བློ་དང་ལྡན་པས་ཏེ། དེས་རྩི་རྣམ་པ་གཉིས་སྦྱར་བར་བྱ་ཞེས་བྱ་བའི་དོན་ཏོ།། དབུགས་བརྩི་བ་ཞེས་བྱ་བ་ལ་སོགས་པ་ལ། དབུགས་བརྩི་བ་ནི་དབུགས་ཀྱི ་རྒྱུ་བ་བགྲང་བའོ།། དེ་གཞུང་གང་དུ་འབྱུང་བ་འདི་ནི་དབུགས་བརྩི་བ་ཞེས་བྱ་བའི་རིམ་པར་ཕྱེ་བ་སྟེ་བཅུ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ ་བའི་རྣམ་པར་བཤད་པའོ།། ། ཕྲ་མོའི་རྣལ་འབྱོར་མ་གཏོགས་པར་རགས་པས་དེན་མི་འགྲུབ་པས་པྲ་མེའི་རྣལ་འབྱོར་བསྟན་པར་བྱ་བའི་ཕྱིར་ལེའུ་བཅུ་གཅིག་པ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་ང ་ནས་ཞེས་བྱ་བ་ནི་རགས་པའི་རྣལ་འབྱོར་བསྟན་པའི་འོག་ཏུའོ།། དེའི་ཕྱིར་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་པྲ་མོ་མ~ཾ་གཏོགས་པར་རིགས་པོས་མི་འགྲུབ་པ་ངའི་ཕྱིར་རོ།། ཡང་དག་བཤད་པར་བྱ་ཞེས་བྱ་བ་ནི་འཁོར ་ལོ་དང་ས་བོན་ལ་སོགས་པའི་གཟུགས་རྣམས་ཡང་དག་པ་སྟེ་སོ་སོར་ཕྱེ་ནས་བཤད་པར་བྱའོ།། དངོས་གྲུབ་མཆོག་གི་རིམ་པ་ལས་ཞེས་བྱ་བ་ལ་དངོས་གྲུབ་མ་ཚིག་ནི་སངས་རྒྱས་ཀྱི་གོ་འཕང་ངོ་།། ངོ་ཉིད་རིག་པར ་དྱ་ངས་ན་རིག་པ་སྟེ། ལས་སུ་སྦྱར་བའོ།། སྒྱུ་མ་ཆེན་པོ་ཞེས་བྱ་བ་ཞེས་པ་ལྀ་རྣམ་པར་རྟོག་པའི་རྒྱུ་འཇོམས་པས་ན་སྒྱུ་མ་སྟེ། བྱེད་པ་པོར་སྦྱར་བ་ཡིན་ནོ།། ཆེན་པོ་ཡང་དེ་ཉིད་དེ་རྣམ་པར་རྟོག་པ་མ་ལུས་པར་འབྲོག་པའི་ཕྱིར། ་རོ། དེ་ལྟར་ན་སྒྱུ་མ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ནི་སྒྱུ་མ་ཆེན་པོ་སྟེ་རིག་པའོ་ཞེས་བྱ་བ་ནི་གསལ་བར་བྱས་ཏེ། མིང་ངོ་སྐད་ཅེས་བྱ་བའོ།། གསང་བ་ཆེན་པོའི་དབང་ཕྱུག་སྟེ་ཞེས་བྱ་བ་ལ། གསང་བ་ཆེན་པོ་ནི་སོངས ་ཀྱིས་གོ་འཕང་ངོ་།། དེའི་དངོས་གྲུབ་སྟེར་བས་ན་དེའི་དབང་ཕྱུག་སྟེ་རིག་པའོ།། སེམས་ཅན་ཐམས་ཅད་འདུལ་མཛད་གཉེན་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ནི་སེངྒ་དང་ཕྲོགས་བྱེད་ལ་སོགས་པ་སྟེ་དེ་རྣམས་དུལ་བར ་མཛད་པ་དེ་ལ་དེ་སྐད་ཅེས་བྱའོ།། ལུས་དང་ངག་དང་སེམས་ཀྱི་མངོན་པར་འདོད་པའི་དངོས་གྲུབ་ངེས་པར་སྟེར་བསྟན་གཉེན་ནོ།། དེ་ཉིད་ཀྱི་ཕྱིར་དབང་ཕྱུག་ཐམས་ཅད་བྱེད་པ་པ་ཞེས་གསུངས་ཏེ། ཐམས་ཅད་ཅེས་བྱ་བ་ལྷ ་དང་མི་ལ་སོགས་པའི་དབང་ཕྱུག་ཏུ་སྒྲུབ་པ་པོ་བྱེད་པའི་ཕྱིར་རོ།། འདི་ནི་རིག་པ་ཆེན་པོའི་མཆོག་ཅེས་བྱ་བ་ལ་འདི་ནི་ཞེས་བྱ་བ་ནི་སྒྱུ་མ་ཆེན་མོ་སྟེ། ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཅན་ནོ།། དེ་ཉིད་ཆེན་པོ་སྟེ་རྫོགས་པའི ་སངས་རྒྱས་ཉིད་ཉམ་སུ་མྱོང་བའི་བྱོ་ར་རིག་པོའོ།། ཙ་འདྲི་ཞེ་ན། མཆོག་ཅེས་བྱ་བ་སྟེ་དེ་ཁོ་ན་ཉིད་ཅེས་བྱ་ཆེན་པོ་ཕྱིན་ཅི་མི་ལོག་པ་སྟེ་དངས་བཤད་པར་བྱ་ཞེས་བྱ་བར་སྦྱར་རོ།། དེ་ཡང་གསུངས་པ། སྐྱེ་བོ་ཡོན་ཏན ་ལྡན་པ་ཡིན།། ཡོན་ཏཱན་རྣམས་ནརྀ་ཤེས་པར་བྱ།། གསོལ་བ་བཏབ་གང་དེ་ཉིད་ཚེ།། ཕྱིན་ཅི་མ་ལོག་དེ་ཉིད་གསུངས།། ཞེས་སོ།། བདག་ཅག་གིས་ཤེས་པོ་མང་པོར་བསྟནྡོ་པའི་ཕྱིར། མིང་ཙམ་མཆོག་ཏུ་རྙེད་དཀའ ་བ་ཞེས་གསུངས་སྷོ།། རིག་པ་འདིའི་མིང་ཙམ་ཡོང་མཆོག་ཏུ་སྟེ་ཉམ་ཐོས་ལ་སོགས་པས་རྙེད་དཀའ་བས་ན་རྙེད་དཀའ་བ་འམ་ཡང་ན་མི་རྙེད་པ་ཡིན་ནོ།། དེས་ནི་འདི་སྐད་དུ། འདིའི་མིང་ཙམ་ཡང་ཐོས་པ་ཡང་འབད་པ་དྲག ་པོ་མ་གཏོགས་པར་རྙེད་པར་མི་འགྱུར་རོ་ཞེས་སྟོན་ཏོ།། གང་དུ་དངོས་གྲུབ་མཆོག་གི་རིག་པ་སྟེ་ཞེས་འབྱུང་བ་དེར་ནི་འདི་བྱེད་པ་པོ་ཡིན་པར་སྦྱར་ཏེ། སྒྱུ་མཚན་མོ་ལ་སོགས་པའི་ཁྱད་པར་དང་ལྡན་པའི་རིག་པ ་ཡང་དག་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་ཏེ་ཞེས་བྱ་བ་ནི་གསལ་བར་བྱང་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་སྔ་མ་བཞིན་ནོ།། རིག་པ་དེ་འདིར་ཡང་སྒྱུ་མ་ཚན་མོ་ཞེས་གསུངས་ལ། གཞན་དུ་ནི་གཏུམ་མོ་ཞེས་བསྟན་ཏོ།། ་དེ་ཉིད་གསུངས་པ། དང་པོ་ཞེས་བྱ་བ་ལྀ་སོགས་པོ་ལ། ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་སྣ་ཚོགས་མདུང་པོ་འཆར་བ་ཆེན་པོར་པདྨའི་སྟེང་དུ་ཟླ་བ་ལ་བསྒོམ་པར་བྱ་ཞེས་བྱ་བར་འབྲེལ་ཏོ།། སྣ་ཚོགས་མདུད་པ་ཞེས ་བྱ་བ་ནི་དེའི་དབུས་ཏེ། རྩ་གཅིག་པོ་ཉིད་ཀྱི་གཱཡས་དང་གཡོན་གྱི་ཆ་གཉི་སུ་གྱེས་པ་ལས་གཡས་ཀྱི་ཆེ་ན་གནས་པ་ནི་གཡོན་ནས་བསྐོར་ནས་སྟེང་དུ་རྒྱུ་ཞིང་དེ་བཞིན་དུ་འོག་ཏུ་རྒྱུ་བ་གཉིས་ཀྱང་ཕན་ཚུན་བསྐོར ་ནོནས་རྒྱུ་བ་སྟེ། དེ་ལྟར་ཀུན་དུ་འཁྱིལ་བའི་རྩའི་གནས་ནི་སྣ་ཚོགས་མདུང་པའོ།། ང་ཉིད་འཆར་བྱ་ཆེན་པོ་སྟེ་སེམས་ཅན་ཐམས་ཅད་འབྱུང་བར་བྱེད་པའི་ཕྱིར་འཆར་བ་ཆེན་པོ་ཞེས་བྱ་བ་འདི་ནི་ཡནྡྲ་ལཱག་ལ་མིང་སྤྱི་ཟེར ་བའང་འདུག་པ་བརྟག་ཉེ་བར་བརྟགས་པས། སྐྱེས་བུ་དང་པོའི་མཚམས་སར་པ་སྟེ། དཔེར་ན་ནོར་བུ་ལ་ཟླ་བ་ཞེས་བྱ་བ་བཞིན་ནོ།། དེ་ནས་ཡི་གེ་དགོད་ཅེས་བྱ་བ་ལ་ཡི་གེ་དགོད་པ་ནི་ས་བོན་གྱི་ཡི་གེ་རྣམས་ཉེ་བར ་བཞག་པའོ།། བརྗོད་པ་ནི་རྣམ་པ་སྣ་ཚོགས་ཀྱིས་འཛིན་པའོ།། དགོད་པ་དེ་ཉིད་གསུངས་པ། དབྱངས་ཡིག་དང་པོ་ཞེས་བྱ་བ་ལ་སོགས་པ་ལ། མན་ངག་གིས་ན་ཟླ་ཚེས་དང་བཅས་པའི་དབྱངས་ཡིག་དང་པོ་དང་ཐིག་ལེ་སྟེ ་འོག་ནས་འབྱུང་བའི་བསྒོམ་པར་བྱི་ཞེས་བྱ་བ་དྲང་འབྲལ་ཏོ།། གང་དུ་ཞེ་ན། པདྨའི་སྟེང་དུ་སྟོ་འདྲབ་མ་དྲུག་ཅུ་རྩ་བཞི་པའི་པདྨ་ཁ་སྟེང་སྟེ་དུ་བལྟ་བུར་རོ།། ཡང་དག་གནས་ཞེས་བྱ་བ་ནི་དར་ཡི་གེ་སྟེང་དུ་བལྟས་ཏེ་གནས ་པབའོ།། རྟག་ཏུ་དབུགས་ཀྱི་ངོ་བོ་སྟྭ~ཾ་ཞེས་བྱ་བ་ནི་ངག་དབུགས་སྟེང་དུ་རྒྱུ་བིའི་རང་བཞིན་ཡིན་པའི་ཕྱིར་རོ།། འབྱུང་བ་རུ་ནི་བྱེད་པ་ཡིན་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བཤད་པ་སྟེ་སྒྱུ་མ་ཆེན་མོ་དེ་ཉིད་དབྱངས་ཡིག་དང་པོའི ་གཟུགས་ལས་མེའི་རང་བཞིན་དུ་འབར་ཏེ། སྟེང་དུ་འབར་ཞིང་དབུགས་ཕྱིར་རྒྱུ་བའི་ཕྱིར་རོ།། རྟག་ཏུ་ཞེས་བྱ་བ་ནི་ཇི་སྲིད་འཚོའི་བར་དུའོ།། འབར་བའི་ཕྲེང་བས་མཛེས་པའི་མདོག་ཅེས་བྱ་བ་ལ། འབར་བའི་ཕྲེང་བ་ནི་ཐིག་ལ ་ལས་མེ་ལྕེའི་ཚོགས་འབར་བས་འཇུ་བར་བྱེད་པའོ།། མཛེས་པ་ནི་རྣོ་བའོ།། མདོག་ནི་ཁ་དོག་སྟེ་དཀར་པོའོ།། དེ་དག་ནི་དབྱངས་ཡིག་དང་པོའི་མཚན་ཉིད་དོ།། ཟླ་བའི་དབུས་གནས་བསྒོམ་པོར་བྱ་ཞེས་བྱ་བ་ལ་པདྨའི་སྟེང་དུ་ཐཱ ་བའི་དབུས་སུ་དབྱངས་ཡིག་དང་པོ་ཟླ་ཆོས་དང་ཐིག་ལེར་བཅས་པའོ།། ཤར་ལ་སོགས་པའི་འདབ་མ་རྣམས་ལ་ནི་ཟླ་བ་ལ་གནས་པར་ཨ་ཀ་ཙ་ཊ་ཏ་བ་ཡཾ་ཤ་རྣམས་ཟླ་ཚེས་དང་ཐིག་ལེ་དང་བཅས་པོར་བསྒོམ་མོ།། དེ་ལྟར ་བཀང་བ་དང་འོག་ནས་འབྱུང་བ་དག་གིས་མདོར་བསྡུས་ཏེ། ཙོར་འགྱུར་བ་བསྟན་པའི་ཕྱིར་ཀུན་ཏུ་འགྲོ་བ་ཐོབ་འགྱུར་བ་ཞེས་བྱ་བ་སྟེ། ཀུན་ཏུ་འགྲོ་བ་ནི་ཐམས་ཅད་མཁྱེན་པའོ།། འདི་ནི་སངས་རྒྱས་ལྟར་རྙེད་དཀའ་ཞེས ་བྱ་བ་ལ། འདི་ནི་ཞེས་བྱ་བ་ནི་བསམ་གཏན་འདིའོ།། རྙེད་དཀའ་བ་ནི་བསྐལི་པ་མང་པོས་ཀྱང་སངས་རྒྱས་ལྷོར་རྙེད་དཀའ་བའི་ཕྱིར་རོ།། དེ་ཉིད་སྤངསོ་པས་ཡི་གེ་རྣམས་མེད་ཅེས་བྱ་བ་ལ་དེ་ཉིད་ནི་ཡི་ག་རྣམས་ཏེ་སྤངས་པ་ནི་ཉེས་པ་དང་བྲལ ་བའོ།། ཅིའི་ཕྱིར་ཞེ་ན། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན་འགྱུར་བ་མེད་པ་སྟེ་འཇིགས་པ་མེད་པོའི་ཕྱིར་རོ།། རྙོག་པ་མེད་ཅེས་བྱ་བ་ནི་ཉོན་མོངས་པའི་འོག་ཆགས་དང་བྲལ་བའི་ཕྱིར་རོ།། དུང་དང་ཟླ་འདྲ་ཞེས་པས་ནི ་དེ་དག་གི་ཁོ་དོག་བསྟན་ཏོ།། དྲི་མོ་མེད་ཅེས་བྱ་བས་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པར་སྟོན་ཏོ།། བྱང་ཆུབ་སེམས་ཞེསྟེ་དེ་ལ་བྱའོ།། ཞེས་བྱ་བ་ལ་བྱང་ཆུབ་འདོད་པས་རྟོགས་པར་བྱ་བ་ནས་བྱང་ཆུབ་ནི་ལྕི་སྟེ་དངོས་པོའི་ཚེའོ་། ་དེ་ཉིད་གཟུང་བ་ལ་ལ་སོགས་པ་དང་བྲལ་བའི་སྟོང་པ་ཉིད་ཀྱི་ཚེ་ནི་སེམས་ཏེ་བྱང་ཆུབ་ཀྱང་ཡིན་པས་བྱང་ཆུབ་ཀྱི་སེམས་ཏེ། སྙིང་རྗེ་དང་སྟོང་པ་ཉིད་དབྱེར་མེད་པའི་སེམས་སོ་དེ་ཡང་གསུངས་པ། དངོས་ལས་སྟོང་ཉིད་གཞན་མ་ཡིན་ཏེ། དེ་མ ་གཏོགས་པའི་དངོས་ཀྱང་མེད་ཅེས་བྱ་བའོ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་ཚིག་སྟེ། དེ་ལ་ཡི་གེར་བྲིས་པའི་གཟུགས་ནི་དངོས་པོའི་ཆ་སྟེ་སྟོང་རྗེའོ།། དེ་ཉིད་དོན་དམ་པར་གཅིག་དང་དུ་མ་དང་བྲལ་བ་ནི་དངོས་པོ་མེད་པའི་ཆ་སྟེ་སྟོང་པ་ཉིད་དོ།། སྤྲུལ ་བའི་འཁོར་ལོའི་འོག་ཏུ་ཆོས་ཀྱི་གསུངས་པ། རང་གི་སྙིང་གའི་ཞེས་བྱ་བ་ལ་སོགས་པ་ལ། དེའི་ཞེས་བྱ་བ་ནི་པདྨའི་སྟེང་དུ་ཟླ་བའི་དབུས་སུ་གྱུར་པར་ས་བོན་ཞེས་བྱ་བ་ཡི་གེ་ཧཱུཾ་གངས་དད་འདྲ་བར་འཛག་པ་ཞེས་བྱ་བ་ཁ་ཐུར་དུ་བལྟས་ནས ་གངས་དང་ཤེལ་ལྟ་བུའི་ཆུ་རྒྱུན་འཇིག་པའོ།། ས་བོན་བཏུ་བ་བསྟན་པའི་ཕྱིར། ཡི་གེ་དགོད་པས་དགོད་པར་བྱི་ཞེས་གསུངས་ཏེ། དགོད་པ་ནི་རྣམ་པར་བཞག་པའོ།། ཅི་ཞིག་ཅེ་ན། ཡི་གེ་སྟེ་ཧཱུཾ་ངོ་།། དེ་ཉིད་གསུངས་པ། མཆོག་ཏུ་ཞི་བའི་ཧ ་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ནི་དམ་པའོ།། ཞི་བ་ནི་དགེ་བའོ།། དབྱངས་ཡིག་དྲུག་པ་ནི་ཨཱུའོ།། ཐིགཽ་ལེས་སྟེང་དུ་བརྒྱན་པ་ནི་ཟླ་ཚེས་དང་བཅས་པ་སྟེ་དེ་དག་གིས་ཧཱུཾ་བྱེ་བྲག་ཏུ་བྱའོ།། རྣལ་འབྱོར་པའི་དབུགས་རྔུབ་བྱེད་ཅེས་བྱ་བ་ནི་རླུང ་འཇུག་པའི་ལམ་ནས་གཏུམ་མོའི་འོད་ཟེར་འོག་ཏུ་ཟློག་པར་བྱེད་པའི་ཕྱིར་རོ།། དངོས་དང་དངོས་མེད་རྣམས་སྤངས་པ་ཞེས་བྱ་བ་ནི་དངོས་པོ་དང་དངོས་པོ་མེད་པར་ཞེན་པ་མེད་པའི་ཕྱིར་རོ།། དེ་དག་གིས་ནི་འདི་སྐད་དུ་སྙིང་གའི་པདྨ་དཀར་པོའི་ཟླ ་བའི་དབུས་སུ་ཁ་ཐུར་བལྟ་བའི་ཧཱུཾ། ཕྱོགས་ཀྱི་འདབ་མ་རྣམས་ལ་ནི་དབྱངས་ཡིག་དང་པོ་དང་གསུམ་པ་དང་། ལྔ་པ་དང་བཅུ་གཅིག་པ་རྣམས་ཁུ་ཐུར་དུ་བལྟས་ཤིང་ཐིག་ལེ་དང་ཟླ་ཚེས་ཀྱིས་བརྒྱན་པའོ།། དབང་ལྡན་ལ་སྡིགས་པའི་མཚན ་ཀྱི་འདབ་མ་ལ་ནི་ཡ་ཝ་ར་ལ་རྣམས་རིམ་བཞིན་སྔ་མ་ལྟར་དགོང་ངོ་ཞེས་སྟོན་ཏོ།། ཆོས་ཀྱི་འོག་ཏུ་ལོངས་སྤྱོད་ཀྱི་འཁོར་ལོ་གསུངས་པ། རང་གི་མགྲིན་དབུས་ཞེས་བྱ་བ་ལ་སོགས་པདྨ་དམར་པོ་ཀུན་འོད་མཛེས་ཞེས་བྱ་བ་ནི་པདྨ་མདོག་དམྦ ་བོ་འདབ་མ་བཅུ་དྲུག་པ་ཁ་སྟེང་དུ་བལྟས་པའོ།། དེར་ནཱི་ཞེས་བྱ་བ་ནི་པདྨའི་སྟེང་དུ་ཟླ་བ་ལ་དབྱངས་ཡིག་བཅུ་གསུམ་པ་ཐིག་ལེ་དང་ཟླ་ཚས་ཀྱིས་བརྒྱན་པ་ཁ་ཐུར་དུ་བལྟས་ཤིང་གངས་ཀྱི་སྙིང་པོ་ལྟར་འཛག་པའོ།། ་ཕྱོགས་དང་མཚམས་ཀྱི་འདབ་མ་རྣམས་ལ་ཡང་དབྱངས་ཡིག་གཉིས་པ་དང་བཞི་པ་དང་དྲུག་པ་དང་བཅུ་གོཉིས་པ་རྣམས་ཐིག་ལེ་དང་ཟླ་ཚས་སུ་བཅད་ཤིང་ཁ་ཐུར་དུ་བལྟས་ནས་ཁཾ་བ་ལྟ་བུ་འཛག་པ་དང་ཡཾ་ར་ལ་ཝ་རྣམས་དགོད་དོ།། ་ང་ཉིད་གསུངས་པ། དེར་ནི་ཞེས་བྱ་བ་ལ་སོགས་པ་སྟེ། འདིར་པདྨ་རྣམས་སྟེང་དུ་བལྟ་བ་ཡིན་གྱི་ཡི་གེ་རྣམས་ནི་མ་ཡིན་ནོ།། པུ་ལུ་ཏ་ཞེས་བྱ་བ་ནི་ཨོཾ་སྟེ་སུམ་འཕར་དུ་བརྗོད་པའི་ཕྱིར་རོ།། བདེ་བ་ཆེན་པོའི་འཁོར་ལོ་གསུངས་པ་མགོན ་ཞེས་བྱ་བ་ལ་སོགས་པ་ལ། མགོའི་དབུས་ནི་སྨིན་མའི་དབུས་སོ།། གླང་པ་ཞེས་བྱ་བ་ནི་ཧཾ་ངོ་།། དེ་ཉིད་ཐིག་ལྔའི་གཟུགས་ཅན་ཏེ་མགོ་མོད་ཅིང་ཐིག་ལེས་བརྒྱན་པའོ།། མ་ཤིགས་པ་ཞེས་བྱ་བ་ལ་མི་ཤིགས་པ་ནི་མ་གཙས་པ་སྟེ་མན ་དང་བྲལ་བའོ།། དེ་ཉིད་ཀྱིས་ན་སྟོང་པ་ཉིད་ཅེས་གསུངས་སོ།། ཨ་ཏཱ་སའི་མེ་ཏོག་བཞོན་ཞེས་བྱ་བ་ལ་ཨ་ཏྲཱ་སིནི་ལྷྭམ་བྷའི་བྱེ་བྲག་ཞིག་གོ།། འདྲ་བ་ནི་དབྱིབས་འདྲུ་བ་ཡིན་གྱི་ཁ་དོག་ནི་མ་ཡིན་ནོ།། འཁོར་ལོ་ཞེས་བྱ་བ་ནི་འདག་མ་སུམ ་ཅུ་རྩ་གཉིས་པའི་པདྨ་བཅུ་དྲུག་གི་ཁ་ཡར་བལྟས་ལ་བཅུ་དྲུག་ནི་མར་བལྟས་པའི་ཁ་དོག་སྣ་ཚོགས་པའོ།། དབྱངས་ཡི་གོ་ནི་ཁྱང་པར་སྦྱར་ཞེས་བྱ་བ་ནི་དབྱངས་ཀྱི་ཡི་གེ་བཅུ་དྲུག་གོ།། ཅི་འདྲ་ཞེ་ན། རང་གི་ཕྱག་རྒྱར་མངོན་ལྡན་པ་སྟེ་ཐིག་པ ་དང་ཟླ་ཚེས་སུ་ལྡན་པའོ།། དེ་ལ་སྨིན་མའི་དབུས་སུ་འདབ་མ་བཅུ་དྲུག་ཁ་ཐུར་དུ་བལྟས་པའི་དབུས་ཀྱི་ཟླ་བ་ལ་ནི་ཧཾ་མགོ་ཐུར་དུ་བལྟས་པའི་དབུས་ཀྱི་ཟླ་བ་ལ་ནི་ཧཾ་ཁ་ཐུར་དུ་བལྟས་པའོ།། དེ་ནས་གྱེན་དུ་བལྟས་པའི་བར་བར་གྱི ་འདབ་མ་བོར་བ་ཐུར་དུ་བལྟས་པའི་འདབ་མ་རྣམས་ལ་དབྱངས་ཡིག་རྣམས་ཁ་ཐུར་དུ་བལྟས་ཤིང་བདུད་རྩི་འཛག་པའོ།། སངས་རྒྱས་བྱང་ཆུབ་རབ་ཏུ་སྟེར་ཞེས་བྱ་བ་ནཱི་ཡི་གེ་ཐམས་ཅད་ཀྱིས་ཡེ་ཤེས་སྟེར་བའོ།། འདིའི་དོན་ནི ་ལྟེ་བར་གཏུམ་མོ་འབར་བྱས་པས། དེ་བཞིན་གྱཤེགས་པོ་ལྔ་བསྲེགས་ཤིང་།། སྤྱན་ལ་སོགས་པ་བསྲེག་པར་བྱ།། བསྲེགས་པས་ཧ~ཾ་ལས་ཟླ་བ་འཛག་ཅེས་བྱ་བ་འདིས་བསྟན་ཏོ།། དེའི་དོན་ཡང་ཨཾ་གྱི་ཐིག་ལེའི་འོད་ཟེར་གྱིས ་ཧཱུཾ་བསྐལ་ཞིང་ཧཱུཾ་གི་ཐིག་ལྔའི་འོད་ཀྱིས་ཀྱང་ཨོཾ་གྷི་ཐིག་ལེ་བཞུ་ནས་སླར་ཨོཾ་གྱི་ཐོག་ལེ་ལ་གཞུག་པར་བྱ་སྟེ། ཡང་དང་ཡང་དུ་བསྒོམ་པཱར་བྱཱ་བ་འདི་ཡིན་ནོ།། དི་ཡངྒ་རྡོ་རྗེ་མཁའ་འགྲོ་འམྦྷ་གཞན་དུ་ཡང་རུང་སྟེ། རྣལ་འབྱོར་དང ་རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་ཆེན་པོའི་ཚིགས་དཀྱིལ་འཁོར་དང་བཅས་པ་བསྐྱེད་ལ་སྔོན་དུ་སྤོགས་བཟླས་ཏེ། རྣལ་འབྱོར་འདི་བྱོའོ།། ཇི་ལྟར་འདོད་པ་བཞིན་སྤྱོང་བ་བསྟན་པའི་ཕྱིར། དེའི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། རིགས་པ་དང་ཕྲ་མོའི་རྣལ་འབྱོར་འདིར་གུས་པའི་སྒོམ་ཆེན་གྱིས་བརྟུལ་ཞུགས་ལ་སོགས་པ་ངེས་པ་མེད་པའོ།། གཟུང་བ་ནི་གྲངས་གཟུང་བའོ།། གཅིག་ནས་གཅིག་ཏུ་ལྡོག་པོ་ནི་རིམ་གྱིས་ལྡོག་པ་ནི།། ཡང་ན་གཟུང ་བ་ནི་བགྲང་ཕྲེང་གིས་སྔགས་བཟླས་པའོ།། གཞན་དང་གཞན་ཞེས་བྱ་བ་ནི་ཕྱི་རོལ་ཏེང་ལྡོག་པའོ།། དེ་ཙའི་ཕྱིར་ཞ་ན། གཏུམ་མོའི་རྣལ་འབྱོར་གྱི་སྒོ་ནས་སྔགས་ཏེ། ཨ་ལ་སོགས་པ་ཉིད་དུ་གཟུང་བ ་སྟེ། སྒོམ་པ་ཕྲེང་བ་སྟེ་ཡང་དང་ཡང་དུ་གོམས་པར་བྱེད་པའི་ཕྱིར་རོ།། དེ་བཞིན་དུ་སྦྱིན་སྲེག་ལས་ཀྱང་གཞན་ཏེ། ཕྱི་རོལ་པའི་མར་ལ་སོགས་པ་བསྲེགས་པ་ལྡོག་པར་འགྱུར་རོ།། འདི་ལྟར་རང་བཞིན་གྱིས་གྲུབ་པའི་གཏུ ་མའོ་མ་ལ་རྡོ་རྗེ་ཧཾ་བཞི་པའི་མར་གྱིས་སྦྱིན་སྲེག་བྱེད་པའི་ཕྱིར་རོ།། སྒྱུ་མུ་ཆེན་པོའི་རྣལ་འབྱོར་འདི་བྱེད་བྲག་གསུམ་དུ་བསྟན་པའི་ཕྱིར་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔགས་ནི་ཨོཾ་ལ་སོགས་པའོ།། དེ་ཉིད ་ཀྱིས་དཀྱིལ་འཁོར་ཏེ། འཁོར་ལོ་བཞིའི་ཚུལ་ཅན་བས་སོ།། དབྱིབས་ནརྀ་ང་རྣམས་ཀྱིས་གནས་ཏེ་པདྨ་ལ་སོགས་པའི་གཟུགས་སོ།། འཛིན་པས་ན་ཆོས་ཏེ་འོད་ཟེར་གྱི་འགྲོ་བ་དང་འོང་བ་བསྟན་པའོ།། དེ་ལྟར་ན་རྣལ་འབྱོར ་གང་གིས་ཁྱད་པར་སྔགས་ཀྱི་དཀྱིལ་འཁོར་དང་དབྱིབས་དང་ཆོས་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ།། འདོད་པའི་ལོངས་སློད་ཐམས་ཅད་ལ། བསྟེན་ན་མྱུར་དུ་འགྲུབ་པར་འགྱུར། ཤེས་རབ་ཐབས་སོགས་རྣམས་ཀྱིས། དགའ ་དང་བདེ་བས་འགྲུབ་པར་འགྱུར་ཞེས་བྱ་བའི་དོན་འདིར་བསྟན་ཕྱིར། དུག་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲིད་པའི་ལོངས་སྤྱོད་ཀྱི་ཡུལ་རྣམས་སོ།། འོ་ན་དེའི་ཁོར་བའི་མཆོག་འདིར་བསྟན་པར་བྱ་ཞེས་བྱ་བར་འབྲེལ་ཏེ། རྣལ ་འབྱོར་པས་ཞེས་ཤེས་པར་བྱའོ།། དེ་ལ་ལས་དང་ཉོན་མོངས་པའི་དབང་གིས་བྱུང་བས་ན་སྲིད་པ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔའོ།། དེའི་མཆོག་ནི་དམ་པ་སྟེ་ལོངས་སྤྱོད་ཀྱི་ཡུལ་རྣམས་སོ།། འོ་ན་དེ་འཁོར་བའི་རྒྱུ་གྱུར་པ་ཡིན་ན། ཅིའི ་ཕྱིར་བསྟེན་ཅེ་ན། བསྟེན་བྱ་ཞེས་གསུངས་ཏེ། བསྟེན་བྱཱ་བ་ནི་བསྟེན་པར་བྱ་བ་ཉིད་དོ།། མཁས་པའི་ཐར་པའི་རྒྱུ་ཞེས་བྱ་བའི་དོན་ཏོ།། ཇི་ལྟར་བསྟེན་ཅེ་ན། ཡུལ་མེད་བྱས་ནས་ཞེས་གསུངས་པ་སྟེ། ཡུལ་ནི་སྤྱོད་ཡུལ་ལོ།། མེད་པ་ནི ་དགག་པའི་ཚིག་སྟེ། ཡུལ་རྣམས་རང་བཞིན་གྱིས་ངོ་བོ་ཉིད་མེད་པའོ།། འབད་པོ་ནི་དེ་ཤེས་པའོ།། ཡང་ན་བི་ཥཱ་ནི་དུག་སྟེ་ཡུལ་དེ་རྣམས་ལ་གཟུང་བ་ལ་ལི་སོགས་པའི་མངོན་པར་ཞེན་པ་ཉིད་དུག་སྟེ། ངེས་ཡུལ་རྣམས་དུག་ལྷུར་ལོངས་སྤྱོད་པའི ་དུས་སུ་བདེ་ལ་སྨྱིག་པའི་འོག་ཏུ་སྔགས་བསྔལ་བར་བྱེད་པའི་ཕྱིར་རོ།། དེ་ཡང་གསུངས་པ། གང་ཞིག་དེ་ཉིད་མཐོང་མེད་པའི།། ཕྱིན་ཅི་ལོག་གི་བློ་ཉིད་དུག། དེ་ཉིད་བྱིན་ཅི་མ་ལོག་པའི།། དེ་ཁོ་ན་མཐོང་བློ་དུག་མིན་ཞེས་སོ།། ཅི་སྟེ་འཛིན་པ་ལ་སོགས ་པ་དུག་ཡིན་ན་དེ་ཇི་ལྟར་མེད་པར་བྱ་ཞེ་ན། དུག་མེད་ཅེསོ་བྱཱ་བཱ་གོ་སུངས་ཏེ། འཛིན་པའི་དུག་མེད་པ་ཉིད་ཀྱིས་ཡུལ་གྱི་དུག་མེད་པར་འགྱུར་རོ།། ང་ཡང་ཇི་ལྟར་བྱ་ན་ནན་ཏན་དུ་ཞེས་བྱ་བ་སྟེ། རང་བཞིན་མེད་པའི་ལྷའི་རྣལ་འབྱོར་གྱིས་སོ།། དགྲ ་འགྱུར་ཞེས་བྱ་བ་ནི་ཡུལ་ཐམས་ཅད་ཀྱི་དྲི་མ་དག་པ་སྟེ། སྲིད་པའི་ཉེས་པས་གོས་མི་འགྱུར་ཞེས་བྱ་བ་དང་འབྲེལ་ཏེ། སྲིད་པའི་ལོངས་སྤྱོད་དུག་མེད་པར་བྱོས་སོ།། སུ་ཞིག་ཅེ་ནོ། སྲིད་པས་སྲིད་པ་མཆོག་གི་བདག་ཅེས་བྱ་བ་ལ། སྲིད་པའི ་དངོས་པོ་མཆོག་ཏུ་ཞུགས་པའི་བདག་ཉིད་དམ། མཆོག་གི་སྲིང་བ་ལ་ཞུགས་པའི་རྣལ་འབྱོར་པའི་བདག་ཉིད་རྣལ་འབྱོར་པ་ཞེས་བྱ་བར་གྱི་ཚིག་མི་མངོན་པ་ཡིན་ནོ།། ཡང་ནཱ་སྤོང་བའི་སྲིད་པ་སྟེ་སྐྱོད་པ་ཉིད་ལ་སོགས ་པའི་ཡེ་ཤེས་ཅན་གྱི་མཁས་པའོ།། དེ་ཉིད་ཕུལ་དུ་བྱུང་བས་ན་མཆོག་གི་བདག་ཉིད་ཅན་ནོ།། ཁ་ཅིག་ནི་མཆོག་ཏུ་ཞེས་བྱ་བའི་སྒྲ་དངོས་པོར་སྦྱར་རོ་ཞེས་ཟེར་རོ།། དངོས་པོའི་སྐུ་ཡང་སྐྱེ་བ་ལ་བྱའོ།། ངེས་དངོས་པོར་འཛིན་པས་སྲེད་པར་སྐྱེ ་བར་འགྱུར་རོ་ཞེས་ཟེར་རོ།། དེ་ལྟ་ན་ཡང་སྲིད་པའི་ཉེས་པས་མི་གོས་པའི་རྒྱུ་གསུངས་པ། ཡེ་ཤེས་རྣམ་པ་གསུམ་ཞེས་བྱ་སྟེ། རྣམ་པ་རཱ་ཐར་པའི་སྒོ་གསུམ་གྱི་ཡེ་ཤེས་ཀྱིས་སོ།། ཡང་ན་སྔགས་ཀྱི་དཀྱིལ་འཁོར་ལ་སོ ་པའི་ཡེ་ཤེས་ཀྱིས་སོ།། ཅུང་ཟད་ཙམ་གྱིས་གཡེངས་པ་དང་བཅས་པས་གོ་མེས་པར་བྱ་འམ་ཞེ་ན། གསུངས་པ། ཟླ་བའི་རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལྔ་རྟག་ཏུ་ཞེས་བྱ་བ་ནི་ཉིན་རེ་ཞིང་ངོ་།། རྒྱུན་ཏུ་ཞེས་བྱ་བ ་ནཱིནི་དེ་ཉིད་རྒྱུན་ཚོགས་སུའོ།། འོ་ན་དུགཱ་རིང་པོར་གོམས་པས་སུམུ་ཞེས་ན་མ་ཡིན་ཏེ། གསུངས་པ་ཟླ་དྲུག་ཙམ་གྱིས་ཞེས་བྱ་བ་ལ་སོགས་པའོ།། ད་ནི་དགུག་པོ་གསུངས་པ། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་ལཾ། སྒྲུབ་ཐབས ་ཀྱི་རིམ་པོ་བཞིན་རང་གི་ས་བོན་སྙིང་གར་བསམས་ཏེ། དེའི་འོད་ལས་བྱུང་བའི་མཆོད་པས་བླ་མ་ལ་སོགས་པ་ཡང་དག་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་བྱས་ནས་སྟོང་པ་ཉིད་བསྒོམས་ཏེ། རི་བོ་ལྷུན་པོའི་སྟེང་དུ། ་གནས་པའི་བྲུམ་ལས་བྱུང་བ་ཁང་པ་བརྩེགས་མའི་ནང་དུ་གནས་པའི་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བ་ལ་ཆོས་ཀྱི་འབྱུང་གནས་དེའི་སྟེང་དུ་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཨ་ལ་སོགས་པ་དང་ཀ་ལ་སོགས ་པའི་དབུས་སུ་མཾ་ལས་བྱུང་བའི་ཞགས་པ་བསམས་ཏེ། དེ་ཐམས་ཅད་ཡོངསུ་གྱུར་པ་ལས་བདག་ཉིད་སྒྱུ་འཕྲུལ་ཆེན་མོར་བསྒོམ་པར་བྱའོ།། དེ་ཉིད་བསྟན་པའི་ཕྱིར། ཟླ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེའི ་དབུས་འགྱུར་ས་བོན་ནི་ཞེས་བྱ་བ་ནི་ཡི་གེ་མཾ་མོ།། སྔོ་ཞིང་ཅུང་ཟད་དམར་བའི་འོད་ཅེས་བྱ་བ་ནི་མདོག་སྔོ་ཞིང་འོད་ཟེར་ཅུང་ཟད་དམར་བའོ།། འོད་ཟེར་སྔོན་པོ་ཞེས་བྱ་བ་ལ་སོགས་པས་དེ་ཉིང་ངེས་པར་བསྟན་པའོ།། འདིབ་སྐྱེས་སྔོན་པོ ་ཞེས་བྱ་བ་ལ་སོགས་པ་ལ་མགོར་སྐྱས་ཁམ་པ་གྱེན་དུ་འགྲིན་ནི་སྐ་མཱར་སེར་གྱེན་དུ་འཁྱིལ་པའོ།། འདིར་བསྟན་པ་དང་འོག་ནས་འབྱུང་བའི་ལྷ་རྣམས་ལ་གཡོན་བརྐྱང་གིས་བཞུགས་པ་ནི་མན་ངག་གོ།། པདྨའི་འདབ་མ་བརྒྱད་རྣམས ་ལ་ནི་ལྷ་མོ་བརྒྱད་དེ། དེ་དག་དབུས་ཀྱི་གཙོ་མོ་དང་བཅས་པར་དུས་གཅིག་ཏུ་བསྐྱེད་བར་མན་ངག་གིས་བལྟ་བར་བྱའོ།། དེ་ནས་ཆོ་ག་ལ་སོགས་པ་ཐམས་ཅད་བྱཱ་སྟྭ~ཾ། ཨོཾ་ཨ་མཾ་ཧཱུ~ཾ་ཞེས་བྱ་བའི་སྔགས་བཟླས་སོ།། དེ་ལྟར་དུས་རིང་པོར ་གུས་པ་དང་བཅས་པས་རྒྱུན་ཏུ་སྔར་བསྟེན་པ་བྱས་ནས་འོག་ནས་འབྱུང་བ་ལྟར་བསྒྲུབ་པར་བྱའོ།། དེ་ཉིད་གསུངས་པོ་ཨིནྡྲ་ནཱི་ལ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་ཡི་གེ་ནི་ཕྱག་འཆིལ་པོའི་ཡི་གེ་སྟེ། ཡི་གེ་ད་རང་གི་སྙིང་གར་ཆོས་འབྱུང ་བའི་ནང་དུ་ཟླ་བའི་དཀྱིལ་འཁོར་ལ་ཨིནྡྲ་ན་ལའི་མདོག་སྟེ་འོད་ཟེར་སྔོན་པོར་འཕྲོ་ཞིང་ཅུང་ཟད་དམར་བར་བསྒོམ་མོ།། དེ་ནས་འོད་ཟེར་དམར་པོ་རང་གི་སྣ་སྒོ་གཡས་ནས་སྤྲོས་ལ་བསྒྲུབ་པར་བྱ་བའི་སྣ་སྒོ་གཡོན་པར ་ཞུགས་ཏེ། དེའི་རྣམ་པར་ཤེས་པ་མདོག་དམར་པོ་ནས་ཀྱི་འབྲུམ་བུ་ཙམ་སྙིང་ག་ན་གནས་པ་དང་འདྲེས་ནས་གཟུང་སྟེ། དེའི་སྣ་སྒྲོ་གཡས་པ་ནས་འོངས་པ་བདག་གི་སྣ་སྒོ་གཡོན་པ་ནས་སྙིང་གར་བཅུག་སྟེ། རང་གི་རྣམ་པར་ཤེས་པ ་དང་གཅིག་ཏུ་བྱས་ལ་ཞལ་ནས་སྔགས་ཟློས་ཤིང་དུས་དེ་ཉིད་དུ་བསྒྲུབ་པར་བྱ་བ་སྐྱེས་པ་ཡང་རུང་བུད་མེད་ཀྱང་རུང་རླུང་གི་དཀྱིལ་འཁོར་ལ་བསྐྱོན་ལ་འོངས་པར་བསྒྲིམས་ན་གདོན་མི་ཟ་བར་འགུགས་པར་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་གསུང ་པ། གང་གི་རིག་པ་ཞེས་བྱ་བ་ལ་སོགས་པ་ལ། གང་གིས་ཞེས་བྱ་བ་ནི་བདགང་དང་གང་གི་ཕྱིར་རོ།། རིག་པ་ཞེས་བྱ་བ་ནི་རྣལ་འབྱོར་པས་བདག་ཉིད་སྒྱུ་འཕྲུལ་ཆེན་མོར་བསྒོམ་མོ།། རབ་ཏུ་སྦྱོར་བ་ནི་སྦྱོར་བའི་བྱེ་བྲག་སྟེ། དེས་བྱས་ནས་དེ་མ ་ཐག་ཏུ་སྟེ་དེའི་མོང་ལ་རིང་པོ་མི་ཐོག་པར་འགུགས་པ་སྟེ། མཉམ་པར་གཞག་མ་ཐག་ཏུ་འོང་བར་འགྱུར་རོ།། དམར་པོ་རུ་ནི་བསྒོམོས་ནས་སུ་ཞེས་བྱ་བ་ལ་སོགས་པ་ནི་སྦྱོར་བ་དེ་ཉིད་ཁ་བསྐང་བ་སྟེ། ཡི་གེ་ཨོཾ་མདོག་ཅུང་ཟད་དམར་བར་བྱའོ།། ་དེ་ནས་ཆོ་ག་བཞིན་དུ་བྱ་ཞེས་བྱ་བ་ནི་སྔར་བསྟེན་པའི་དུས་སུ་བཅོམ་ལྡན་འདས་མ་སྔོ་ཞིང་དམར་བར་བསྒོམས་ལ་ཕྱིས་བསྒྲུབ་པའི་དུས་སུ་ནི་དམར་པོར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ།། དབྱངས་ཡིག་གཉིས་པ་དང་ལྡན་པར་ཞེས་བྱ་བ ་ལ་དབྱངས་ནི་ཨ་ལ་སོགས་པའོ།། གཉིས་པ་ནི་ཨཱའོ།། ལྡན་པ་ནི་ཐིག་ལེ་གཉིས་དང་བཅས་པ་སྟེ། དེས་ནི་ཨཱཿཞེས་བྱ་བར་འགྱུར་རོ།། དེས་ཅི་ཞིག་བྱ་ཞེ་ན། སྲིད་པ་གསུམ་པོ་བསྒོམ་པར་བྱ་ཞེས་བྱ་བ་གསུངས་ཏེ། སྔ་མ་ལྟར་ཐམས་ཅད ་བསྒོམས་ལ་སྙིང་གར་ཟླ་བ་ལ་གནས་པའི་ཨཱཿམེ་དོག་དམར་པོ་བསྒོམས་ནས་སྲིད་པ་གསུམ་པོ་སྐུ་དང་གསུངས་དང་ཐུགས་ཀྱི་བདག་ཉིད་ཅན་གྱི་འོད་ཟེར་བསམ་མོ།། འབད་པ་བསྒྲུབ་བྱ་སྣ་བསོ་ཏ་ཞེས་བྱ་བ་ནི་སྔ་མ་ལྟར་འོད་ཟེར་འབྱུང ་བ་དང་འཇུག་པས་བསྒོམ་ཞིང་སྔགས་བཟླས་ན་གདོན་མི་ཟ་བར་དབང་དུ་འགྱུར་རོ།། དེ་ཉིད་གསུངས་པ་དེས་ནི་ཞེས་བྱ་བ་ལ་སོགས་པ་ལ་ཀུན་ཏུ་ཞེས་བྱ་བ་ནི་ཐམས་ཅད་ང་། གང་དང་གང་གཱ་ལུས་ལ་ས་བོན་གྱི་སྦྱོར་བས་སྣང་བར་བྱས ་བ་དེ་དང་དེ་ཐམས་ཅད་དབང་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ངེས་པར་བསྟེན་པའི་ཕྱིར་གསུངས་པ། ས་གསུམ་མ་ལུས་པ་ཞེས་བྱ་བ་སྟེ། སརྦདང་སོ་སྟེང་དང་ས་འོག་པ་རྣམས་ཀྱིའོ།། དེ་ཉིད་ཀྱི་སླར་ཡང་བཤད་པ་ནི། ཚངས་པ་དང ་ཞེས་བྱ་བ་ལ་སོགས་པ་སྟེ་སོགས་ཀྱིས་ན་གཤིན་རྗེ་དང་མི་ལ་སོགས་བྱ་གཟུང་ངོ་།། ཆུང་མ་དང་ནི་བཅས་ཏེ་དགུག་ཅེས་བྱ་བ་ནི་སྐྱེས་པ་འབྲའ་ཞིག་མ་ཡིན་གྱི་འདིས་བུད་མེད་རྣམས་ཀྱང་འགུགས་པའོ།། ཡི་གེ་ཕན་ཚུན་བསྐུལ་བ་ཡིས ་ཞེས་བྱ་བ་ལ་ཡི་གེ་ནི་ཧཱུཾ་ངོ་།། ཕན་ཚུན་ནི་ཨོཾ་དང་ཨཱཿའོ།། བསྐུལ་བ་ནི་ཨོཾ་དང་ཨཱཿདང་ཧཱུཾ་དུ་སྤེལ་བ་སྟེ། ས་བོན་མཾ་དང་པོསྒྲུབ་པར་བྱ་བའི་མིང་དུ་བཅས་པ་སྤེལ་ཏེ་སྔགས་བཟླས་པའོ།། ཅི་ཞིག་ཅེ་ན་གང་གསུངས་པ། བཅོམ་ལྡན་འདས ་ཞེས་བྱ་བ་ལ་སྩོགས་པ་ལ། དེ་ཉིད་ཅེས་བྱ་བ་ནི་ཡི་ག་གསུམ་གྱི་སྔགས་ཏེ། དེ་ཉིད་བཅོམ་ལྡན་འདས་མའི་སྤྱོང་པ་ཞེས་བྱ་བ་ནི་གར་ཞེས་བྱ་བ་ལས་རྒྱས་པའི་མཚན་ཉིད་ཀྱི་གཙོ་བོ་སྟེ། སྒྲུབ་པ་བ་ལ་རྫོགས ་པར་བྱེད་པར་ཞེས་པ་དང་འབྲེལ་ཏོ།། དེ་ལྟར་རྐང་པས་དགུག་པ་སྔར་བསྟན་ནས་ད་ནི་གླིང་བུས་དགུག་པ་གསུངས་པ། དེ་ནས་དབུ་མའི་སྤྱོད་པ་ཞེས་བྱ་བ་ནི་མཐའ་དང་ལྡན་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་རྒུད་པས ་དགུགས་པའི་འོག་ཏུ་སྟེ། དེ་ནི་གྲོང་བུས་དགུག་པ་བརྗོད་པར་བྱའི་ཞེས་ཤེས་པར་བྱའོ།། དབུ་མའི་མཐའ་ནི་མའོ།། ལྡན་པ་ནི་དེ་དང་མཚུངས་པར་ལྡན་པའོ།། དེ་ཡང་ཅི་འདྲ་ཞེ་ན། ཐི་ག་ལེ་སྒྲ་ཡིས་ཡང་དག་མནན་པ་སྟེ་ངེས་ནི་མཾ་ཞེས ་བྱ་བར་འགྱུར་རོ།། དེ་དང་ལྡན་པ་ཅི་ཞིག་ཅེ་ན། གོང་བུ་དགུག་པོའི་ལས་ཀྱི་ཆོ་གའོ།། དྲི་ལྟར་ས་དོ་ནུབཏུ་བ་བསྟན་ནས་བྱ་བ་གསུངས་པ། སྐུ་གསུང་ཐུགས་ལ་ལེགས་གནས་པར་ཞེས་བྱ་བ་ལ་སོགས་པ་ལ་བདག་ཉིད་སྔ་མ་ལྟར་སྒྱུ ་འཕྲུལ་ཆེན་མོར་བསྒོམས་ལ་བསྒྲུབ་པར་བྱ་བ་མེའི་དཀྱིལ་འཁོར་ལ་བཞག་ལ་རླུང་གི་དཀྱིལ་འཁོར་གྱིས་བསྐུལ་ཏེ། བཀུག་ནས་དབང་ཆེན་གྱི་དཀྱིལ་འཁོར་ལ་བཞག་སྟེ། མི་གཡོ་བར་བྱས་ལ་ཆུའི་དཀྱིལ་འཁོར་གྱིས་བཀྲེས་ནས་རྨིས ་བོ་དང་མགྲིན་པ་དང་སྙིང་གར་དང་ནུ་མའི་འོག་རྣམས་རླུང་དང་ཆུ་དང་མེ་དང་དབང་ཆེན་གྱི་དཀྱིལ་འཁོར་བཞི་ལ་ས་བོན་མཾ་བཀོད་དེ་ཡི་གེ་དེ་དག་ཉིད་བཟླས་ན་འགུགས་པར་འགྱུར་རོ་ཞེས་བྱ་བ་དང་ལྷག་མ་ཡིན་ནོ།། ལྷག་མ་ནི་ག ་སྨྲའོ།། ཁུ་བ་དགུག་པ་གསུངས་པ། བྷ་གའི་ཞེས་བྱ་བ་ལ་སོགས་པ་ལ་སྒྲུབ་ཐབས་ཀྱི་རིམ་གྱིས་བྷ་གཱའི་དབུས་སུ་ཡེ་ཤེས་ཀྱི་རྒྱ་མཚོ་བསྒྲིམས་ལ། དཔའ་བྱོ་སྠ་རྔ་རྗེ་མཁའ་འགྲོ་བསྒོམ་པར་བྱ་ཞེས་བྱ་བ་དང་འབྲུན ་ཏོ།། ཡི་གེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པ་སྟེ། འགྱུར་བ་མེད་པའི་ཕྱིར་རོ།། དེའི་ཡི་གེ་ནཱི་ཧུཾ་སྟེ་རྫོགས་པ་ནི་ངེས་རྡོ་རྗེ་མཁའ་འགྲོ་བསྐྱེད་པའོ།། ལྷག་མ་ནི་གོ་སླའོ།། གཤོར་ཞེས་བྱ་བ་ནི་ཉྲ་ཕྱིས་ཀྱི་རྣམ་པ་ལྟོ་བུའི་ཐོད་པའོ།། པདྨ ་ཕྱོགས་ཀྱི་འདབ་མ་རྣམས་ལ་ནི་འདིར་ལྟུང་བྱུང་མ་ལ་སོགས་པོའི་རྣལ་འབྱོར་མ་བཞི་ཐོད་པའི་སྟན་ལ་གནས་པར་བཀོད་པའི་དབུས་སུ་བཅོམ་ལྡན་འདས་ཏེ། དེ་དག་མངོན་པར་བྱང་ཆུབོ་པ་ལྔ་ལས་དུས་མཚུངས་པར་བསྒོམ ་པོར་བྱ་བ་འདི་ནི་བསྡུས་པའི་དོན་ཡིན།། དེ་ཉིད་ཀྱིས་ན་སྤྲོ་བའི་བདག་ཉིད་ཅན་གྱི་སྨེ་བ་ཞེས་བྱ་བ་སྟེ། རྣལ་འབྱོར་མའི་འཁོར་ལོ་ཞེས་བྱ་བ་ནི་ལྷག་མའོ།། དབུགས་མི་གཡོ་པཪྵ་བསྒོམ་པར་བྱ་ཞེས་བྱ་བ་ནི་ཇི་སྲིད་དུ་དབུག ་བརྟན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམས་པའོ།། རླུང་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞི་ནི་དུ་བསྒོམ་པ་སྟེ་ཁྱད་པར་དུ་སྐུ་གསུང་ཐུགས་ལ་གནས་པའི་མོ་མདོག་དཀར་པོ་བྱ་བའོ།། འབད་དེ་བསྒྲུབ ་བྱ་དམིགས་ནས་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕྱག་མཚན་གྱི་གཙོ་བོ་རྡོ་རྗེས་བསྒྲུབས་པར་བྱ་བ་ཇི་ལྟ་བ་བཞིན་དུ་ངམགོས་ནས་སྨིན་མའི་འབུས་སུ་ཕུག་ལ་ཁུ་བ་དྲངས་ནས་རང་གི་ལག་ན་གནས་པའི ་པ་བཀང་བར་བསམ་ཞིང་ཡི་གེ་གསུམ་པོ་ཧཱུཾ་དང་བཅས་པ་བཟླས་པར་བྱའོ།། ཆད་དགུག་པ་གསུངས་པ། ཅི་ཞེས་བྱ་བ་ལ་སོགས་པ་ལ་ཅི་ཉིད་ཡེ་ཤེས་ཏེ། རྣམ་པར་དག་པའི་རང་བཞིན་གྱི་ཕྱིར་རོ།། ་ལས་བྱུང་བ་ནི་དེ་ཡོངསུ་གྱུར་པ་ལས་རྡོ་རྗེའི་ལྟེ་བར་དེ་ཉིད་ཀྱིས་མཚན་པ་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་བསྒོམ་པར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། སྡིགས་མཛུབ་རྡོ་རྗེ་ཞགས་པ་ཞེས་བྱ་བ་ནི་རྡོ་རྗེ་སོ་མཚན ་པའི་ཞགས་པས་བསྡིགས་པས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་གཡོན་དུ་སྒོམ་པའོ།། རྟའི་ཞལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་གང་གི་ཞལ་རྟའི་ཚུལ་ཅན་ཏེ། ལྷན་ཅིག་སྐྱེས་པའི་ཞལ་ཅན་ཞེས་བྱ་བའི་དོན་ཏོ།། དེ་དག་གི ་ནི་དེ་ལྟ་བུར་གྱུར་པའི་ཞལ་དང་སྐུ་མདོག་ལ་སོགས་པར་བསྒོམ་ཞིང་གྱུར་ནས་ཆང་དགུག་པར་བྱ་ཞེས་སྟེན་ཏེ། ཁྲག་དགུག་པ་གསུངས་པ། རའི་ཞེས་བྱ་བ་ལ་སོགས་པ་ལ། ཅེ་སྤྱང་གི་གདོན་ཅན་ཏཱ་ཞེས་བྱ་བ་ནི ་སྦྱང་ཀོའོ་ཁྱད་པར་ཅེས་བྱ་སྤྱང་ཥྤེ་ས་བྱ་བ་ཉིད་ཀྱི་གདོང་པ་བྱ་བའོ།། ཁྲག་གིས་གྲུང་བའི་ལུས་ཅནཾ་བསྒོམས་ཞེས་བྱ་བ་ནི་བདག་ཉིད་རྡོ་རྗེ་མཁའ་འགྲོ་མདོག་དམར་པོར་བསྒོམ་པའོ།། མཁའ་འགྲོ་མྱའི་འཁོར་ལོ་སྟེ ་ཞེས་བྱ་བ་ནི་སྒྲུབ་པའི་ཐོབས་ཀྱི་རིམ་གྱིས་ཨཱ་ལི་དང་ཀཱ་ལྀ་དང་རཾ་ལས་བྱུང་བའི་རྡོ་རྗེ་རལ་གྲིས་མཚན་པ་དག་ཡོངསུ་གྱུར་པ་ལས་བཅོམ་ལྡན་འདས་ལྟུང་བྱེད་མ་ལ་སོགས་པའི་རྣལ་འབྱོར་མ་དང་ཐོད་པར་བཅས་པ ་དུས་མཚུངས་པར་སྤྲོ་སྟེ། བསྐྱེད་ཅེས་བྱ་བའི་དོན་ཏེ།། རྡོ་རྗེ་ཕྲ་མོས་ཕུག་ནས་སུ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཕྱག་ན་གནས་པར་གྱུར་པའི་རྡོ་རྗེའི་མཚོན་ཆ་ཕྲ་མོས་བསྒྲུབ་པར་བྱ་བའི་རྩའི་གནས་ཀྱི་སྙིང་ག་ཕུག ་པའོ།། འཇིབ་པ་ཉིད་རབ་ཏུ་བསྒོམ་ན་ཞེས་བྱ་བ་ནི་བསྒྲུབ་པའི་དུས་སུ་མཁའ་འགྲོ་མ་རྣམས་ཀྱང་ཅེ་སྦྱོང་གི་གདོང་ཅན་དུ་བསྒོམས་ལས་སྔར་རྡོ་རྗེ་ཕྲ་མོས་ཕུག་པའི་རྨ་ནས་བདག་དང་མཁའ་འགྲོ་མ་རྣམས་ཀྱི་ཅེས་སྤྱད ་གི་ཁས་རུས་པ་དང་། པགས་པ་སྐམ་པོ་ཙམ་ལུས་པའི་བར་དུ་འཇིབ་པར་བསྒོམ་ཞེས་བྱ་བའི་དོན་ཏོ།། ལས་དེ་དག་ཐམས་ཅད་ནི་གུས་པས་རྒྱུན་མི་འཆད་པར་ཡུན་རིང་དུ་བསྒོམ་པ་དང་བཟླས་པས་འགྲུབ་ཀྱིས་གཞན ་དུ་ནི་མ་ཡིན་ནོ།། ཞེས་བྱ་བ་ནི་ལས་ཡོང་སུ་རྫོགས་པའོ།། སྒྱུ་མ་ཀུན་ནི་རྣལ་འབྱོར་མ་ཐམས་ཅད་དོ།། རྣམ་པར་འཕྲུལ་པ་ནི་དེས་རྣམ་པར་རོལ་ཅིང་རྩེ་བའོ།། མན་ངག་དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་བཅུ་གཅིག ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གཅིག་པའི་རྣམ་པར་བཤད་པའོ།། ། ད་ནི་རྡོ་རྗེ་མཁའ་འགྲོའི་ཚུལ་གཞན་གྱི་སྒྲུབ་ཐབས་སྟོན་པའི་ལེའུ་གསུང ་པ། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ་ཉོན་ཞེས་བྱ་བ་ནི་སྔོན་དུ་བཅོམ་ལྡན་འདས་ལ་གསོལ་བ་བཏབ་པ་གང་ཡིན་པ་དེ་ཉོན་ཅིག་ཅེས་བྱ་བའི་དོན་ཏོ།། དང་པོར་རོ་ན་བསྒོམ་བྱ་སྟེ་ཞེས་བྱ་བ་འི་མཆོད་པ་ལ ་སོགས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་རྗེསཱ་ལ་རི་བོ་ལྷུན་པོའི་སྟེང་དུ་ཁང་པ་བརྩེགས་མོའི་ནང་དུ་པདྨའི་སྟེང་ན་གནས་པ་རོ་བསྒོམས་པའོ།། དང་པོ་ཞེས་བྱ་བ་ནི་ཨ་ལ་སོགས་པ་དང་ས་བོན་ཧཱུཾ་ལ ་སོགས་པ་ལ་བལྟོས་པའི་ཚིག་གོ། མཁས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་རྡེགས་པའི་སྒྲུབ་པ་པོའོ།། ཆོས་ཀྱི་དབྱིངས་རང་བཞིན་ཞེས་བྱ་བ་ལ་ཆོས་ནི་ཕུང་པོ་ལ་སོགས་པའི།། ་དབྱིངས་ནི་རང་བཞིན་ཏེ་དོན་དམ་པར་གཟུང་བ་ལ་སོགས་པའི་རང་བཞིན་དང་བྲལ་བའི་སྟོང་པ་ཉིད་དོ།། དེ་ཡང་འདི་ལྟར་སེམས་འབའོ་ཞིག་པོ་ཉིད་ཐོག་མ་མེད་པའི་དུས་ནས་སྤྲོས་པོའི་བག་ཆགས་ཀྱིས་དཀྲུགས་པས་ཕྱི་རོ ་ལྟ་བུར་གཉིས་སྣང་བ་ཡིན་གྱི། དངོས་པོ་རྣམས་བདེན་པར་ཡོད་པ་མ་ཡིན་པར་སྔར་བསྟན་ཏོ།། ཡང་གསུངས་པ། ནང་གི་ཞེས་བྱ་བའི་ངོ་བོ་ནི་ཕྱི་རོལ་ལྟར་སྣང་གང་ཡིན་ཏེ། དོན་ཡིན་རྣམས་ཤེས་ངོ་བོའི་ཕྱིར།། ་རྐྱེན་ཉིད་ཀྱང་ཡིན་ཕྱིར་རོ་ཞེས་སོ།། དེ་ནས་ཐམས་ཅད་དུ་རྣམ་པར་ཤེས་པའི་སྣང་བའི་ཡན་ལག་ཉིད་དམིགས་པ་ཡིན་གྱི་བརྫུན་ཀྱང་ཕྱི་རོལ་ཉིད་དུ་འོངས་པ་ནི་མི་ཡིན་ཏེ། བེམས་པོ་དང་ཉམ་སུ་མྱོང་བ་འགལ་བའི་ཕྱིར་རོ།། ་ངོས་ན་ཐམས་ཅད་དུ་གཟུང་བ་ལ་སོགས་པས་སྟོང་པར་ལེགས་པར་གྲུབ་པ་ཡིན་ནོ།། དེ་ཡང་གསུངས་པ། ཇི་ལྟར་བྱིས་པས་རྣམ་བརྟགས་པ།། དེ་ལྟར་ཕྱི་རོལ་དོན་ཡོད་མིན།། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམ ་དོན་དུ་སྣང་བར་ཡང་དག་འབྱུང་ཞེས་སོ།། སྟོང་པ་ཉིད་ཀྱིས་དབྱིངས་དང་འདྲ་བས་རོ་ཡང་ཆོས་ཀྱི་དབྱིངས་ཏེ། རྟོག་པ་དང་བྲལ་བའི་ཕྱིར་རོ།། དེས་ནི་ཆོས་ཀྱི་དབྱིངས་བསྒོམ་པ་ཉིད་དུ་སྟོན་ཏོ།། རྣལ་འབྱོར་པ་ཞེས་བྱ་བ ་ནཱཾ་སྔར་བསྟན་པའི་མཆོད་པ་ལ་སོགས་པ་སྦྱོར་བ་དང་ལྡན་པའོ།། དེར་གནས་ཞེས་བྱ་བ་ནི་རོལ་སྟོང་དུ་གནས་པ་སྟེ། འདིས་ནི་དེ་བཞིན་ཉིད་ལ་གནས་ནས་སྤྲོ་བ་རྣམས་བསྒོམ་པར་སྟོན་ཏོ།། གོ་འཕང་མཆོག ་ནི་ཞེས་བྱ་བ་ལ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པའི་བཞིར་གྱུར་པསཾ་ན་གོ་འཕང་སྟེ། རྡོ་རྗེ་མཁའ་འགྲོ་དེ་ཉིད་གཉིས་སུ་མེད་པས་ན་མཆོག་གོ།། བསྒོམ་པ་ནི་དེར་བསྐྱེད་པ་སྟེ་འོག ་ནས་བཤད་པར་བྱའོ།། ད་ནི་བསྒོམ་པ་ལ་རྩོམ་པ་གསུངས་པ། རཱང་སྙིང་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་རང་གི་སྙིང་གར་ཟླ་བའི་དབུས་སུ་དེ་ཉིད་ཐམས་ཅད་ཅེས་བྱ་བ་ཡི་གེ་ཧཱུཾ་དགོད་པར་བྱ་སྟེ། ་ཅིའི་ཕྱིར་ཏེ། དེ་ཉིད་ཐམས་ཅད་ཡིན་ཞེ་ན། རྡོ་རྗེ་འཛིན་པའི་རང་བཞིན་ཡིན་པའི་ཕྱིར་རོ།། དེའི་འོད་ཟེར་ཞེས་བྱ་བ་ནི་ཧཱུཾ་ལྀས་བྱུང་བའི་འོད་དོ།། མཁའ་འགྲོ་མ་སོགས་ཞེས་བྱ་བ་ནི། མཁའ་འགྲོ་མ་དང་མཛེས་མམོ་དང ་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་སོ།། མཆོད་པ་ནི་ཡིད་ཀྱིས་རྡོ་རྗེ་བླ་མ་ལོ་སོགས་པ་ལ་ཡང་དག་པར་མཆོད་པའོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ་སངས་རྒྱས་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ།། ་བྱང་ཆུབ་ནི་ལྷ་རྣམས་ཀྱི་ཚོགས་ཏེ། གང་གིས་དེ་དག་རང་གི་སེམས་ཡིན་པར་ཤེས་ཤིང་གླང་ལ་དེའི་རྣམ་པ་ཅན་གྷི་སེམས་ཡོད་པའི་སློབ་བཞིན་པའི་སྒྲུབ་པ་པོ་རྣམས་ནི་བྱང་ཆུབ་སེམས་དཔའ་རྣམས།། ་ཀུན་ནས་ཞེས་བྱ་བ་ལ་སོགས་པཱ་ལ། དགོངས་སུ་གསོལ་ཞེས་བྱ་བ་ནི་རྗེ་སུ་ཡི་རང་བ་དང་བཅས་པས་བྱིན་གྱིས་རློབ་ཅིང་བདག་གིར་མཛད་པ་ནི་དགོངས་པའོ།། བདག་མིང་འདི་ཞེས་བྱ་བ་ནི་རང་གི་མིང་ནས་སྨོས་པ་སྟེ། ཤིན ་ཏཱཾ་ཁས་ལེན་པའི་ཕྱིར་རོ།། དུས་འདི་ནས་བཟུང་ཞེས་བྱ་བ་ལ་དུས་འདི་ནི་གནས་སྐབས་འདི་སྟེ། གཟུང་བ་ནི་ཉེ་བར་བརྩམས་པའོ།། ཡང་ན་གཟུང་བ་ནི་སངས་རྒྱས་ལ་སོགས་པས་བྱིན་གྱིས་བརླབས་པ་ཉེ་བར་བླངས་ཤིང་རྒྱ ་བྱས་པའོ།། ཇི་སྲིད་ཅེས་བྱ་བའི་སྒྲ་ནི་དུས་ཇི་སྙེད་ཀྱི་བར་དུ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་ཞེས་བྱ་བ་དྲང་འབྲེལ་ཏོ།། དུས་ཇི་སྙེད་ཅིག་ཏུ་བསྐྱེད་པར་བྱ་ཞེ་ན། བྱང་ཆུབ་སྙིང་པོར་མཆིས་ཀྱིས་བར་ཞེས་བྱ་བ་ལ་བྱང ་ཆུབ་སྙིང་པོ་ནི་དམ་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའོ།། མཆིས་པ་ནི་དར་གནས་པ་སྟེ། མི་གནས་པའི་མྱ་ངན་ལྔས་འདས་པ་ཐོབ་ཀྱི་བར་དུའོ།། བྱ་བོ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ལ། དུས་གསུམ ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་ད་ལྟར་བྱུང་བའི་དུས་ཏེ། དུས་དེ་རྣམས་སུ་སྤྱོང་པའི་གཤེགས་པ་དང་། གཤེགས་བཞིན་པ་དང་བྱོན་པའི་སངས་རྒྱས་རྣམས་སོ།། དེ་རྣམས་ཉིད་སྐྱོབ་པས་ན་མགོན་པོའོ།། ཡང་དག་བྱང ་ཆུབ་ངོས་མཛད་པ་ཞེས་བྱང་ཆུབ་ལ། ངོས་མཛད་ནི་སྦྱིན་པ་ལ་སོགས་པའི་ཚོགས་མ་ལུས་པ་བསགས་པའི་བྱ་བའི་མཚན་ཉིད་དོ།། ཅིའི་ཕྱིར་ནུ་མ་ཡང་དག་བྱང་ཆུབ་ཕྱིར་ཏེ། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི ་མཚན་ཉིད་ཅན་གྱི་བྱང་ཆུབ་ཀྱི་ཆེད་དུའོ།། འདིར་ཆད་ཀྱི་བདུན་པ་མི་མངོན་པ་ཡིན་ནོ།། བླ་མེད་བྱང་ཆུབ་སེམས་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་སེམས་ནི་སྨོན་པའི་བྱང་ཆུབ་ཀྱི་སེམས་དང་། འཇུག་པའི་བྱང་ཆུབ་ཀྱི་སེམས་སོ།། དེ་ལ་སྨོན ་པའི་བྱང་ཆུབ་ཀྱི་སེམས་ནི་བདག་རྡོ་རྗེ་མཁའ་འགྲོར་གྱུར་ནས་སེམས་ཅན་ཐམས་ཅད་ཀྱང་གོ་འཕང་དེ་ལ་དགོད་པར་བྱའོ་སྙམ་པའི་འདོད་པ་དང་བཅས་པའི་སྨོན་ལམ་མོ།། འཇུག་པ་བྱང་ཆུབ་ཀྱི་སེམས་ནི་དེའི་ལམ་སྦྱིན་པ ་ལ་སྩོགས་པ་ཉམསུ་ལེན་པའི་རང་བཞིན་ཏེ། དེ་གཉིས་ནི་བླ་ན་མེད་པའི་འབྲས་བུ་སྒྲུབ་པར་བྱེད་པས་ན་བླ་ན་མེད་པའོ།། དེ་བཞིན་བསྐྱེད་པར་བགྱི་ཞེས་བྱ་བ་ནི་ཇི་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་བྱང་ཆུབ་སེམས ་དཔའི་གནས་སྐབས་ན་བྱང་ཆུབ་ཀྱི་ཕྱིར་ཐུགས་བསྐྲད་པ་མཛད་པ་དང་བསྐྱེད་པ་དང་། བསྐྱེད་པར་འགྱུར་བ་ལྟར་བདག་གིས་ཀྱང་བ་སྐྱེད་པའོ།། ཡང་ན་མགོན་པོ་ནི་བྱང་ཆུབ་སེམས་དཔའ་སྟེ། སངས་རྒྱས་ཀྱི་གླེན་སུ་གྱུར ་པའི་ཕྱིར་རོ།། དེ་ཡང་གསུངས་པ། དེ་ལྟར་བྱང་ཆུབ་སེམས་བསྐྱེད་པ། གང་ཡོ་ནི་སངས་རྒྱས་ཉིད་ཞེས་བྱ་ཞེས་གསུངས་པའི་ཕྱིར་རོ།། དེ་རྣམས་ཀྱི་སེམས་ནི་སྨོན་པ་སྔོན་དུ་འགྲོ་བའི་འཇུག་པའི་སེམས་ཏེ། དེ་ཉིད་སེམས་ཅན ་ཐམས་ཅད་ཀྱི་གཙོ་བོ་ཡིན་པའི་ཕྱིར་བླ་ན་མེད་པའོ།། སངས་རྒྱས་རྣལ་འབྱོར་སྐྱེས་སྡོམ་པ་ཞེས་བྱ་བ་པ་ལ་སངས་རྒྱས་ནི་རྣམ་པར་སྣང་མཛད་དོ།། སྐྱེས་པ་ནི་དེའི་རིགས་ཀྱི་སྒྲུབ་པ་པོའོ།། སྡོམ་པ་ནི་དཀོན་མཆོག་གསུ ་ལ་སྐྱབསུ་འགྲོ་བ་ལ་སོགས་པའི་མཚན་ཉིད་ཅན་ཏེ། ལུས་ལ་སོགས་པ་བྱ་བ་མ་ཡིན་པ་ལོས་བཟློག་ཅིང་སྡུད་པའི་ཕྱིར་སྡོམ་པའོ།། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་ལ། དེ་ཁོ་ན་ཉིད་ཐུགས་སུ་ཆུད་བ་དང་། ཉོན་མོངས་པ་དང་། ཤེས ་བྱིའོ་སྒྲུབ་པའི་བག་ཆགས་བསལ་བས་ན་སངས་རྒྱས་ཏེ་རྣམ་པར་སྣང་མཛད་ལ་སོགས་པའོ།། ཆོས་ནི་འཛིན་པས་ན་ཆོས་ཏེ། ལུང་དང་རྟོགས་པའི་རང་བཞིན་ནོ།། འདུས་པ་ནུ་དགེ་འདུན་ཏེ། འཇམ་དཔལ་རྡོ་རྗེ་ལ་སོགས་པའི ་བྱང་ཆུབ་སེམས་དཔའོ།། བླ་ན་མེད་པའི་དཀོན་མཆོག་གསུམ་ཞེས་བྱི་བ་ལ་གསུམ་ནི་ལུས་དང་ངག་དང་ཡིད་དེ། དེ་རྣམས་ཀྱི་དགའ་བ་དང་རྒྱས་པར་བྱེད་པས་ན་དཀོན་མཆོག་གོ།། ཡང་ནི་སངས་རྒྱས་ལ་སོགས་པ་ཉིད་དཀོན་པ་སྟེ། ་གསུམ་པོ་དེ་དག་ཉིད་དཀོན་པའི་ནང་ན་གཙོ་བོ་ཡིན་པས་མཆོག་གོ།། དེ་ཉིད་ཀྱི་ཕྱིར་བླ་ན་མེད་པ་སྟེ། གཟུང་ཞེས་བྱ་བར་འབྲེལ་ཏོ།། འདིར་གཟུང་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ། དང་པོ་སྒྲུབས་སྟོང་ནས་དེའི་འོག་ཏུ་མངོན་སུམ་དུ ་བྱའོ་ཞེས་བྱ་བའི་དོན་ཏོ།། བསླབ་ཞེས་བྱ་བ་ལ་སོགས་པ་ལ་ཚུལ་ཁྲིམས་གསུམ་བྱ་བ་ནི་བསླབ་པའི་ཚུལ་ཁྲིམས་ལ་སོགས་པ་དེ་དག་ཉིད་དེ་མི་དགོ་བ་ལས་ལྡོག་པ་དང་། དག་པ་ལ་འཇུག་པའི་དང་། གཞན་གྱི་དོན་བྱེད་པའི ་མཚན་ཉིད་ཅན་ནོ།། བདག་གིས་སོ་སོར་བརྟན་པོར་གཟུང་ཞེས་བྱ་བ་ལ་བདག་ནི་བདག་ཉིད་དེ་འགྲོ་བ་རྣམས་བསྒྲལ་བའི་ཕྱིར་ཁས་བླང་ཤིང་ང་རྒྱལ་བྱ་བའོ།། སོ་སོར་གཟུང་བ་ནི་ཡང་དང་ཡང་དུ་འཇུག་པའོ།། བརྟན་པོར ་གཟུང་བ་ནི་ཕྱིར་མི་ལྡོག་པ་སྟེ་སངས་རྒྱས་ལ་སོགས་པ་ལ་བརྟེན་པའི་སྨོན་ལམ་དང་འཇུག་པ་དང་ངག་ལས་མི་ཤེས་པའི་དབང་གིས་སླར་ལྡོག་པར་མི་བྱའོ།། དེ་ལྟར་འོག་ནས་འབྱུང་བ་ཀུན་ལ་སྦྱར་བར་བྱའོ།། རྡོ་རྗེ་རིགས ་མཐོན་ཆེན་པོ་ལ་ཞེས་བྱ་བ་ལ་རྡོ་རྗེ་མཐོ་ནི་མི་བསྐྱོད་པའོ།། རིགས་ནི་དེ་དང་འབྲེལ་བའི་སྒྲུབ་པ་པོ་སྟེ་དེའི་སྡོམ་པ་ཡིན་པ་འམ་ཡང་ན་སྡོམ་པ་ཉིད་རྡོ་རྗེ་རིགས་མཐོ་ཆེན་པོ་སྟེ་མི་བསྐྱོད་པའི་རང་བཞིན་ནོ།། རྡོ་རྗེ་དྲིལ་བུ ་ཕྱག་རྒྱ་ཡང་ཞེས་བྱ་བ་ལ་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ།། ཡང་དག་པ་ཉིད་དུ་གཟུང་བ་ནི་ཡང་དང་ཡང་དུ་གཟུང་བའོ།། སློབ་དཔོན་ནི་བླ་མ་སྟི་བླ་མ་སློབ་དཔོན་ཞེས་བྱ་བཱར་མཁས་པ་རྣམས་ཀྱིས་ཡོངསུ་བསྒྲགས་ཞེས་ཟེར ་བའི་ཕྱིར་རོ།། ཡང་ནི་རྡོ་རྗེ་ལྀ་སོགས་པ་ནི་རྡོ་རྗེ་ལ་སོགས་པའི་དམ་ཚིག་གོ།། སློབ་དཔོན་ནི་སློབ་དཔོན་གྱི་དབང་བསྐུར་བའོ།། རིན་ཆེན་ཞེས་བྱ་བ་ལི་སོགས་པ་ལ། ཚིགསུ་བཅད་པ་ཕྱེད་ལྔ་མ་འདིས་ནི་རིགས་ཀྱི་ཐ་སྙད ་བསྟན་པ་ཡིན་ཏེ། དེ་ལ་རན་ཆེན་ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ང་ལས་བྱུང་བས་ན་རིགས་ནི་རནི་ཆེན་འབྱུང་ལྡན་ནོ།། རྣལ་འབྱོར་ནི་དེའི་རིགས་ཀྱི་སྒྲུབ་པ་པོ་སྟེ། དེའི་རྣམ་པར་ཡང་དང་ཡང་དུ་སེམས་རྩེ་གཅིག ་གོས་སྦྱོར་བའི་ཕྱིར་རོ།། དམ་ཚིག་ནི་འདའ་བར་མི་བྱ་བྱར་ཉམ་སུ་བླང་བའོ།། ཡིད་དུ་འོང་བ་ནི་སྦྱིན་པ་ལ་སྦྱོར་བས་སོ།། ཅི་ཞིག་ཅེ་ན། ཉིན་རེ་ཞེས་བྱ་བ་ལ་སོགས་པ་ལ། སྦྱིན་པ་རྣམ་པ་བཞི་ནི་ཟང་ཟིང་དང་ཆོས ་དང་མི་འཇིགས་པ་དང་བྱམས་པའོ།། ཡང་ན་ནོར་དང་ནོར་གྱིས་སྙིང་པོ་དང་། ཡན་ལག་དང་ཡན་ལག་གི་སྙིང་པོའོ།། དེ་ལ་ནོར་ནི་གསེར་ལ་སོགས་པའོ།། ནོར་གྱི་དང་པོ་ནི་བུ་དང་བྲན་ལ་སོགས་པའོ།། ཡན་ལག་ནི་རྐང་པ་ལ ་སོགས་པའོ།། ཡན་ལག་གི་དང་པོ་ནི་མགོ་ལ་སོགས་པའོ།། བྱང་ཆུབ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཆེན་པོ་ནི་ཆོས་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བ་ལ་སོགས་པས་སོ་སོར་རྟོག་པའི་ཡེ་ཤེས་ཡིན་ལ ་འབྱུང་བ་ནི་དུ་ལས་སྐྱེས་པའོ།། སུ་ཞིག་ཅ་ན། པདྨའི་རིགས་ཆེན་ཞེས་བྱ་བ་ལ་སོགས་པ་སྟེ། པདྨ་ཆེན་པོ་དག་པོ་ནི་སྣང་བ་མཐའ་ཡས་སོ།། ཅིའི་ཕྱིར་ཞེ་ན། གཟུང་བ་ལ་སོགས་པར་མངོན་པར་ཞེན་པ་མེད་པའི་ཕྱིར་རོ།། རིགས་ནི ་དེའི་བདག་ཉིད་ཅན་ནོ།། ཕྱི་ནང་ཞེས་བྱ་བ་ལ་སོགས་པ་གསུང་སྟོགས་ནི་ཀྲི་ཡཱ་ལ་སོགས་པ་གསུང་སྔགས་ཀྱི་ཐག་པའོ།། ཐག་པ་གསུམ་ཞེས་བྱ་བ་ནི་ཉན་ཐོས་དང་རཱདྭ་སངས་རྒྱས་དང་བྷ་ན་མང་པོའི་ཐུག་པ་སྟེ། འདིས ་དེའི་རིགས་ཅན་གྱི་སྐྱེ་བོ་རྣམས་འགྲོ་བས་ན་ཐེག་པའོ།། དམ་ཆོས་ཞེས་བྱ་བ་ནི་དེ་དག་ཉིད་དེ་དམ་པ་ནི་སངས་རྒྱས་སོ།། དེས་བསྟན་པའི་ཆོས་ནི་ངོམ་ཆོས་སོ།། ལས་ཀྱི་རིགས་ཚན་མཐོན་པོ་ཞེས་བྱ་བ་ནི་དོན་ཡོད་གྲུབ ་པའི་བདག་ཉིད་དོ།། ཅི་ནུས་བགྱི་ཞེས་བྱ་བ་ནི་རང་གི་སྟོབས་བཞིན་ཁས་བླངས་པའོ། མཆོད་པ་དེ་ཉིད་ཁྱད་པར་དུ་བྱ་བའི་ཕྱིར། སྡོམ་པ་ཐམས་ཅད་ལྡན་པར་ནི་ཞེས་བྱ་བ་གསུངས་ཏེ། ཐམས་ཅད་ནི་ཕྱི་དང་གསངས་པའི ་མཆོད་པ་རྣམས་སོ།། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་གཉིས་ནི་སྡོམ་པ་ལྔའི་ཉེ་བར་བསྔོ་བའོ།། བླ་ན་མང་པའི་བྱང་ཆུབ་སེམས་ཞེས་བྱ་བ་ལ་སོགས་པས་ནི་སེམས་བསྐྱེད་པ ་གཉིས་ཀྱི་བྱ་བ་སྟོན་པ་ཡིན་ནོ།། མ་རྒལ་བ་རྣམས་འསོ་བ་བ་ནི་ཉོན་ཐོས་ལ་སོགས་པ་སྟེ། ཉོན་མོངས་པ་དང་ཅེས་བྱའི་སྒྲིབ་པ་དང་ལྡན་པས་སོ།། མ་གྲོལ་བ་ནི་ཚུངས་པ་ལ་སོགས་པའོ།། དབུགས་མ་ཕྱིན་པ་ནི་དམྱལ་བ་ལ་སོགས་པར ་འགྲོ་བའོ།། ཀུན་ཞེས་བྱ་བ་ནཾ་ང་དག་ཐམས་ཅད་དོ།། མྱ་ངནི་ལས་འདས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ།། ངོ་ནས་ཞེས་བྱ་བ་ནི་དེ་ལྟར་དམ་བཅས་ནས་སོ།། ཨོཾ་ཞེས་བྱ་བ་ལ་སོགས་པའི་སྔགས་ཏེ། སརྦྦ་དྷརྨཱཿཞེས་ཞེས་བྱ་བ ་ནི་ཕུང་པོ་ལ་སོགས་པ་རྣམས་སོ།། སྭ་བྷཱ་བ་ཤུདྡྷ་ནི་དེ་དག་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ།། ཨ་ཧཾ་ནཱི་བདག་སྟེ་བདག་གི་རང་བཞིན་དེ་ཡིན་ན། དེ་ནས་ཚིག་འདི་བརྗོད་ནས་ཞེས་བྱ་ཡོ་ལ་དེ་རས་ཞེས་བྱ་བ་ནི་རང་བཞིན་དས་། བཅོམ་ལྡན་འདས་བསྒོམ ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ཡང་ན་ཚིག་འདི་ཀུན་ཏུ་བརྗོད་ཅེས་བྱ་བ་ལ་ཚིག་ནི་གནས་ཏེ་རང་བཞིན་དག་ཅིང་བདག་མེད་པ་ཉིད་དོ།། ཨ་ནི་དགག་པ་སྟེ་བརྗོད་དུ་མེད་པའི་རང་བཞིན་ང་ལ་དེ་སྐད་ཅེས་བྱ་པའོ།། དེ་ཉིད་བཅོམ་ལྡན་འདས་རྡོ་རྗེ ་ཞེས་བྱ་བ་ལྔ་དེ་ཉིད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པའི་སྨོན་ལམ་བྱེད་པའི་རྣལ་འབྱོར་པ་ཉིད་དོ།། བཅོམ་ལྡན་འདས་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་བྷ་ག་དང་སྦྱར་བའི་ཕྱིར་རོ།། དེ་ཉིད་རྡོ་རྗེ་ཅན་ཏང་ཡང་འདི་ལྟར ་རྡོ་རྗེ་འཛིན་དང་དབྱེར་མེད་པའི་ཕྱིར་ཏེ་ཇི་སྐད་དུ་བྱང་ཆུབ་ཀྱི་སེམས་དང་རྡོ་རྗེ་སློབ་དཔོན་ནོ་གཉིས་སུ་མེད་ཅིང་དབྱར་མེད་དོ་ཞེས་གསུངས་པའི་ཕྱིར་རོ།། དེ་ཉིད་ནི་བརྩོན་འགྲུས་བརྟན་པའི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་ཞིང་རང་བཞིན ་རྣམ་པར་དག་པོ་ཐོབ་པས་ན་དེ་བཞིན་གཤེགས་པ་ཡང་ཡིན་ནོ།། དེས་ཆོས་ཐམས་ཅད་བདག་མེད་པར་བལྟ་ཞེས་བྱ་བ་སྔ་མ་དང་སྦྱར་ཏེ། ཆོས་རྣམས་བདག་མེད་པར་བལྟ་བའོ།། ཡང་ནི་ཆོས་རྣམས་དང་བདག་མེད་པ་ལྷན་ཅིག ་ཏུ་བལྟ་བའོ།། སྐུ་མདོག་སྔོན་པོ་ཞེས་བྱ་བ་ལ་སོགས་པ་ནི་རྡོ་རྗེ་མཁའ་འགྲོ་བསྒོམ་པ་བསྟན་ཏེ། འོག་ནས་འབྱུང་བའི་པདྨའི་ལྟེ་བར་དགོད་པར་བྱའོ།། གར་དང་ལྡན་ཞེས་བྱ་བ་ནི་གཱ་ཡིས་བརྐྱང་བས་བཞུགས་པའོ།། ་ཡེ་ཤེས་རྒྱ་མཚོ་ནརྀ་རྡོ་རྗེ་མཁའ་འགྲོའོ།། ཤཱར་ནཱི་ཞེས་བྱ་བ་ལ་སོགས་པས་ནི་ལྟུང་བྱེད་མ་ལཾ་སོགས་པའི་ལྷ་མེ་བཞིས་གསུངས་པ་ཡིན་ཏེ་དབུས་ཀྱི་པདྨའི་ཕྱོགས་ཀྱི་འདབ་མ་བཞི་ལའོ།། མཚམས་ཀྱི་འདབ་མ་རྣམས ་ལ་ནི་བདུད་རྩི་ལྔའི་ཐོད་པ་རྣམས་སོ།། ཕྱི་རོལ་གྱི་པདྨ་རིམ་པ་གསུམ་པ་ལ་ནི་སྔར་བསྟན་པ་བཞིན་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་དགོད་དོ།། ཤར་ལ་སོགས་པའི་སྒོ་བཞིར་ནི་ཁྭ་གདོང་མ་ལ་སོགས་པ་བཞི་དགང ་དོ།། དབང་ལྡན་ལ་སོགས་པའི་མཚམས་སུ་ནི་གཤིན་རྗེ་བསྟན་མ་སྩོགས་པའོ།། ལྷ་གཱ་མཱ་ནི་སྒྲུབ་ཐབས་སུ་བལྟའོ།། ཐོད་པ་རྣམས་པ་བཞི་པོ་ཞེས་བྱ་བ་ནི་བདུད་རྩི་ལྔའི་ཐོད་པ་སྟེ་དབུས་ཀྱི་པདྨའི་མཚམས་བཞིར ་དགོད་པའོ།། སངས་རྒྱས་གཟུགས་ཀྱིས་རྣམ་བརྒྱན་པ་ཞེས་བྱ་བ་ཉིད་ཀྱིས་བཤད་པ་ནི་སྤྱི་གཙུག་ཅེས་བྱ་བ་ལ་སོགས་པ་སྟེ། སྤྱི་གཙུག་ཅེས་བྱ་བ་ནི་ཐོང་པ་གསལ་བ་ཞེས་བྱ་བ་ལ་ན་མཁའ་ལས་འོངས་པས་ན ་གསལ་བ་སྟེ་དེའི་སྟོང་དུ་གནས་པའི་ཟླ་མཚན་ནོ།། ཡང་དགོ་ལྡན་པ་ནི་བདུད་རྩིའོ།། ལྷ་ག་མ་རྣམས་ཏཽ་རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། མི་བསྐྱོད་པ་དང་། དོན་ཡོད་གྲུབ་པ་རྣམས་གཟུང་ངོ་།། ་བདུད་རྩི་ལྔ་སྦྱང་བ་གསུངས་པ། དང་པོ་ཞེས་བྱ་བ་ལ་སོགས་པ་ལ། དང་པོའི་ཡི་གེ་ནི་ཨོཾ་མོ།། ང་དང་ལྡན་པ་ནི་ཐོད་པའོ།། བསྒོམ་པ་ནི་ཐོད་པ་དང་བྲུ~ཾ་ལ་སོགས་བསྒོམ་པའོ།། དེས་ཙར་འགྱུར་ཞེ་ན། གསུངས་པ། སྐད་ཅིག་དེ་ལ་འབར ་ཞེས་བྱ་བ་སྟེ་འབར་བའོ།། དེས་ཀྱང་ཅིར་འགྱུར་ཞེ་ན། རྫས་ཀྱི་དངོས་གྲུབ་འབྲས་རབ་ཏུ་སྟེར།། ཞེས་བྱ་བ་སྟེ་གོ་སླའོ།། འདི་རི་དྲང་པོར་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུ་ལ་ར~ཾ་ལས་བྱུང་བའི་མིའི་དཀྱིལ་འཁོར་ངའི་སྟེང་དུ ་ཨ་ལོས་བྱུང་བའི་ཐོད་པ་དེའི་ནང་དུ་བྲུཾ་ཨཾ་ཛཾ་ཁཾ་ཧཱུཾ་གི་ས་བོན་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་གྱི་བདུད་རྩི་ལྔའོ།། དེའི་སྟང་དུ་ནི་ཨོཾ་བར་སྣང་ལ་ཧཱུཾ་གིས་བསྐྱེད་པའི་རྡོ་རྗེ་དེ་ནས་རླུང་གིས་འབར་བའི ་མེས་བསྐུལ་བ་ནས་དེའི་དྲོད་ཀྱིས་རྡོ་རྗེ་ཡང་གཞུ་སྟེ། དེ་ཉིད་བབས་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་བདུད་རྩི་འབྱུར་བར་གྱུར་ན་དངོས་གྲུབ་སྦྱར་བར་འགྱུར་རོ།། སྦྱོར་བའི་དངས་གྲུབ་རིག ་ཆེ།། ཡིད་ཆེས་ཡང་དག་འཇུག་པར་འགྱུར།། ཞེས་བྱ་བ་ལ་སྦྱོར་བར་གྲུབ་པའི་དངོས་གྲུབ་འདིས་བྱ་སྟེ་གསུམ་པའི་དན་གྱིས་རྒྱག་ས་མན་ན།། ཅི་ཞིག་གི་སྦྱོར་བ་ཡིན་ཞེ་ན། རིག་པ་ཆེན་པོ་སྟེ་སྔགས་ལ་སོགས་པའི་རིག་པའོ།། ཡིད་ཆེས ་ནི་ཡང་དག་པའི་རྟོག་པའོ།། འཇུག་པ་ནི་སྐྱེ་བ་སྟེ་རྡོ་རྗེ་མཁའ་འགྲོའི་བསམ་ཏན་གྱིས་བྲུཾ་ལ་སོགས་པ་དང་། ཡག་གསུམ་པོ་སྔོན་དུ་བཟླས་ནས་བསྒྲུབ་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ།། འབྲས་བུ་དེ་གསུངས་པ་མ ་སྣང་བ་དང་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་མཁའ་འགྲོའི་བསམ་གཏན་གྱི་ཉེ་བར་ལེན་པའི་རྒྱུ་དང་། དམ་ཚིག་གི་ལྷན་ཅིག་བྱུད་པའི་གྲོགས་ལསྣ་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བྱུང་བར་ཤེས་པར་བྱའོ།། ཐམས་ཅད ་དདིང་ཞེས་བྱ་བ་ནི་རིལ་བུ་དང་མིག་སྨན་ལ་སོགས་པའོ།། སྒྲུབ་པ་པོས་སྐད་ཅིག་གིས་མཐོང་འགྱུར་ཞེས་བྱ་བ་ནི་རིལ་བུ་ལ་སོགས་པའི་འབྲས་བུ་མི་སྣང་བའི་བྱ་བ་བསྟན་པ་ཡིན་ཏེ། རྒྱལ་པོའི་བཙུན་མོའི་ཕོ་བྲང་གི་ནང་དུ ་ཞུགས་ནས་བདག་གིས་ཐམས་ཅད་མཐོང་ཞིང་ལོངས་སྤྱོད་པ་དང་གཞན་གྱིས་མི་མཐོང་བ་དང་། ལྷ་མཆོག་ལ་སྐྱེས་ཏེ་བརྒྱ་བྱིན་ལས་སྐྱེས་པའི་བུ་མོ་རྣམས་བླངས་ནས་སངས་རྒྱས་ཀུན་གྱི་བུ་མོ་སྟེ། སྒྱུ་འཕྲུལ་ཆེན་མ་ལ ་སོགས་པར་བྱིན་གྱི་བརླབས་ལ་ལོངས་སྤྱོད་པ་སྟེ། དབང་བསྐུར་བ་ལ་སོགས་པ་བྱའོ།། ཡང་ན་སངས་རྒྱས་ཀུན་ལས་ཕྲོགས་ཤེས་བྱ་བར་སྦྱར་ཏེ། དེ་དག་གི་ཡོན་ཏན་དང་ལྡན་པར་བྱས་པས་སངས་རྒྱས་དང་འདྲ་ཞེས་བྱ་བའི་བར་དུའོ།། དེ ་ལྟར་མི་མཐོང་བ་དང་མཐོང་བའི་འབྲས་བུ་བསྟན་ནས་ལྷའི་མིག་གིས་འབྲས་བུ་བསྟན་པའི་ཕྱིར། གི་ལཱའི་བྱེ་མ་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡོ་རྗེ་གསུམ་གྱི་གནས་བཞུགས་པ་ཞེས་བྱ་བ་ལ་རྡོ་རྗེ་ནི་མི་བྱེད་པ་སྟེ་དམ་ཚིག ་མཆོག་ལ་གནས་པའོ།། གནས་ནི་ཕུང་པོའོ།། གསུམ་ནི་ཚིགས་གསུམ་སྟེ། གཽ་གོའི་བྱ་མ་དོང་མཉམ་པོའི་སངས་རྒྱས་ཀྱི་ཚོགས་གཅིག་དང་གཉིས་དང་གསུམ་གྱི་བར་དུའོ།། རྡོ་རྗེ་མིག་གིས་མཐོང་བར་འགྱུར་ཞེས་བྱ་བ་ལ་རྡོ་རྗེ་ནི ་གཤིན་རྗེ་ཏུ་རྣོ་བ་སྟེ། གསལ་ཞིང་དྲི་མེད་པ་དེས་མཐོང་བའོ།། ཇི་ལྟར་ཞེ་ན། ལག་ཏུ་ཤིང་རྟོག་བཞག་པ་བཞིན་ཏེ་ལག་པའི་མཐིལ་ན་གནས་པའི་སྐྱུ་རུ་རའི་འབྲས་བུ་ལྟར་རོ།། ཡང་ན་རྡོ་རྗེ་གསུམ་ནི་སྐུ་ལ་སོགས་པ་སྟེ། དེ་རྣམས་ཀྱི ་གནས་ཀྱི་སངས་རྒྱས་ཀྱི་ཞིང་ངོ་།། ལྷག་མ་ནི་སྔར་བཤང་བ་བཞིན་ནོ།། ལུས་ཀྱི་རྫུ་འཕྲུལ་ཤེས་པ་གསུངས་པ་གཾ་གཱའི་བྱེ་མ་སྙེད་ཅེས་བྱ་བ་ལ་སོགས་པ་སྟེ། ཉེ་བར་མཚོན་པ་འདིས་ན་བར་ན་གནས་པ་གཡུ་གསུམ་ཡང་གཟུང་ངོ་།། སྔགས ་ཀྱི་ཡི་གེ་གོ་བཟློག་པས་ཞེས་བྱ་བ་ལ་སྔགས་ཀྱི་ཡི་གེ་ནི་སྙིང་པོའི་སྔགས་ཡི་གི་ཉི་ཤུ་རྩ་གཉིས་པའོ།། གོ་བཟློག་པ་ནི་གཽ་རིམ་བཟློག་སྟེ་བཟླས་པའོ།། རྒྱུད་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་བསམ་གཏན་བསྒོམ་པ་སྟོབས ་གཏན་དེས་སྔགས་སྔ་མ་ཉིད་ཀྱི་དངོས་གྲུབ་སྣ་ཚོགས་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ།། ཡང་ན་རྒྱུད་ནི་རྒྱུད་འདིར་རོ།། སྔགས་ནི་སྔགས་ཐམས་ཅད་དེ་སྔགས་དེ་རྣམས་ཀྱི་ཡི་གེ་བསྟན་པའི་དུས་སུ་ནི་ལྕོགས་བྱུང་བར།། ་བཱི་ལ་ཟློས་པའི་དུས་སུ་ནི་ལུགས་ལས་བཟློག་སྟེ་བཟླའོ།། དེ་དག་ཅིས་བྱ་བ་ནི་རྡོ་རྗེ་མཁོའི་འགྲོས་བདུད་རྩི་རྣམ་པ་ལྔ་སྦྲིད་བའོ།། བཤད་པ་ཡིན་ཞེས་བྱེ་བ་ནི་སངས་རྒྱས་ཉིད་ཀྱི་བཤད་དོ་བ་སྟེ། དེ་ཉིད་ཀྱིས་ན་གུས་པར་བྱ་བ་ཉིད་དུ ་སྟོན་ཏོ།། ད་ནི་ཕྱི་རོལ་རི་མོའི་དཀྱིལ་འཁོར་བྲི་བའི་བྱ་བ་གསུངས་པ། ཐོ་རངས་ཞེས་བྱ་བ་ལ་སོགས་པ་ལ། བྱམས་པའི་སེམས་ནི་བསྐྱེད་ནས་སུ་ཞེས་བྱ་བོ་ནི་ཉེ་བར་མཚོན་པ་སྟེ། སྙིང་རྗེ་ལཱ་སོགས་པ་དག་ཀྱང་གཟུང་བར་བྱའོ།། དེ་ལ་བྱམས ་པནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པོ་ལྟར་བརྩེ་བའོ།། སེམས་ནི་དེ་ལས་བྱུང་བའི་བསམ་པ་འམ་དེའི་རྣམ་པ་ཅན་གྱི་ཡིད་དོ།། བསྐྱེད་པོ་ནི་བསྒོམ་པའོ།། དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུའོ།། ཁ་ཅིག་ན་རེ་ནི་མཆོད་པ་ལོ ་སོགས་པ་སྔོན་དུ་འགྲོ་བའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཞེས་བྱ་བ་ལ་སོགས་པ་སྡོམ་པ་གཟུང་བ་དང་། སེམས་བསྐྱེད་པའི་སྨོན་ལམ་གྱི་བར་དུ་སྔར་བསྟན་པ་རྣམས་བྱ་སྟེ། དེ་ནས་དཀྱིལ་འཁོར་བྲི་བར་བྱ་ཞེས་ཟེར་རོ།། ་གྲུ་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། དེའི་ནང་དུ་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྲུ་བཞིའི་ནང་དུའོ། འཁོར་ལོ་ཕྲེང་བས་རྣམ་པར་བརྒྱན་ཞེས་བྱ་བ་ནི་སྙིང་པོའི་དཀྱིལ་འཁོར་ཏེ། རྡོ་རྗེ་དཀར་པོའི་ཕྲེང་བས་ཀུན་ནས་ཟླུམ ་བོར་བསྐོར་བའོ།། དེའི་དབུས་འགྱུར་ཞེས་བྱ་བ་ནི་རྡོ་རྗེའི་ཕྲེང་བའི་ནང་དུ་སྟེ། པདྨ་དཀར་པོ་འདབ་མ་བརྒྱད་པ་ནི་སྐུ་རྡོ་རྗེའི་རང་བཞིན་གྱི་ཕྱིར་རོ།། དེའི་དབུས་འགྱུར་ཞེས་བྱ་བ་ནི་སྐུའི་འཁོར་ལོའི་ནང་དུ་སྟེ། པདྨ་དམར་པོ་ཞེས་བྱ་བ་ནི་གསུངས ་རྡོ་རྗེའི་རང་བཞིན་གྱི་ཕྱིར་པདྨ་དམར་པོ་འདབ་མ་བརྒྱད་པ་རྡོ་རྗེ་དམར་པོའི་ཕྲེང་བ་དང་བཅས་པར་བྲི་བའོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཐུགས་ཀྱི་དཀྱིལ་འཁོར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ཀུནི་འཁྲིགས་བྲི་ཞེས་བྱ་བ་ནི་ཐུགས ་རྡོ་རྗེའི་རང་བཞིན་ཡིན་པའི་ཕྱིར། རྡོ་རྗེ་ཡང་པདྨ་ལྟར་ཨིན་དྲ་ནཱི་ལར་བྲིའོ།། འཁོར་ལོ་གསུམ་པོ་ཀུན་གྱི་ཡང་རྡོ་རྗེ་རྣམས་རྩེ་མོ་ལྔ་པར་བྱ་ཞིང་རྩེ་མོ་ལྔ་ལྔ་ལ་ཡང་ཐིག་ལེ་ལྕེ་ལྔ་དགོད་པར་བྱའོ་ཞེས་བསྟན་པའི་ཕྱིར། རྡོ་རྗེ་ཀ་བིའི་ནང ་ལོག་སུ།། དཀྱིལ་འཁོར་ལྔས་ནི་རྣམ་བརྒྱན་པ་ཞེས་བྱ་བ་གསུངས་ཏེ། འདིར་ཀ་བའི་སྒྲ་ནི་རྩེ་མོ་ཡིན་ལ་ང་སྐད་ལ་བརྒྱན་པས་ནི་དཀྱིལ་འཁོར་ཏེ་ཐིག་ལའོ།། རི་རབ་ལྷུན་པོའི་སྟེང་དུ་ནི་ཞེས་བྱ་བ་ལ་རི་མོའི་འཁོ་དཀྱིལ་འཁོར་དེ་ཉིད ་དངོས་གྲུབ་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱི་གནས་ཡིན་པས་ན་རི་རབ་བོ།། ཕྱིར་རྒོལ་བ་རྣམས་ཀྱིས་མི་བསྒྲལ་བས་ན་ལྷུན་པ་སྟེ། གསང་སྔགས་ཀྱི་ཐེག་པའོ།། སྟེང་ན་དེའི་བླ་མར་གྱུར་པ་སྟེ། རྣལ་འབྱོར་མའི་རྒྱུད་ཆེན་པོའོ།། སྣ་ཚོགས ་པདྨ་ནི་དེའི་ཚུལ་གྱིས་དཀྱིལ་འཁོར་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་དྲི་མ་དང་བྲལ་བའི་སེམས་རྣམ་པར་དག་པ་ཡིན་པའི་ཕྱིར་རོ།། ཡིད་འོང་ནི་ཡིད་འཕྲོག་པའོ།། བསིམ་པ་ནི་བྲོ་བའོ།། ཁ་ཅིག་ནི་འདི་དག་ནི་སྒྲ་ཇི ་བཞིན་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་ལ་རྔན་ཅིང་དཀྱིལ་འཁོར་བསྟན་པ་ཡིན་ནོ་ཞེས་ཟེར་རོ།། ལྷག་མ་ནི་གོ་སླའོ།། རྡོ་རྗེ་མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་ལ་འབྱུང་བ་ནི་བསྐྱེད་པའོ།། གཞུང་གང ་གི་རྡོ་རྗེ་མཁའ་འགྲོའི་འབྱུང་བ་སྟོན་པ་དེ་ནི་རིམ་པར་པེ་བཱ་སྟེ་བཅུ་གཉིས་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གཉིས་པའི་རྣམ་པར་བཤད་པའོ།། རྡོ་རྗེ་མཁའ་འགྲོ ་བསམ་གཏན་གྱི་སྔགས་མེང་དུ་བཟླས་ན་དཔའ་བོ་དང་གཉིས་སུ་མེད་པའི་རྣལ་འབྱོར་མ་རོ་རའི་སྦྱོར་བས་ཀྱང་ལས་རྣམས་འགྲུབ་བོ་ནས་བསྟན་པའི་ཕྱིར་ལེའུ་བཅུ་གསུམ་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲེའི་འབྱུང་བ་བསྟན་གྱི་འོག་ཏུའོ།། དེ་ལས་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་བསྟན་སྟེན་དུ་སོང་བ་དེ་ལས་ཏེ། གཞན་དུ་ན་ཅུང་ཟད་ཙམ་ཡང་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དངོས་གྲུབ་ཐམས ་ཅད་རབ་བསླབ་པ་ཞེས་བྱ་བ་ནི་སྦྱོར་བའི་ཁྱད་པར་ཏེ། བད་པར་བྱ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ།། དེ་ལ་དངོས་གྲུབ་ཐམས་ཅད་ནི་ཞི་པ་ལ་སོགས་པའི་ལས་རྣམས་ཏེ། རབ་སྒྲུབ་པ་ནོ་ཁྱད་པར་དུ་སྒྲུབ་ཅིང་སྒྲུབ་པ་པོ་ལ་བྱེ་བྲག ་དུ་བསྐྱེད་པ་འོ།། ཅི་ཞིག་ཅ་ན། ག་ཞིག་ཤེས་པ་ཙམ་གྱིས་ནི་ཞེས་བྱ་བ་ལ། གང་གིས་ནི་ཆོག་གང་གི་སྟེ་ཤེས་པ་ནི་ཁོང་དུ་ཆུད་ནས་ཕྱིས་གོམས་པར་བྱས་པའོ།། ཇི་སྲིད་དུ་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག ་པའི་བྱ་བ་གསུངས་པ། ཨ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྣའི་རྩེ་མོ་ནི་བྱ་མཆུའི་སྒོ་སྟེ། དེར་ཟླ་བའི་དཀྱིལ་འཁོར་ལ་ཨ་བསྒོམ་པའོ།། དེ་བཞིན་དུ་ཡང་ལིང་གའི་ལྟེ་བ་སྟེ། རྡོ་རྗེ་ནོར་བུའི་ཟླ་བ་ལས་དགོད་པར་བྱའོ།། པདྨོའི་ལྟེ་བ ་རྣམསུ་སྦྱར་ཞེས་བྱ་བ་ལ་མང་པོའི་ཚིག་ནི་ཆོས་ཐམས་ཅད་འབྱུང་བ་བློ་ལྀ་བསྡོགས་ནས་གསུངས་པ་ཡན་ཏེ། དེར་རྣལ་འབྱོར་མའི་འཁོར་ལོ་ཀུན་སྦྱར་བ་ནི་བསྐྱེད་པར་བྱ་བའི་དོན་ཡིན་ནོ།། འཁོར་ལོ་དེ་ད་། ཅི་འདྲི་ཞེ་ན། ཨ་བ་དྷཱུ་ཏཱི ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྡིག་པ་རྣམས་རྨལ་ཞིང་སེམས་པ་ན་ཨ་བ་དྷཱུ་ཏཱི་སྟེ་གཉིས་སུ་མེད་པའི་སེམས་སོ།། གནས་ནི་དེའི་མཚན་མ་སྤྱན་གསུམ་པའོ།། ང་གུང་དུ་བཞུག་ཅ་ན་སྨིན་མའི་བར་དུ་སྟེ་སྒྲོན་མ་དང་ཉེ ་དཔྲལ་བའི་དབུས་སུའོ།། འདིས་ནི་སྤྱན་གཡས་པ་ནི་སྐུའི་རང་བཞིན་ཡིན་ལ་གཡོན་པ་ནི་གསུངས་ཡིན་ཞིང་དབུ་མ་ནི་སེམས་ཀྱི་མཚན་མ་སྟེ་ཐམས་ཅད་ཀྱི་སྟེང་ན་གནས་པའོ་ཞེས་སྟོན་ཏོ།། དེས་ནི་ཡི་གེ་ཧཱུཾ་ཡང་ཟླ་བ་ཚེས་པ ་དང་ཐིག་ལེ་དང་རྣམ་པ་གསུམ་གྱི་བདག་ཉིད་ཅན་ཏེ། དེ་ལས་བྱུང་བའི་བཅོམ་ལྡན་འདས་དང་། རྣལ་འབྱོར་མའི་ཚོགས་རྣམས་སྤྱན་གསུམ་པར་བྱ་བ་ཡིན་ནོ།། དབྱངས་ཡིག་དང་པོ་ཞེས་བྱ་བ་ལ་སོགས་པས་ནི་གཏུམ་མོའི ་རྣལ་འབྱོར་ལ་དྲན་པ་བསྐྱེད་པ་ཡིན་ཏེ། བསྒོམས་ན་ཞེས་བྱ་བ་ནི། རླུང་གིས་བསྐྱེད་པའི་མེའི་དཀྱིལ་འཁོར་དབྱངས་ཡིག་དང་པོ་དང་ལྡན་པ་བསྒོམ་པ་སྟེ། འདིས་ནི་གཞན་དག་ཀྱང་གནས་ཇི་ལྟ་བ་བཞིན་དུ་བཀོད་ནས་བསྟན་པར་བྱ ་བ་ཉིད་དུ་སྟོན་ཏོ།། ས་ཅི་འགྱུར་ཞེ་ན། སྐད་ཅིག་དེ་ལ་འབར་ཞེས་བྱ་བ་སྟེ། མཉམ་པར་སྦྱོར་བའི་སྐད་ཅིག་དེ་ཉིད་ལ་དབྱངས་ཡིག་དང་པོའི་ཐིག་ལེ་ལས་སྟེང་དུ་འབར་རོ་ཞེས་བྱ་བའི་དོན་ཏོ།། དེས་ནི་རིགས་པའི་རྣལ ་འབྱོར་གྱི་འོག་ཏུ་ཕྲ་མོའི་རྣལ་འབྱོར་བྱ་བའི་འབྲེལ་པ་བསྟན་པའོ།། ང་ནི་རྟེན་གྱི་དཀྱིལ་འཁོར་གསུངས་པ། ངོ་ནས་ཞེས་བྱ་བ་ལ་སོགས་པོ་ལ། དེ་ནས་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་བསྒོམས་ཀྱི་འོག་ཏུའོ།། འབྲུར་འབྲེང་རྒྱ ་མཚོའི་འཁོར་ལོ་ནི་ཁང་བུ་བརྩེགས་པ་སྟེ། ནང་གི་དཀྱིལ་འཁོར་ཀུན་ནས་ཟླུམ་པོ་ཡིན་པའི་ཕྱིར་འཁོར་ལོ་ཡིན་ལ་རྒྱ་མཚོ་དང་ཆོས་མཐུན་པར་འབར་བའི་ཕྲེང་བས་ཀུན་ཏུ་ཁྱབ་པ་སྟེ་ཁང་བུ་བརྩེགས་པའོ།། ཡང་ཅི་འདྲ་ཞེ་ན ་ཀུན་ནས་སྒོ་ཞེས་བྱ་བ་སྟེ། སྒོ་བཞི་པ་ཡིན་པའི་ཕྱིར་རོ།། དེས་ནི་གྲུ་བཞི་ལ་སོགས་པ་ཐམས་ཅད་བལྟ་བར་བསྟན་ཏོ།། ལྟ་བ་ཞེས་བྱ་བ་ལ་སོགས་པས་ནི་གོ་ཆ་གཉིས་སྟོན་པ་ཡིན་ཏེ་དཔྲལ་སྟང་ཞེས་བྱ་བ་ནི་མགོ་བོ།། སྤྱི ་གཙུག་འཁོར་ལོ་ཞེས་བྱ་བ་ནི་ལུས་ཐམས་ཅད་བསྡུས་པས་སྤྱི་གཙུག་ཉིད་འཁོར་ལོ་སྟེ་དེ་དག་ཏུ་དགོད་པའོ།། དང་པོ་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གི་སྔགས་དང་པོར་བཏབ་བསྟན་པས་ན་དང་པོ་སྟེ། དཔའ་བོ་དྲུག ་གི་སྔགས་ཀྱང་བལྟ་བར་བྱའོ།། ཐབས་དང་ཤེས་རབ་མཉམ་པར་སྤྱོད་པའི་དུས་སུ་བྱིན་གྱིས་བརླབས་པ་གསུངས་པ། ལྟོ་བ་ཞེས་བྱ་བ་ལ་སོགས་པ་ལ། ལྕེ་ཞེས་བྱ་བ་ནི་རྐན་དང་ལྕེ་གཟུང་བ་སྟེ། ཁའི་སྒོ་ལ་བྱའོ།། ་གཉིས་དཔའ་བོས་བྱིན་གྱིས་བརླབས་ཞེས་བྱ་པ་ལ་གཉིས་ནི་མིག་གཉིས་དང་བྲག་པ་གཉིས་སོ།། གནས་ལྔ་པོ། དེར་དཔའ་བོ་སྟ་ཡི་ག་ཧཱུཾ་གིས་བྱིན་གྱིས་བརླབ་པ་སྟེ། བཀོད་པ་ལ་སྲུངས་པར་བྱའོ།། ཇི་སྐད་དུ་ཧཱུཾ་གིས་ཀུན་ཏུ་མཁས ་པས་བསྲུངས་ཞེས་གསུངས་པའི་ཕྱིར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དཔའ་བོ་དང་ནི་རྣལ་འབྱོར་མ། གཉིས་མེད་ཆེས་ག་ཇི་བཞིན་དུ་ཞེས་བྱ་བ་སྟེ། ནང་དང་ཕྱི་རོལ་གྱི་ཤེས་རབ་དང་མཉམ་པར་སྦྱོར་བ་ལ་བྱིན་གྱིས་བརླབ་པ་ཉིད་དུ་བལྟ ་བར་བྱའོ།། དཔའ་བོ་དང་གཉིསུ་མེད་པའི་སྦྱོར་བས་ཅི་ཞིག་ཉམ་སུ་བླང་བར་བྱ་ཞེ་ན། གསུངས་པ་མགལ་མེའི་འཁོར་ལོ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་སྟེ། ཇི་ལྟར་མགལ་མ་མྱུར་དུ་བསྐོར་བ་འཁོར་ལོར་སྣང་བ་བཞིནི་བརྫུན་པའི ་བདག་ཉིད་ཅན་གྱི་ལུས་རྣམས་པ་གཞན་དུ་སྣང་བ་ཡིན་ལ་དེ་ལ་གནས་པ་ནི་དེར་དམིགས་པའོ།། དེ་གཉིས་ཀྱིས་ན་འཁོར་ཞེས་བྱ་བ་གསྲུངས་ཏེ། བཅོམ་མ་ལ་རྣམ་པར་འཁྲུལ་པའོ།། དེ་བཞིན་ཞེས་བྱ་བ་ནི་ཉེ་བར་སྦྱར་བ་སྟེ། བདག ་གི་ལུས་གཉིས་མེད་པར་ཉམ་སུ་བྱུང་བ་དེ་བཞིན་དུ་དཀྱིལ་འཁོར་པའི་མཁའ་འགྲོ་མ་ང་དག་གིས་རྣམས་ཀྱང་བརྫུན་པའི་དོན་གྱིས་དོན་དམ་པར་གཉིས་སུ་མེད་པར་བསྒོམ་པའོ།། ཡིད་ཤུགས་ཆེན་པོའི་རིག་པ་ཆེ་ཞེས་བྱ་བ་ལ ་ཡིད་ནི་ཡིད་ཙམ་སྟེ་སེམས་ཙམ་མོ་ཤུགས་ནི་དེའི་འཇུག་པའོ།། རིག་པ་ཆེ་ནི་རང་རིག་པ་ཡིན་པའི་ཕྱིར་ཏེ། དེ་དག་གོས་ནི་མཁའ་འགྲོ་མ་དེ་དག་གིས་སྐྱེ་བ་དང་། རང་རིག་པའི་སེམས་ཙམ་གྱིས་འཇུག་པ་ཡིན་པས་ཁྱད་པར་ཅན་དུ་སྟོན ་ཏ། གློག་ལྟ་བྱུར་ན་གསལ་བའི་འོད་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་ཕྱིར་ཏྲ་མཁའ་འགྲོ་མ་རྣམས་ད་ལྟར་བསྒོམས་མོ་ཞེས་བྱ་བ་ལྷག་མའོ།། ཅི་འདྲ་ཞེས་ན། ལྷའི་ཞེས་བྱ་བ་ལ་སོགས་པ་སྟེ། དུས་སུ་ཞེས་བྱ་བ་ལ ་ནི་ལུང་ཡིན་ལ་མན་ངག་གིས་ནི་ལ་ཕྱིས་ནས་ར་སྦྱར་རོ།། དེས་ནི་རྣམ་པར་འགྱུར་ཏཽ་ལྷའི་རྣམ་པའི་རྣལ་འབྱོར་དུ་སྦྱར་རོ།། ཇི་ལྟར་སྤྲོ་བར་བྱ་ཞེ་ན། ཤིན་ཏུ་ཕྲ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་ཚོགས་ཞེས་བྱ ་བ་ནི་དབུས་ཀྱི་རྡུལ་ལ་ཕྱོགས་དྲུག་ནས་རྡུལ་གྱིས་བསྐོར་བའོ།། དེས་ཙར་འགྱུར་ཞེ་ན། ཤིན་ཏུ་ཕྲ་བ་སྟེ་གཅིག་དང་དུ་མི་དང་བྲལ་བས་རང་བཞིན་མེད་པར་འགྱུར་རོ།། དེ་ཡང་གསུངས་པ། དྲུག་གིས་ཅིག་ཅར་སྦྱར་བས་ན། ཕྲ་རབ ་རྡུལ་ཆ་དྲུག་ཏུ་འགྱུར།། དྲུག་པོ་དག་ནི་གོ་གཅིག་ན། གོང་བུ་རྡུལ་ཕྲན་དེ་ཙམ་དུ་འགྱུར་ཞེས་བྱ་བ་སྟེ་རིགས་པའོ།། དངོས་པོར་བསྒོམ་ཞེས་བྱ་བ་ལ་དངོས་པོ་ནི་རིགས་པ་སྟེ། ཕྲ་བ་རང་བཞིན་མེད་པ་ལས་འདུས་པ་རགས ་པོར་སྣང་བ་སྟེ། ཆུ་ཟླ་ལྟ་བུའི་ལུས་ཉམ་སུ་མྱོང་བ་ཙམ་དུ་བསྒོམ་པའོ།། དེ་ཉིད་ཀྱིས་ན་འགྱུར་བ་མེད་ཅིང་སྣང་བ་མེད་ཅེས་གསུངས་སོ།། དེས་ཅིར་འགྱུར་ཞེ་ནཱ། ཀུན་མཁྱེན་འབྲས་བུ་སྟེར་བའོ།། ཞེས་བྱ་བ་སྟེ། དེ་ལྟར་བསྒོམ་བཞིན ་པས་ཐམས་ཅད་མཁྱེན་པའི་མཚན་ཉིད་ཅན་གྱིས་འབྲས་བུར་འགྱུར་བའོ།། ཁ་ཅིག་ན་རེ་ལྟ་བ་ཞེས་བྱི་བ་ལ་སོགས་པ་ལ། ལྟ་བ་ཞེས་བྱ་བ་ནི་སྙིང་གའི་པདྨའི་སྟོབ་སྟེ། དེར་རྣམས་རྣལ་འབྱོར་མ~ཾ་ཞེས་བྱ་བ་ཟླ་ཚེས་དང་ཐིག་ལེར ་ས་བརྒྱངས་མག་མ་ང་ས།། སྐྱོ་གཉིས་འ་བྱ་བ་ནི་དུ་སེཾ་རྡུ་ས།། དེ་དགསུག་ཟླང་ཅན་ད་མས་པ་ཡྀ།། ཟླས་པའི་སྔགས་ཀྱི་ཐིང་བ་རྒྱན་གྱིས་བརླབ་པ།། ལམ་ངནསས་བསྡུ་བྱན་དས་བཟླས་པ ་དཔའ་བོ་དང་ནི་རྣལ་འབྱོར་མ།། གཉིས་མེད་ཚེ་ག་བཞོན་དུ་བྱ་བ་ཞེས་བྱ་བ་ནི་དབང་པོ་གཉིས་ཀྱི་མཉམ་པར་སྦྱོར་བ་ལས་རྡོ་རྗེའི་ལམ་ནས་སྔགས་ཀྱི་ཕྲེང་བ་ཕྱུང་སྟེ། ལྷ་མོའི་སྙིང་གར་ཞུགས་ཤིང་དེའི་ཁ་ནས་བདག་གི་ཁང་ཨ་\ུ0f7f ་ཏཱིའི་ལམ་ནས་ཞུགས་ཏེ། ཡང་དང་ཡང་དུ་དགོད་པར་བྱའོ།། དེ་ཉིད་ཀྱིས་ན་མགལ་མེ་འཁོར་ལོ་ལྔ་གནས་པ་ཞེས་བྱ་བ་གསུངས་ཏེ། སྔགས་ཀྱི་ཕྲེང་བ་མགུལ་མའི་འཁོར་ལོ་ཝཱརཱ་ཞི་བ་ལ་སོགས་པའི་ལས་ཀྱི་ཆོ་ག་བཞིན་བཟླས ་པའོ།། མཁའ་འགྲོ་མཱ་ཞེས་བྱ་བ་ལ་སོགས་པས་ནི་དོཀྱིལ་འཁོར་བསྒོམ་པ་བསྟན་ཏེ་བ་ཤྭདྲ་བ་ནི་སྔ་མ་བཞིན་ནོ།། དེ་ཡང་འདི་ལྟར་ཞི་བ་ལ་ནཽ་སྟེགས་ཀྱི་ཕྲེང་བའི་མཐའ་མ་གཉིས་ཀཱར་ཨཾ་དང་སྦལ་ལེ། རྒྱས་པ་ནཱི་སྭཱ་ཧཱ། དྲག ་ཝཱ་ནཱི་ཛཱ་དྲྀ། ཡང་ནི་ལྟེ་བའི་སྣོད་གྷར་དང་ནི་ཞེས་བྱ་བ་ལིཾ་སོགས་པས་འོགྱུ་ནས་འབྱུང་བའི་ཚེ་ག་གཉིས་ཀྵི་རྞ་སཱ་ལ་ཚེ་གའི་རྣམ་པར་གཞན་བསྟན་པཾ་ཡིན་ཏེ། གནས་ལྔ་རྣམས་གོ་རིམ་བཞིན་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲཱ་ཝ། ་ནཱཾ་ཡོཾ་སྭཱ་ཧཱ་ཞེས་བྱ་བ་དང་། ཨོཾ་བཛྲ་བི་ཙི་ནཱི་ཨོཾ་སཱད་ཞེས་བྱ་བ་དང་། ཨོཾ་ཧྲཱིཿཧ་ཧེ་ཧཱུཾ་ཧཱུ~ཾ་ཕཊ་ཅེས་བྱ་བ་དང་། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཕཊ་ཌཱ་ཀི་ནཱི་ཛྭ་ལ་སཾ་བར་ཧུཾ་ཧཱུཾ་ཕཊ་སྭཱཏྭ་ཞེས་བྱ་བ་དང་། ཨོཾ་ཀཱ་རུ་ཀཱ་ར་ཞེས་བྱ་བ་ལ་སུ~ཾ་འཾ་། ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པ་སྟེ། དགོད་པའོ།། ལྟེ་བའི་སྙིང་ག་ཞེས་བྱ་བ་ལ་སོགས་པས་ནི་ལྷན་མོའི་ལུས་ལའང་དེ་ལྟར་དགོད་པ་བསྟན་ཏེ། རྣལ་འབྱོར་མ་ཞེས་བྱ་བ་ནི་དྲུག་པའི་དོན་གྱིས་དང་པོ་ཡིན་ནོ།། ་སྡེ་ཞེས་བྱ་བ་ནི་བདུན་པའི་དོན་གྱིས་དང་པོའོ།། གཉིས་ཞེས་བྱ་བ་ནི་དཔྲལ་བ་དང་སྤྱི་གཙུག་སྟེ། འདི་ཡང་དོན་ནི་བདུན་པ་ཡིན་ནོ།། དཔའ་བོ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་སྔགས་དེར ་དགོད་པའོ།། དེ་ཉིད་ཀྱིས་ན་དཔའ་བོ་དང་ནི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། མེ་ཏོག་ཅེས་བྱ་བ་ལ་སོགས་པ་བདག་ཉིད་མེ་ཏོག་གི་ཤིང་རྟ་ལ་གནས་པའི་མཁའ་འགྲོ་མར་བསྒོམས་ལ་མཁའ་འགྲོ་མ ་ཕུལ་བའི་མེ་ཏོག་ལ་ཨོཾ་ཌཱ་ཀི་ནི་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་སྡིགས་སྔ་མཽ་ལྟར་བཟླས་ཏེ། གང་ལ་བྱིན་པ་དེའི་ལུས་ལ་སོགས་པ་རྒྱས་བཏབ་པར་འགྱུར་རོ།། དུང་དང་ཞེས་བྱ་བ་ལ་སོགས་པ་ནི་ལྟུང་བྱེད་མའི་སྦྱོར་བསྟན་པ་ཡིན་ཏེ་བལྡད ་ཅིང་བཟླས་ན་ཞེས་བྱ་བ་ནི་ལྟུང་བྱེད་མའི་སྦྱོར་བས་བསྒྲུབ་བྱ་བ་ཁ་རུ་བཅུག་སྟེ། བལྡང་པར་བསམ་ཞིང་ཨོཾ་པ་ཏ་པ་ཏིན་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་སྔ་མ་བཞིན་དུ་བཟླས་ན་ལྟུང་བར་འགྱུར་རོ།། དེ་ནསེ་ཞེས་བྱ་བ་ལ་སོགས་པས་ནི་སྦྱོར་བ ་གཞན་བསྟན་པ་ཡིན་ཏེ། མདུང་ཚུལ་ཉི་མའི་འོད་ཅན་ནི་ཞེས་བྱ་བ་ལ་བདག་ཉིད་གསེང་བྱེད་མ་མདུང་གི་དབྱིབས་ཅན་དྲི་བསྒོམས་ནིས་བསྒྲུབ་པར་བྱ་བའི་མགོ་བོ་ནས་ལུས་ཀྱིས་ནང་དུ་ཞུགསོ་པར་བསམས་ལ། ཧཱུཾ་མ་ར་ནི་དེ་ང ་དདྷ་ཧཱུ~ཾ་ཞེས་བྱ་བའི་སྔགས་སྔ་མ་བཞིན་དུ་བཟླས་ནས་སྟེང་དུ་བལྟས་ན་ཞེས་བྱ་བ་བསྒྲུབ་བྱ་སྟང་དུ་བལྟས་པར་བསྒོམས་ན་འཆི་བར་འགྱུར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པས་ནི། ཡང་ལས་གཞན་གསུངས་པ་ཡིན་ཏེ། སྦྱོར་བ་འདི། ་ནི་ཧཱུཾ་དེ་བ་དཏྟཾ་སྱེ་ཧྲྀ་ད་ཡ་ཨཱ་ཀར་ཥ་ནི་ཧཱུ~ཾ་ཞེས་ཟློས་ཤིང་བྱ་སྟ་གོ་སླའོ།། རླུང་གི་དཀྱིལ་འཁོར་ལ་གནས་ཏེ་ཞེས་བྱ་བ་ནི་བདག་ཉིད་རླུང་གི་དཀྱིལ་འཁོར་ལ་གནས་པའི་གར་མཛད་པར་བསྒོམ་པའོ།། རླུང་མདོག་སྒྲུབ་བྱ་རླུང་ནང་བསམ། ་ཞེས་བྱ་བ་ནི་བསྒྲུབ་བྱ་རླུང་ལྟར་མདོག་སྡེ་ཞིང་རླུང་ལ་གནས་པར་བསམ་ལ། རླུང་གི་དཀྱིལ་འཁོར་སེམས་ཀྱིས་ནཽ་ཞེས་བྱ་བ་ནི་བསྒྲུབ་བའི་སྙིང་གར་རུང་གི་དཀྱིལ་འཁོར་གྱིས་སེམས་གཡོ་བ་དང་བཅས་པར་བསིམ་པའོ།། སྔགས ་ཟློས་ཤིང་ཞེས་བྱ་བཾ་ནི་ཡུ་དཾ་བ་རཏྟ་དང་། ནུརྟ་པ་ཡ་ན་རྟ་པ་ཡ་ཡུ་ཞེས་བྱ་བ་སྔ་མ་ལྟར་བཟླས་པའོ།། ལྷག་མ་ནི་གོ་སླའོ།། མཆིད་པ་རྡོ་རྗེ་རབ་སྦྱར་གྱིས།། ཞེས་བྱ་བ་ལ། མཆོད་པ་ནི་ཕྱི་དང་གསང་བ་དང་ད་ཁོ་ན་ཉིད་དང་མཆོད་པ ་ཆེན་པོ་སྟེ་བཞིའོ།། དེ་ལ་ཕྱིའོ་མཆོད་པ་ནི་མེ་ཏོག་ལ་སོགས་པའོ།། གསོང་བ་ནི་ལྷ་མོ་དང་བདུད་རྩི་ལྔ་ལ་སོགས་པའོ།། དེ་ཁོ་ན་ཉིད་ནི་ཤེས་རབ་ཀྱི་རོང་བཞིན་ཡོངསུ་ཤེས་པའོ།། མཆོད་པ་ཆེན་པོ་ནི་པདྨའི་ནང་ནས་བདུད་རྩི་ལེན་པའོ།། ་རྡོ་རྗེ་ནི་རྟག་ཏུ་ལྷའི་གཟུགས་ཀྱིས་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། དོགས་པ་མེད་པའི་སེམས་ཀྱིས་ཉེ་བའི་ལོངས་སྤྱོད་ལ་ཅི་བདར་ལོངས་སྤྱོད་པའོ།། རབ་ཏུ་སྦྱོར་བ་ནི་མཆོད་པའི་རབ་ཏུ་དབྱེ་བ་དེ་དག་གིས་སྦྱོར་ཞིང་ལེན་པའོ།། ལས ་རྣམས་ཀུན་ནིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་མཚན་ཉིད་དེ། དེ་དག་སྦྱོར་བ་དེས་བསྒྲུབ་པར་བྱ་བའོ།། དངོས་གྲུབ་ཀྱིས་ལྷུན་ཅིག་བྱེད་པའི་རྒྱུ་གཞན་བསྟན་པའི་ཕྱིར་རོ།། སྣང ་ག་ཞེས་བྱ་བ་ལ་སོགས་པས་གོ་ཆའི་སྔགས་དགོད་པ་བསྟན་ཏེ། སྙིང་ག་ལ་སོགས་པ་བསྟན་པ་འདི་ཉིད་ཀྱི་བཤད་པ་ནི་ལྟེ་བ་སྙིང་ག་རྣམས་སུ་ནི་ཞེས་བྱ་བ་འདི་ཡིན་ཏོ།། མི་ཞེས་བྱ་བ་ནི་རིམ་པ་བཞིན་དུ་བསྐྱོར་བ་སྟེ། ཡང ་ཞེས་བྱ་བ་ཡིན་ནོ།། དེ་ནས་དཔྲལ་བ་ལ་སོགས་པ་གཟུང་ངོ་།། དེ་དག་མིང་ནས་གཟུང་སྟེ་བསྟན་པའི་ཕྱིར། དང་པོ་རྡོ་རྗེ་སེམས་དཔའ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། རྣལ་འབྱོར་མ་དྲུག་གི་གོ་ཆ་རྡོ་གསུངས་པ ་སླར་ཡང་ལྟེ་བ་ཞེས་བྱ་བ་ལ་སོགས་པ་ལ་སླར་ཡང་ཞེས་བྱ་བ་ནི་དཔའ་བོའི་གོ་ཆའི་གནས་གང་ཡིན་པ་དེ་ཉིད་ཡང་རྣལ་འབྱོར་མ་རྣམས་ཀྱི་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། དྲུག་པོར་འདི་དག་ཅེས་བྱ་བ་ནི ་ལྗགས་དྲུག་པོ་འདི་དག་གོ།། རིག་པ་ཆེ་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གི་རང་བཞིན་ནོ།། གང་ལས་ཤེ་ན། གསུངས་པ། ཕ་རོལ་ཕྱིན་པ་རྣམ་པ་དྲུག་ཅེས་བྱ་བ་སྟེ། དུག་ནི་སྦྱིན་པ་ལ་སོགས་པའོ།། ཕ་རོལ་ནི་རྣམ་པར་དག་ཅིང་མཐ ་གཏུགས་པའི་མཚན་ཉིད་དོ།། ཕྱིན་པ་སོན་པ་སྟེ་དེ་བཞིན་གཤེགས་པའི་བདག་ཉིད་དོ།། ད་ལྟར་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པ་འདིས་རྣལ་འབྱོར་མ་དྲུག་གི་སྔགས་རྣམ་པར་དག་པ་བསྟན་ཏེ། ཡེ་ཤེས་རྙེང་པའི་ངོ་བོ་ཉིད་དུ་སྟོན་ཏོ།། ་དེ་བཞིན་དུ་དཔའ་བོའི་གོ་ཆ་དྲུག་ནི་ཉོན་མོངས་པ་དྲུག་རྣམ་པར་དག་པ་ཡིན་པར་ཤེས་པར་ཡང་བྱའོ།། དབང་བསྐུར་བའི་རྗེས་ལ་མཆོད་པ་བྱའོ་ཞེས་བསྟན་པའི་ཕྱིར་རོ།། དེ་ནས་དབང་བསྐུར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། ་སྨོན་པའི་སེམས་ཀྱི་རྗེས་ལ་འཇུག་པའི་སེམས་བསྒོམ་པ་བསྟན་པའི་ཕྱིར། བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཧེ་རུ་ཀར་བྱས་ནས་སེམས་ཅན་ཐམས་ཅད་ཧི་རུ་ཀར་བྱའོ།། སྙམ་པ་འདི་ནི་སྨོན་པའོ།། ་དཔལ་ལྷན་ཧེ་རུ་ཀ་དྲན་བྱ་ཞེས་བྱ་བ་ནི་འཇུག་པའི་སེམས་ཏེ། ཧེ་རུ་ཀར་བསྒོམ་ཞེས་བྱ་བའི་དོན་ཏོ།། དམ་ཚིག་དང་ཡེ་ཤེས་ཀྱི་སེམས་དཔའ་གཅིག་ཏུ་བྱ་བ་གསུངས་པ། དམ་ཚིག་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་འདིམ་ཚིག ་ནི་དམ་ཚིག་གི་སེམས་དཔའོ།། ཡེ་ཤེས་ནི་ཡེ་ཤེས་ཀྱི་སེམས་དཔའོ།། གཅིག་གྱུར་ནི་འདྲེས་ཤིང་རོ་གཅིག་ཏུ་གྱུར་པའོ།། དེསུ་ཅིར་གྱུར་ཞེ་ན། དེས་འདི་རྡོ་རྗེ་ཅན་གྱི་ཆན་བརྗོད་ཅེས་བྱ་བ་སྟེ་དེ་ས་ཞེས་བྱ་བ་ནི་དམ་ཚིག་དང ་ཡེ་ཤེས་འདྲེས་པ་དེས་སོ།། རྡོ་རྗེ་ཅན་ཆེན་འདི་ཞེས་བྱ་བ་ནི་སེམས་ཀྱིས་ཏེ་རང་བཞིན་མེད་པར་རིག་པས་སོ།། བརྗོད་པ་ནི་གདོན་པ་སྟེ། ཨོཾ་ཡོ་ག་ཤུདྡྷ། སརྦྦ་དྷརྨྨ་ཡོད། ཤུདྡྷོ་ཧཾ་ཞེས་བྱ་བའོ།། བསྟན་པ་དེ་དག་མདོར་བསྡུ ་བའི་ཕྱིར། རྣལ་འབྱོར་འདི་ནི་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། རྣལ་འབྱོར་ཞེས་བྱ་བ་ནི་དམ་ཚིག་དང་ཡེ་ཤེས་ཀྱི་སེམས་དཔའ་མཉམ་པར་སྦྱོར་བའོ། འདི་ནི་ཞེས་བྱ་བ་ནི་བཅོམ་ལྡན་འདས་སོ།། མཆོད་ཆེན་ཞེས ་བ་ནི་མཆོད་པ་རྣམས་པ་བཞིའོ།། སྔགས་ཀྱིས་དགོད་པ་ཞེས་བྱ་བ་ནི་གོ་ཆའི་སྔགས་ལ་སོགས་པ་དགོད་པའོ།། དཔའ་བོའི་མཆོད་པ་ཞེས་བྱ་བ་ནི་བརྡའི་མཚན་ཉིད་དང་། ཚོགས་ཀྱི་མཆོད་པའོ།། ལྷག་མ་ནི། ་གོ་སླའོ།། ཕྱིན་ཅི་ལོག་ཏུ་ངེས་པར་སྦྱར་ཞེས་བྱ་བ་ནི་རྒྱུད་འདི་ལས་སྔགས་ལ་སོགས་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་སྦྱར་བ་སྟེ། མན་ངག་ལས་ཤེས་པར་བྱའོ།། ལས་ཀྱི་མདོག་ཏུ་རྣམ་པར་བསྒོམ་ཞེས་བྱ་བ་ནི་ཞི་བ་ལ་སོགས ་པའི་ལས་དོང་མཐུན་པའི་མདོག་ཏུ་བསྒོམས་པ་སྟེ་ཞི་བ་ལ་དཀར་པའོ།། རྒྱས་པ་ནཾ་སེར་པོ་ཞེས་བྱ་བ་ལ་སོགས་པར་བལྟའོ།། དེ་ཉིད་དབྱེ་བས་ཕྱེ་ནས་ནི་ཞེས་བྱ་པ་ལ་དེ་ཉིད་དབྱེ་བ་ནི་ལས་ཀྱི་དབྱི་བའོ།། ཕྱེ་བ་ནི་དེས་སྔགས ་ཀྱི་ཕྲེང་བས་ཁྱད་པར་དུ་བྱ་བའོ།། རྩའི་ལྷྭམ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་ལམ་དུའོ།། སྦྱར་བར་བྷ་བཱ་ནཱི་ལམ་ང་ནས་སྔར་བསྟན་པའི་ཚུལ་གྱིས་སྦྱར་བར་ཤེས་པར་བྱའོ།། སྦྱོར་བའི་དོན་ཀུན་ལ་ཞེས་བྱ་བ་ནི་ལུས་ཐམས་ཅད ་བསྒྲུབ་པར་བྱོ་བཱ་དང་འབྲེལ་ཏོ།། ཅེས་ཤེས་ན། དགའ་བ་ཆེན་པོ་འདིས་ཏེ་འདས་མ་ཐག་པའི་སྦྱོར་བ་ངས་སོ།། ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། ལྷ་དང་ལྷ་མིནཽ་ཞེས་བྱ་བ་ལ་སོགས་པ་སྟེ། ཐལ་པའི་ལྷ་དང་ལྷན་ཅིག། ་མིན་ཏེ་ལྷ་མོ་ཡིན་དང་མིར་བཅས་ཏེ་མི་དང་བྱོལ་སོངས་ལ་སོགས་པའོ།། ལྷག་མ་ནི་གོ་སླའོ།། དཔའ་བོའོ་ཞེས་བྱ་བ་ལ་སོགས་པོ་ལ། གཞུ་གང་ལས་དཔའ་བོའི་གཉིསུ་མེད་པའི་མཆོད་པ་དང་ཞི་བ~ཾ་ལ་སོགས་པ ་ལས་ཀྱི་ཚོགས་རབ་ཏུ་འབྱུང་བ་སྟེ། སྐྱེ་བ་སྟོན་པ་དེ་ནི་རིམ་པར་ཕྱེ་བས་ཏེ་བཅུ་གསུམ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པའོ།། ་འཁོར་ལོ་གསུམ་ལ་དབང་བསྒྱུར་བའི་རྣལ་འབྱོར་མ་རྣམས་ཀྱིས་ཕྱི་དང་ནུང་གི་གནས་བསྟན་པར་བྱ་བའི་ཕྱིར། དེ་ནུས་ཞེས་བྱ་བ་ལ་སོགས་པས་ལེའུ་བཅུ་བཞི་པ་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་འདིར་གསོལ་བ་བཏབ་པ་དངོས་སུ་མ ་མཐོང་བ་རྣམས་ལ་ཡང་དོན་གྱིས་བལྟ་བར་བྱ་སྟེ། གཞན་དུ་ན་དེ་ཁོ་ན་ཉིད་ཟབ་མོ་བསྟན་པ་མི་སྲིད་པའི་ཕྱིར་རོ།། དེ་ལ་དེ་ནས་ཞེས་བྱ་བ་ནི་དཔའ་བོའི་གཉིས་སུ་མེད་པའི་མཆོད་པ་ལ་སོགས་པ་བསྟན་གྱི་འོག་ཏུ་སྟེ། བཤད ་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ཅི་ཞིག་ཅ་ནོ། སྐུ་གསུངས་ཐུགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ་སྐུ་གསུངས་ཀྱི་འཁོར་ལོར་གནས་པའི་བྱེ་བྲག་ནི་འཁོར་ལོ་གསུམ་དང་འབྲེལ་པའི་གནས་རྣམས་ཀྱི་ཁྱད་པར་ཏེ། སྤྱི་བོ་ལ ་སོགས་པའི་རབ་ཏུ་དབྱེ་བའོ།། ཡུལ་གྱི་དབྱེ་བ་ནཱི་མཱཾ་ལ་ཡ་སོགས་པའི་ཡུལ་རྣམས་སོ།། གནས་ཀྱི་རི་བཱ་ཏྲ་དབྱེ་བ་ནི་དེ་དག་གནས་ལ་སོགས་པའི་རང་བཞིན་གྱིས་དབྱེ་བའོ།། དེ་ཉིད་གསུངས་པ། མག་ནཽ་ཞེས་བྱ་བ་ལ་སྩོགས ་པ་སྟེ་མགོ་ནི་སྐྲའི་སྐྱེ་གནས་སོ།། སྤྱི་གནོག་ནི་གཙུག་ཕུད་ཀྱི་སྐྱེ་གནས་སོ།། རྒྱབ་ཚོགས་ནི་སྒལ་ཚིགས་ཀྱི་དབྱུག་པའོ།། མིག་ཅེས་བྱ་བ་ནི་མི་གཉིས་སོ།། དཔུང་པོ་ཞེས་བྱ་བ་ཡང་གཉིས་སུ་བལྟ་བར་བྱའོ།། མཁའ་སྤྱོད་ཐ ་ཀྱེ་འཁོར་ལོར་གནས་ཞེས་བྱ་བ་ལ། ཁ་ནི་སེམས་རྣམ་པར་དག་པ་སྟེ། དམིགས་མེད་ཡེ་ཤེས་ན་མཁའ་ཡི་ན་ཞེས་གསུངས་པའི་ཕྱིར་རོ།། སྤྱོད་པ་ན་དེའི་རྒྱུ་བའོ།། ཡང་ན་ཁ་ནི་ཕྱི་རོལ་གྱི་ན་མཁའ་སྟེ ་དུདེ་ཐམས་ཅད་ཁྱབ་པར་རྒྱུ་བ་ནི་སྤྱོད་པའོ།། ཐུགས་ཀྱི་འཁོར་ལོ་གནས་ཞེས་བྱ་བ་ནི་མགོ་ལ་སོགས་པ་དང་མཱ་ལ་སོགས་པ་ཕྱི་ནང་གི་ཡུལ་དེ་དག་ནི་ཐུགས་ཀྱི་རང་བཞིན་དུ་རྣམ་པར་བཞག་ཅིང་ཐ་སྙད་དུ་བྱས་པའོ། ་ཞེས་བྱ་བའི་དོན་ཏོ།། ཙ་ལྟ་བུ་ཞིག་ཙ་ན། གནས་ཀྱི་ཁྱད་པར་ཚུལ་གྱིས་ཏེ། མཱ་ལ་ཡཱ་ལ་སོགས་པའི་ཡུལ་རྣམས་ལ་གནས་དང་ཉ་བོའི་གནས་སུ་བཞག་པས་སོ།། མཆན་ཁུང་ཞེས་བྱ་བ་ཡང་མཚན་ཁུང་གཉིས་སོ།། ནུ་མ ་ཡང་དེ་བཞིན་ནོ།། དེ་དག་ཅེས་བྱ་བ་ནི་ཡུལ་གཉིས་པོ་དེ་དག་གོ། ཆུ་སོན་ཞེས་བྱ་བ་ནི་ས་བོན་གྱི་སྦུབས་གཉིས་སོ།། ས་སྤྱོད་གསུངས་གི་འཁོར་ལོར་གནས་ཞེས་བྱ་བ་ལ་ས་ཞིག་ནཱི་སཽའི་དཀྱིལ་འཁོར་ཏེ་ས་སྟང་ངོ་།། སྤྱོད་པ་ནི ་དེདར་རྒྱུ་བ་སྟེ། དེ་ཡང་ཐ་སྙད་དུ་བཏགས་པའོ།། གནས་ཀྱི་ཁྱད་པར་ཚུལ་གྱིས་ན་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ཁྱད་པར་གྱིས་ཏེ། ལྷག་འོག་ཏུ་སྦྱར་བར་བྱའོ།། ཡང་ན་ཕྱི་ནང་གི་ཡུལ་གྱི་དབྱེ་བ་སྟེ་སྦུར་བཤད་པ་བཞིན།། མཚན ་ཞེས་བྱ་བ་ནི་ཕོ་མཚན་ནོ།། བརླ་ནི་གཉིས་སོ།། སོར་མོ་རྣམས་ནི་རྐང་པའི་སོར་མོ་ཕལ་པོ་བརྒྱད་དོ།། མཐེ་བོ་ནི་རྐང་པའི་མཐེ་བོ་གཉིས་སོ།། དེ་བཞིན་དུ་པུས་མོ་ཡང་གཽཉི་སུ་བལྟའོ།། ས་འོག་ནི་ཞེས་བྱ་བ་ལ་སོགས་པ་ཡང་སྔར ་བཤད་པ་བཞིན་རྣལ་འབྱོར་མ་རྣམས་ཀྱིས་བརྡར་བཏགས་པར་བལྟ་བར་བ་སྟེ། འདི་ལྟར་ཛམྦའི་གླིང་ཉིད་ཀྱིས་ཡུལ་དང་གནས་དེ་དག་ན་རྣལ་འབྱོར་མ་རྣམས་བཞུགས་ཏེ། གླེང་འདི་ཉིད་ལས་ཀྱི་ས་ཡིན་པར་ལས་རྣམས་འགྲུབ་པར། ་འགྱུར་གྱི་གླིང་གཞན་ནི་ནི་ང་ཉིད་ཀྱི་ལས་ཀྱིས་དཱར་འབྲས་བུ་སྨིན་པར་མི་འགྱུར་ཏེ། གཞན་གྱི་འབྲས་བུ་ཡིན་པའི་ཕྱིར་དེ་དག་ཏུ་ལས་མོ་འགྲུབ་པོས་རྣ་ལ་འཔེར་མ་རྣམས་གླིང་གཞན་དུ་མི་གཤེགས་སོ།། གསེར་གླིང་ནི་ཛམྦུའི ་གླིང་དང་ཉེ་བའི་ཕྱིར་གཟུང་ངོ་།། རང་ལུས་སྐྱེས་པའི་ཡུལ་འདི་དག་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སོ་སོའི་ལུས་ཀྱི་གནས་མཱ་ཡ་ལ་སོགས་པའི་བརྡ་བྱས་པ་རྣམས་ནང་གི་ཛམྦུའི་གླིང་ཞེས་བྱ་བའི་དོན་ཏོ། ཕྱི་དང་ནང་ན་ཡང ་ངག་གནས་ཞེས་བྱ་བ་ནི་ཇི་ལྟར་ཕྱི་རོལ་བཞིན་དུ་ནང་དུ་ཤེས་པར་བྱ་ལོ་ནང་བཞིན་དུ་ཤེས་པར་ཡང་ཕ་རོལ་ཤེས་པར་བྱ་སྟེ། ཕ་ནང་གི་ཡུལ་གྱི་དབྱེ་བ་དེ་རྣམས་སེམས་ཀྱིས་ཉེ་བར་གཞག་པ་ལས་གཞན་པ་ཅི་ཡང་ཡོད་པ་མ་ཡིན ་པའི་ཕྱིར་རོ།། དེ་ཉིད་གསུངས་པོ། སྐུ་གསུང་ཞེས་བྱ་བ་ལ་སོགས་པ་སྟེ། སྐུ་ལ་གསོགས་པས་ཕྱི་དང་ནང་གི་ཡུལ་ཐམས་ཅད་དུ་ཁྱབ་པོ་ཞེས་བྱ་བའི་དོན་ཏོ།། རྩ་རྣམས་ཀུན་ཞེས་བྱ་བ་ནི་སྤྱི་བོ་ལ་སོགས་པའི་རྣལ་འབྱོར་མའི ་རང་བཞིན་གྱི་རྩའོ།། ཡུལ་འདི་རྣམས་ཀྱི་བུ་མོ་ལ་གང་ཞེས་བྱ་བ་ནི་མཱ་ལ་ཡི་ལ་སོགས་པའི་བུ་མོ་རྣམས་པ་ནང་དུལ་རྩའི་འཟུགས་གནས་སོ་སེཾས་བྱ་བ་དང་འབྲེལ་ཏ་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པ་པའི་ཚིག་ལ། སླར་ལ ་ཞེས་བྱ་བ་ལ་སོགས་པ་ནི་བཅོམ་ལྡན་འདས་ཀྱི་བཀའ་ལུང་ངོ་།། པུལླཱི་ར་དང་ཞེས་བྱ་བ་ལ་སོགས་པ་ནི་རྣལ་འབྱོར་མ་རྣམས་ཀྱིས་བྱ་བའི་སྒོ་ནས་ཁྱད་པར་བསྟན་པ་ཡིན་ནོ།། སྙིང་ཕུག་ཅེས་བྱ་བ་ནི་སྙིང་གི་པདྨའོ།། ་ལྷག་མ་ནི་གོ་སླའོ།། སྙོམས་པར་ཞུགས་པས་ཡང་དག་གནས་ཞེས་བྱ་བ་ལ་འདས་མ་ཐག་པ་དེ་དག་ནི་ཐབས་གཙོ་བོར་བྱས་ནས་བསྟན་པ་ཡིན་ཏེ། དོན་གྱིས་ཤེས་རབ་ཀྱང་བལྟ་བར་བྱའོ།། དེས་ན་སྔར་བསྟན་པའི་ཐོད་པའི ་དུམ་བུ་ཅན་ལ་སོགས་པ་དང་། རབ་ཏུ་གཏུམ་མོ་ལ་སོགས་པའི་རྣལ་འབྱོར་མ་རྣམས་ཇི་སྐད་སྨོས་པའི་གདན་རྣམས་ལ་སྙོམས་པར་ཞུགས་པ་ཡིན་ཏེ། དཔའ་བོ་རྣམས་ཀྱི་མདོག་ལ་སོགས་པ་ནི་འོག་ནས་བཤད་པར་བྱའོ།། བུ ་བུ་རྣམས་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་མཁའ་འགྲོ་མ་རྣམས་བོང་བུའི་ཆ་བྱད་དུ་བྱ་བའོ།། ལྷའི་དགྲ་ཞེས་བྱ་བ་ནི་ཧེ་རུ་ཀའོ།། སྣབས་གཞོན་ནུ་ཞེས་བྱ་བ་ནི་བད་ཀན་དུ་གཏོགས་པའི་སྣ་ཆུའོ།། ས་འོག་ཏུ་སྦྱོང་བ་ཞེས་བྱ་བ་ལ ་པཱ་ཏཱ་ཞེས་བྱ་བ་ལཾ་པཱ་ཏཱ་ནི་ལྟུང་པོ་སྟེ། འོག་ཏུ་ལྟུང་བའི་རྫས་སོ།། ལ་ནི་ལེན་པ་སྟྭ~ཾ་དེ་དག་བདག་གར་མཛད་པའོ།། དེས་ལྟུང་བའི་རྫས་ལུས་བདག་གིར་མཛད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྐུ་རྡོ་རྗེའི་རང་བཞིན་གྱིས་རྒྱུ་བའོ།། འདི་དག ་ནི་ཚོགས་པ་རྙེད་ནས་རྗེས་དེ་དག་སྐྱེ་བར་འགྱུར་ཏེ། རྫས་སུམ་ཅུ་རྩ་བདུན་ལས་སོ་དང་སེན་མོ་ལ་སོགས་པ་རྫས་ཉི་ཅུ་རྩ་བཞི་གཙོ་བོར་བྱ་སྟེ། རྣལ་འབྱོར་མ་དང་བཅས་པའི་དཔའ་བོ་རྣམས་ཀྱིས་རྣམ་པར་དག་ཅིང་སྦྱར་བ ་དཔའ་བོ་འབའ་ཞིག་གིས་ནི་མ་ཡིན་ཏེ། གཙོ་བོར་བསྟན་པ་ཙམ་དུ་ཟད་དོ།། དཔའ་བོའི་ཞེས་བྱ་བ་ལ་སོགས་པ་དང་དཔའ་བོ་དང་རྣལ་འབྱོར་མ་རྣམས་གཉིསུ་མེད་པའི་གནས་ཏེ། ཕྱི་ནང་གི་ཛམྦུའི་གླིང་ཡུལ་རྣམས་མཐོ་རིས་ལ་སོགས་པའི ་ས་གསུམ་དུ་བསྟན་པའོ།། དེ་སྟོན་པའི་གཞུང་གིས་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཅུ་བཞི་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། ། དེ་ནས་ཞེས ་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་ཕྱི་ནང་གི་ཡུལ་རྣམས་ལ་སོགས་པ་བསྟན་པའི་འོག་ཏུའོ།། ལས་ཀྱི་རབ་མཆོག་ཅེས་བྱ་བ་ནི་བཤད་དོ་ཞེས་བྱ་བ་དང་འབྲེལ་ཏོ།། སྤྲུལ་པའི་འཁོར་ལོ་ལ་སོགས་པར་གྱུར་པའི་ལས་ཀྱི་རབ ་མཆོག་གོ།། སྦྱར་བ་ཀུན་གྱི་དམ་པོ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་སྦྱོར་བ་རྣམས་ཀྱིས་ནད་ནཱ་དམ་པ་སྟེ་གཙོ་བོའོ།། གང་ཡང་འགྲུབ་པར་བྱེད་པའི་སྔགས་ཞེས་བྱ་བ་ལ་སྔགས་གང་དག་གིས་གྲུབ་པ་སྟེ། དངོས་གྲུབ་དམ་པ ་བྱེད་པ་སྟེ། སྐྱོད་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱའོ།། ངའི་ཞེས་བྱ་བ་ནི་སྔགས་དེ་རྣམས་ཀྱིའོ།། དབྱེ་བ་ཇི་ལྟར་འབྱུང་བ་བཞིན་བཤད་ཅེས་བྱེ་བ་ནི་སྔགས་རྣམས་ཀྱི་བྱེ་བྲག་སྤྲུལ་པའི་འཁོར་ལོ་ལ་སོགས་པས་ཇི་ལྟར་སྐྱེ་བ ་བཞིན་བཤད་པའོ།། ཡིག་ཕོ་ཉ་ལ་སོགས་སྔགས་ཞེས་བྱ་བ་ལ། ཕོ་ཉ་ནི་གཤིན་རྗེ་ཕོ་ཉ་མ་ལ་སོགས་པའོ།། ཡི་གེ་ནི་དེ་རྣམས་ཀྱི་ཡི་གེ་སྟེ་ཡོ་གེ་ཉིད་སྔགས།། དེ་ཡང་རྐང་པ་བརྒྱད་པ་ལ་སོགས་པ་ཡིན་ཏེ། འདི་ལྟར་ཨོཾ ་ཡ་མ་དུ་ཏི་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་གཤིན་རྗེ་པོ་ཉ་མོའི་སྔགས་སོ།། སོགས་ཀྱིས་ནི་དེ་བཞིན་དུ་ཨོཾ་ཡ་མ་དྲཱ་ཌྷི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ན~ཾ་ཧུཾ་ཧཱུཾ་ཕཊྚ་ཅེས་པ་ནི་གཤིན་རྗེ་བརྟན་མ་ལ་སོགས་པ་རྣམས ་ཀྱིའོ།། དེ་བཞིན་དུ་པྲ་ཙཎྜ་ཧཱུ~ཾ་ཧཱུཾ་ཕཊ་ཅེས་བྱ་བ་ནས། ཨོཾ་མ་ཧཱ་བཱིར་ཡ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དུ་འཁོར་ལོ་གསུམ་གྱི་རྣལ་འབྱོར་མ་རྣམས་ཀྱི་སྔགས་དང་དེ་བཞིན་དུ་ཨཱ~ཾ་ཀཱ་ཀ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནས། ཨོཾ་སུ་ཀཱ་རཱ་སྱ་ཧུཾ་ཧཱུཾ ་ཕཊ་ཅེས་བྱ་བའི་བ་དུ་སྒོ་སྐྱོང་བཞིའི་སྔགས་ཡིན་ཏེ། དེ་དག་དང་གཞན་རྐང་པ་བརྒྱད་པོ་ལ་སོགས་པ་རྩ་བ་དང་སྙིང་པོ་དང་ཉེ་བྱིའི་སྙིང་པོ་ཐམས་ཅད་དོ།། ཡང་ན་དེ་དག་ནི་ཕོ་ཉ་ལ་སོགས་པའི་ཡི་གེ་ཡིན་ལ། སྔགས་ནི་ཨེ་ནོ་མོ་བྷྱ ་ག་བཱ་ཏེ་བཱི་ར་ཤཱ་ཡ་ཞེས་བྱ་བོ་ལ་སོགས་པ་རྐང་པ་བརྒྱད་དང་། ཨོཾ་ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་རྩཝ་བའི་སྔགས་དང་། ཨོཾ་ཀྲྀ་ཧཱ་རུ་ཀ་ཞེས་བྱ་བ་ལ་སོགས་པ་ཡིག་ཉི་ཤུ་རྩ་གཉིས་པ་ལ་སོགས་པའི་སྙིང་པོ་དང་ཉེ་བའི་སྙིང ་པོའི་བར་དུའོ།། རྐང་པ་བརྒྱད་པ་དང་ཀ་ར་ཀ་ར་ལ་སོགས་པ་སྔགས་རྣམས་ཀྱི་རྣམ་པར་དབྱེ་བ་མཆོད་པའི་དུས་སུ་ནི་གོ་སླའོ།། མདའི་ཤུགས་ཀྱིས་ཡོངསུ་འཁོར་ཞེས་བྱ་བ་ནི་བཟླས་པའི་དུས་ཀྱི་རྣམ་པར་དབྱེ་བ་སྟེ། མདའ་ནི ་སྔགས་ཡིན་ལ་ཡོངསུ་འཁོར་བ་ནི་བདག་ལས་ཤེས་རབ་ལེ་འཇུག་ཅིང་ཤེས་རབ་ལས་ཀྱང་བདག་ལ་འཇུག་པས་མགལ་མེའི་འཁོར་ལོ་ལྟར་ཡང་དང་ཡང་དུ་འཁོར་བའོ།། ད་ནི་གང་ཡང་འགྲུབ་པར་བྱེད་པའི་སྔགས་ཞེས་བྱ་བ་ལ ་སོགས་པ་འདས་མ་ཐག་པ་དེ་ཤེས་པར་བྱ་བའི་ཕྱིར་དེ་འབྱུང་བའི་གནས་བསྟན་པ་སྤྲུལ་པའི་སྐུ་ལ་སོགས་པའི་འཁོར་ལེའི་གཟུགས་ཀྱིས་གསུངས་པ། སྤྲུལ་པའི་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་འདི་ལྟར་འཇིག་རྟེན ་གྱི་ཁམས་མཐའ་དག་ཏུ་འཁོར་བ་ཇི་སྲིད་པར་སེམས་ཅན་རྣམས་ཀྱི་འདོད་པའི་དོན་རྣམ་པ་སྣང་ཚོགས་པ་རྣམས་དུས་གཅིག་ཏུ་ཤཱཀྱ་ཐུབ་པ་ལ་སོགས་པའི་གཟུགས་སྣ་ཚོགས་ཀྱིས་རྒྱུན་མི་འཆད་པར་འགྲོ་བ་ཐམས་ཅད་ལ ་མཉམ་པ་ཉིད་དུ་ཕན་མདོགས་པར་མཛད་པ་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུའོ།། དེ་ལ་བྱང་ཆུབ་ཀྱི་ཕྱོགས་རྣམས་དང་། ཚད་མེད་པ་རྣམས་དང་། རྣམ་པར་ཐར་པ་རྣམས་དང་། མཐར་གྱིས་གནས་པའི་སྙོམས ་པར་འཇུག་པ་དགུ་དང་། ཟད་པར་གྱི་སྐྱེ་མཆེད་བཅུ་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་བརྒྱད་དྲུང་། ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། མངོན་པར་ཤེས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས ་དང་། རྣམ་པ་ཐམས་ཅད་དུ་ཡོངས་སུ་དག་པ་བཞི་དང་། དབང་བཅུ་དང་། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སྲུང་བ་མེད་པ་གསུམ་དང་། དྲན་པ་ཉེ་བར་གནས་པ་གསུམ་པ་དང་། བསྙལ་བ་མེད་པའི་ཆོས་ཉིད་དང་། བག ་ཆགས་ཡང་དག་པར་བཅོམ་པ་དང་། ཐུགས་རྗེ་ཆེན་པོ་སྐྱེས་པ་དང་། ཐུབ་པ་རྣམས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཏེ། དེ་དག་ནི་ཐུབ་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བརྗོད་དེ།། དེ་ལ་ལུས ་དྲན་པ་ཉེ་བར་གཞག་པ་གཟུང་སྟེ། ཡང་དག་པའི་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུ་དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང ་སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་རྣམས་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་རྣམས་ནི་བྱང་ཆུབ་ལ་སྩོགས་པ་ཐམས་ཅད་དང་རྗེས་སུ་མཐུན་པའོ།། ཚད་མེད་པ་རྣམས་ནི་སྙིང་རྗེ་ལ་སོགས་པ་ཚངས ་པའི་གནས་པའི་བོ་ཞིའོ།། དེ་ལ་གཟུགས་ཅན་གཟུགས་རྣམས་ལ་བལྟ་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པོས་ཕྱིའི་གཟུགས་ལ་བལྟ་བ་དང་། དག་པོའི་རྣམ་པར་ཐར་ལ་པ་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ་གནས ་པ་གསུམ་དང་། ནམ་མཁའ་མཐའ་ཡས་དང་། རྣམ་ཤེས་མཐའ་ཡས་དང་། ཅི་ཡང་མེད་པ་དང་། འདུ་ཤེས་མེད་མོནི་སྐྱེ་མཆེ་བཞི་དང་། འདུ་ཤེས་དང་། ཚོར་བ་འགོག་པ་སྟེ། བརྒྱད་པོ་བླ་རྣམས་པར་ཐར་པ་རྣམས་སོ།། ་གཟུགས་ཀྱི་ཁམས་ཀྱི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་དང་། འདུ་ཤེས་དང་ཚོར་བ་འགོག་པ་སྟེ། དགུ་པོ་དེ་དག་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་སོ།། ས་དང་། ་ཆུ་དང་། མོ་དང་། རླུང་རྣམས་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་དང་། ན་མཁའ་དང་རྣམ་པར་ཤེས་པ་རྣམས་རིལ་བསྒོམ་པ་ནི་ཟད་པར་སྐྱེ་མཚང་བཅུའོ།། ནང་གི་གཟུགས་ཀྱི་འདུ་ཤེས་རྣམས ་ས་སོར་ཡོངསུ་བཤིག་ནས་ཕྱི་རོལ་གྱི་གཟུགས་རྣམས་ལ་གནས་ཀྱི་བྱེ་བྲག་གིས་ཟིལ་གྱི་མནན་བཞིན་དུ་ཤོས་ཤིང་ཟིལ་གྱིས་མནན་བཞིན་དུ་མཐོང་བ་བཞི་དང་། ནང་གི་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི ་གཟུགས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་དཀར་པོ་རྣམས་ཟི་ལོ་གྷིས་མནྡན་བཞིན་དུ་ཤེས་ཤིང་མཐོང་བ་བཞི་སྟེ། བརྒྱད་པོ་དེ་དག་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་རྣམས་ཏེ། དེ་དག་ནི་མཐོ་རིས་ཀྱི་ལ་མོ་དང་ཐུན ་མོང་བའོ།། རང་དང་གཞན་དག་གི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་རྣམས་ཀྱི་རྒྱུན་ཏིང་ངེ་འཛིན་གང་གིས་སྤོང་བར་བྱེད་པ་ནི་ཉོན་མོངས་པ་མེད་པའོ།། དེ་རྣམས་པ་ཐམས་ཅད་དུ་མཚན་མཱ་དང་། བྱུག་ཆགས་སྤངས་ནས་ཐེ་ཚོལ ་རྣམ་པར་གསལ་ཏེ། འཁོར་བ་ཇི་སྲིད་པའི་བར་དུ་སྨོན་ལམ་རྣམ་པར་དག་པ་སྤེལ་ཞིང་མཉམ་པར་གཞག་པོ་ལ་འཇུག་པའི་གནས་སྐབས་འདི་ནི་སྨོན་ལམ་ནས་ཤེས་པའོ།། ལྷའི་མིག་ལ་སོགས་པ་ནི་མངོན་པར་ཤེས་པ ་རྣམས་སོ།། ཆོས་སོ་སོ་ཡང་དག་པར་རིག་པ་ལ་སོགས་པ་བཞི་ནི། སོ་སོ་ཡང་དག་པར་རིགས་པ་རྣམས་ཏེ། རྟེན་དང་དམིགས་པ་དང་། སེམས་དང་ཡེ་ཤེས་རྣམས་ཡོངསུ་དག་པ་བཞིར་སྦྱར་རོ།། ཚེ་དང་སེམས་དང་ཡེ་བྱད་དང་། ་དང་། སྐྱེ་བ་དང་། ཐབས་དང་། མོས་པ་དང་། སྨོན་ལམ་དང་། རྣམ་པར་ཤེས་པ་དང་། ཆོས་ལ་དབང་བ་རྣམས་ནི་དབང་བཅུའོ།། གནས་དང་གནས་མ་ཡིན་པ་ལ་སོགས་པ་ཟག་པ་ཟང་པར་མཁྱེན་པའི་བར་དུ་བཅུ་ནི་སྟོབས་རྣམ། ་ཆོས་ཐམས་ཅུང་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མ་འཇིགས་པ་ནཱམྦྷ་ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འབྱུང་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་མི་འཇིགས་པའི་བར་དུ ་བཞིན། མི་འཇིགས་པ་རྣམས་སོ།། དེ་བཞིན་གཤེགས་པོའི་སྐྱེ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ཀྱི་སྤྱོད་པ་རྣམས་ཡོངསུ་དག་པ་སྟེ། སྤྱོད་པ་དེ་དག་ཡོངསུ་མ་དག་པ་གཞན་གྱིས་ཤེས་པར་གྱུར་ན་མི་རུང་ངོ་ཞེས་ཡོངས ་སྦེད་ཅིང་བསྲུངས་པ་མི་མངའ་བ་ནི་བསྲུང་བ་མེང་པ་རྣམས་སོ།། ཆོས་སྟོན་པ་ལ་རྣམ་པ་བཏུང་ང་ཉན་པ་དང་། མི་ཉན་པ་དང་། གཉིས་ཀའི་མཚན་ཉིད་ཅན་ལ་སེམས་བཏང་སྙོམསུ་མཛད་པ་ནི་དྲན་པ་ཉེ་བར་གནས་པ་རྣམས་སོ།། ་སེམས་ཅན་གྱི་དོན་མཛད་པའི་དུས་ལས་མི་འདའ་བའི་མཚན་ཉིད་འདི་ནི་བསྐལ་བ་མེད་པའི་ཆོས་ཉིད་དོ།། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ཀྱི་ས་བོན་དང་བག་ལ་ཉལ་སྣང་ནས་བཏོན་པ་འདི་ནི་བག་ཆགས་ཡང་དག ་པར་སྤངས་པའོ།། དེ་བཞིན་གཤེགས་པལ་འཁྲུལ་པ་མེད་པ་ཞེས་བྱ་བ་ནས། ད་ལྟར་གྱི་དུས་ལས་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པ་ཞེས་བྱ་བའི་བར་དུ་ནི་མ་འདྲས་པའི་ཆོས་རྣམས་སོ།། ཐུགས་རྗེ་ཆེན ་པོ་ཞེས་བྱ་བ་ནི་གྲགས་པར་ཟང་ངོ་།། སྐྱེས་བུ་ཆེན་པའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱེད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ཡོངསུ་དག་པའི་སྐུ་འཁོར་ལོ་སྦྱར་པོའི་ཆུ་བྱང་ཅན་འདི་ནི་ཐུབ་པ་རྣམས་ཀྱི་ལོངས་སྤྱོད་རྫོགས ་པའི་སྐུ་རུ་བཞེད་དེ། ས་བཅུ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ལྷན་ཅིག་ཏུ་ཁ་ན་མཐེ་བ་མེད་པར་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པས་དགའ་བ་དང་བདེ་བའི་རོ་ཉམ་སུ་བལྟ་བའོ།། གང་ཟག་པ་མེད་པའི་ཆོས ་རྣམས་ནི་རྣམ་པ་ཐམས་ཅད་ཡོངསུ་དག་པ་བརྙས་པ་འདི་ནི་ཐུབ་པ་རྣམས་ཀྱི་ངོ་བོ་ཉིད་ཀྱི་སྐུ་སྟེ། གང་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཇིག་རྟེན་ལས་འདས་པའི་ཆོས་རྣམས་རང་བཞིན་གྱིས་ཆོས་ཀྱི་དབྱིངས་རྣམ་པར ་དག་པའི་མཚན་ཉིད་ཟག་པ་མེད་པ་ཡིན་པ་ལས་བློ་བུར་གྱི་དྲི་མ་དང་བྲལ་ཏེ། རྣམ་པ་ཐམས་ཅད་ཡོངསུ་དག་ཅང་བདེན་པ་ཐོབ་པ་འདི་ནི་མ་བཅོས་པའི་རང་བཞིན་གྱི་སྐུ་ཡིན་ནོ།། དེ་ལྟར་སྐུ་རྣམ་པ་བཞི་པོ་འཁོར་ལོའི་ཚུལ་གྱིས ་ལྟ་བ་ལ་སོགས་པར་རིམ་བཞིན་དུ་རྣམ་པར་བཞག་པ་དང་། ལེའུ་བཅུ་གཉིས་པར་དང་པོར་ཆོས་ཀྱི་འབྱུང་གནས་བསམ་ཞེས་བྱ་བ་ལ་སོགས་པ་མདོར་བསྟན་པ་བཤད་པར་བྱ་བའི་ཕྱིར། ཡང་སྤྲུལ་པའི་འཁོར་ལོའི་དབུས་སུ་ནི་ཞེས ་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དབུས་སུ་ཞེས་བྱ་བ་ནི་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་ལྟེ་བ་ལའོ།། སྔ་ཚན་བརྒྱད་ཆོས་ཤིན་ཏུ་བསྐོར་ཞེས་བྱ་བ་ནི་ཡི་གེ་ཨོཾ་སྟེ། སྔར་བསྟན་པའི་སྡེ་ཚན་བརྒྱད་པོ་རྣམས་ཀྱིས་ཀུན ་ནོས་བསྐོར་བའོ།། དེ་ལ་སྔོ་ཚན་བརྒྱད་ནི་དབྱིངས་ཀྱི་ཡཾ་གོ་བཅུ་དྲུག་ནི་དང་པོའོ།། ཁ་ག་གྷ་ང་རྣམས་ནི་གཉིས་པའོ།། ཅེ་ཚ་ཛ་དྷ་ཉ་རྣམས་ནི་གསུམ་པོའོ།། ཊ་ཥ་ཌ་ཌྷ་ཎ་རྣམས་ནི་བཞི་པའོ།། ཏ་ཐ་ད་དྷ་ན་རྣམས་ནི་ལྔ་པའོ།། ་པ་པ་བ་བྷ་མ་རྣམས་ནི་དྲུག་པའོ།། ཡ་ར་ལ་ཝ་བཞི་ནི་བདུན་པའོ།། ཤ་ཥ་ས་ཧ་བཞི་ནི་བརྒྱུད་པའོ།། ཀཱ་ཞེས་བྱ་བ་ནི་ཀ་དཔའ་ཉིད་ལས་གུད་ན་མེང་པའི་ཕྱིར་ཡང་མི་བསྟན་ཏོ།། དེ་ལྟར་སྡེ་ཚན་བརྒྱད་པོ་དེ་དག་ནི་རྣམ་པར ་ཐར་པ་བརྒྱད་རྣམ་པར་དག་པ་སྟེ། པདྨའི་དབུས་ཀྱི་འདབ་མ་བརྒྱད་ལ་ཀུན་ནས་བསྐོར་ཏེ་བྲི་བར་བྱའོ།། སྔགས་རྣམས་ཐམས་ཅད་འབྱུང་བ་སྟེ། ཞེས་བྱ་བ་ལ་སོགས་པ་ལ་སྔོགས་རྣམས་ནི་དེ་བཞིན་གཤེགས་པ་རྣམས་སོ།། འབྱུང་བ་ནི ་འཁོར་ལོ་འདི་བསྒོམ་པ་གོམས་པ་ཕུལ་དུ་བྱུང་བ་ལས་སྐྱེ་བར་འགྱུར་ཏེ། གང་གི་ཕྱིར་དེ་རྣམས་ཀྱི་སྤྲུལ་པའི་སྐྲ་ཐོབ་པར་བྱེད་པའི་ཕྱིར་རོ།། གཞན་ཡང་ཅི་ཡང་རུང་བ་སྐྱེད་ཞེས་བྱ་བ་ནི་བརྟན་པ་དང་གཡོ་བ་རྣམས་དེ་ལས་སྐྱེ་བའི་ཕྱིར། ་ལོ།། ཡང་ན་སྡེ་ཚན་བརྒྱད་ཀྱི་ཡི་གེ་འདི་དག་ལས་སྔགས་ཀྱི་དེ་ཁོ་ན་ཉིད་འབྱུང་བ་དང་། གཞན་ཡང་ཞེས་བྱ་བ་སངས་རྒྱས་ཉིད་དང་ཐུན་མོང་གི་དངོས་གྲུབ་ཕྲ་མོ་གཞན་དག་ཀྱང་སྐྱོ་བའོ།། ཆོས་ཀྱི་འཁོར་ལོ་གསུངས་པ། ཆོས་ཀྱི་ཞེས་བྱ ་བ་ལ་སོགས་པ་ལ། ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད་ཅེས་བྱ་བ་ནི་ཐོག་མ་དང་ཐ་མའི་དངོས་གྲུབ་རྣམས་སྟེར་བའི་ཕྱིར་རོ།། སྒྱུ་ལྔ་དང་ནི་ཡང་དག་ལྡན་ཞེས་བྱ་བ་ལ་སྒྲ་ལྔ་ནི་དབྱངས་ཡིག་དང་པོ་དང་། གསུམ་པ་དང་། ལྔ་པ་དང ་བཅུ་གཅིག་པ་དང་། དབུས་ན་གནས་པའི་ཧཱུཾ་གི་འོག་ན་གནས་པའི་དབྱངས་ཡིག་དྲུག་པ་རྣམས་སོ།། ཡང་དག་པར་ལྡན་པོ་ནི་ཆོས་ཀྱི་འཁོར་ལོ་དང་སྦྱར་ཏེ། འདབ་མ་བརྒྱད་ཀྱི་ལྟེ་བོ་ལ་ཧཱུཾ་གནས་པའི་ཆོས་ཀྱི་འཁོར་ལོ་དེ་ཉིད་ནི་ཆོས་ཀྱིས ་ཐོབ་པར་བྱེད་པའོ།། ཡ་ར་ལ་ཝ་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་དང་ཡང་སྦྱར་ཏེ། སྔར་བཤད་ཟིན་ཏོ།། ལོངས་སྤྱོད་ཀྱི་འཁོར་ལོ་གསུངས་པ་ལངས་སྤྱོད་ཅེས་བྱ་བ་ལ་སོགས་པ་ལ། རོ་རྣམས་ཀྱི་ནི་རྟེན་རང་བཞིན ་ཞེས་བྱ་བ་ལ་རོ་ནི་ཉམསུ་མྱོང་བ་སྟེ། རང་རིག་པའི་རང་བཞིན་ཉམསུ་མྱོང་བའི་རྟེན་དུ་འཛིན་པར་བྱེད་པའོ།། ཆ་རྣམས་བཞི་པོ་དག་གིས་ནི་ཞེས་བྱ་བ་ནི་དབྱངས་ཡི་ག་གཉིས་པ་དང་། བཞི་པ་དང་། དྲུག་པ་དང་། བཅུ་གཉིས་པ ་རྣམས་ཀྱིས་སོ།། ཀུན་ནས་ཡོངསུ་བསྐོར་བ་ནི་འདབ་མ་བཅུ་དྲུག་པའི་ལྟེ་བར། ཨོཾ་བཀོད་པའི་ཕྱི་རོལ་ཏུ་བསྐོར་བ་སྟེ། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པར་བྱེད་པའོ།། བདེ་བ་ཆེན་པོའི་འཁོར་ལོ་གསུངས་པ། བདེ་བ་ཆེན་པོ ་ཞེས་བྱ་བ་ལ་སོགས་པ་སྟེ། བྱང་ཆུབ་སུམ་ཅུ་རྩ་བཞི་གཉིས་དང་ལྡན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རང་བཞིན་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དགེ་བའི་པདྨ་འདབ་མ་སུམ་ཅུ་རྩ་གཉིས་ནི་བྱང་ཆུབ་ཡིན་ལ། དེའི་དབུས་ཀྱི་ལྷ ་བ་ལ་མཽགོ་མེད་པའི་ཧ་དང་དབྱིངས་ཀྱི་ཡི་གེ་བཅུ་དྲུག་འདབ་མ་རྣམས་ལྔ་བཀོད་པ་ནི་ལྗོན་པ་སྟེ། ཟག་པ་མེད་པའི་བདེ་བ་ཆེན་པོའི་ངོ་བོའི་ཉིད་ཀྱི་སྐུ་ཐོབ་པར་བྱུང་བའོ།། ཟླ་བ་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བ་ནི་གཡོན་པའོ།། ་ཉི་མ་ནི་གཡས་པའོ།། སུའོ་ཞེ་ན་དཔའ་བོ་ན་མཁའི་འགྲོ་མ་རྣམས་ཀྱི་སྟེ་སྐྱེས་པ་དང་བུད་མང་རྣམས་ཀྱིའོ།། དེ་དག་གིས་ནི་སྐྱེས་པ་དང་བུད་མོད་མཚོན་པོར་བྱེད་པ་དེ།། འགྲོ་དོང་འོང་བ་ངེས་པར་བརྗོད་ཅེས་བྱ་བ་ལ ་འགྲོ་དང་འོང་བ་ནི་གཡས་དང་གཡོན་གྱི་རླུང་གི་འཇུག་པ་དང་འབྱུང་བ་ཡིན་ལ། ངེས་པར་བརྗོད་པ་ནི་དེ་དག་དགོས་པ་བསླབ་པའོ།། ཡང་ན་མཁའ་འགྲོ་མ་དང་བཅས་པའི་དཔའ་བོ་རྣམས་འགྲོ་དང་འོང་བ ་རྒྱུ་ཞེས་བྱ་བར་བརྗོད་པར་བྱ་སྟེ། ཅི་ཞིག་ཅེ་ན། གཡས་གཡོན་གྱི་རླུང་སྟེ། རླུང་ལ་ཞོན་ནུས་འགྲོ་འོད་བྱེད་པའི་ཕྱིར་རོ།། དེ་ལྟར་ནང་དུའང་བསྟན་པའི་ཕྱིར་གཉིས་པ་ནི་མཉམ་པར་ཞོན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ་གནས་དང་འདྲ་བས་ན་གནས་ཏེ་གཡས་གཡོན་གྱི་རྩའོ།། མཉམ་པ་ནི་དེ་རྒྱུ་བའི་རླུང་ངོ་།། ཞེན་པ་ནི་སེམསོ་ཏ་ཏིང་ངེ་འཛིན་ཅེས་བྱ་བའི་བར་དུའོ།། འོག་ནས་དང་སྟེང་དུ་ཡང་དག་བརྟན་ཞེས་བྱ་བ་ལ་འོག་ནི་ལྟེ་བའོ།། ་སྟེང་ནི་སྤྱི་གཙུག་གོ།། བརྟན་པ་ནི་རྩ་བ་དང་རྩེ་མེ་ངར་སྦྱར་བའོ།། དབྱངས་ཡིག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། སྒྲ་ཡིན་པས་མ་དབྱངས་ཏེ་མ་ནིང་སྤངས་པའི་དབྱིངས་ཡིག་བཅུ་གཉིས་སོ།། སྟང་བལྟས་ཞེས་པ ་པ་ནི་རྩེ་གཉིས་ཀ་ལུས་ཚངས་པ་ལ་སོགས་པའི་རླུང་ཕྱིར་རྒྱ་པཱ~ཾ་ན~ཾ་གི་རིམས་བཞིན་སེར་མེ་བཞི་དང་དྲུག་དང་བཅུས་གཉིས་དང་། བཅུ་དྲུག་གི་བར་དུ་སྟེང་གི་ན་མཁའི་ལ་རྒྱུ་བ་ན་དབྱངས་ཀྱི་ཡི་གེ་བཅུ་གཉིས་ཀྱི་སྒོད ་བརྒྱ་བའོ།། ཀ་སོགས་ཞེས་བྱ་བ་ནི་སྦལ་ཞེས་བྱི་བ་ན་སྤེལ་ཞེས་བྱ་བ་དང་སྦྱར་ཏ། ཀ་ལ་སོགས་པ་དང་སྤེལ་བའོ།། ཇི་ལྟ་ན་མ་རླུ་ཕྱིར་རྒྱུ་བ་ནི་དབྱིངས་ཀྱི་སྐུད་པ་དེ་ཉིད་ལ་རོའི་རྗེསུ་འཇུག་པ་ཡིན་པས། ཀ ་སོགས་པའི་ཕྲེང་བ་བྲིའོ།། འོག་ཏུ་བལྟས་པ་ཞེས་བྱ་བ་ནི་གུང་གི་ཚ་སྒོ་གཉིས་ནས་རླུང་ནང་དུ་འཇུག་པའི་ཚེ། ཨ་ལ་སོགས་པའི་སྐུད་པ་དང་ཀ་ལ་སོགས་པའི་ཕྲེང་བ་ཁ་འོག་ཏུ་བལྟས་པར་བྲིའི།། དེས་ན་རླུང་ཕྱིར་རྒྱུ་བ་ལ་ནི་དེ ་དག་སྣང་དུ་བལྟ་བར་ཤེས་པར་བྱ་ལ། ནང་དུ་འཇུག་པ་ལ་ནི་འོག་ཏུ་བལྟ་བར་ཤེས་པར་བྱའོ།། དེ་ཉིད་བསྟན་པའི་ཕྱིར། ངོས་གཉིས་ཞེས་བྱ་བ་གསུངས་ཏེ། ངོས་ཀྱི་སྒྲ་ནི་མཚུངས་པ་ཡིན་ལ་གཉིས་ནི་འབྱུང་བ་དང་འཇུག ་པ་ཡིན་ནོ།། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ།། ཁ་ཅིག་ན་རེ་ནི་ཞེས་བྱ་བ་ནི་ཚིག་ཁ་བསྐང་བ་ཡིན་ཏེ། ང་ཡང་ཇི་སྐད་དུ། ནི་དང་སྡེ་དང་པ་ལ་སོགས། ཁ་བསྐང་དྲུག་ཏུ་མཁས་པས་བཤད་ཅེས་ཟེར་བའི་ཕྱིར་རོ།། དེ་ལྟར་ན ་ངོས་གཉིས་ནི་གཡོས་གཡོན་གྱི་ཕྱོགས་གཉིས་སོ།། སྤེལ་བ་ནི་དེ་དང་སྤེལ་བ་སྟེ། ཨཱ་ལིའི་ཕྲེང་གིས་གཡས་གཡོན་གའི་སུ་ཀཱི་ལིའི་ཕྲེང་བ་གཉིས་གཉིས་བྲི་བའོ།། དབུས་ང་ནི་སྦྱར་བར་བྱ་ཞེས་བྱ་བ་ལ། དེ་ནི་གཡས ་གཡོན་གྱི་རླུང་གི་ཕྲེང་བ་འཇུག་པ་དང་འབྱུང་བ་དེའོ།། དབུས་སུ་སྦྱོར་བ་ནི་འཇུག་པ་དང་འབྱུང་བ་ར་རེ་རེ་ཞིང་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དུས་རྣམ་པ་གསུམ་གསུམ་གྱིས་བསྐོར་བའོ།། གཞུང་དེ་ཉེ་བར ་བསྡུ་བའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། ཡང་ན་ད་ལྟར་ཞེས་བྱ་བ་ལ་སོགས་པ་རྐང་པ་དང་པོ་ནི་ཕྲ་མོའི་མཇུལ་བསྡུ་བ་ཞེས་བྱ་བ་ལ་རྩ་དང་སྒྲའི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་རགས ་པའི་རྣལ་འབྱོར་བསྟན་པ་ཡིན་ཏེ། དེ་ལ་ཎྱ་ཞེས་བྱ་བ་ནྱ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནཱ་བྷ་སྟེ། ད་ཡང་གཉིས་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེས་བྱ་བ་ཉིད་དོ།། སྒྲ་ཞེས་བྱ་བ་ན་ཆོས་ཐམས་ཅད་རང་བཞིན ་གྱིས་འོད་གསལ་བའི་དོན་བརྗོད་པར་བྱེད་པའི་ཚིག་གི་ཚོགས་ཏེ། དངོས་གང་ཞེ་ན། ཨོཾ་པྲྀ་ཀྲྀ་ཏི་པྲ་བྷི་སྭ་རཿསརྦ་དྷརྨཱཿཞེས་བྱ་བ་ལ་སོགས་པའོ།། རང་བཞིན་ཞེས་བྱ་བ་ནཱི་མཽཚུངས་ཤིང་མཉམ་པར་བསྲེ་བ ་ཡིན་ཏེ། འོད་གསལ་བར་སྟོན་པའི་སྒྲོས་བརྗོད་པ་ཉིད་ལ། འོད་གསལ་བའི་དོན་གྱི་རྣམ་པར་རྟོག་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དྲན་ཏོ།། དེ་ཉིད་རྡོ་རྗེ་མཁའ་འགྲོའི་རང་པོཞིན་ཉིད་དུ་བསྟན་པའི་ཕྱིར་གཉིས་མེད ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཉིད་རྡོ་རྗེའོ།། ཅིའི་ཕྱིར་ཞེ་ན། གཉིས་ཀྱི་རྣམ་པར་རྟོག་པའི་དྲི་མ་དང་བྲལ་བས་མི་ཕྱེད་པའི་ཕྱིར་རོ།། རང་བཞིན་ཞེས་བྱ་བ་ནི་རང་བཞིན་གྱི་ཤེས ་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཇི་སྐད་དུ་ཡས་གཉིས་མེད་གང་ཡིན་པ། རང་བཞིན་ཤྲེ་སོ+ོ་རབ་ཕ་རོལ་ཕྱིན་ཞེས་གསུངས་པའི་ཕྱིར་རོ།། མཁའ་འགྲོ་སྒྲའི་རང་བཞིན་ནོ་ཞེས་བྱ་བ་ལ། སྒྲའི་རང་བཞིན་ནཱི་དཱ་སྟོན ་པའི་སྒྲ་སྟེ་བཤད་ཟིན་ཏོ།། མཁའ་འགྲོ་ཞེས་བྱ་བ་ལ་མཁའ་ནི་འདས་མ་ཐག་པའི་ཡེ་ཤེས་སོ།། འགྲོ་བ་ནི་སྐད་ཀྱི་བྱིངས་ལོས་རྟོགས་པར་འདྲེན་པས་དེ་རྟོགས་པར་བྱེད་པའི་སྒྲའོ།། ཡང་ན་རང་བཞིན་ནི་རྗོད ་པ་དང་བརྗོད་པརྱཱ་བྱཱ་བ་དེ་དག་གཉིས་སུ་མེད་པ་ལས་སྐྱེས་པའི་དཔལ་ཧཱ་རུ་ཀ་སྟ། ཇི་སྐད་དུ། བཅོམ་ལྡན་ཧ་རུ་ཀཱ་རང་དངོས།། རྡོ་རྗེ་མཁའ་འགྲོ་དུ་བཞིན་གཤེགས།། ཞེས་ཟེར་བའི་ཕྱིར་རོ།། ངེས་འབྲུ ་ཞེས་བྱ་བ་ནི་འངས་སངས་རྒྱས་ཐམས་ཅད་འདུས་པ་སྟེ། དེ་ཉིད་ཀྱིས་ན་སངས་རྒྱས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་དུ་སྐྱེ་བ་ཞེས་བྱ་བར་གྲགས་ཞེས་བྱ་བ་ནི། སངས་རྒྱས ་ཐམས་ཅད་གང་དུ་འདུས་པ་དང་། གང་ལས་སྐྱེ་བར་གྲགས་པ་སྟེ། དངོས་པོ་ཐམས་ཅད་ཕྱེ་ནས་སྟོན་པོའོ།། ངེས་འབྱུང་དེ་ཅི་ཞིལ་ཙ་ན། ཤིན་ཏུ་རྣམ་དག་ཡེ་ཤེས་ཚ་ཞེས་བྱ་བ ་སྟེ། གཉིསུ་མེད་པའི་སེམས་ཉིད་དེ་རྡོ་རྗེ་འཛིན་པའོ།། ཡང་ད་ཇི་ལྟར་བལྟ་ཞེ་ན། ལྷ་མོ་ཀུན་གྱི་རང་བཞིན་གང་། ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་མནིང་གི་རྟགསུ་བསྟན་པའོ།། ་རང་འབྱུང་གི་ནི་གཟུགས་འདི་ཉིད་ཅེས་བྱ་བ་ལ། འདི་ཉིད་ནི་འདས་མ་ཐག་པའི་སེམས་སོ།། རང་འབྱུང་ནི་རང་དང་གཞན་གྱི་དོན་གྱི་ཕྱིར་ལྷའི་སྐུ་སྣ་ཚོགས་སུ་སྤྲུལ་པ་སྟེ། འདི་དག་ནི་སྔར་བཤད་ཟིན་ཏོ།། སྤྲོ་དང ་སྡུད་པར་བྱེད་པ་པོ་ཞེས་བྱ་བ་ལ། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ལས་བསྐྱད་པའི་རྡོ་རྗེ་སེམས་དཔའ་ཉིད་སྤྲོ་བ་སྟེ། དཀྱིལ་འཁོར་གྱི་ལྕེ་བསྐྱེད་པ་དང་སྡུད་པར་བྱེད་པའོ།། ཡང་ན་རིང་བཞིན་གྱིས་འོད་གས ་བའི་བདག་མེད་པ་དང་། ལྷ་ཉིད་དུ་མཉམ་པར་སྦྱོར་བ་བསྟན་པ་ཡིན་ཏེ། སྐྱེ་བ་ནི་སྐྱེ་ཞིང་གནས་པའོ།། སྡུད་པ་ནི་འཇིག་པའོ།། བྱེད་པ་ནི་རྒྱུའོ།། ཨ་ནི་དགག་པ་སྟེ་དོན་དམ་པར་རྒྱུ་ལ་སོགས་པ་དང ་སྐྱེ་བ་ལ་སོགས་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ལྟར་སྔགས་རྣམས་ཀྱང་བསྟན་པའི་ཕྱིར། ཡཱི་གྲ་ཕོ་ཉ་ལ་སོགས་ཞེས་བྱ་བ་སྨོས་ཏེ། ཕེ་ཉི་ནི་གཤིན་རྗེ་ཕོ་ཉ་མོ་ལ་སོགས་པའོ།། སྔགྲས་ནི་དཱ་རྣམས་ཀྱི་ཡི ་གའི་སྔགས་སོ།། དར་ནི་ཞེས་བྱ་བ་ནི་གནས་ཏེ། བདག་མེད་པའི་གནས་སུ་སྦྱར་བའོ།། དེ་ཉིད་ཀྱི་ཕྱིར་ཆ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ་གསུངས་ཏེ། གང་ཞེས་བྱ་བ་ནི་ཐེ་ཚོམ་གྱི་ཚིག་གོ། ནི་ཞེས་བྱ་བ་ནི། ་ངས་པར་གཟུང་བའོ།། ཆ་ཞེས་བྱ་བ་ནི་རྗོད་པ་དང་བརྗོད་པར་བྱ་བའོ།། བྲལ་བ་ནི་དེ་དག་སྤང་བའོ།། ཡང་ན་ཡི་གེ་ག་ཕོ་ཉ་ལྀ་སོགས་སྔགས་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་ཚུལ་གྱི་སྔགས་རྣམས ་ཀྱི་གནས་བསྟན་པའི་ཚུལ་གྱིས་སྤྲུལ་པའི་འཁོར་ལོ་ལ་སོགས་པའི་ཁྱད་པར་སྟོན་པཱ་ཡིན་ཏེ། དར་ཞེས་བྱ་བ་ནི་གནས་ཏེ། དངོས་གང་ཞེ་ན། སྤྲུལ་པའི་འཁོར་ལོའི་ལྟེ་བར་རོ།། ཆུ་དང་བྲལ་བ་ཞེས་བྱེ་བ་ནི་བརྗོད་པ ་དང་བྲལ་བའོ།། གཟུགས་མེད་པ་ཞེས་བྱ་བ་ལ། ཨ་ཞེས་བྱ་བ་ནི་ཨ་ལོ་སོགས་པའི་ཡི་གེའོ།། གཟུགས་ནི་ཚིགས་སོ།། རྟག་ཏུ་གནས་པ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཉམསུ་མྱོངས་པའི་ཚུལ་དུ་གནས་པའོ།། ་ཡང་ན་གཟུགས་མེད་པ་ཞེས་བྱ་བ་ནི་ལྟེ་བའི་དབུས་ཀྱི་ཡི་གེ་ཨ་དེ་ཉིད་ལས་རྐྱེན་གྱི་བྱེ་བྲག་གིས་ཡི་གེ་ངེས་པ་མེད་པར་འབྱུང་བའོ།། སྨིན་དབུས་པདྨའི་ཟླ་བ་རུ་ཞེས་བྱ་བ་ལ་སྨིན་དབུས་པདྨ་ནཱི་གོ་བར་ཟད་དོ།། ཟླ་བ་ཞེས ་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཆ་ཤས་བཅུ་དྲུག་ཡོངསུ་རྫོགས་པའི་ཕྱིར་རོ།། དེ་ཉིད་གསུངས་པ། བཅུ་དྲུག་སྐུད་པ་ཞེས་བྱ་བ་ལ་སོགས་པ་ལ། སྐུད་པ་ནི་སེམས་ཀྱི་རི་མོ་ཕྲ་མོའོ།། བཅུ་དྲུག་ནི་དབྱངས་ཀྱི་ཡི་གེ་རྣམས ་ཧཾཏེ། དེས་དེ་དག་བརྒྱས་པ་དེ་ལ་དེ་སྐད་ཅེས་བྱའོ།། སྐོར་བ་ཞེས་བྱ་བ་ནི་མགོ་མེད་པའི་ཧཾ་ལ་ཀུན་ནས་བསྐོར་བའོ།། ཡང་ན་སྐུད་པ་དང་འདྲ་བས་སྐད་པས་ཏེ། དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་ཉིད་དོ།། ཤས་རབ་ཐབས་ཀྱི་མཉམ་སྤྱོད ་བ་ཞེས་བྱ་བ་ནི་སྟེང་དང་འོག་ཏུ་བལྟས་པས་འཁོར་ལོ་གཉིས་ལ་ས་བོན་རྣམས་བཀོད་པའོ།། དེ་ཉིད་ཀྱིས་ན་ཁ་སྦྱར་རོ།། ལག་གཉིས་ཞེས་བྱ་བ་ནི་ས་བོན་གཉིས་ཀྱི་འོད་ཟེར་རོ།། འཁྱུད་པ་ནི་ཕྲད་པའོ།། དེ་ཉིད་ཀྱིས་ན་རྡོ་རྗེ ་ལུ་གུ་རྒྱུད་བཅིངས་བརྗོད་ཅེས་གསུངས་ཏེ། ཇི་ལྟར་ལྕགས་ཀྱི་ལུ་གུ་རྒྱུད་ཕན་ཚུན་སྤེལ་བས་དོན་བྱེད་པ་ལྟར་བལྟོ་བར་བྱའོ།། བསྟན་པ་འདི་ཉིད་ཀྱི་བཤད་པ་ནི་སླར་ཡང་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། རྡོ་རྗེ་པདྨ་དབྱེ་བ་དང ་ཞེས་བྱ་བ་ལ། རྡོ་རྗེ་ཉིད་སྒོའི་ཆུན་པོ་སྟེ་ཡི་གེ་ཧཾ་།། པདྨ་ནི་ལྟེ་བའི་ཨོཾ་སྟེ་དབྱེ་བས་ནི་སྦྲང་རྩིའི་ཆུས་གསལ་བར་བྱས་པའོ།། བསྐྱོད་པ་ཞེས་བྱ་བ་ནི་སྟེང་དུ་གཏུམ་མོའི་འོད་ཀྱིས་བསྐུལ་བའོ།། ལྷག་མ་ནི་གོ་སླའོ།། གཉིས་པར་ན ་ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་འདི་ནི་ཕྱི་རོལ་ལས་ཀྱིས་ཕྱག་རྒྱ་དང་སྦྱོར་བ་ཡིན་ནོ།། ལག་གཉིས་ཀུན་ཏུ་འབྱུང་འཁྱུད་པ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། འོ་བྱེད་པ་ལ་སོགས ་པ་ཐམས་ཅད་གཟུང་བར་བྱའོ།། སྤུར་ཡང་རྣམ་པར་གྲོལ་བའི་ལྀ་ཞེས་བྱ་བ་ནི་རྡོ་རྗེ་དང་པདྨའི་སྒྱུའོ།། མཆོག་ཏུ་དགའ་བ་ཞེས་བྱ་བ་ནི་བདའ་བསྐྱུད་བའོ།། དེ་ཉིད་ཀྱི་ཐབས་བསྟན་པའི་ཕྱིར་རོ།། རྡོ་རྗེ་པདྨ་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ་གོ་སླའོ།། དཽ་ཡང་སྔོན་དུ་འགྲོ་བ་བསྟན་པའི་ཕྱིར། བསྐྱོད་པ་ཞེས་བྱ་བ་ལ་སོར་མོ་ལ་ཡི་གེ་ཀྲྀ་བསྒོམས་ཏེ། ཁ་ཁ་མུ་ཁའི་སྒོར་བྲུད་པའོ།། དེ་ཉིད་ནི་ཆགས་པའི་ལྗགས་ཀྱུ་སྟེ། དེས་དེ་བཞིན་གཤེགས་པ་ཐམས ་ཅད་ཅེས་བྱ་བ་བྱང་ཆུབ་ཀྱི་སེམས་དགུག་པའོ།། དེ་ཉིད་ཀྱིས་ན་མི་འཁྲུག་རྡོ་རྗེས་དཀྲུག་པ་སྟེ་དེས་རྩ་བ་ཐམས་ཅད་དཀྲུག་ཅིང་བསྐྱོད་པར་བྱའོ།། དེ་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བའི་བྱང་ཆུབ་ཀྱི ་སེམས་སོ།། གསལ་ཞིང་ཞེས་བྱ་བ་ལ་མུ་ས་ནི་འཇོམས་པའོ།། ལ་ནཱི་ལྡན་པའོ།། གང་ལས་ཤེ་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། ཉོན་མོངས་པའི ་བག་ཆགས་ནི་གཞན་དང་མཚམས་སྦྱོར་བའི་ནུས་པའོ།། ལྷག་མ་ནི་གོ་སླའོ།། གསུམ་པར་ན་ཤེས་རབ་ཐབས་ཀྱི་མཉམ་སྦྱོར་བ་ཞེས་བྱ་བ་ལ་སོགས་པ་གསུངས་འདིས་ནི་ངོ་ལྟར་ཕྱི་ནོང་གི་ཕྱག་རྒྱ་གཉིས་དང་མཉམ ་པར་སྦྱོར་བ་ལས་སྐྱེས་པའི་དགའ་བའི་ཁྱད་པར་སྟོན་པ་ཡིན་ཏེ། དེ་ལ་ལག་གཉིས་ཀུན་ཏུ་འཁྱུད་ཅེས་བྱ་བ་ནི་ཁུ་བ་དང་བདེ་བའི་སྦྱོར་བའོ།། རྡོ་རྗེ་ལུ་གུ་རྒྱུད་བཅིངས་བརྗོད་ཅེས་བྱ་བ་ནི་རྣམ་པ་སྣ་ཚོགས་པའི་སྐད ་ཅིག་ལ་དང་པོ་ཀུན་ཏུ་དགའ་བ་སྐྱེ་བའོ།། སླར་ཡང་རྣམ་པར་གྲོལ་བའི་ལམ་ཞེས་བྱ་བ་ལ་སོགས་པས་ནི། དེའི་འོག་ཏུ་རྣམ་པར་སྨིན་པའི་སྐད་ཅིག་ལ་མཆོག་ཏུ་དགའ་བོ་སྐྱེ་བར་སྟོན་ཏེ། རྣམ་པར་གྲོལ་བའི ་ལམ་བད་པའོ།། ཚིགས་ནི་བགྲང་བ་སྟེ། སེམས་སུ་བགྲང་བའི་ཁུ་བའོ།། འབབ་པོ་ནི་རྒྱུན་ཏ་གནས་སྐབས་གཉིས་པའོ།། དེ་ཉིད་གང་ཞེ་ན། མཆོག་ཏུ་དགའ་བ་སྟ་གོ་སླའོ།། སྦྱོར་བ་ཞེས་བྱ་བ་ནི་དཔའ་བོ་དང ་རྣལ་འབྱོར་མ་སྦྱོར་བའོ།། ཁ་སྦྱར་བ་ནི་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་སྦྱར་བ་སྟེ། དཔའ་བོ་དང་ཐབས་ཀྱི་རང་བཞིན་ཀུན་ཏུ་དགའ་བ་དང་། རྣལ་འབྱོར་མ་དང་། ཤེས་རབ་ཀྱི་རང་བཞིན་མཆོག་ཏུ་དགའ་བར་སྦྱོར ་བའོ།། དེ་ཡང་གསུངས་པ་དང་པོ་ཀུན་དགའ་དཔའ་བོ་སྟེ། མཆོག་ཏུ་དགོའ་བ་རྣལ་འབྱོར་མ་ཞེས་སོ།། དེ་ལྟར་ན་ཀུན་ཏུ་དགའ་བའི་གནས་སྐབས་ཀྱི་ཁུ་བ་དང་བདེ་བ་ལས་མཆོག་ཏུ་དགའ་བའི་གནས་སྐབསུ་ལུ ་བ་དང་བདེ་བ་ལྷག་པར་སྟོན་ཏོ།། དེ་ཡང་གསུངས་པ། ཅུང་ཟད་བདེ་བ་ཀུན་དགའ་སྟེ། མཆོག་ཏུ་དགའ་བ་དེ་ལས་ལྷག་ཅེས་སོ།། རྡོ་རྗེ་པདྨ་དབྱེ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་འཇོམས་པའི་སྐད ་ཅིག་ལ་ཁྱད་པར་གྱི་དགའ་བ་སྐྱུད་བ་སྟོན་ཏོ།། དེ་ལ་རྡོ་རྗེ་ཞེས་བྱ་བ་ནི་མཆོག་ཏུ་དགའ་བ་སྟེ། མི་ཕྱེད་པའི་ཕྱིར་རོ།། པདྨ་ཞེས་བྱ་བ་ནི་བདེ་བ་སྟེ། ཁུ་བའི་སྦྲང་རྩི་འཛིན་པའི་ཕྱིར་རོ།། སྒོའི ་ཆུན་པོ་ཡང་དེ་ཉིད་དེ། ཁུ་བའི་སྦྲང་རྩི་སྐྱུག་པའི་ཕྱིར་རོ།། དབྱེ་བ་ནི་གསལ་བ་སྟེ། འདས་མ་ཐག་པའི་མཆོག་ཏུ་དགོའ་བ་རྒྱུར་གྱུར་པའི་ཁུ་བཱ་དང་། བདེ་བ་ལྷག་པར་གྱུར་པ་ལས་ཁྱད་པར་གྱི་དགའ་བ ་གསུམ་པ་ཉམསུ་མྱོང་བའོ།། བསྐོར་བུ་གང་ཕྱིར་བསྐྱོད་པ་སྟེ། ཞེས་བྱ་བ་ལ་སོགས་པ་རྐང་པ་གཉིས་ཀྱིས་ནི་རྣམ་པའི་མཚན་ཉིད་ཀྱི་སྐད་ཅིག་ལ་ལྷན་ཅིག་སྐྱེས་པའི་དགའ་བ་སྐྱེ་བ་སྟོན་ཏོ།། བསྐོར་བ ་ནི་ཡུལ་ཐམས་ཅད་བཀུག་པའོ།། བསྐྱོད་པ་ནཽ་ད་ལས་ལྷག་པར་གྱུར་པའོ།། ཀུན་ནི་ཕུང་པོ་ལ་སོགས་པའོ།། རིག་པ་ནི་རང་རིག་པའི་བདེ་བ་ཆེན་པོ་ཉམས་མྱོང་བ་སྟེ། ཁྱད་པར་གྱི་དགའ་བ་རྒྱུར་གྱུར ་པ་ལས་ཁུ་བ་དང་དདྲེ་བ་ཁྱད་པར་དུ་སྐྱོ་བའི་མཐར་ཐུག་པ་གནས་སྐབས་བཞི་པ་བསྟན་པ་ཡིན་ནོ།། དགའ་བ་ཞེས་བྱ་བ་ལ་སོགས་པས་ནི་བཞི་བ་དེ་ཉིད་ཀྱི་ཁྱད་པར་བཤད་པ་ཡིན་ཏེ། དགོའ་བ་ནི ་ཁུ་བའོ།། མཆོག་ནི་དོན་གྱིས་ན་བཞུགས་པའོ།། ལྡེག་མ་ནི་གོ་སླའོ།། ཤིན་ཏུ་རྒྱ་ཆེར་དམིགས་པའི་ཞེས་བྱ་བ་ལ་དམིགས་པ་ནི་རྫུན་ནོ།། ཅི་ཞིག་ཅེ་ན། ཀུན་རྫོབ་སྟེ། དེ་ཁོ་ན་ཉིད་ལ་བསྒྲིབ་པས་ན ་ཕུང་པོ་ལ་སོགས་པའི་དངོས་པོ་ཐམས་ཅད་ཀུན་རྫོབ་སྟེ། དེ་ཉིད་འཁོར་བ་ཇི་སྙེད་པའི་མཐར་རྒྱུན་ཆགས་པས་རྒྱུན་རྒྱ་ཆེན་ནོ།། བརྡུང་བ་ཞེས་བྱ་བ་ལ་བརྡུང་བ་ནི་དབྱུང་བའོ།། ཨ་ནི་དགག་པ་སྟེ་དཔྱད་པ་མི་བཟོད་པའོ།། ་དངོས་ཀུན་རྡོ་རྗེས་མིང་པར་བྱ་ཞེས་བྱ་བ་ལ་སོགས་པ་ལ། སོགས་པ་ཞེས་བྱ་བ་ནི་ལུང་གཞན་ལས་ཀྱང་བསྒྲགས་པར་སྟོན་པ་ཏེ་དེ་ཡོད་ཇི་སྐད་དུ་རྡོ་རྗེས་མེད་པ་ཉིད་ནི། སྐུ་སོགས་དབྱེར་མཽད་ཕྱིར་རྡོ་རྗེ།། དེ་ཉིད་ཕྱིན ་ཅི་མ་ལོག་པར།། རྟོགས་པས་དེ་བཞིན་གཤེགས་པ་ཞེས་བྱ།། ཞེས་གསུངས་ཏེ། འདིས་ནི་ལྷན་ཅིག་སྐྱེས་པ་སྟོན་ཏོ།། ཕྱིན་ཅི་མ་ལོགས་པ་དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་བསྟན་གྱུར་ཅེས་བྱ་བོ་ལ་སོགས་པ ་གསུངས་ཏེ། དངོས་པོ་རྣམས་ཀྱི་གནས་སྐབས་དང་རང་བཞིན་བསྟན་པ་སྟེ་རྟོགས་པའོ།། བརྗོད་པར་བྱ་བ་དད་བརྗོད་པ་གཉི་སུ་མེད་པས་བསྟན་པ་ཡང་ཡིན་ཏེ། ཇི་ལྟར་གནས་པ་ལྟར་སྟོན་པས་དེ་བཞིན་གཤེགས་པའོ།། ་ཡང་ན་མེད་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གནས་ཏེ་རྡོ་རྗེའི་ནོར་བུའོ།། རྡོ་རྗེ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཇི་སྐད་དུ། དུང་དང་ཟླ་འདྲ་དྲི་མེང་བཞིན།། སེམས་ཅ་ནི་རྡོ་རྗེ་ཞེས་བྱ་བར་བརྗོད།། ཅེས་ཟེར་བའི ་ཕྱིར་རོ།། དེ་ཉིད་དེ་བཞིན་གཤེགས་པ་སྟེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་བསྟན་གྱུར་ཞེས་བྱ་སྟེ། ཇི་ལྟར་གནས་པའི་ལྷན་ཅིག་སྐྱེས་པ་ཉིད་དུ་བསྟན་པའི་ཕྱིར་རོ།། ཡང་ཅི་འདྲ་ཞེ་ན། དེ་དབུས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། ་དང་ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའི་ནང་དུའོ།། རྟག་སྟོང་ཞེས་བྱ་བ་ནི་བདེ་བ་སྟེ། གཟུང་བ་ལ་སོགས་པ་དང་བྲལ་བའི་ཕྱིར་རོ།། དབུས་སུ་ཞེས་བྱ་བ་ནི་ལྷན་ཅིག་སྨྲས་པའོ།། དེ་ནི་ཞེས་བྱ་བ་ནི་ལྷན ་ཅིག་སྐྱེས་པའོ།། རང་བྱུང་ཞེས་བྱ་བ་ནི། རང་རིག་པའི་བདེ་བ་ཆེན་པོ་ཉིད་ཀྱིས་སོ།། གང་མང་ཞེས་བྱ་བ་ནི་གང་གི་མིང་སྟེ་ལྷན་ཅིག་སྐྱེས་པར་རྒྱུད་གཞན་ལས་གསུངས་པའོ།། སངས་རྒྱས་ཐམས་ཅད་ཅེས་བྱ། ་བ་ནི་སངས་རྒྱས་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་རོ།། ཡང་ན་ཐམས་ཅད་རྟོགས་པའི་ཕྱིར་རོ།། སྒྱུ་མོ་ཞེས་བྱར་གྲགས་པ་སྟེ་ཞེས་བྱ་བ་ནི་རྒྱུད་གཞན་ལས་སྒྱུ་མའི་ཡེ་ཤེས་ཞེས་བསྒྲགས་པའོ།། ཡང་ན ་སངས་རྒྱས་ཀུན་གྱི་རང་བཞིན་ཞེས་བྱ་བར་སྦྱར་ཏེ། ཇི་སྐད་དུ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེ་ས་བྱ་གང་གིས་མིང་བསྒྲགས་པའོ།། གསང་བ་མཆོག་གི་དགྱེས ་བ་ན། ཐམས་ཅད་བདག་ཉིད་གང་གནས་པོ་ཞེས་བྱ་བ་ཡང་གང་མེང་བསྒྲགས་པ་ཞེས་བྱ་བ་དང་འབྲལ་ཏོ།། ཀུན་ཏུ་འགྲོ་བ་མི་ཤིགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་གཟུགས་ཀྱིས་རྩ་བ་ཐམས་ཅད ་དུ་འགྲོ་བའི་ཕྱིར། འདི་ནི་ཞེས་བྱ་བ་སྔ་མ་ཉིང་དང་སྦྱོར་རོ།། སེམས་འདི་ཉིད་ལས་དཀྱིལ་འཁོར་གྱི་འཁོར་ལོའི་ཚུལ་དུ་བསྒོམ་པར་བསྟན་པའི་ཕྱིར་པདྨའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། པདྨའི་སྣའི་རྩེ་མོ ་ཏེཏ་ཆོས་འབྱུང་བའི་ནང་དུ་མི་རྒྱུ་བ་སྟེ། ཁང་བུ་བརྩེགས་པ་དང་རྒྱ་བ་སྟེ་ལྷའི་དཀྱིལ་འཁོར་དུ་བསྒོམ་པའོ།། དེ་ཉིད་ནང་ཡི་བཟླས་པ་ཡིན་པར་བསྟན་པའི་ཕྱིར། ཡིད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ་ཤེས་པས ་ན་ཡིད་དེ་སྟོང་པ་ཉིད་ཀྱི་ཡ་ཤེས་ཏེ་བདེ་བའོ།། བཟླས་པ་ནི་དེའི་བྱ་བའོ།། ཡང་ན་སྐྱེས་ཞིང་འཛག་པས་ན་བཟླས་པ་སྟེ་ཁུ་བའོ།། ལྡན་པ་ན་ལྡན་ཅིག་སྐྱེས་པའོ།། ཡང་ན་ཡིད་ཀྱི་བཟླས་པ་ནི་གཏུམ་མོའི་ནི ་འབྱོར་རོ།། དེ་ཉིད་ཀྱི་ཁྱད་པར་གསུངས་པ། ངེས་པ་ཞེས་བྱ་བྲྀ་ལ་སོགས་པ་ལ་ངེས་པ་ནི་གཏན་ལ་ཕབ་པ་སྟེ། ལུང་དང་རིགས་པས་ཡིད་ཆེས་པའོ།། གློ་འཕང་ནི་གནས་སོ།། སུའི་ཞུ་ན། རྟག་ཏུ་སྟེ ་བཞི་ན་གཤེགས་པའིའོ།། གནས་ནི་གནས་པ་སྟེ་སྲེག་ཉིད་ཀྱང་དེ་ཡིན་ནོ།། བརྟན་པ་ནི་བརྟན་པའི་འབྲས་བུ་བསྐྱེད་པའི་ཕྱིར་རོ།། ཆོས་དབྱིངས་རང་བཞིན་ཞེས་བྱ་བ་ནི་སྟོང་ཉིད་དང་རྡོ་རྗེ་དབྱར་མེད་པའི ་ཕྱིར་རོ།། རྟག་པ་ནི་དུས་ཐམས་ཅད་པའོ།། པྲཱ་བ་ནི་རང་བཞིན་བྱཱཥྚ་དཀའ་བའི་ཕྱིར་རོ།། རྡུལ་དང་བྲལ་བ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་དྲི་མ་འམ། རྡུལ་བྱིས་མ་གྲོས་པའི་ཕྱིར་རོ།། དེ་ཉིད་ཀྱིས་ན ་ཡེ་ཤེས་སྐུ་སྟེ། ཕུང་པོ་ལ་སོགས་པ་ཡེ་ཤེས་སུ་གྲགས་པའི་ཕྱིར་རོ།། དྲི་མོ་མེད་ཅེས་བྱ་བ་ནི་ལུས་ལ་སོགས་པའི་སྤྱོད་པ་ངན་པ་དང་བྲལ་བའི་ཕྱིར་རོ།། ཆོས་ཞེས་བྱ་བ་ནི་ཆོས་ཐམོས་ཅད་དེ་ཀུན་རྫོབ ་བདེན་པའོ།། རང་བཞིན་ནི་དྲོན་དམ་པའི་བདེན་པའོ།། ཤེས་པ་ནི་རང་གི་ཡེ་ཤེསུ་དབྱེ་མེད་པའོ།། གསལ་བ་ནི་རང་བཞིན་གྱི་འོད་གསལ་བ་སྟེ། གཞན་དུ་ན་བེམས་པར་ཐལ་བར་འགྱུར ་བའི་ཕྱིར་རོ།། འབའ་ཞིག་ཅེས་བྱ་བ་ནི་གཉི་སུ་མེད་པ་འབའ་ཞིག་ཏུ་བསྒོམ་པའོ།། ཡང་ན་ཞགས་པོ་ཞེས་བྱ་བ་ལ་སོགས་པས་ནི་དགུག་པ་བསྟན་པ་ཡིན་ཏེ། ལྟུང་བྱེད་མ་ལ་སོ་གས་པ་གང་ཡང་རུང་བའི་ལྷ་མོ ་ལག་ན་ཞགས་པ་དང་ལྕགས་ཀྱོ་དང་རྡོ་རྗེ་དང་གསལ་ཤིང་ཐོགས་པ་སྤྲོས་ཏེ་བསྒྲུབ་པར་བྱ་བའི་སྙིང་གའི་པདྨར་བཅུག་ལ་དེའི་སྙིང་རྗེ་རྡོ་རྗེ་ལ་སོགས་པས་དཀྲུག་ཅི་པ་ཞགས་པས་བཅིངས་ནས་ལྕགས་ཀྱུས་གཟུང ་སྟེ་སྣ་སྒོ་གཡོན་པས་འོང་བར་བསྒོམ་མོ།། དེ་བཞིན་གཤེགས་ས་ཅད་ཅེས་བྷྱོ་བ་ནཱི་སྙེད་དོ།། ལྷག་མ་ནི་གོ་སླའོ།། ལས་ཀྱི་རྗེ་སུ་མཐུན་པར་སྔགས་བཟླ་བ་བསྟན་པའི་ཕྱིར་ཕན་ཚུན་ཞེས་བྱ་བ་ལ་སོགས ་པཾ་གསུངས་ཏེ། ཕན་ཚུན་འདུས་པའི་གསང་སྔགས་ཞེས་བྱ་བ་ནི་དྲག་པའི་ལས་ལ་སྔགས་ཀྱི་ཡི་གཱ་རྣམས་ཐ་གུའི་མདུང་པ་ལྟར་ཕན་ཚུན་རིག་པར་བྱའོ།། བྱེ་བྲག་ཏུ་ནི་ཕྱེ་ནས་སུ་ཞེས་བྱ་བ་ནི་ལས་ཀྱི་བྱི་བྲག་གི་སྔག ་ཀྱི་ཕྲེང་བ་འཇུག་པ་ཐ་དད་པར་བྱ་སྟེ། འདི་ལྟར་ཞི་བའི་ལས་རྣམས་ནི་སྔགས་ཀྱི་ཕྲེང་བ་ངག་གི་རྡོ་རྗེའི་སྒོ་ནས་ལྷ་མོའི་པདྨའི་སྒྲ་དང་། ལྷ་མོའི་ཁའི་སྒོ་ནས་བདག་གི་ཁོའོ་སྒོར་འཇུག་པ་ཡིན་ནོ།། དྲག་པོའི་ལས་ལེན ་དེ་ལས་བཟློག་སྟེ། བདུག་གི་ཁའི་སྒོ་ནས་ལྷ་མོའི་ཁའི་སྒོ་དང་། ལྷ་མོའི་པདྨའི་སྒོ་ནས་བདག་གཱ་རྡོ་རྗེའི་སྒོར་རོ།། ས་བོན་ཕྲེང་བས་དེ་ནས་བསྒོམ། ཧཱུ~ཾ་གཽ་སྐུང་བས་བརྒྱུ་བར་བྱ་ཞེས་བྱ་བ་ནི་དྲག་པོའི་ལས་ལ་སྔགས། ་ཀྵི་ས་བོན་གྱི་ཕྲེང་བའི་ཐོག་མ་དང་ཐ་མར་ཧུཾ་དང་སྦལ་བའོ།། འགོག་པར་འགྱུར་ན་ནི་ཞེས་བྱ་བ་ནི་ཏིང་ངེ་འཛནི་གོམས་པའི་དབང་དུ་བྱས་པ་སྟེ་བསྒོམ་པ་ཕུལེ་དུ་བྱུང་བའི་དུས་སུའོ།། གོམས་པ་ཟུང་ཞེས་བྱ་བ་ནི་ལུས་དང་། ་སེམས་སུ་བཅས་པའོ།། ཀུན་ཏུ་འགྲོ་བ་ཞེས་བྱ་བ་ནི་འཇུག་པར་འགྱུར་བ་སྟེ། ཨ་ཞེས་བྱ་བ་ཉེ་བར་བསྒྱུར་བ་ཡིན་གྱི་འདིར་དགས་པ་ནི་མ་ཡིན་ནོ།། འདི་ཞེས་བྱ་བ་ལ་སོགས་པས་ནི་སྔར་བསྟན་པའི་གཏུ་མཽ་མོའི་རྣལ ་འབྱོར་ཁ་སྐང་བ་ཡིན་ཏེ། འདི་ཞེས་བྱ་བ་ནི་ཐབསཽ་ཏ་ཡི་གེ་ཧཱུ~ཾ་ངོ་།། ལྷག་མ་ནི་གོ་སླའོ།། དུས་མིན་འཆི་བ་ལས་རྒྱལ་བ་ཉིད་ཅེས་བྱ་བ་ནི་འཆི་བ་བླ་བའོ།། མཆོད་ཡོན་ཞེས་བྱ་བ་ནི་བདུད་རྩི་ལྔའོ།། ལྷག་མ་ནི་གོ ་སླའོ།། དེ་དག་གི་དོན་དུ་ནི་ལྟུང་བྱེད་མ་ལ་སོགས་པ་གང་ཡང་རུང་བའི་ལྷ་མོ་ཕྱག་ན་ཁ་ཊྭཱཾ་ག་དང་བདུད་རྩིས་གང་བའི་ཐོད་པ་བསྣམས་པ་བསྒོམས་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དེའི་ཞལ་དུ་མཆོད་ཡོན ་གསོལ་ལ་ང་དང་གཅིག་ཏུ་གྱུར་ནས་ཀ་ར་ཀ་ལ་སོགས་པའི་སྔགས་བཟླས་ན་དུས་མ་ཡིན་པར་འཆི་བ་ལས་རྒྱལ་བར་འགྱུར་རོ།། སྐུ་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ་སྐུ་གསུམ་ནི་མངོན་པར་འདུས་བྱས་པའི ་དབང་དུ་བྱ་བ་ཡིན་ཏེ། འདུས་མ་བྱས་ཀྱི་སྐུ་དང་བཞིར་བཞེད་པ་ཡིན་ནོ།། ཡང་ན་སྐུ་གསུང་ནི་སྦྱར་བསྟན་པའི་འདས་པ་ལ་སོགས་པའི་དུས་གསུམ་སྟེ་རིམ་པར་ཕྱེ་བ་གང་ལས་སྐུ་གསུ་དང་། སྔག ་དང་རྒྱུད་དང་འཆི་བ་བླུ་བ་འབྱུང་བ་ལ་དེ་སྐད་ཅེས་བྱ་སྟེ། རིམ་པར་ཕྱེ་བ་བཅོ་ལྔ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅོ་ལྔ་པའི་རྣམ་པོར་བཤད་པའོ།། ། ་ང་ནི་འཁོར་ལོ་གསུམ་གྱི་ངེས་པ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐུ་གསུམ་ལ་སོགས་པ་བསྟན་པའི་འོག་ཏུའོ།། དངོས་གྲུབ་ཀུན་གྱི་གནས་ཞེས་བྱ་བ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ ་རྣམས་ཀྱི་རྟེན་གནས་ཏེ། གོང་ནས་གོང་དུ་འཕེལ་བར་བྱེད་པའི་རྟེན་ཡིན་ནོ།། ཡང་ན་དངོས་གྲུབ་ཀུན་ནི་བཅོམ་ལྡན་འདས་ཉིད་ལ་གནས་ནི་ཕོ་བྲང་ངོ་།། ཅི་ཞིག་ཅེ་ན། གསང་བ་མཆོག་གི་དགྱེས་པ་སྟེ་ཁང་དུ་བརྩེགས ་པའོ།། དེར་བཞུགས་པའི་བཅོམ་ལྡན་འདས་ལྔ་ཞྭས་པར་གྱུར་ཅེས་བྱ་བ་དང་སྦྱར་རོ།། གནས་དྲ་ཙི་འངྒ་ཞེ་ན། ཡིད་འོང་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཡིད་འོང་བ་ནི་མངོན་པར་འདོད་པའོ།། བཅུང་ནི་ཉམས ་མྱོང་བའོ།། རྟེན་ནོ་ཐོབ་པར་བྱེད་པ་སྟེ་གང་གིས་ཐོབ་པར་བྱེད་པ་དེ་ལ་དི་སྐད་ཅེས་བྱའོ།། ལྷག་མ་ནི་གོ་སླའོ།། འདབ་སྟོང་ལྡན་ཞེས་བྱ་བ་ནི་མང་བ་ཙམ་དུ་ཉེ་བར་སྟོན་པའོ།། སྦྱོར་བའི་གདན་ཞེས་བྱ་བ་ནི་ཆོས་འབྱུང་བ ་ཞུས་པ་དེ་ཅི་ཞིག་ཅེ་ན། འཁོར་ལོ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། འཁོར་ལོ་ཀུན་ནི་ཐུགས་ཀྱི་འཁར་ལོ་ལ་སོགས་པ་སྟེ། དབྱངས་རྣམས་ནི་ཨོཾ་ལ་སོགས་པའི་ཡི་གེ་རྣམས་སོ།། བྱེ་བྲག་ནི་དབྱངས་ཀྱི་བྱེ་བྲག་གང ་གནས་སྐབས་གྲང་དང་འཚམ་པར་གྱུར་པའོ།། ཁཾ་དོག་དབྱེ་བ་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གིས་དཀར་པོ་ལ་སོགས་པའི་མདོག་དབྱེ་བའོ།། མི་འཚལ་ཏ་ཞེས་བྱ་བ་ནི་ལྷ་འོག་ཏུ་སྦྱར་བར་བྱའོ།། འཁོར་ལོ་ཞེས་བྱ་བ་ནི་ཀླུ་བསྐྱོད ་བཾབ་ལ་སོགས་པའི་འཁོར་ལོའོ།། ལས་ནི་བྱ་བའོ།། སྣ་ཚོགས་ཀླུའི་སྔགས་ཞེས་བྱ་བ་ནརྀ་སྣ་ཚོགས་ཀླུའི་སྔགས་བཏུ་བའོ།། དུས་ཞེས་བྱ་བ་ནི་སྐར་མ་རྒྱལ་ལ་སོགས་པའི་དུས་སུའོ།། ཡང་ནི་མཚ་བས་ཟིན་པ་བསླང་བའི་དུས ་སོ།། དེ་བཞིན་ཞེས་བྱ་བ་ནི་དེ་དག་ཐམས་ཅད་སྦྱར་ཏེ། ཇི་ལྟ་བུ་ཞེས་བྱ་བ་དང་འབྲེལ་ཏོ།། བསྟན་པ་དེ་ཉིད་བཤད་པའི་ཕྱིར་འོད་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་དག་ཅེས་བྱ་བ་ནི་འདས་མ་ཐག་པ་ཐམས་ཅད་དོ།། ། ་ཐེ་ཚོམ་ནི་ཡིད་གཉིས་ཟ་བའོ།། ལྷག་མ་ནི་གོ་སླའོའོ།། དེ་དག་ཐམས་ཅད་ཞུ་འདོད་པ་ཞེས་བྱ་བ་ལ་དེ་དག་ནི་ཐེ་ཚོམ་མོ།། ཐམས་ཅད་ནི་ལྷ་མོ་རྣམས་ཏེ། ལྷ་མོ་གཞན་ཐམས་ཅད་ཀྱང་ཞུ་བར་འདོད་པ་ཡིན་གྱི། ཁྱོད་གཅིག ་པུ་ནི་མ་ཡིན་པའོ།། ཡང་ན་ཐམས་ཅད་ཅེས་བྱི་བ་ནི་ལྷ་མོ་གཞན་གྱི་ཞུ་བར་འདོད་པ་ཐམས་ཅད་དང་། དེ་དག་སྟེ་ནུས་པ་དེ་དག་ལེགསོ་ཞེས་གཟེང་བསྟོད་པའོ།། དེ་དག་གིས་ནི་ཤིན་ཏུ་ཞལ་གྱིས་བཞེད་པ་སྟོན་ཏོ།། གཞན ་ཞེས་བྱ་བ་ནི་སྐྱེ་བོ་ཕལ་པ་གཞན་ནོ།། སྒྱུ་མ་ཚ་ཞེས་བྱ་བ་ནི་སྒྱུ་འཕྲུལ་ཆེན་མོའི་རང་བཞིན་ཡོད་པའོ།། གང་ཞིག་བྲིས་པ་ཙམ་གྱིས་ནི་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་འཁོར་ལོ་བྲིས་པ་ཙམ་གྱིས་སོ།། ་འཐོབ་པ་ནི་རྙེད་པའོ།། ལྷག་མིན་གོ་སླའོ།། གནག་དང་ཞེས་བྱ་བ་ལ་སོགས་པས་ནི་གཏོར་མ་གཏོང་བ་བསྟན་པ་ཡིན་ཏེ། ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ།། དེ་ལ་གནག་པ་ནི་མཚན་མོ་འཆའོ།། རཀྟ་ནི་ནུས ་པ་སྟེ། མཚན་མོའི་ཆ་ལ་ནུས་པ་ཇི་ལྟ་བ་བཞིན་དུ་གཏོར་མ་སྦྱིན་པའོ།། ཁྱད་པར་དུ་ཞེས་བྱ་བ་ནི་ལས་ཀྱི་བྱེ་བྲག་གི་དབྱེ་བའོ།། གཡེན་ནས་བསྐོར་ཞེས་བྱ་བ་ནི་གཡོན་གྱི་ཀུན་ཏུ་སྤྱོད་པ་ལ་འཇུག་པ་སྟེ། འདིས་ནི་མཆོད་པ ་བར་སྟོན་ཏོ།། ད་ནི་འཁོར་ལོ་གསུམ་གྱི་ངེས་པ་བསྟན་པའི་ཕྱིར་རོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུ་སྟེ། རྡོ་རྗེ་མཁའ་འགྲོ་བསྐྱོད་ཀྱི་འོག་ཏུའོ།། ས་རྣམས་ལ་ནི་རྣམ་རོལ་པ ་ཞེས་བྱ་བ་ནི་ཐུགས་དང་གསུངས་དང་། སྐུའི་འཁོར་ལོ་ལ་ཁྱབ་པའོ།། བརྩོན་ཆེན་ཞེས་བྱ་བ་ལ་སོགས་པ་ནི་ལུགས་ལས་བཟློག་ནས་གསུངས་པ་སྟེ། འདིར་དང་པོར་རབ་ཏུ་གཏུམ་མོ་ནས་ནི་བརྩོན་འགྲུས་ཆེན་མའི་མཐར ་ཐུག་པ་ཞེས་འོག་ནས་འབྱུང་བའི་ཕྱིར་ཐུགས་ལ་སོགས་པའི་འཁོར་ལོ་གསུམ་ལ་རབ་ཏུ་གཏུམ་མོ་ལ་སོགས་པ་ནས་བརྩམས་ཏེ་རིམ་བཞིན་དགོད་པར་བལྟའོ།། རང་མིང་བརྗོད་པ་ཞེས་བྱ་བ་ལ་སོགས་པ་ནི་དབྱངས ་བྱབྱེ་བྲག་བསྟན་པ་ཡིན་ཏེ། ཨོཾ་པྲ་ཙཎྜེ་ཧུཾ་ཧཱུ~ཾ་ཕཊ་ཅེས་བྱ་བ་ལ་སོགས་པར་འགྱུར་རོ།། ཨོཾ་ནི་ཐམས་ཅད་གསལ་བྱེད་དོ་ཞེས་བྱ་བ་ལྔ། ཐམས་ཅད་ནི་སྔགས་རྣམས་སོ།། གྲུབ་གསོལ་ནི་གཞན་དང་སྦྱོར་བས་སོ།། རྣམ ་འབྱོར་དམི་མཆོག་འདི་མཐོང་ན་ཞེས་བྱ་བ་ལ་རྡོ་རྗེ་མཁའ་འགྲོས་སྦྱར་བས་ན་རྣལ་འབྱོར་ཏེ་མཁའ་འགྲོ་མའི་ཚིགས་སོ།། དེ་ཉིད་ནི་ཐུན་མྱོང་མ་ཡིན་པས་ན་དམ་པའོ།། ངེས་པར་ལེགས་པའི་གནས་ཡིན་པས་མཆོག་གོ།། ་ཡོད་ན་སྲྀ་ཏཱ་ནི་སྦྱངས་པ་སྟེ། སྙན་པ་དང་གྲགས་པ་ལ་སོགས་པ་སྤངས་པའོ།། མཐོང་བ་ནི་འདིའི་རྣལ་འབྱོར་པའོ།། གཞན་དག་ནི་རྣལ་འབྱོར་གཞན་ལས་སྐྱེས་པའོ།། སྙིང་པོ་མེད་པའི་རྩཝ་ནི་འབུས་ཟོས་པའི་རྩ ་ལྟར་བྱ་བ་བྱེད་མི་ནུས་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པའོ།། དཔའ་བོ་ཉིད་གྱུར་ཞེས་བྱ་བ་ལ་སོགས་པ་སྟེ། དཔལཱ་ཧཱ་རུ་ཀའི་དཀྱིལ་འཁོར་མཐོང་བ་ཉིད་དཔའ་བོ་སྟེ། ཉོན་མོངས་པ་དང་བྲལ་བ་ཡིན་ནོ།། དེ་བཞིན་གཤེས ་པས་གསུངས་ཞེས་བྱ་བ་ནི་ཐེ་ཚོམ་བསལ་བ་ཡིན་ནོ།། ད་ནི་འཁོར་ལོའི་གྲངས་ནི་ཅི་ལྟ་བུ་ཞེས་བྱ་བ་བསྟན་པའི་ཕྱིར། རིག་པའི་རྒྱལ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིག་པའི་རྒྱལ་པོ་ན་ཀེ་ར་ཀ་ར་ལ ་སོགས་པའི་སྔགས་སོ།། འཁོར་ལོ་ཆེན་པོ་ནི་ལེའུ་གསུམ་པར་ཁམ་པོར་གཉིས་ལ་བྲི་བར་བསྟན་པ་གང་ཡིན་པའོ།། ཐོས་པ་ཞེས་བྱ་བ་ནི་མིང་ཙམ་ཐོས་ཀྱང་ངོ་།། སྔོར་ཡི་གེ་ཕུཿདང་ཧཱུཾ་སྤེལ་བར་བསྟན་པ་ཉིད་བཤད ་པའི་ཕྱིར། དབང་ལྡན་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀླུ་རྣམས་ཀྱི་ས་བོན་ནི་ཡུའོ།། གདངས་ཀ་གསུམ་ལྡན་ཀླུ་མོ་ནི་ཞེས་བྱ་བ་སྔར་བསྟན་པ་དེ་བཤད་པའི་ཕྱིར་རིན་ཆེན་དང་ལྡན ་ས་བྱ་བ་ལ་སོགས་པ་གསུངས་ཏེ། གདངས་ཀ་རྣམས་རིན་པོ་ཆེ་དང་ལྡན་པར་བྱ་བའོ།། ཕྱོགས་ནི་ཀུན་ཏུ་བསམ་ཞེས་བྱ་བ་ནི་ཕྱོགས་དང་ཕྱོགས་མཚམས་ཀྱི་འདབ་མ་ལ་གནས་པའི་ཀླུ་རྣམས་ཀྱི་གཡོན་ཕྱོགས ་ཀུན་ཏོ་བསམ་པའོ།། འདིར་སྒྲུབ་པ་ནི་ལན་ཅིག་བཟླས་པའི་ཞེས་བྱ་བ་སོགས་པས་འོག་ཉིད་ནས་སྟོན་ཏེ་གོ་སླའོ།། ད་ནི་འཁོར་ལོ་ལ་བྲི་བའི་སྔགསཽ་བཏུ་བ་བསྟན་པའི་ཕྱིར་ཤར་དུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འོག ་ནས་ལག་པ་གཡོན་པ་ལའཁོར་ལོ་བཱི་ཞེས་བྱ་བའི་གནས་དང་འབྲལ་ཏོ།། ང་ལ་ལག་པ་གཡོན་པའི་མཐིལ་དུ་ཐིག་བཞིར་བཏུབ་པས་རའུ་ཆ་དགུར་བྱསྒྲ་ལ། རིག་པའི་ཚོལ་པོ་དགོད་པར་བྱའོ།། ཤར་དུ་ཞེས་བྱ་བ་ནི་ཤར་གྱི ་རའུ་ཆ་ལའོ།། ཀྵཾ་བདྱཱ་དུ་ཞེས་བྱཱ་བྷཱ་ནི་ཀྵཾ་ལ་ཐིག་གི་བར་དུ་སྟེ། ཨཽ་ཀ་ཪྵ་ཀ་ར་ཀུ་རུ་ཀུ་རུ། བནྡྷ་བནྟ། ཏྲཱ་ས་ཡ་ཏཱ་སྭ་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲྀ་ཧྲྀ། ཏྲཿཧཱཿཕེཾ་ཕེཾ། པཱཊ?་ཕུཊ། ད་ཧིཾ་དཱ་ཧ་པ་ཙ་པཱ་ཙ། བྷཽཀྵ་བྷཀྑ། བ་ས ་རུ་དྷི་རཱནྟ་མཱ་ལཱ་བ་ལཾ་བི་ན། གྲྀཧྞ་གྲྀཧྞ། སབྟ་པཱ་ཏཱ་ལ་ག་ཏ་བྷ་ཛ་གཾ་སརྦཾ་བཱ་ཏརྫ་ཡ་ཏརྫ་ཡ[:]ཱ་ཀརྡྷ་ཨཱ་ཀརྞྞ་ཧྲྀ་ཧྲྀ་ཀྵཾ་ཞེས་བྱ་བའི་བར་དུ་པྲའོ།། ནུབ་ཏུ་ཧི་ཞེས་བྱ་བ་ནི་ཧཾ་ཧཾ་ཞེས་བྱའོ།། དེ་བཞིན་དུ་ཧཾ་དང་ཧཱུཾ་ཡང ་གཉིས་གཉིསུ་བལྟ་བར་བྱའོ།། ཀི་ལི་ཀི་ལི་ཡི་དགས་སུ་ཞེས་བྱ་བ་ནཱི་དབང་ལྡན་གྱི་རེའུ་ཆ་ལའོ།། སྲིན་པོར་ཞེས་བྱ་པ་ནི་བདེན་བྲལ་དུའོ།། ཙ་ལི་ཇི་སྙེད་ཞེས་བྱ་བ་ནི། ཙ་ལི་ཚག་གཞན་གཉིས་པའང་བྲི་བའོ།། མེ་མཚམས་དྷི་ལི ་མཐའ་དང་བཅས་ཞེས་བྱ་བ་ལ་མཐའ་ནཱི་དྷི་ལི་སྭཱ་ཧཱ་ཞེསུ་བྱ་བ་སྟཾ། དྷི་ལི་དྷི་ལི་སྭཱ་ཧཱ་ཞེས་བྱ་བྱར་འགྱུར་རོ།། དབུས་སཽ་ནི་ཧཱུཾ་ཕཊ་ཅེས་བྱ་བ་བྲིའོ།། སྔགས་འདི་དག་ཅེས་བྱ་བ་ནི་རིག་པའི་རྒྱལ་པོའི་སྔགས་ཏེ། རཱབྷཱ་ཏུ་གཏུམ་མྦོ ་སོགས་པའི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དང་སྦྱར་རོ།། ངོས་ནི་ཨོཾ་ཀ་ར་ཀི་ར་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀྲྀ་ར་ཧཱུཾ་ཧཱུཾ་ཕཊྚ། ཨོཾ་བན་དྷི་བན་དྷ་ཧུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཏྲ་ས་ཡ་ཏྲཱ་ས་ཡ་ཧུཾ་ཧཱུཾ་ཕེཾཊ། ཨོཾ་ཀྵོ་བྷཱ་ཡ་ཀྵོ་བྷ་ཡཱ་ཧུཾ་ཧཱུ~ཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཏྲ ་ཧྲཿཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེ~ཾ་ཧུཾ་ཧཱུཾ་ཕུཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་དྱཱ་ཧཱ་རཱ་ཧུ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ཙ་པ་ཙེ་ཧུཾ་ཧཱུ~ཾ་ཕྱི་ཌ~ཾ། ཨོཾ་བྷཀྵ་བྷཀྵི་ཧུཾ་ཧཱུཾ་ཕེཾཊྚ། ཨོཾ་བ་ས་རྱེ་དྷི་རཱནྟྲ་མཱ་ལཱ་བ་ལྱཱ་བི་ནེ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་སིཔྟ་པཱུ་ཏཱ་ལཱ་ག་ཏ་བྷྱེ་ཛཱཾ་གཱཾ་སཱཎྜཾ་བཱ ་ཏརྫྫ་ཡཻ་ཏ་ཛ་ཡཱ་ཧཱུཾ་ཧཱུཾ་ཕཿ། ཨོཾ་ཨ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཏྲ~ཾ་དྲྀ་ཧུ~ཾ་ཧཱུཾ་ཕེཾཊ། ཨཾ་ཀྵྨཱཾ་ཀྵྨཱཾ་ཧུཾ་ཧཱུ~ཾ་ཕཊ། ཨོཾ་ཧེ་ཧ་ཧུཾ་ཧཱུ~ཾ་ཕཊ། ཨོཾ་ཧ~ཾ་ཧ~ཾ་ཧུ~ཾ་ཧཱུཾ་ཕཊ། ཨོཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾ་ཕཊ། ཨོཾ་ཀཱི་ལཱི་ཀི་ལྀ་ཧུ~ཾ་ཧཱུ~ཾ་ཕེཾཿ། ཨོཾ་སི་ལིཾ་སི་ལི་ཧུ~ཾ་ཧཱུཾ་ཕཊ། ཨོཾ་ཙ་ལ ་ཙུ་ཧཱུཾ་ཕཊ། ཨོཾ་དྷི་ལྀ་དྷི་ལི་ཧུཾ་ཧཱུཾ་ཕཊ། ཅེས་བྱ་བ་སྟེ། རིག་པའི་རྒྱལ་པོ་དེ་དག་ཐམས་ཅད་ལ། ཐོག་མ་དང་ཐ་མར་ཨཾ་དང་ཧུཾ་ཧཱུཾ་ཕཊ་དུ་སྦྱར་བར་བྱ་སྟེ། ཇི་སྐད་དུ། ཨོཾ་ནི་ཐམས་ཅད་གསལ་བྱེད་དེ། ཧུཾ་ཧཱུཾ་ཕཊ་ནི་མཐའ་རུ་སྦྱར་ཞེས ་སུངས་པའི་ཕྱིར་རོ།། དེ་ལྟར་རིག་པའི་རྒྱལ་པོའི་སྔགས་དེ་རྣམས་དང་། རབ་ཏུ་གཏུམ་མོ་ལ་སོགས་པའི་རང་མིང་བརྗོད་པའི་སྔགས་ལ་ནི་ཞེས་བྱ་བ་ལ་སོགས་པ་སྔར་བསྟན་པ། ཨོཾ་པྲ་ཙན་ཊ་ཏུ་ཧཱུ~ཾ ་ཕཊ། ཅེས་བྱ་བ་ལ་སོགས་པ་རིམ་བཞིན་དུ་ལྷན་ཙགཱཾ་བྲི་བ་འམ། ཡང་ན་དཔའ་བྱོ་ཐོད་པའི་དུམ་བུ་ཅན་ལ་སོགས་པའི་མྱིང་དང་གསུམ་གསུམ་དུ་བཅས་པར་བྲིའི་ཞེས་སྟོན་ཏོ།། འཁོར་ལོ་ཆ་འདི་སྐལ་བ་དང་ལྡན་ཞེས་བྱ་བ་ལ ་འཁོར་ལོ་ཚོ་ཞེས་བྱ་བ་ནི་ལེག་པ་གཡོན་པའི་མཐིལ་ལ་བྲིས་པའི་འཁོར་ལོ་སྟེ། མཐུ་ཆེན་པོ་དང་ལྡན་པའི་ཕྱིར་རོ།། འདི་ཞེས་བྱ་བ་ནི་ར་#ས་མཚས ་མས་མཱན་ངག་གིས་ན་ཧཱུ~ཾ་གཉི་སུ་བལྟའོ།། ངས་ནི་ཧུཾ་ཧཱུཾ་ཕཊ་དཾ་བ་དཏྟ་ནི་རཱ་བཱ་ཤ་ཀུ་རུ་ཧྲི་ཧཱུཾ་ཕཊ་ཅེས་བྱ་བར་འགྱུར་རོ།། ལྡན་ཅིག ་བཟླས་པའི་གུ་གུལ་གྱི་ཞེས་བྱ་བ་ལ་སོགས་པས་ནི་རིག་པའི་རྒྱལ་པོ་ལན་ཅིག་བཟླས་པའི་བདུག་པ་སྟོན་པ་ཡིན་ཏེ། ལེའུ་གསུམ་པའི་གདངས་ཀའི་དབང་ཕྱུག་གི་འཁྲུལ་འཁོར་གྱི་ཆོ་གོ་ལྷག་མ་ཡིན་ནོ།། ལག་པ ་གཡོན་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་འཁྲུལ་འཁོར་འདི་ལས་བཅུ་གསུམ་སྟོན་པ་ཡིན་ཏེ། སྣ་སྒོ་གཡོན་པ་ནས་རླུང་རྒྱུ་བའི་དུས་སུ་ལག་པ་གཡོན་པའི་མཐིལ་ན་ཙནྡ་ལ་སོགས་པས་ཤིང་རྫ་ཡནྟའི་སྨྱུ་གུས་འཁོར་ལོ་བྲིས ་ལ་དབུས་སུ་ཧྲིཿད་བ་དཏྣ་སྱ་བི་ཁ་ཨ་པ་ཧ་ར་ཧྲཱིཿཞེས་བྱ་བ་བྲིས་ནས། རིག་པ་ལན་ཅིག་བཟླས་ཏེ། གོས་ཀྱིས་གཡོགས་ལ་བཞག་གོ།། དེ་ནས་མཆེ་བས་ཟིན་པ་ཡང་གཡོན་ཕྱོགས་སུ་བཞག་ལ་མཐེ་བོའི་རྩེ་མོའི་མཛུབ་མོ་དང་གུང ་མོ་བརྐྱང་བའི་མཛུབ་མོའི་རི་མོ་གསུམ་པ་དང་དུག་བཅུག་པ་ལྟར་བྱས་ཏེ་གུང་མོའི་རི་མོ་བར་བ་དང་གཉིས་ཀྱི་བར་དུ་བཙར་ལ་རིག་པ་ལན་ཅིག་བཟླས་པ་ཙམ་གྱིས་མཆེ་བའི་ངོས་སུ་ཟིན་པ་སྟེ། གསོར་རུང་བའི་མཆི་བ་བརྒྱད་ཀྱི ་ཟིན་ཅིང་བརྒྱལ་བ་ཡང་སློང་བར་བྱེད་དོ།། ཡང་ན་ཡིད་ཀྱིས་བྲི་བོས་ཀྱང་ཆོ་ག་ད་ལྟར་བྱ་སྟེ། རེའུ་མགྲི་དགུ་པའི་འཁོར་ལོའི་སྦྱོར་བ་དྲང་པོའོ།། ཀ་ར་བཱི་རའི་ཞེས་བྱ་བ་ལ་རིག་པ་ཅན་ཅིག་བཟླས་པའི་ཀ་ར་བཱི་རའི་སྨྱུ་གུས་འཁོར་ལོ་ཇི ་ལྟ་བ་བཞིན་བྱིས་ལ། དབུས་སུ་ཧུ~ཾ་ཧཱུ~ཾ་ཕཊ་དེ་བ་དཏྟཱ་ཡ་གནྡྷ་ཡ་ཛྙཱ་དཏྟ་ཡ་སཾ་ཀྲ་མ་ཡ་ཧཱུ~ཾ་ཧཱུ~ཾ་ཕཊ་ཅེསཾ་བྲིས་ན་ས། ཡང་རིག་པ་ལན་ཅིག་བཟླས་ན་མངལ་འཕོ་བར་འགྱུར་ཏེ། སྦྱོར་བ་གཉིས་པའོ།། ངག་དང་པོ་ཞེས་བྱ་བ་ལ་སོགས ་པ་ལ། ཀ་ར་བཱི་རའི་འདབ་མའི་ཁུ་བས་བསྒྲུབ་བྱའི་གཟུགས་བྲིས་ལ་དེའི་སྙིང་གར་དུག་ལ་སོགས་པས་ལག་པ་ལ་འཁྲུལ་འཁོར་སྔ་མ་ལྟར་བྲིསཾ་ཏེ། འགྲོ་བ་དང་བཅས་པས་གང་ལ་རེག་པ་དེ་འཆི་བར་འགྱུར་རོ།། ཁྭ་ཅིག་ན་རེ ་དུག་ལ་སོགས་པ་ལ་མངོན་པར་བཟླས་ནས་གང་ལ་བསྣུན་པ་དེ་འཆི་བར་འགྱུར་རོ།། ཞེས་ཟེར་ཏེ་སྦྱོར་བ་གསུམ་པའོ།། རོ་བསྲེགས་པའི་ཞེས་བྱ་བ་ལ་སོགས་པ་ལ་རོ་བསྲེགས་པའི་འགལ་བའི་དུམ་བུ་ཅུང་ཟད་ཆག་པ་ལ་དྷ་དྷུ ་རའི་ཁུ་བས་རོ་བསྲེགས་པའི་གནས་དེ་ཉིད་དུ་མ་བསད་ཅིང་ཤིན་ཏུ་རློན་པར་སྤངས་ཏེ། མགལ་དུམ་དེ་ཉིད་ལ་ཚེར་མས་འཁོར་ལོ་ཇི་ལྟ་བ་བཞིན་དུ་བྲིས་ལ་ལན་ཅིག་བཟླས་ནས་ངས་གང་ལ་བསྟན་པ་དང་མ་ཐུག་ཏུ་ལྟུང ་བར་འགྱུར་རོ།། ཡང་ན་དེ་ཉིད་ཀྱིས་ཞེས་བྱ་བར་སྦྱར་ཏེ། སོལ་པ་རློན་པ་དེ་ཉིད་ལ་རིག་པ་ལན་ཅིག་བཟླས་ནས་བསྐབས་ལ་དེས་ལག་མཐིལ་དུ་འཁྲུལ་འཁོར་བྲིས་ནས་གང་ལ་རེག་པ་དེ་ཇི་སྐད་སྨོས་པ་བཞིན་དུ་འགྱུར་ཏེ་སྦྱོར་བ་བཞི ་པའོ།། སཾ་ཀོ་ཏ་ཀ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་པ་ཞེས་བྱ་བ་ནི་རིག་པ་ཟློས་པའོ།། ཆོ་ག་སྔ་མ་བཞིན་ཞེས་བྱ་བ་ནི་ཀ་ར་བཱི་རའི་ལོ་མའི་ཁུ་བ་དང་། དུག་ལ་སོགས་པའི་སྣག་ཚས་ལག་པ་ལ་འཁྲུལ་འཁོར་སྔ་མ་བཞིན་བྲོ་བའོ།། ཁྱད ་པར་དུ་ནི་འདིར་སཾ་ཀོ་ཏའི་སྨྱུ་གུས་བྲིའོ།། དེ་ནས་ཅི་ཞིག་བྱ་ཞེ་ན། ཐལ་བ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། སྦྱོར་བ་ལྔ་པའོ།། དུར་ཁྲོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འབྱུང་པོའི་མཚན་མོ་ནི་མར་ངོའི་བཅུ་བཞིའི་མཚན་མོའོ།། ་གྲང་གི་སྙིང་གར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་གཟུགས་བྲིས་ལ། དེའི་སྙིང་པར་འཁྲུལ་འཁོར་བྲིས་ཏེ། དབུས་སུ་བསྒྲུབ་བྱའི་མིང་དང་སྤེལ་བ་དང་སྔར་བསྟན་པ་ལྔར་བྲིས་ལ་སྔགས་བཟླའོ།། སྦྱོར་བ་དྲུག་པའོ།། བསྒྲུབ་པའི ་ཞེས་བྱ་བ་ལ་སོགས་པ་ལཾ། བསྒྲུབ་བྱའི་གཟུགས་ནི་རྐང་རྗེས་ཀྱི་རྡུལ་ལས་བྱའོ།། དེའི་སྙིང་ག་ནི་གཟུགས་བརྙན་གྱི་སྙིང་པར་རོ། འཁྲུལ་འཁོར་ནི་གྲོགས་ལ་སོགས་པ་ལ་གུར་ཀུམ་ལ་སོགསོ་བས་སྔ་མ་ལྟར་བྲི་སོ་པ་སྟེ། ་སྦྱོར་བ་བདུན་པའོ།། འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། འཁོར་ལོ་དེ་ཉིད་ནི་སྔར་བསྟན་པ་ལྟ་བུའོ།། དུར་ཁྲོད་ཀྱི་རས་ལ་སོགས་པ་ནི་བྱེ་བྲག་གོ། པོ་ཉའི་མདོག་ཏུ་བྲི་ཞེས་བྱ་བ་ནི་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཉི ་མོའི་འོད་ཀྱིས་འཁོར་བ་དང་བཅས་པར་བྲོ་བའོ།། ལས་ཀྱི་ཕོ་ཉ་དང་བཅས་ཞེས་བྱ་བ་ནི་མཁའ་འགྲོ་མའི་གདོན་གྱིས་ཟིན་པའོ།། གཟུང་བར་བྱི་ཞེས་བྱ་བ་ནི་ཚར་བཅད་པར་བྱ་བ་སྟཽ་སྦྱོར་བ་བརྒྱད་པའོ།། ཀ་ར་བཱི་ར་ཞེས་བྱ་བ ་ལ་སོགས་པ་ལ་ཀ་ར་བྲི་རའི་ལྕུག་མ་ནི་ཉི་མ་གཟས་ཟིན་པའི་དུས་སུ་སྔགས་ཟློས་ཤིང་བླངས་པའོ།། གང་ལ་མངོན་པར་ཕྱོགས་ཏེ་ཞེས་བྱ་བ་ནི་དགུག་པར་བྱ་བའི་སྐྱེས་བུ་དང་། བུད་མེད་གང་ཡང་རུང་བ་ལ་ཡིད་ཀྱིས་དམིགས ་ནས་སོ།། སྔགས་བྲིས་ནས་ཞེས་བྱ་བ་ནི་ལག་པ་ལ་འཁྲུལ་འཁོར་བྲི་བ་སྟེ། ངས་བསྲེགས་པ་དང་བླང་བ་ལ་སོགས་པ་ཐམས་ཅད་བྱའོ།། སྐོར་བ་ནི་རྩེ་བ་ནིས་གཟུང་ནས་བསྐོར་བ་སྟེ་སྦྱོར་བ་དགུ་པའོ།། སྐྱེས་པའི་ཞེས་བྱ ་བ་ལ་སོགས་པའི་ལ་སྐྱེས་པ་ནི་རོའི་བྱེ་བྲག་གོ།། རོའི་ཁམ་ཕེར་ནི་དུར་ཁྲོད་དུ་རོ་བསྲེགས་པའི་ཁམ་ཕོར་རོ།། ལྷག་མ་ནི་གོ་སླའོ།། འདི་ནི་དབུགས་ནིང་དུ་བསྡམས་ནས་བྲིས་ལ་འཁྲུལ་འཁོར་གོས་སེར་པོས་གཡོགས་ལ་མ་ཏོག ་སེར་པོ་ལ་སོགས་པས་མཆོད་པ་བྱོ་སྟེ། སྦྱོར་བ་བཅུ་པའོ།། དུར་ཁྲོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་སྣག་ཚ་ནི་བ་བླ་དང་ཡུང་བའི་ཁུ་བའོ།། ཀླུ་རྣམས་སྤངས་པ་ཞེས་བྱ་བ་ནི་ལྷ་འོག་གི་ལས་བཅུ་གཉིས་ཀྱི་འཁྲུལ ་འཁོར་ཏེ་དེ་དག་ནི་ཀླུ་དང་བྲལ་བའོ།། འདིར་བྲིས་ལ་ཞེས་བྱ་བ་ནི་འཁྲུལ་འཁོར་འདིར་ལེའུ་གསུམ་པ་ལས་སྨོས་པ་ལྟར་ཀླུ་དང་བཅས་པར་བྱའོ།། ཨ་དང་སྤེལ་བ་ཞེས་བྱ་བ་ནི་ཆེས་ཀྱི་འབྱུང་གནས་ཀྱི་ནང་དུ་ཡང ་བྲི་བའོ།། ལུས་སྲུལ་པོ་ནི་ཡི་དྭགས་ཏེ་སྦྱོར་བ་བཅུ་གཅིག་པའོ།། འཁོར་ལོ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ་ཊ་བྱས་བརྒྱན་པ་ནི་ཟླ་བའི་དཀྱིལ་འཁོར་ལ་བྲི་བའོ།། བུད་མུད་གང་གིས་རྟག་ཏུ་བཅངས་ན་ཞེས་བྱ་བ་ནི་ལུས་ལ་གདུག ་པའོ།། རིག་པའི་རྒྱལ་པོ་ཉིད་ལྷུམས་སུ་འཇུག་གོ་ཞེས་བྱ་བ་ནི། གདོན་མི་ཟ་བར་བུ་རྙེད་པར་གྱུར་པ་སྟེ། སྦྱོར་བ་བཅུ་གཉིས་པའོ།། ཞི་བའི་འདུས་པ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའི་བྱང་ཆུབ་ཀྱི་སེམས་སོ།། ཀུན་ཏུ་སྤྱོད ་པ་ཞེས་བྱ་བ་ནི་དེ་ཡང་འཁོར་ལོར་བསྒོམས་ནས་སྔགས་ཀྱང་ཟློས་ཤིང་བདག་ཉིད་ཀྱིས་ཅུང་ཟད་ཟོས་ཏེ། ལྷག་མ་དེའི་ཁར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་མོན་ངག་གྲོ། ལྷག་མ་ནི་གོ་སློའོ།། སྦྱོར་བ་བཅུ་གསུམ་པའོ།། རབ ་ཏུ་སྦྱོར་བ་དེ་ལྟ་བུའི་ཆོ་ག་དང་ལྡན་པར་ཞེས་བྱ་བ་ལ། རབ་ཏུ་སྦྱོར་བ་ནཱི་རེའུ་མིག་དགུ་དང་ལྡན་པའི་སྦྱོར་བ་བཅུ་གསུམ་མོ།། དེ་ལྟ་བུའི་ཚི་ག་ཞེས་བྱ་བ་ནི་སྔར་སྨོས་པའི་ཚུལ་གྱི་གོ་ཆོ་གའོ།། རྣལ་འབྱོར་ཞེས་བྱ་བ་ནི་འདི་ལས ་རྣལ་འབྱོར་པས་རྣལ་འབྱོར་ཏེ། སྔགས་ཀྱིས་གཟུགས་སོ།། སྦྱོར་བ་འདི་དགེ་ལ་བརྟུལ་ཞུགས་ལ་སོགས་པའི་ངེས་པ་མེད་པར་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གཽ་སླའོ།། ཆོ་ག་ཞི་བ་མེའི་སྐྱ ་བའི་ཚུལ་འདི་ཉིད་ཀྱིས་ཞེས་བྱ་བ་ལ། ཆོ་ག་ཞིབ་མོ་ནི་བསྟན་བཅོས་སོ།། སྦྱོར་བ་ནི་རྒྱུད་ལས་བསྟན་པའི་རྡོ་རྗེ་མཁའ་འགྲོའི་མཚན་ཉིད་དོ།། ཚུལ་ཞེས་བྱ་བ་ནི་བྲི་བ་ལ་སོགས་པའི་ཆོ་གའོ།། ལས་ཐམས་ཅད་ཅེས་བྱ་བ་ནི་ཀླུ་དབབ་པ་ལ ་སོགས་པའོ།། ཇི་ལྟར་འདོད་པ་བཞིན་ཞེས་བྱ་བ་ནི་ཐེ་ཚོམ་མེད་པའོ།། ཡང་ན་ཇི་ལྟར་འདོད་པ་ནི་མ་བསྟན་པའི་ལས་གཞན་དག་ཀྱང་བྱེད་པའོ།། ད་ནི་འཁོར་ལོ་གཞན་བསྟན་པའི་ཕྱིར་གསུངས་པ། ནམ་མཁའ་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པ ་སྟེ། འདིར་གྲོ་ག་ལ་སོགས་པ་ལ་གིའུ་ཝང་ལ་སོགས་པས་ཆོས་ཀྱི་འབྱུང་གནས་ལ་ཟླ་བའི་དཀྱིལ་འཁོར་བྲི་ས་ལ་དེར་འཁོར་ལོ་རྣམས་བྲི་བར་བྱ་སྟེ། འོད་ཟེར་ཚོགས་ནི་གསོལ་བའི་མདངས་ཞེས་བྱ་བ་ནི་ཟླ་བའི་ཕྱི་རོལ་ཏོ་འོད་ཀྱི་ཕྲེང་བས ་བསྐོལ་བའོ།། འཁོར་ལོའི་ཕྲེང་བས་རྣམ་པར་ཀླུབས་ཞེས་བྱ་བ་ནི་ཕྱི་རོལ་སྐུའི་འཁོར་ལོའི་ཕྲེང་བས་བསྐོར་བའོ། ལྷག་མ་ཡང་ད་ལྟར་བལྟ་བར་བྱའོ།། སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ཡི།། འཁོར་ལྀ་དཀྱིལ་འཁོར་ལྟ་བུ་ཡིན་ཞེས་བྱ་བ་ནི ་ནང་གི་འཁོར་ལོ་གསུམ་པོ་ཀུན་ནས་ཟླུམ་པོར་བྱ་བ་དང་། ཟླ་བའི་ཕྱི་རོལ་ཏུ་གྲུ་བཞི་དང་སྒོ་བཞི་ལྡན་པར་བྷི་བའོ།། རང་གི་ལུས་ལ་སྤྲོ་བར་བྱ་ཞེས་བྱ་བྲྀ་ནི་འཁོར་ལ་གསུམ་པོ་སོ་སོ་ལས་རང་གི་མདོག་གི་འོད་སྤྲོ་བའོ།། འཁོར ་ལོ་ཡང་ལྟེ་བ་དང་རྩིབས་དང་མུ་ཁྱུད་དང་བཅས་པར་བྲི་བའོ།། དཀོར་དང་དམར་དང་སྔོན་པོ་སྟེ་ཞེས་བྱ་བ་ནི་སྐུ་ལ་སོགས་པའི་འཁོར་ལོ་གསུམ་གྱི་ར་མི་བཞིན་དུ་མདོག་བསྟན་པ་སྟེ། བྲི་བའི་ཁ་དོག་གོ།། ཁ་དོག་མཆོག་གི་བྱ ་བྲག་བྱ་ཞེས་བྱ་བ་ནི་བྲིས་པའི་འོག་ཏུ་བསྒོམས་པའི་ཁ་དོག་བསྟན་པ་སྟེ། ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་གིས་འཁོར་ལོ་ཐམས་ཅད་ཀྱང་དཀར་པོ་ལ་སོགས་པར་བསྒོམ་པའི་དོན་དོན་ཏོ།། བྱ་བའི་ཆོ་ག་དེ ་ཡིས་ནི་ཞེས་བྱ་བ་ལ། བྱ་བའི་ཚི་ག་ནི་བྲི་བ་ལ་སོགས་པའི་ཆོ་གའོ།། ནི་ཞེས་བྱ་བ་ནི་ངེས་པར་གཟུང་བའོ།། དཔའ་བོའི་དབང་ཕྱུག་དེ་བཞིན་བྲི་ཞེས་བྱ་བ་ལ་དཔའ་བོའི་དབང་ཕྱུག་ནི་ཐོད་པའི་དུམ་བུ་ཅན་ལ་སོགས་པ་སྟེ། དེ་རྣམ ་དང་དབྱེར་མེད་པས་རྩ་བའི་རིགས་པ་ལ་ཡང་དེ་སྐད་ཅེས་བྱའོ།། དེ་ལ་ཐུགས་ཀྱི་འཁོར་ལོའི་ཤྱར་ཕྱོགས་ཀྱི་རྩིབས་ལ། ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕུཊ་ཙྪསཽ་བྱ་བའོ།། བྱང་གི་རྩི་བསེ་ལཱ་ནི། ཨོཾ་ཀུ་རུ་ཀུ་རུ་ཧུཾ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལ ་ཨོཾ་བནྡྷ་བནྡྷ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩིབས་ལ་ནི། ཨོཾ་ཏྲཱཾ་སཱ་ཡཱ་ཏྲཱ~ཾ་ས་ཡ་ཧུཾ་ཧཱུཾ་ཕཊ། དབང་ལྡན་དུ་ནི། ཨོཾ་ཀྵོ་བྷ་ཡཻ་ཀྵོ་བྷ་ཡ་ཧུཾ་ཧཱུཾ་ཕཊ། མར་ནི་ཨོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། བདན་བྲལ་དུ་ནི་ཨོཾ་ཧྲཿཧྲིཿཧུ~ཾ་ཧཱུ~ཾ་ཕཊ། རླུང་དུ་ནི་ཨོཾ་ཕེཾ་ཕེཾ་ཧཱུཾ་ཧཱུཾ ་པ་ཌ། གུ་སུངས་གི་འཁོར་ལོའི་ཤར་ཕྱོགས་ཀྱི་རྩིབས་ལ་ཨོཾ་པཊ་ཕཊ་ཧུཾ་ཧཱུཾ་པེཊའོ།། ཨོཾ་ད་ཧ་དི་ཧཻ་ཧུཾ་ཧཱུཾ་ཕཊ། བྱང་གི་རྩིབས་ལའོ།། ཨོཾ་པ་ཙཱ་པཱ་ཙ་ཧུཾ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལའོ།། ཨོཾ་བྷཀྵ་བྷཀྵ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩི་བས ་ལའོ།། ཨོཾ་བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལ་བོ་ནི་གྲྀཧྞ་གྲྀཧྞ་ཧུ~ཾ་ཧཱུ~ཾ་ཕཊ། དབང་ལྡན་དུའོ།། ཨོཾ་སཔྟ་པཱ་ཏཱ་ལ་གཽ་ཏ་བྷུ་ཛ~ཾ་ག་སརྦ་བཱ་ཏརྫ་ཡཱ་ཧུཾ་ཧཱུ~ཾ་ཕཊ་མེའི་མཚམས་སུའོ།། ཨོཾ་ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ་ཧུ~ཾ་ཧཱུ~ཾ་ཕཊ། བདེན་བྲལ་དུའོ།། ་ཧྲྀཧྲིཾ་ཧྲིཾ་ཧུཾ་ཧཱུ~ཾ་ཕཊ། རླུང་ངུའོ།། ཨོཾ་ཀྵཾ་ཀྵཾ་ཧུཾ་ཧཱུཾ་ཕཊ། སྐུའི་འཁོར་ལོའི་ཤར་གྱི་རྩིབས་ལའོ།། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། བྱང་གི་རྩིབས་ལའོ།། ཨོཾ་ཧཾ་ཧཾ་ཧུཾ་ཧཱུཾ་ཕཊ། ནུབ་ཀྱི་རྩིབས་ལའོ།། ཨོཾ་ཧཱུཾ་ཧཱུཾ་ཧུཾ་ཧཱུཾ་ཕཊ། ལྷོའི་རྩིབས་ལའོ།། ཨོཾ་ཀི་ལྀ་ཀི་ལི་ཧུཾ ་ཧཱུཾ་ཕཊ། དབང་ལྡན་དུའོ།། ཨོཾ་སཽ་ཌི་ལི་སི་ལི་ཧུཾ་ཧཱུཾ་ཕཌ། མེའི་མཚམསུ་ཨོཾ་ཙི་ལི་ཙི་ལི་ཧུཾ་ཧཱུ~ཾ་ཕཊ། བི་དན་བྲལ་དུའོ།། ཨོཾ་དྷི་ལི་དྷི་ལི་ཧུ~ཾ་ཧཱུཾ་ཕཊ། ཅེས་བྱ་བ་རླུང་མཚམས་སུ་དགོད་པར་བྱའོ།། དབུས་སུ་བསྒྲུབ་པར་བྱ་བའི ་མེད།། ཇི་ལྟར་འདོད་བཞིན་སྦྱར་བར་བྱ་ཞེས་བྱ་བ་ལ་དབུས་སུ་ནི་འཁོར་ལོ་གསུམ་གྱི་ལྟེ་བ་ལའོ།། ཇི་ལྟར་འདོད་བཞིན་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་བྱེ་བྲག་གིས་གང་འདོད་པའོ།། སྦྱར་བ་ནི་སྦྲེལ་བའོ།། དཾ་ན་ཨོཾ་དེ ་བཔབ་དཏྟ་སྱ་ཤཱ་ན་ཏཾ་ཀུ་རུ་ཨོཾ་ཞེ་ས་བྱ་བར་འགྱུ་རོ།། ཕྱི་རོལ་ཞེས་བྱ་བ་ནི་རི་མོ་གྲུ་བཞིའི་ཕྱི་རོལ་ཏ་དར་རྡོ་རྗེའི་ཕྲང་བུ་ཟླུམ་པོསཽ་བསྐོར་བའོ།། འོད་ཟེར་འབར་བའི་ཕྲེང་འཁྲུགས་བྲི་ཞེས་བྱ་བ་ནི་འཁོར་ལོ་དེ་དག་ཐམས་ཅད་འོད་ཟེར ་གྱི་དྲ་བོས་བསྐོར་བའོ།། འདི་ནི་ཞེས་བྱ་བ་ནི་རིག་པོའི་རྒྱལ་པོ་བྲིས་པ་གང་ཡིན་པའོ།། ཐམས་ཅད་བསྲུང་བ་ཞེས་བྱ་བ་ལ་ཐམས་ཅད་ནི་རྒན་བུ་དང་གཞོན་ནུ་དང་སྐྱེས་པ་དང་བུད་མེད་རྣམས་ཏེ། དེ་རྣམས་ཀྱི་བསྲུང་བ་འམ ་ཡང་ན་རིམས་དང་ནད་ལ་སོགས་པ་ཐམས་ཅད་ལས་བསྲུང་བ་སྟེ། འཁོར་ལོ་འདི་བྲིས་ནས་དཔུང་པ་ལ་སོགས་པར་བཅངས་ན་རིམས་ལ་སོགས་པ་རྣམས་གྲིབི་མའོང་མི་འགོང་ན་ལུས་ལྟ་ཅི་སྨོས་ཞེས་བྱ་བར་སྦྱར་རོ།། ནད ་ནཱི་གློ་དང་དབུགས་མི་བདེ་བ་ལ་སོགས་པའོ།། མཁའ་འགྲོ་མའི་འཚེ་བ་དང་ཞེས་བྱ་བཱ་ལ། མཁའ་འགྲོ་མ་ནཱི་གྲགས་པར་ཟད་དོ།། འཚ་བ་ནི་སྐྱིན་པོ་ལ་སྩོགས་པས་བྱས་པའི་གནོད་པའོ།། ཟླ་གཟུགས་ལྟ ་བུ་ཞེས་བྱ་བ་ལ་སོགས་པ། བདག་ཉིད་རྡོ་རྗེ་མཁའ་འགྲོ་མདོག་དཀར་པོར་བྱས་ཏེ། ལག་པ་གཡོན་པའི་མཐིལ་དུ་འཁོར་ལོ་བཀོད་ལ་སྔགས་ཀྱི་ཡི་གེ་རྣམས་མདོག་དཀར་པོ་ཁ་བ་ལྟ་བུའི་ཆུ་རྒྱུ་ནཱ་འཛག་པར་བསམས་ཏེ། རིམས ་ལ་སོགས་པས། ཟིན་པ་ལ་བསྟེན་ན་འབྱོར་བ་སྟེ་འཐོར་བར་འགྱུར་རོ།། གང་དུ་ཞེ་ན། ཕྱོགས་བཅུར་ཏེ་ཕྱོགས་ཀུན་ཏུའོ།། འཁོར་ལོ་དེ་ཉིད་ལུས་ཀྱི་བྱེ་བྲག་གིས་ཁ་དོག་ཐ་དད་པར་བསྟན་པའི་ཕྱིར་དཀར་པོ་ཡིས་ནི་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། གསོད་ཅེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། དབྱེ་བ་ལ་སོགས་པ་དྲུག་པོའི་ལས་གཞིན་དག་ཀྱང་ཁ་དོག་ནག་པོ་དང་སྦྱར་རོ།། དེ་ཉིད་ཀྱིས་ནི་ཞེས་བྱ་བ་ནི་ཁ་དོག་དམར་པོ་དེ་ཉིད་ཀྱིས་སོ།། ལྷག་མ་ནི་གོ་སླའོ།། ་འདས་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དང་ལྡན་པས་ལག་པ་ལ་འཁོར་ལོ་བྲིས་ཏེ་བསྟན་པ་དང་སྔགས་བཟླ་བ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་སྟོན་ཏོ།། ལས་ཐམས་ཅད་འབྱུང་བ་ཞེས་བྱ་བ་ལ། ལས་ཐམས་ཅད་མི་ཞི་བ ་སོགས་པའོ།། འབྱུང་བ་ནི་འགྲུབ་སྟེ། འཁོར་ལོ་གང་གིས་ཞི་བ་ལ་སོགས་པའི་ལས་རྣམས་འགྲུབ་པ་དེ་ལ་དེ་སྐད་ཅེས་བྱའོ།། སྲུང་བའི་འཁོར་ལོ་ཞེས་བྱ་བ་ནི་ལྷག་པར་བསྲུང་བའི་དབང་དུ་བྱས་པའི་འཁོར་ལོ་སྟེ། དེ་ཡན་ཆད་ཀྱིས ་ནི་གདངས་ཀའི་དབང་ཕྱུག་དང་། འཁོར་ལོ་གཉིས་ཀྭའི་བྱ་བ་བསྟན་པ་ཡིན་ནོ།། དེ་ལྟར་རྩ་བའི་སྔགས་ཀྱི་ལས་ཀྱིས་ཆོ་ག་བསྟན་ནས། ད་ནི་སྙིང་པོའི་སྔགས་ཀྱི་འཁོར་ལོ་བསྟན་པའི་ཕྱིར་བཀའི་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ་གསུངས ་ཏེབཀའ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་ཡི་གེ་ཉི་ཤུ་རྩ་གཉིས་སོ།། ཁྱད་པར་ནི་དམ་པ་སྟེ། འཁོར་ལོ་གང་གིས་རྣལ་འབྱོར་པས་སེམས་ཅན་ཀུན་གྱི་དེན་བྱེད་པ་ཞེས་བྱ་བ་དང་འབྲེལ་ཏེ། གང་གི་ཞེ་ན། ལས་ཀྱི་ཆོ་ག་མཐོང་བའི་སྟེ། ཆོ་ག ་སྔག་ཚ་དང་བྱང་བུ་ལ་སོགས་པའོ།། ལས་ནི་བྲི་བ་དང་བསྒོམ་པ་དང་བཟླས་པ་ལ་སོགས་པའོ།། ནམཁའི་དབྱིངས་ཞེས་བྱ་བ་ནི་ཆོས་འབྱུང་བའི་ཕྱག་རྒྱ་བྲི་བའོ།། ཟླ་བའི་དཀྱིལ་འཁོར་ལྟ་བུ་ར་ཞེས་བྱ་བ་ནི་དེའི་ནང་དུ་རི་མོ་ཟླུམ་པོར་བྲི་བ་སྟེ། ་དེཉིད་ཀྱིས་ན་དཀྱིལ་འཁོར་འཁོར་ལོ་ལྟ་བུ་བསམ་ཞེས་བྱ་བ་གསུངས་ཏེ། བསམ་ཞེས་བྱ་བ་ནི་རྣལ་འབྱོར་ལ་དགའ་བ་རྣམས་ཀྱིས་ནཽ་ཏིང་ངེ་འཛིན་གྱིས་ཀྱང་འདི་དག་ཐམས་ཅད་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་དབུས་ཞེས་བྱ་བ་ནི་འཁོར་ལོ་དེའི་དབུས་སུའོ།། ་རྡོ་རྗེ་རྩེ་ལྔ་པ་ཡི་མཆོག། འོད་ཟེར་དཀར་པོས་ཤིན་ཏུ་མཛེས།། སྒྲུབ་པོ་འཁོར་ལོ་ཕྱི་རོལ་བྲི།། ཞེས་བྱ་བ་ལ། སྒྲུབ་པ་ནི་སྒོམ་པའི་བདག་ཉིད་ཅན་ནོ།། འཁོར་ལོའི་ཕྱི་རོལ་ནི་པདྨའི་ཕྱི་རོལ་ཏེ་ཕྱོགས་ཕྱི་རོལ་ཕྱོགས་བརྒྱད་དུ་ཇི་སྐད་སྨོས་པའི ་མཚན་ཉིད་ཅན་གྱི་རྡོ་རྗེ་བྲི་བའོ།། པདྨའི་ལྟེ་བར་སྭཱ་ཧཱ་བྲྀ་ཞེས་བྱ་བ་ལ་འདིར་ཕྱི་རོལ་གྱི་པདྨའི་འདབ་མ་བཅུ་དྲུག་པོ་རྣམས་ལ་ནི་ཤར་ནས་བརྩམས་ཏེ་གཡས་ཏེ་གཡོས་བསྐོར་དྲི། ཨོཾ་ཤྲཱི་ཧེ་ཧ~ཾ་རུ་རུ་ཀ~ཾ་བཛྲ་ཊཱི་ཀི་ནཱི་ཛ་ལོ་ས་བ~ཾ་ཞེས་བྱ་བ་བཅུ ་དྲུག་དགོད་དོ།། ནང་གི་འདབ་མ་བརྒྱད་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་ནི་ར་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་བཞི་དགེང་ངོ་།། དབང་ལྡན་ལ་སོགས་པ་མཚམས་ཀྱི་འདབ་མ་བཞི་ལ་ནི་ཡི་གེ་ཧཱུཾ་དང་སྤེལ་པའི་བསྒྲུབ་བྱའི་མིང་བྲིའོ།། དབུས ་ཀྱི་ལྟེ་བ་ལ་ནི་སྭཱ་ཧཱ་བྲིའོ།། དངོས་གྲུབ་ཐམས་ཅད་རབ་ཏུ་སྟོར་བ་ཞེས་བྱ་བ་ནི་དངོས་གྲུབ་སྟེར་བའི་ནུས་པ་དང་ལྡན་པའོ།། མ་མོའི་ཁྱིམ་ཞེས་བྱ་བ་ནི་མ་མོ་བདུན་གྱི་རྟེན་གྱི་གནས་སུའོ།། ཙན་དན་བཟང་པོ་ཞེས་བྱ་བ་ནི་བདུད་རྩི་ལྔའོ།། འབོལ ་ཞིང་ཤིན་ཏུ་འཇིམ་པའི་སྟན་ཞེས་བྱ་བ་ནི་ས་གཞི་མཉམ་ཞིང་ཡིད་དུ་འོང་བའོ།། སྐྱེ་གནས་ཕྱག་རྒྱ་བཅིང་ཞེས་བྱ་བ་ནི་རྡོ་རྗེའི་སྐྱིལ་ཀྲུང་དུ་གནས་པའོ།། དེ་དག་གིས་ནི་འདི་སྐད་དུ་མ་མོ་རྣམས་ཀྱི་གནས་སུ་ས་བཞི་མཉམ་ཞིང་ཡིད་དུ་འོང་བ ་ལ་བདུད་རྩི་ལྔས་བྱུགས་ཏེ་འོག་ནས་འབྱུང་བའི་སྣག་ཚས་འཁྲུལ་འཁོར་བྲིས་ལ་དེ་ཉིད་ཀྱི་སྟེང་དུ་རྡོ་རྗེ་སྐྱིལོ་ཀྲུང་དུ་གནསོ་ནས་བསྒྲུབ་བྱ་ལ་ཁ་ལྟས་ཏེ། ཡིག་ཉི་ཤུ་གཉིས་པའི་སྔགས་སྤེལ་བ་དང་བཅས་པར་ཉིན་རེ་དུས་གསུམ་དུ ་བརྒྱ་རྩ་བརྒྱད་ཟླསོ་ན་འགུག་པར་འགྱུར་རོ་ཞེས་སྟོན་ཏོ།། བྲི་བའི་དུས་ཀྱི་ཆོ་ག་གསུངས་པ། ཡན་ལག་ཅེས་བྱ་བཾ་ལ་སོགས་པ་སྟེ་ལྟ་འོག་ཏུ་སྦྱར་བར་བྱའོ།། སྣ་ཚོགས་གསུངས་པ། ཡི་དྭགས་སེན་རྩི་ཞེས་བྱ་བ་ལ་སོགས་པ་ལ། ་ཁྲག་ཅེས་བྱ་བ་ནི་སྲིན་ལག་གི་ཁྲག་གོ།། རྣམ་པ་གཞན་གསུངས་པ། ཡི་དགས་གོས་སམ་ཞེས་བྱ་བ་ལ་སོགས་པ་ལ། རོའི་བུམ་པ་སྐམ་པོ་ཞེས་བྱ་བ་ནི་དུར་ཁྲོད་ཀྱིས་བུམ་སྐམ་པོའི་གྱོ་མོའོ།། ཇི་ལྟར་འདོད་བཞིན་ཞེས་བྱ་བ་ན ་དེ་བཞིན་བྲི་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ།། འཁོར་ལོ་དེའི་སྙིང་གར་གཞུག་ཅེས་བྱ་ནི་བསྒྲུབ་པར་བྱ་བའི་རྐང་པ་རྗེས་ཀྱི་རྡུལ་ལ་སོགས་པ་ལས་འོག་ནས་འབྱུང་བ་ལྟར་གཟུགས་བྱས་ལ་དེའི་སྙིང་གར་འཁྲུལ་འཁོར་གཞུག་པའོ།། བློ། ་ཞེས་བྱ་བ་ནི་དགུག་པའི་ལས་ལ་རྩ་གཅིག་ཏུ་དམིགས་པའོ།། མཐེའུ་ཆུང་བསྐྱོད་ཅེས་བྱ་བ་ནི་ལྕེ་བསྐྱོད་དེ་སྔགས་བཟླས་པའོ།། བྲམ་ཟེ་གསོད་པ་ཞེས་བྱ་བ་ལ་བྲམ་ཟེ་ནི་སངས་རྒྱས་ལ། དེ་གསོད་པ་ནི་བྲམ་ཟེ་གསོད་པའོ།། ་འང་གི་སྒྲས་ནི་མཚམས་མེད་པ་གཞན་བྱེད་པའང་གཟུང་ངོ་།། ཉིན་བདུན་ཞེས་བྱ་བོ་ལ། ཉི་མོའང་ཡིན་ལཾ་བདུན་ཀྱང་ཡིན་པས་ཉི་མ་བདུན་ཞེས་གཅིག་ཏུ་མཚོམས་སྦྱར་བར་བྱའོ།། བསྒྲུབ་པའི་གཟུགས་བྱ་བ་ཉིད་གསུངས་པ ་ཙནྡ་དམར་པོའི་རྡུལ་ལས་ནི་ཞེས་བྱ་བ་ལ། ཙནྡ་དམར་པོ་དང་རྐང་པའི་རྡུལ་ལུས་ཞེས་ཟླས་དབྱེ་བར་བྱ་སྟེ། བར་གྱི་ཚིག་མི་མངོན་པ་ཡིན་ནོ།། དྲ་ནས་ཅི་ཞིག་བྱ་ཞེ་ན། ཚ་བོ་གསུམ་གྱིས་ཞེས་བྱ་བཽ་ལ་སོགས་པ་སྟེ་གོ་སླའོ།། ཉིན ་བདུན་བསྲོ་ཞེས་བྱ་བ་ནི་ཉི་མ་བདུན་དུ་དུས་གསུམ་དུ་བསྲེ་བའོ།། དེ་དྲུག་གིས་འདི་སྐད་དུ་ཡཽ་དགས་ཀྱི་གྲོས་ལ་སོགས་པ་ལ་ཡི་དགས་ཀྱི་སེན་མོ་ལ་སོགས་པས་འཁྲུལ་འཁོར་སྔ་མ་ལྷོར་བྲིས་ཏེ། ཁྱད་པར་དུ་ནང་གི་པདྨའི ་མཚམས་ཀྱི་འདིབ་མ་ལ་ཧྲིཿདེ་བེ་དཏྟ་ཨཱ་ཀཪྵ་ཡ་ཧྲིཿཞེས་བྱ་བ་བྲིས་ལ་ཙནྡ་དམར་པོ་དང་རྐང་རྗེས་ཀྱི་རྡུལ་ལས་གཟུངས་བྱ་སྟེ། སྙིང་གར་བཅུག་ནས་ཚ་བ་གསུམ་དང་སྤྲ་ཚིལ་གྱིས་ཕྱི་རོལ་བྱུགས་ཏེ། ཟངས་མའི་ཁབ ་ཀྱིས་སྐྱེ་གནས་ཕུག་ན། ཇི་ལྟ་བའི་མ་ལ་ཉི་མ་བདུན་དུས་གསུམ་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་ཟློས་ཤིང་སྤྲ་ཚལ་མ་ཞུའི་བར་དུ་བསྲོ་བར་བྱའོ་ཞེས་སྟོན་ཏོ།། སྤྲ་ཚིལ་མ་ཞུ་ཞེས་བྱ་བ་འོག་ནས་འབྱུང་བ ་ནི་འདི་ལྟར་ཡང་བལྟའོ།། དེས་ཅིར་འགྱུར་ཞེ་ན། རྒྱལ་པོ་བློན་པོ་བཅས་ཞེས་བྱ་བ་ལ། བློན་པོ་ནཱི་ལས་ཀྱི་སྨྲེ་ལ་གཏོགས་པ་རྣམསོ།། འདུན་ན་འདོན་ནི་སྤྱན་སྔོར་རྟག་ཏུ་བཀྲ་ཤིས་ཀྱི་སྨྱུང་འདོན་པའོ།། ལྷག་མ་ནི་གོ་སླའོ།། ་ཡང་ན་རྣམ་པ་གཞན་བསྟན་པའི་ཕྱིར་གྲོ་ག་ཡིན་ནི་ཞེས་བྱ་བ་ལ་སོགས་པོ་གསུངས་ཏེ། འདི་ཡང་རྐང་རྗེས་ཀྱིས་རྡུལ་ལ་སོགས་པ་ལས་བསྒྲུབ་བྱའི་གཟུགས་བྱས་པས་སྙིང་གར་གིཞུག་པ་སྔ་མ་དང་སྦྱར་རོ།། མངོན ་པར་ཕྱོགས་ཏེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ལ་ཁ་བལྟས་པའོ།། ཁ་ཅིག་ན་རེ་བྲི་བོའི་ཆོ་ག་ལས་བསྒྲུབ་བྱེ་ལ་ཁ་བལྟས་ཏེ་བྲིའོ་ཞེས་ཟེར་རོ།། ཟློས་བཞིན་དུ་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་ཟློས་པའོ།། ས་སྟེང་སྐྱེ་བོ་སྨོས་ཅི ་དགོས་ཞེས་བྱ་བ་ནི་མཽའི་འཛག་རྟེན་ནོ།། ལྷག་མ་ནི་གོ་སླའོ།། རྣམ་པ་གཞན་གསུངས་པ། ཡི་དགས་སེ་ནཽ་རྩི་ཞེས་བྱ་བཾ་ལ་སོགས་པ་ལ། ཡི་དགས་སེན་རྩི་ལ་སོགས་པ་སཱ་གྲོ་ག་ལ་སོགས་པ་ལ་འཁྲུལ་འཁོར་བྲིས་ལ་སྙིང ་གར་འཁྲུལ་འཁར་བཅུག་ནས་ནི་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ།། བསྒྲུབ་པར་བྱ་བའི་རྐང་རྗེས་ས་ཞེས་བྱ་བ་ནི་ལྷ་འོག་ཏུ་སྦྱར་བར་བྱའོ།། ཙནྡ་དམར་པོ་ཞེས་བྱ་བ་ནི་ཙིནྡ་དམར་པོའི་ཕྱེ་མའོ།། དུར་ཁྲོད་བས་ལྷག་ཏྲེ ་བ་རྣམས་ཞེས་བྱ་བ་ནི་ཐལ་བ་ཉིད་དུར་ཁྲོད་ཀྱི་ཟས་ལྷག་མ་སྟེ། དུར་ཁྲོད་དུ་ལོངས་སྤྱོད་པའི་མཐའ་ཡིན་པའི་ཕྱིར་རོ།། གཅིག་བསྡུས་ན་ཞེས་བྱ་བ་ནི་རྫས་གསུམ་པོ་དེ་གཅིག་ཏུ་བསྲེ་བའོ།། སྦྱིན་སྲེག་བྱ་ཞེས་བྱ་བ་ནི་བསྙེག་པའོ།། ་གླ་དུ་ཞེ་ན། སོང་ལྡེང་མྨེ་ནི་དུ་མེད་པཱ་ལ་ཏེ། སེང་ལྡིང་མདག་མར་ལྷགས་པའི་མ་ལའོ།། ཇི་ལྟར་ཞེ་ན། ལོག་པ་གཉིས་ཀྱི་ནི་མཉེས་ནོས་ཞེས་བྱ་བ་སྟེ། རྐང་རྗེས་ལ་སོགས་པའི་རྡུལ་ཏོ་ལྷག་པའི་ཐལ་མོ་གཉིས་ཀྱི་བཱར་དུ་ཉིང ་ཅིང་ངོ་།། ཐལ་བ་དེ་ནི་ཞེས་བྱ་བ་ནི་ད་ལྟར་བསྲེགས་པ་དང་། སེང་ལྡིང་གཱི་མདག་མར་བཅས་པཾའི་ཐལ་བའོ།། བསྒྲུབ་པར་བྱ་བའི་གཟུགས་བྱས་ཏེ། ཞེས་བྱ་བ་ནི་ཐལ་བ་དེ་དུར་ཁྲོད་ཀྱི་བུམ་པའི་ཆུས་སྦྲུལ་ལ་བསྒྲུབ་བྱའི་ཆ་བྱད་དུ ་བྱ་བའོ།། སྙིང་གར་འཁྲུལ་འཁོར་བཅུག་ནས་ནི་ཞེས་བྱ་བ་ནི་སྔར་བསྟུན་པའི་འཁྲུལ་འཁོར་དེའི་སྙིང་གར་གཞུག་ས་པ་དྲི་བཤད་ཟིན་ཏོ།། ཟློས་བཞིན་དྲྀ་ནི་མེར་གདུངས་ནི་ཞེས་བྱ་བ་ནི་དེ་ནས་གཟུགས་བརྙན་སྒྲ་ཚལ་གྱིས ་བྱུགས་པ་དུས་གསུམ་གསུམ་དུ་སྔགས་དེ་ཉིད་བརྒྱ་རྩ་བརྒྱད་ཟློས་ཤིང་ངུ་བ་མེད་པའི་སེང་ལྡེང་གི་མེ་ལ་སྨོས་ན་བུད་མེད་འགུགས་པར་འགྱུར་རོ།། དེ་ཉིད་ཀྱིས་ན་གསུངས་པ། རྒྱལ་ཞིང་སེམས་དང་བྲལ་འགྱུར་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། སེམས་དང་བྲལ་བ་ནི་བྱ་བ་གཞན་མི་དྲན་པའོ།། རྨོངས་པ་ནི་བྱ་བ་དང་བྱ་བ་མ་ཡིན་པ་ལོག་པར་སྤྱོད་པའོ།། མྱོས་པ་ནི་ཆགས་པས་ལུས་ཞིག་པའོ།། ཆོ་གའི་བྱ་བ་ནི་པདྨ་བྲི་བ་ལ་སོགས་པ་རྣམས་སོ།། ་ཡི་གོ་ཉི་ཤུ་གཉིས་དགོང་བཞེད་ཅེས་བྱ་བ་ལ་ཡི་གེ་ཊྚི་ཤྩ་གཉིས་ནི་སྙིང་པོའི་སྔགས་སོ།། དགོད་པ་ནི་རིམ་པ་གཉིས་ཀྱི་པདྨའི་འདབ་མ་རྣམས་ལ་སོ་སོར་སྒྲི་བ་སྟེ། སྦུར་བཤང་སྦྱིན་ཏོ།། བཞེད་པ་ནི་སངས་རྒྱས་ཉིད། ་ཀྱིས་གསུངས་ཤིང་དགོངས་པའོ།། ད་ནི་མཁའ་འགྲོ་མ་རྣམས་ཀྱི་ཉེ་བའི་སྙིང་པོའི་ལུས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་ཡི་གེ་ཉི་ཤུ་གཉིས་པའི་ལས་བསྟན་པའི་འོག་ཏུའོ།། ་དེ་བཞིན་གཤེགས་པ་ཀུན་གྱི་ཡིད་འོང་ཞི་བ་སྐྱེད་པ་མོ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའོ།། དེའི་བཀོའི་འཁོར་ལོ་ནི་རྡོ་རྗེ་ཕག་མོའི་ཉེ་བའི་སྙིང་པོའི་སྔགས་ཀྱི་འཁོར་ལོའོ།། མཁའ་དབྱིངས་དབུས་འགྱུར་ཞེས་བྱ་བ་ནི་ཆོས ་འབྱུང་བའི་ནང་དུའོ།། ཟླ་བའི་དཀྱིལ་འཁོར་དམ་པ་སྟེ་ཞེས་བྱ་བ་ནི་འཁོར་ལོ་སྟེ་ཟླུམ་པོར་བྲི་བའོ།། རྡོ་རྗེ་རྩ་གསུམ་ཁྭ་བཞི་པ་ཞེས་བྱ་བ་ནི་རྩེ་གསུམ་པའི་རྡོ་རྗེ་རྒྱ་གྲམ་སྟེ། ཕྱོགས་བཞིར་རྩེ་ཞིང་མོ་གསུམ ་གསུམ་བཅུ་གཉིས་སུ་བྱས་པའོ།། དེར་ནི་ཞེས་བྱ་བ་ནི་འཁོར་ལོའི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་སྣ་ཚོགས་རྡོ་རྗེས་ཀུན་ཏུ་བསྐོར་བའོ།། དེ་དབུས་ཞེས་བྱ་བ་ནི་རྡོ་རྗེས་མཚན་པའི་ཟླ་བ་ལྟ་བུའི་འཁོར་ལོ ་དབུས་སུའོ།། བཻ་རོ་ཙ་ནའི་རིག་པ་ཆེ་ཞེས་བྱ་བ་ནི་མཁའ་འགྲོ་མའི་ཉེ་བའི་སྙིང་པོའི་སྔགས་ཏེ། དེ་ལ་ཤར་ཕྱོགས་ནས་བརྩམས་ནས་འདབ་མ་བརྒྱད་ལ་ནི་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཤེས་ཞེས་བྱ་བའི་ཡི་གེ་བརྒྱད་དྲིན།། ་དབུས་ས་ཀྱི་ལྟེ་པ་ལ་ནི་སྭཱ་ཧཱ་ཞེས་བྱ་བ་བསྒྲུབ་བྱའི་མིངྒ་དྲང་སྤེལ་བྱར་བྲིའོ།། སེམས་ཅན་ཀུན་བསྐྱེད་པ་སྡུག་པ་མོ་ཞེས་བྱ་བ་ལ། སེམས་ཅན་ཀུན་བསྐྱེད་ནི་བུ་འདོད་པ་སྟེ་བུ་དོན་དུ་གཉེར་བའོ།། སྡུག་པ་ནི ་ཆགས་པ་སྟེ་དབང་དུ་བྱེ་བའོ།། ནུད་ཐམས་ཅད་ནི་རིམས་ལ་སོགས་པའོ།། མེད་པ་ནཱི་བས་ལ་བར་བྱས་པ་སྟེ། བྱ་བ་དེ་དག་དང་གདོན་ལ་སོགས་པོ་ལས་བསྲུང་བ་འདོད་ན་གྲོ་ག་ལ་སོགས་པའི་གིཞི་ལ་གོ། ་རོ་ཙ་ན་ལ་སོགས་པས་བྲིས་ལྔ་མཆོད་དེ་ལག་པ་ལ་གདགས་པར་བྱའོ།། ད་ནི་དཔའ་བོའི་ཉེ་བའི་སྙིང་པོའི་ལས་བསྟོན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་ཏུ་མཁྱེན་ཡེ་ཤེས་ཞེ་ས ་བྱ་བ་ནི་ཐམས་ཅད་མཁྱེན་པའི་འབྲས་བུ་འཐོབ་པ་དང་། ལས་ཐམས་ཅད་ལ་རྨོངས་པ་མེད་པའི་ཕྱིར་རོ།། མངོན་པར་ཤེས་པ་ཞེས་བྱ་བ་ནི་ལྷའི་མིག་ལ་སོགས་པ་ཐོབ་པའི་ཕྱིར་རོ།། གེ་སར་ཞེས ་བྱི་བ་ལ་སོགས་པ་ནི་གཽ་སླའོ།། ཟླ་བ་བཟུང་པོས་ཉཾ་བཪྵ་བརྒྱན་ཞུས་བྱ་བཱ་ནི་ཚྭས་འབྱུང་བྱིའོ་ནུད་དུ་ཟླ་བ་ལྟར་དཀར་བྱའི་འཁྱོར་ལོ་བྲྀ་བཱ་སྟེ། དེའི་དབུས་སུ་པདྨ་བྷི་བཻར་བྱའོ།། རྡོ་རྗེ་ཕྲེང ་བིས་རྣམ་པར་ཀླགས་ཞེས་བྱ་བ་ནི་པདྨའི་ཕྱི་རོལ་རྡོ་རྗེ་ཕྲེང་བས་བསྐོར་བའོ།། དེའི་ཕྱི་རོལ་འཁོར་ལོ་སྟེ་ཞེས་བྱ་བཾ་ལ་དེའི་ཕྱི་རོལ་ནི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུའོ།། འཁོར་ལོ་ནི་འཁོར་ལོའི་ཕྲེང་བའོ།། ་སྟོན་ཀའི་ཟླ་ལྟར་དྲི་མཱ་མེད་ཅེས་བྱཱ་བྷཱ་ནི་དེ་དགྲ་ཀུན་གྱི་ཁྱད་པར་རོ།། ཡིགེ་མཆོག་ནི་རྣམ་པ་བདུན་ཞེས་བྱ་བ་ནི་ཉེ་བའི་སྙིང་པོ་དགོད་པ་སྟོན་པ་ཡིན་ཏེ་ཤྭར་ལ་སྩོགས་པའི་འདབ་མ ་དྲུག་ལ་ཨོཾ་ཧྲཱིཿཧ་ཧཱ་ཧུཾ་ཧཱུཾ། ཞེས་བྱཱ་བའི་ཡི་གཾ་དྲུག་རཱ་མཾ་པ་བཞིན་དུ་བྲིའོ།། ལཱཾ་བཱ་ར་ནི་ཊ་ཕཊ་རྗེས་བྱ་བའི་ཡི་གེ་ལེས་དང་རྗེས་སུ་མཐུན་པཱི་བསྒྲུབ་པར་བྱ་བའི་མིང་དང་སྤེལྔ་བར་བྲི་སྟེ། དེ་དག་ཉིད ་ལས་རྣམས་ལ་མི་འགྱུར་པའི་ཕྱིར་ཡི་གའོ།། གཅིག་ཅེས་བྱ་བ་ནི་ཡི་གེ་ཕཊ་ཉིད་ད་དེ་ཉིད་ནི་ཕན་པའོ།། ཙནྡ་ཞེས་བྱ་བ་ལ་སོགས་པས་ནི་སྣག་ཚ་དང་བྱུང་བུ་བསྟན་པ་ཡིན་ནོ།། འཁོར་ལོ་ལག་པ ་གཡོན་པར་བཅང་ཞེས་བྱ་བ་ནི་སྔ་མ་ལྟར་བྲིས་ཏེ་ལག་པ་གཡོན་པའི་དཔུང་པར་གདུགས་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་གཞན་བསྟན་པ་ཡིན་ཏེ། ཉི་དབུས་སུ་ཞེས་བྱ་བ་ནི་བསྒྲུབ་བྱ ་ནད་ཀྱིས་གདུངས་པ་ཉི་མོའི་དཀྱིལ་འཁོར་གྱི་སྟན་ལ་བཞག་སྟེ། སྔོན་དུ་རིག་པ་སྟོང་པ་དུ་བཟླས་པར་བྱའོ།། ཡོཾ་གེ་ཤེལ་གྱི་རྣམ་པ་ལྟར་ཞེས་བྱ་བ་ལ་སོགས་པས་ནི་ལག་པ་གཡོན་པ་ལ་འཁོར་ལོ་དི་ཀར ་པོ་བཀོད་ནས། ཕ་རོལ་ལ་དེ་སེང་གེའི་ལྷ་སྔངས་ཀྱིས་བལྟས་ཏེ། སྔགས་ཀྱི་ཡི་གེ་རྣམས་ཤེལ་དང་ཟླ་བ་ལྷོར་བསམས་ཏེ་ལན་སྟོང་པ་དུ་བཟླས་བརྗོད་བྱས་ལ་ནད་ཀྱིས་གདུབས་པ་ལ་བསྟན་པར་བྱའོ།། ནད་རྣམས ་ཀུན་ལས་རྣམ་གྲོལ་བར། འགྱུར་བ་ཉིད་དུ་ཐ་ཚོམ་མེད་ཅེས་བྱ་བ་འདི་ཉིད་ཀྱིས་བཤད་པ་ནི་སྟོན་ཀ་ཡི་ནི་ཟླ་འདྲར་འགྱུར་ཞེས་བྱ་བ་སྟེ་གོ་སླའོ།། ལག་པ་གཡོན་པར་ཞེས་བྱ་བ་ལ་སོགས་པ་ནི་ལག་པ་གཡོན་པ ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོ་ལས་དང་མཐུན་པའི་མདོག་དུ་བསྒོམས་ཏེ་ནུད་པ་ལ་སོགས་པ་ལ། བྱབ་པ་ལྔ་སྔོགས་པས་བྱས་ན་ཞི་བ་ལ་སོགས་པར་འགྱུར་རོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འཁོར་ལོ་འདི ་ནི་ལྷ་མོ་ཆེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ཞེས་བྱ་བ་ནཱ་ཉེ་བའི་སྙིང་པོའི་སྔགས་སོ།། འཁོར་ལོ་ཆེ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཁྱད་པར་རོ།། ལས་ཀྱི་ཆོ་ག་མཐོང་བ་ཡིས་ཞེས་བྱ་བ་ལ། ཆོ་ག་ནི་རྡོ་རྗེ་མཁའ་འགྲོའི ་བསྒོམ་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་ལས་ནི་འཁོར་ལོ་བྲི་བ་དང་བསྒོམ་པ་ལ་སོགས་པའོ།། མཐོང་བ་ནི་ཤེས་པའོ།། ལུས་ཀྱི་འོད་ཀྱིས་རབ་བརྒྱན་ན་ཞེས་བྱ་བ་ནི་ཞི་བ་ལ་སོགོས་པའི་ལས་ལ་དཀར་པོ་ལ་སོགས ་བོའི་འོད་ཀྱིས་བརྒྱན་པའོ།། བྱ་བ་ཐམས་ཅད་ཅེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་རྣམས་སོ།། དུར་ཁྲོད་ཅེས་བྱ་བ་ལ་སོགས་པ་ལ། ཨརྐའི་འདབ་མ་ཞེས་བྱ་བ་ནི་ཨུརྐའི་འདབ་མའི་ཁུ་བའོ།། སྔར་བསྟན་པའི ་སོལ་བ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་སོལ་བའོ།། སྐྱེས་པའི་ཁྲག་གི་སྣག་ཚ་ཡིས་ཞེས་བྱ་བ་ནི་སྐྱེས་པའི་ཁྲག་དང་ཨརྐའི་འདབ་མའི་ཁུ་བཅས་པས་སྣག་ཚ་བྱ་བའོ།། ཉི་མའི་དབུས་སུ་གཟུགས་བརྙེན་བྱ་ཞེས་བྱ་བ ་ནི་སྔར་སྨོས་པའི་སོལ་བ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་ལས་ཉི་མ་ཕྱེད་ན་གཟུགས་བརྙན་བྱ་བའོ།། དབུས་སུ་དེ་ནི་བཅུག་ནསཱ་སུ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་སྔར་སྨོས་པའི་སྣག་ཚས ་མི་རུས་ཀྱི་སྨྱུ་གུས་ཉི་མིའི་དབུས་སུ་ཞེས་བྱ་བ་ཉྫི་མའི་དཀྱིལ་འཁོར་ལ་འཁྲུལ་འཁོར་བྲིསཾ་ཏེ་དབུས་སུ་ཧཱུཾ་དང་བསྒྲུབ་བྱའི་མིང་དུ་སྤེལ་བ་བྲིས་ནས་སྙིང་གར་བཙུག་ལ་སྐྱེ་ཚེས་བྱུག་པར་བྱའོ།། ཁྲོས་སེམས་ཀྱིས་ཞེས ་བྱ་བ་ནི་བསྲོ་བར་བྱ་ཞེས་བྱ་བ་དང་འབྲེལ་ཏེ། འདིར་ཡང་ཉི་མའི་དབུས་སུ་ཞེས་བྱ་བ་དང་སྦྱར་རོ།། དེ་དག་གིས་ནཱི་གཟུགས་བརྙན་དེ་དུར་ཁྲོད་ཀྱི་སོལ་བའི་མ་ལ་ཉི་མའི་གུང་ལོ་བསྲོ་ཞིང་ཁྲོས་པ་བཞིན་དུ་སྔགས་དེ་ཉིད ་སྤེལ་བ་དང་བཅས་པར་དུས་གསུམ་དུ་ཡང་དང་སང་དུ་བཟླས་སོ་ཞེས་སྟོན་ཏོ།། སྔགས་ཀྱི་རྒྱལ་པོས་བསྐུལ་བ་ཡིས། ཞེས་བྱ་བ་ནི་བྱ་བ་ཐམས་ཅད་བྱེད་པར་འགྱུར་ཞེས་བྱ་བ་ལ་སོགས་པ་འོག་ནས་འབྱུང་བ་ཐམས་ཅད ་དང་སྦྱར་རོ།། འདི་ཡི་ནད་རྣམས་ཐམས་ཅད་ནི་ཞེས་བྱ་བ་ལཱ། འདི་ཡི་ཞེས་བྱ་བ་ནི་རྣལ་འབྱོར་པ་འམ་སྔགས་འདི་ཡིའོ།། འཕྲོལ་ཞེས་བྱ་བ་ནི་སྣ་ཚོགས་སུའོ།། སྐྱོང་ཞེས་བྱ་བ་ནི་ཡུན་རིང་དུ་གནས་བྱའོ།། རིམས་པ་ལ་ས ་དས་སྦྱོང་གར་བྲི་ཞེས་བྱ་བན་རློམ་གྱིས་མརུང་བོར་པ་རང་སྟོང་གར་འགྲོལ་ལའི་ཚུ་བོ་། རླུང་དང་སྦྱིན་ལ་ཞེས་བྱ་བ་ན་རྒྱ་འིས་བརྒྱན་པོའི་སྤྱན་གྱི་བྲས་སུའོ།། མཛུད་མིམ་སྤྱོང་གསུམ་པའིའོ།། ཕྱིན་སྒོ་འིབྱི་མམ ་གཟན་ནི་ཉི་མ་ལ་སོགས་པ་སྟེ་མཚན་མ་ལ་སོགས་ནི་དེ་རྣམས་ཀྱི་མཚན་མ་ལའོ།། མདོར་བསྡུས་ནས་ནི་འཁོར་ལོ་དགོད་ཅེས་བྱ་བ་ལ། ས་མཱ་ས་ནི་མཚུངས་པ་སྟེ། མདོག་ལ་སོགས་པ་མཚུངས་པའོ།། རྣམ་པ་གཞན ་གསུངས་པ། ཤེལ་དང་ཞེས་བྱ་བ་ལ་སོགས་པ་ལ་ཟླ་བའི་འོད་འདྲ་བ་ནི་འཁོར་ལོའོ།། ཤེལྡེ་དང་འདྲ་བ་ནི་སྔགས་ཀྱི་ཡི་གེ་རྣམས་ཏེ་དེ་ཉིད་ཀྱིས་ན་ཡི་གེ་བདུད་རྩི་རྒྱུན་འབབ་པ་ཞེས་བྱ་བ་ལ་སོགས་པ་གསུངས ་གོ་སླའོ།། བསམ་གཏན་བསམས་པ་ཙམ་ཞེས་བྱ་བ་ནི་སྔོན་དུ་བསྒྲུབ་པར་བྱ་བ་མཆེ་བས་ཟིན་པའི་སྙིང་གར་འཁོར་ལོ་དེ་ལྟར་བསྒོམས་ལ་ཡི་གེའི་འོད་ཀྱི་ཆུ་གྱིས་བཀྲུ་བར་བསྒོམ་མོ།། བསྟན་པ་ཙམ་གྱིས་ནཱི་ཞེས་བྱ ་བ་ནི་དེའི་འོག་ཏུ་ལག་པ་གཡོན་པའི་མཐིལ་དུ་འཁོར་ལོའི་བྲིས་ནས་མཆེ་བས་ཟིན་པ་ལ་བསྟན་པར་བྱའོ།། སློང་བར་བྱེད་པ་ནི་སད་པར་བྱེད་པའོ།། རིམས་ལ་སོགས་པའང་ཆོ་ག་དེ་ཉིད་བྱ་བ་བསྟན་པའི་ཕྱིར། ་རིམས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། དཔུང་བཙང་བ་བསྟན་པར་བྱ་བའི་ཕྱིར། ཟངས་མ་ཞེས་བྱ་བུ་ལ་སོགས་པ་གསུངས་ཏེ། ལུག་པ་གཡོན་པར་ཞེས་བྱ་བ་ནི་ཁུ་ཚུར་བཅང་ནས ་ཞེས་བྱ་བ་ལ་འོགཽ་ནས་འབྱུང་བ་དང་སྦྱར་རོ།། བྲི་ཞེས་བྱ་བ་ནི་ཟངས་མའི་བྱང་བུ་ལ་བླ་དང་ཡུང་བས་ཕ་རོལ་གྱི་དཔུང་གི་གཙོ་བོའི་མཽང་དང་སྤེལ་ཏེ་འཁོར་ལོ་བྲི་བའོ།། དེ་ནས་ཆུའི་ནོང་བཞག་ལོ་ཞེས་བྱ་བ་ནི ་བྱང་ཆུབུ་ཆུ་ལ་གན་རྒྱལ་དུ་བཞག་པའོ།། ཇི་ལྟར་འབྱུང་ཞེས་བྱ་བ་ལ་སོགས་པ་ནི་དེ་ནས་མེ་ཏོག་སེར་པོ་ལ་སོགས་པས་མཆོད་ལ་ཉི་མ་བདུན་དུ་ཉིན་ར་དུས་གསུམ་དུ་བསམ་གཏན་སྔོན་དུ་འགྲོ་བས ་ཡི་ལེ་བདུན་གྱི་སྔགས་བཟླས་ན་བཅིངས་པར་འགྱུར་རོ།། ཆུའི་ནང་ན་ཞེས་བྱ་བ་ལ་སོགས་པས་ནི་སླར་གྲོལ་བ་གསུངས་པ་ཡིན་ཏེ། བཅིང་བ་གྲོལ་ནི་ཆུ་ནས་བཏོན་ལ་འོ་མུས་བཀྲུས་ཏེ་ཀླུ་གནས་པའི ་མཚོར་སྦ་བར་བྱའོ།། གཡུལ་དུ་ཁུ་ཚུར་ཞེས་བྱ་བ་ལ་སོགས་པ་ལ། འདི་ནི་སྔར་ལག་པ་གཡོན་པར་འཁོར་ལོ་འདི་ཞེས་བྱ་བ་དང་སྦྱར་ཏེ། ལག་པ་གཡོན་པས་འཁོར་ལོ་བྲིས་ལ་ཁུ་ཚུར་བཅིངས་ཏེ ་གཡུལ་དུ་འཇུག་པར་བྱའོ།། ཡིད་ལ་རྟོག་ཏུ་ཟློས་བྱེད་ན་ཞེས་བྱ་བུ་ནི་ཡིད་ཀྱིས་བཟླས་པ་འམ་ངག་ཏུ་བརྗོད་པའོ།། ཡིད་ཅེས་བྱ་བའི་ད་ནི་བྲི་བཱ་དང་ཡང་འབྲལ་ཏེ། བྲི་བའང་ཡིད་ཀྱིས་བྲི་བ་འམ། བ་བླང་ལ ་སོགས་པྲས་དངོས་སུ་བྲི་བར་བྱའོ།། ཐམས་ཅད་ཅེས་བྱ་བ་ནརྀ་མཚོན་ཆུ་ཐམས་ཅད་དོ།། ལྷག་མ་ནི་གོ་སླའོ།། སྦྱོར་བ་གཞན་གསུངས་པ། ཡི་གེ་བདུན་དང་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་མ ་དྲུག་གི་ཡི་གེ་ཞེས་བྱ་བ་ནི་རྣལ་འབྱོར་མའི་གོ་ཆའི་ཡི་གེ་དྲུག་གོ། འཁོར་ལོ་དྲུག་ལ་གནས་པ་ཞེས་བྱ་བ་ནི་སྔར་བསྟན་པའི་པདྨའི་འདབ་མ་དྲུག་པ་ཡི་གེ་བདུན་དང་རྣལ་འབྱོར་མའི་གོ་ཆའི་སྔགས་དྲུག་རྩི ་བའོ།། ལག་པའི་དབུས་སུ་ཞེས་བྱ་བ་ནི་ལག་པ་གཡོན་པའི་མཐིལ་དུ་བྲི་བའོ།། དེའི་གཟུགས་གྱུར་གཟུང་ནས་ནི་ཞེས་བྱ་བ་ནི་བདག་ཉིད་རྡོ་རྗེ་མཁའ་འགྲོ་མདོག་དམར་པོར་བསྒོམས་ནཱ་སཱ་ཁུ་ཚུར་བཅད ་པའི་ལག་པའི་འཁོར་ལོ་ལས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟ་བུ་སྤྲོས་ཏེ་བསྒྲུབ་པར་བྱ་བའི་སྙིང་ག་ནས་དྲང་པར་བསྒོམ་མོ།། འགུགས་འགྱུར་ཞེས་བྱ་བ་ནི་དེ་ལྟར་ལག་པ་ལ་འཁོར་ལོ་བྲིས་པ་དང ་ཁ་ནས་སྔགས་བཟླས་པ་དང་སེམས་ཀྱི་བསྒོམ་པ་གསུམ་གྱིས་འོང་བའོ།། ཙནྡྲ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་གཞན་བསྟན་པ་ཡིན་ཏེ། ཙོནྡ་ལ་སོགས་པ་བཏགས་པ་ལས་བསྒྲུབ་པར་བྱ། ་བའི་གཟུགས་ལ་བྱ་བའོ།། འདིར་ཡང་སྔར་སྨོས་པ་ལྟར་གྷོ་ག་ལ་སོགས་པ་ལེ་གོ་རོ་ཙ་ན་ལ་སོགས་པས་འཁྲུལ་འཁོར་བྲིས་ལ་སྙིང་གར་གཞུག་པར་བྱའོ།། རབ་བསྒོམས་ནཱ་ཞེས་བྱ་བ་ནི་བསམ ་གཏན་སྔོན་དུ་འགྲོ་བས་སོ།། ལན་བརྒྱར་བཟླས་ཞེས་བྱ་བ་ནི་ཉི་མ་བདུན་དུ་ཉིན་རེ་ཞིང་བརྒྱ་བརྒྱ་བཟླའོ།། ས་བདག་ཅེས་བྱ་བ་ནི་རྒྱལ་པོའོ།། དབང་དུ་གྱུར་ནས་ནི་འགུགས་ཞེས་བྱ་བ་ནི་ཆགས་པ་བཞིན་དུ་འགུག ་པའོ།། བཅིང་བ་གསུངས་པ། རྡུལ་དེ་ཉིད་ནི་ཞེས་བྱ་བ་རྐང་རྗེས་ཀྱི་རྡུལ་ལོ།། དུར་ཁྲོད་རསོ་ལ་གཏུམས་ནས་སུ་ཞེས་བྱ་བ་ནི་རྡུལ་དེ་དང་ལྕགས་ཕྱིར་བསྲེས་ལ་དུར་ཁྲོད་ཀྱི་རས་ཀྱི་ཐུམ་པོར་བྱ་བའོ།། ལན ་བདུན་དུ་ནི་བཟླས་པར་བྱ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་མིང་ནས་གཟུང་སྟེ། དེ་ལ་ལྡན་བདུན་བཟླས་པའོ།། སྦ་བ་ནི་འཁོར་ལོ་བྲིས་པའི་ལག་པས་སའི་འོག་ཏུ་སྦས་ན་ཇི་སྲིད་འཚོའི་བར་དུ ་བཅིངས་པར་འགྱུར་རོ།། སླར་ཡང་གྲོལ་བ་གསུངས་པ། ཕྱེ་མཽ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ་གྲོ་སླའོ།། སྤྲོ་བར་བྱ་བ་གསུངས་པ། ཕྱེ་མ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ལ། སྨྱོ་བྱེད་ལྔ་ཞེས་བྱ་བ་ནི་དྷ་དྷ་རའི ་འབྲས་བུ་ལ་སོགས་པའི་ཡན་ལག་ལྔའོ།། རོའི་གསལ་བསྒྲུབ་བྱའི་མིང་བྲི་ཞེས་བྱ་བ་ནི་འཁྲུལ་འཁོར་བྲིས་པའི་རས་ལའོ།། ལན་བརྒྱ་བཟླས་ཏེ་ཞེས་བྱ་བ་ནི། སྨྱོ་བྱེད་ཡན་ལག་ལྔ་བཾ་སོ་སོར་བརྒྱ་བརྒྱ་བཟླས ་ནདེའི་འོག་ཏུ་གཅིག་ཏུ་བསྲེས་ཏེ་གཏུམས་ལ་སྦ་བར་བྱ་ཞེས་བྱ་བོར་སྦྱར་རོ།། ལྷག་མ་ནཾ་གོ་སླའོ།། སླར་གྲོལ་བ་གསུངས་པ། ཕྱུང་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་གོ་སླའོ།། རྡོ་རྗེ་སེམས ་དཔའ་ཞེས་བྱ་བ་ལ་སོགས་པའི་ཚིགསུ་བཅད་པ་ཕྱེད་སྔ་མ་ནི་སྔོར་བསྟོན་པ་བཞིན་དུ་བལྟ་བར་བྱའོ།། ད་ནི་དཔའ་བོ་དྲུག་གཱི་གོ་ཚའི་སྔགས་ཀྱི་འཁོར་ལྷོ་བསྟན་པའི་ཕྱིར། དཱི་ནས་ཞེས་བྱ་བ་ལ་སྩོགས་པ་གསུངས ་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བྱ་བ་ཐམས་ཅད་ཕྱིན་ཙ་མ་ལོག་པར་མཁྱེན་པའི་ཕྱིར་རོ།། རྡོ་རྗེ་ཞེས་བྱ་བ་ནི་རང་གི་བསྟན་པ་མི་ཕྱེད་པའི་ཕྱིར་རོ།། དཔའ་བོ་ཞེས་བྱ་བ་ནི་ཉོན་མོངས་པ་དྲུག་གོ ་གཡུལ་ལས་རྒྱལ་བའི་ཕྱིར་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའོ།། འཁོར་ལོ་གསུངས་པ་ནི་དེ་དག་གི་འཁོར་ལོ་བཀའ་སྩལ་བའོ།། གང་ཞེ་ན། ཟླ་བའི་དབུས་འགྱུར་ཞེས་བྱ་བ་ལ་སོགས་པ་སྟེ། ཟླ་བ ་ནི་ཟླ་བ་ལྟ་བུཥྚི་མུ་ཁྱུང་ཟླུམ་པོ་སྟེ། རི་མོ་གཉིས་སུ་བསྐོར་བའོ།། ཁ་དྲུག་པ་ཞེས་བྱ་བ་ནི་རྡོ་རྗེ་དེའི་ལྟེ་བར་པདྨ་འདབ་མ་དྲུག་པ་བྲི་བའོ།། སླར་ཡང་ཟླ་བ་ཞེས་བྱ་བ་ནི་ངའི་དབུས་སུ་ཡང་ཟླ་བ་ལྟ་བུའི ་རིམོ་གཉིས་ཀྱིས་བ་སྐོར་བའོ།། སླར་ཡང་པདྨ་ཞེས་བྱ་བ་ལ་ཡང་གི་སྒྲས་ནི་ཟླ་བྲ་གཟུང་བར་བྱ་སྟེ། རྡོ་རྗེའི་ཕྱི་རོལ་ཏུ་ཡང་ཟླ་བ་ལ་གནས་པའི་པདྨ་འདབ་མ་དྲུག་པ་བྲིའོ།། དེའི་དབུས་སུ་ཞེས་བྱ་བ་ནི ་ནང་རིམ་གྱི་པདྨའི་དབུས་སོ།། ལྟེ་བ་ཞེས་བྱ་བ་ནི་དེའི་ཡང་པདྨའི་ལྟེ་བར་རོ།། ཅི་ཞིག་ཅེ་ན། སོ་བོན་ཏེ་ཡི་གེ་ཧཱི་ངོ་།། བསྒྲུབ་བྱའི་མིང་དང་སྤེལ་བར་བྱཾ་ཞེས་བྱ་བ་ནི་མངོན་པར་འདོད་པའི་བསྒྲུབ་བྱའི་མང ་གྱི་ཐོག་མ་དང་ཐི་མར་ཧཱུཾ་བྲི་བྱའོ།། རྡོ་རྗེ་སོམས་དཔའ་སོགས་ཞེས་བྱ་བ་ལ་སོགས་པས་ནི་དབུས་སུ་ལྔ་པའི་གསང་སྔགས་པྲཱ་ཞེས་བྱ་བ་དང་འབྲེལ་ཏོ།། དབུས་ཀྱི་པདྨའི་ཤར་ལ་སོགས་པོའི་འདྲ་བ་མར ་ཨོཾ་ཧ་ན་མཿཧི་སཱ་ཧ་ཧུ། ཝ~ཾ་ཥ་ཌ་ཧི་ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་ཅེས་བྱ་བ་དྲུག་བྲི་བའོ།། པདྨའི་འདབ་མར་དེ་བཞིན་བཞག། རིང་པོ་དྲུག་ནི་ཡང་སྤོངས་པ། ཞེས་བྱ་བ་ནི་ཕྱི་རོལ་གྱི་པདྨའི་ཤར་ལ་སོགས་པའི་འདབ ་མ་རྣམ་སུ་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་བྱ་བའི་ཡི་གེ་དྲུག་བྲིའོ།། རྡོ་རྗེ་ཡི་ནི་ལྟེ་བར་བྲི་ཞེས་བྱ་བ་ནི་རྡོ་རྗེའི་ལྟེ་བའི་ཤར་ལ་སོགས་པ་རྣམས་སུ་ཧཱ་ཧཱུ~ཾ་ཧཱུ་ཧ་ཧཾ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་ཚིག་རྣམས་ཏེ་རིང་པོ་དྲུག ་གྲོ། ལྷག་མ་ནི་གོ་སླའོ།། གཟུང་བྱར་བྱ་ཞེས་བྱ་བ་ནི་ཞི་བའི་ལས་ལ་སོགས་པ་ཐམས་ཅད་ལ་བལྟ་བར་བྱའོ།། གུར་ཀུམ་ཞེས་བྱ་བ་ལ་སོགས་པས་ནི་སྣག་ཚ་དང་བྱང་བུ་བསྟན་པ་ཡིན་ནོ།། ལན་བདུན་དུ་ནི ་ཞེས་བྱ་བ་ལ་སོགས་པས་ནོ་གོ་ཆའི་སྔགས་འདི་སྔར་གྲངས་མང་དུ་བསྙེན་པ་བྱས་ནས་གོས་ཐ་མ་ལཾ་ལན་བདུན་བཟླས་ཏེ། གློས་ཀྱི་མཐའ་མ་ལྔ་མདུད་པ་བྱས་ནཱཾ་ཇི་སྐད་སྨོས་པ་བཞིན་དུ་བྱེད་དོ།། བཅིང་བ ་གསུངས་པ། ལྟེ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ་དེརརཱ་ནི་ཞེས་བྱ་བ་ནི་འཁོར་ལོ་སྔ་མ་ཉིད་དོ།། ཐིག་ལེས་བསྐོར་བ་ཞེས་བྱ་བ་ནི་ཐིག་ལ་དང་སྤེལ་ཏེ་བྲི་བའོ།། པ་རི་ཙ་ཏ་ཀ་ཞེས་བྱ་བ་ལ་སོགས་པས་ནི་སྣག་ཆ ་ལ་སོགས་པ་གསུངས་པ་ཡིན་ཏེ་གོ་སླའོ།། བསྒྲུབ་བྱའི་མིང་དང་ཞེས་བྱ་བ་ལ་སོགས་པ་ལ། འཁྲུལ་འཁོར་བྲིས་ནས་སྔགས་དེ་ཉིད་བསྒྲུབ་བྱའི་མིང་དང་སྤེལ་བ་ལན་སྟོང་དུ་བཟླས་པོའི་བསྙེན་པ་བྱས་ལ་དེའི་འོག་ཏུ ་བསྒྲུབ་པར་བྱ་ཞེས་བྱ་བའི་དོན་ཏོ།། སྒྲུབ་པ་གསུངས་པ་གླང་པོ་ཆེ་ཞེས་བྱ་བ་ལ་སོགས་པས། བཙངས་པས་བཅིངས་ཏེ་ནས་བྱི་བ་ནི་གནས་གང་དུ་འཁོར་བའི་སྒྲ་བྱུང་ལ་སྒྲ་གྲགས་སའི་གནས་དང་སྐུད་པ་སོ ་བོས་འཁྲུལ་འཁོར་དྲིལ་བར་བྱའོ།། དེ་ནས་སྙིང་གར་བཞུག་པའི་དུས་སུ་ཡང་མིང་དང་སྤེལ་བའི་སྔགས་བཟླ་བར་བྱའོ།། ལྷག་མ་ནི་གོ་སླའོ།། རྣལ་འབྱོར་མ་དྲུག་གི་གོ་ཆའི་འཁོར་ལོ་གསུངས་པ། མཁའ་འགྲོ་མའི་ཞེས་བྱ ་བ་ལ་སོགས་པ་སྟེ། མཁོའ་འགྲོ་མ་ཞེས་བྱ་བ་ནི་རྣལ་འབྱོར་མ་དྲུག་གོ།། ན་མཁའི་དབྱིངས་ཀྱི་ཞེས་བྱ་བ་ལ་སོགས་པས་ནི་རྡོ་རྗེ་ཕག་མོའི་རྣལ་འབྱོར་དང་ལྡན་པས་ལས་འདི་དག་བྱའོ་ཞེས་སྟོན་ཏོ།། སྟོན་ཀའི་ཟླ་ལྟར་དྷྲྀ ་མ་མེ་བྷ་ཞེས་བྱ་བཱ་ནི་ཞི་བའི་ལས་སྟོན་པ་ཡིན་ཏེ། དེས་ནཱི་འདི་ལས་ཐམས་ཅད་པ་ཉིད་དུ་སྟོན་ཏོ།། རྩིབསཾ་དེ་རྣམས་ལ་ཞེས་བྱ་བ་ནི་ཤྭར་ལ་སོགས་པའི་འདབ་མ་རྣམས་ལའོ།། ཡི་གཱ་མཆོག་ཏུ་ཕན་པ་དགོད་ཅེས་བྱ་བ་མཽ། ཨཽ ་བཾ་ཧ་ཡཽ་ཧྲིཾ་མོཾ་ཧི་ཧཱིཾ་ཧཱུ~ཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བ་ཡི་གེ་བཅུ་གཉིས་དགོད་དོ།། དེར་ལྟེ་བར་ཞེས་བྱ་བ་ནཱི་འཁོར་ལོ་དེའི་ལྟེ་བར་རོ།། ཅི་ཞིག་དགོད་ཅེ་ན། རིག་པ་ཆེན་མོའི་ཡི་གེ་ཆ་ཞེས་བྱ་བ་ནི་རིག་པ་ཆེན་པོ་ཡང་ཡིན་ལ་ཡི་གེ་ཆེན་པོ ་ཡང་ཡིན་པས་རིག་པ་ཆེན་མོའི་ཡི་གོ་ཆ་སྟེ་གོ་ཆའི་སྔགས་ཐམས་ཅད་ཡིན་ལ་དེ་བསྒྲུབ་བྱའི་མིང་དང་སྤེལ་བར་བྲི་ཞེས་བྱ་བར་སྦྱར་རོ།། སུ་ཡིས་ཞེས་ཤེ་ན། བསྲུང་བའི་རྡོ་རྗེའི་ཆོ་གཱ་རག་པ་སྟེ། བསྲུང་བའི་དོན་དུ་རྡོ་རྗེ་དྲ་བ་ལ། ་སོགས་པ་བསྒོམས་པས་སོ།། ལྷག་མ་ནི་གོ་སླའོ།། མཁའ་དབྱིངས་ཞེས་བྱ་བ་ལ་སཾ་གོས་པ་སྔར་སྤྲོས་པའི་ཚིག་རྐང་གཉིས་ཀྱི་ལྷག་མ་རྐང་པ་གཉིས་བསྟན་པའི་ཕྱིར་རྣམ་པའི་མཆོག་ཀུན་ཞེས་བྱ་བ་ལ་སོགས་པ་གསུངས ་ཏེ། དེ་དག་གི་དོན་ནི་ཆོས་ཀྱི་འབྱུང་གནས་ཀྱི་ནང་དུ་གཞལ་ཡས་ཁང་བརྩེགས་པའི་ནང་དུ་ས་བོན་ཧྲིཿལས་བདག་ཉིད་རྡོ་རྗེ་ཕག་མོའི་རྣམ་པའི་མཆོག་ཐམས་ཅད་ལྡན་པར་བསྐྱེད་ལ་མཁའ་འགྲོ ་མའི་ཚོགས་རྣམས་སྤྲོ་ཞེས་བྱ་བ་ཡིན་ནོ།། བསྒྲུབ་པ་པོའི་སྔར་བསྟན་བཞིན་ཞེས་བྱ་བ་ནི་སྔར་ཚར་བཅད་པའི་ལས་ཀྱི་འཁྲུལ་འཁོར་བསྟན་པ་བཞིན་དུའོ།། དངོས་གྲུབ་ཅེས་བྱ་བ་ལ་སོགས་པས་ནི་དེ་ཉིད་ཀྱི་ལས་གཞན ་བསྟན་པ་ཡིན་ཏེ། དངོས་གྲུབ་ཐམས་ཅད་ཅེས་བྱ་བ་ནི་ངག་གི་དངོས་གྲུབ་སྟེ། རྣལ་འབྱོར་མ་རྣམས་ཀྱིས་ཇི་སྐད་སྨྲས་པ་བཞིན་འགྱུར་བའོ།། ལས་མཆོག་ཅེས་བྱ་བ་ལ། ལས་ནི་ཆུ་དང་གོ་རོ་ཙ་ནས་བྱུག་པ་ལ་སོགས ་བའོ།། མཆོག་ནི་གྲུབ་པས་དབང་དུ་བྱ་བའི་མཚན་ཉིད་དེ་གང་གིས་ཞེས་བྱ་བ་ནི་ཀ་ར་བཱི་རོའི་མེ་ཏོག་དམར་པོའོ།། བསྒྲུབས་པ་ཙམ་གྱིས་ཞེས་བྱ་བ་ནི་ཆོ་ག་སྔོན་དུ་འགྲོ་བའི་བཟླས་པ་ཙམ་གྱིས་ཏེ། དངོས་གྲུབ་ཅེས་བྱ་བ ་ལ་སོགས་པ་ལྔ་པ་དང་སྦྱར་རོ།། ཀ་ར་དཱི་རའི་མེ་ཏོག་དམར་པོས་དབང་དུ་བྱ་དེའི་ཆོ་ལའི་ཤེས་རབ་གསུངས་པ། སྐྱེ་གཉིས་ཞེས་བྱ་བ་ལ་སོགས་པོ་སྟེ་གོ་སླའོ།། རྒྱལ་གྱི་སྦྱོར་བ་ཞེས་བྱ་བ་ནི་སྐར་མ་རྒྱལ་དང་རྒྱལ་དུ་སྦྱོར ་བ། ཁ་ཅིག་ནི་སྐར་མི་རྒྱལ་དང་གཟའ་ཉེ་མར་སྦྱོར་བའོ་ཞེས་ཟེར་རོ།། མེ་ཏོག་ད་ནི་ཞེས་བྱ་བ་ནི་མེ་ཏོག་དེ་ཉིད་དོ།། ཆུར་གནས་པ་ཞེས་བྱ་བ་ནི་སྒྲུབ་པ་ཞེས་པ་ཆུ་བོ་ཆེན་པོར་གོནས་ནས་ལན་བརྒྱ་རུ་ནོ་བཟླས་པོར་བྱ ་ཞེས་བྱ་བ་ནི་ཆུའི་ཁྱད་པར་ཏ་ལན་བཟླས་པའི་ཆུ་དང་གོ་རོ་ཙ་ནས་མེ་ཏོག་ལ་བྱུག་པའོ།། སྒྲུབ་པོ་ཤིན་ཏུ་མཉམ་གཞག་པ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོར་བསྒོམ་པའོ།། ཆུ་བོ་ཆེན་པོར་ཞེས་བྱ་བ་ནི་ཆུར་གནས་པ་ཞེས ་བྱ་བའི་བཤད་པ་ཡིན་ནོ།། ལག་པ་ཐལ་སྦྱར་ཞེས་བྱ་བ་ལ་སོགས་པས་ནི་སླར་ཡང་སྐྲ་ར་མ་རྒྱལ་གྱི་ཉིན་པར་ཆུ་བོ་ཆེན་པོར་ཞུགས་ཏེ། ཐལ་མོ་སྦྱར་བའི་དབུས་སུ་ཆུ་ཅུང་ཟད་དང་བཙོས་པའི་མེ་ཏོག་དེ་ཉིད་ལ ་གོ་ཆའི་སྔགས་ལན་སྟོང་དུ་བཟླས་པར་བྱ་སྟེ། འདིར་གྲངས་ནི་བསྒྲུབ་པའི་གྲོགས་མཆོག་གིས་བགྲང་འཕྲེང་མཛུབ་མོས་བགྲང་བས་གཟུང་བར་བྱ་སྟེ། སྒྲུབ་པའི་གྲོགས་ཀྱིས་ཀྱང་སྔགས་བཟླ་བར་བྱའོ།། ཡིད་ཀྱིས ་འགུགས་ཞེས་བྱ་བ་ནི་ཡིད་ལ་བརྗོད་པ་ཙམ་གྱིས་སོ།། ལྷག་མ་ནི་གོ་སླའོ།། ཡང་འགུགས་པ་འབའ་ཞིག་གི་ལས་གསུངས་པ་ཀ་ར་བཱི་རའི་ཞེས་བྱ་བ་ལ་སོགས་པ་ལ། ལྕུག་མའི་ཙེ་ཏོ་ལ་གནས་པ་ཉིད་ལ་རིག་པ ་ལན་བདུན་བཟླས་ནས་དེའི་འོག་ཏུ་གཟུང་ནས་ནི་ཞེས་བྱ་བ་དང་སྦྱར་རོ།། མེ་ཏོག་ད་ནི་ཁ་སྦྱར་ན་ཞེས་བྱ་བ་ནི་མེ་ཏོག་གི་འདྲབ་མ་ཁ་སྦྱར་བའོ།། ཁ~ཾ་ཅིག་ནི་གཅིག་གི་ནང་དུ་གཅིག་ཞུགས་པའོ་ཞེས་ཟེར་རོ།། གཞན ་དག་ནི་མེ་ཏོག་སྐྱེས་གནས་སུ་བཅུག་ནས་སྙོམས་པར་འཇུག་པས་ཁ་སྦྱར་རོ་ཞེས་ཟེར་རོ།། བསད་པའི་གནས་ཞེས་བྱ་བ་ནི་སྐྱེ་གནས་ཞེས་བྱ་བའི་བཤད་པ་ཡིན་ནོ།། ལྷག་མ་ནི་གོ་སླའོ།། ད་ནི་རྡོ་རྗེ་ཕག་མོའི་རྣལ ་འབྱོར་གྱི་སྦྱོར་བ་གཞན་བསྟན་པར་གཞང་ནས་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་བྲིས་པ་ཙམ་གྱིས་ནི། དངོས་གྲུབ་མངོན་སུམ་སྟེར་འགྱུར་པ།། བཤད་པར་བྱ་ཞེས ་བྱ་བ་དང་འབྲེལ་ཏོ།། རྡོ་རྗེ་སེམས་དཔའ་བརླག་པར་འགྱུར་ཞིང་ཞེས་བྱ་བ་ནི་མཐུའི་བདག་ཉིད་སྟོན་པ་ཡིན་ནོ།། མངོན་སུམ་ཞེས་བྱ་བ་ནི་སྦྱོར་བ་ལས་བྱུང་བའོ།། ཟླ་བའི་དབུས་འགྱུར་རྡོ་རྗེ་སྟེ་ཞེས་བྱ་བ་ལ་སོགས ་པཔོས་ནི་མཁའ་འགྲོ་མའི་རྣལ་འབྱོར་གསལ་བར་སྟོན་པ་ཡིན་ནོ།། མཁའ་འགྲོ་མའི་ས་བོན་དགོད་ཅེས་བྱ་བ་ལ་སོགས་པས་ནི་གོ་ཆའི་སྙིང་པོ་དགོད་པ་སྟོན་ཏོ།། ལས་ཀྱི་བྱེ་བྲག་གིས་བསམ་པོའི་ཁྱད་པར ་གསུངས་པ། ཞི་བ་ཞི་བའི་ཡིད་ཀྱིས་བྱ་ཞེས་བྱ་བ་སྟྭཾ། དེ་ལྟར་གཞན་དག་ཀྱང་བལྟ་བར་བྱའོ།། གོས་ཚོན་ཞེས་བྱ་བ་ནི་དུར་ཁྱོད་ཀྱི་རས་ལ་ཏེ། འདི་ནི་བསད་པའི་ལས་ལ་སོགས་པ་དང་སྦྱར་རོ།། ཚོགས་པ་ཞེས ་བྱ་བ་ནི་དབང་དང་དགུག་པའོ།། བཙི་བ~ཾ་ཡང་སེར་པོ་དང་སྦྱར་རོ།། དེ་བཞིན་ཞེས་བྱ་བས་ནི་ཞི་བ་ལ་ནི་དཀར་པོ་གཟུང་ལ་མངོན་སྤྱོད་ཀྱི་ལས་ལ་ནི་སྔོན་པོར་གཟུང་བར་ཤེས་པར་བྱའོ།། དེ་དང་དར་ནི་བསྒོམས་བྱས ་ནས་ཞེས་བྱ་བ་ནི་ལས་ཇི་ལྟ་བ་བཞིན་དུ་བསམ་གཏན་བྱས་ནས་སོ།། ཅི་རིགས་པར་ནི་སྤྲུལ་བར་བྱ་ཞེས་བྱ་བ་ནི་སྣག་ཚ་ལ་སོགས་པ་ལས་དང་མཐུན་པར་ཉམ་སུ་བླང་བའོ།། བྲི་བོ་གསུངས་པ། བུ་མོ་ཞེས་བྱ་བ་ལ ་སོགས་པ་ལ་བུ་མོ་ནི་ལང་ཚོ་མ་ཉམས་པ་སྟེ། དེའི་རོའི་གོས་གཟུང་བར་བྱའོ།། དེ་ཉིད་ལས་བྱུང་སོལ་བ་ཡིས་ཞེས་བྱ་བ་ནི་བུ་མོ་དེ་ཉིད་ཀྱི་རོ་བསྲེགས་པའི་སོལ་བས་སོ།། སྣ་ཚོགས་རྡོ་རྗེ་ཁ་བཞི་ལ། སྔགས་དང་སྐལ ་བར་བྲིས་ནས་ནི་ཞེས་བྱ་བ་ནི་འཁྲུལ་འཁོར་གྱི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་སྒྲོལ་བའི་སྔགས་བྲི་བའོ།། ད་ནི་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་ལུས་སོ།། རྣམ་པ་གཞན་གསུངས་པ། དེའི་རྐང་པའི་རྐང ་སྦུབས་དང་ཞེས་བྱ་བྱ་ལྀ་སོགས་པ་ལ། དེའི་ཞེས་བྱ་བ་ནི་བྱ་མ་དེ་ཉིད་ཀྱིའོ།། བུམ་པ་ལ་སོགས་དག་ཀྱང་རུང་ཞེས་བྱ་བ་ལ་བུམ་པ་ནི་དུར་ཁྲོད་ཀྱི་བུམ་པའོ།། རུས་པའི་ཕུར་བུ་ཞེས་བྱ་བ་ནི་རྐང་པའི་རྐང་ཞེས་བྱ་བའི་བཤད་པའོ།། ་འདིས་ནི་འཁྲུལ་འཁོར་ལྔ་པ་ཉིད་བུ་མོ་དེ་ཉིད་ཀྱི་རྐང་པའི་བུ་གུ་འམ། དེ་ཉིད་ཀྱི་རོའི་བུག་པར་བཅུག་སྟེ། གང་གི་ཁྱིམ་སྒོར་སྦས་པ་དེ་ཇི་སྐད་སྨོས་པ་བཞིན་དུ་འགྱུར་བ་ཡིན་ནོ།། ལུས་རྣམས་ཀུན་ལ་ཞེས་བྱ་བ་ལ ་སོགས་པ་ནི་གཞུང་ཉེ་བར་བསྡུ་བ་བསྟན་པ་ཡིན་ཏེ། ལས་རྣམས་ཀུན་ཞེས་བྱ་བ་ནི་འདས་མ་ཐག་པའི་ལས་རྣམས་སོ།། ཆོ་ག་དང་ནི་ལྡན་པར་བྱ་ཞེས་བྱ་བ་ལ་ཚེ་ག་ནཱི་སྔར་སྨོས་པའི་བྱི་བ་ལ་སོགས་པའོ།། ལྗོན་པ་ནི། ་དེ་དང་ལྡན་པ་སྟེ། བླ་མ་ལས་གཟུང་བའི་སྔགསང་སྔགས་ཀྱིས་སོ།། རང་གིས་གཟུང་བའི་སྔགས་ཀྱིས་ནི་ཞེས་བྱ་བ་ནི་སློབ་དཔོན་མེད་པར་གཟུང་བའོ།། ལས་འདི་ཞེས་བྱ་བ་ལ་སོགས་པས་འདིར་བསྟན་པའི་སྔགས ་རྣམས་ཀྱི་ཆེ་བྱ་བསྟན་པ་ཡིན་ཏེ། འདི་ཞེས་བྱ་བཱ་ནི་ཀ་ར་ཀཱ་རཱ་ལ་སོགས་པའི་སྔགས་འདི་དག་གོ། ལྷག་མ་ནཱི་གོ་སླའོ།། གང་དང་གླང་གི་བསམ་གཏན་གྱི་ཞེས་བྱ་བ་ནཱི་ཞི་བ་ལ་སོགས་པ་དང་མཐུན ་པའི་ཏིང་ངེ་འཛིན་གྱིས་སོ།། སྦྱོར་བ་དེ་དང་དེ་དག་གི་ཞེས་བྱ་བ་ནི། དཀར་པོ་ལ་སོགས་པའི་སྦྱོར་བས་སོ།། དེ་གཉིས་ཀའི་དཔེ་གསུངས་པ། ཇི་ལྟར་ནོར་བུ་དག་པ་ནི་ཞེས་བྱ་བ་ལ་སོགས་པ་སྟེ། ནོར་བུ་དག་པ་ནི ་ཤེལ་སློང་དྲི་མ་མེད་པའོ།། རྫས་གླང་ལ་ཞེས་བྱ་བ་ནི་སྣམ་བུ་ལ་སོགས་པའི་རྫས་ལའོ།། བ་སྟན་པ་འདི་ཉིད་བཤད་པའི་ཕྱིར། བསམ་པ་གང་དང་གང་གས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། ་ད་ནི་རྒྱུད་འདི་ཉིད་ཀྱི་ཆེ་བ་བསྟན་ཅིང་། གཞན་དག་ཏུ་དེ་ཁོ་ན་སྦས་པར་བསྟན་པའི་ཕྱིར། དེ་ཉིད་བསྡུས་ངང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སོགས་ཀྱིས་ནི་དཔལ་མཆོག་དང་པོ་ལ་སོགས་པ་གཟུང་ངོ་།། ་གཞན་ཡང་སྔོན་དང་ཐ་མའི་ཞེས་བྱ་བ་ནི་གང་ཞིག་སྔར་བཤད་པ་དང་། ཕྱིས་འཆད་པར་འགྱུར་བའི་རྒྱུད་ཐམས་ཅད་དོ།། ཅི་འདྲ་ཞེ་ན། དེ་ཉིད་ཅེས་བྱ་བ་སྨོས་ཏེ། དེ་ཉིད་ཅེས་བྱ་བ་ནི་སྔགས་ཀྱི་དེ་ཁོ་ན ་ཉིད་དོ།། སྦྱོར་བ་ཞེས་བྱ་བ་ནི་འཁོར་ལོ་བྲོ་བ་ལ་སོགས་པའོ།། ཆོ་ག་ནི་ཞི་བ་ལ་སོགས་པའི་ལས་སོ།། བྱ་བ་ནི་ཉམས་སུ་བླང་བའི་སྒྲུབ་ཐབས་ཏེ། དེ་དག་དང་ལྡན་དུ་ཟིན་ཀྱང་མ་ནི་ངག་ཤིན་ཏུ་སྦས་པའི་རྒྱུད ་དེ་དག་གིས་ནི་སྒྲུབ་པ་པོ་ཉོན་མོངས་པར་འགྱུར་རོ།། འགྲོ་བ་ཞེས་བྱ་བ་ནི་སྒྲུབ་པ་པོའི་སྐྱེ་བོ་རྣམ་སོ།། ཇི་སྲིད་དུ་ཞེ་ན་མའི་འཇིགས་གི་བར་ཞེས་བྱ་བ་སྟེ། ཛ་སྲིད་དུ་ནི་མའི་བསྐལ་པས་འཇིག་རྟེན་ཞིག་པ་ལ་ཐུག་གི་བར་དུ ་བསྒྲུབས་ཀྱང་མི་འགྲུབ་པའོ།། ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་ནི་སྔས་པ་སྟེ། དེ་ཁོ་ན་ཉིད་ཀྱི་མན་ངག་དང་བྲལ་བའི་ཕྱིར་རོ།། ཕ་རོལ་ཞེས་བྱ་བ་ནི་རྒྱུད་གཞན་དག་གོ།། བརྩོན་འགྲུས་འཇོམས་པ་ཞེས་བྱ་བ་ནི ་བརྩོན་འགྲུས་དང་ལྡན་པ་ཡང་འབྲས་བུ་མེད་པའོ།། ཡང་ན་བརྩོན་འགྲུས་ནི་རྒྱུད་དེ་དགུ་ལ་བརྩོན་པའོ།། ཕ་རོལ་ནི་ཕྱི་རོལ་གྱི་ཐེག་པ་ལ་ཞུགས་བྱའོ།། གནོན་པ་ནརྀ་དེ་དག་གི་བླ་མར་གྱུར་པ་སྟེ། རྒྱུད་ཀྱི་རྒྱལ ་པོ་འདིའོ།། ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུང་ས་ཏེ། རྡོ་རྗེ་སེམས་དཔའ་མཚུངས་པ་ནི་ཡོན་ཏན་དུ་མ་དང་ལྡན་པའོ།། སུ་ཞིག་ཅེ་ན། རྡོ་རྗེ་སློབ་དཔོན་ཏེ་རྒྱུད་འདྲིའི་རྣལ་འབྱོར་པཱ ་ཆེན་པོར།། བདག་ཉིད་ཆེ་ཞེས་བྱ་བ་ནི་མཐུ་ཆེན་པོའོ།། ཅིའི་ཕྱིར་ཞེ་ན། དངོས་གྲུབ་མྱུར་དུ་སྐྱེ་འགྱུར་བ་ཞེས་བྱ་བ་སྟེ། དངོས་གྲུབ་དང་མཐུན་པའི་མེན་ངག་སྟེར་བའི་ནུས་པ་ཡོད་པའི་ཕྱིརདེ་ཉིད་བཤང་པོའི་ཕྱིར།། ་འཕྲལ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཕྲལ་དུ་ཞེས་བྱ་བ་ནི་ཚེ་འདི་ལའོ།། ཉོན་མོ་མོངས་པ་ཞེས་བྱ་བ་ནི་ཚེགས་མེད་པར་རོ།། དེས་འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལ་སོགས་པར་ཤིན་ཏུ་ཡུན་རིང་པོ་མོར ་འབྱུང་བ་དང་བཅས་པས་བསྒྲུབས་ཀྱང་མ་གྲུབ་པ་དེ་འདིར་ཚྭ་འདི་ཉིད་ལ་བདེ་བླག་ཏུ་འགྲུབ་པར་སྟོན་ཏོ།། ཕྱག་རྒྱའི་སྦྱོར་བ་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར་གྱིསོ།། འོན་ཀྱང་དམ་ཚིག་དང་ལྡན་པར་བྱའོ་ཞེས ་བསྟན་པའི་ཕྱིར། དམ་ཚིག་མི་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ནས་ཞེས་བྱ་བ་རྣལ་འབྱོར་པ་མཁའ་འགྲོ་མ་རྣམས་ཀྱིས་གསོད་པའོ།། ངན་འགྲོ་ཞེས་བྱ་བ་ནི་མྱནར་མེད་པ་ལ་སོགས་པའོ།། ཡང ་གསུངས་པོ། གཡོན་གྱི་ཞེས་བྱ་བ་ལ་སོགས་པ་ལ། གཡོན་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་སོ།། རྒྱུད་ནི་དེའི་རྣལ་འབྱོར་ཏེ། དམིགས་པ་ནི་བསྒྲིམས་པས་སོ།། ཡང་ན་གཡོན་ཞེས་བྱ་བ་ནི་བཟློག་པ་སྟེ། བྱ་རོག་དང་ཁྱི་ལ་སོགས་པའོ།། ། ་རྒྱུང་ནི་ཚོགས་ཏེ་དམིགས་པ་ནི་དེ་རྣམས་ཀྱི་ཤའི་སྟོན་མོ་ལ་ལོངས་སྤྱོད་པའོ།། སྐྱེ་བོ་ཞེས་བྱ་བ་ནི་རྣལ་འབྱོར་པོའོ།། ཐམས་ཅད་གཡིན་ནས་སྤྱོད་ཅེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་པོས་གཟའ་བ་དང་ཉལ་བ་དང་། ་མི་ཆོད་རྟེན་བསྐོར་བ་ལ་སོགས་པ་ཐམས་ཅད་གཡོན་ནས་བྱའོ།། ཐམས་ཅད་གཡོན་པས་ཀུན་ཏུ་བྱ་ཞེས་བྱ་བ་ལ། ཐམས་ཅད་གཡོན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ་བདག་མེད་པའོ།། ཀུན་ཏུ་ཞེས་བྱ་བ་ནི་བསྒོམ་པའོ།། ་ངེས་ཅིར་འགྱུར་ཞེ་ན། མྱུར་དུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། དཔའ་བོ་ཐམས་ཅད་ཅེས་བྱ་བོ་ལ་སོགས་པ་ལ། དཔའ་བོ་ཐམས་ཅད་དང་མཉམ་པར་སྦྱོར་དེ་ནི་རིག་པ་ཐམས་ཅད་ཀྱི་སྔགས་སོ།། འཁོར་ལོ་ནི་དེའི་འཁྲུལ ་འཁོར་ལའོ།། འབྱུང་བ་ནི་བསྟན་པའོ།། རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་བཅུ་དྲུག་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། ་ད་ནི་བཅུད་ཀྱིས་ལན་བསྟན་པའི་ལེའུ་གསུངས་པ། དེ་ནིས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་མཽ་དཔའ་བོ་ཐམས་ཅད་མཉམ་པར་སྦྱོར་བའི་འཁོར་ལོ་འབྱུང་བ་བསྟན་པའི་འོག་ཏུའོ།། ང་ལས་ཞེས་བྱ་བ་ནི་གྲང ་གི་ཕྱིར་ཞེས་བྱ་བའི་དོན་ཏོ་གང་གི་ཕྱིར་ལུས་རྒྱས་པ་མ་གཏོགས་པར་རྣལ་འབྱོར་དང་རྗེས་སུ་མཐུན་པར་མི་འགྱུར་བས་སོ།། སྙིང་པོ་ཐམས་ཅད་བསྡུས་པ་ཞེས་བྱ་བ་ནི། སྨན་རྣམས་ཀྱི་སྙིང་པོའི་ཚོགས་སོ།། སྒྲིབ་པོའི ་བདུད་རྩི་སྦྱོར་བའི་མཆོག་ཅེས་བྱ་བ་ནི་རྣལ་འབྱོར་པའི་སྦྱོར་བ་ལས་བྱུང་བའི་བདུད་རྩི་གང་ཡིན་པའོ།། ག་བུར་ཞེས་བྱ་བ་ལ་སོགས་པ་ལ། གནྡྷ་ཞེས་བྱ་བ་ནི་དྲིའི་རྐང་ངོ་།། ཀུ་སུ་མ་ཞེས་བྱ་བ་ནི་ཀུ་སུམ་པའོ།། པཱ་སི་ཏ་ཞེས་བྱ ་བ་ནི་གླ་རྩིའོ།། ཀུན་དུ་རུ་ཞེས་བྱ་བ་ནི་གྲགས་པར་ཟད།། རིའི་ཞག་ཅེས་བྱ་བ་ནི་དཔལ་གྱི་སྒོམ་པའོ།། རཱི་སྐྱེས་ཞེས་བྱ་བ་ནི་བྲག་ཞུན་ནོ།། སཱུ་གུའི་ཞོག་ཅེས་བྱ་བ་ནི་ཨུ་རུའི་ཤའོ།། དྲྀ་མར་ཀུན་ཞེས་བྱ་བ་ནི་ཛ་ན་ཏའི་མར ་འུའོ།། སོ་ཞེས་བྱ་བ་ནི་རཱ་བྱིད་དོ།། ལག་སྐྱེས་ཞེས་བྱ་བ་ནི་ཆུ་སྲིན་གྱི་སེན་མོའོ།། རྡུལ་ཞེས་བྱ་བ་ནི་དེ་གཉིས་ཀྱི་ཕྱེ་མའོ།། རྒྱ་མཚོ་ལས་སྐྱེས་ཞེས་བྱ་བ་ནི་རྒྱ་མཚོའི་དབུ་མའོ།། གངས་ཞེས་བྱ་བ་ནི་ཙནྡ་ནོ།། ་ནང་གི་ཕྱོགས་བཤད་པར་བྱ་སྟེ། ག་པཱུར་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམ་སོ།། གུར་ཀུམ་ཞེས་བྱ་བ་ནི་པདྨ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་ནོ།། དྲི་ཞེས་བྱ་བ་རྣམ་པར་སྣང་མཛད་།། གནྡྷ་པ་ཏྲ་ནི་མིག་གི་དྲི་མའོ། ་ཤིང་ཚ་ནི་པགས་པའོ།། སུག་སྨེལ་ནི་རྣཱ་སྤགས་སོ།། ཀུ་སུཾ་མ་ནི་ཁྲག་གོ། ཆུ་ནི་མི་བསྐྱོད་པའོ།། པི་སིཾ་ཏ་ནི་ཤའོ།། ཀུན་ཏུ་རུ་ནི་སྦྱོར་བ་ལས་བྱུང་བའི་མེ་ཏོག་དང་བརྩིས་པའི་བྱང་ཆུབ་ཀྱི་སེམས་སོ།། རིའི་ཞག་ནི་སྒྲ་ལས ་བྱུང་བའི་མར་ཁུའོ།། རིའི་སྐྱེས་ནི་ཀླད་པའོ།། སྦུ་གུའི་ཞག་ནི་རྐང་པའོ།། དྲིའི་མེར་ཁུ་ནི་རྣམ་པར་སྣང་མཛད་ལས་བྱུང་འིའི་མ་ཁྲོའོ།། སོ་ནས་ཉྀད་དོ།། ལག་སྐྱེས་ནི་སེན་མོའོ།། རྡུལ་ནི་དེ་གཉིས་ཀྱི་ཕྱེ་མའོ།། རྒྱ་མཚོ་ལས ་ནི་མི་བསྐྱོད་པ་ལས་བྱུང་བའི་ལན་ཚའོ།། གངས་ཆུ་ནི་སྤུ་ལས་བྱུང་བའི་ལན་ཚའོ།། སྙིང་པོ་ནི་མཆིལ་མའོ།། ཡང་གནྟ་ཞེས་བྱ་བ་ནི་མུ་ཟིའོ།། རི་སྐྱེས་ཞེས་བྱ་བ་ནི་ཀྲི་ཀར་ནི་ཙ་བའོ།། སོ་ཞེས་བྱ་བ་ནི་བཽ་བླ་སྟེ། དེ་ཡང་ཕྱིའི་ཡིན ་ནོ།། ལུས་ཅན་རྣམས་ལ་ཕན་བྱེད་པ་ཞེས་བྱ་བ་ནི་ཕན་འདོག་སྲ་པའོ།། ཙ་ཞིག་ཅེ་ན། དེ་དག་སྟེ་ཁམས་དེ་དག་གོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པོ་ལ། བཅོ་བརྒྱད་ཅེས་བྱ་བ་ནཱི་གྲངས་ཏེ། རྫ་སཽ་ཞེས་བྱ་བ་ནི་ཕྱི་ནང་གི་བདག ་ཉིད་ཅན་ནོ།། བཅུད་ཀྱི་ལེན་ཞེས་བྱ་བ་ལ། བཅུད་ནི་རླུང་དང་མཁྲིས་པ་དང་བད་ཀན་གྱི་རང་བཞིན་ནོ།། ལེན་པ་ན་མཉམ་ཞིང་འདྲེན་པར་བྱེད་པ་སྟེ། ཁམས་རྣམས་སྦྱོང་ཞིང་རྒྱས་པར་བྱེད་པས་ཞེས་བྱ་བའི་དོན་ཏོ།། ་འདི་ནི་བསྟན་པ་ཙམ་སྡེ་བཤད་པ་ནི་ལེའུ་བཞི་བཅུ་རྩ་བཞི་བདུན་པ་ལ་སོགས་པ་ལས་སྟོན་པར་འགྱུར་རོ།། འདི་རྣམས་སྤང་བའི་ཐབས་གསུངས་པ། དེ་ནས་བརྟག་པའི་ལས་དང་ནི། ཡོན་ཏན་ཡན་ལག་ཆོ་ག་བཤད།། ་ཅེས་བྱ་བ་དང་། བརྟག་པ་ཞེས་བྱ་བ་ནི་སྤྱད་པའོ།། ལས་ཞེས་བྱ་བ་ནི་སྦྱང་བའོ།། དེ་ཉིད་འདྲིས་པར་བྱས་ན་ཡོན་ཏན་ཏེ། ཡན་ལག་ནི་ཐབས་སོ།། ཅི་ཞིག་ཅེ་ན། ཙམ་པ་ལ་སོགས་པའི་རྫས་ཏེ། དེས་འདི་རྟོགས་པར ་བྱེད་པའི་ཕྱིར་རོ།། ཆོ་ག་ནི་དེའི་བྱེ་བ་སྟེ་བཤད་པའོ།། དེ་ཉིད་གཽསུངས་པ། ཙམ་པ་ཀ་དང་ཞེས་བྱ་བ་ལ་སོགས་པ་ལ། སྦྲང་རྩི་འཛག་ཅེས་བྱ་བ་ནི་མེ་ཏོག་དམར་པོ་ཞེས་གོ།། པྲྀ་ཡང་ཀུ་ཞེས་བྱ་བ་ནི་སྔོ་བསངས་སོ། ་ཀུ་སུ་མ་ནི་ཀུ་སུམ་པའོ།། འདིར་སྨྲི་ཀ་ཡང་བལྟ་བར་བྱ་སྟེ། ཇི་སྐད་ལེའུ་བཞི་བཅུ་རྩ་བདུན་པ་ལས་སྠི་ཀ་དང་ནི་རེའུ་ནུ་ཀ་ནི་ཞེས་ཟེར་བའི་ཕྱི་རི་རོ།། དེ་ལ་རེའུ་ནུ་ཀ་ནི་འབྲས་བུར་ཡང་གཏོགོས་པ་ཡིན་ནོ།། དང ་ཞེས་བྱ་བ་ནི་མ་སྨོས་པ་བཏུ་བ་ཡིན་ཏེ། གུར་ཀུམ་ཡང་གཟུང་བར་བྱའོ།། དེ་ཉིད་ཀྱིས་ན་འོག་དེ་ཉིད་ནས་བཅུ་གཅིག་སྟེ་ཞེས་བྱ་བ་ལ། གུར་ཀྲྀམ་བསྣུན་ནས་བཅུ་གཅིག་ཏུ་འགྱུར་རོ།། ཤྲཱི་པ་ལ་ཞེས་བྱ་བ་ལ ་སོགས་པ་ལ་ཤྲི་ཕ་ལ་ནི་བིལ་བའི་འབྲས་བུའོ།། པོ་སོན་ཆ་ནི་པོ་སོན་ཆའི་འབྲས་བུའོ།། ལ་གྲཝ་རྩ་ནི་དུ་ཧུའི་འབྲས་བུའོ།། ཀུ་བ་ནི་ཀུ་བ་ཁ་ན་དེའི་འབྲས་བུའོ།། བརྟི་ཀི་ནི་བཛྲྀ་ཀྲྀའོ།། མ་ར་ཙ་ནི་ཨ་བ་ཀུ་རྩི་ཞེས་བྱ་བ་ལ ་རེའུ་ནུ་ཀ་ཡང་འབྲས་བུའི་སྡེར་བལྟ་བར་བྱ་སྟེ། འོག་ནས་མེ་ཏྭོ་ཡྻཱ་གྣི་སྟེར་བསྟན་མེད་ཀྱི་ཁྱད་པར་དུ་རེའུ་ནུ་ཀུ་ལ་དང་ཞེས་བྱ་བས་བསྡུ་བ་བསྟན་པའི་ཕྱིར་རོ།། འོག་ནས་འབྲས་བུ་བཅུ་དྲུག་ཏུ ་བསྟན་མོད་ཀྱི་དོན་གྱིས་ན་བཅུ་བདུན་དུ་ཤེས་པར་བྱའོ།། དེ་ལྟར་ཤྲི་ཕ་ལ་ནས་པི་པི་ལིང་ཡན་ཚང་ནི་འབྲསོ་བུའི་སྡེའོ།། བཅའ་བ་ཞེས་བྱ་བྲྀ་ལ་སོགས་པ་ནིས་བཅུའི་བ་ནས་མཚན་མོའི་ཤིང་ཞེས་བྱ་བ་ཡ ་ཆང་ནི་རྣ་བའི་སྡེའོ།། བཅའ་བ་ལ་སོགས་པ་ནི་གྲགས་པར་ཟད་དོ།། བཅའ་སྒ་ཞེས་བྱ་བ་ནི་རཱ་ཅན་ནོ།། རུན་ཅན་གྱི་དྭེ་གནས་བྱ་བ་ནི་ཆུ་ནང་དུ་སྐྱེ་བའི་དཱ་བར་གྲགས་པའོ།། ན་ག་པཱ་ལ་ཞེས་བྱ་བ་ནི་བ་ལང་སྐྱོང་གི ་འབྲས་ཞེས་བྱའི།། དཀར་པོ་ཞེས་བྱ་བ་ནི་ཨ་པྲ་ནཱ་ཛི་ཏ་དཀར་པོའོ།། རྒན་པོ་གནྡོནོ་ནུར་བྱེད་པཱ་ནརྀ་གྲགས་པཱར་བླད་དོ།། འོག་ནརྀས་འབྱུང་བའི་བྱིས་པ་དང་སྟུག་མོ་དང་མཚན་མོའོ་ཤིང་དང་གསུམ་ཡང་རྩ ་འི་སྡེར་གཏོགས་པ་ཡིན་ཏེ། འོགྲོ་ནཱས་བ་ལ་ཀ་དང་། མཚན་མོའི་ཤིང་བཅུགཉིས་རྩེ་བའི་སྡེ་ཞེས་ཟེར་བའི་ཕྱིར་རོ།། དེ་ལ་བྱིས་པ་ནི་གྲགས་པར་ཟང་ངོ་།། སྟུག་པོ་ནི་གྲ་སྒང་ངོ་།། མཚན་མོའི་ཤིང་ནི་ཡུང་བ ་དག་པོའོ།། བྱིས་པ་དང་སྟུག་པོ་ནི་ཆུའི་སྡེར་ཡང་གཏོགས་པ་ཡིན་ཏེ། དེ་བཞིན་ཞེས་བྱ་བའི་སྒྲས་ནི་པ་སོགས་པ་མི་སྨོས་པ་ཡང་གཟུང་བ་ཡིན་ནོ།། གླང་ཆེན་སྒྲ་ཞེས་བྱ་བ་ནས། མྱུར་འགྲོ་དང་ཞེས་བྱ ་བར་དུ་ནི་རྩ་བ་དང་ཡལ་ག་ལ་སོགས་པ་དང་བཅས་པ་སྟེ་ཆུའི་སྡེའོ།། གླང་ཆེན་སྒྲ་ཞེས་བྱ་བ་ནི། དངུལ་ཆུ་གསོད་པ་ཞེས་བྱ་བའོ།། རི་མཛེས་ནི་འབྱུང་པོའི་སྐྲའོ།། འཛག་པ་ནི་རྟག་ཏུ་ངུའོ།། རལ་པ་དམར་པོ་ནི་དམར་པོ ་བསྐྲད་པ་ཞེས་བྱ་བའོ།། སྒྲོ་བྱེད་ནི་དྷ་དྷུ་རའོ།། མྱུར་འགྲོ་ནི་ཨེ་ཤ་གན་དྷའོ།། ཀ་ཏམ་པ་ཞེས་བྱ་བ་ལ་སོགས་པཾ་བརྒྱད་ནི་ཤུན་པའི་སྔའོ།། ཀཾ་ཏམ་པ་ལ་སོགས་པ་ནཽ་གྲགས་པར་ཟད་ངོ་།། ཤིང་ཀྲུ་ནི་སོ ་པནྡ་ཛའོ།། པིཾ་ལྀ་སིནྨ་བེ་ཏཽ་ཞེས་བྱི་བར་གྲགས་པའོ།། ཀུན་ཏུ་མ་ཛཾ་ཞེས་བྱ་བ་ལ་སོགས་པ་ལ་ཀ་ཏུ་མྲ་ཛཱའི་རི་ཞེས་བྱཱ་བ་ནི་ཀ་མ་ཛེ་རི་ཉིད་དོ།། བ་ལ་ཤ་ཞེས་བྱ་བ་ལ་སོགས་པ་ལ། བྱ་ལ་ཤ་ནི ་མེ་ཏོག་གི་སྡེར་བལྟའོ།། ལྷག་མ་གསུམ་ནི་སྡོང་པོའི་སྡེའོ།། བུ་རིམ་ཞེས་བྱ་བ་ལ་སོགས་པ་ལ། གུར་ཤིང་ནི་གུར་ཤིང་ལས་བྱུང་བའི་ཁུ་བའོ།། མོ་ཀཱ་ནི་པར་ཞེས་བྱི་བ་སྟེ། ཐལ་སྨན་གྱི་སྡེའོ།། པུས་ཀ། ་ར་ནི་པུས་ཀ་རུ་མུ་ལ་ཁའི་ཁུ་བ་འམ་པས་ཀ་རིའི་ཤིང་གི་ཆུའོ།། དེ་ལྟར་མོ་ཀཽ་མོ་ཀ་མོཀྵ་མ་གཏོགས་པ་ལྔའི་སྟེང་དུ་ལོ་ཏཱའི་ཁུ་བ་བསྣུན་པ་དྲུག་པོ་དེ་དག་ནི་བཅུད་ཀྱི་སྡེ་ཞེས་བྱའོ།། བསྡུས་པའི་དོན ་གསུངས་པ། མེ་ཏོག་ཅེས་བྱ་བ་ལ་སོགས་པ་སྟེ། ཤིང་ཞེས་བྱ་བ་ནི་སྡོང་པོ་སྟེ། ངོ་ཞེས་བྱ་བ་ནི་སྡེ་ཚན་ཡོངསུ་རྫོགས་པའི་ཆོག་གོ། ཁུ་བྱུག་ཅེས་བྱ་བ་ལ་སོགས་པ་ལ། ཟངས་ཀྱི་གཙུག་ཕུ་ད་ཅན་ནི་ཁྱིམ ་བྷྱའོ།། བྷ་རོག་ནི་ཏུ་རོག་ཆན་པལ། ཀ་ར་ཀ་ཪྵ་ནྟ་བྷཱུ་བྱེའུའི་ཁྱུད་པར་ཞིག་གོ།། དྲང་སྲོང་བུན་ནེ་ཙྪཿ།། སྣརུབས་འཕེལ་བར་བྱུད་ཅེས་བྱ་བ་ལ་བཅུད་ཀྱིས་ལན་ལ་དེ་དག་གིས་ཤ་ཁུ་\ུ0f7fས་ན་སྟངས ་འཕེལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ།། དེ་དག་ནི་འདབ་མ་ཅན་གྱི་སྔོའོ།། ཕྱོགས་ཀྱི་སྡེ་གསུངས་པ། ར་དྭང་རི་བོང་རིང་གིས་དང་ཞེས་བྱ་བ་ལ་སོགས་པ་ལ། རི་དགས་ཞེས་བྱ་བ་ནི་ཤཱ་རིགསུ་གཏོགས་པ་རྣམསོ།། ་ཕག་ཅེས་བྱ་བ་ནི་ཕག་གི་ཁྱད་པར་ཞིག་སྟེ། བ་སི་ཡེ་ཀ་ཞེས་བྱ་བར་གྲགས་པར་ཟད་པའོ།། ལྷག་མ་ནི་གོ་སླ་སྟེ་ཤའི་སྡེའོ།། མེ་ཏོག་ཅེས་བྱ་བ་ལ་སོགས་པས་ནི་ཆང་གི་སྡེ་གསུངས་པ་ཡིན་ཏེ། མེ་ཏོག ་ཅེས་བྱ་བ་ལྀ་སོགས་པས་ནི་ཆང་ཞེས་བྱ་བ་དང་སྦྱར་རོ།། དེ་ལ་མེ་ཏོག་གི་ཆུང་ནི་ཏཱ་ལའི་མེ་ཏོག་ལ་སོགས་པ་ལས་བྱུང་བའོ།། འབྲས་བུའི་ཚོང་ནི་རྒུན་འབྲུའི་ཁུ་བ་ལ་སོགས་པའོ།། ཤུན་པའི་ཆང་ནི ་ཤིང་ནུན་དང་འབྲས་ཅན་དུ་བསྲེས་པ་ལས་བྱུང་བ་སྟེ་ཛི་པོའོ།། འབྲུའི་ཆུང་ནི་གོ་བ་ཟད་དོ།། གཞན་ཡང་ཆང་གི་བྱེ་བྲག་ཅེས་བྱ་བ་ནི་བུར་ཤིང་གྲི་ཁུ་བའི་ཆང་དང་ཟན་ཆུང་ལ་སོགས་པ་གཟུང་ངོ་།། མདོ ་བསྡུས་ནས་ཞེས་བྱ་བ་ནི་ཤིན་ཏུ་བསྡུས་པ་སྟེ། རྒྱས་པ་ནི་འོག་ནས་སྟོན་ཏོ།། འདི་དག་ཅེས་བྱ་བ་ནི་ཆང་རྣམས་སོ།། སྨན་ཞེས་བྱ་བ་ནི་ནད་ཀྱི་མཐུ་འཇིག་པའི་ཕྱིར་རོ།། དེ་དག་ཇི་ལྟར་བསྟེན་པར་བྱ་བ ་གསུངས་པ། བཀའ་བ་དང་ཞེས་བྱ་བྲ་ལ་སོགས་པ་སྟེ་གྲྀ་སྐྲའོ།། དྲུག་སུརྩ་བ་ནི་ཞེས་བྱ་བ་ནི་མེ་ཏོག་ཙམ་པ་ཀྲཱ་ན་ས་བྷི་བུའི་ཤའི་བར་གྱི་རྩཝ་ས་རྣམས་སོ།། བཅོ་བརྒྱད་ཅེས་བྱ་བ་ནི་གཱ་པུར་ནས་སྟོང་པའི་བར་ནྱ ་རྫས་རྣམས་སོ།། དྭེ་རྣམས་ཀྱིས་ཇི་ལྟར་ཕན་གདགས་ཤེ་ན། སྦོམ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྦོམ་པོ་ནཱི་མཆོག་གོ། ཕྲ་མོ་ནིནཾ་ཐ་མའོ།། ཙ་ཞིག་ཅེ་ན། སྐྱེས་པ་དང་ནི་བུད་མེད་ཀྱང་སྟེ། ན་སྭ་དང ་མ་དྲོད་ལ་སོགས་པའི་བྱེ་བྲག་གིས་མཆོག་དང་ཐ་མ་དང་དོན་གྱིས་ན་བར་མ་དངོ་གསུམ་དུ་གཟུང་བར་བྱ་སྟེ། སྒྲུབ་པ་པོའི་བྱེ་བྲག་དེ་ལྟར་གསུམ་དུ་ཤེས་པར་བྱས་ནས་རྫ་རྗེས་ཀྱི་ཚད་ཆ་ཆུང་རྣམ་པ་གསུམ་གྱིས ་སོ་སོར་ཕན་གདགས་པར་བྱའོ།། ང་ཡང་འདི་ལྟ་སྟེ། ཐ་མ་ལ་ནཱི་སྲང་གཉིས་ཏེ།། བར་ལ་མ་ལ་ནི་དེ་བཞི་ན་བཞི། མཆོག་ལ་སྦྱང་ནི་རྣམ་པ་དྲུག། སྨོན་མཱར་དག་ནི་བསྐོལ་བར་བྱ་ཞེས་པ་ལྟ་བུའོ།། དེ་བཞིན ་དུ་ནུང་རྣམས་ཀྱང་ཆུ་འབྲིང་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རླུང་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། དྲི་ལྟར་ན་རྫུ་སྱེ་དེ་རྣམས་ཀྱིས་ནང་གསལ་བ་འབའ་ཞིག་ཏུ་མ་ཟད་ཀྱི་རྣལ ་འབྱོར་མ་རྣམས་ཀྱིས་སྒྲུབ་པ་པོའི་ཐ་མལ་པའི་དབྱེ་བོ་སྦོམ་པོ་དང་བར་པ་དང་། ཕྲ་མོ་རྣམས་ལ་ཚེ་སྤེལ་བ་ལ་སོགས་པའི་ཕྱིར་ཡང་ཅི་རིགས་པའི་སྦྱོར་བས་ཕན་གདགས་པར་བྱའོ།། སོགས་ཀྱིས་ཆུ་སར་ལ ་སོགས་པ་གཟུང་བཱར་བྱཱ་ཞེ་སྟེ། རླུང་ལ་སོགས་པ་དེ་དག་འཕེལ་འབྲིར་གྱུར་པ་ཉིད་ནང་ཡིན་ནོ།། དེ་ལ་གང་བ་དང་། ཞོམ་པ་དང་། གཟུང་བ་དང་། བསྐྱོད་པ་དང་། འབུང་བ་རྣམ་པ་ལྔ་ནི་རླུང ་མཚན་ཉིད་དོ།། ཆགས་པ་དང་། དྲོད་དང་། གཊཱི་བཛྲ་དེ་དང་། དྲི་མཻ་དང་། མེ་དྲོད་སྐྱེས་པར་བྱེད་པ་ནི་མཁྲིས་པའི་མཚན་ཉིད་དེ།། ཚིགས་སྦྱར་བ་དང་མཆིལ་སྣབས་དང་སྣུམྦྷ་པ་དང་། ལྕི་བ་དང་། བརྟན་པར་བྱེད་པ་ནི ་བད་ཀན་གྱི་མཚན་ཉིད་དོ།། ཚིམ་པར་བྱེད་པ་ནི་ཁྲག་ཆུ་སེར་རོ།། འཚོ་བར་བྱེད་པ་ནི་ཁྲག་གོ། ཤཱ་ནི་ཕྱི་རོལ་བརྟན་པར་བྱེང་པའོ།། ཚིལ་གྱིས་སྣུམ་པའོ།། མཁྲང་ཞིང་འ་ཛྙཱ་ན་པ་ནི་རུས་པའོ།། སྦུ་གུའི་ནང་འགེངས་པ་ནི ་རྐང་ངོ་།། ཉམས་སྟོབས་འཕེལ་ཞིང་སྒེགཽ་པ་ནི་ཁུ་བོའོ།། ཆུ་སོ་ནི་གནས་གཟེར་བར་བྱེད་པ་ནི་གཅི་བའོ།། ཞུ་བའི་གནས་ནུ་གནས་ཤིང་མེ་དང་། རླུང་གི་ཟུང་སྟེ། ཚིམ་པར་བྱེད་པ་ནི་བཤང་བའོ།། པགས་པ་བརྟན་པར་བྱེད་པ་ནི ་རྡུལ་ལོ།། ཁ་ཊཱ་ས་ལེན་པ་ནི་སྙིང་པོའོ།། ནཱ་མ་མཁྲང་ཞིང་འཕྲོག་པར་བྱེད་པྲཱ་ནི་ནུ་མ་ཅོན་ནེ།། ལུས་ཟུངས་རྔོན་དྲུག་པ་ཕྲ་མོས་ནི་མེ་འབར་ཞིང་སྲོག་འཛིན་པ་སྟེ། དེ་དག་ནི་རླུང་ལ་སོགས་པ་ལུས་ཟུངས་བཅུ་དྲུག་གི་མཚན་ཉིད ་དེདི། དེ་དག་འབྲི་བ་དང་། འཕེལ་བ་མི་མཐུན་པར་གནས་པོ་ལས། འབྲི་ཞིང་ཟད་པ་བཤད་པར་བྱ་སྟེ། དེ་ལ་རླུང་པི་བས་ནི་སྨྲ་ཉུང་བ་དང་། ཡན་ལག་ཉམ་ཆུང་བ་དང་སེམ་ས་བླུན་ཞིང་རྨོངས་བག་ཏུ་འགྱུར་རོ།། མཁྲིས ་ཤྲཱི་བས་ནི་ཕྱིའི་དྲོང་ཆུང་བ་དང་། ནང་གི་མེ་དྲོང་ཉམས་པ་དང་། མདངས་མེད་པར་འགྱུར་རོ།། བང་ཀན་བྲིས་པས་ནི་ཁོང་ཚ་བ་དང་སེམས་འཕྱར་བ་དང་། ཁོང་སྒྲུ་བ་དང་། རྩ་རྣམས་སྟོང་པར་འགྱུར་རོ།། ཆུ་སེར་བྲི་བས་ནི་ལུས་སྐེམ་ཞིང ་སྙིང་གར་འཆུ་བ་དང་། འདར་བ་དང་ཁ་ཟས་ཡི་གར་མི་འོང་བར་འགྱུར་རོ།། ཁྲག་ཟད་པས་ནི་ལུས་ཀྱི་མདངས་ཉམས་པ་དང་ཕགས་པ་སྐེམས་པ་དང་། རྩ་ལྷོང་པ་དང་སེམས་བྱིང་བར་འགྱུར་རོ།། ཤ་ཟད་པས་ནི་སྐབ་ཆོས་དང་བརླ ་དང་དཀུ་ན་བ་དང་སྐྱུག་བྲོ་ཞིང་སྐྱེམ་པར་འགྱུར་རོ།། ཚིལ་ཟད་པས་ནི་མཆི་མ་འཕེལ་ཞིང་ཚགས་འཕྱོག་པ་དང་། ཁོང་སྒྱེ་བཱ་དང་ཤ་ལྷོད་པར་འགྱུར་རོ།། རུས་པ་ཟད་པས་ནཽ་རུ་ཤིང་ནེ་བ་དང་། སོ་དང་སེན་མོ་མདངས་མེད་ཅིང ་འགྲུགས་པར་འགྱུར་རོ།། རྐང་ཟད་པས་ནི་ཁུ་བ་ཉུང་བ་དང་། རོ་རྒྱུ་བ་ན་ཞིང་རུས་ཞིང་འཁོལ་བ་ཡིན་ནོ། ཁུ་བ་ཟད་པས་ནི་ཆུ་སོན་དང་ཕོ་ཉ་མཚན་ན་ཞིང་འདོད་པ་སྤྱོད་མི་ནུས་པ་དང་ཁུ་བ་ཡུན་རིང་པོ་ཞིག་ནས་འབྱུང་བ་དང་། ཁུ་བ ་པྲ་ཞིང་ཁྲག་ཏུ་སྣང་བའོ།། གཅི་བ་ཟད་པས་ནི་ཆུ་སེ་ཀསྟེ་གཟེར་བ་དང་། གཅི་བ་ཉུང་བར་སྣང་ངོ་།། བཤང་བ་ཟད་པས་ནི་སྙིང་ག་དང་རྩིབས་ལོག་སུ་ཟུག་ཅིང་དབུགས་མི་བདེ་བ་དང་། དཀུ་འབྱར་བ་ཡིན་ནོ།། རྡུལ་ཟད་པས་ནི་བ་སྐྱ ་ལངས་པ་དང་ཕིགས་པ་ཚོར་བ་ཆུང་བར་འགྱུར་རོ།། སྙིང་པོ་ཟད་པས་ནི་ལྟོ་འཕར་བ་དང་ལུས་ཕྲ་བ་དང་དཀུ་ཟད་པར་འགྱུར་རོ།། ནུ་མ་ཅན་ཟད་པས་ནི་ནུ་མ་ཉམས་ཞིང་ན་བར་འགྱུར་རོ།། ལུས་ཟུངས་ཕྲ་མོ་ཟད་པས་ནི་དབང་པོ་མི ་གསལ་བ་དང་། རླུང་ཉམས་པར་འགྱུར་རོ།། ཡིད་གཞུངས་ཤིང་མེ་དྲོང་བསྐྱེད་པའི་ཕྱིར། དེ་ལྟར་རླུང་ལ་སོགས་པ་ལུས་ཟུང་ས་ཕྲ་མོའི་མཐར་ཐུག་པ་དེ་དག་གི་ཟད་པའི་སྐུ་གནས་དང་། ཡིད་གཞུངས་ཤིང་མ་དྲང་བསྐྱ ་པའི་ཕྱིར་དེ་དག་སྦྱོང་བར་བྱེད་པའི་རྫས་བཤད་པར་བྱ་སྟེ། དེ་ལ་གསལ་བ་དང་། སྐྱེ་བ་དང་ཡང་པོ་དང་། རྩུབ་པ་དང་མཁྲེགས་པའི་ཡོན་ཏན་དང་ལྡན་པ་རྣམས་ནི། རླུང་གི་ཐུ་ན་མོངས་པ་སྐྱེ་གནས་ཏེ། དེ་དག་ཀྱང་རོ་བསྐ ་བ་དང་སྦྱར་རོ།། དེ་ཡང་གསིལ་བས་ནི་བསིལ་བ་མངོན་པར་སྤེལ་བྱའོ།། ཞིན་ན་།། ཡང་བ་ལས་ནི་ཡང་བར་རོ།། རྩུ་བུ་པ་ལས་ནི་རྩུབ་པར་རོ།། མཁྲེགས་པ་ལས་ནི་མཁྲེགས་པར་རོ།། དེ་ལ་རྣོ་བ་དང་། སྒྱུ ་དང་། ཡང་བ་དང་། བརྩུབ་པའི་ཡོན་ཏན་རྣམས་ནི་མཁྲིས་པའི་ཐུན་མོངས་ཀྱི་སྐྱེ་གནས་ཏོ།། རོ་ནི་ཚ་བ་དང་སྦྱར་རོ།། དེ་ཡང་རྣོ་བ་ལས་ནི་རྣོ་བར་རོ།། སྐྱེ་བ་ལས་ནི་སྐྱེ་བར་རོ།། རྩུབ་པ་ལས་ནི་རྩུབ་པར་རོ།། དེ་ལ་མངར་བག་དང ་སྣམ་བག་དང་། ལྕི་བ་དང་། བསིལ་བ་དང་། སྤྱི་བག་གི་ཡོན་ཏན་ཅན་རྣམས་ནི་བོང་ཀན་ཅན་གྱི་སྐྱེ་གནས་ཏེ་རོ་ནི་མངར་བ་དང་སྦྱར་རོ།། དེ་ཡང་མང་རོ་བྲག་གིས་ནཽ་མཱངར་བག་ཅན་ནོ།། སྣུམ་པས་ནི་སྣུམ་པར་རོ།། ལྕི་བ་ལས་ནི ་ལྕི་བར་རོ།། བསིལ་བ་ལས་ནི་བསིལ་བར་རོ།། སྤྱི་བག་ལས་ནི་སྤྱི་བག་ཅན་དུ་བྱའོ།། ད་ནི་མི་མཐུན་པའི་སྐྱེ་གནས་བཤད་པར་བ་སྟེ། དེ་ལ་རོ་ཚ་བ་ནི་བང་ཀན་གྱི་མི་འཐུན་པ་སྟེ། རྣོ་ཚ་བིས་མངར་བའི་རོ་ཟིལ་གྱིས་གནོན ་ས་དང་ནས་བྱ་བ་ཊཱི་ཡ་ཤཱ་མ་ན་ཡས་ས་རུ་བའི་བྱེ་ན་ལ། བྷ་དྲུང་གི་མི་མཐུན་པའི་བྱེ་གནས་ནི་མ་བ་མ་སོགས་པ་སྟེ། ས་ན་མས་ཀྱིས་བྱིར། མབྲིས་ས་འ་བ། དེ་ཡང་གསུ་ལ་པ་མ་པ་པ་སྦྱ་པ་ཡང་ས་རྩཝནི་ཡོམས་པ་བྱེད་པ་གླེ། ས་ཤེས་ཡས་དང་ང་ནས། ར་དང་ཁ་ངས་བ་ཀན་ནོ་ཞེས་སོ།། དེ ་ལ་ཚིམ་པ་དང་། ཁར་ཆགས་པ་དང་། མྱུག་མྱུག་པོ་རྣམས་ནི་མངར་བའི་རོའོ།། སོ་བརྩེ་བ་དང་། འགྲམ་མཆུ་ལྡང་བར་བྱེད་པ་ནི་སྦྱར་བའོ།། ཁ་ཟས་ཡི་གར་འོང་བ་དང་། མཆིལ་མ་འཛག་པ་དང་། འབུགས་པར་བྱུད་པ་ནི་ལན ་ཚྭའི་རེའོ།། ལྕེ་དང་རྒན་དང་། མིག་དང་སྣེ་ལ་སོགས་པ་ཚྭ་ཞིང་སྲེག་ལ་མཆི་མ་འཛག་པར་བྱེད་པ་ནི་ཚའོ།། ཁེ་རྩུ་བ་པོ་དང་གྲེ་བ་སྐམ་པ་དང་། ཁ་ཟས་ཡི་གར་འོང་བར་བྱེད་པ་ནི་ཁན?་ཏའོ།། ལྕེ་རྩུབ་པ་དང་གྲེ་བར་འཆགས་པ ་དང་སྙིང་ག་ནི་བར་བྱེད་པ་རྣམས་ནི་བསྐ་བའི་མཚན་ཉིད་དོ།། དེ་ལ་རོ་དང་ར་བ་ནི་ཁྲག་དང་ཚིལ་དང་། ཤ་དང་རུས་པ་དང་། རྐང་དང་། ཁུ་བ་དང་། ནུ་མ་རྣམས་འཕེལ་བར་བྱེད་ལ། སི་གེ་དང་སྐྲའི་མདོག་བཟང་བར་བྱེད་དེ་ཁྲག ་དང་རླུང་འཇོམས་པར་བྱེད་ཅིང་བྱིས་པ་དང་རྒན་པོ་དང་། ཉམས་སྟོབས་ཟད་པ་ལ་ཕན་ཏེ། སྦྲང་རྩི་དང་པི་པི་ལིང་དུང་བསྲེས་ན་ཡིད་དུ་འོངདྲ་བ་དང་། ཚ་བ་དང་བརྒྱལ་པོ་རྣམས་འཇོམས་ཕྱིར་བྱེད་ཅིང་དབང་པོ་རྣམས་དག ་པར་བྱེད་དེ། དེ་ཡང་ཤིན་ཏུ་བསྟེན་གྲགས་པས་ན་བློ་དང་དབུགས་མི་བདེ་བ་དང་། སྐྲག་བྲོ་བ་དང་། སྐད་ཀྱི་གས་པ་མི་སྙན་པ་དང་། སྲིན་བུ་དང་ལྐོག་འབྲས་རྣམས་སྐྱེ་བར་འགྱུར་རོ།། སྦྱར་བས་ནི་འཇུ་ཞིང་སྨིན ་པ་དང་། མཆིལ་མ་སྣབས་ལ་སོགས་པའི་དྲི་མ་འབྱིན་པ་དང་། རླུང་ལུགས་སུ་རྒྱུ་བ་དང་། ཁོང་གི་ཆ་བ་ཕྱིར་འབྱིན་པ་དང་། གྲང་བ་འཇོམས་ཤིང་ཡིད་དུ་འོང་བ་ཡིན་ཏེ། ཤིན་ཏུ་བསྟན་གྲགས་པས་ནི་སོ་ན ་ཤིང་བརྫེ་བ་དང་། མིག་རབ་རིབ་ཏུ་འགྱུར་བ་དང་། བ་སྤུ་བརྩེ་བ་ལ་སོགས་པ་བྱེད་པར་འགྱུའོརོ།། ལན་ཚྭའི་རོས་ནི་དྲི་མོ་འབྱིན་པ་དང་། འཇུ་ཞིང་སྨིན་པ་དང་། ཚིམ་པ་དང་། ཁོང་ལྟོང་པ་དང་། ལུས་ཀྱི་དྲོད་བསྐྱེད་པ་དང་། ་དུ་གའི་སྒོ་སྦྱོང་བ་དང་། ལུས་ཀྱི་ཡན་ལག་ཐམས་ཅིང་དུ་ཁྱབ་པས་མཉེན་པར་བྱེད་དེ། སྲིན་ཏུ་བསྟེན་གྲགས་པས་ནི་ལུས་གཡའ་ཞོང་ཟ་བི་དང་། ཁ་ལྐོག་སྐམ་པ་དང་། སྐོམ་དང་ཆེ་ཞིང་ཕེཾ་དང་མོ་འིདབང ་མི་འཇོམས་ལ་རླུང་དང་ཁྲག་དང་། མཁྲིས་པ་སྐྱོད་པར་བྱེད་དོ།། རོ་ཚ་བས་ནི་མེ་དྲོང་བསྐྱེད་པ་དང་། སྦྱིན་པ་དང་། ཁ་ཟས་ཡི་གར་འོང་བ་དང་། ཚོ་ཆེས་པ་དང་། ལུས་ལྷམ་ལྷམ་པོར་བྱེད་པ་དང་། སྲིན་བུ་དང་། དུག ་དང་། མཛ་དང་། ཟ་འབྲུམ་ལ་སོགས་པ་སེལ་བའི་བྱེད་ང་། ཤིན་ཏུ་བསྟེན་གྲགས་པས་ནི། པྲ་བ་དང་། རྐན་དང་མཆུ་རྣམས་སྐམ་ཞིང་མགྲོ་འཁོར་བར་འགྱུར་རོ།། རོ་ཁ་བས་ནི། མེ་དྲོང་བསྐྱེད་ཅིང་ཡི་ག ་འོང་བ་དང་། དྲི་མ་སྦྱོང་བ་དང་། གཞན་ཡང་ཟ་འབྲུམ་ལ་སོགས་པ་དང་། སྐོམ་དང་ཆེ་བ་དང་། རྨོངས་པ་དང་། རིམས་རྣམས་སེལ་བར་བྱེད་ཅིང་ལུས་སྤོང་ལ་བཤང་བ་དང་གཅི་བ་དང་ཚིལ་སྐེམས་པར་བྱེད་དེ། ཤིན་ཏུ ་སྟེན་གྲགས་བསཱ་ནི་ལུས་འཁྲུག་པ་དང་། མགྲོ་འཁོར་བ་དང་ཁོང་ཟུག་པ་དང་། ཡན་ལག་འདུགས་པ་སྙམ་ཏེད་པར་འགྱུར་རོ།། རོ་སྐབས་ནི་དྲི་མ་རྣམས་སྡུད་པ་དང་། སྒོ་རྣམས་འགེགས་པ་དང་། སྤྱོད་བ་དང་། ་ཟློག་པ་དང་། འཆིར་བ་དང་། དྲི་མ་ཕལ་ཆར་འབྱིན་པར་བྱེད་དེ། ཤིན་ཏུ་བསྟེན་གྲགས་པས་ནི་སྙིང་མི་དགའ་བ་དང་། ངལ་ཞིང་དུབ་པ་དང་། མིག་མི་གསལ་བྱ་དང་། ལུས་ཐམས་ཅད་བེར་བར་པོར་བྱེད་པར ་འགྱུར་རོ།། ད་ནི་ད་དྲག་གི་སྡེ་ཚན་བཤད་པར་བྱ་སྟེ། དེ་ལ་ཀ་ཀོ་ལ་ལཾ་སོགས་པ་དང་། འོ་མ་དང་། མར་དང་། ཞག་དང་། རྐང་དང་། ས་ལི་དང་། ནས་དང་། གྲོ་དང་། མོན་སྲན་གྲེའུ་དང་། སྲིང་ག་ཏ་ཀཽ་དང་། ་སེ་རུ་དང་། ཀཱ་ལི་ཡ་ལ་དང་། བུས་ཀ་རའི་སཽ་བོན་དང་། གུར་ཀུམ་དང་སྦྲང་རྩི་དང་། རྒུན་འབྲུམ་དང་། ཁ་ཛུ་ར་དང་། རྒྱལ་པོས་བྱིན་དང་། ན་རི་ཀེ་ལ་དང་། གུརཱ་ཤིང་ལིས་གྱུར་པའི་བྱེ་བྲག་དང་། འབའ ་ལ་དང་། ཨ་ཏི་བཱ་ལ་དང་། ཨཏ་མ་གུ་པ་ཏ་དང་། རྒྱ་ཤུག་དང་། འོ་མ་ཅན་དང་། གཟེ་མ་དང་། ཁྲིར་མོ་ཏཱ་ཀ་དང་། མ་དུ་ལི་ག་དང་། ཀུསྨན་ཏ་ལ་སོགས་པ་ནཱི་མངར་བའི་སྡེ་ཚན་མདོར་བསྡུས་པའོ།། བལ ་སེའུ་དང་། སྐྲ་རུ་ར་དང་། མ་དུ་ལུང་ག་དང་། ཨ་འབྲ་དང་། ཀ་བིདེ་ཏ་དང་། ཀ་ར་མ་ཏ་དང་། བ་ད་ར་དང་ག་ར་པྲ་ཙ་དང་། ཨ་མ་ལ་ཀ་དང་། སྭའི་འབྲས་བུ་དང་། ཏན་ཏི་ཏི་ཀ་དང་། ཀ་དམ་པ་དང་། སྟར་བུ་དང་། དྷཱ་དཱ་ཤ ་ཐ་དང་། ཞོ་དང་། དར་བ་དང་། ཆང་དང་། ཚེ་དང་། སིངས་པོ་དང་རྩབས་ལ་གེ་སྔོགས་པ་ནི་སྐྱུར་པའི་སྡེའོ།། ལཱུ་མྱང་ཚ་དང་། སོ་རྩི་ཀ་དང་། ལན་ཚ་དང་། ནས་ཚིག་འཁྲུས་པའི་ཐལ་བ་དང་། སུ་ཙཱ་རྩི་ཀ ་ལ་སོགས་པ་ནི་ལན་ཚའི་སྡེའོ།། པི་པི་ལིང་དང་། སུ་ར་སཱ་ལ་སོགས་པ་དང་། སྦྲང་རྒོད་དང་སེ་གྲ་དང་ལ་ཕུགས་དང་། སྡིག་པ་དང་། སུ་མུ་ཁ་དང་། རུ་རྟ་དང་། བདྲེ་བ་ད་ཪྴ་དང་། ཧ་རེ་ནུ་ཀ་དང་། བ་ལ་གུ་ཆའི་འབྲས ་བུ་དང་། སྐྱེ་ཚེ་དང་། གུ་གུ་ལེ་དང་། གླ་སྒང་ལ་སོགས་པ་ནི་ཚ་བའི་སྡེའོ།། ཨརྲ་ཀཾ་བ་ཐ་དང་སླེ་ཏྲེ་ས་ལཱ་སོགས་པ་དང་། མ་དུ་ཀ་པ་དི་ར་ན་དྲང་། སྤའི་ལྡུམ་བུ་དང་། སྨྱིག་མའི་ལྡུམ་བུ་དང་། སེར་པོ་གཉིས་དང་། དབང ་བོའི་གནས་དང་། བ་རུ་ར་དང་། ས་དུ་དང་། ཀ་དུ་ཀ་དང་། སྨཱ་ཏ་པར་ནཱི་དེང་། བྲི་ཧ་ཏི་གཉིས་དང་ཤྭེདྲེ་གི་ནི་དང་། ཀུརྱ་ཀྲོ་ཏ་ཀྲ་དང་། ཀ་ར་པཱི་ལ་བ་དང་། པཱུ་ཏཾ་ཀུ་དང་། ཀརྱཱ་བཱི་ར་དང་། སུ་མ་ན་དང་། ཤང་ཀ་པུས་བཱ་དང་། ་ཨ་བ་མྱར་ག་དང་། ཏྲ་ས་མན་དང་། པུ་རྩེ་ཤེལ་དང་། བཱི་རྩེ་ཡན་ཏི་དང་། སུ་པར་ཙ་ལ་དང་། བྲི་རྩི་ཀ་ལ་དང་། ཛོ་ཏི་སྨ་ཏི་ལ་སོགས་པ་ནི་ཁན་དེའི་སྡེའོ།། ན་གོ་ལ་སོགས་པ་དང་། ཨ་པ་ཐལ་སོགས་པ་དང་། པྲི་ཡང ་ཀུ་ལ་སོགས་པ་དང་། འབྲས་བུ་གསུམ་དང་། ས་ལ་ཀི་དང་། ཛམ་བུ་དང་། ཨ་པྲ་དང་། ཏེན་ཏུ་ཀ་ལ་སོགས་པ་དང་། ས་གའི་འབྲས་བུ་དང་། བ་ཤེ་ན་བེ་ཏ་ཀ་དང་། བ་ན་ཡེ་ཏའི་འབྲས་བུ་དང་། པྲ་ཡ་ས་དང ་ཀུ་རུ་པཏ་ཀ་དང་། ཀོ་པ~ཾ་དང་རཱ་དང་། ཛི་བན་ཏི་དང་། ཞོ་མ་དང་། སོ་ནི་ཤཱ་ཀ་ལ་སོགས་པ་དང་། བཱ་ར་ཀ་དང་། མེན་སྲན་སྡེའུ་ལ་སོགས་པ་ནི་བསྐུ་བའི་སྡེའོ།། དེ་ལྟར་དེ་རྣམས་ཉེ་བར་བསྟེན་པས་མི་མཐུན་པའི་ཕྱོགས་རྒྱ ་ཉེས་པ་རྣམས་ཞི་བར་འགྱུར་རོ།། དེ་ཡང་གསུངས་པ། རོ་དྲུག་དག་ནི་བཟློག་བསྟེན་པས། ཤིན་ཏུ་སྟོབས་ལྡན་ནང་རྣམས་ཀྱིས།། ཉེས་པ་ཇི་ལྟར་འཁྲུགས་གྱུར་ཀྱང་།། དེ་ནི་ཞི་བར་ཉེ་བར་འགྲོ་ཞེས་སོ།། ལུས ་ཟུངས་རྣམས་འཕེལ་བའི་མཚན་ཉིད་བརྗོད་པར་བྱ་སྟེ། རླུང་འཕེལ་བས་ནི་ལུས་པ་དང་། འདར་བུ་དང་། གྲྀང་ཤུམ་དང་། གཉིད་མེད་པ་དང་། སྟོབས་ཆུང་བ་དང་། རྟག་སྐབས་པ་ལ་སོགས་པར་འགྱུར་རོ།། མཁྲིས་པ ་འཕེལ་བས་ནི་མདོག་སེར་པོར་སྣང་བ་དང་། ཚ་ཞིང་གྲང་བར་འདོད་པ་དང་། གཉིད་ཆུང་བ་དང་། མྱོས་པ་དང་། སྟོབས་ཆུང་བ་དང་། བཤད་གཅི་མདོག་སེར་བར་འགྱུར་རོ།། པད་ཀན་འཕེལ་བས་ནི་མཆིལ་སྣབས་མང ་དང་། ལུས་ལྕི་བ་དང་། ལཱ་མ་སྙིམ་པོར་བྱེད་པ་དང་། སྐང་འཛེར་བ་དང་། གཉིད་ཆེ་བར་འགྱུར་རོ།། ཆུ་སར་འཕེལ་པས་ནི་སྙིང་ག་གཟར་བ་དང་། རྡུལ་ཆེན་པར་འགྱུར་རོ།། ཁྲག་འཕེལ་བས་ནི་མིག་དམར་པོར་འགྱུར ་ཤ་འཕེལ་བས་ནི་རྐུབ་ཆོསི་དང་། བིཪྻ་དང་བྱིན་པ་དང་། དཔུང་པ་ལ་སོགས་པ་འཕེལ་ཞིང་ལྕི་བར་འགྱུར་རོ།། ཚི་ལ་འཕེལ་བས་ནི་ལུས་སྣུམ་པ་དང་། ཀྵོ་བ་དང་རྩིབ་ལོགས་འཕེལ་ཞིང་ལུད་པ་དང་། དཔགས ་མི་ཞིམ་པ་ཡིན་ནོ།། རུས་པ་འཕེལ་བས་ནི་སེ་ནཱ་མོ་མཁྲེང་ཞིང་སོ་ལྡག་ལ་སོགས་པ་སྐྱེ་བར་འགྱུར་རོ།། རྐང་འཕེལ་བྱས་ནི་ལུས་ཐམས་ཅད་དང་མིག་ལྕི་བར་འགྱུར་རོ།། ཁུ་བཱ་འབྲལ་བས་ནི་ཁུ་བ་རྡོ་ལྟར་ས་པ ་དང་། ཆུ་སོར་རྡེའུ་ཆགས་པར་འགྱུར་རོ།། གཅིག་པ་འཕེལ་བས་ནི། ཆུ་རྡེའུ་དང་། ཆུ་སོ་ཚ་བྲེང་བྲེང་པོར་བྱེ་ད་ཅིང་དབྱེ་བསྣམས་པར་འགྱུར་རོ།། བཤང་བ་འཕེལ་བས་ནི། དེ་ཀུ་ནུ་བ་དང་། ཁ་དྲི་མཱི་ཞིམ་པ་དང་། ཁ་ཟས་མི་ལན ་བར་འགྱུར་རོ།། རྡུལ་འཕེལ་བས་ནི་ཟས་ཚག་དང་། ལུས་ཀྱི་དྲི་མི་ཞག་པར་འགྱུར་རོ།། ནུ་མ་ཅན་གྱི་ནི་ནུ་མ་སྐྲད་ཞིང་ཡང་ཡང་དུ་ཕྱིས་འབྱུང་བ་དང་། ལུས་ཚ་བར་འགྱུར་རོ།། སྙིང་པོས་ནི་གསུམ་པ་སློ་ཞིང་རྡུལ་འབྱུང ་བར་འགྱུར་རོ།། ཕྲ་མོས་ནི་ལུས་ཐམས་ཅད་འཁོལ་ཞིང་ཉམས་སྟོབས་ཆུང་བར་འགྱུར་རོ།། དེ་ལྟར་ཟད་པ་དང་འཕེལ་བ་དག་བྱ་བའི་ཁྱད་པར་གྱིས་བཟློག་ནས་ལུས་ཟུངས་མཉམ་པར་བྱ་སྟེ། དེ་ཡང་གསུངས་པ། གོང་ནས ་གོང་དུ་འཕེལ་བ་དང་། རཱི་ལ་བཟློག་སྟེ་བྲི་བ་དག། ནང་ཡིན་པས་ན་དེ་བཟློག་ནས་ལུས་ཟུངས་སྙོམས་པ་མར་བྱ་ཞེས་སོ།། ད་ནི་མཁྲིས་པ་ནས་ཁུ་བོའི་བར་དུ་ལུས་ཟུངས་རྣམས་ཤིན་ཏུ་འཕེལ་བ་དང་། འབྲི་བ་བཟློས་ནས་ལུས ་ཟུངས་སྙོམས་པར་བྱ་བའི་ཐབས་བཤད་པར་བྱ་སྟེ། གཟའ་བ་དང་བཏུང་བ་དང་སྨན་ལ་སོགས་པའི་སྦྱོར་བ་རྣམས་ཀྱིས་ཁམས་སྙོམས་པར་འགྱུར་ཞིང་དེས་ཡུན་འདི་དུ་འཚོ་བར་འགྱུར་ཏེ། གང་གི་ཕྱིར་གཟའ་བ་དང་། བཏུང་བ་དང་། ་སྨན་ལ་སོགས་པའི་སྦྱོར་བས་ཇི་ལྟར་རིགས་པས་བསྟེན་པ་འདྲིས་བཅུད་དང་མངངས་མ་ལུས་པ་ཐམས་ཅད་དུ་ཁྱབ་པར་འཇུག་པས་སྟོབས་འཕེལ་ཞིང་སོགས་པའི་ཕྱིར་ཤིན་ཏུ་ཕྲ་ཞིང་རིང་པ་ཡང་མ་ཡིན་ལ། ཤིན་ཏུ་སྦོམ་པ་ཡང་མ་ཡིན་པར་བར་མ ་འགྱུར་ཏེ། བྱ་བ་ཐམས་ཅད་ལ་ཐོག་པ་མེད་པར་འགྱུར་རོ།། དེ་ལྟར་གསུངས་པ། སྦྱོར་བ་ཅི་རིགས་བསྟན་པ་ཡིས།། བཅུ་ནི་ལུས་ལ་རིམ་གྱིས་འཕོ།། ལུས་ཟུངས་སྙོམས་པ་བར་མར་འགྱུར།། བྱ་བ་ཀུན་ལ་ཐོགས་པ་མེད།། བདཀྲེས ་དང་སྐོམ་དང་གྲང་དང་ཚ།། རླུང་དང་ཆར་པ་ཚད་སོགས་བཟོད།། སླར་ཡང་སྟོབས་དང་ལྡན་པར་འགྱུར།། ཤིན་ཏུ་ཕྲ་རིང་སྦོམ་པའི་མི།། གཉིས་བུ་འདི་དག་སྤང་བར་བྱ།། དམ་པའི་ལས་ལ་བར་མ་མཆོག། གཞན་དུ་འདི་གཉིས་མཆོད ་གནས་ཡིན་ཞེས་སོ།། ད་ནི་རླུང་ལ་སོགས་པའི་གནས་བཤད་དེ།། རླུང་གི་གནས་ནི་ཆུ་སོ་དང་། རྒྱུ་ཞབས་མན་ཆད་ལུས་ཀྱི་སྨད་དང་རྣ་བ་ཡིན་ནོ།། མཁྲིས་པ་ཡིས་ནི་ཞུ་བའི་གནས་ནས་སྙིང་གར་མན་ཆང་ལུས་ཀྱི་བར་དང་མིག་དག ་ཡིན་ནོ།། བད་ཀན་གྱི་ནི་ནམ་ཚོམས་དང་མགྲིན་པ་ལ་སོགས་པ་ལུས་ཀྱི་སྟོང་དང་། ཚིགས་རྣམས་དྲང་ལྕེ་ཡིན་ནོ།། དེ་དག་སྙོམས་པར་འཇུག་པས་ལུས་འདི་བརྟན་པར་འཛིན་པ་ཡིན་ཏེ། ཇི་སྐད་དུ་ཆུ་དང་མེ་དང་རླུང་རྣམས་ནི། གོང ་ནས་གོང་དུ་སྦོམས་འཇུག་པས།། འགྲོ་བ་ཡང་དག་འཛིན་པ་ལྟར།། རླུང་མཁྲིས་བད་ཀན་ལུས་དེ་བཞིན་ཞེས་གསུངས་པ་ཡིན་ནོ།། ང་ནི་དེ་ངག་གི་རྒྱུ་མཚན་བརྗོད་པར་བྱ་སྟེ། དེ་ལ་རླུང་འཁྲུགས་པའི་རྒྱུ་མཚན་ནི་སྟོབས་འགྱེད ་པ་དང་། མང་དུ་སྨྲ་བ་དང་། རྩོལ་བ་མང་བ་དང་། ཡུན་རིང་དུ་འགྲོ་བས་བྱས་པ་དང་། བང་དང་མཆོངས་པ་དང་། གཡང་ཁ་མཐོན་པོར་ཕྱིན་པ་དང་། ཆུ་ལ་ཡུན་རིང་དུ་བརྒལ་ཤིང་རྐྱལ་བ་དང་། ཤིང་རྟ་ལ་སོགས ་པ་ལ་ཞོན་པ་དང་། ཁ་བ་དང་། བསྐ་ང་དང་། ཡང་བ་དང་། རྩུབ་པ་དང་། བསིལཱ་བི་དང་། གཞིན་ཡང་ལོ་མ་སྐམ་པོའི་ཚོང་མ་དང་། བ་རུ་ཌ་དང་། ཤ་མྲ་དང་། ཀཽ་རི་པ་དང་། སྲན་མུང་ཀ་དང་། སྲན་ཆུང་དང་། སྲན་ཨ་ད་ཀི་དང་། སྲན་ཟླུམ ་ལ་སོགས་པའི་ཁ་ཟས་དང་། སེར་བུ་ཡུན་རིངསུ་བསྟེན་པོ་དང་། བཤང་གཅི་དང་། ཁུ་བ་ཟད་པ་དང་། མྱ་ངན་དང་། སེམས་ལ་སོགས་པ་དང་། ཤིན་ཏུ་གྲང་བ་དག་ཡིན་ནོ།། དེ་ལྟར་ཡང་གསུངས་པ། ཤིན་ཏུ་གྲང་དང་གྲང་བའི ་དུས། ཁྱད་པར་དུ་ཡང་སོས་ཀྱི་མཐའ།། ཐོ་རངས་དང་ནི་ཕྱི་དྲོའི་དུས།། ཞུ་རྗེས་རླུང་ནི་འཁྲུག་པར་འགྱུར་ཞེས་སོ།། མཁྲིས་པ་འཁྲུགས་པའི་རྒྱུ་མཚན་ནི།། དཀའ་ཐུབ་དང་། སྨང་བ་དང་། རྩོལ་བ་གྲགས་པ་དང་། འདོད་ཆགས ་ལ་དགའ་བ་དང་། ཀིན་ཏུ་དྲོ་ཞིང་ཚ་བ་བསྟན་པ་དང་། ཁ་ཟས་ཡང་བ་དང་། རྩུ་པ་དང་། ཏི་ལཱ་མེད་དང་། བི་ན་ཀ་དང་། སྲན་ཀུ་ལ་ཐ་དང་། ཡུངས་ཀར་ད་ང་སྡེ་ཚོང་དང་། ཕག་ཤ་དང་། !་ཤ་དང་། ཉ་བི་ཀ་སངས་དང་། ཞོ་དང་། ཞོ ་ཆུ་དང་། དར་བ་དང་། སིངས་པོ་དང་། ཆང་གི་བྱེ་བྲག་དང་། སྐྱུར་པོ་དང་ལན་ཚི་ལ་སོགས་པའི་ཁ་ཟས་དང་། མྱ་ངན་དང་། གདུང་བ་དང་། ཁྲོ་བ་དང་། ཤིན་ཏུ་དྲོ་བ་དག་ཡིན་ནོ།། དེ་ཡང་གསུངས་པ། ཤིན་ཏུ་དྲོ་དང་དྲོ་བའི་དུས། ་ཁྱད་པར་དུ་ཡང་སེར་ཁ་དང་།། ཉི་མའི་གུང་དང་མཚན་ཕྱེད་ལ།། འཇུ་བའི་དུས་སུ་མཁྲིས་པ་འཁྲུག། ཅེས་སོ།། བད་ཀན་འཁྲུགས་པའི་རྒྱུ་མཚན་ནི།། ཉིན་མོ་གཉིད་ལོག་པ་དང་། ལེ་ལོ་དང་། སྙོམས་ལུས་ཆེ་བ་དང་། ་མངར་བཱག་དང་། ལན་ཚྭ་དང་། སྐྱུར་པོ་དང་། སྣུམ་བཱ་གཽ་དང་། སྤྱི་བགཾ་དང་། ཛ་པཱཾ་ཀ་དང་། ཨུད་ཀཱ་ཏ་དང་། སྲན་མ་ཤ་དང་། མ་ཤཱ་ཆེན་པོ་དང་། གྲོ་དང་ཏཱིལ་དང་། ཁུར་བ་རྣམས་དང་། འོ་མ་དང་། ཞོ་དང་། ཕྲུམ་དང་། ་གུར་ཤིང་ལས་གྱུར་པའི་རྫས་རྣམས་དང་། རིཤུ་སྙིང་པ་དང་། ཞག་དང་། པདྨའི་རྩ་བ་དང་། པདྨའི་སྣལ་མ་དང་། ཀ་ཤ་རུ་དང་། སྲིང་གཱ་ཏ་ཀ་དང་། སྦྲང་རྩི་དང་། འབྲས་བུ་མངར་པོ་རྣམས་དང་། འབའ་ལི་ཕ་ལ་སོག ་བའི་ཁ་ཟླས་ཟླ་བ་དང་། མུན་པ་ཡིད་ལ་བྱེད་ཅིང་རྨོངས་བག་ཏུ་གནས་པ་དང་། ཤིན་ཏུ་གྲང་བ་དག་ཀྱང་ངོ་།། དེ་ལྟར་ཡང་གསུངས་པ། ཤིན་ཏུ་གྲང་ཞིང་གྲང་བའི་དུས།། ཁྱད་པར་དུ་ཡང་དཔྱིད་དང་ནི།། སྲོང་དང་ཐོ་རངས ་ངག་ལ་ནི།། ཟོས་མ་ཐག་ཏུ་བད་ཀན་འཁྲུག་ཅེས་སོ།། སློབ་དཔོན་ནཱ་ག་རྫྫ་ནའི་ཞལ་སྔ་ནས་ཀྱང་། རླུ་ལ་སོགས་པའི་ལུས་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་རླུང་གི་ལས་ནི་རྩུབ་པོ་དང་། ཞུམ་པ་དང་། གྲང་སྣ་དང་། ་བུད་མེད་དང་། རེག་པ་ལས་རྡུལ་འབྱུང་བ་དང་། གཉིད་ཡར་བ་དང་། མལ་དུ་ཞུགས་ན་གྲང་བ་དང་། སྐབས་སྐབས་སུ་ཚ་བ་ལ་སོགས་པ་དེ་དག་ནི་རླུང་གི་ལས་སུ་ཤེས་པར་བྱའོ།། མཁྲིས་པའི་ལས་ནི་དེ་བཞིན་དུ་རྡུལ་འཇིག ་པ་དང་། གཉིད་ཡར་བ་དང་། རེག་ན་ཚ་བ་དང་། པགས་པ་བེམ་བེམ་པོར་བྱེད་པ་དང་། ཆགས་པ་སྤྱོང་ན་དྲི་མི་ཞིམ་པ་འབྱུང་བ་དང་། མང་དུ་སྨྲས་ན་བརྒྱལ་བར་འགྱུར་བ་དང་། མདོག་སེར་བ་དང་། སེར་པོར་སྣང་བ ་ལྔ་སོགས་པ་དག་ནི་མཁྲིས་པའི་ལས་དང་མཚན་མར་ཤེས་པར་བྱའོ།། རྨ་ཤུ་ལ་སོགས་པ་སླ་ཞིང་འཛག་པ་དང་། ཤ་རུལ་པ་ལ་སོགས་པ་དྲི་མི་ཞིམ་པ་དང་། སྐྲངས་འབུར་དང་། རྣག་མང་བ་དང་། ཡན་ལག་དང་ཉིད་ལགི་གི ་ཚགས་རྣམས་འབྲུམ་པ་དམར་པོ་མྱུར་དུ་འབྱུང་ཞིང་མྱུར་དུ་ཞི་བ་དང་། མིག་གོ་གློར་སེར་བ་དང་། སྐབས་སྐབསུ་སྐྲ་རླག་ཏུ་འདུག་པ་དང་། མགོ་འཁོར་བ་དང་། ལུས་ལྕི་ཞིང་ཟ་བ་དང་། ལུས་རླན་པ་ལ་སོགས་པ་ནི ་བད་ཀན་གྱི་ལུས་སུ་ཤེས་པར་བྱའོ།། དེ་ལ་སྣུམྦ་དྲེ་ནཽ་མེ་མགོ་ལ་བསྐུ་བ་དང་། ལུས་ཁྲས་བྱས་ཏེ་ཏ་ལི་མར་གྱིསཾ་བྱུག་པ་དང་། སྣམ་གྱིས་དྲིལ་ཕྱིས་བྱ་བ་དང་། ལུས་མཉེ་བ་དང་། ལན་ཚྭ་དང་། སྒྱུར་བ་དང་། ཤ་དང་། ཉ་ཤ ་དང་། ཆང་དང་། སྣམ་བག་བཟའ་བ་དང་། སྣུམ་གྱི་དུགས་བྱ་བ་དང་། རླུང་མེད་པའི་གནས་སུ་ཉལ་བ་དང་། བསྒོ་བ་དང་། དྲོད་བསྟན་པ་དང་། སེམས་ལས་བསྐྱང་བ་དང་། བྱ་བ་བསྐྱང་བ་དང་། ཁ་ཟས་བསྟེན་པས་གནས་པ ་འདི་ནི་རླུང་འཇོམས་པར་བྱེད་པ་ཡིན་ནོ།། སེར་བུ་གྲང་མི་བསྟན་པ་དང་། གྲི་བ་མ་ལ་འདུག་པ་དང་། བསིལ་ཡབ་ཀྱིས་བྱ་བ་དང་། ཟླ་བའི་འོདི་ལ་ཉལ་བ་དང་། ཚུལ་འཁྲལ་འཁོར་གྱིས་གཏོར་བ་དང་། བུད་མེད་དང་རིག་པ་བསྟེན་པ ་དང་། མར་སར་དང་། འོ་མའི་བཀྲུ་སྨན་བཏང་བ་དང་། ཁྲག་གཏར་པ་དང་། ཙན་དན་ལ་སོགས་པའི་དྲིས་བསྒོ་བ་དང་། ཁ་བ་དང་བསྐ་བ་ལ་སོགས་པ་དང་། པདྨ་ལ་སོགས་པའི་རླན་ཅན་གྱི་ཁ་ཟས་བཟའ་བས་གནས་པ་འདི་ནི་མཁྲིས ་པ་སེལ་བར་བྱེད་པ་ཡིན་ནོ།། འགྲི་ལས་དང་། རྩོལ་བ་དང་། གཉིད་བསྐྱང་བ་དང་། སེམས་ལས་དང་། ཁ་ཟས་རྩུབ་པ་དང་། བསིལ་བ་བསྟེན་པ་ལ་སོགས་པ་ནི་བད་ཀན?་སེལ་བར་བྱེད་པའི་ཆོ་ག་སྟེ། སྔར་བཤད་ཟིན་ཏོ།། དུས ་རྣམས་སྔར་བྱེ་ཤད་མོད་ཀྱི་ཡང་གསུངས་པ། དབྱར་དང་དགུན་སྟོང་དགུན་སྨད་རྣམས།། རླུང་གི་དུས་སུ་ཤེས་པར་བྱ།། ཆར་མཐའ་སྟོན་ནི་མཁྲིས་པའི་དུས།། བདྨ་ཀན་མེ་ཏོག་རྒྱས་ཀཽ།། ཞེས་གསུངས་སོ།། དེ་ལ་སྨན་རྣམས་ཀྱང ་སྔར་བཤད་མོད་ཀྱི། འདིར་གཙོ་བོའི་རླུང་ཅན་གྱིས་ནི་དགུན་གྱི་དུས་སུ་འཇམ་རྩི་མས་བཏང་བ་ལ་སོགས་པ་ལ་བསྟན་པར་བྱའོ།། མཁྲིས་པ་ཅན་གྱིས་ནི་སྟོན་གྱི་དུས་སུ་སྦྱིན་དྲངས་པ་དང་། བཀྲུ་སྨན་དྲག་པོ་མས་བཏང་བ་ལ ་སོགས་པ་བསྟན་པར་བྱའོ།། བད་ཀན་ཅན་གྱིས་ནི་དཔྱིད་ཀྱིས་དུས་སུ་རླུང་ཉེ་བར་ཞི་བ་དང་། སྐྱུགས་སྨན་བཏང་བར་བྱ་སྟེ། དེ་ཡང་གསུངས་པ། རླུང་ཅན་འཇམ་རྩི་བཅུད་ཀྱིས་གསོ་བར་བྱ།། མཁྲིས་པ་དཀྲུ་སྨན་མས་བཏང་བ་ལ ་སོགས་བསྟེན། བད་ཀན་ཚ་གསུ་བབ་ན་སྐྱུགས་སྨན་བཏང་།། འདུ་འ་ཕོང་ལྡན་པ་འདྲེན་མས་གསོ་བར་བྱ་ཞེས་སོ།། འདི་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་འདིར་རྒྱས་པར་མ་གསུངས་མོད་ཀྱི་ནར་དང་མར་ནག་བཀྲུ་སྨན ་སོགས་ཞེས་བྱ་བ་ལ་སོགས་པ། མདོར་བསྡུས་ཏེ་གསུངས་པ་ལ་བརྟེན་ཏེ་བསྟན་པ་ཡིན་ནོ།། འོན་ཀྱང་བྱང་ཆུབ་སེམས་དཔའ་གཞན་གྱི་དོན་ལྷུར་ལེན་པ་རྣམས་ཀྱིས་སེམས་ཅན་རྣམས་ཀྱིས་བསམ་པ ་བཞིན་དུ་ཕྱི་ནང་གི་སྨན་གྱི་སྦྱོར་བ་རྣམས་བསླབ་པར་བྱ་སྟེ། སྦྱོར་བ་དེ་དག་སྨན་དུ་པྱད་ཀྱི་བསྟན་བཅེས་གཞུང་རྒྱས་པ་གཞན་དག་ལས། འཇམ་རྩི་མ་བཏང་བ་ལྔ་སོགས་པའི་ཆོ་ག་བཤད་པ་རྣམས་དང་། ཁྱད་པར ་དུ་ཡང་སློབ་དཔོན་ནཱ་གཱི་དྷུ་ནའོ་ཞལ་སྡེ་ནས་མཛད་པའི་སྦྱོར་བ་བརྒྱ་པ་ལ་གོམས་པོར་བྱའོ།། དེ་ལྟར་ལུས་ཟུངས་རྣམས་ཤིན་ཏུ་བྲི་ཞིང་རིང་པ་དང་། ཤིན་ཏུ་འཕེལ་ཞིང་རྒྱས་པ་དག་སྤངས་ཏེ། ལུས་ཟུངས་སྙོམས་པར ་གསུངས་པར་བྱའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ར་རི་ཞིང་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། ནག་པོ་དཀར་པོ་སྡེ་བསངས་ཏེ་ཞེས་བྱ་བ་ལ་ནག་པོ་དང་དཀར་པོ་དང་སྔོ་བསངས་རྣམས་ནི་གསུམ་པའི་གཉིས་ཀྱི ་ཚིག་གམ་དྲུག་པའི་མང་པོའི་ཚེརཱྀ། ཏུ་སྦྱར་བྱར་བྱ་སྟེ། དེ་ལ་ནག་པོ་ནཱི་རླུང་གི་རང་བཞིན་གྱི་བྱ་མོའོ།། དཀར་མོ་ནི་མཁྲིས་པའི་རང་བཞིན་གྱི་བུ་མོའོ།། སྔོ་བསངས་ནི་བད་ཀནྡ་གྱི་རང་བཞིན་གྱི་བུ་མོ་སྟེ། ལོ་བརྒྱད ་ནས་བརྩམས་ཏེ་ལོ་ཉི་ཤུ་རྩ་ལྔའི་བར་གྱི་བུ་མོ་ཁོམས་སྙོམས་པའི་བཅུད་ཀྱིས་སྨན་དུ་སྦྱར་བར་བྱའོ།། དེ་ལ་བྱང་ཆུབ་སེམས་ལ་སོགས་པ་གང་ཡིན་པ་དེས་འཛག་པ་སྟེ། ཁམས་རྣམས་སྙོམས་པར་གྱུར་པ་ནི་འཛག་པ་ཞེས་བྱའོ ་ཇི་ལྟར་ཞེ་ན། འཕོ་བ་ཞེས་བྱ་བ་ལ། འདི་ལྟར་རྩ་ཐམས་ཅད་ཡོངསུ་སྦྱངས་ན་མཁྲིས་པ་ལ་སོགས་པ་འཕེལ་བར་འགྱུར་རོ།། ཆུ་སེར་ལ་སོགས་པའི་ལུས་ཟུངས་རྣམས་རིམས་ཀྱིས་ཀྱང་ཕན་འདོགས་པར་འགྱུར་རོ།། དྲ་ལ་ནག་མོ ་ནི་ཟླ་བ་མར་པོ་ལ་ཟླ་མཚན་འཛག་ལ་སེར་སྐྱ་མ་དང་སྔོ་བསངས་མ་ནི་ཟླ་བ་ཡར་རོ་ལ་སྟེ། དེ་དག་གི་ཟླ་མཚན་དང་བྱང་ཆུབ་ཀྱི་སེམས་ལ་སོགས་པས་བཅུད་རྣམས་འཛག་པ་དང་འཕོ་བར་འགྱུར་རོ།། དེ་ལ་ཡེངསུ་དག་པའི་རྡུལ་ཆུར ་ཏིཏེ་གཅིག་ལ་སོགས་པ་རིམ་གྱིས་འཕེལ་བར་སྦྱར་ཏེ། ནག་མོའི་ཟླ་མཚན་ནི་ཟླ་བ་མར་ངོ་ལ་སྣ་སྒོ་གཡས་པ་ནས་རླུང་རྒྱུ་བའི་དུས་སུ་སྒོ་དེ་ཉིད་ནས་རྔུབ་པར་བྱ་ལ་སེར་སྐྱ་མ་དང་སྟོ་བསངས་མ་ནི་ཟླ་བ་ཡང་ངོ་ལ་སྣ་སྒོ་གཡོན་པ་ནས ་རྡུདྲུང་པར་བྱའོ།། འདི་ལྟར་ཁུ་བ་ཡང་ཟླ་བ་ཡར་ངོའི་ཚེས་གཅིག་ལ་རླུང་གི་ལྷག་པའི་མཐིལ་དུ་ཐཱགྣ་ལ་བརྟག་པར་བྱཱ་སྟྭཾ། གལ་ཏེ་ད་ནརྀ་རི་མོ་ནག་མོ་ཐིག་ལེ་ལྟ་བུ་གཅིག་སྣང་བ་ཡིན་ན་ནི། ཟླ་བ་བཅུ་གཉིས་ན་འཆི་བར་འགྱུར་རོ།། ་གིཉིས་ཀྱིས་ན་བཅུ་གཱཅིགཱ་ནའོ།། གསུམ་གྱིས་ན་བཅུ་ནཱའོ།། བ་ནཱི་ཡིས་ནི་དགུ་ནའོ།། ལྔ་ཡིས་ནི་བརྒྱད་ནའོ།། དྲུག་གིས་ནི་བདུན་ནའོ།། བདུན་གྱིས་ནི་དྲུག་ནའོ།། བརྒྱད་ཀྱིས་ནི་ལྔ་ནའོ།། དགུ་ཡིས་ནི་བཞི་ནའོ།། བཅུ་ཡིས་ནི་གསུ ་ནའོ།། བཅུ་གཅིག་གིས་ནི་གཉིས་ནའོ།། བཅུ་གཉིས་ཀྱིས་ནི་གཅིག་ནའོ།། བཅུ་གསུམ་གྱིས་ཟླ་བོ་ཕྱེད་ནའོ།། བཅུ་བཞིས་ནི་ཉི་མ་བརྒྱད་ནའོ།། བཅོ་ལྔས་ནི་ཉི་མ་བཞིནའོ།། བཅུ་དྲུག་གིས་ནི་ཉི་མ་གཉིས་ནའོ།། བཅུ་བདུན་གྱིས་ནི ་ཉི་མ་གཅིག་ནའོ།། དེ་ནས་ཐིག་ལེ་ནག་པོ་རྣམས་བསལ་ཏེ། ཁུ་བ་དཱ་དང་དངུལ་ཆུ་རུ་ཏི་གཙུག་ལ་སོགས་པ་སྣ་སྒོ་གཡོན་པ་ནས་རྔུབས་ན་འཆི་བ་བླུ་བར་འགྱུར་རོ།། སྤེལ་བའི་དབང་དུ་བྱས་པ་ལ་ཡང་དེ་ལྟར་སྦྱར ་བར་བྱའོ།། ཞེས་བསྟན་པའི་ཕྱིར། ཡང་ནག་མོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཁ་ཅིག་ནི་ནག་མོ་དང་སྔོ་བསངས་ནི་ཚེ་སྤེལ་བ་ཡིན་ལ་སེར་སྐྱ་ནི་འཛག་པ་དང་། འཕོ་བ་ལ་སྦྱར་བར་བྱའོ་ཞེས་ཟེར་ཏེ། འདི་ནི་བཅོམ་ལྡནོ། ་འདས་ཀྱི་བཀའ་དང་འགལ་ལོ།། དགྲ་དང་ཞེས་བྱ་བ་ལ་སོགས་པ་ནི་སྡེ་ཚན་ཞེས་བྱ་བ་དང་སྦྱར་ཏེ། དགྲ་བོའི་སྔ་ཚན་དང་མཛའ་བོའི་སྡེ་ཚན་དང་བར་མོའི་སྡེ་ཚན་རྣམས་ཏེ། དེ་དག་གིས་རབ་ཏུ་སྦྱོར་བའི་སྤྱོད་ཡུལ་ཤེས་པར་བྱའོ།། ་ཅི་ཞིག་གི་ཞེ་ན། ཁམས་ཀྱི་སྟེ་རྫས་རྣམས་ཀྱི་སྡེ་ཚན་ཏེ་རང་བཞིན་ནོ།། དཔའ་བོ་གཅིག་ཅེས་བྱ་བ་ནི་རུང་སྐྱུར་ཀེཉྫའི་འམ་དཔའ་བོ་གཅིག་འགྲང་ཉིད་དོ།། སྐྱེ་གཉིས་ཞེས་བྱ་བ་ནི་སོའོ།། རྩ་བ་ནི་རྩ་བ་ཉིད་འབྲས་བུ་ཆེན་པོ་བསྐུ་བ ་གསུམ་ཞེས་བྱ་བ་ནི་འབྲས་བུ་གསུམ་མོ།། ནང་གི་བཤད་པར་བྱ་སྟེ་དཔའ་བོ་གཅིག་ཅེས་བྱ་བ་ནི་ཁྲག་གོ། ཅི་ཞེ་ན། སྐྱེ་གནས་གཉིས་ཏེ་ཟླ་མཚན་གྱིའོ།། རྩ་བ་ཞེས་བྱ་བ་ནི་སྙོམས་པར་འཇུག་པ་ལས་བྱུང་བའི་བྱང་ཆུབ་ཀྱི ་སེམས་སོ།། ལྷང་ཚར་བཞི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ།། དངུལ་ཆུ་བཞི་ཞེས་བྱ་བ་ནི་བཅུད་ཅན་ལ་སོགས་པ་བཞིའོ།། དེའི་དོན་གྱི་སྨན་ཏེ། དངུལ་ཆུ་ལ་སོགས་པའོ།། རྫས་རྣམས་ཀྱིས་དངུལ་ཆུ་གཟུགས་པའི་མཚན ་ཉིད་གསུངས་པ། རྨ་བྱ་ཡིས་ནི་མགྲིན་འདྲ་དང་ཞེས་བྱ་བ་ལ་སོགས་པ་སྟེ། སྤྲུལ་པ་དང་སྦྲུལ་དང་། ཆུ་འཛིན་རྣམས་ནི་དེ་དག་གི་འགྲོས་དང་འདྲ་བའི་དབྱིངསུ་ཤེས་པར་བྱའོ།། ས་ལི་ལྟ་བུར་དྲི་ཞིམ་པོ་དང་། དེ་བཞིན་ཆང་དང་སྦྲང་རྩི་དང ་ཞེས་བྱ་བ་ལ་ཆང་རྣོན་པོ་ལ་སོགས་པའི་དྲི་ཉིད་ས་ལྀ་ལས་སྐྱེས་པ་ལྟར་དྲི་ཞིམ་པའོ།། ཆ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་བུ་མོའི་རྐེད་པའི་ཁྱད་པར་བསྟན་པ་ཡིན་ཏེ། གཞན་ལས་བལྟོས་ནས་རྐང་པ་ཉིས་འགྱུར་སུམ་འགྱུར་དུ ་ཕྲ་བའོ།། མདོག་ཉམས་ཞེས་བྱ་བ་ནི་སྣུམ་བག་མེད་ཅིང་སྐྱ་བའོ།། ལྷག་མ་ནི་གོ་སླའོ།། སྦྲང་རྩི་ལྟ་བུའི་དྲི་དང་ལྡན་ཞེས་བྱ་བ་མི་ལྷན་ཅིག་སྐྱེས་པའི་ཕོའོ།། སྒྲུབ་པོའི་དབང་པོའི་ཡོན་ཏན་བྱེད་ཅེས་བྱ་བ་ནི་སྒྲུབ་པ་པོའི་ཡོན་ཏན་ཐོབ་པར་བྱེད ་པའོ།། ཅིས་ཞེ་ན། དེ་རྣམས་ཐབས་ཀྱི་ས་སྦྱངས་ནས་ཞེས་བྱ་བ་སྟེ། སྔགས་ལ་སོགས་པས་སྦྱངས་ནའོ།། དེ་དང་འཁྱོད་ལ་ཞེས་བྱ་བ་ནི་ཉེ་བར་མཚན་པ་སྟེ། སེན་མོ་གདབ་པ་ལ་སོགས་པ་གསུངས་པར་བྱའོ།། རྣོན་པོ་དང་ནི་ལྷུང ་ཚ་རུ་དང་། ཐུན་མོངས་དུ་ནི་བསྟན་ནས་སུ་ཞེས་བྱ་བ་ལ། ཐུན་མོང་དུ་ནི་མཚུངས་པ་སྟེ་གཅིག་ཏུ་གྱུར་པའོ།། གང་གི་ཚེ་རྣོན་པོ་དང་། ལྗང་ཚེར་དང་ཞོ་ཉ་རྣམས་གཅིག་ཏུ་འདྲེས་པར་ནུས་པ་དེའི་ཚེ་ཞ་ཉ་ཙམ་གྱིས་ཀྱང་མེའི་ནང ་དུ་བཙོས་ན་འཆིང་བར་ནུས་པའོ།། དེའི་ཚེ་ཚན་ཉིད་གསུངས་པ། རོ་ནི་ཁ་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། བཙོས་ན་ཞེས་བྱ་བ་ནི་རང་སྐྱུར་དྲོན་མོའི་ནང་དུ་འམ། ལྕི་བ་ཁ་སྦྱར་གྱི་ནང་དུའོ།། སྦྱར་བ་གསུངས་པ། དེ་ནས ་ཞེས་བྱ་བ་ལ་སོགས་པ་ལ། སླར་ཡང་ཙཱ་ཏ་ཛཱ་ཏི་ཏ་ཞེས་བྱ་བ་ནི་ས་ཧཱ་ཛ་ག་རའི་ཁུ་བའོ།། ཚྭ་དམར་པོ་ཉིད་དམ་ནི་ཞེས་བྱ་བ་ནི་ག་རའོ།། པིཉྫ་ར་ནཱཾ་ཀར་ནི་ཀ་རའོ།། ཙམ་པ་ཀ་ཀ་ནི་བརྣཱ་དའོ།། སྨྱོ་བྱད་ནི་དུ་རཱ་ཀའོ།། ་ཆ་སྙམས་དངུལ་རྒྱུ་རིན་ཆེན་བྱ་བ་ལ། ཚད་དམར་པོ་ལ་སོགས་པ་དེ་དག་གིས་བརྡུང་བ་དང་མཉེ་བ་ལ་སོགས་པས་དངུལ་ཆུ་དག་པས་རིག་པར་བྱ་སྟེ། རྣ་ཡི་འབྱོར་པས་ཞེས་བྱ་བའི་ལྷག་མ་ཡིན་ནོ།། ད་དྲི་མཉམ་པའི་སྦྲང ་ཞེས་བྱ་བ་ནི་ཕག་གི་ཁཱ་ལ་སྩོགས་པ་དང་མཉམ་པའི་སྦྲང་རྩི་སྟེ། དུར་མཉེ་བ་ལ་སོགས་པས་དག་པར་འགྱུར་རོ།། ན་མཁའ་ཆར་ཆུ་ཞེས་བྱ་བ་ལ་ཚར་ཆུ་ནི་སྨོན་གྱི་ཁུ་བའོ།། ན་མཁའ་ནི་ལྒང་ཚེར་རོ།། མ་ཏའི་རྨིག་པར་ནི་བཙོ ་ཞེས་བྱ་བ་དང་འབྲེལ་ཏོ།། བཙོ་ཞེས་བྱ་བ་ནི་ཆུ་བསྐམས་ཀྱི་བར་དུ་བཙོ་བའོ།། ཟངས་ཀྱི་ཕྱེ་མ་ཞེས་བྱ་བ་ལ་སོགས་པ་ལ་འཁར་བ་ཞེས་བྱ་བཽ་ནི་བརྒྱད་ད་སྲང་བརྒྱད་དོ།། ཅི་ཞིག་ཅ་ན། ཟངས་ཀྱི་ཕྱེ་མའོ།། མིག་སྨན་ཞེས་བྱ་བ ་ནི་མིགོ་སྨན་དྲི་མ་མེད་པའོ།། སྦྲང་རྩི་དང་ནི་བཙོས་ནས་གཞི་ལ་ཞེས་བྱ་བ་ལ། ཟངས་ཕྱེ་དང་མིག་སྨན་དུ་བཅས་པར་བཙོས་ནས་དང་ལ་སྦྲང་རྩི་བླུགས་ཏེ། འབྱུང་པོའི་སྒྲ་ལ་སོགས་པའི་ཁུ་བས་ཚ་བ་གཞི་ལ་ཞིང་བླུ་གི་ན་བཅིངས ་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། དེ་ནས་ཁྲག་ནི་ཆ་བདུན་གྱིས་སྦྱངས་ནས་ཞེས་བྱ་བ་ནི་ཁྲག་ཆ་བདུན་གྱིས་དངུལ་ཆུ་དག་པར་བྱའོ།། ཁ་ཅིག་ན་རེ་ཁྲག་ཆ་བདུན་གྱིས་གསེར་རྡོ་ལ་སོགས་པ་སྤང་བར་བྱའོ་ཞེས ་ཟེར་རོ།། སླར་ཡང་ཆུ་མཉམ་ཁྲག་དང་ནི་ཞེས་བྱ་བ་ནི་སྦྲང་རྩི་དང་ཁྲག་ཆ་མཉམ་པར་བྱས་ལ་དངུལ་ཆ་མཉེ་བའོ།། སྣུམ་ཞིང་རྩུབ་འགྱུར་ཉེས་པ་མང་ཞེས་བྱ་བ་ལ་ཉེས་པ་ནི་སྐྱོན་ཏེ། དེ་དག་བསལ་བས་རྩུབ་པ་ལ་སོགས ་པར་འགྱུར་བ་ཡིན་ནོ།། སེན་མོ་ཞེས་བྱ་བ་ནི་སྨོན་གོ་ས་ལི་ཀ་ཞེས་བྱ་བའོ།། མ་ཧ་ཧཱ་ཏོ་ནཽ་གསེར་གྱི་འབྲས་བུའོ།། མོ་ཀྵ་ནི་གན་ད་བ་ར་ལིའོ།། པུ་ཀ་རི་ནི་ཁ་རཽ་ཀ་ངོ་།། ལྷག་མོ་ནི་གོ་སླའོ།། དེ་ནས་ལྷུང་ཚེར་དངུལ་ཕྱེ་དང་ཞེས་བྱ ་2མ། དངུལ་ཕྱེ་ནི་དཀར་པོ་སྟེ། ལྷང་ཚར་དཀར་པོ་བླུགས་པའོ།། གོང་དུ་ཞེས་ན། རྩི་ལ་སྟེ་དངུལ་ཆུ་ལའོ།། དེས་བཅིངས་པས་ནི་དངུལ་གྱི་བྱ་བ་བྱེད་པར་འགྱུར་རོ།། པན་དུ་ཞེས་བྱ་བ་ནི། པན་དུ་ལས་སྐྱེས་པ་སྟེ་ས་ཧ་དཽ་བའོ།། སྨྱོ ་མ་བཅས་པོའི་ནང་དུ་བརྡུང་ཞེས་བྱ་བ་ནི། འབྱུང་པོའི་སྐུ་ལ་སོགས་པའི་སྨན་གྱི་ཁུ་བ་བླུགས་པ་སྔོན་དུ་འགྲོ་བས་ལྷང་ཚེར་དཀར་པོ་དང་། ཧ་སཽ་དཱ་བའི་སྐྱེ་མའི་ནང་དུ་མཉེས་པོས་བཅིང་བར་སྟོན་ཏོ།། ལྷང་ཚེར་དངུལ་ཆུ་རྣོན ་པོའི་ཞེས་བྱ་བ་ནི་དངུལ་ཆུ་ལྷང་ཚེར་གྱིས་བཅིང་བ་ལྟར་རྣོན་པོས་ཀྱང་བཙོང་བ་སྟོན་ཏོ།། སོ་སོར་ཞེས་བྱ་བས་ནི་སོ་སོར་ར་རེ་ཞིང་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏེ།། ཅུང་ཞིག་ངལ་སོ་བྱ་ཞེས་བྱ་བ་ནི་དེའི་འོག་ཏུ་བཞག ་ཅུང་ཞོག་དབུགས་དབྱུང་བའོ།། བཞག་པའི་གནས་གསུངས་པ། བཞག་པ་ཞེས་བྱ་བ་ལ་སོགས་པའོ།། དངུལ་ཆུའི་ཞ་ཉ་ལ་སོགས་པའི་སྐྱོན་ཤེས་པར་བྱ་བ་གསུངས་པ། མྱ་ངན་དང་ཞེས་བྱ་བ་ལ་སོགས་པ་སྟེ། ་ལྕེ་མྱང་བས་རོ་ཁ་བ་ལ་སོགས་པ་ཞེས་པར་བྱ་བའོ།། བལྟ་བ་ནི་མྱིག་གི་གཟུགས་སྣུམ་པ་ལ་སོགས་པ་ཤེས་པར་བྱའོ།། བདུད་རྩི་ཡི་ནི་སྙིང་པོ་ལྔ་ཞེས་བྱ་བ་ནི་རྩལ་རུ་ཚ་དང་ནས་ཆག ་འཁུས་པའི་ཐུལ་བ་དང་། ཐལ་སྨན་སོར་རྫི་ཀུ་དང་། ལྕེ་མྱང་ཚ་དང་། ཁ་རུ་ཚ་རྣམས་སོ།། དུས་དྲུག་ཅེས་བྱ་བ་ནི་དཔྱིད་ལ་སོགས་པའི་དུས་དྲུག་པོ་རྣམས་ཏེ། དེ་དག་གིས་སོ་སོའི་རྫས་གཟུང་བར་བྱའོ།། ནུམ ་ཞེ་ན། དེ་བཞིན་དྲུག་ཅུ་སྟེ་ཞེས་བྱ་བ་དབྱུག་ཚོང་དྲུག་ཅུའོ།། བདུན་པོ་ཡལ་ག་འདབ་སོགས་བཅས་ཞེས་བྱ་བ་ནི་གླང་ཚོན་སྐྲ་ལ་སོགས་པ་བདུན་ནི་འདབ་མ་ལ་སོགས་པ་དང་བཅས་པར་གཟུང་ངོ་ཞེས་བྱ་བའི་དོན ་ཏོ།། སྐམས་དང་ནི་རླན་ཅན་ཡུལ་ཞེས་བྱ་བ་ལ། སྐམས་ནི་ཆུ་མེད་པའོ།། རླན་ཅན་ནཱི་ཆུ་དང་བཅས་པ་སྟེ། དྭེ་ལྀ་སྐམ་ས་ལས་སྐྱེས་པའི་མཚན་སྨན་ནི་མཐུ་ཆེ་ལ་རླན་ཅན་ནི་མཐུ་ཆུང་བའོ་ཞེས་བྱ་བར་སྦྱར་རོ།། ་མར་དང་མར་ནག་བཀླ་སྨན་ནོ་ཞེས་བྱ་བ་ལི། མྱུར་དང་མར་ནག་ནི་འཇམ་རྩི་སྦྱར་བ་ཡིན་ཏེ། དེ་ལ་མར་ནི་ཕྱི་རོལ་གྱི་ཤ་ལ་སྲོག་ས་པ་ལས་བྱུང་བའོ།། མར་ནག་ནི་ནང་གི་སྟེ་རྐང་ལ་སོགས་པ་ལས་བྱུང་བའོ།། ་དང་དངུལ་ཆུ་ཟས་སུ་སྦྱིན་ཞེས་བྱ་བ་ལ། ཟས་ནི་བཟའ་བ་སྟེ། རྣོན་པོ་དང་ནི་དངུལ་ཆུའི་བཟའ་ཞེས་བྱ་བའི་བར་དུའོ།། དེ་གལ་ཏེ་བཅིང་བར་འགྱུརར་ན་རང་སྦྱར་ཞེས་བྱ་བ་ལ་སོགས་པ་སྟེ། རང་སྦྱར་ཀཉྫི་དང་ཡུད་བ ་ཆ་བསྙམས་པའི་ཁུ་བ་བཏུང་བར་བྱིན་ན་རྣོན་པོ་ཡང་རུང་དངུལ་ཆུ་ཡང་རུང་སྟེ། སྨིན་ཅིང་ཡོན་ཏན་དང་ལྡན་པར་འགྱུར་རོ།། ཉི་མའི་འོད་ཅེས་བྱ་བ་ལ་སོགས་པ་ལ་ཉི་མ་ནི་ཟངས་ཀྱི་ཕྱེ་མའོ།། འོད་ནི་ཨ་པ་རཱ་ཛ་ཏ་དཀར་པོའོ།། ་གཟེར་ནི་རང་སྐྱ་ཀཉྫིའོ།། དེ་དག་ནི་ཉེ་བར་མཚོན་པ་ཙམ་སྟེ། གཞན་གྱི་ཁུ་བ་དག་དང་ཡང་སྦྱར་བས་དངུལ་ཚུར་ཐུགས་ཏེ་བརྡུང་བ་དང་དཀྲུག་པ་དང་མཉེ་བ་ལ་སོགས་པ་བྱ་བ་དང་ཡང་སྦྱར་རོ།། དྲོན་མོར་སྦྲང་རྩི ་ཐིགས་པ་བླུགས་ཞེས་བྱ་བ་ལ། དྲོན་མོ་ནི་དངུལ་ཆུ་དོན་མོར་སྦྲང་རྩིའི་ཐིགས་པ་བླུགས་ལ། ཡང་མཉེ་བ་ལ་སོགས་པ་བྱས་ན་རྣམ་པར་དག་པར་འགྱུར་རོ།། ཁ་ཅིག་ནི་ཉི་མོའི་འོད་ཟེར་ལ་དངུལ་ཆུ་བསྲོས་ནས་སྦྲང་རྩི ་དྲོན་མོའི་ཐོགས་པ་བླུགས་ཏེ། དགུགས་པ་ལ་སོགས་པ་བྱའོ་ཞེས་ཟེར་རོ།། རོ་ནི་བསྐོ་བ་རྣམས་དང་ཡང་། ལྷང་ཚེར་དཀར་པོ་སྐྱོ་མ་སྦྱིན་ཞེས་བྱ་བ་ནི་འབྲས་བུ་གསུམ་གྱི་ཁུ་བ་དང་། ལྷང་ཚར་དཀར་པོའི་ཕྱེ་མར་བཅས་པའི ་སྐྱོ་མར་བླགས་ཏེ་མཉེས་པས་སྦྱང་བར་བྱ་ཞེས་བྱ་བའི་དོན་ཏོ།། ཐལ་སྨན་ལན་ཚྭས་བུ་གར་བསྒྲུབ་ཅེས་བྱ་བ་ལ་སྦྱངས་པ་བྱས་ནས་བཅིང་བར་བྱ་བའི་ཕྱིར་ཚྭ་དང་། ཐ་སྨན་དང་། ཙན་དུ་དང་། རབ་ལོ་སོགས་པའི ་སྨིན་དང་། ལྷོ་སྐྱས་མ་རྙིང་རྫས་ཀྱི་ལས་ཞེས་བྱ་བའི་ཤ་ཁུ་དང་བཅས་པར་འཁྲུལ་འཁོར་གྱི་བུམི་བར་བླུགས་ནས་བཅོས་ཏེ་སླར་ཡང་སྦུ་གུ་ཞེས་བྱ་བ་རྐང་གི་སྦུ་གུར་བྲེགས་ནས་བཅང་བར་བྱའོ།། དེ་དག་ནི་གཞུང ་གདོན་བསྡུས་པ་ཙམ་སྟེ། རྒྱུས་པར་ནརྟག་ཏུ་ཉིད་ནས་སྣུན་པར་འགྱུར་རོ།། དངུས་ཆུ་ཕྲུགྶ་ཚྭར་བྱ་ཞེས་བྱ་བ་ནི་དངུལ་ཆུ་ཆ་གཅིག་དང་སྨན་ཆ་ལྔ་སྟེ་དྲུག་པ་དེ་དག་གཞུག་པར་བྱའོ།། སྐྱེས་ཀྱི་རྫས་རྒྱས ་བསྒྲུབས་པས་ཅིར་འགྱུར་ཞེ་ན། སྐྱེང་བྱེད་དོན་ནི་དགའ་བའང་འཇོམས་ཞེས་བྱ་བ་ལ་སྐྱེད་བྱེད་ནི་པོའོ།། དེའི་དོན་ནི་དགའ་བ་འཇིམས་པར་བྱེད་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། སྔར་བསྟན་པ་ལྟར་སྦྱངས་པོའི་བཅུད་རྣ ་དྲུག་པ་དང་ལྡན་པ་ཟོས་པས་སྐྲ་དཀར་དང་གཉེར་མ་ལ་སོགས་པ་འཇོམས་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། ཆ་ནི་ཚ་དང་ལྡན་པས་བཅིང་ཞེས་བྱ་བ་ནི་ཐལ་སྨན་སྲང་བརྒྱ་རྩ་བརྒྱད་དང་བཅས་པར་བཅིང་ངོ་།། འབྲས ་བུ་བྱ་བ་བྱེད་པར་འགྱུར་ཞེས་བྱ་བ་ལ། འབྲས་བུ་ནི་འབྲས་བུ་ལས་བྱུང་བའི་མར་ནཱ་ག་སྟེ། བྱུ་བ་བྱུད་པ་ནི་ངས་པན་བཏགས་བྱའོ།། སྣརོན་དུ་གཱ་སཽར་ཤོག་བྲུ་གིས་པ་ནི་ཞེས་བྱ་བ་ན་གསེར་ཤོག་གི་ཕྱེ་མ་དང་ལྷན་ཅིག་ཏུ ་བཞུ་པའོ།། སྐྱོན་འཇིམས་རང་གི་ཆོ་ག་ཡིན་ཞེས་བྱ་བ་ལ་སྤྱན་ཞ་ཉེ་ལ་སོགས་པའི་སྐྱོན་ཞུགས་པའོ།། འཇོམས་པ་ནི་འགྲོ་བའོ།། རང་ནཱི་རང་གི་རེ་རང་བཞིན་ཏེ་རོ་ཁ་ན་ཏེ་རཱྀ་འགྱུར་བའོ།། དྲོན་མོ་ཞེས་བྱ་བ་ལྱཾ་སོགས ་བ་ལ། བཅུད་དྲོན་འཇོམས་མོ་ཟོས་ནས་མི་བསྐྱོད་པ་དོན་མོ་འཐུངས་ན་སྐྲ་དཀར་ལོ་སོགས་པ་སྐྱེ་བོ་ཞེས་བྱ་བའི་དོན་ཏོ།། སྦྱང་བའི་ཐབས་གསུངས་པ། དེ་ནས་ཆུའི་ལེན་ཚ་ནི་ཞེས་བྱ་བ་ལ་སོགས་པ ་ཆུ་ནི་འཛག་པའི་འཁྲུལ་འཁོར་གྱི་བུམ་པའོ།། ལན་ཚྭ་ནི་ལྕེ་མྱང་ཚ་ལ་སོགས་པའོ།། ཐལ་བ་འམ་རྡུལ་ནི་བླུགས་པར་བྱང་ཞེས་པ་ལ། ཐལ་བ་ནི་ཡང་བག་ཤར་ལ་སོགས་པའོ།། རྡུལ་ནི་སོ་ཕག་ལ་སོགས་པའི་ཕྱེ་མའོ།། གླང་ཆེན ་མགོའི་བཅུར་ཅེས་བྱ་བ་ནི། སྨན་གླུང་སྣའི་ཁུ་བའོ།། སེང་གེའི་ཚད་དུ་བཙོ་བ.རརུ་བྱ་ཞེས་བྱ་བ་ནི་ཇི་སྲིད་དུ་དངུལ་ཆུ་ཁྲོས་ཏེ་ཁྲོལ་ཁྲོལ་གྱི་སྒྲ་འབྱིན་གྱི་བར་དུ་བཙོ་བ་ནི་འདི་ནི་སངྒའི་ཚར་དུ་བཙོ་བའོ།། ངེས་འདི་སྐད་དུ་སྟོན་ཏཾ་དངུལ་ན ་སེང་གེའི་ཚད་དུ་བཙོས་ནས། དེའི་འོག་ཏུ་སྨན་གླང་སྣའི་ཁུ་བ་བླུགས་སོ་ཞེས་བྱ་བའི་དྲོན་ཏོ།། དེ་ནས་སླར་ཡང་ཕྱུང་ནས་སུ། ཨརྐའི་ཤིང་གི་ཁུ་བ་བླགས་ཞེས་བྱ་བ་ལ་དེ་ལྟ་བསྐོལ་གྱི་འོག་ཏུ་ཨརྐའོ་ཤ་ངི་སྟ་དང་པོར ་བྱུང་བའི་ཁྲག་དང་ཁུ་བ་སྟེ་བྱང་ཆུ་བསྐྱས་མཾ་སི་ཏྭ་གཉིས་པོ་དེ་དག་བླུགས་གོ་ཞེསཽ་བྱ་བའི་དོན་ཏོ།། ཁ་ཙ་ག~ཾ་ནི་ཤི་ང་ཨ་རྒེའི་འདབ་མའི་ཁུ་བ་བླག་གོ་ཞེས་ཟེར་རོ།། གཞན་དག་ནི་ལྕམ་པའི་ཁུ་བ་བྲུག་གོ་ཞེས་ཟེར་རོ།། བཙོས་པ ་སྟི་ངངི་དད་མི་ག་ནི་འཇེམས་ཞེས་བྱ་བ་ནི་བཙོས་མ་ཐག་གི་དྲོན་མོ་ཟོས་པས་སཱི་ཡི་དྲན་པ་དང་། མིག་མི་གསལ་བར་འགྱུར་ཞེས་བྱ་ངའི་དོན་ཏེ། ཙན་ཏ་ཞེས་བྱ་བ་ལ་སོགས་པ་ལ། ཙན་ཏྲ་ནི་ཤེས་པ་ལི་ཀའོ།། ར་ས་ན་ན་སྨན ་བ་ལང་ལྱའོ།། སྒོག་སྐྱ་ནི་ཕན་ཛ་ནའོ།། ཀེ་ས་ན་འབྱུང་པོའི་སྒྲའོ།། ཨད་ཏྲ་ནི་འབའ་ཀྲ་སེ་རའོ།། དེ་དག་གི་འདབ་མཱ་རུས་པ་སྟེ། རྐང་དང་མེ་ཏོག་རྣམས་གཟུང་ངོ་།། གཞན་ཡང་བྱ་གྲི་དང་ཞེས་བྱ་བ་ལ་སོགས་པ་ལ། བྱ་གྲྀ ་སྒྲ་སྙ་དུ། ཤཱ་ཤཱ་ན་ལྤག་ང།། ན་མ་ནུས་བྱ་བླ་སྔུན་ནག་ནས་གྱུ། ནས་མན་མམས་། སྨན་ད་ཤཱ་ཀཱ་ན་ག་། རྣན། ་བྱ་བ་ནི་སྐྱུ་རུ་རའི་ཁུ་བ་སྟེ། རྒྱན་ཞེས་བྱ་བ་ནི་རྒྱས་པའོ།། ཐིག་ལ་ཞེས་བྱ་བ་ནི་སྐྱུ་རུ་རལ། ཤི་ཤུ་ཞེས་བྱ་བ་ནི་སཱུ་ཏའོ།། བཅ་སོ་ཤེས་བྱ་བ་ནི་སྟི་ཚན་ཏེ། ཙུན་ཏྲ་ནས་གཟུང་སྟེ། འཛག་པའི་བར་རྣམས་ཀྱིས་སྣང་ན། ་དེ་དག་ཀྱང་འོག་ནས་རྒྱས་པོར་འགྱུར་རོ།། ཕྱུང་ན་སྦྲུལ་གྱི་གཟུགས་ལྟར་འགྱུར་ཞེས་བྱ་བ་ནི་ད་ལྟར་སྦྱངས་པའི་དངུལ་ཆུ་སྦྲང་སྦྲུལ་དང་འདྲ་བར་འགྱུར་རོ།། ཡང་གསུངས་པ། ཁྲག་དང་ཞེས་བྱ་བ་ལ་སོགས་པ་ལ་སྤྱི་བྱེད་ཅེས་བྱ་བ ་ནི་དྷ་དྷཱ་རའི་ཁུ་བའོ།། མཚན་མོའི་ཤིང་ཞེས་བྱ་བ་ནི་ཡུང་བ་སྟེ། དེའི་ཁུ་བར་ཤེས་པར་བྱའོ།། དེ་དག་གི་ས་ཀྱང་སྦྱངས་ན་སྦྲུལ་ལྟར་འགྱུར་ཞེས་བྱ་བ་སྔ་མ་དང་སྦྱར་རོ།། དེས་ཅིར་འགྱུར་ཞེ་ན། སྐྲ་དཀར་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། དེ་འབའ་ཞིག་གིས་སྐྲ་དཀར་གྱི་ཉེས་པ་འཆིང་བར་བྱེད་དོ།། ཐལ་སྨ་ནི་རྣོན་པོར་བཅོས་པ་ཡིས།། རྒས་དཔེ་འཆི་ནད་སེལ་བར་བྱེད་ཅེས་བྱ་བ་ལ། དང་པོ་ཐལ་སྨན་རྣོན་པོ་དང་བཅས་པའི་དངུལ་ཆུས་བྱུགས་ལ་དེའི་འོག་ཏུ ་ཐལ་སྨན་གྱི་ཆུས་བཀྲུས་ན་ཉེས་པ་གཉིས་པོ་དེ་འཇོམས་པར་བྱེད་དོ།། བཀྲུས་ཤིང་བསྐུས་ན་གཞང་འབྲུམ་འཇོམས་བྱ་བ་ལ། བསྐུ་བ་དང་བཀྲུ་བ་སྔ་མ་ལྷོར་བྱས་ལ་སྨན་པ་ལང་ལྕེའི་ཁུ་བས་དངུལ་ཆུ་མཉེས་ལ་མོར་བསྲེགས་ཏེ་གཞང ་འབྲུམ་ལ་བྱུགས་ན་དེ་སེལ་བར་འགྱུར་རོ།། ལྟོ་སྐྱེས་མ་བརྙིངས་རྫས་ཀྱིས་ལས་ཞེས་བྱ་བ་ལ། ལྷོ་སྐྱེས་ནི་ཟླ་བ་དྲུག་དང་བརྒྱད་ལོན་པའི་བྱིས་པའི་རོ་དང་པོར་བྱུང་བའོ།། མ་བརྙིངས་པ་ནི་འབུ་ལ་སོགས་པའི་སྐྱོན་དང་བྲལ་བའོ།། བཅུད་དང ་བཅུད་ལེན་མར་ཞག་བསྔགས་ཞེས་བྱ་བ་ལ། བཅུང་ནི་འདས་མ་ཐག་པའི་ཤ་ཁུའོ།། བཅུད་ལེན་ནི་དངུལ་ཆུ་འཕོ་བ་སྟེ། དེ་ཡང་བཅུད་ནི་དངུལ་ཆུ་ཡིན་ལ། ཨ་ཡན་ན་འཕོ་ཞིང་ཁྱབ་པའོ།། དེས་ནཱ་བིས་པའི་བཅུད་ཀྱི་དངུལ་ཆུ་འཕོ་བའི་ཡོན་ཏན ་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། མར་ཞིག་བསྔགས་ཞེས་བྱ་བ་ལ་མར་ནི་མར་ནག་སྟེ། འབྲས་བུ་ལས་བྱུང་བ་དང་། ཤ་ལ་སོགས་པ་ལས་བྱུང་བའོ།། ཞག་ནི་མར་དང་གླད་པ་ལ་སོགས་པ་ལས་བྱུང་བ་སྟེ། དེ་ཉིད་གཉིས་ཀྱང་སྔ་མ་ལྟར ་དངུལ་ཆུ་ལ་བསྔགས་ཤིང་གནང་བ་ཡིན་ནོ།། ཤཻ་རི་ཤའི་རྩས་ཀྱང་གཟུག་ཅེས་བྱ་བ་ལ། གསེར་ཤིག་དང་དངུལ་ཆུ་མེའི་ནང་དུ་བཙོས་ཏེ་གཟུགས་པ་ལ་ཤི་རི་ཤའི་རྩ་བའི་ཁུ་བ་སྦྱིན་ནོ།། ཞེས་བྱ་བའི་དོན་ཏོ།། ཀྱང་ཞེས་བྱ་བ་ནི་ལྷང་ཚེ་རལ ་སོགས་པའི་འདབ་མ་གཟུགས་པ་ལ་ཡང་བལྟ་ག་བྱའོ།། དེ་ནས་ཅི་ཞིག་བྱོ་ཞེ་ན། མདོག་དམར་དངུལ་ཆུ་རྨོངས་པ་གསོ་ཞེས་བྱ་བ་ལ་སོགས་པ་ནི་འཕོ་ཞིང་ཁྱབ་པ་སྟེ་དེ་བྱ་བའོ།། ནི་ཞེ་ན། མདོག་དམར་ཏེ་གསེར་བསྒྱུར་བའི་ལས་སོ།། ་དེ་ཡང་གསེར་བཙག་དང་། ལ་སེར་རྡོ་དང་། ལྡོང་ངོས་རྣམས་ལྷན་ཅིག་ཏུ་གཟུགས་ན་འགྱུར་ཏེ། དེ་ཉིད་རྨོངས་ཤིང་འཕོ་བ་ཡིན་ནོ།། དངུལ་ཆུའི་ཚད་གསུངས་པ་མགོར་གནས་ལས་སྐྱེས་ལྡན་པར་བྱ་ཞེས་བྱ་བ་ལ། ལྡན་པ་ནི་ཤི ་ཤའི་རྩ་བའི་ཁུ་བ་ཆ་ལྔ་དང་དངུལ་རྒྱུ་ཆ་གཅིག་ཏུ་བྱས་པའོ།། མགོར་གནས་ཞེས་བྱ་བ་ལ་སྩོགས་པ་ལ། དལ་ཆུ་བསད་པ་དང་། སྒྲར་གསོ་བ་དང་། རྨོངས་པར་བྷཱ་བ་དང་། གཟག་པ་དག་ལ་མགོར་གནས་ལ་སྐྱེས་ཏེ། སྨན ་མཛེས་དང་། གླང་ཆེན་སྒྲ་དང་། རྟག་ཏུ་འཛག་ལ་སོགས་པ་དང་། ཡང་དེ་དག་གི་འདབ་མ་ལས་སྐྱེས་པའི་ཁུ་བ་དྲུག་བཟུང་དུ་ཞེས་བྱ་བའི་དོན་ཏེ། འཁྲུགས་པར་གྱུར་ན་འབྲས་བུའི་ལམ་ཞེས་བྱ་བ་ལ་འཁྲུགས་བྱ་ནི་བཤང་བ་སྟེ། ་བ་དང་རབ་ཏུ་བཤང་བ་དང་། ཤིན་ཏུ་བཤང་བ་ན་འབྲས་བུའི་ལམ་སྟེ་བྱ་བ་བྱེད་པར་འགྱུར་རོ།། དེ་ལོ་བཤང་བ་ནེ་བའི་ནུ་མའི་དབྱིབསོ་ལྟ་བུའི་ཞིག་རྔར་མར་ནག་གིས་བཀང་ལ་བསྲོ་བ་དང་། བརྡུང་བ་དང་། མཉ་བ་ལ་སོགས་པ་བྱས་པའི་དངུལ ་ཆུ་དེར་ཐུགས་ཏེ། ཞ་ཉེ་དང་རོ་ཉེ་དང་གེསེར་ཅུང་ཟད་བླུགས་ནས་བཙོས་ན་བཤང་བར་འགྱུར་ཏེ། རབ་ཏུ་བཤད་པ་ལ་སོགས་པའང་དེ་ལྟར་བལྟ་བར་བྱའོ།། ཚད་ལས་འདས་ན་དུག་ཏུ་འགྱུར་ཞེས་བྱ་བ་ནི་སྨན་རྣམས་ཀྱི་ཚ་དོ་འདོད་པ་ལུས ་བཟློག་ནེ་དུར་དུག་དང་འདྲ་བར་འགྱུར་བའོ།། གཞུང་ཁ་ཅིག་ལས་སྨན་ནཱི་ཆ་ལྔའི་ཚད་དུ་བྱཱ་ཞེས་འབྱུང་སྟེ་གོ་སླའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཁ་དང་བསྐ་དང་མངར་བ་དང་ཞེས་བྱ་བ་ནི་འབྲས་བུ་ལ་སོགས་པའི་སྨན་དེ་དག་གི་རབ ་ལ་སོགས་པ་རྣམས་མཁྲིས་པ་དང་བང་ཀན་དང་རླུང་ཅན་གྱི་མི་ལ་རི་མོ་བཞིན་དུ་དངུལ་ཆུ་དང་སྦྱོར་བའོ།། ཚ་བ་དང་ན་སྦྱར་བའོ།། ཚ་བ་དང་ནི་སྒྱུར་བའི་ཆུས་ཞེས་བྱ་བ་ནི་བད་ཀན་ཅན་ལ་ནི་ཚ་བ་བཏོང་ངོ་།། རླུང་ཅན་ལ་ནི་སྒུར་པོ་བཏང་ངོ་།། མཁྲིས་པཅན ་ལ་ནི་ཆུ་འབའ་ཞིག་བཏང་ངོ་།། ཁ་མེད་རྫར་ནི་བཙོ་བར་བྱ་ཞེས་བྱ་བ་ལ་སོགས་པ་ལ། ཁ་དང་བཅས་པ་ཞེས་བྱ་བ་ནི་སའི་འཁྲུལ་འཁོར་ཞེས་བྱ་སྟེ། མ་ཐག་ཁ་ཡེལ་བར་གནས་པའོ།། དེར་བསྲེགས་པ་དང་། ཚར་བཅད་པ་དང་། མནན ་བཔ་དག་བྱའོ།། ཁ་མེད་ཅེས་བྱ་བ་ལ་སོགས་པ་ནི་བཙོ་བའི་ཞིག་རྫས་བསྟན་པ་ཡིན་ཏེ། བཅོ་གཞི་བྱས་ཀྱི་འོག་ཏུ་སྨན་གླང་སྣའི་ཁུ་བ་སྦྱིན་པར་བྱའོ་ཞེས་བྱ་བ་དང་སྦྱར་རོ།། བཙར་དང་ཞེས་བྱ་བ་ལ་སོགས་པ་ནི་དངུལ་ཆུ་སྦྱང་བ ་བསྣུན་པོ་ཡིན་ཏེ། དེ་ཡང་གསུངས་པ། བསྲོ་བ་མ་གཏོགས་རྣན་པོ་མིན།། མ་མཉེས་པར་ཡང་དྷི་མིད་མིན།། མུ་བསྲོས་པར་ཡང་སྟོབས་ལྡནུ་མིན།། མ་གཟིགས་པར་ཡང་འཆིང་མི་འགྱུར།། ཞེས་སོ།། མཉེས་པས་དྲི་མའི་རྡུལ ་འཐོར་འགྱུར།། ཞེས་བྱ་བ་ནི་དངུལ་ཆུ་མཉེས་པ་ལ་སོགས་པས་དྲི་མ་མེད་པར་འགྱུར་བའོ།། དེའི་འོག་ཏུ་ཡང་བཙོ་བ་བསྟན་པ་རྣོན་པོ་རུ་ནི་བཙོ་བར་བྱ་ཞེས་བྱ་བ་སྟེ། ཤིན་ཏུ་ཡང་བཙོ་པའོ།། བློ་གྲོས་འཁྲུལ་འཁོར་བ་མེད་པ་ཡིས། ་རིམ་གྱིས་རིམ་གྱིས་མཉེ་བར་བྱ།། ཞེས་བྱ་བ་ནི་གཡེང་བ་མེད་པས་ཚད་ལ་བབ་ཀྱི་བར་དུ་འབད་དེ་མཉེ་བའོ།། ཆ་དང་མཉམ་པས་གསོ་བ་ནི།། དག་ན་འགྱུར་གྱི་གཞན་དུ་མིན།། ཞེས་བྱ་བ་ལ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། གང ་གི་ཕྱིར་མཉེས་པས་དག་པར་གྱུར་ན་ཆ་གསཽ་གཞན་དེ་རྫས་གཞན་གསོ་བ་སྟེ། གཞན་པ་ཟ་བར་ནུས་ཀྱི་གཞན་དུ་ནི་མ་ཡིན་ནོ།། དེ་ནས་ཆ་གཞན་བཅས་པ་ལ་ཞེས་བྱ་བ་ལ་སོགས་པ་ནི་དེ་ཉིད་བསྟན་པ་ཡིན་ཏེ། གོ་རི་ཀར་ནི་ཀའི་ཕྱི ་མ་དང་ལྷན་ཅིག་ཏུ་མཉེ་བས་དྲི་མ་སྦྱང་བ་མ་གཏོགས་པར་ཆ་གཞན་སྦྱིན་པར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། ལུགས་ལས་བཟློག་པའི་ལམ་གྱིས་གཟུགས་ཞེས་བྱ་བ་ལ། ལུགས་ལས་བཟློག་པ་ནི་དྲམས ་བའོ།། ལམ་ནི་གཟུགས་པ་ལ་སོགས་པའི་ཐབས་སོ།། གཟུགས་པ་ནི་དེ་དག་གིས་བསྒྲུབ་པའོ།། ཇི་ལྟ་ཞ་ནཽ། བྱ་བ་ཚད་དང་ལྡན་པས་བཙོ་ཞེས་བྱ་བ་ལ་བྱ་བ་ནི་སྨན་རྣམས་ཏེ། ཚད་ནི་དེ་རྣམས་ཀྱི་ངེས་པའོ།། ཞིག་རྫ ་བཅོས་ཤིང་ཟགས་པ་དང་། ཏུ་ར་ཀ་ལ་སོགས་པ་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར་ཏུ་རཱ་ཀ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོ་སླའོ།། དེ་དགྲ་གི་ནཽ་རྟོགས་བྱིས་ལ། ཡིད་ལ་སེམས་པའི་འཁྲུལ་འཁོར་གྱིས་ཞེས་བྱ་བ ་ལ། དེ་དག་གི་ཞེས་བྱ་བ་ནི་སྔར་སྨོས་པའི་བུ་མོ་རྣམས་ཏེ། རྟོགས་པར་བྱ་བ་ནི་དེ་རྣམས་ཀྱི་བསམ་པོ་ཤེས་པ་བྱ་བའོ།། ཡིད་ལས་སེམས་ཅན་དཔའི་འཁྲུལ་འཁོར་ནི་ཤིང་ལ་སོགས་པ་ལས་ཕོ་མཚནྡ་བྱ་བ་སྟེ། སོ་སོའི་ལུས ་ཀྱི་རྩ་དང་མཐུན་པར་བྱས་པའི་ཕོ་མཚན་དང་སྦྱར་བས་དྲང་བའོ།། དེ་དག་གིས་ནི་ཤེས་རབ་ཀྱི་བྱ་བ་བསྟན་པ་ཡིན་ནོ།། གཅིག་དང་གཉིས་དང་ཞེས་བྱ་བ་ལ་སོགས་པས་ནི་གཟག་པ་ལ་སོགས་པའི་བསྒྲུབ་པའི་གླེངས་བསྟན་པ ་ཡང་ཡིན་ནོ།། ལྷང་ཚོར་དངུལ་ཆུ་བཅིངས་ནས་ནི།། དེ་ཆེ་ཤིང་ཆེན་འབྲས་བུར་སྨིན།། ཞེས་བྱ་བ་ལ་ལྗང་ཚར་ལ་སོགས་པ་བཅིང་བར་ནུས་པ་དེའི་ཚེའིའབྲས་བུ་སྨིན་ཅིང་བྱ་བ་བྱེད་པ་ཡིན་ནོ།། ཤིང་ཆན་ཞོ་ས་བྱ་བ་ནི་དངུལ་ཆུ་ཉོད་དོ།། ་བྱ་བ་ཀུན་གྱི་ལམ་གྱིས་ནི།། ཞེས་བྱ་བ་ནི། དབུལ་ཆུ་སྦྱང་བ་ལ་སོགས་པའི་སྨན་སྣ་ཚོགས་ཀྱིས་བསྒྲུབས་ཤིང་གསོས་ན་དེའི་ཚེ་བྱེད་པ་པོ་སྟེ་གཞན་གྱི་དོན་བྱེད་པ་དང་། ཟ་བ་པོ་སྟེ་རང་གི་དོན་བྱེད་པར་འགྱུར་རོ།། ལྷ་ཡིས་རྒྱ་མཚོ་བསྲུབས་པ ་ཞིན། ཞེས་བྱ་བ་ནི་ལྷ་རྣམས་ཀྱིས་འོ་མ་ཅན་གྱི་རྒྱ་མཚོ་བསྲུབས་པ་ལས་བདུད་རྩི་མེ་ཏོག་པ་རི་ཛ་ཧ་ཀ་དང་། དཔལ་མོ་ལ་སོགས་པའི་ལོངས་སྤྱོད་ཐོབ་ལ་བཞིན་དུ་དངུལ་ཆུའི་རྒྱ་མཚོ་གཟགས་ལ་ལ་སོགས་པའི་བསྲུབས་ཤིང་བསྲུབས་ན་སུམ་ཅུ ་སུམ་པའི་བདག་པོའི་མིག་སྔ་ན་གནས་ལའི་མེ་ཏོག་པ་རི་ཛ་ཧ་ཀ་ཡང་འཕྲོག་པར་ནུས་སོ་ཞེས་བྱ་བའི་དོན་ཧོ།། སྟོབས་ལྡན་བཟུང་བ་ཡི་ནི་གནས།། ཞེས་བྱ་བ་ལ། སྟོབས་ལྡན་ནི་ཡོན་ཏན་ཅན་གྱི་བུ་མོའོ།། བཟུང་བ་ནི་བདག་གིར་བྱ་བའོ།། ་གནས་ནི་ཡོན་ཏན་གྱི་རྟེན་ནོ།། རྫུ་འཕྲུལ་གྱི་ནི་ཚྭ་ལྡན།། ཞེས་བྱ་བ་ལ་རྫུ་འཕྲུལ་ནི་ནམ་མཁའ་འཕུར་བ་ལ་སོགས་པའོ།། ཆ་ནི་དེའི་དོན་གྱི་སྨན་ཧེ། དངུལ་ཆུ་ལ་སོགས་པའོ།། རྫས་རྣམས་ཀྱི་དངུལ་ཆུ་གཟགས་པའི་མཚན་ཉིད་གསུངས ་པ། རྨ་བྱ་ཡི་ནི་མགྲིན་འདྲ་དང་།། ཞེས་བྱ་བ་ལ་སོགས་པ་སྟེ། སྤལཥྐ་དང་སྦྲུལ་དང་། ཆུ་འཛིན་རྣམས་ནི་དེ་དག་གི་འགྲོས་དང་འདྲ་བའི་དབྱིབས་སུ་ཤེས་པར་བྱའོ།། སྭ་ཡི་ལྟ་བུར་དྲི་ཞིམ་དང་། དེ་བཞིན་ཆང་དང་སྦྲང་རྩི་དང་།། ཞེས ་བྱ་བ་ལ་ཆང་རྣོན་པོ་ལ་སོགས་པའི་དྲི་ཉིད་སཱ་ལི་ལས་སྐྱེས་པ་ལྟར་དྲི་ཞིམ་པའོ།། ཆ་གཉིས་ཞེས་བྱ་བ་ལ་སོགས་པ་ནི་བུ་མོའི་རྐེད་པའི་ཁྱད་པར་བསྟན་པ་ཡིན་ཏེ། གཞན་ལ་ལྟོས་ནས་རྐེད་པ་ཉིས་འགྱུར་སུམ་འགྱུར་དུ་ཕྲ་བའོ།། མདོག ་ཉམས་ཞེས་བྱ་བ་ནི་སྣམ་བག་མེད་ཅིང་སྐྱ་བའོ།། ལྷག་མ་ནི་གོ་སླའོ།། སྦྲང་རྩི་ལྟ་བུའི་དྲི་དང་ལྡན།། ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དྲིའོ།། སྒྲུབ་པོའི་དབང་པོའི་ཡོན་ཏན་བྱེད།། ཅེས་བྱ་བ་ནི་སྒྲུབ་པ་པོའི་ཡོན་ཏན་ཐོབ་པར ་བྱེད་པའོ།། ཅིས་ཤེ་ན། དེ་རྣམས་ཐབས་ཀྱིས་སྦྱངས་ནས་ནི།། ཞེས་བྱ་བ་སྟེ། སྔགས་ལ་སོགས་པས་སྦྱངས་ནའོ།། དེ་དང་འཁྱིད་ལ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། སེན་མོ་གདབ་པ་ལ་སོགས་པ་གཟུང་བར་བྱའོ།། རྣོན་པོ་དང་ནི་ལྷང ་ཆར་དང་།། ཐུན་མོང་དུ་ནི་བསྟེན་ནས་སུ།། ཞེས་བྱ་བ་ལ། ཐུན་མོང་དུ་ནི་མཚུངས་པ་སྟེ་གཅིག་ཏུ་གྱུར་པའོ།། གང་གི་ཚེ་རྣོན་པོ་དང་། ལྒང་ཚེར་དང་ཞ་ཉེ་རྣམས་གཅིག་ཏུ་འདྲེ་བར་ནུས་པ་དེའི་ཚེ་ཤ་ཉེ་ཙམ་གྱིས་ཀྱང་མེའི་ནང་དུ་བཅོས་ན ་འཆིང་བར་ནུས་པའོ།། ངའི་མཚན་ཉིད་གསུངས་པ། རོ་ནི་ཁ་དང་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། བཅོས་ན་ཞེས་བྱ་བ་ནི་རང་སྦྱར་དྲོན་མོའི་ནང་དུའམ། ལྕི་བ་ཁ་སྦྱར་གྱི་ནང་དུའོ།། སྦྱང་བ་གསུངས་པ། དེ་ནས་ཞེས་བྱ་བ་ལ ་སོགས་པ་ལཾ། སླར་ཡང་ཙྪ་ཧ་ཛཱ་ནི་ཧ་ཉེས་བྱ་བ་ནི་པ་ཧཱ་ཛ་ག་རཱའི་ཁྲ་བའོ།། ཚྭ་དང་དམར་པོ་ཉིད་དང་ནི།། ཞེས་བྱ་བ་ནི་ག་རཱ།། པཉྫ་ར་ནི་ཀརྞི་ཀ་རའོ།། ཙམ་པ་ཀ་ནཱི་བན་དའོ།། བྷྱོ་བྱེད་དི་དུ་རུ་ར་ཀའོ།། ཚྭ་སྒོམས་དངུལ ་ཆུ་རིན་ཆེན་ཞེས་བྱ་བ་ལ། ཚད་དམར་པོ་ལ་སོགས་པ་དེ་དག་གིས་བརྡུང་བ་དང་མཉེ་བ་ལ་སོགས་པས་དངུལ་ཆུ་དག་པར་རིག་པར་བྱ་སྟེ། རྣལ་འབྱོར་པས་ཞེས་བྱ་བ་ནི་སྐྲག་མ་ཡིན་ནོ།། དེ་དང་མཉམ་པའི་སྦྲང་རྩི་ཞེས་བྱ ་བ་ནི་ཕག་གི་ཁྲག་ལ་སོགས་པ་དང་མཉམ་པའི་སྦྲ་རྩི་སྟེ།། དེར་མཉེ་བ་ལ་སོགས་པས་དག་པར་འགྱུར་རོ།། ནམ་མཁའ་ཆར་ཆུ་ཞེས་བྱ་བ་ག་ཆར་ཆུ་ནི་སྨན་གྱི་ཁུ་བའོ།། ནམ་མཁའ་ནི་ལྷང་ཚེར་རོ།། མ་ཧེའི་རྨིག་པར་ནི་ཞེས ་བྱ་བ་ནི་བཙོ་ཞེས་བྱ་བ་དང་འབྲེལ་ཏོ།། བཙོ་ཞེས་བྱ་བ་ནི་ཆུ་སྐམ་གྱི་བར་དུ་བཙོ་བའོ།། ཟངས་ཀྱི་བྱེ་མ་ཞེས་བྱ་བ་ལ་སོགས་པ་ལ་ཁར་བ་ཞེས་བྱ་བ་ནི་བརྒྱད་དེ་སྲང་བརྒྱད་དོ།། ཅི་ཞིག་ཅེ་ན། ཟངས་ཀྱི་ཕྱེ་མའོ།། མིག་སྨན་ཞེས་བྱ་བ་ནི ་མིག་སྨན་དྲི་མ་མེད་པའོ།། སྦྲང་རྩི་དང་ནི་བཙོས་ནས་གཞི་ལ།། ཞེས་བྱ་བ་ལ། ཟངས་ཕྱེ་དང་མིག་སྨན་དུ་བཅས་པར་བཙོས་ནས་དང་ལ་སྤང་རྩི་བླུགས་ཏེ། འབྱུང་པོའི་སྐྲ་ལ་སོགས་པའི་ཁུ་བས་ཚ་བ་གཞི་ལ་ཞིང་བླུགས་ན་བཅིང ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ནས་ཁྲག་ནི་ཆ་བདུན་གྱིས།། སྦྱངས་ནས་ཞེས་བྱ་བ་ནི་ཁྲག་ཆ་བདུན་གྱིས་དངུལ་ཆུ་དག་པར་བྱ་བའོ།། ཁ་ཅིག་ནཱ་རེ་ཁྲག་ཆ་འདུན་གྱིས་གསེར་རྡོ་ལ་སོགས་པ་སྦྱང་བར་བྱའོ་ཞེས་ཟེར་རོ།། ། ་སླར་ཡང་ཆ་མཉམ་ཁྲག་དང་ནི།། ཞེས་བྱ་བ་ནི་སྦྲང་རྩི་དང་ཁྲག་ཆ་མཉམ་པར་བྱས་ལ་དངུལ་ཆུ་མཉེ་བའོ།། སྦྲུམ་ཞིང་རྩུབ་འགྱུར་ཉེས་པ་ཡང་། ཞེས་བྱ་བ་ལ་ཉེས་པ་ནི་སྦྲོན་ཏེ། དེ་དག་བསལ་བས་རྩུབ་པ་ལ་སོགས ་པར་འགྱུར་བ་ཡིན་ནོ།། སེན་མོ་ཞེས་བྱ་བ་ནི་སྨན་གོ་ས་ལི་ཀ་ཞེས་བྱ་བའོ།། མ་ཧ་ཧ་ཏ་ནི་གསེར་གྱི་འབྲས་བུའོ།། མོ་ཀྱཱ་ནི་གནཱ་བ་ར་ལིའོ།། བུསྐ་རི་ནི་ཁ་ར་ཀཾའོ།། ལྷག་མ་ནི་གོ་སླའོ།། དེ་ནས་ལྷང་ཚེར་དངུལ་ཕྱེ་དང་། ་ཞེས་བྱ་བ་ལ། དབུལ་གྱི་ནི་དཀར་པོ་སྟེ། ལྒང་ཆར་དཀར་བ་བླུགས་པའོ།། གང་དུ་ཞེ་ན། རྩི་ལ་ལྷ་དབུས་རྒྱ་ལའོ།། དེས་བཅིངས་པས་ནི་དབུས་གྱི་བྱ་བ་བྱེད་པར་འགྱུར་རོ། བནྡུ་ཞེས་བྱ་བ་ནི། བཅུ་ལས་སྐྱེས་པ་སྟེ ་ས་བདེ་བའོ།། སྐྱོ་མར་བཅས་པའི་ནང་དུ་བརྡུང་།། ཞེས་བྱ་བ་ནི་འབྱུང་བའི་སླ་ལ་སོགས་ལའི་སྨན་གྱི་ཁུ་བ་བླུགས་པ་སྔོན་དུ་འགྲོ་བས་ལྒང་ཚེར་དཀར་པོ་དང་། ས་ཧ་དེ་བའི་སྐྱོ་མའི་ནང་དུ་མཉེས་པས་བཅིང་བར་སྟོན་ཏོ།། ལྒང ་ཚེར་འབྲས་མུ་སྔོན་ཡི།། ཞེས་བྱ་བ་ནི་དངུལ་ཆུ་ལྷ་ཚེར་གྱིས་བཅིང་བ་ལྟར་རྣོན་པོས་ཀྱང་བཅིང་བསྟེན་ཏོ།། སོ་སེར་ཞེས་པ་ལས་ནི་སོ་སོར་བ་རེ་ཞིང་བཅིང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཅུང་ཞིག་ངལ་བསོ་བྱ་ཞེས་བྱ་བ་ནི་དེའི ་ལྡོག་ཏུ་བཞག་ལ་ཅུང་ཞིག་དབུགས་དབྱུང་བའོ།། གཞུག་པའི་གནས་གསུངས་པ། གཞག་པ་ཞེས་བྱ་བ་ལ་སོགས་པའོ།། འདུལ་ཆུའི་ཞྭ་ཞི་ལ་སོགས་པའི་སྐྱོན་ཤེས་པར་བྱ་བ་གསུངས་པ། མྱོང་དང་ཞེས་བྱ་བ་ལ་སོགས་པ་སྟེ། ་སྤེལ་མྱོང་ཁ་པ་ལ་སོགས་པ་ཤེས་པར་བྱའོ།། བལྟ་བ་ནི་མིག་ཡིས་གཟུགས་སྣུམ་པ་ལ་སོགས་ལ་ཤེས་པར་བྱའོ།། སོགས་ཀྱིས་ནི་ལུས་ཀྱིས་རེག་པོས་ལྕི་བ་ལ་སོགས་པའོ།། སྒྲ་དང་དྲི་ཞེས་བྱ་བ་ནི་མཆོད་པའི་དུས ་སུ་བརྣག་པ་སྟེ། དྲི་སྦྲང་རྩི་དང་འདྲ་བ་ལ་མནམ་པ་ལ་སོགས་པ་མཆོད་པའི་དུས་སུ་ཤེས་པར་བྱའོ།། ཞག་མ་ནི་གོ་སླའོ།། ཉེས་པ་དག་ནི་བརྒྱད་ལྡན་པ། ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཝཾ། ལྷང་ཚེར་ལ་སོགས་པའི་ཉེས ་པ་དུ་མ་དང་ལྡན་པའི་ཕྱིར་བློ་གྲོས་དང་ལྡན་པས་ནན་ཧན་དུ་དཔྱ་དེ། གང་གི་ཚེ་ནམ་མཁའ་ལྟར་སྔོ་བསངས་དང་ནག་པོར་གྱུར་པ་དེའི་ཚེ་བཟས་པར་བྱའོ་ཞེས་བྱ་བའི།། ཚིག་མཚམས་བཞིན་ལ་གོག་ཉིན་ཐིག་འགོར་མཐུར། ་སྤྱིར་བསྟན་འགྱུར་འདིས་དཔེ་གཞི་དགའ་ལྡན་གསེ་འབྲིས་ཡིན་ལ། དེ་འདྲ་བར་བཏབ་པའི་དཔེ་དང་གཞན་སྔར་བགུགས་ཀྱི་བསྟན་འགྱུར་སོགས་དང་ཞིབ་བསྐུར་བྱས་ཆེ་བོད་ཀྱི་ཁ་བྱང་རྒྱུད་འགྲེལ་ཥ6ཎ་ཤོག་གྲངས་འདིའི་གྲིབ་ཀྱི་ཐིག་འཕྲེང་བཞི་པའི་དཀྱིས་ན། ཆ་ནི་ཞེས་པའི་མཚམས་ནས ་ཤོག་གྲངས་ཙམ་ཆད་ཡོད་པ་བསྟན་འགྱུར་བར་བསྐྲུན་འགོ་ཁྲིད་ཚན་ཆུང་གིས་ཁ་གསབ་བྱས།། ་བའོ།། དོན་དེ་སྟོན་པར་བྱེད་པའི་གཞུང་གི་ཚོ་གས་ནི་རིམ་པར་ཕྱེ་བ་སྟེ་བཅུ་བདུན་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔྲལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་བདུན་པའི་རྣམ་པར་བཤད་པའོ།། ་ངེས་པར་འདུ་བའི་ལེའུ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ས་ཞེས་བྱ་བ་ནི་བཅུད་ཀྱིས་ལེན་གྱི་ཆོ་ག་བསྟན་གྱི་འོག་ཏུའོ།། དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་རྣལ་འབྱོར་མ་མཉྫུ ་པར་བྱ་བའི་ཕྱིར་ངེས་པར་བཤད་པར་བྱའོ་ཞེས་བྱ་བོར་སྦྱར་རོ།། སྦས་པ་ནི་གབ་པའོ།། གང་དུ་ཞེ་ན། རྒྱུད་དུ་སྟེ་རྒྱུད་གཞན་དུའོ།། ཡང་དག་བསྡུས་པ་ནི་འདུ་བའི་གནས་ཏེ་དེ་དང་གཏོར་མའི་མཆོད་པའོ།། ཅི་འདྲ་ཞེས ་ནཱན་སློབ་པ་པོ་རྣམས་ཏེ་མཆོད་པའི་ཆོ་ག་འདིས་མངོན་པར་འདོད་པའི་དོན་སྒྲུབ་པར་བྱེད་པས་ན་བསྒྲུབ་པ་པོ་སྟེ་གསོད་པའི་བྱེ་བྲེག་གིས་མང་པོ་འི་ཚིག་ཡིན་ནོ།། བངདེ་མཆོག་བླ་མ་ཞེས་བྱ་བ་ལ། རྒྱུད་བྲད་མཆོག ་གི་བླ་མ་སྟེ།། ཡང་དག་པར་སྦྱོར་བ་དང་།། ཀུན་ཏུ་སྤྱོད་པ་ལ་སོགས་པའོ།། ཡང་ནི་བད་མཆོག་གི་རྒྱུད་ཉིད་བླ་མ་སྟེ། མང་པོའི་ཚིག་ནི་ཞེསར་བྱས་པ་ཡིན་ནོ།། དེ་ཅི་ཞིག་ཅེ་ན། གནས་ལ་སོགས་པའི་མཁའ ་འགྲོ་མ་སྟེ་སྔོགས་ཀྱི་ན་ཉེ་བའི་གནས་ལ་སོགས་པ་གཟུང་ངོ་།། འདི་ལྟར་གནས་ལ་སོགས་པ་དེ་དག་ཏུ་བདེ་མཆོག་ཐ་མཱའི་མཁའ་འགྲེམ་རྣམས་ཀྱིས་ཁྱབ་པའོ།། རང་སྐྱེའི་གནས་ཞེས་བྱ་བ་ནི་དེ་དག་བྲམ ་ལ་སེགས་པའི་སྐྱེ་གནས་ལས་བྱུང་བའོ།། ཁྱབ་པ་དེ་ཉིད་གསུངས་པ། ཡུལ་དང་ཡུལ་དུ་ཞེས་བྱ་བ་སྟེ། པུལླི་ལ་སོགས་པའི་ཡུལ་དུའོ།། སུ་ཞིག་ཅེ་ན། རྡོ་རྗེ་དཀྱིལ་འཁོར་བ་ཙོ་མོ་སྟེ། ཐུགས་ཀྱི་འཁོར་ལོ་ལ་སོ ་པ་ལ་གནས་པའི་རབ་ཏུ་གཏུམ་མོ་ལ་སོ་གས་པའི་མཁའ་འགྲོ་མ་རྣམས་རྣལ་འབྱོར་མ་དྲུག་གི་རིགས་ལས་བྱུང་བ་ཉིད་ཤུ་རྩ་བཞི་པོ་དག་ཡིན་ནོ།། སྒྲུབ་པ་པོས་ཞེས་བྱ་བ་ནི་མཁའ་འགྲོ་མ་མཉེས་པར་འདོད་པས ་སོ།། བཛྲའི་སྐད་དུ་བཤད་པ་ཡིན་ཞེས་བྱ་བ་ནི་བརྡར་བཏགས་པའི་ཚིག་བསྟན་པརརྱ་བྱཾའོ།། དེ་དག་གི་དབྱེ་བ་གསུངེས་པ། ཀུ་ལུ་ཏ་ཞེས་བྱ་བཱ་ལ་སོགས་པ་ལ། མ་མོ་ཞེས་བྱི་བ་ནི་ཕག་མོའི་རིགས་ལས་བྱུང་བའོ།། རིགས ་ཀྱི་གཙོ་མོ་ཞེས་བྱ་བཱ་ནི་གཤིན་རྗེ་མའི་རིགས་ལས་བྱུང་བའོ།། རིགས་ཀྱི་ལྷ་མོ་ཞེས་བྱ་བ་ནི་རྨོངས་བྱེད་མའི་རིགས་ལས་བྱུང་བའོ།། བྱས་བཅས་མོ་ཞེས་བྱ་བ་ནི་སྐྱོང་བྱེད་མའི་རིགས་ལས་བྱུང་བའོ།། སྤྱན་ཅིག་སྐྱེས ་པའི་བུ་མོ་ཞེས་བྱི་བ་ནི་སྐྲག་བྱེད་མའི་རིགས་ལས་བྱུང་བའོ།། བརྟུལ་ཞུགས་འཛིན་མ་ཤ་ཆན་ཟ་ཞེས་བྱ་བ་ནི་གཏུམ་མོའི་རིགས་ལས་བྱུང་བའོ།། སྦོམ་དབང་ཕྱུག་ཁིཎྜ་རོ་ཧ་ཞེས་བྱ་བ་ནི་ཡང་ཕག་མོའི་རིགས་སོ།། ། ་ཙཎྜ་ལིའི་བུད་མེད་ཅེས་བྱ་བ་ནི་ཡང་གཱ་ཤྲཱིན་དྷ་མུའི་རིགས་སོ།། བུ་མོ་ཆེན་མོ་ཞེས་བྱ་བ་ནརྀ་ཡང་རྨོངས་བྱེད་མའི་རིགས་སོ།། བུ་མོ་ཡང་འདོད་ཅེས་བྱ་བ་ནི་པུ་ཡང་སྐྱོང་བྱེད་མའི་རིགས་སོ།། མཁའ ་འགྲོ་མའི་དབང་ཕྱུག་མཆོག་ཅེས་བྱ་བ་ནི་ཡོད་སྐབ་བྱེད་མའི་རིགས་སོ།། དེ་བཞིན་ནོ་ཞེས་བྱ་བ་ནི་ཡང་གཏུམ་མོའི་རིགས་སོ།། དེ་ལ་པཉྩ་ལཱིའི་ཡུལ་ཞེས་བྱ་བ་ནི་མཱ་ལ་བཽའོ།། པུལླེའོ་རི་ཞེས་བྱ་བ་ནི་པུལླི་ར་དང་མ་ལ་ཡའོ། ་ལྷག་མ་ནི་པོ་སླའོ།། ཡང་རྣམ་པར་དབྱ་བར་བྱ་། ཀུ་ལུ་ཏཱ་དང་། མ་རུ་དང་། བྷ་ཏཱ་པུ་རི་དང་། ཏཱིཤྲཱྀ་ཀུ་ན་རྣམས་ཀྱི་བུ་མོ་ནི་ཕག་མོའི་རིགས་སོ།། སིན་དྷུ་དང་། ན་གཽ་ར་དང་། པུལླའི་རི་དང་། ཛཱ་ལན་དྷ་ར་རྣམས་ཀྱི་ནི་གཤིན་རྣཱ་མའི ་རིགས་སོ།། ལཾ་པ་ཀ་དང་། སོ་ར་བཱ་དང་། ཨོ་ཊི་དང་། ཀ་ལ་རུ་བ་རྣམས་ཀྱིས་ནི་རྨོངས་བྱེད་མའི་རིགས་སོ།། སམ་གི་རི་དང་། ཀཉྫི་དང་། དེ་བི་ཀེ་ཊ་དང་། རཱ་མེ་ཤྭ་རི་རྣམས་ཀྱི་ནི། སྐྱོང་བྱེད་མེའི་རིགས་སོ།། པཉྩ་ལ་དང་། གྲི་ཧ་ད་བ ་དང་། གོ་དཱ་བ་རི་དང་། ཨར་བུ་ང་རྣམས་ཀྱི་ནི་སྐག་བྱེད་མའི་རིགས་སོ།། ཀ་ལིང་ག་དིང་། ཀོ་ས་ལ་དང་། སུ་བནྡ་དཱི་བ་དང་། ཨོཾ་ཊི་ཡི་ན་རྣམས་ཀྱི་ནི་གཏུམ་མོའི་རིགས་ཏེ། དེ་དབུ་ནོ་རྣལ་འབྱོར་མའི་རིགས་སུ་འདུས་པ་ཡིན་ནོ།། ་ཡུལ་འདི་རྣམས་ཀྱི་བུ་མེ་གང་ཞེས་བྱ་བ་ནི་ཁྱབ་པ་ཞེས་བྱ་བ་དང་སྦྱར་རོ།། དེ་ལ་བུ་མོ་ཞེས་བྱ་བ་ནི་དེ་དག་གི་ཚེ་ཚད་མེད་པའི་ཕྱིར་རོ།། དཔའ་བོ་གཉིས་མེད་ཁྱབ་པ་ཞེས་བྱ་བ་ནི་རྣལ་འབྱོར་མ་ཉི་ཤུ་རྩ་བཞི་དཔའ་བོ་དང་བཅས་པར་ཁྱབ ་པ་སྟེ། བྱེད་པའི་ཚིག་མི་མངོན་པའི་ཕྱིར་རོ།། དེ་དག་གིས་ནི་འཁོར་ལོ་གསུམ་ལ་དབང་སྒྱུར་བ་ཐབས་དང་བཅས་པར་བསྟན་ཅིང་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་དྲུག་གི་རིགས་སུ་འདུས་པར་སྟོན་ཏོ།། ཡང་འདི་ལྟར་པུལླི་ར་མ་དང་། ་ཛཱ་ལན་དྷ་ར་དང་། ཨོ་ཌི་ཡུ་ནྱ་དང་། ཨར་བུ་དང་། གོ་དཱ་བ་རི་དང་། རཱ་མ་ཤྭ་རི་དང་། དེ་བི་ཀོ་ཌི་དང་། མཱ་ལ་བ་དང་། ཀཱ་མ་རུ་པ་དང་། ཨོ་ཌཾ་དང་། ཏྲི་ཤ་ཀུ་ནེ་དང་། ཀོ་ས་ལྀ་དང་། ཀོ་ལིང་ག་དང་། ལམ་པཱ་ཀ་དང་། ཀཱཉྩཽ་དང་། ཧི་མཱ་ལ་ཡ་དང་། པྲེ་ཏ་བུ་རི ་ངདང་། གྲྀ་ཧ་ང་བ་ཏ་དང་། སཽ་ལཱཉྫ་དང་། སུ་པཪྵེ་དཱི་པ་དང་། ན་ག་པ་དང་། སིན་དྷུ་དང་། མ་རུ་དང་། ཀུ་ལུ་ཏཱ་སྟེ། འཁོར་ལོ་གསུམ་པོ་དེ་དག་གི་རིགས་འཕོ་བ་རིམ་བཞིན་དུ་སླར་ཡང་བཤད་པར་བྱ་སྟེ། དེ་ལ་རབ་ཏུ་གཻ་ཏུམ་མོ་དང་། གཏུམ་མིག་མཾ་ན ་ཕག་མོའི་རིགས་ལས་བྱུང་བའོ།། འོད་ལྡན་མ་དང་། སྣ་ཆེན་མོ་ནི་རྨོངས་བྱེད་མ་དང་། གཏུམ་མོའི་རིགས་ལས་བྱུང་བལ། དཔའ་བོའི་བླ་མ་དང་། མིའུ་ཐུང་མ་ནི་སྐྲག་བྱེད་མ་དང་། སྐྱེད་བྱེད་མོའི་རིགས་ལས་བྱུང་བའོ།། ལང་ཀའི་དབང་ཕྱུག་མ་དང་། ་ལྗོན་གྱིབ་མ་ནི་སྐྱོད་བྱེད་མུ་དང་། སྐྲག་བྱེད་མཱའི་རིགས་སོ།། ས་སྲུང་མ་དང་། འཛུགས་བྱེད་ཆེན་མོ་ནི་རྨོངས་བྱེད་མའི་རིགས་སོ།། རླུང་ཤུགས་མ་དང་། ཆང་འཐུང་མ་ནི་ཕེག་མོ་དང་གཽ་ཏུམ་མོའི་རིགས་སོ།། ལྷ་མོ་སྟོ་བསངས་མ་དང་། ཤིན་ཏུ ་བཟང་མོ་ནི་གཏུ་མོ་མི་དང་རྨོངས་བྱེད་མིའི་རིགས་སོ།། རྟ་རྣམས་དང་། བྱ་གདོང་མ་ནི་སྐྱོང་བྱེད་མའི་རིགས་སོ།། འཁོར་ལོའི་ཤུག་ས་ཅན་མ་དང་། དུམ་སྐྱེས་མ་ནི་ཕག་མོ་དང་སྐྲག་བྱེད་མའི་རིགསོ།། གླང་སྣ་མཾ་དང་། འཁོར་ལོའི་གོ་ཆ་མ་ནི ་རྨོངས་བྱེད་མ་དང་། གཏུམ་མོའི་རིགས་སོ།། ཤིན་ཏུ་དཔའ་མོ་དང་སྟོབས་ཆེན་མ་ནི་གཤིན་རྗེ་མའི་རིགས་སྷོ།། འཁོར་ལོ་སྒྱུར་མ་དང་། བརྩོན་ཆེན་མ་ནི་ཕག་མོའི་རིགས་ཏེ། འདི་ནི་རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས ་ཀྱི་རྣལ་འབྱོར་མ་དྲུག་གི་རིགས་འཕོ་བའོ།། ཀུན་ཀྱང་འདོད་པའི་གཟུགས་ཅན་མ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་གཟུགསུ་འཛིན་པའོ།། དེ་ཉིད་ནིཀྱིས་ན་ཡིད་ཀྱི་ཤུགས་ཅན་ཏེ། གང་དག་ལ་ཡིད་ཀྱི་ཤུགས་འགྲོ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། ་ལེག་མ་ཡིན་ཞེས་བྱ་བའི་འཁོར་ལོ་ལས་ལོག་པའོ།། ལྷག་མ་ནི་གོ་སླའོ།། དེ་ཉིད་ཆེན་པ་མཁའ་འགྲོ་ལྔ་ཞེས་བྱ་བ་ལ་མཁའ་འགྲོ་ལྔ་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་རྣལ་འབྱོར་མ་ལྔའོ།། དེ་དག་དེ་ཉིད་ཆེན་མོ་སྟེ་ཤིན་ཏུ་རྣམ་པར་དག ་པའི་ཡེ་ཤེས་ལ་སོགས་པ་ཡིན་པའི་ཕྱིར་རོ།། ལས་ཀུན་རྗེསུ་སྒྲུབ་བྱེད་པ་ཞེས་བྱ་བ་ནི་དེ་དག་གི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་གྲུབ་པར་བྱེད་པའི་ཕྱིར་རོ།། དེ་དག་དང་ལྡན་པའི་བཅོམ་ལྡན་འདས་བསྒོམས་ནས་ནག་པོ་དྲག་པོ་ལ ་སོགས་པ་དང་བཅས་པར་དགུག་པའི་ཕྱིར་སྦྱོར་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱལ་ཆེན་མ་ནི་རྣལ་འབྱོར་མ་རྣམས་སོ།། རྡོ་རྗེ་དབང་ཕྱུག་ནི་དབང་དཔའ་བོ་ཉི་ཤུ་རྩ་བཞི་སྟེ། སྦྱོར་བཱ་དེ་རྣམས་འཇོམས་པར་འཇུག ་པ་ཡིན་ལ་དེའི་གཙོ་བོ་ནི་རྡོ་རྗེ་མཁའ་འགྲོ་སྟེ། དེའི་དཀྱིལ་འཁོར་གྱི་བདག་པོར་བྱས་ནས་གཏོར་མ་སྦྱིན་ནོ་ཞེས་བྱ་བའི་དོན་ཏེ།། དེ་བཞིན་གཤེགས་པའི་སྐུ་ཆེན་པོ་ནི་ཆོས་ཀྱི་སྐུའོ།། དེ་ཉིད་རྡུལ་མེད་པ་སྟེ། ཉོན་མོངས་པའི་རྡུལ ་དང་བྲལ་བའི་ཕྱིར་རོ།། དེ་ཉིད་རྣལ་འབྱོར་ཏེ་གཟུངས་བ་ལ་སོགས་པ་དང་བྲལ་བའི་སྟོང་པ་ཉིད་དུ་སྦྱར་བའི་ཕྱིར་རོ།། དེ་ནི་དཀྱིལ་འཁོར་འདི་སྙིང་རྗེ་དང་། སྟོང་པ་ཉིད་དབྱེར་མེད་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་དུ་བསྒོམ་པར་བྱ་བ་སྟོན ་ཏོ།། སྤྱན་དྲང་བའི་སྔགས་གསུངས་པ། ཨོཾ་ཀྐཀཱ་ཞེས་བྱ་བ་ལ་སོགས་པའོ།། དེ་དག་གིས་ནི་འདི་སྐད་དུ་ལྷའི་རྣལ་འབྱོར་ཅན་གྱིས་ཙནྡྲ་དམར་པོས་དཀྱིལ་འཁོར་གྲུ་གསུམ་བྱས་ལ་དེའི་དབུས་སུ་འཇིག་རྟེན་སྐྱོང་བ་ལ་སོགས ་བབ་བལྟོ་སྟེ། ཕྱི་རོལ་གཡས་དང་གཡོན་དུ་བདུད་རྩི་ལྔ་དང་ལྡན་པའི་བཟའ་བ་ལ་སོགས་པ་ཐམས་ཅད་ཀྱིས་བཀང་བའི་གཏོར་མ་གཉིས་བཤམས་ལ་གཏོར་མ་གཡོན་པ་ནི་རང་གི་ལྷའི་ཞལ་དུ་དབུལ་བར་བྱའོ།། གཏོར་མ ་གཡས་པ་ནི་ཨོཾ་བྷཀྵ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་རུང་ནག་པོ་ལ་སོགས་པ་ལ་དབུལ་བར་བྱའོ་ཞེས་སྟོན་ཏོ།། དེ་ཉིད་གསུངས་པ། བདུད་རྩི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། བདུད་རྩི་ཞེས་བྱ་བ་ནི་བཟའ་བ ་ལལ་སོགས་པ་དེ་དག་ཧ་ཧོཿཧྲཱིཿགསུམ་གྱིས་བདུད་རྩིར་བྱིན་གྱིས་བརླབས་པའོ།། ཁ་བཀང་ཞེས་བྱ་བ་ནི་ལྷ་རྣམས་ཀྱི་ཞལ་དགོད་བའོ།། ལྷ་རྣམས་ཐམས་ཅད་ཚིམ་པར་བྱ་ཞེས་བྱ་བ་ནི་ཕྱི་ནང་གི་རྣལ་འབྱོར་དོང་རྣལ་འབྱོར ་མམ་རྣམས་བསྒོམས་ཏེ་མཉེས་པར་བྱའོ།། ལས་རྣམས་སྦྱོར་བ་ཇི་བཞིན་དུ།། གཏོར་མའི་ལས་ནི་སྦྱོར་བྱས་ཏེ་ཞེས་བྱ་བ་ནི་ཞི་བ་ལ་སོགས་པའི་ལས་ཐམས་ཅད་ལ་གཏོར་མའི་ཆོ་ག་དེ་སྦྱར་བའོ།། དེ་ལ་དཀྱིལ་འཁོར་གྱི་རིམ ་པ་ནི་འདི་ཡིན་ཏེ། ཙན་དྲན་གྱིས་དཀྱིལ་འཁོར་གྲུ་གསུམ་བྱུགས་པའི་དབུས་སུ་ཟླུམ་པོར་བསྐོར་ལ་དེར་ཐིག་བཞིས་རེའུ་མིག་དགུར་བྱའོ།། དཱ་ལ་དཔུང་ལྡན་གྱི་རེའུ་མིགྲ་དུ་ནཱི་རུ་དྲ་ནག་པོ་ཁྱུ་མཆོག་ལ ་ཞོན་པ་ཁ་དོག་དཀར་པོ་ལག་པ་གཉིས་ན་ཐོད་པ་དང་། མདུང་རྩེ་གསུམ་པོ་ཐོགས་པའོ།། ཤར་དུ་ནི་དྲག་པོ་ཆེན་པོ་མདོག་སེར་པོ་གཡས་ན་རྡོ་རྗེ་ཐེ་གས་ཤིང་གཡོན་པ་གླང་པོ་ཆེའི་མགོར་ཐལ་མོ་བཞག་པ་གླང་པོ་ཆེ ་ལ་ཞོན་པའོ།། མ་མཚམས་སུ་ནི་ལྷས་བྱིན་མདོག་སེར་པོར་སྐྱེས་ལ་ཞོན་པ། ལག་པ་གཡས་གཉིས་ན་ཧོམ་གཟར་དང་དབྱུག་གུ་གསུམ་ཐོགས་པ་གཡོན་གཉིས་ན་བ་དན་དང་རིལ་པ་སྤྱི་བླུགས་ཐོགས་པའོ།། ལྷོར ་ནི་ནག་པོ་སྟེ་མ་ཧེ་ལ་ཞོན་ཞིང་མདོག་སྔོ་བ་ལག་པ་གཉིས་ན་དབྱུག་པ་དང་། མདུང་ཐོགས་པའོ།། བདན་བྲལ་དུ་ནི་གཙགས་པ་སྟེ་མི་རོ་ལ་ཞོན་ཞིང་མདོག་སྔོ་ནག་སྐྲ་ཁམས་པ་གྱེན་དུ་བརྫེས་པ་རལ་གྲི་དང་ཕུབ་ཆུང་ཐོགས ་པའོ།། ནུདཱ་ཏེ་ནི་འཇིགས་བྱེད་དེ་ཆུ་སྲིན་ལ་ཞོན་ཞིང་མདོག་དཀར་བ་གདེངས་ཀ་བདུན་དང་ལྡན་པ་ལྗག་ནུ་ཞགས་པ་ཐོགས་པའོ།། རླུང་མཚམས་སུ་ནི་རླུང་ལྷ་རྒ་ལས་འདུས་པ་སྟེ་རི་དྭགས་ལ་ཞོན་ཞིང་མདོག་ནག་པོ་ལག ་པ་གཉིས་ཀྱིས་རླུང་གི་སྣམས་བུ་བ་དན་འཛིན་པའོ།། ལུས་ངན་གྱི་ཕྱོགས་སུ་ནི་ལོག་འདྲིན་སྟེ་མི་ལ་ཞོན་ཞིང་མདོག་སེར་བ་ལག་པ་གཉིས་ཀྱིས་ལྕགས་ཀྱུ་དང་དེ་རིན་པོ་ཆེའི་དབྱུགས་པ་འཛིན་པའོ།། དེ་ཐམས་ཅད་ཀྱང ་རལ་པའི་ཐོར་ཚུགས་ཀྱིས་བརྒྱུན་ཅིང་རང་དང་འདྲ་བའི་ཆུང་མ་དང་བཅས་པ་ལག་པ་གཞན་གཉིས་ཀྱིས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདུད་པའོ།། དེ་ལ་རྒན་བྱེད་མ་ལ་སོགས་པ་ནི་ནག་པོ་དྲག་པོ་དང་མཚུངས་པའོ།། རྒྱལ་བ་མ ་ལ་སོགས་པ་ནི་དྲག་པོ་ཆེན་པོ་ལྟ་བུའོ།། ནག་པོ་བཟང་མོ་ལ་སོགས་པ་ནི་ལྷས་བྱིན་ལྟ་བུའོ།། ཟླ་མ་བ་མོ་ལ་སོགས་པ་ནི་ནག་པོ་ལྟ་བུའོ།། སུམ་ཅུ་གསུམ་དབང་ལ་སོགས་པ་ནི་གཙགས་པ་ལྟ་བུའོ།། དྲག་མོ་ལ་སོགས་པ་ནི ་འཇིགས་བྱེད་ལྟ་བུའོ།། ཐོད་འཐུང་མ་ལ་སོགས་པ་ནི་རྒ་ལས་འདས་པ་ལྟེ་བུའོ།། རིལ་གྲི་ཅན་ལ་སོགས་པ་ནི་ལོག་འཛིན་ལྟ་བུ་སྟེ། མཆེ་བ་གཙིགས་མ་དང་འཁྱུང་མ་དང་ཁ་ཊྭཱཾ་མཱ་དང་རལ་གྲི་ཅན་དང་སྒྲ་སྟ་ཅན་དང་། རྡོ་རྗེ་ཅན་དང ་གཞུ་ཅན་མོ་རྣམས་ནི་ས་སོའི་མིང་བཞིན་དུ་ལག་པར་རས་མཚན་མྱ་དེ་དགེ་ཐོགས་ཤིང་ལྷག་མཱ་རྣམས་ནི་གཙོ་བོ་དང་འདྲ་བྱེའི་མཚན་མ་ཐོགས་པ་ཡིན་ནོ།། ཀྭིན་ཏུ་འཁྱུད་མ་ནི་ལྷག་པ་གཉིས་ཀྱིས་འཁྱུད་པའི་ཕྱག་རྒྱ་འཚ ་པའོ།། གཞན་དག་ནི་རྒན་བྱེད་མ་ལ་སོགས་པ་འདི་དག་གི་མདོག་དང་མཚན་མ་གཟུངས་ཀྱི་དཀྱིལ་འཁོར་ལྟ་བུར་བྱའོ་ཞེས་ཟེར་ཏེ། དེ་ནི་གཟུངས་ཀྱི་དཀྱིལ་འཁོབོ་ཉིད་དུ་ཡིན་གྱི་རྒྱུད་འདི་མན་ངག་ལས་གཱ། ཏོར་མའི་སྐས ་སུ་ནི་དེ་ལྟ་བུ་མ་ཡིན་པར་ཤེས་པར་བྱའོ།། ཙན་དན་ཙ་མུརྦ་ཌི་ལ་སོགས་པའི་རྣལ་འབྱོར་མ་བཞི་བཞི་ཞིང་རུ་དྲ་ནག་པ་ལ་སོགས་པ་རྣམས་ཀྱིས་རིམས་བཞིན་འཁོར་དུ་བལྟ་བར་བྱའོ།། ཡེ་ཤེས་ལྕགས་ཀྱུའི་ཞེས་བྱ་བ་ནི ་བྱེ་བྲག་གིས།། རང་འདོད་ལྷ་ནི་ཚིམ་པར་བྱ་ཞེས་བྱ་བ་ལ། རང་འདོད་ལྷ་ཞེས་བྱ་བ་ནཱི་རཱིའུ་མིག་དབུ་མར་རྡོ་རྗེ་མཁའ་འགྲོར་རྣལ་འབྱོར་མ་དང་བཅས་པར་བཀོད་པའོ།། ཡེ་ཤེས་ནི་མེ་ལོང་ལྟ་བུ་ལ་སོགས ་བ་སྟེ། དེ་ལྕགས་ཀྱུ་ལཱྀ་ཞེས་བྱ་བ་གོ་ཀུ་ད་ཧཱ་ནཱ་ཞེས་བྱ་བ་དང་བཅས་པོའི་བདུད་རྩི་ལྔ་སྟེ་དེ་དག་གིས་གཏོར་མོའི་སྣོད་བཀང་སྟེ་རྡོ་རྗེ་མཁའ་འགྲོ་དང་རུ་དྲ་ནག་པོ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ ་རྣམས་ཚིམ་པར་བྱེད་ཞེས་བྱ་བའི་དོན་ཏོ།། རོ་ལྡངས་ཀྱི་སྒྲུབ་པ་གསུངས་པ། གང་གིས་ཞེས་བྱ་བ་ལ་སོགས་པ་ལ། རྨ་བྱི་མེད་ཅེས་བྱ་བ་ནི་མཚོན་གྱིས་དྲལ་ཞིང་ཕུག་པ་ལ་སོགས་པའི་རྨ་སར་པ་མེད་པའོ།། མཛ་དང་ཤུ ་བ་ལ་སོགས་པ་སྤངས་ཞེས་བྱ་བ་ནི་ཕྱི་རོལ་གྱི་པགས་པ་ལྱ་མཛེས་དང་ཤུ་བ་ལ་སྩོགས་པའི་སྐྱོན་དང་བྲལ་བ་དང་། གཞན་ཡུ་ཟ་གུ་ལ་སོགས་པའི་ནད་ཀྱིས་མ་ཉམས་པའོ།། ལྷག་མ་ནི་གོ་སླའོ།། ཧ་ཧ་ཞེས་བྱ་བ ་ལ་སོགས་པའི་རྒོད་པའི་སྔགས་ནི་འདིར་བཟླས་པའི་སྔགས་སོ།། མ་ཞེས་བྱེ་བུ་ནི་རའོ།། ས་བོན་ཞེས་བྱ་བ་ནི་ཧའོ།། རླུང་གི་ས་བོན་ཞེས་བྱ་བ་ནཱི་ཡའོ།། སྤྱི་གཙུག་ཏུ་ནི་སྦྱར་ཞེས་བྱ་བ་ནི་སྟེང་དུ་ཟླ་ཚེས་དང་ཐིག་ལ ་ཐི་བ་སྟེ། བསྡུས་པས་ཧོ་ཞེས་བྱ་བར་འགྱུར་རོ།། མཆེད་པར་བྱ་ཞེས་བྱ་བ་ནི་མེ་ཏོག་ལ་སོགས་པ་ཕྱིའི་མཆོད་པས་མཆོད་པར་བྱ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་མའི་དབུས་གནས་པར་ཞེས་བྱ་བ་ལ་སོགས་པས ་ནི་བདག་ཉིད་ལྷའི་རྣལ་འབྱོར་བྱ་བར་སྟོན་ཏོ།། སྐྱེ་གནས་དབུས་སུ་ཞེས་བྱ་བ་ལ་སོགས་པས་ནི་རོའི་ཕོ་ཉད་ཆེས་ཀྱིས་འབྱུང་གནས་ཀྱི་ནང་དུ་ས་བོན་ཧྱཾ་ལས་བྱུང་བ་འོད་དང་བཅས་པའི་ལུས་སུ་བསྒོམས་པའི་དོན ་ཏོ།། གནས་ནཱི་དུར་ཁྲོད་ལཱྀ་སྩོགས་པ་དཔེ་ན་པར་བསྒྲུབ་པར་བྱའོ།། འདུ་བའི་གནས་ངེས་པ་ཞེས་བྱ་བ་ནི་གནས་གོང་དུ་རྣལ་འབྱོར་རྣམས་ངེས་པར་འདུ་བའོ།། སྒྲུབ་པའི་ཆོ་ག་ནི་གཏོར་མ་དང་རོ་ལངས་སྒྲ ་པའི་ཆོ་གའོ།། དེའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ། བཅོ་བརྒྱད་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། ་འདུ་བའི་གནས་དེ་དང་དུར་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་དེ་བསྒྲུབ་པར་བྱའོ།། ཞེས་བསྟན་པའི་ཕྱིར་དེའི་སྒྲུབ་ཐབས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་གནས་ལ་སོགས་པ་སྟེན་པའོ། ་འོག་ཏུའོ།། དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གུ་ནས་རྣམསུ་གཏོར་མ་གཏོང་པོ་སྔོན་དུ་འགྲོ་བའི་མ་མོའི་དཀྱིལ་འཁོར་མདུན་དུ་བསྒོམ་པ་མ་གཏོགས་བསླབ་པར་མི་ནུས་པས་མ་མོའི་དཀྱིལ་འཁོར་དག་པ ་བཤད་པར་བྱ་ཞེས་བྱ་བར་སྦྱོར་རོ།། ལྷ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་ཚངས་པ་ལ་སོགས་པའོ།། ཕོ་ཉའི་ཁྱད་པར་ནི་འཕྲོག་བྱེད་མ་ལ་སོགས་པའོ།། འབྱུང་པོ་ནི་ལོག་འདྲེན་ལ་སོགས་པའོ།། གཟའ་ནི་ཉི་མ་ལ་སོགས ་པ་སྟེ། རིག་པ་ཆ་ནི་དེ་རྣམས་བསྒྲུབ་པར་བྱེད་པའོ།། ལུས་སྲུལ་པོ་ནི་ཡི་དགས་ཏེ། དེ་རྣམས་སྒྲུབ་པར་བྱུང་བར་དཀྱིལ་འཁོར་བ་ཤད་ཀྱིས་ཞེས་བྱ་བ་དང་སྦྱར་རོ།། སྔགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་དེ་རྣམས ་སྔགས་ཀྱི་ཕྲེང་བའོ།། ད་ན~ཾ་ཞེས་བྱ་བ་ནི་རིམ་གྱིས་དྲྀ་ནྱཱ་ཏེ། རིམྦི་གྱིས་བཱ་ཤད་ཀྱིས་ཉོན་མོངསྨྲ་ཅིག་པའོ།། དཱཀྵི་ལ་འཁོར་གསུངས་པ། གྲུ་བཞི་ཞེས་བྱ་བ་ལ་སོགས་པའོ།། བྱཱ་ལང་ཀོ་བ་ལ་སོགས་པ་ཞེས་བྱ་བ་ལ་སོགས་ཀྱིས་ན ་རིའི་བྱུགས་པ་ལ་སོགས་པ་གཟུངས་།། སྒྲུབ་པ་པོའི་མཆོག་ནི་དམ་ཚིག་ཅནྡ་ནོ།། འབྱུང་པོའི་དཀྱིལ་འཁོར་ཞེས་བྱ་བ་ནི་འབྱུང་པོ་སྒྲུབ་པར་བྱེད་པའི་དཀྱིལ་འཁོར་ཏེ། འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་རོ།། སྒྲུབ་པ་ནི་རས་རིས ་ལ་སྩོགས་པ་བྱ་བའོ།། དེ་ནས་འབུམ་ཕྲག་གཅིག་བཟླས་པ་ཞེས་བྱ་བ་ནི་ཨོཾ་ཨཱཿགཻ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བའི་སྔགསོ་སྔོན་དུ་འབུམ་ཕྲག་གཅིག་བཟླས་པ་བྱའོ།། ལྕུག་མ་ནི་གོ་སླའོ།། འབྱུང་བ་ལས་ཀྱང་ཞེས་བྱ་བ་ནི་བདག་མེད ་པའི་ཏིང་ངེ་འཛིན་ལས་སོ།། ཅི་ཞིག་ཅེ་ན། འབྱུང་བའི་གཟུགས་ཏེ་འབྱུང་བ་པོ་འདུལ་བྱེད་ཀྱི་གཟུགས་སུ་བསྒོམ་པའོ།། དབུས་སུ་ཞེས་བྱ་བ་ནི་ནང་གི་དཀྱིལ་འཁོར་རོ།། རི་མོ་མཛེས་པས་བསྐོར་བར་བྱ་ཞེས་བྱ་བོ་ནི་པདྨ་འདབ་མ་བརྒྱད ་ཀྱིཀྱི་ཕྱི་རོལ་ཏུ་རི་མོ་ཟླུམ་པོར་བསྐོར་བའོ།། རྡོ་རྗེ་འབར་བ་བ་དན་གསུམ་ཞེས་བྱ་བ་ལ་མཐེ་བོས་མཐེ་ཆུང་གིས་ན་མོ་མནན་ཏེ། སོར་མོ་ལྷག་མ་གསུམ་བསྒྲེང་བ་འདི་ནི་བ་དན་གསུམ་པའི་ཕྱག་རྒྱ་ཡིན་ལ་རྡོ་རྗེ་འབར་བ་དང་བཅས་པའོ།། ་ཁྲག་མཆོག་མཛེས་པའི་གཤོར་དང་བཅས། ཞེས་བྱ་བ་ནི་གཤོར་ལྟ་བུའི་ཐོད་པ་ཁྲག་གིས་བཀང་བའོ།། ཡང་ན་ར་ཙ་ནི་ཞེས་བྱ་བ་ནི་མཚན་མོ་རྒྱུ་བས་ན་ཟླ་བ་ལ་བྱ་ལ་ཟླ་བ་ཕྱེད་པའི་དབྱིབས་ལྟ་བུའི་མཚན་མ་དེ་ལ་དེ་སྐད་ཅེས་བྱའོ།། ་འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་མཚན་མ་རྡོ་རྗེ་བྲི་བའོ།། རས་རིས་ལ་ནི་ཡན་ལག་རྫོགས་པའི་གཟུགས་བྲི་བར་བྱ་ལ། བསམ་གཏན་གྱིས་ནི་ས་བོན་ཧཱུཾ་ལས་བསྐྱེད་པར་བྱའོ།། ཤར་དུ་ཞེས་བྱ་བ་ལ་སོགས་པ་ལ། ཤར་གྱི ་འདབ་མ་ལ་ནི་མཁའ་འགྲོ་མ་སྟེ་ས་བོན་ཕྲུཾ་ལས་བསྐྱེད་ཅིང་མདོག་དཀར་བ་ལག་པ་གཉིས་ཀྱི་ཐལ་མོ་ཁར་བཅུག་པའོ།། ལྷོར་ནི་འཕྲོག་བྱང་མ་སྟེ་ས་བོནུ་ཕྲེཾ་ལས་བྱུང་ཞིང་མདོག་སྔོ་བ་ལག་པ་ན་སྡིགས་མཛུབ་དང་གཏུན་ཤིང་ཐོགས ་པའོ།། ནུབ་ཏུ་འཇིབ་བྱེད་མ་སྟེ་ས་བོན་ཕེཾ་ལས་བྱུང་ཞང་ལག་པ་གཉིས་ཀྱིས་སྙམ་པ་ཁྲག་གིས་བཀང་སྟེ་འཐུང་བའོ།། བྱང་དུ་ནི་མེ་འབར་མ་སྟེ་ས་བོན་པ་ལས་བྱུང་ཞིང་མདོག་སེར་བ་ཐལ་མོ་སྤྱི་བོར་སྦྱར་བའོ།། དེ་དག་ཐམས་ཅད ་ཀྱང་སྐྲ་གྲོལ་ཞིང་རྒྱནི་ཐམས་ཅད་ཀྱིས་བརྒྱན་པོ་རོའི་སྟན་ལ་འདུག་པའོ།། དེ་སྔར་རིམ་པ་གཉིས་པ་ཞེས་བྱ་བ་ནི་ནང་རི་མཽ་གྱི་པདྨ་འདི་ལ་བལྟོས་པ་ཡིན་ཏེ། དེ་ཡང་གྲཝ་བཞི་ལ་སོགས་པ་དང་ལྡན་ཞིང་རྟ་བེབས་མེད་པ་ཡིན་ནོ།། དེའི་ཤྭར ་ཕྱོགས་ཀྱི་སྒོར་ནི་མདོག་དང་མཚན་མ་ལ་སོགས་པ་ཇི་སྐད་བསྟན་པ་ལྟ་བུའི་ཕག་མོའོ།། ལྷོར་ནི་ཞི་བ་མོའོ།། ནུབ་ཏུ་གཞོན་ནུ་མའོ།། བྱང་དུ་ནི་རྒན་བྱེད་མའོ།། དབང་ལྡན་གྱིས་མཚམས་སུ་ནི་ཚངས་མེའོ།། མེ་མཚམ་སུ་ནི་ཚོགས་ཀྱི ་དབང་མོའོ།། བདེན་བྲལ་དུ་ནི་ཁྱབ་འཇུག་མའོ།། རླུང་མཚམས་སུ་ནི་དབང་མོའོ།། ཡང་དེ་ཉིད་ཀྱི་རིམ་པ་གསུམ་པར་དབང་ལྡན་ལ་སོགས་པ་སྟེ། དབང་ལྡན་ཞེས་བྱ་བ་མོའི་རྟགས་སུ་བྱུང་བ་ནི་རྣམ་པར་སྦྱར་བྱ་རྣམས་འདོད་རྒྱལ་གྱིས ་འཇུག་པའི་ཕྱིར་རོ།། དེ་དག་ཀྱང་མདོག་དང་མཚན་མ་ལ་སོགས་པ་ཇི་ལྟར་བསྟན་པ་བཞིན་རང་རང་གི་གནས་སུ་དགོད་པ་གཞུང་ལས་གསལ་པོར་བཤད་པ་ཉིད་ཡིན་ནོ།། དེ་ཉིད་ཀྱི་རིམ་པ་བཞི་པར་ནི་ཉི་མ་ལ་སོགས་པ་སྟེ ་དེ་ལ་ཤར་ཕྱོགས་ཀྱི་སྒོར་ནི་ཉི་མྱ་རྟ་དཀར་པོ་ལ་ཞོན་ཞིང་མདོག་དམར་བ་ལག་པ་གཉིས་ཀྱིས་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ཐོགས་པའོ།། མེ་མཚམས་སུ་ཟླ་བ་སྟེ་དང་པ་ལ་ཞོན་ཞིང་མདོག་དཀར་བ་ལག་པ་གཉིས་ཀྱིས་པདྨའི ་སྟེང་ན་ཟླ་བའི་དཀྱིལ་འཁོར་ཐོགས་པའོ།། ལྷོར་ནཱ་མིག་དམར་སྟེར་སྐྱེས་ལ་ཞོན་ཞིང་མདོག་དམིར་བ་ལག་པ་གཡས་ཀྱིས་གྲི་ཐོགས་པ་གཡོན་གྱིས་མི་མགོ་ཐོགས་ཏེ་ཟ་བའོ།། བདན་བྲལ་དུ་ནི་གཟའ་ལྷག་སྟེ། པདྨ་ལ་གནས ་ཤིང་མངག་སེར་བ། ལག་ན་མདའ་གཞུ་ཐོགས་པའོ།། ནུབ་ཕྱོགས་ནི་ཕུར་བུ་སྟེ། པདྨ་ལ་གནས་ཤིང་མདོག་སེར་སྐྱ་དགྲང་ཕྲེང་དང་། རིལ་པ་སྤྱི་བླུགས་ཐོགས་པའོ།། རླུང་མཚམས་སུ་ནི་པ་བ་སངས་ཏེ། དེ་ཡང་པདྨ་ལ་གནས་ཤིང ་མདོག་དཀར་བ་བགྲང་ཕྲེང་དང་རིལ་པ་སྤྱི་བླུགས་ཐོགས་པའོ།། བྱང་དུ་ནི་སྤེན་པ་སྟེ་རུས་སྦལ་གྱི་སྟན་ལ་འདུག་ཅིང་མདོག་སྔོ་བ་ལག་པ་གཉིས་ཀས་དབྱིག་པ་ཐོགས་པའོ།། དབང་ལྡན་དུ་ནི་སྒྲ་གཅན་འཛན་དང་རྒྱལ་མཚན་ཏེ།། ་དེ་ཡང་སྒྲ་གཅན་འཛིན་ནི་མདོག་དམར་ཞིང་ཉི་མ་དང་ཟླ་བ་ཐོགས་པའོ།། རྒྱལ་མཚན་ནི་མདོག་སྔོ་ཞིང་ལག་ན་རལ་གྲི་དང་ཞགས་པ་ཐོགས་པ་སྟེ། ཕྱི་རོལ་གྱི་ཤར་སྒོར་ནི་ཚངས་པའོ།། ལྷོར་ནི་དྲག་པོའོ།། ནུབ་ཏུ་ནཱི་སྐེམ་བྱེད་དོ།། ་བྱང་དུ་ནི་ཁྱབ་འཇུག་གོ། དབང་ལྡན་དང་མེ་མཚམས་དང་བདེན་བྲལ་དྲང་རླུང་མཚམས་བཞིར་ནི་སའི་ལྷ་མོ་དང་མེ་དྲང་ཆུ་དང་། རླུང་རྣམས་རིམ་པ་བཞིན་དུ། ལ་དང་རཾ་བཾ་དང་ཡཾ་གྱི་ས་བོན་ལས་བྱུང་བ་དབང་ཚོན་གྱི་དཀྱིལ་འཁོར ་ལས་གནས་པ་དང་། མེ་འབར་བའི་གཟུགས་དང་སྤྲིན་དང་བ་དན་གཡོ་བས་མཚན་པའི་རླུང་གི་གཟུགས་ཅན་དགོད་པར་བྱའོ།། གཞན་ཡང་འདིར་གང་གི་ས་བོན་མ་བསྟན་པ་དེ་དག་གི་ས་བོན་ནི་རང་གི་མིང་གི་ཡི་གེ་ལ་ཐིག ་ལྡེས་བརྒྱན་པ་ཡིན་པར་བལྟ་སྟེ། རྡུལ་ཚོན་དུ་བྲིས་པའིམ་རས་རིས་ཀྱི་ལྷའི་གཟུགས་ཀྱང་རུང་སྟེ། བསམ་གཏན་གྱིས་སོ་སོར་རེ་ཞིང་རང་རང་གྲི་ས་བོན་ལས་བསྐྱེད་པར་བྱའོ།། གཟའ་དང་སྐར་མ་ཐམས་ཅད་ཀྱང་རང་རང་དམ ་ཚཚིག་ལས་བྱུང་ཞིང་ཞེས་བྱ་བ་ནི་སྐར་མའི་ཚོགས་དང་བཅས་པའི་གཟའ་རྣམས་རང་རང་གི་མིང་གི་ས་བོན་ལས་བྱུང་བའོ།། ཡང་ན་རང་རང་གི་དམ་ཚིག་ལས་བྱུང་བ་སྟེ། སེམས་ཅན་གྱི་དོན་གྱི་ཕྱིར་འདུས་པའོ།། དེ་ཉིད་ཀྱིས་ན་རྫུ ་འཕྲལ་དང་ལྡན་ཞིང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། རང་རང་སྟན་ལས་གནས་པར་བསམ་ཞེས་བྱ་བ་ལ་ཉི་མ་དང་སྤེན་པ་དང་སྒྲ་གཅན་འཛིན་དང་རྒྱལ་མཚན་རྣམས་ནི་ཁྱད་པར་དུ་ཉི་མོའི་དཀྱིལ་འཁོར་གྱི་སྟན་ལ་གནས་པ ་ཡིན་ལཱ་ལྷག་མ་ནི་སྔར་བཤད་ཟིན་ཏོ།། མཱ་མོ་ཞེས་བྱ་བ་ལ་སོགས་བྱས་ནི་རྣལ་འབྱོར་མ་བཞིའི་སྒྲུབ་པའི་ཐབས་ལ་འཇུག་པ་ཡིན་ཏེ། དངོས་གྲུབ་ཐམས་ཅད་བསྐྱེད་པའི་ཕྱིར་མ་མོའོ།། ཡང་ཅི་འདྲ་ཞེ་ན ་འབྱུང་པོའི་རིག་པ་དང་ནི་གཞན་ཞེས་བྱ་བ་ལ་འབྱུང་པོ་ནི་མི་མ་ཡིན་པོ་སྟེ། དེ་ཚར་གཅོད་པར་བྱེད་པོའི་རིག་པའོ།། གཞན་ཞེས་བྱ་བ་ནི་ཕོ་ཉ་ཞེས་བྱ་བ་དང་སྦྱར་རོ།། ཅི་ཞེ་ན། ལ་ས་རྣམས་ཀུན་གྱིའོ།། སུས་བསྒྲུབ་པར་བྱ་ཞེ ་ན། ལོངས་སྤྱོད་ལ་དགའི་སྒྲུབ་པ་པོ་སྟེ། ཕོ་ཉའི་ལོངས་སྤྱོད་དོན་དུ་གཉེར་བས་སོ།། ཟླ་བ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་ལྷའི་ཏིང་ངེ་འཛིན་གྱི་ཡན་ལག་སྟོན་པ་ཡིན་ཏེ་ཟླ་བ་ལ་སོགས་པ་ཡོངསུ་གྱུར་པོ་ལས་རྡོ་རྗེ ་སེམས་དཔའི་སྟོན་ཏོ།། སྔགས་ཀྱི་རྒྱལ་པོ་ཞེས་བྱ་བ་ནརྀ་རིགས་ཀྱིས་ནཱི་གཱཅིག་གི་ཚིག་ཏུ་བྱས་པ་ཡིན་ནོ།། ཐམས་ཅད་བྲན་བཞིན་དུ་བྱུང་བར་འགྱུར་ཞེས་བྱ་བ་ནི་ཕོ་ཉ་ལ་སོགས་པ་རྣམས་བྲན་ལྷུར་བཀུག་སྟེ། འཁོར་བའོ།། དུར ་ཁྲོད་ཅེས་བྱ་བ་ལཾ་སོགས་པ་དང་ཤར་དང་ཞེས་བྱ་པཽ་ལ་སོགས་པས་ནི་རི་མོའི་དཀྱིལ་འཁོར་བྲི་བའི་གནས་བསྟན་པ་ཡིན་ཏ་པོ་ཉའི་བྱེ་བྲག་གིས་དུར་ཁྲོད་ལྀ་སོགས་པའི་ཤར་ལ་སོགས་པར་བྱའོ།། དྲུག་དྲུག་ཏུ་ནི་བྲིས་ནས་སུ ་ཞེས་བྱ་བ་ལ་སོགས་པས་ནི་བདག་ཉིད་ཀྱི་རྣལ་འབྱོར་རྩོམ་པ་སྟོན་པ་ཡིན་ཏེ། ཉིན་མོ་ལ་དུས་གསུམ་དང་མཚན་མོ་ལ་དུས་གསུམ་དུ་མཆོད་པ་འམ་མཆོད་པའི་དབྱེ་བ་རྣམ་པ་དྲུག་གིས་མཆོད་པའོ།། དེ་ཡང་དྲི་དང་ཞེས་བྱ་བ་ལ ་སོགས་པས་སྟོན་པར་འགྱུར་རོ།། མཆོད་པ་ནི་ཉེ་བར་མཚོན་པ་སྟེ་སྡིག་པ་བཤགས་པ་དང་། བསོད་ནམས་ཀྱི་རྗེས་སུ་ཡི་རང་བ་དང་། སྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལམ་བསྟེན་པར་དམ་བཅའ་བ་ལ་སོ ་པའང་གཟུང་བར་བྱའོ།། དེ་ནས་ཞེས་བྱ་བ་ནི་དཀྱིལ་འཁོར་བྲིསི་པའི་འོག་ཏུའོ།། བརྩམ་པར་བྱ་ཞེས་བྱ་བ་ནི་སྒྲུབ་པའི་ཐབས་ཞེས་བྱ་བའི་ལྷག་མའོ།། ཡོད་ན་དྲུག་དྲུག་ཅེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་མཆོད་པའི ་བྱ་བ་ཉིད་བསྟན་པ་ཡིན་ནོ།། དཀྱིལ་འཁོར་གྱི་མཚན་མ་དགོད་པ་གསུངས་པ། གནས་ལ་སོགས་པ་ཞེསཽ་བྱ་བ་སྟེ། པུལླི་ར་དང་མཱ་ལཽ་ཡ་དང་ཛཱ་ལན་དྷ་ར་ལ་སོགས་པ་རྣམས་སུ་རབ་ཏུ་གཏུམ་མོ་དང་། གཏུམ་མིག་མ ་ལ་སོགས་པའི་མཚན་མ་དགོད་པར་བྱ་སྟེ། འཁོར་ཉི་ཤུ་རྩ་བཞི་བསྟན་པ་ཡིན་ནོ།། དྲི་དང་ཞེས་བྱ་བ་ལ་སོགས་པས་ནི་རྡུལ་མཚོན་གྱི་དཀྱིལ་འཁོར་བྲིས་ཀྱི་འོག་ཏུ་མཆོད་པ་བསྟན་པ་ཡིན་ཏེ། དཔའ་བོའི་ནི་སྟོན་མོ་བྱ་བ ་འོག་ནས་འབྱུང་བ་དང་སྦྱར་རོ།། དེ་ཡང་རྡུལ་ཚོན་བྲིས་ནས་བསམ་གཏན་གྱིས་དཀྱིལ་འཁོར་སོ་སོར་བསྒོམས་ཏེ། སྔར་བསྟན་པ་བཞིན་དུ་མཆོད་པར་བྱའོ།། དྲི་ཆུ་ཞེས་བྱ་བ་ནི་ས་གཞི་ལ་སོགས་པའི་གསང་གཽཏོར ་བྱ་བའི་ཆུའོ།། བུམ་པོའི་ཆོ་ག་ནི་གོ་སླའོ།། ཉིན་མཚན་དུ་ནི་གནས་ནས་སུ་ཞེས་བྱ་བ་ནི་དཀྱིལ་འཁོར་ལ་སོགས་པ་བསྒྲུབ་པ་བསྟན་པ་ཡིན་ནོ།། ཇི་སྲིད་དུ་ཞེ་ན། མཚན་གཅིག་ལེགས་པར་གནས་པར་བྱ་ཞེས་བྱ་བ་སྟེ། ་མཚན་ཐོགས་ཐག་བསམ་གཏན་ལ་སོགས་པས་འབད་དུ་གནས་ན་ཕོ་ཉ་ལྔ་སོགས་པ་འགྲུབ་པའོ།། དེ་ནས་བཟོད་པ་གསོལ་བར་བྱ་ཞེས་བྱ་བ་ནི་དཀྱིལ་འཁོར་ཟིན་གྱི་འོག་ཏུའོ།། ལྕུག་མ་ནཱི་གོ་སླའོ།། བསྒྲུབ ་པའི་དཀྱིལ་འཁོར་གསུངས་པ་ངམ་ཚིག་ལྡན་པ་ཞེས་བྱ་བ་ལ། དམ་ཚག་ལྡན་པའི་འབྲི་མཁན་གྱིས་བྲི་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ཁྭ་ག་ཅེས་བྱ་བ་ནི་ཉེ་བར་མཚོམ་པ་སྟེ། ཁྲག་ལ་སོགས་པའི་བདུད་རྩི་ལྔ་གཟུང ་བར་བྱའོ།། སྟེང་དུ་སྐྱེས་པའི་ནང་དུ་གཞིག་ཅེས་བྱ་བ་ལ། སྟེང་དུ་སྐྱེས་པ་ནི་ཐོད་པ་སྟེ། དེའི་ནང་དུ་བདུད་རྩི་ལྔ་དང་བསྲེས་པའི་ཚོན་རྩི་རྣམས་གཞག་པའོ།། སྐར་མ་རྒྱལ་ལ་སོགས་པ་ནི་བྲིས་སྐུ་བརྩམ་པའི་དུས ་དུསྟན་པ་ཡིན་ནོ།། ཡི་དྭགས་སན་རྩི་ཞེས་བྱ་བ་ལ་སོགས་པ་ལ་རོ་འི་སོན་རྩི་དང་། བལ་གྱི་སྡོང་བུ་བྱས་ལེ་མར་ཆེནཱ་ཞེས་བྱ་བ་ཏིལ་མར་ཆེན་པོའི་མར་ལས་མ་སྦར་བོར་བྱའོ།། དྲིའོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད ་དེས་བསྒོམས་པའོ།། འདིར་གདུག་པ་ནི་ཤ་ཚན་སྐམ་པོ་དང་ནང་དུ་བཅས་པ་གཟུང་བར་བྱའོ།། མཆོད་པའི་ཆོ་ག་དེ་ཉིད་སླར་གསུངས་པ། མེ་ཏོག་དམར་དང་ཞེས་བྱ་བ་ལ་སོགས་པའོ།། ཉེ་བར་སྤྱོད་པའི་གཏོར ་མ་ཞེས་བྱ་བ་ནི་ཉ་རློན་དང་བཅས་པའི་ཕྱིར་རོ།། རྫས་ལྔ་ཞེས་བྱ་བ་ནི་བདུད་རྩི་ལྔ་དང་ལྡན་པའི་རྣམ་པ་ལྔ་ལ་སོགས་པའོ།། བདུད་རྩི་ལྔ་ཞེས་བྱ་བ་ནི་དམ་ཚིག་གི་ཨོཾརྒྷའི་ཆུ་སྦྱིན་པའོ།། རྣལ་འབྱོར་མ་དང་གཉིས ་མེད་པར།། བྱིན་གྱིས་རློབས་ལ་བ་བསྒྲུབས་ཤིང་ཅེས་བྱ་བ་ནི་སྒྲུབ་པ་པོས་སྨྲ་བར་བྱ་བ་སྟེ། ཀྱེ་ཁྱོད་དང་གཉིས་སུ་མེད་པར་གྱིས་ཞེས་བྱ་བ་པའི་བར་དུའོ།། ཟད་པ་ཉིད་དུ་ལོངས་སྤྱོང་བྱ་ཞེས་བྱ་བ་ནི་ལྷག་མ་མེད་ན་སྟེར་གྱི ་གཞན་དུ་མཽ་ཡིན་ནོ།། དྲག་པོའི་སོ་བོན་ནཱི་ཀྵཾ་སྟེ་གལ་ཏེ་སྔོ་ནཱ་དུ་འབུམ་ཕྲག་དྲྀ་བཟླས་ཀྱང་མོ་གྲུབ་པ་དེའི་ཚེ་ཨོཾ་དི་པེ་ཤ་རཱི་ཧཱུཾ་ཕུ་ཕུ་ཀྵི་ཞེས་བྱ་བའི་སྔགས་འབུམ་དུ་བཟླས་པསོ་གཟིར་བར་བྱའོ།། ལྷག་མ་ནི་གོ་སླའོ།། ས ་ལ་ཁྲག་གིས་བྱུགས་ན་སྭ་ཞེས་བྱ་བ་ནི་དུ་རཾ་ཁྲོད་ཀྱིས་གཞི་ལ་ཁྲག་གིས་ཀུན་ཏུ་བྱུགས་ནས་བསྒྲུབས་པར་བྱའོ།། རྡོ་རྗེ་མོའི་ས་བོན་ནཱཾ་ཡི་གེ་སུམ་ངོ་།། རོ་ལངས་མའི་ས་བོན་ནི་ཡི་གཽ་ཡུཾ་ངོ་།། གཞན་ཡང་རླུང་ཞེས ་བྱ་བ་ནི་གང་དང་གང་འདོད་པའོ།། ཀྲྀ་ཞེས་བྱ་བ་དང་གསོང་བ་དང་། ཞེས་བྱ་བ་ལ་སོགས་པ་ནི་ཡི་གེ་ཕཊ་ངོ་།། མེ་སྦར་བའི་དབུས་སུ་ནི་ཞེས་བྱ་བ་ནི་སྦྱིན་སྲེག་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། བ་ལ་ཏ་ཀ་ནག་པོའི་ཤིང་ཞེས་བྱ་བ་ནི ་བ་ལ་ཏ་ཀ་དང་རི་ཏི་ཀ་ཞེས་བྱ་བའི་ཤིང་ངོ་།། ཡུངས་ཀར་དང་ནི་བསྲེས་ནས་སུ་ཞེས་བྱ་བ་ནི་ཕོ་ཉ་དེའི་རས་རིས་རལ་གྲི་ས་དུམ་བུ་དུམ་བུར་གཏུབོས་པ་དང་།། ཁ་ཊཱི་གྲྀ་ནི་ཕོ་ཉའི་མིང་ནས་གཟུངས་ནས་ཡུངས་ཀར་འབའོ་ཞིག ་བསྲེག་གོ་ཞེས་ཟེར་རོ།། མུ~ཾ་སུན་དི་ཞེས་བྱ་བ་ནི་ཕུབ་ཆུང་ངོ་།། ཁ་ཅིག་ནི་མཚོན་ཆའི་བྱེ་བྲག་ཞིག་གོ་ཞེས་ཟེར་རོ།། སྦྱོར་བའི་རིམ་པ་དེ་ཉིད་ཀྱིས་ཞེས་བྱ་བ་ནི་རང་གི་མིང་གི་ཡི་གེའི་ས་བོན་ལས་བྱུང་བའི་སྦྱོར་བ་དེ་ཉིད་ཀྱིས ་གཟའ་རྣམས་ཀྱང་བསྒྲུབ་པར་བྱ་བའི་དོན་ཏོ།། ཨོཾ་ཞེས་བྱ་བ་དང་པོ་སྟེ། སྭཏཱའི་མཐའ་ཅན་བྱིན་གྱིས་བརླབ་ཅེས་པ་ནི་སྔགས་ཐམས་ཅད་ཀྱི་ཀླུད་དུ་ཨོཾ་ཞེས་བྱ་བ་གདོན་ཞིང་མ་ཐར་སྭཱཧཱ་ཞེས་བྱ་བ ་བཟླའོ།། དེ་དག་གིས་ནི་རིདི་སྐད་དུ་གང་གང་གི་ཚེ་གཟའ་རྣམས་དུས་གཅིག་ཏུ་བསྒྲུབ་པར་འདོད་ན་དེའི་ཚེ་པདྨ་འདབ་མ་མོས་ཀྱང་བསྒྲིབ་པར་ཟ་བའི་དོན་ཏེ། ཨོཾ་ཞེས་པ་བ་དང་པོ་སྟེ། བརྒྱད་པའི་འདབ་མ་རྣམས་ལ་ཉི་མ་ལྀ་སོག ་པ་རིམ་བཞིན་བཀོད་ལ་དབུས་སུ་འབྱུང་པོ་འདུལ་བྱེད་ཀྱི་གཟུགས་བསམས་ནས། ཨོཾ་སརྦ་ཞེས་བྱ་བ་ལ་སོགས་བཟླ་བར་བྱའོ།། གང་གི་ཚེ་སོ་སོར་བསྒྲུབ་པར་འདོད་ན་ནི་གང་སྒྲུབ་པར་བྱ་བ་དེ་ཉིད་དབུས་སུ་བཞག་ནས་རང་གི་མིང་དབུས ་སུ་བཅུག་པའི་ཨོཾ་དང་སྭཱདཱའི་སྔགས་བརྒྱུ་བར་བྱའོ།། གལ་ཏེ་དེ་གཟས་ཟིར་པ་ཞི་བར་འདོད་པ་ཡིན་ནོ་ནི་གཟའ་རྣམས་ཀྱི་ཐུན་མོང་གི་སྔགས་བསྒྲུབ་པར་བྱ་བའི་མིང་དང་སྤེལ་བར་བཟླ་བར་བྱའོ།། ཞེས་སྟོན་པར་འགྱུར་རོ།། འབྱུང་ཐམས ་ཅད་ཅེས་བྱ་བ་ནི་བདེ་བྱེད་ལ་སོགས་པའོ།། གདོན་ཐམས་ཅད་ཅེས་བྱ་བ་ནི་གཟའ་ཏམ་ལ་སོ། གས་པའོ།། སྒྲུབ་ཐབས་ནི་ང་རྣམས་བསྐྱེད་པའི་ཆོ་ག་ལ་སོགས་པའོ།། འབྱུང་བ་ནི་བསྟན་པའོ།། གཞུང་གི་ཚོགས་ནི་རིམ་པའི་ཕྱེ་བ་སྟེ། ་བཅུ་དགྲ་བོས།། རྒྱུད་ཀྱི་རྒྱལ་མཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཅུ་དགྲ་པའི་རྣམ་པར་བཤད་པའོ།། ། ད་ནི་འཆི་ལྔས་ཀྱི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེན་སོ ་པ་ནི་གཟའ་ལ་སོགས་པ་ལ་གདུལ་བྱའི་ཆོ་ག་བཤད་ཀྱི་འོག་ཏུའོ།། དེ་ལས་ཞེས་བྱ་བ་ནི་རྒྱུའི་དོན་ཏེ། གང་གི་ཕྱིར་གཟའ་ལ་སོགས་པའི་ཉེས་པས་འཆི་བར་འགྱུར་བས་དེའི་མཚན་མ་ཤེས་པར་བྱ་སྟེ། གཟའ་ལ་སོགས་པའི་གདོན་ཞི་བར་བྱ ་པབཔའི་ཕྱིར། བཅོམ་ལྡན་འདས་ལ་ལྷ་མོ་རྣམས་ཀྱིས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ།། ཡེ་ཤེས་དེ་ཉིད་ཅེས་བྱ་བ~ཾ་ནི་ནང་གི་འཆི་ལྟས་ལས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དེ་རླུང་གི་རང་བཞིན་གྱི་འཆི་ལྟས་སོ།། སྒྱུ་མ་ཆ་ཞེས་བྱ་བ་ནི་བོད་པའོ།། རྩ ་ཆེན་པོ་ནི་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་ཇི་ལྟར་གྲགས་པའི་རྩ་ཆེན་པོ་སུམ་ཅུ་རྩ་གཉིས་ཏེ། འདི་ལ་མཛེས་མ་དང་རོ་བཅུད་མ་དང་ཀུན་བསྐྱོད་མ་གསུམ་ནི་པུལླི་རོ་དང་མཱ་ལ་ཡའི་མིང་ཅན་གྱིས་མགོ་བོའི་ཡན་ལོག་གི་སྨིན་མའི་དབུས ་དང་གཡས་གཡོན་གྱི་ཆ་ལ་གནས་ཏེ། རྡུལ་དང་སྙིང་སྟོབས་དང་མུན་པའི་རང་བཞིན་གྱིས་གནས་པ་ཡིན་ནོ།། སུམ་རིམ་པ་དང་འདོད་པ་མོ་དང་། ཁྱིམ་མ་དང་གཏུམ་མོ་དང་། བདུད་འདུལ་མ་སྟེ་ལྔ་པོ་འདི་དག་ནི་ཀཱཉྩའི་མིང་ཅན་གྱི་སྐྱེ ་གའི་པདྨར་བསྟེན་ནས་བདུད་རྩི་ལྔ་འབབ་པས་ཉེ་བར་གནས་པ་ཡིན་ནོ།། ལྷག་མ་ཉི་ཤུ་རྩ་བཞི་དགོད་པ་འདྲིར་བརྗོད་པར་བྱ་སྟེ། མི་ཕྱེད་མ་ནི་ཡུལ་མཱ་ལ་ཡའི་མིང་ཅན་གྱི་མགོའི་དཔྲལ་བའི་ཆ་ལ་གནས་པ་ཡིན་ནོ།། ཕྲ་མོའི་སྤྱི ་གཙུག་ནའོ།། གསལ་བ་ནི་རྣ་བ་གཡས་ནའོ།། གཡོན་པ་ན་ནི་མགོ་བོའི་རྒྱབ་ཀྱི་ཆ་ལའོ།། འདུལ་བྱེད་མ་ནི་རྣ་བ་གཡོན་པ་ནའོ།། རུས་སྦོལ་སྐྱེས་མ་ནི་སྨིན་མའི་དབུས་ནའོ།། སྲེད་པ་མོ་ནི་མིག་གཉིས་ནའོ།། དབང་བསྒྱུར་མ་ནི་ཕྲའོ། ་བ་གཉིས་ལའོ།། སྡང་བ་མོ་ནི་མཆན་ཁུང་གཉིས་ནའོ།། འཇུག་པ་མོ་ནི་ནུ་མ་གཉིས་སུའོ།། མ་མོ་ནི་ལྟེ་བར་རོ།། མཚན་མོ་ནི་སྣ་རྩེ་རཱ་རོ།། བསལ་སྡེར་མ་ནི་ཁར་རོ།། དྲོང་མ་ནི་མགྲིན་པར་རོ།། ཚང་མ་ནི་སླར་ཡང་སྙིང ་གར་རོ།། མདོག་སྔོན་པོ་ནི་ཆུ་སེར་རོ།། ཐུན་མོང་མ་ནི་མཚན་ལའོ།། རྒྱུ་སྦྱིན་མ་ནི་གཞང་ལའོ།། བྲལ་བ་མོ་ནི་བརླ་གཉིས་ལའོ།། ཛ་མོ་ནཱི་བྱིན་པ་གཉིས་ལའོ།། གྲུབ་མ་ནི་སོར་མོ་ཐམས་ཅད་ལའོ།། མེ་མོ་ནི་རྐང་པའི་བོལ་གཉིས་ལ ་ཡིད་འོང་མ་ནི་རྐང་པའི་མཐེ་བོང་གཉིས་ལའོ།། གསུམ་པ་མ་ནི་པུས་མོའི་ལྷུང་གཉིས་ཏེ། ཐམས་ཅད་བསྡོམས་པས་སུམ་ཅུ་རྩ་གཉིས་སོ།། དེ་དག་གཞན་ལས་ཤིན་ཏུ་གཙོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་ཀྱི་རྩ་གཉིས ་དེ་དག་རྩ་གཞན་ལས་བལྟོས་ནས་གཙོ་བོ་འམ་དམ་པ་ཞེས་བྱ་བའི་དོན་ཏོ།། བཅུ་དང་གཉིས་ན་དེ་བཞིན་དུ་ཞེས་བྱ་བ་ལ། བཅུ་དང་གཉིས་ནི་བཅུ་གཉིས་པ་ཕྲག་གཉིསཾ་ཏྭེ་ཉི་ཤུ་རྩ་བཞིའོ།། དེ་བཞིན་དུ་ཞེས་བྱ་བ་ནི་དེ ་ངདག་གི་ནང་ན་ཡང་དམ་པར་འགྱུར་བའོ།། ཅིའི་ཕྱིར་ཞེ་ན། དབྱིངས་རྣམས་འཕོ་བོའི་མཚན་ཉིད་དེ་ཞེས་བྱ་བ་ལ་དབྱངས་རྣམས་ནི་མ་ནིང་གི་ཡི་གེ་བཞི་སྤངས་པའི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སོ།། འཕོ་བ་ནི་ཆོས་ཀྱི་བྱེ ་བྲག་གིས་རྩ་དེ་དང་དེར་ཡི་གེ་དེ་དང་དེའི་གཟུགས་ཀྱིས་འགྲོ་བའོ།། མཚན་ཉིད་ནི་དེའི་རང་བཞིན་ནོ།། ཇི་ལྟར་འགྲོ་ཞེ་ན་ཡར་ངོ་མར་ངོའི་བྱེ་བྲག་གིས་ཏེ་ཟླ་བ་ཡར་ངོ་མར་ངོའི་བྱེ་བྲག་གིས་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཁོ་སྟེང ་དུ་བལྟས་པ་དང་ཐུར་དུ་བལྟས་པའི་རང་བཞིན་གྱིས་དབྱངས་ཀྱི་ཡི་མེ་བཅུ་གཉིས་སུ་འཕོ་བ་སྟེ། དེ་ལ་པུལླཱི་ར་དང་མཱ་ལ་བ་དང་། ཛཱ་ལན་དྷ་ར་དང་། ཨོ་ཌི་ཡ་ན་དང་། ཨ་ཁུར་དང་། གོ་དྷ་པ་རཱི་དང་། རཱ་མ་ཤཱུ་ར་དང་། དེ་བི་ཀོ་ཊི ་དང་། ཧི་མཱ་ལ་ཡ་དང་། ཀཱ་མེ་རུ་པ་དང་། ཨོ་ཌ་དང་། ཏྲི་ཤཾ་ཀུ་ནེ་དང་། ཀོ་སཻ་ལའི་ཡུལ་རྣམས་སུ་ཡང་ངོའི་ཉི་མ་བཅུ་གཉིས་ལ་ཨ་ལ་སོགས་པའི་གཟུགས་ཀྱིས་གནས་པ་ཡིན་ཏེ། དེའི་ཚེ་ཕོ་ཉྲ་ལ་སོགས་པས་གནས ་དེ་དང་དེར་རེག་པ་ལས་ཡི་གེ་དང་དེའི་སྐྱོན་དང་ཡོན་ཏན་ཤེས་པར་བྱའོ་ཞེས་སྔར་བཤད་པ་དང་སྦྱར་བར་བྱའོ།། དེ་བཞིན་དུ་ཟླ་བ་མར་ངོ་ལ་ཀ་ལིང་ཀ་ལ་སོགས་པའི་གནས་རྣམས་སུ་ཡི་གེ་བཅུ་གཉིས་ཀྱི་གཟུགས ་ཀྱིས་གནས་པ་ལ་རེག་པའི་མཚན་མ་བལྟ་བ་ཡང་ཚུལ་དེ་ལྟར་ཤེས་པར་བྱའོ།། ཉི་ཤུ་རྩ་བཞིར་བརྗོད་པོ་ཡིན་ཞེས་བྱ་བ་ནི་ཚེས་བཅུ་གསུམ་དང་། བཅུ་བཞི་དང་བཅོ་ལྔ་རྣམས་ཟླ་བའི་ངོ་གཉིས་ཀ་ལ་ཡང་ཆོས་གསུཾ ་དང་བཞི་དང་ལྔར་བསྡུས་ནས་ཉི་མ་ཉི་ཤུ་རྩ་བཞིར་བརྩི་བར་བྱའོ།། དུས་ནི་གསར་དང་རྙིང་པ་དག་ཅེས་པ་ལ་གསར་པ་ནི་དུས་མྱུར་བར་འཆི་བའོ།། རྙིང་པོ་ནི་དུས་རིང་མོ་ཞིག་ན་འཆི་བ་སྟེ་དེ་དྲག་གི་མཚན་མའོ།། འཆི ་བའི་དུས་ལ་བབ་པར་གནས་བྱ་བ་ངེས་པར་འཆི་བའི་དུས་ལ་བབ་པར་སྟོན་པའོ།། དབུགས་ནི་རྣམ་པར་རྒོད་ཙམ་གྱིས་ཤེས་བྱ་བ་ནི་དབུགས་ཐ་མལ་པར་གནས་པའི་མཚན་ཉིད་ལས་ཕྱིན་ཅི་ལོག་ཏུ་རྒྱུ་བ་སྟེ། འཕེལ ་བ་དང་འབྲི་བར་གནས་པའོ།། རྒྱས་པར་འོག་ནས་བཤད་པར་བྱའོ།། ལུས་ཅན་དྲུག་དང་གཉིས་ཀྱིས་འཆི་ཞེས་བྱ་བ་ལ། དྲུག་དང་གཉིས་ནི་བརྒྱད་དེ། གལ་ཏེ་ཉི་མ་བརྒྱད་དུ་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བར་གྱུར་ན ་ལོ་གཉིས་དང་ཟླ་བ་བཞི་དང་ཉི་མ་ཉི་ཤུ་རྩ་བཞིས་འཆི་བར་འགྱུར་བ་ཡིན་ཏེ། དེ་བཞིན་ལོ་གཉིས་ཟླ་བ་ནི་ཞེས་བྱ་བ་ལ་སོགས་པའིག་ནས་འབྱུང་བའི་ཚིགསུ་བཅད་པ་དང་སྦྱོར་བར་བྱའོ།། འཆི་བ་ནི་སྲོ་གཟད་པར ་འགྱུར་བའོ།། སྔ་དྲོ་རོ་ཧཾ་ཏ་དུས་སུ།། དེའི་མཚན་མ་མཚོན་པར་བྱ་ཞེས་བྱ་བ་ལ། ནམ་ལངས་ནས་ཐུན་ཕྱེད་ཀྱི་བར་དུ་ནི་རོ་ཧི་ཏའི་དུས་ཏེ་དུས་དར་བརྟག་ཏུ་བལྟ་བ་དང་། དེ་ནས་གཟུང་སྟེ་བརྩི་བར་བྱ་བའི་དོན་ཏོ།། ལུས་ཀྱི ་མཚན་མའི་གནས་གསུངས་པ། སྣང་དང་ཞེས་བྱ་བ་ལ་སོགས་པ་ལ་བཽ་རླ་དང་བྱིན་པ་དེ་བཞིན་གཞན་ཞེས་བྱ་བ་ནི་བརླ་དག་དང་བྱེནི་པ་དག་ཏུའོ།། དབུགས་ནི་ཆད་ཅིང་ཆད་ཅིང་ཆང་གྱུར་པ་ཞེས་བྱ་བ་ནི་སྲོག་འཆང་པ་སྟེ ་འཆི་བར་འགྱུར་བའོ།། འཆི་བའི་དུས་ནི་སྟོན་པར་བྱེད་ཅེས་བྱ་བ་ནི་ལུས་ཅན་རྣམས་ཀྱི་སྲོག་དུས་ཇི་སྙེད་ཅིག་གིས་འཇིག་པར་འགྱུར་པའི་མཚན་མ་གསལ་པོར་སྟོན་པའོ།། ཉི་མའི་གྲངས་ཀྱི་ཚོད་ཀྱིས་ནི་ཞེས་བྱ་བ་ནཱ~ཾ་ཏི ་མ་ལྔ་དང་དྲུག་ལ་སོགས་པའི་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བའི་སྟོབས་ཀྱིས་སོ།། འཁོར་ལོས་དུས་ཀྱི་བདག་ཉིད་བརྩི་ཞིང་ཞེས་བྱ་བ་ལ་དུས་ཀྱི་བདག་ཉིད་ནི་ལོ་དང་ཟླ་བ་ལ་སོགས་པ་ཇི་སྙེད་ཅིག་གིས་འཆི་བར་འགྱུར་བའོ།། ་གང་གིས་ཞེ་ན། འཁོར་ལོས་ཏེ། དུས་ཀྱི་འཁོར་ལོ་སྔར་བཤད་པ་ལྟ་བུས་སོ།། སྒོ་གཅིག་ནས་ནི་ཉིན་དྲུག་ཏུ་ཞེས་བྱ་བ་ལ་སོགས་པ་ལ། འོག་ནས་ལྔ་ནས་ཉི་ཤུ་ལྔའི་བར་འདི་དག་གི་བརྗོད་བྱ་སྟེ། དེ་ནས་བཅུ་གསུམ ་གསུམ་གྱི་བར་དུ་རེ་རེ་སྤེལ་བར་བྱ།། དགུནྡ་ཟླ་ཐ་ཆུང་ཉི་མ་ལ་མཚུངས་གསུམ་མིག་ཟླ་བ་དྲུག། གསུམ་ཟུང་ཟླ་སྟེ་ཟླ་ལྷག་ཚས་ཕྱོགས་མངའ་ཡོན་ཏན་ཐིག་ལེ། ཞག་གྲངས་ཡིན་ཏེ་དེ་དག་འཚེ་བ་བཤད་པ་ཡིན། ལྔ ་ས་བཅུ་ཡི་བར་དང་དེ་བཞིན་བཅུ་ལས་ནི། བཅོ་ལྔའི་བར་ཏེ་དེ་ནས་ཉིའི་བར་དང་ནི། དེ་ནས་ཉི་ཤུ་ལྔའི་བར་དུ་ཡང་སྦྱར་བར་བྱ་ཞེས་བྱ་པའི་ཆགས་སུ་བཅད་པའི་དོན་གྱི་འཁོར་ལོ་སྔར་བཤད་པ་ལས་འདིར་ནི་ལྔ་ནས་ཉི་ཤུ་རྩ ་ལྷའི་བར་གྱིས་བར་བར་གྱི་ཉི་མ་ངག་གི་དུས་བསྟན་པ་ཡིན་ནོ།། དེ་ལས་ལྔ་དང་བཅུའི་བར་གྱི་དང་པོ་བརྩི་བར་བྱ་སྟེ། ཉི་མ་དྲུག་དྲུག་ཏུ་དུ་སྒོ་གཅིག་ནས་ཞེས་བྱ་བ་གཡས་ཀྱི་སྒོ་ནས་རྒྱུ་གྱུར་པ་ཞེས་བྱ་བ་དང་སྦྱར་ཏེ། དེས ་ཇི་སྙེད་ཅིག་གིས་འཆི་བར་འགྱུར་ཞེ་ན། དེ་ཉིད་བསྟན་པའི་ཕྱིར་ཡོན་ཏན་གསུམ་གྱི་ལོ་དག་ནི་ཞེས་བྱ་བ་ལྀ་སྔགས་པ་གསུངས་ཏེ་ལ་རེ་རཾ་ཞིང་ཞག་དྲུག་ཅུ་དང་བཅས་པའི་ཞག་སུམ་བརྒྱུ་སུམཽ་བརྒྱར་གོནས་པ་ལྔས ་སྔར་བསྟན་པ་ལྟར་རླུང་ཕྱིན་ཅི་ལོག་ཏུ་རྒྱུས་པ་ལ་ཡོན་ཏན་གསུམ་གྱི་ལོ་སྟེ་ལོ་གསུམ་དུ་འཚེ་བ་ལས། ཉི་མ་དྲུག་དུ་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བ་འདིའི་ཉི་མ་ལ་སོགས་པའི་ཚེའི་ཚང་ངོ་བྲི་བར་བྱ་སྟེ། དེ་ཉིད་བསྟན་པའི་ཕྱིར། ་ལོ་གཉིས་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དུས་ཀྱི་གྲངས་ཞེས་བྱ་བ་ནི་ཟླ་བ་དྲུག་གོ། ལྷག་མ་ནི་གོ་སླའོ།། ཉི་མ་དག་ནི་བདུན་དང་མཐའ།། གལ་ཏེ་རླུང་ནི་རྒྱུ་གྱུར་ན།། ཞེས་བྱ་བ་ལ ་ཉི་མ་བདུན་དུ་རླུང་སྟེ་སྣ་སྒོའི་དབུགས་ཕྱིན་ཙ་ལོག་ཏུ་རྒྱུ་བར་གྱུར་ནའོ།། ལོ་གཉིས་དང་ནི་དེ་བཞིན་དུ།། ཟླ་བ་དྲུག་ཏུ་འཚོ་འགྱུར་ཞིང་ཞེས་བྱ་བ་ལ། དེ་བཞིན་ཞེས་བྱ་བ་ནི་ཉི་མའི་གྲངས་བསྟན་པ་སྟེ་ཉི་མོ་བཅུའོ།། ་འཚོ་ཞེས་བྱ་བ་ནི་དུས་དེར་གནས་པ་སྟཽ་དེའི་འོག་ཏུ་འཛག་པར་འགྱུར་རོ།། དེ་ལྟར་ན་ལོ་གཉིས་དང་ཟླ་བ་དྲུག་དང་ཉི་མ་བཅུས་འཆི་བར་སྟོན་ཏོ།། དེ་བཞིན་ལོ་གཉིས་ཟླ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། དེ ་བཞིན་ཞེས་བྱ་བ་ནི། དབུགས་ནི་རྣམ་པར་རྒོད་གྱུར་ན། ལུས་ཅན་དྲུག་དང་གཉིས་ཀྱིས་འཆི་ཞེས་བྱ་བ་དང་འབྲེལ་པར་བྱེད་པའི་ཚིག་ཡིན་ནོ།། རིག་བྱེད་ཅེས་བྱ་བ་ནི་ངེས་བརྗོད་ཀྱི་རིག་བྱེད་དང་མཆོད་སྦྱིན་གྱི ་རབ་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དེ། དེའི་གྲངས་ཀྱིས་ཟླ་བའོ།། གལོ་ཏ་ཉྫིན་དགུ་ཞེས་བྱ་བ་ལ་སོགས་པ་ལ་ཉི་མའི་གྲངས་ནི་ཉི་མ་བཅུ་གཉིས་ཀྱི་གྲངས་ཀྱིས་ཉིན་ཞག་གོ། ་ལུས་ཅན་རྣམས་ཀྱི་སྦྱོར་བ་ཡིན་ཞེས་བྱ་བ་ལ། སྦྱོར་བ་ཞེས་བྱ་བ་ནི་འཚོ་ཞིང་གནས་པའོ།། གལ་ཏེ་ཉིན་ཞག་བཅུ་གཅིག་ཏུ་ཞེས་བྱ་བ་ལ་སོགས་པ་འདི་ནི་རྐང་པ་ལྔ་པའི་ཚིགས་སུ་བཅད་པ་ཡིན་ཏེ། སྒོ ་གཅིག་ཅེས་བྱ་བ་ནི་གཡས་ཀྱི་སྒོ་འབའ་ཞིག་གོ། ཉིན་ཞག་བཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ། དབྱངས་ཀྱིས་གྲངས་ཞེས་བྱ་བ་ནི་ཀླུའི་བྱེ་བྲག་སྟེ་རྣམ་པ་བདུན་ནོ།། དུས་ཀྱི་གྲངས་ནི་དྲུག་སྟེ་བཤང་ཟིན་ཏོ།། ་གལ་ཏེ་ཉི་མ་བཅུ་གསུམ་དུ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། གལ་ཏེ་བདུན་ཕྲག་གཉིས་སུ་ནི་ཞེས་བྱ་བ་ལ་སོགས་པ་ལ་བདུན་ཕྲག་གཉིས་ནི་བཅུ་བཞིར་རོ།། ཉི་མ་བཅུའི་ཕྱེད་དག་ཏུ་ཞེས་བྱ་བཱ་ནི་ཉི་མ་ལྔའོ།། ་གང་ཞིག་ཉི་མ་ལྔ་གསུམ་དུ་ཞེས་བྱ་བ་ལ་སོགས་པ་ནི་རྐང་པ་གསུམ་པའི་ཚོགསུ་བཅད་པ་སྟེ། ལྷ་འོག་གཞན་དག་ཏུ་ཡང་ཅི་རིགསུ་སྦྱར་བར་བྱའོ།། ལྡེ་གསུམ་ཞེས་བྱ་བན་པ་ཅོ་ལྔ་པའོ།། གང་ཞིག་བརྒྱ་ཕྲ་གེ་གཉི ་སུ་ན་ཞེས་བྱ་བ་ལ་སོགས་པ་ལ། བརྒྱད་ཕྲག་གཉིས་ནི་བཅུ་དྲུག་དྲུག་སྟེ། ཉི་མ་བཅུ་དྲུག་དུ་རླུང་ལུགས་ལས་བཟློག་ནས་རྒྱུ་བའི་ཚེའི་ཚང་བསྟན་པ་ཡིན་ནོ།། ལྷག་མ་ནི་གོ་སླའོ།། གལ་ཏེ་ཉོན་ཞག་བཅུ་དགུ་རུ་ཞེས་བྱ་བ ་ལ་སོགས་པ་ལ། དྲིའི་བཞོན་པ་ཞེས་བྱ་བ་ནི་རླུང་སྟེ་དྲི་ཐམས་ཅད་བསྡུས་ནས་འདྲེན་པར་བྱེད་པ་སྟེ་རྟ་ལྟ་བུའོ།། ཉི་མའི་ལམ་ཞེས་བྱ་བ་ནི་སྣའི་སྒོ་གཡས་པ་སྟེ། ཕལ་ཚར་རླུང་ཚ་བ་འཇུག་པའི་ཕྱིར་རོ།། ལྷག་མ་ནི་གེ་སླའོ།། ་དེ་ལས་གོང་མ་སྔར་བསྟན་པའི་གྲངས་ལས་མདོར་བསྡུ་ཤེས་པར་བྱ་ཞེས་བྱ་བ་ནི་ཉི་མ་ཉི་ཤུ་རྩ་དྲུག་ནས་སུམ་བཅུའི་བར་དུ་ནི་ལྔ་པའི་ཚུལ་གྱིས་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཡང་ན་དེ་ལས་ཏེ་སྔར་བསྟན་པ་དག་ལས། ་གོང་མ་སྟེ་ལྔ་ནས་ཉི་ཤུ་ལྟའི་བར་གྱི་བླངས་ཏེ་འཆི་བའི་དུས་ཀྱི་གྲངས་རྣམས་ཤེས་པད་བྱཱ་སྱ། འོག་ནས་སྟོན་པས་དང་ཤེས་པར་བྱའོ།། བཅུ་དང་གཉིས་ཀྱུས་ཞེས་བྱ་བ་ལ་སོགས་པ་ནི་གཞུང་ཉེ་བར་བསྡུ ་ཡིན་ནོ།། བཅུ་དང་གཉིས་ནཱཾ་བཅུ་གཉིས་ཏེ། ཉྩཱ་མུ་ལཱ་ནཱས་ཉི་ཤྱའི་བར་གྱི་ཉི་མ་བཞི་ཕྲག་གསུམ་པོ་དག་གི་བོ་རྩི་བ་ཡིན་ནོ།། བ་ར་ཞེས་བྱ་བ་ནི་ཉི་ཤ་ནས་ཉི་ཤུ་རྩི་ལྔའི་བར་གྱིས་བཞི་ཕྲག་ཐ་མའོ།། གཞུང་ཁ་ཅིག་ལྔས་ནི་བིན ་དང་དྲུག་གི་རྩིས་ལས་མི་ནས་འབྱུང་སྟེ། དེའི་ཚེ་ཤིན་ཏུ་གོ་སླའོ།། ཤིན་ཏུ་ཕྲ་དངས་བཤེད་ལ་ཞེས་བྱ་བ་ནི་ནང་གི་མཚན་མ་རླུང་གི་རྒྱུ་བའོ།། ཁམས་རྣམས་སྙོམས་པའི་ལུས་ལ་ནི་ཞེས་བྱ་བ་ནི་ཁ་ཟས་ཚོད་ཟིན་པ་ད ་རྗེསུ་མཐུན་པའི་ཁ་ཟས་ཟ་བ་དང་། ནང་ལ་སོགས་པས་མ་ཉམས་ཤིང་མི་མཐུན་པའི་རྐྱེན་མེད་པའི་ཐ་མལ་པའི་ལུས་ལ་བལྟ་བདྨ་བའི་གཞན་དུ་ནི་ཡིང་མི་ཆེས་པའི་རྒྱུར་འགྱུར་རོ།། དེ་དག་ཅེས་བྱ་བ་ནི་སྔར་བསྟན་པའི ་ཉི་མ་དྲུག་ལ་སོགས་པའི་འཆི་ལྟས་དེ་དག་གོ།། ད་ནི་ངེས་པར་འཆི་བར་འགྱུར་བའི་ལུས་ཀྱི་མཚན་མ་བསྟན་པར་བྱ་བའི་ཕྱིར་སྒྲོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་ཁམས་རྣམས་སྙོམས་པའི་ཡུལ་ལ་ནི་ཞེས ་བྱ་བ་དང་སྦྱར་རོ།། སྟེང་དུ་བལྟས་པས་ཞེས་བྱ་བ་ནི་དུས་ལ་བབ་པ་ན་རྩ་དེ་སྟེང་དུ་བལྟས་པའོ།། ཡང་ན་ཡི་གེའི་གཟུགས་ཀྱིས་སྟེང་དུ་བལྟས་པར་གནས་པའོ།། སྣའི་བར་ཤ་ཞེས་བྱ་བ་ནི་སྣ་སྒོ་གཉིས་ཀྱི་བར་ན་གནས ་པའི་སྣ་ཟམ་གྱི་ཤའོ།། ཆད་པ་ནི་དེའི་དབུས་ན་གནས་པའི་རྩ་ཚད་ན་སྟེང་དུ་བལྟས་པར་འགྱུར་ཞིང་སྣ་གཡོན་པོར་འགྱུར་ཏེ། དེ་ནི་ཡི་གེ་རྀའི་གཟུགས་ཀྱིས་གནས་པ་ཡིན་ནོ།། ཉིན་ཞག་བདུན་གྱིས་ཐེ་ཚོམ་མེད་ཅེས་བྱ་བ་ནི་ད ་བཞིན་ལོ་གཉིས་ཟླ་བ་ནི་རིག་བྱེད་ཀྱི་གྲངས་དང་ནི་ཞེས་བྱ་བ་དང་སྦྱར་བའི་ཉི་མ་བདུན་གྱིས་སོ།། ཆ་ཤས་དགུ་ནི་ཡང་དག་གནས་ཞེས་བྱ་བ་ལ། ཆ་ཤས་ནི་ཆ་སྟེ་དབྱངས་ཡིག་དགུ་པ་ལ་བྱ་ལ་དེར་ཡང་དག་པར་གནས་པ་ནི ་ལོའི་གཟུགས་སུ་གནས་པ་ཞེས་བྱ་བའི་དོན་ཏོ།། དེ་ཅི་ཞིག་ཅེ་ན། མིག་གི་སྟེ་མིག་གི་རྩེ་ལའོ།། ཆུ་ནི་ཆང་གྱུར་ན་ཞེས་བྱ་བ་ནི་མིག་ཆུ་དང་མཚོ་མ་མེད་ཅིང་སྐམ་པོར་གྱུར་པའོ།། སྟེང་དུ་བལྟས་ཞེས་བྱ་བ་ནི་མིག་གི་རྩ་དེ་ཆད་པའི་སྟེང ་ཚེའི་སྟེང་དུ་བལྟ་བའོ།། ཆང་ཤས་བཅུ་ཞེས་བྱ་བ་ནི་ཡི་གེ་ལྀའོ།། རྣ་བ་གཡོན་དང་འགྲམ་པའི་ཞེས་བྱ་བ་ནི་གཽ་དཱ་བ་རིའི་མིང་ཅན་གྱི་རྣ་བ་གཡོན་པའི་འོག་འགྲམ་པའི་ཕྱི་རོལ་གྱི་སྣ་རྩེའི་རྩ་བ་སྟེ། དེ་ཆང་ན་ཉིན་ཞག་གཅིག་ལས ་མི་འཚོ། ཤ་ཤས་བཅུ་ག། ཅིག་ཅེས་བྱ་བ་ནི་ཡི་གེ་ཨེའོ།། རྣ་བ་གཡས་པར་བརྟེན་པ་ཞེས་བྱ་བ་ནི་རྣ་བ་གཡས་ཀྱི་འོག་འགྲམ་པའི་ངོས་སྣ་རྩེའི་རྩ་སྟེ། ང་ཆང་པོའི་ཚེ་འགྲམ་པའི་མཚམས་འབྱེ་ཞིང་རི་མོ་སྣང་བར་འགྱུར་རོ།། ་དེ་ལྟར་གཡོན་པ་ལ་ཡང་སྦྱར་བར་བྱའོ།། ཉིན་ཞག་བཅོ་བརྒྱད་དག་ན་འཆང་ཅིང་ཅེས་བྱ་བ་ནི་གྲྀ་ལྟར་སྲོག་གཅོད་པར་བྱེད་པའི་རྩའོ།། ཆ་ཤེས་པ་ཅུ་གཉིས་ཞེས་བྱ་བ་ལ་སོགས་པ་ལ་ཆ་ཤས་བཅུ་གཉིས་ནི་ཡི་གེ་ཨའོ།། ལྕེའི ་སྐུད་པ་གནག་མཐོང་ན་ཞེས་བྱ་བ་ནི་ལྕེ་ལ་གནས་པའི་རྩ་འཆང་བར་གྱུར་ན་ལྕེའི་སྒྲུང་བ་སྨྱེ་ལྕེའི་རྩེ་མོའི་སྟེང་གི་རི་མོ་ནག་པོར་འགྱུར་བའོ།། དུས་ཀྱི་སྦྱིནྡ་ཞག་ཅེས་བྱ་བ་ནི་ཉིས་དྲུག་ནའོ།། ཁ་ཅིག་ནི་ཞུག་གཉིས ་ནའོ།། ཞེས་ཟེར་རོ།། ཆ་ཤས་བཅུ་གསུམ་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཤས་བཅུ་གསུམ་ནི་ཡི་གཱི་ཨོའོ།། དེ་བཞིན་དུ་སྟེང་དུ་འབར་བའོ་ཞེས་བྱ་བ་ནི་སོ་སོའི་མཚམས་ནི་གནས་པའི་རྩ་བ་དེ་ནི་འབར་བའི་སྒོ་ཞེས་བྱ་བར ་གྲགས་པའོ།། འབྱུང་བ་དག་ནི་མ་ལུས་འདྲན་ཞེས་བྱ་བ་ནི་རྩཝ་ད་འབྱུང་བ་ཆེན་པོ་བཞི་འཇུག་པའི་ལམ་ཡིན་པའི་ཕྱིར་རོ།། སྟེང་འག་སོ་ནི་འཐམས་གྱུར་ན། ཞེས་བྱ་བ་ནི་སོའི་མཚམས་ཀྱི་རྩ་དེ་འཆད་པའི་ཚེ་སྟེང་འོག་གི་སོའི་ཕྲེང་བ ་གཉིས་འབུམས་ཤིང་མི་ཕྱེད་པར་འགྱུར་རོ།། དུས་གྲོངས་ཉི་མས་འགྲོ་ཞེས་བྱ་བས་ན་ཉི་མ་དྲུག་ནའོ།། ཁ་ཅིག་ནི་ཉིན་ཞས་གསུམ་ནའོ་ཞེས་ཟེར་རོ།། དབྱངས་ཡིག་བཅུ་བཞི་ཞེས་བྱ་བ་ནི་ཡི་གེ་ཨོཾ་སྠེ་ཚཾ་ཤས་བཅུ་བཞི་ཞུས ་བྱ་བར་སྦྱར་རོ།། སྟེང་དུ་བལྟས་པ་ཞེས་གྲགས་པ་ཞེས་བྱ་བ་ནི་མགྲིན་པའི་ཕྱི་རོལ་བདུན་གྱི་བློ་ན་གནས་པའི་རྩ་གཉིས་པོ་ངོ་ཆད་པ་ན་སྟེང་དུ་བལྟ་བར་འགྱུར་ཏེ། དེའི་ཚེ་དབུགས་རྩིག་པར་འགྱུར་རོ།། ཆུང་ཤས་བཅོ་ལྔ་ཞེས ་བྱ་བ་ལ་སོགས་པ་ལ། ཆ་ཤས་བཅོ་ལྔ་ནི་ཡི་གེ་ཨཾ་ངཾ།། སྟེང་དུ་བལྟས་པ་ནི་བཤང་ཟིན་ཏོ།། ཟང་གི་ང་བཞིམ་གྱུར་ན་ཞེས་བྱ་བ་ནི་བྲང་གི་དྲ་བ་ལ་གནས་པའི་རྩ་ང་ཆད་པན་བྲང་གི་དྲ་བ་དམའ་ཞིང་ཞོམ་པར་འགྱུར།། ཟླ ་ཕྱེད་ན་གདོན་མི་ཟ་ཞེས་བྱ་བ་ལ། གདོན་མི་ཟ་བ་ནི་ངེས་པ་སྟེ་འཆི་བར་འགྱུར་བ་ཞེས་བྱ་བའི་ལྷག་མ་ཡིན་ནོ།། ཆ་ཤས་བཅུ་དྲུག་ཅེས་བྱ་བ་ནི་དབྱངས་ཡིག་བཅུ་དྲུག་པ་ཨཿའོ།། རྫོགས་པ་ཞེས་བྱ་བ་ནི་མཐར་གྱུར་པའོ།། སེན ་མོའི་ཁྲག་ནི་མེད་གྱུར་ན་ཞེས་བྱ་བ་ནི་ལྟེ་བའི་དབུས་ན་གནས་པའི་རྩ་ཆད་པར་གྱུར་པའི་ཚེ་དབུགས་མི་ཐོན་པ་དང་སེན་མོ་ཁྲག་མེད་པ་སྟེ། སེན་མོའི་མདོག་མེད་ཅིང་སྐྱ་བོར་གྱུར་པ་ཞེས་བྱ་བའི་བཱར་དུའོ།། ཉིན་ཞག་བཅུ་ན་ཡང ་དག་ཉལ་ཞེས་བྱ་བ་ནི་ཉི་མ་བཅུའི་མཐར་ཡང་ངག་ཉལ་སྟེ་ལེགས་པར་ཉལ་ཞིང་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཤོས་བཅུ་བདུན་ཞེས་བྱ་བ་ནི་ཐིག་ལའོ།། བརླའི་མཚན་མ ་ཞེས་བྱ་བཱ་ནི་བརླ་ལ་གནས་པའི་རྩ་དེ་ཆད་པ་ན་དབུགས་སྟོང་དུ་འགྲོ་ཞིང་རྒྱུ་བ་མི་བདེ་བར་འགྱུར་རོ།། ཆ་ཤིས་བཅོ་བརྒྱད་ཅེས་བྱ་བ་ནི་ཐིག་ལྀའི་སྟེང་ན་གནས་པའི་རི་མོའོ།། བྱིན་པ་ལ་ནི་གནས་པའི་རྩ་ཞེས་བྱ་བ་ལ་སོགས་པ ་ལ་ལོ། བྱིན་པ་ལ་གནས་པའི་རྩ་ཆང་ན་བྱིན་པ་མི་ཐེག་ཅིང་རེངས་པར་འགྱུར་རོ།། ཆ་ཤས་ཉི་ཤུ་ཞེས་བྱ་བ་ནི་བཅུ་དང་གཉིས་ཏཽ། འོག་ནས་འབྱུང་བའི་བཅུ་གཉིས་པ་ཞེས་བྱ་བ་དང་མཐུན་པར་སྦྱར་རོ།། དེ་ཡང་འདིར་ཨ་གཟུང ་བར་བྱའོ།། ཆུ་སོན་དེ་བཞིན་སྟེང་བལྟས་པ་ཞེས་བྱ་བ་ནི་ཆུ་སོ་ལ་གནས་པའི་རྩ་ཆང་བ་ནི་ཆུ་སོའི་ཚངས་པའི་སྲུང་བ་མི་མཐོང་བར་འགྱུར་རོ།། བཅུ་གཉིས་ཞེས་བྱ་བ་ནི་ཚི་ཤས་བཅུ་དྲུག་པ་གཟུང་བར་བྱའོ།། ལྷག་མ་ནི་གོ ་སྨྲའོ།། རེའུ་མིག་བཅུ་གཉིས་བརྩིས་པ་ལ་ཞེས་བྱ་བ་ལ་ནི་དུས་ཀྱི་འཁོར་ལོ་བྲི་བ་སྟེ་སྔར་བཤད་ཟིན་ཏོ།། བདུན་ཅུ་རྩ་གཉིས་རིམ་པ་དང་ཞེས་བྱ་བ་ལ་ལོ་གཅིག་གི། ཟླ་བ་བཅུ་གཉིས་སུ་ཆད་པ་ལ ་ཟླ་བ་རེ་རེ་ཞིང་ཞག་དྲུག་དྲུག་དབྲི་བར་བྱ་བ་ཡིན་ཏེ། འདི་ལྟར་ཟླ་བ་ཡང་ངོ་ལ་ཚེས་བཅུ་གསུམ་དང་། བཅུ་བཞི་དང་། ཉའི་ཉི་མ་རྣམས་ཚེས་གསུམ་དང་། བཞི་དང་། ལྔ་ལས་གུང་དུ་བགྲང་བར་མི་བྱ་བ་དང་། དེ་བཞིན་དུ། ་ཟླ་བ་ངོ་གཅིག་གི་མར་ངོ་ལ་ཡང་མར་ངོའི་བཅུ་གསུམ་དང་། བཅུ་བཞི་དང་། གནམ་སྟོང་གི་ཉི་མ་རྣམས་མར་ངོའི་ཆོས་གསུམ་དང་། ཆོས་བཞི་དང་། ཚེས་ལྔ་ལས་གུད་དུ་བགྲང་བར་མི་བྱ་སྟེ། དེ་ལྷོར་ན་ལོ་གཅིག་ལ ་ཞག་བདུན་ཅུ་རྩ་གཉིས་དབྲི་བའི་དོན་ཏོ།། ད་ནི་ལོ་དང་ཞག་གི་དབུགསྣ་དང་ཆུ་ཆེད་ཀྱི་གྲངས་ངེས་པ་སླར་ཡང་བསྣུན་པའི་ཕྱིར། སུམ་བཅུ་རྩ་དྲུག་བཅཝོ་བརྒྱད་ཀྱི་ཞེས་བྱེ་བ་གསུངས་ཏེ། འདི་ལྟར་སུམ་ཅུ་རྩ་དྲུག་གི ་མཚན་མེ་དུམི་བུ་གཉིས་སུ་བགོས་བྱས་བཅཝོ་བརྒྱད་ཀྱི་མཚན་མ་གཉིས་སུ་བྱའོ།། དེ་ལ་བཅུ་ཕྲག་གཉིས་ཀྱི་མཚན་མི་གཅིག་ཏུ་གྲད་དུ་བྱས་ཏེ་ལཱ། བརྒྱ་ཕྲག་གིཉིས་བསྡོམས་པའི་མཚན་མོ་ཡང་དེའི་དྲུག ་དུ་བྲི་སྟེ། དེའི་གློར་ཐིག་ལེ་ལྔ་པ་གཉིས་པོ་སྦྲང་བའི་ཚུལ་བཞག་ན་ཉི་ཁྲི་ཆོག་སྟོང་དུག་བརྒྱའི་གྲངས་ཀྱི་མཚན་མར་འགྱུར་རོ།། ལྷག་མོ་ནི་གོ་སླའོ།། ཞེས་བྱ་བ་ནི་ཡོངས་སུ་རྫོགས་པའི་ཚིག་གོ།། རྩ ་མཉམ་པར་སྦྱོར་བ་ཞེས་བྱ་བ་ལ་སྩོགས་པ་ལ་རྩའི་མཉམ་པར་སྦྱོར་བ་ནི་རྩཝ་རྣམས་ཀྱི་ཆ་ཇི་བཞིན་ལྟར་གནས་པའོ།། དབུགས་འབྱུང་བ་ཞེས་བྱ་བ་ནི་ཉི་མ་དྲུག་ལ་སོགས་པའི་དབུགས་ཀྱི་རྒྱུ་བའོ།། ཆོ་ག་ནི་དེ་སྟོན་པར་བྱེད ་པའི་རིམ་པར་ཕྱེ་བ་ཉིད་དོ།། གཉིས་པར་ན་རྩ་དང་མཉམ་པར་སྦྱོར་བ་ནི་སྣེ་ལ་གནས་པའི་རྩ་ལ་སོགས་པ་ཆད་པས་སྨྲ་གཡོན་པོར་འགྱུར་བ་ལ་སོགས་པའི་མཚན་མ་ནི་རྩ་དང་མཉམ་པར་སྦྱོར་བའོ།། ལྷག་མན ་སྔ་མ་བཞིན་ཏེ། རིམ་པར་ཕྱེ་བ་ཉི་ཤུ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། །། ད་ནི་འཆི་བའི་མཚན་མ་ཤེས་སུ་ཟིན་ཀྱང་གང་གི་ཆ ་ལྟས་ངན་བཟློག་པར་མ་ནུས་པ་དེའི་ཚེ་གོང་དུ་འཕོ་ཞིང་རྣམ་པར་ཤེས་པས་ལུས་བཏང་ནས་གནས་ཁྱད་པར་ཅན་དུ་སྐྱེས་པར་བྱ་བའི་ཕྱིར་འཆི་ལྟས་ཀྱི་ཡན་ལག་དང་ཉིང་ལག་ཐམས་ཅད་བཤད་ནས། གོང་དུ་འཕོ་བའི ་ཡན་ལག་དང་ཉིང་ལག་དང་ཐམས་ཅད་བསྟན་པར་བྱ་བའི་ཕྱིར། སྒོ་དགུ་པོའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་སྒོ་དགུ་ཞེས་བྱ་བ་ནི་ལྟེ་བ་ལ་སོགས་པའི་སྒོ་དགུའོ།། མཚན་ཉིད་ནི་རང ་བཞིན་ནོ།། རྩ་ནི་མངོན་པར་གནས་པའི་ཞེས་བྱ་བ་ནི་སྒོ་ཡངས་པའི་སྒོ་དགུའི་རྩའོ།། ཡོན་ཏན་སྐྱོན་རྣམས་ཇི་ལྟར་བལྟ། ཞེས་བྱ་བ་ནི་སྒོ་དེ་རྣམས་ཀྱིས་འགྲོ་བ་དང་འོང་བའི་སྐྱོན་ཡིན་ནོ།། དེ་རྣམས་ཞེས་བྱ་བ་ནི་སྒོ་ཡངས་པ ་དེ་རྣམས་ཀྱིའོ།། བྱེ་བྲག་ནི་ཕན་ཚུན་གྱི་ཁྱད་པར་རོ།། ཡེ་ཤེས་དབང་ལ་ཞེས་བྱ་བ་ནི་གོང་དུ་འཕྲོ་བ་ལ་སོགས་པའི་ཡེ་ཤེས་ཀྱི་དབང་ཕྱུག་ལ་ཏཱི་བོད་པའོ།། ལན་གསུངས་པ་གོང་དུ་འཕོ་བ ་ཞེས་བྱ་བ་ལ་སོགས་པ་ལ། སྔོན་དུ་བདག་ཉིད་སྦྱངས་བྱ་སཽ་ལ་ཞེས་བྱ་བ་ནི་གོང་དུ་འཕོ་བའི་དངོས་གྲུབ་ཀྱི་ཕྱིར་དང་པོ་བདག་ཉིད་ཀྱི་ལུས་གཏུམ་མོའི་རྣལ་འབྱོར་གྱིས་སྦྱངས་ལ་ཁམས་མཉམ་པ་ཉིད་དུ་བྱའོ།། ་ཕྱི་ནས་ལས་ནི་བརྩམ་པར་བྱ་བ་ནི་སྦྱངས་ཀྱི་འོག་ཏུ་གོང་དུ་འཕོ་བའི་ལས་བརྩམ་པར་བྱ་སྟེ། དཔེར་ན་ཞིང་ས་ཞ་ལེགས་པར་བྱི་དོར་བྱས་ནས་ས་བོན་བཟང་པོ་བཏབ་ནི་ངེས་པར་འབྲས་བུ་སྨིན་པར་འགྱུར་བ ་བཞིན་དུ་བལྟ་བར་བྱའོ།། རྣལ་འབྱོར་དེ་གསུངས་པ། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་ལ། གཟུགས་མད་ཅེས་གནས་པཾ་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི ་རང་བཞིན་ཡིན་པས་བརྗོད་དུ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། གཟུགས་ནི་བརྗོད་པའི་ངོ་བོ་ཉིད་དུ་འདོད་པའི་ཕྱིར་རོ།། མདོག་སྔོ་བའི་པདྨ་ཞེས་བྱ་བ་ནི་མགོའི་ནང་དུ་བདེ་བ་ཆེན་པོའི་འཁོར་ལོ་པདྨ་འདབ་མ་སུམ་ཅུ ་རྩ་གཉིས་པ་སྔོན་པོའོ།། ཟླ་བ་ལྟ་བུར་འཛག་ཅེས་བྱ་བ་ནི་དེའི་དབུས་སུ་ཧཾ་དཀར་པོ་ཁ་ཐུར་དུ་བལྟས་ཏེ་བདུད་རྩི་འཛག་པའོ།། སླར་ཡང་གཟུགས་སུ་གནས་པ་སྟེ། ཞེས་བྱ་བ་ལ་སོགས་པ་ནི་ལོངས་སྤྱོད་རྫོགས་པའི་འཁོར ་ལོ་བསྟན་པ་ཡིན་ཏེ། དེ་ལ་གཟུགས་ཞེས་བྱ་བ་ནི་བརྗོད་པའི་ངོ་བོ་ཉིད་ཡིན་ཏེ། ལོངས་སྤྱོད་རྫོགས་པའི་ངོ་བོ་ཉིད་ཡིན་ཏེ། འཁོར་ལོ་ཁྱད་པར་གྱིས་དགའ་བའི་རང་བཞིན་ཡིན་པས་མགྲིན་པར་གནས་ནས་སྒྲ་རྗོད་པར ་བྱེད་པ་ཞེས་བྱ་བའི་བར་དུའོ།། རྣམ་པ་ཀུན་གྱིས་བརྒྱན་པ་ཞེས་བྱ་བ་ལ། རྣམ་པ་ཐམས་ཅད་ནི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དེ་ཐོབ་པར་དགོངས་སོ།། ་ཤ་བཞི་ཞེསཽ་བྱ་བ་ནི་ཨཱ་ཨཱི་ཨུ་ཨོཾ་སྟེ་དབྱངས་ཀྱི་ཡོཾ་གེ་བཞིའོ།། ཡང་ན་དག་ལྡན་ཞེས་བྱ་བ་ནི་ཤར་ལ་སོགས་པའི་ཕྱོགས་སུ་གནས་པ་དང་ཉེ་བར་ལྡན་པའི་ཨོཾ་མོ།། ཁ་ནི་ཐུར་དུ་བལྟས་ཏེ་འཕྱང་ཞེས་བྱ་བ་ནི་བདེ ་བ་ཆེན་པོའི་འཁོར་ལོའི་ཁྱད་པར་ཏེ། མགོ་བོའི་ཆ་ལ་བརྟན་ནས་ཁ་འོག་ཏུ་བལྟ་བའོ།། ཡོང་ན་འཕྱང་བ་ནི་ཁ་དོག་ཏུ་བལྟ་བའོ།། ཡང་ན་འཕྱང་བའི་ཁ་འོག་ཏུ་བལྟས་ཏེ་བདུད་རྩི་འཛག་པའོ།། འདིརི་ལོངས་སྤྱོད ་རྫོགས་པའི་འཁོར་ལོ་ནི་མིདོག་དམར་ཞིང་ས་བོན་དཀར་བའོ།། གོ་འཕང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ཀྱི་འཁོར་ལོ་སྟོན་ཏེ་ཆོས་ཐམས་ཅད་ཁོང་དུ་ཆུད་པའི་རང་བཞིན་ཡིན་པས་གོ་འཕང་ནི་ཤེས་པའོ།། གནས ་ནི་དེའི་རྟེན་ཏེ་ཆོས་ཀྱི་འཁོར་ལོའོ།། ཡང་གནས་ཞེས་བྱ་བ་ནི་སྟོབས་ཅུ་ལ་སོགས་པའི་ཡོན་ཏན་གྱི་རྟེན་ནོ།། རྟག་ཏུ་ཞེས་བྱ་བ་ནི་འཁོར་བ་མ་སྟོངས་ཀྱི་བར་དུ་འཇུག་པ་སྟེ། ཁྱད་པར་གཉིས་པོ་དེ་ནི་ལྷ་འོག་གཞན ་དུ་ཡང་སྦྱར་བར་བྱའོ།། ཀུན་ད་ཟླ་འདྲ་ཞེས་བྱ་བ་ནི་འཁོར་ལོ་དེ་ཡང་དཀར་པོའི་མདོག་ཏུ་སྟོན་ཏོ།། རྣམ་ཤེས་ཡེ་ཤེས་བདུད་རྩི་ནི།། ལྷ་མོ་ཆེན་མོ་འབར་བའི་མཆོག། ཅེས་བྱ་བ་ལ། རྣམ་ཤེས ་ནི་བདུད་རྩི་དང་སྦྱར་བས་ཡེ་ཤེས་ནི་འབབ་པ་དང་སྦྱར་རོ།། དེ་ལ་ཡེ་ཤེས་འབབ་པ་ནི་འཁོར་ལོ་དེ་དག་གོམས་པ་ལས་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཇུག་པའོ།། ཇི་ལྟ་བུ་ཞིག་ཅེ་ན། རྣམ་ཤེས་བདུད་རྩི་སྟེ ་ཞེས་བྱ་བ་ལ་རྣམ་ཤེས་ནི་སེམས་སོ།། དེ་ཉིད་ནི་འཚོ་བ་མེད་པས་བདུད་རྩིའོ།། ཡང་ནཱ་རྣམ་ཤེས་བདུད་རྩི་ནི་བག་ཡོད་པའི་རྣལ་འབྱོར་པ་རྣམས་ཡེ་ཤེས་ཀྱིས་འཚེ་ཞིང་འཆི་བར་མི་འགྱུར་བའོ།། དེ་ཡང་གསུངས་པ། ་བག་ཡོད་མི་འཆིའི་གནས་ཡིན་ཏེ། དག་མེད་འཆི་བའི་གནས་ཡིན་པས།། བག་ཡོད་པས་ནི་འཆི་མོ་འགྱུར། བག་མེད་པ་ནི་རྟག་ཏུ་མཆི།། ཞེས་སོ།། སྤྲུལ་པའི་འཁོར་ལོ་གསུངས་པ། རྟེན་དུ་གྱུར་པ་ཞེས་བྱ་བ་ལ ་སོགས་པ་ལ། རྟེན་དུ་གྱུར་པ་ཞེས་བྱ་བ་ནི་ལྟེ་བར་བརྟན་པའི་པདྨ་སྟེ་འདིས་སྐྱེ་བ་འཛིན་པར་བྱེད་པའི་ཕྱིར་རོ།། ཟླ་བའི་འོད་ཀྱིས་རྣམ་པར་བརྒྱན་ཅེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ལྟེ་བར་གནས་པཱ་ཧཱུ~ཾ་གི་ཐིག་ལིའི་འོད ་ཟེར་གྱིས་དེའི་སྟང་བརྒྱན་པའོ།། དེ་ནི་ཆ་དང་ཆའི་གཟུགས། ཞེས་བྱ་བ་ལ་ཆ་ནི་འཚོ་བའོ།། ཆའི་གཟུགས་ནི་བགྲང་བའི་རང་བཞིན་ཏེ། དབུགས་ཀྱི་གྲངས་བགྲང་བར་གནས་པ་ཞེས་བྱ་བའི་དོན་ཏོ།། གོང་བུ་གནས ་པ་ཞེས་བྱ་བ་ལ་གོང་བུ་ནི་སེམས་ཅན་གྱི་ཚོགས་བསྡུ་བའོ།། གནས་པ་ནི་དེས་ཉེ་བར་གནས་པ་སྟེ། འདིས་སྤྲུལ་པའི་སྒྲས་འགྲོ་བའི་དོན་གྱི་ཚོགས་ཀྱི་ཉེ་བར་གནས་པ་ཞེས་བྱ་བའི་དོན་ཏོ།། འཁོར་ལོ་གཉིས ་པ་དེ་དག་ཀྱང་མཆོག་ཏུ་དགའ་བ་དང་ཀུན་ཏུ་དགའ་བའི་རང་བཞིན་དུ་ཤེས་པར་བྱའོ། དེ་དག་གིས་གཏུམ་མོའི་རྣལ་འབྱོར་གྱིས་གོང་དུ་འཕོ་བ་སྒོམ་པའི་ཕྱིར་ལུས་སྦྱང་པོ་བསྟན་ཏོ།། ད་ནི་སྲུང་བ་གཞན ་གཉིས་པ་སྒོ་སྦྱང་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངསཽ་ཏེ། དེ་ནས་ཞེས་བྱ་བ་ནི་ལུས་སྦྱངས་ཀྱི་འོག་ཏུའོ།། གནས་ཀྱི་མཐའ་ནི་དག་པར་བྱ་ཞེས་བྱ་བ་ལ་གནས་ནི་ལུས་ཏེ་བདེ་བ་དང་། ་སྡུག་བསྔལ་གྱི་སྣོད་ཡིན་པའི་ཕྱིར་རོ།། མཐའ་ནི་རླུང་སྟེ་ནང་གི་སྒྲོ་རྣམས་སོ།། ཀྱི་ཞེས་བྱ་བ་ནི་འབྲེལ་བའི་དོན་གྱི་དྲུག་པ་ཡིན་ནོ།། གཞན་དུ་ན་ནི་ཞེས་བྱ་བ་ནི་སྦྱངས་པ་གཉིས་མ་གཏོགས་པར་ཏེ།། སྦྱང་བ ་གི་ཉིས་དང་བྲལ་ནི་གོང་དུ་འཕོ་བའི་འབྲས་བུར་མི་འགྱུར་ཞེས་བྱ་བའི་དོན་ཏོ།། སྦྲང་པོ་གཉིས་པ་དེ་གསུངས་པ་དེ་གང་བ་ཞེས་བྱ་བ་ལ་སོགས་པ་ལ། དགང་པ་ཡིསཱི་ནི་ལུས་བཀྲུང་ན་ཞེས་བྱ་བ་ནི་དབུགས་ནང ་དུ་བརྔུབས་ཏེ། མགྲིན་པ་ནིས་ལྟེ་བའི་མཐར་ཐུག་པའི་ཇི་སྲིད་དུ་ནུས་ཀྱི་བར་དུ་དངས་ལ་གང་གི་ཚེ་མ་ནུས་ན་རིམ་གྱིས་དལ་བུས་ཕྱིར་བཏང་བར་བྱའོ།། དེ་ཡང་རྡོ་རྗེའི་དཀྱིལ་ཀྲུང་བཅིངས་ལ། ཟོང་ཀ་དཀྱིལ་ལའོ ་ལྟར་ཡངས་པར་བྱས་ནས་མིག་སྣའི་རྩེ་མོར་ཕབ་སྟེ་བལྟས་ལ་རླུང་དྲངས་པས་ལྟོ་ཐམས་ཅད་མསྨིན་པའི་བར་དུ་གང་བར་བྱ་བ་འདི་ནི་དགང་བའི་མཚན་ཉིད་ཡིན་ནོ།། དེས་ཅིར་འགྱུར་ཞེ་ན། ་དུག་དང་རིམས་ཀྱི་ཆེ་བ་འཕྲོག་ཅེས་བྱ་བ་སྟེ། དག་པའི་མཚན་ཉིད་གྲུབ་པ་འདིས་དུག་ལ་སོགས་པའི་ཉེས་པ་འཇོམས་པ་སྟེ་འཕྲལ་གྱི་ཕན་ཡོན་ནོ།། གཉིས་པ་གསུངས་པ། བུམ་པ་ཅནྡ་གྱི་སྒོ་བཅིངས་ན། ཞེས་བྱ ་བ་ལ་སྒྱུ་མ་ལྟར་རླུང་ནང་དུ་དྲངས་ཏེ་བུམ་པ་མི་གཡོ་བ་ལྟར་དབང་པོའི་སྒོ་ཐམས་ཅད་བཀག་ནས། ཇི་སྲིད་ནུས་ཀྱི་བར་དུ་ལུས་ཀྱི་ནང་དུ་རླུང་བསྡུམས་པ་འདི་ནི་བུམ་པ་ཅན་གྱི་མཚན་ཉིད་དོ།། དེས་ཅིར་འགྱུར་ཞེ ་ན། སྒོའི་བུ་གཱཾ་དག་པར་འགྱུར་ཞེས་བྱ་བ་སྟེ། བུ་གུ་ཐམས་ཅད་ཀྱི་གནོད་པ་དང་བྲལ་བར་འགྱུརའོ།། གསུམ་པ་གསུངས་པ། འཐོར་བ་ཞིས་བྱ་བ་ལ་སོགས་པ་ལ། འཐོར་བ་ནི་སྣ་སྒོའི་དབུགས་ཀྱི་ཕྱི་རོལ ་སོར་བཅུ་གཉིས་ཀྱི་བར་དུ་རཱ་མཾ་གྱིས་སྤྲོ་བའོ།། སྣ་ཚོགས་རྡུལ་དུ་ཞེས་བྱ་བ་ནི་དེ་ལྟར་བུར་གྱུར་པས་དངོས་པོ་སྣ་ཚོགས་པ་རྣམས་དེའི་རང་བཞིན་དུ་བྱས་ནས། རླུང་ཟད་པར་ཕྱི་ལ་སྤྱོ་བར་བྱ་ཞིང་ཡུན་རིང་དུ ་བཏང་བར་བྱའོ།། འདི་ནི་འཐོར་བའི་མཚན་ཉིད་དེ་འཐོར་བའི་མཚན་ཉིད་འདིས་སྒོ་བརྒྱད་པ་རིམ་གྱིས་འགག་ཅིང་སྟེང་གི་སྒོ་ནས་བད་བླག་དུ་འཕོ་བར་འགྱུར་བར་ཤེས་པར་བྱའོ།། བཞི་པ་གསུངས་པ་རབ་ཏུ་ཞི ་བས་ཞེས་བྱ་བ་ལ་སོགས་པ་ལ་ལེགས་པར་ཕྱིར་སྤྲོས་པའི་འོག་ཏུ་སྤྲོ་བར་ཡང་མི་བྱ་ལ་བར་ཡང་མི་བྱ་བསྡུ་བར་ཡང་མི་བྱ་བར་མིག་སྣའི་བར་མིག་སྣ་རྩེ་ཉིད་དུ་གཏད་དེ། སྒོ་ཐམས་ཅད་བཀུག་ནས ་གནས་པ་འོད་ནི་རབ་ཏུ་ཞི་བའི་མཚན་ཉིད་དེ་ཞི་བར་འགྱུར་ཞེས་བྱ་བ་ནི་རབ་ཏུ་ཞི་བོ་དེས་རླུང་དབང་དུ་འདུས་ཤིང་རླུང་བདེ་པོར་གྱུར་པ་སྟེ། དེའི་ཚེ་སྒོ་གང་ནས་འདོད་པ་དེ་ནས་འཕོ་བའི་འབྲས་བུ་ཐོབ་པར ་འགྱུར་རོ།། ད་ནི་སྔར་བཤད་པ་ལྟར་ནང་སྦྱངས་ནས། ཕྱི་རོལ་གཞོན་སྦྱངས་པར་བྱ་སྟེ། རྣམ་པར་ཤེས་པ་དབྲོག་པའི་ཆོ་ག་དང་། གཞན་དུ་འགྲོ་བ་བཤད་པར་བྱ་བའི་ཕྱིར་རྣམཤེས་ཞེས་བྱ་བ་ལ ་སོགས་པ་གསུངས་ཏེ། ཆོ་ག་ཞེས་བྱ་བ་ན་དེ་དག་གི་བྱ་བའི་མན་ངག་གོ།། ཕྱི་རོལ་ཞེས་བྱ་བ་ནི། མཁས་པ་ཡིས་ནི་སྦྱང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། གནས་གཉིས་དག་ཏུ་བསམ་བྱ་བཞོས་བྱ་བ ་ལ་གནས་གཉིས་ནི་རྟེན་གནས་གཉིས་ཏེ། ལྟེ་བ་དང་སྙིང་གའི་གནས་སུའོ།། བསམ་པ་ནི་སེམས་པ་སྟེ། ལུསུ་སེམས་པ་དང་སེམསུ་སེམས་པའོ།། ཇི་ལྟར་ཞེ་ན། རླུང་གྲི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས ་པ་ལ། ལྟེ་བ་ནས་སོར་བཞི་བོར་བའི་འོག་ཏུ་རླུང་གི་དཀྱིལ་འཁོར་བསྒོམས་པར་བྱའོ།། དེའི་སྟེང་དུ་ཅི་ཞིག་བྱ་ཞི་ནི། རླུང་གི་ཞེས་བྱ་བ་ལ་སོགས་པ་ལ། དབུས་ཞེས་བྱ་བའི་སྒྲ་ནི་སྟང་དུ་ཞེས་བྱ་བའི་དོན་ཏོ།། མ ་ཞེས་བྱ་བ་ནི་མའི་དཀྱིལ་འཁོར་རོ།། ཡང་དྭང་ཡང་དུ་ཞེས་བྱ་བ་ནི་ཤིན་ཏུ་ཡང་ངོ་།། དབྱེ་བར་བྱ་ཞེས་བྱ་བ་ནི་རླུང་གི་དཀྱིལ་འཁོར་གྱི་མྨེ་སྦར་བའོ།། ཨཱ་ལི་ཞེས་བྱ་བ་ལ་སོགས་པ་ལ་ཨཱ་ལའི་ས ་བོན་ནི་ཨཾ་ངོ་།། ཀཱ་ལའོ་ས་བོན་ནི་ཧཱུཾ་ངོ་།། དེར་ནི་ཞེས་བྱ་བ་ནི་ལྟེ་བ་དང་སྙིང་གཱའི་པདྨ་དག་ཏུའོ།། སྦྱ་བར་བྱཾ་ཞེས་བྱེ་བ་ནཱི་ལྟེ་བ་དང་སྙིང་གའི་པདྨར་ཨོཾ་དང་ཧཱུཾ་གི་ས་བོན་བཀོད་པ་དེ་བསམ་པར་བྱ་ཞེས་བྱ་བ་སྔ་མ ་དང་སྦྱར་ཏེ། ལུས་སུ་བསམ་པ་དང་སེམསུ་བསམ་པ་ཞེས་བྱ་བའི་དོན་ཏོ།། རྣལ་འབྱོར་པ་ཡིས་ཞེས་བྱ་བ་ལ་སོགས་པ་ལ་རྣལ་འབྱོར་པ་ནི་རྣམ་པ་དེ་ལྟ་བུས་སེམས་རྩེ་གཅིག་པའི་སྒྲིབ་བ་པིའོ།། ཁྱེད ་པཔཱཔར་ནི་སོ་བོན་གྱི་ཁྱད་པར་གྱིས་སོ།། འབྱུང་དང་འཇུག་པས་བཟླས་པར་བྱ་ཞེས་བྱ་བ་ལ་འབྱུང་བ་ནི་ཕྱིར་འཕྲོ་བའོ།། འཇུག་པ་ནི་ནང་དུ་སྡུད་པ་སྟེ་དེ་གཉིས་བཟླ་བའོ།། དེས་ཅི་ལྟར་བྱཱ་ཞེས་ན། འབྱུང་བ་ཡེ ་ཡེ་ཤེས་ས་བོན་ནི་ཞེས་བྱ་བ་ལ།། ཡེ་ཤེ་ས་ས་བོན་ནི་སྙིང་གཱའི་པདྨའི་ཡི་གེ་ཧཱུ~ཾ་སྟེ། དེ་འབྱུང་བ་བསཽ་ན་བསྣན་དང་ལྡན་པར་བསམ་ཞེས་བྱ་བ་དང་སྦྱར་རོ།། དེ་ཡང་གཏུམ་མོའི་ས་བོན་འོད་ཟེར་འབ་ར་བ་དང་ལྡན ་པ་རླུང་དང་མེས་སྦར་བའི་རང་བཞིན་གྱིས་ཧཱུཾ་དང་བཅས་པའི་སྙིང་གིའི་པདྨ་ལཱ་སྣུན་པས་གྱེན་དུ་ཁ་བཟློག་པར་ཡང་དེང་ཡང་དུ་བསམ་པར་བྱའོ།། ཡང་ཅི་ཞིག་ཅེ་ན་བྱ་ཞེ་ན། འཇུག་པ་དང་སྙིང་གི་རྣམ་ཤེས་ལ། ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་འབྱུང་བས་བསྣུན་ནས་སྙིང་གའི་རྣམ་པར་ཤེས་པའི་ས་བོན་དུ་འབྱུང་བ་ཉིད་ཀྱིས་མགྲིན་པ་དང་མགོའི་གནས་ཀྱི་བར་དུ་འདྲེན་ཅིང་འཕུལ་བར་བསམ་ལ། སླར་ཡང་འཇུག་པས་ཁ ་ཐུར་དུ་བཟློག་སྟེ་སྙིང་གའི་བཱརརྱ་དུ་འོངས་པར་བསམི་མོ།། མེ་ཏོག་ལྟ་བུར་བསྣུན་ཞེས་བྱ་བ་ནི་ཀཱ་ཤི་ཀའི་མེ་ཏོག་རླུང་གིས་བསྐྱོད་པ་ལྟར་སྙིང་གའི་པདྨ་དེ་རླུང་གིས་ཡང་དྲང་ཡང་དུ་ཁ་གྱེན་དུ་བསྟན་པ་དང་ཐུར་དུ ་བཟློག་པར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་བཟླས་པ་གོམས་པའི་རྣལ་འབྱོར་པསོ་རང་གི་ཤེས་པ་ཕྱི་རོལ་དུ་བྱ་བ་བསྟན་པའི་ཕྱིར། རྣལ་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབྱུང་བཟླས་དེ ་ཞེས་བྱ་བ་འབྱུང་བ་དང་འཇུག་པའི་བཟླས་ཏེ་བར་གྱི་ཚིག་མི་མངོན་པ་ཡིན་ནོ།། བདག་ཉིད་ཅེས་བྱ་བ་ནི་རྣམ་པར་ཤེས་པའོ།། ཕྱི་རོལ་ཏུ་བྱ་བ་ནི་ཕྱི་རོ་དབྱུང་བའོ།། གོང་གིས་ན་འབྱུང་དང་འཇུག་པའི་མཚན་ཉིད་ཀྱི་ཞེས ་བྱ་བ་ལྀ་སོགས་པ་སྟེ། འཇུག་པ་དང་ལྡན་པའི་འབྱུང་བའི་བཟླས་པས་སོ།། ཇི་ལྟར་བུ་ཞེ་ནཱ། དེ་ཁོ་ན་ཉྀད་མཉམ་པར་འཇུག་ཅེས་བྱ་བ་སྟེ། རྣལ་འབྱོར་པས་མཉམ་པ་ཉིད་དུ་བསྒོམས་པའོ།། ཅི་ཞིག་ཙ་ན། དེ་ཁོ་ན་ཉིད ་དེ་རྣམ་པར་ཤེས་པ་དང་རླུང་གི་དེ་ཁོ་ན་ཉིད་དོ།། འདི་ལྟར་རྣམ་པར་ཤེས་པའི་དེ་ཁོ་ན་ཉིད་རང་བཞིན་གྱིས་འོད་གསལ་བ་ལྷོར་རླུང་ཡང་དེ་དང་དབྱེར་མེད་པར་འོད་གསིལ་བར་བསྒོམ་པའོ།། ཡང་ན་འཇུག་པ་དང་། ་འབྱུང་བ་མཉམ་པ་སྟེ་གཅིག་ཏུ་བྱ་བའོ།། ཅི་ལན་ཅིག་ཙམ་གོམས་པས་སམ་ཞེ་ན་མ་ཡིན་ཏེ། མཉམ་གཞག་དངོས་པོ་བསྒོམས་ནའོ།། འདི་ལྟར་དངོས་པོ་ནི་བསྒོམ་པར་བྱའོ།། མཉམ་གཞག་ནི ་ཡང་དང་ཡང་དུ་གོམས་པས་འགྲུབ་པར་འགྱུརརོ།། ཐེ་ཚོམ་མེད་པ་ནི་ཡིད་གཉིས་སྤངྒ་པ་སྟེ། དེ་ཡང་ནོར་བུ་སྔགས་དང་སྨན་རྣམས་ཀྱི། མཐུ་ནི་བསམ་གྱིས་མི་ཁྱབ་སྟེ་ཞེས་བྱ་བ་ལ་སོགས་པས་ཡིད་ཆེས ་བར་བྱའོ།། ད་ནི་རྣམ་པར་ཤེས་པ་དབྲོག་པ་དང་ནང་གི་ལས་ཀྱི་སྦྱོར་བ་བསྟུན་པའི་ཕྱིར། དེ་ནས་ཞེས་བྱ་བྱ་ལ་སོགས་པ་གསུང་སྭཱ་ཏེ། དེ་ནས་ཞེས་བྱ་བཱ་ནི་གོང་དུ་འཕོ་བའི་སྦྱོར་བ་ལས་སྦྱར་བ་དང་བཟླས་པ་ལ ་སོགས་པ་དེ་ལྟར་བྱས་ཀྱི་འོག་ཏུའོ།། ཕྱི་རོལ་ཏུ་ནི་ཞེས་བྱ་བ་ནི་ཕྱི་རོལ་གྱི་སྟེ་རྣམ་པར་ཤེས་པ་དབྲོགཽ་གོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། ནི་ཞེས་བྱ་བ་ནི་བཤད་པར་བྱ་ཞེས་བྱ་བ་སྔ་མ་དང་སྦྱར་རོ།། སྒྲུབ་པ་པོ ་ཡིས་རྣམ་པར་སྤྲུལཽ་ཞེས་བྱ་བ་ནི་ཕ་རོལ་གྱི་རྣམ་པར་ཤིས་པ་དབྲོག་པའི་ཕྱིར་སྒྲུབ་པ་པོས་དང་པོར་སྔ་མ་ལྟར་རང་གྲྀ་ལུས་རྣམ་པར་སྤྲུལ་ཞིང་བསྒོམ་པའོ།། དབྲོག་པ་དེ་ཉིད་གསུངས་པ། ཉི་མའི་ལམ་ནས་ཞེས ་བྱ་བ་ལ་སོགས་པ་ལ་ཉི་མོའི་ལམ་ནི་སྒོ་གཡས་པའོ།། དེ་ཞེས་བྱ་བ་ནི་ཐབས་ཀྱི་ཚེ་སྟེ། ཀཱ་ལིའི་ས་བོན་ནོ།། ཕྱུང་བ་ནི་གདོན་པའོ།། ཇི་ལྟར་ཞེ་ན། ལྷ་མོ་ཞེས་བྱ་བ་ལ་སོགས་བཱ་ལྷ་མོ་ནི་ཤེས་རབ་ཀྱི་ཆ་སྟེ། ཨཱ ་ལིའི་ས་བོན་ནོ།། ཆ་ཤས་ནི་ཟླ་ཚེས་དང་ཐིག་ལེ་སྟེ། དེས་བརྒྱན་པའི་ཨཱ་ལི་དང་ཀཱ་ལིའི་ས་བོན་སྔར་བཤང་བྱ་སྟེ་ལྷན་ཅིག་གདོན་པའོ།། བསྒྲུབ་བྱའི་སྙིང་གར་ཞུགས་ནས་ནི་ཞེས་བྱ་བ་ནི་དེའི་རྣམ་ཤེས་དབྲོག་པར་བྱ། ཞེས་བྱ ་དང་སྦྱར་རོ།། ཇི་ལྟར་ཞེ་ན། གཟུང་ནས་སུ་ཞེས་བྱ་བ་སྟེ། ང་དང་ལྷ་མོས་གཟུང་ན་སུ། ལུས་ཀྱི་དཀྱིལ་འཁོར་དུ་ནི་གཞུག་ཅེས་བྱ་བ་ནི་རླུང་ག་ལུས་ལ་བསྡུ་བའོ།། དེ་ནས་ཅི་ཞིག་བྱ་ཞེ་ན། འོག་གི་འཁོར་ལར་སྦྱར་བར ་བྱ་ཞེས་བྱ་བ་དང་། ལྟེ་བའི་དཀྱིལ་འཁོར་གྱི་འོག་ནི་མེའི་དཀྱིལ་འཁོར་ལ་གདུང་བར་བྱ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར། རླུང་དོང་མེའི་འབར་བ་དག། ཞེས་བྱ་བ་གསུངས་སོ།། དེ་དག་གིས་ནི་འདི་སྐད་དུ། སྦྲུལ ་བའི་འཁོར་ལོར་གནས་པའི་གཏུམ་མོའི་ས་བོན་གྱི་ཐིག་ལ་ལ་སྲ་འཕྲོས་པའི་འོད་ཟེར་དོང་སྙིང་གའི་སྔ་བོན་གྱི་འང་གཅིག་ཏུ་གྱུར་ནས་ཤེས་རབ་དང་ཐབས་ཀྱིས་ས་བོན་འབར་བའི་གཟུགས་སུ་རླུང་གི་སྣ་སྒེ་གཡས ་པ་ནས་ཕྱུང་སྟེ། བསྒྲུབ་བྱའི་སྣ་སྒོ་གཡོན་པར་ཞུགས་ནས། སྙིང་གར་བརྟེན་པའི་རྣམ་པར་ཤེས་པ་རིན་པོ་ཆེ་འབར་བའི་རྣམ་པ་ལྡེ་བུ་ལ་ཁྱབ་སྟེ། དྲངས་ནས་དེའི་སྣ་སྒོ་གཡས་ནས་བྱུང་ནས་རང་གི་སྣ་སྐེ་གཡོན་པར ་ཞུགས་ཏེ། ལྟེ་བའི་རླུང་དང་མིའི་དཀྱིལ་འཁོར་འབར་བའི་སྟེང་དུ་བཅུག་སྟེ་བསྲེག་པར་བསྒོམ་མོ་ཞེས་སྟོན་ཏོ།། འདི་ནི་ཕ་རོལ་གྱི་རྣམ་པར་ཤེས་པ་དབྲོག་པའོ།། ཇི་སྲིད་ཟད་པར་བྱས་པཿཞེས་བྱ་བ་ནི་ཕ་རོལ་གྱི་ལུས ་རང་གི་རྣམ་པར་ཤེས་པས་མ་བཀང་གི་བཱར་དུའོ།། འདིས་ནི་གཞན་གྱི་གྲོང་དུ་འཇུག་པ་ཡང་བསྟན་ཏེ། འོན་ཀྱང་རང་གི་ལུས་སྤངས་ཏེ་འཇུག་པའོ།། ད་ནི་སྔར་བསྟན་པའི་སྐབས་ཀྱི་དབྱེ་བའི་ཕྱིར། ་འཆི་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་བསྟན་པའི་འི་ཆ་ལྔས་མཐོང་ནས་གང་གི་ཚེ་བཟློག་པར་མ་ནུས་པ་ད་ནི་འཆི་བའི་དུས་ལ་བབ་པར་གྱུར་པའོ།། ཇི་ལྟར་ཤེས་པར་བྱ་ཞེ་ན། འཆི་བའི་མཚན་མོ་སྟེན་པ་སྟེ ་འཆི་ལྟས་ཀྱིས་འཆི་བར་སྟོན་པའི་དུས་སོ།། རིམས་ལ་སོགས་པས་མ་ཕོག་པར་ཞེས་བྱ་བ་ནི་རིམས་ལ་སོགས་པའི་ནད་ཀྱི་ཚོགས་ཀྱིས་མ་གཟིར་བར་གོང་དུ་འཕྲོ་བའོ།། གོང་དུ་འཕྲོ་བ་མཆོག་ཡིན་ནོ་ཞེས་བྱ་བ་ནི་དེའི་ཚེ ་སྟེང་གི་སྒོ་ནས་འཕོ་བ་དེ་བདེ་བླག་ཏུ་འབྲས་བུར་སྨིན་པ་དང་། སྐྱེ་བོ་རྣམས་གདུལ་བར་བྱེད་པའི་ཕྱིར་མཆོག་སྟེ་དམ་པ་ཡིན་ནོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། སེངྒེ་རྣམ་རོལ་ཕྱག་རྒྱ་ཡིས།། རྣལ་འབྱོར་མ་ནི་བཅིང ་བར་བྱ་ཞེས་བྱ་བ་ལ་རྣལ་འབྱོར་མ་ནི་བོད་པའོ།། སིངྒ་རྣམ་རོལ་ཕྱག་རྒྱ་ཡིས་ཞེས་བྱ་བ་ནི་སྲོག་དང་རྩོལ་བ་ཞེས་བྱ་བ་དང་འབྲེལ་ཏེ།། བཅིང་ཞེས་བྱ་བ་ནི་མིག་དང་རྣ་བ་དང་སྣ་དང་ཁའི་བུཾ་ལ་རྣམས་རང་གི་སོ་མོ་རྣམས ་ཀྱིས་བསྡམས་ལ། སྟེང་འོག་གི་རླུང་རྣམས་མར་ནག་འཆིང་པོའི་འཁྲུལ་འཁོར་ལྟར་བཅིང་ཞིང་བསྡམས་ཏེ། དེའི་འོག་ཏུ་སྟེང་ནས་བཏང་བར་བྱའོ།། ཁ་ཅིག་ནི་ཡུལ་རྣམས་ལ་འབད་པ་མེད་པར་ལོངས་སྤྱོད་བ་ནི་སངྒེ་རྣམ ་རོལ་གྱི་ཕྱག་རྒྱ་ཡིན་ནོ་ཞེས་ཟེར་རོ།། དེ་ཉིད་གསུངས་པ། ཁྱོད་ཀྱི་ཞེས་བྱ་བ་ལ་སོགས་པ་ལ། ཁྱོད་ཀྱི་ཞེས་བྱ་བ་ནི་ལྷ་མོའི་རང་བཞིན་ཏེ་ཤེས་རབ་ཀྱི་ཆའོ།། འདི་ནི་ཉེ་བར་མཚོན་པ་སྟེ། ང་ཞེས་བྱ་བ་སྔར་གསུངས་པའི་ཐབས ་ཀྱི་ཆུ་ཡང་བལྟ་བར་བྱའོ།། གནས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་གོ་འཕང་དེ་ཉིད། འདི་ལྟར་རླུང་སྟེང་དུ་འགྲོ་བ་ནི་ཤེས་རབ་ཀྱི་ཆ་ཡིན་ལ། འོག་ཏུ་འགྲོ་བ་ནི་ཐབས་ཀྱི་ཆ་ཡིན་ཏེ། སྦྱར་བ་ནི་གཅིག་ཏུ་བཟླུམས་ཤིང ་བཙར་བའོ།། དེ་ནས་ཙོ་ཞིག་བྱ་ཞེ་ན། རང་གི་ལུས་ནི་ཡོངསུ་བཏང་ཞེས་བྱ་བ་སྟེ། རང་གི་ལུས་ཡོངསུ་བཏང་བ་སྟེ་བོར་ནས་འགྲོ་བའོ།། ཇི་ལྟར་ཞེ་ན། རིམ་གྱིས་སྦྱོར་བས་ཕྱི་ནས་སུ་ཞེས་བྱ་བ་ལ་གོམས་པ་དེ་བང་དུ ་གྱུར་པས་ཚེགས་མེད་པར་རང་གི་སྟེང་གི་སྒོ་ཕྱེ་ནས། ས་གཞུག་པར་བྱའོ།། དེ་ཉིད་གསུངས་པ།། སྦྱོར་བའི་རིམ་པ་དེ་ཉིད་ཀྱིས་ཤེས་བྱ་བ་སྟེ། འཆི་ལྟས་སྣང་བར་གྱུར་ནས་ཕྱི་ནང་གི་སྦྱོར་བ་ལ་སོགས་པའི་རིམ ་པ་དེ་ཉིད་ཀྱིས་སོ།། རང་གི་ལུས་སུ་སྦྱར་བར་འདོད་ཅེས་བྱ་བ་ལ་རང་གི་ལུས་སུ་སྦྱར་བ་ནི་གང་དུ་གཞུག་པར་བྱ་བ་ནི་ལུས་ཏེ་རང་གི་རྣམ་པར་ཤེས་པ་དང་བསྲེས་ནས་རང་གི་ལུས་སུ་བྱ་བའོ།། འདོ་ད་ཅེས་བྱ་བ་ནི་སྒྲུབ་པ་པོ ་ནུས་པ་དང་ལྡན་པས་ཕ་རོལ་གྱི་ལུས་གཞོན་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་གང་དུ་གཞུག་པར་དོའོ།། ཆོ་ག་འདིའི་ཆེ་བའི་བདག་ཉིད་བསྟན་པར་བྱ་བའི་ཕྱིར། ཆོ་ག་འདི་ལྟར་བྱས་པ་ཡིས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། འགྲོ་བ་དང་འོང་བ་ཞེས་བྱ་བ་ནི་རླུང་གི་འགྲུ་བ་དང་འོང་བའོ།། བྱེ་བྲག་ཅེས་བྱ་བ་ནི་དེ་གོམས་པར་བྱས་པས་ཕུལ་དུ་བྱུང་བའི་གནས་ཐོབ་པའོ།། མཁའ་འགྲོ་མ་དང་སྦྱོར་བའི་མ་ཞེས་བྱ ་པ་ལ་སྦྱོར་བའི་དངོས་གྲུབ་དང་མ་ནི་སྦྱོར་བའི་དངོས་གྲུབ་དང་ལྡན་པ་སྟེ། དེ་ལྟར་ན་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་སྦྱོར་བའི་དངོས་གྲུབ་ཅན་ཐམས་ཅད་ཀྱི་མཆོད་པ་འདིས་ནི་ཕན་ཡོན་བསྟན་པ་ཡིན་ནི ་གང་གིས་རིང་ནས་ཐོས་གྱུར་པ་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་ཤེས་པ་དྲུག་བསྟན་ཏེ། རིང་ནས་ཞེས་བྱ་བ་ནི་ཡུ་ལོ་དང་དུས་ལ་སོགས་པས་བསྐལ་པའོ།། བྱསམ་པ་རྗེས་སུ་ཤེས་པར་བྱ། ཞེས་བྱ་བ་ལ ་རྗེསུ་ནི་རྗེས་སུ་མཐུན་པ་སྟེ། ཕ་རོལ་གྱི་སེམས་ཀྱི་རྣམ་པར་བྱུང་བའི་ཤེས་པས་ཤེས་པར་བྱའོ།། འདིར་ཡང་རིང་ནོས་ཞེས་བྱ་བ་དང་སྦྱར་རོ།། དེ་བཞིན་ཞེས་བྱ་བ་ནི་མངོན་པར་ཤེས་པ་ལྷག་མ་བསྟོན་པ་ཡིན་ནོ།། ་སྐྱེས་ཤེ་ན། མཁས་པས་སོ།། དེ་ཉིད་བསྟན་པར་བྱ་བའི་ཕྱིར་བསྒོམ་པ་དང་བཟླས་པའི་ཁྱད་པོར་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏོ།། རྣལ་འབྱོར་པ་གང་གིས་ཁྱད་པར་བསྒོམ་པ་དང་བཟླས་པ་ལ་སོགས་པ ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། གང་གི་ལམ་ནས་བསམོས་ནས་ནི་ཞེས་བྱ་བ་ལ། གང་གི་ཞེས་བྱ་བ་ལ་ནི་རྣལ་འབྱོར་པའོ།། བསམ་པ་ནི་བསྒོམ་པོ་སྟེ་རྣལ་འབྱོར་པ་གང་གི་ལམ་གང་དང་གང་ནས་བསྒོམས་པས ་དེ་དང་དེའི་འབྲས་བུ་འགྲུབ་པར་འགྱུར་བའོ།། དེ་ཡང་གོམས་པའི་སྟོབས་བཅུ་ནི་རྫོགས་པ་ཡིས། འགྲུབ་པར་མི་འགྱུར་ཅི་ཡང་མེད་ཅེས་གང་གསུངས་པ་བཞིན་ནོ།། འཁོར་ལོ་གང་ཞིག་སྔར་བསྟན་པ་ཞེས་བྱ་བ་ནི ་གཏུམ་མོའི་རྣལ་འབྱོར་སྔར་གོམས་པར་བྱས་པའོ།། ཞུགས་ཏེ་ཞེས་བྱ་བ་ནི་གཏུམ་མོའི་འོད་ཟེར་རོ། འཇིག་རྟེན་གསུམ་དང་འདྲེས་ནུས་ནི་ཞེས་བྱ་བུ་ནི་འཇིག་རྟེན་གསུམ་ནུ་ཡོད་པའི་སྒྲ་རྣམས་བཟླུམསོ་ཞིང ་གཅིག་ཏུ་འདྲེས་པའོ།། ཙཽ་ལྟ་བུ་ཞེ་ན། མེ་སྟོག་བཞིན་དུ་རྣམ་པར་འཁོར་ཞེས་བྱ་བ་ནི་མེ་སྟག་འཕྲོ་བའི་མེའི་ཕུང་པོ་ལྟར་བྱུང་བའི་འོད་ཀྱི་ཚེགས་སོ།། ཅིའི་འོད་ཅེ་ན། རླུང་གིས་བསྐྱོད་པའི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། རླུང་མ་དང་མེའི་བསྐྱོད་པ་ཡིས་ཤེས་རབ་ཅེས་བྱ་བ་གཏུམ་མོའི་འོད་དང་། དེས་བསྐུལ་བའི་སྙིང་གའི་པདྨར་རྟེན་པའི་ཡི་གེ་ཧཱུཾ་གཱི་འོད་རླུང་གི་བསྐྱོད་པའི་གཏུམ་མོའི་འོད་དང་ལྷན་ཅིག་ཏུ་གྱུར་ནས་ཕྱིར་བྱུང་བ་དེ ་དང་ད་འདྲེས་པའོ།། ཞུགས་བསམས་ན་ཞེས་བྱ་བ་ནི་འོད་དེ་དྲུག་དང་འདྲེས་པའི་སྒྲའི་ཚོགས་མེ་ལྕེའི་ཕུང་པོ་ལྟ་བུ་དེ་སླར་ཡང་དག་རང་གི་སྙིང་གར་བསྟེན་པའི་པདྨའི་གནས་སུ་གཞུག་པར་བྱ་ཞེས་བྱ་བའི་དོན་ཏེ། འདི ་ནི་ཡན་ལག་གི་དོན་ཡིན་ནོ།། འདི་དག་གིས་བསྡུས་པའི་དོན་ནི་སྔར་བསྟན་པ་ལྟར་ལྟ་བའི་ནང་དུ་ཆུད་པའི་སྤྲུལ་པའི་འཁོར་ལོ་བསྒོམས་ཏེ། རླུང་གིས་མེ་སྦར་བ་བལྟས་ལ་དེར་གནས་པའི་ས་བོན་གྱི་འོད་ཟེར་ཧཱུ~ཾ ་སྙིང་གཱའི་ཆོས་ཀྱི་འཁོར་ལོར་ཆུང་བའི་ཧཱུ~ཾ་ལས་བསྐུལ་ནས་དེའི་འོད་དང་ལྡན་ཅིག་ཏུ་གྱུར་ནས་སྣ་སྒོ་གཡས་པ་ནས་བྱུང་སྟེ། འཇིག་རྟེན་གསུམ་ནཱ་གནས་པའི་སྒྲའི་ཚོགས་དང་འདྲེས་ནས་ཡེ་ཤེས ་ཀྱི་གཟི་བརྗིད་ཀྱི་ཕུང་པོར་གྱུར་ཏེ། གང་འདོད་པའི་རྣ་བའི་ལམ་ནས་བཅུག་ལ་སྙིང་གའི་པདྨར་ཐིམ་པར་བསྒོམ་པར་འདི་ཡིན་ནོ།། བསྒོམ་པའི་སྦྱོར་བ་འདི་ཡིས་ནི། ཞེས་བྱ་བ་ནི་འདས་མ་ཐག་པའི་སྦྱོར་བ་དེའི་སྟེ ་བྱེ་བྲག་ཏུ་ནི་གཟུགས་ཐམས་ཅད་དང་འདྲེས་ནས་མིག་གི་ལམ་གནས་གཞུག་པར་བྱ་བའོ།། སྐད་ཅིག་གིས་ཤེས་བྱ་བ་ནི་ད་ལྟར་གནས་པ་བཞིན་དུ་འམ་ཐོགས་པ་མེད་པར་འགྱུར་རོ།། གསལ་བར་མཐོང་ཞེས་བྱ་བ་ནི། ་ལོག་མཐོལ་ན་གནས་པའི་དངོས་པོ་ལྟར་མཐོང་བའོ།། དེ་བཞིན་དུ་གཞན་གྱི་སེམས་ཤེས་པ་དང་། ལུས་ཀྱི་རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དེ་དག་ཀྱང་ཚེ་གའི་སྦྱོར་བ་དེ་ཉིད་ཀྱི་རྗེས་སུ་དཔག་པར་བྱའོ།། དེ་ཉིད་ཀྱི་ཕྱིར་གསུས ་པ་བསྟན་དང་མ་བསྟན་གང་ཅིའི་རུང་། ཞེས་བྱ་བ་ལ་སོགས་པ་སྟེ། མ་བསྟན་པ་ནི་ལེའུ་འདིར་མ་བསྟན་པའི་མངོན་པར་ཤེས་པ་ལྷག་མ་རྣམས་སོ།། བཱ་སྟན་པ་ནི་དེ་ཉིད་ལེའུ་གཞན་དང་རྒྱུད་གཞན་དག་ཏུ་བསྟན ་བའོ།། དེ་ཀུན་པ་ཡིས་ཡང་དག་བཤད་ཅེས་བྱ་བ་ནི་ཆོ་གའི་སྦྱོར་བ་འདི་བ་བསྟན་པ་གཉིས་ལ་ལྟོས་པའི་ཕར་བསྟན་པ་དང་འདྲའོ་སྙམ་དུ་དགོངས་པ་ཡིན་ནོ།། ད་ནི་འཕོ་བའི་སྒོ་རྣམས་ཀྱི་སྐྱོན་ཡོན་གསུངས་པ། ་ཉོན་ཅིག་ལྷ་མོ་སྒྱུ་མ་ཆེ་ཞེས་བྱ་བ་ལ་སོགས་པ་ལ་སྒྱུ་མ་ཆེ་ནི་བོང་བའོ།། དགེ་བའི་སྒོ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཀྱིས་ཉོན་ཅིག་ཅེས་བྱ་བ་དང་སྦྱར་རོ།། ཐར་པའི་དངོས་གྲུབ་རབ་སྟེར་བ་ཞེས་བྱ་བ་ནི་ཐར་པ་དང ་མཐུན་པའི་ལྷའི་ལུས་ཏེ། གསོར་གྱི་སྒོ་ནས་འགྲོ་བ་ད་སྦྱར་རོ།། དེ་ཉིད་ཀྱིས་ན་མཆོག་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོག་ནི་ཐར་པ་དང་མཐུན་པའི་རིགས་འཛིན་གྱི་ལུས་སོ།། ཐ་མ་ནི་ང་ནི་སོང་གསུམ ་གྱིས་ལུསོ།། དོན་གྱིས་ནི་བར་པ་ཡང་གཟུང་བར་བྱ་སྟེ། ལྷོ་དང་མིའི་ལུས་སོ།། དེ་དག་གིས་ནི་འགྲོ་བའི་བྱེ་བྲག་གི་སྒོར་བ་འབྲིང་གསུམ་དུ་བསྟན་པ་ཡིན་ནོ།། ལྟེ་བ་ལ་ནི་འདོད་ཁམས་ལྷ་ཞེས་བྱ་བ་ནི་གང་གི་རྣམ ་པར་ཤེས་པ་ལྟེ་བའི་སྒོ་ནས་འགྲོ་བ་དེ་ནི་འདོད་ཁམས་ཀྱི་ལྷར་སྐྱེས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཐིག་ལེ་གཟུགས་ཅན་མཐོ་རཱི་སི་ཏེ་ཞེས་བྱ་བ་ནི་སྨིན་མའི་དབུས་ཀྱི་སྒོ་ནས་འགྲོ་བ་གང་ཡིན་པ་དེ ་གཟུགས་ཀྱི་ཁམས་ཀྱི་ཁམས་ལྷུར་སྐྱེ་བའོ།། སྟེང་ནས་འགྲོ་བ་ཞེས་བྱ་བོ་ནི་གསེར་གྱི་སྒོ་ནས་འགྲོ་བའོ།། མྱུར་དུ་འགྲོ་བ་ཞེས་བྱ་བ་ནི་མྱུར་བ་ཉིད་དུ་འཕོ་བོ་སྟེ། སྟེང་གི་འགྲོ་བ་ཞེས་བྱ་བ་ཐར་པའི་ལམ ་དང་མཐུན་པའི་ཡིད་ལས་བྱུང་བ་ནི་ལྷའི་ལུས་ཏེ་འགྲོ་བ་ཐམས་ཅད་ཀྱི་བླ་མར་གྱུར་པའི་ཕྱིར་རོ།། ཡང་ན་མྱུར་བར་བདེ་འགྲོ་ཁྱད་པར་ཅན་ཐོབ་པའོ།། སྲིད་པའི་སྒོ་ཞེས་བྱ་བ་ནི་ཁའོ།། ཆུ་ཞེས་བྱ་བ་ནི་གཅི་བའི་ལམ ་ཆུ་མིན་ཞེས་བྱ་ནི་བཤང་བའི་ལམ་མོ།། ཐར་པའི་ལམ་ལུས་གཞན་དུ་འགྲོ་ཞེས་བྱ་བ་ནི་སྒོ་དེ་དག་ཐར་པ་དང་མཐུན་པའོ།། ཁ་ཅིག་ན་རེ་ཐར་པའི་ལམ་ནི་གསེར་གྱི་སྒོ་ཡིན་ལ། གཞན་དུ ་འགྲོ་ཞེས་བྱ་བ་ནི་གང་དུ་འདོད་པར་འཕོ་བའོ་ཞེས་ཟེར་རོ།། གཞན་དག་ནི་ཆོས་ཐམས་ཅད་བདག་མོད་པར་རྟོགས་པའི་ལྷའི་ཏིང་ངེ་འཛིན་གྱིས་ནི་ཐར་བར་འགྱུར་ལ། གཞན་དུ་སྟེ་བདག་མོང་པའི་ཤེས་རབ་དང ་བྲལ་ན་འགྲོ་བ་སྟེ་འཁོར་བར་འགྱུར་རོ།། དེ་ཡང་གསུངས་པ། ཡང་དག་ཇི་བཞིན་ཡོངས་ཤེས་ནས། མཐར་ནི་ཡང་སྲིད་མེད་པར་འགྱུར།། ཞེས་བྱ་བར་འདོང་ངོ་།། གོང་དུ་འཕོ་བ་ཉེ་བར་བསྡུ་བ་བསྟན་པའི་ཕྱིར་སྔོན ་དུདུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་བུམ་པ་བརྩམ་པ་ཡིན་ཞེས་བྱ་བ་ནི་སྒོ་སྦྱང་བའི་དུས་སུ་བུམ་པ་ཅན་བསྟན་པ་ལྟར་འཕྲོ་བའི་དུས་སུ་ཡང་བུམ་པ་ཅན་བྱེ་སྟེ། སྒོ་ཐམས་ཅད་དུ་ས་བོན་རྣམས ་བཀོད་པོས་བསྡམས་ཤིང་བཙིར་བ་ལ་གོམས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ས་བ་ན་རྣམས་དགོད་པ་གསུམ་པ། རྒྱས་པ་ལྔ་ཡིས་ཞེས་བྱ་བ་ལ་སོགས་པ། རྒྱས་པ་ལྔའི་མཆོད་རྟེན་ནི་མགོ་བོའོ།། ་དེའི་སྒོའི་བྲ་གའི་ནི་གསེར་གྱི་སྒོའོ།། བསྒོམ་པར་བྱ་བ་ནི་དེར་ཧཱུཾ་དཀར་དགོད་པར་བྱའོ།། ཡང་ན་རྒྱས་པ་ལྔའི་མཆོད་རྟེན་ནི་ཡི་གི་ཧཱུཾ་ངོ་།། ལྕུག་མ་ནི་གོ་སྔར་བཞིན་ནོ།། འོག་གི་སྒོ་ཞེས་བྱ་བ་ནི་དེའི་འོ ་ཏཱ་བསྟེ་མགྲིན་པའི་ནང་དུའོ།། ཅི་ཞིག་ཅེ་ན། ཆུའི་ས་བོན་དཀར་པོ་བྱས་མ་ཞེས་བྱ་བ་སྡེ་ཡི་རེ་བྷྲཱུ~ཾ་ངོ་།། དེ་ལ་ཕྲག་པ་གཉིས་སུ་ནི་ཏྟཾ་ངོ་།། སྙིང་གར་ནི་སྟྲྀ་ངོ་།། ལྟེ་བར་ནི་ཀྲཱྀ་ངོ་།། ཆུ་དང་ཆུ་མིན་གྱི་སྒོ་ནི་བཤད་ཟིན ་ཏོ། མེའི་ས་བོན་འབར་བ་ནི་སྒོ་ནི་བཤང་གཉིས་སུ་ཡང་མེའི་མདོག་ཅན་གྱི་སྨྲྀ་དགོད་པའོ།། ཡང་ན་གསེར་གྱི་སྐོར་ས་བེན་དཀྵཽ་སེར་པོའོ།། མི་ཊཱི་ག་གཉིས་སུ་ནི་ཧཱུཾ་ཧཱུཾ་སྔོན་པོའོ།། རྣ་བ་གཉིས་དང་སྣ ་གཉིས་ངག་ཏུ་ནི་ཡུཾ་དམར་པོའོ།། ཁཱ་ནི་ས་བོན་སུམ་སྟེ་དེ་དག་གིས་བུམ་པ་ཅན་རྗེ་དུ་བྱས་ནས་འཇུག་པ་དང་འབྱུང་བའི་བཟླས་པ་ལ་གོམས་པར་བྱའོ་ཞེས་པའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེ་ལ་ཤིན་ཏུ་མི ་གཞག་པས། དབུགས་ནི་བུམ་པ་ཅན་དུ་བསྒོམས་ཞེས་སོ།། དེ་ལྟར་སྔོན་དུ་བརྩམས་ནས། ང་ནི་དངོས་སུ་འཕོ་བ་བསྟན་པའི་ཕྱིར།། ལུས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལུས་ནི་རླུང་ཇོ་གི་མདོག་ཏུ ་སྟེ། རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ་བ་ནི་སྙིང་གར་རླུང་གི་དཀྱིལ་འཁོར་བསྒོམས་ལ་དེའི་དབུས་སུ་ལུས་ནི་སྟེ་ཧཱུཾ་གི་ལུས་རླུང་གི་མདོག་ཏུ་སྟེ་རླུང་ལྟར་སྔོ་བ་བསྒོམ་པ་སྡེ་བསམ་པར་བྱའོ།། འདིར་རླུང་གི ་དཀྱིལ་འཁོར་གྱི་དབུས་སུ་ཞེས་བྱ་བར་བལྟ་སྟེ། དྲུག་པ་དང་དབུགས་ཀྱི་སྒྲ་མི་མངོན་པ་ཡིན་ནོ།། རླུང་གི་ས་བོན་རྩ་བར་ཏེ་ཞེས་བྱ་བ་ལ་རླུང་གི་ས་བོན་ནི་ཡའོ།། ས་བོན་ད་ཐིག་ལེའི་སྒྲ་དང་ལྡན་པ་སྟེ་བསྡུས ་བས་ཡོ་ཞེས་བྱ་བར་འགྱུར་རོ།། རྩཝ་བ་ནི་རླུང་གྲི་རྩ་བར་ཏེ་བསྒོམ་ཞེས་བྱ་བ་དང་འབྲེལ་ཏོ།། རླུང་གི་མཐའ་ནི་རྩ་བ་ཅན་ཏེ་ཞེས་བྱ་བ་ལ་རླུང་གི་མཐའ་ན་རླུང་གི་སྟེང་ངོ་།། རྩ་བ་ནི་རླུང་གི་ས ་པོར་ཡཾ་སྟེ་དེ་དང་ལྡན་པར་བྱའོ།། རྩ་བའི་ས་བོན་ནི་ས་བོ་ན་ཧོ་དང་། སྔ་བོན་ཀའོ།། དྲང་བ་ནཱི་ཡན་ལག་མན་བཟློག་ཅིང་བསྣུར་བའོ།། དེ་དག་གིས་ནི་འདི་སྐད་དུ་སྙིང་གི་ར་རླུང་གི་དཀྱིལ་འཁོར་གྱི་དབུས ་ས་ས་བོན་ཧཱུཾ་བསྒོམས་ལ། རླུང་གི་སྟེང་དང་འོག་ཏུ་ཡང་ས་བོན་ལཾ་གཉིས་བཀོད་ལ་དེ་གཉིས་ཀྱི་དབུས་སུ་རྩ་བའི་ས་བོན་ཧཾ་ཀྲྀ་བསམས་ལ། གང་གི་ཚེ་རླུང་སྟེང་དུ་ལྡང་བའི་ཚེ་ཡཾ་གི་ས་བོན་གྱི་སྟེང་དུ་ཧི ་ནི་འོག་ཏུ་བསམ་ཞིང་དེ་བཞིནཱ་དུ་ཀའི་ས་བོན་རྀ་སྟེང་དུ་བསམ་ཞིང་ཡཾ་གི་ས་བོན་ནི་འོག་ཏུ་བསམ་མོ།། གང་གི་ཚེ་རླུང་འོག་ཏུ་འབབ་པའི་ཚེ་ནི་དེ་ལས་བཟློག་པར་བལྟ་བར་བྱའོ།། འོག་ཏུ་རླུང་གི ་དཀྱིལ་འཁོར་གྱིས། སྒྲ་དང་སྐུ་ཡིས་འཕྲུལ་བར་བྱེད་ཅེས་བྱ་བ་ལ་འོག་ཏུ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ་སྟེང་དང་འོག་ཏུའོ།། འཕུལ་ཞེས་བྱ་བ་ནི་ཡན་མན་ཏུ་རླུང་གི་དཀྱིལ་འཁོར་འདྲེན་པའོ།། ་གང་གིས་ཞེ་ན། སྒྲ་དང་སྒྲ་ཡིས་ཏེ་ཧི་ཀའི་སྔགས་ཡང་དང་ཡང་དུ་བཟླས་པས་ཡན་མན་དུ་དྲངས་ཏེ་གོམས་པར་བྱས་ལ་མཐར་དེ་ཉིད་ཀྱིས་འདོད་པའི་ལམ་ནས་བཏང་བར་བྱའོ།། གོམས་པ་དེ་ཡང་ནི ་ཤུ་རྩ་གཅིག་ཙམ་དུ་སྤྱད་པར་བྱའོ།། གྲོང་དུ་འཕོ་བའི་དུས་ཤེས་པར་བྱ་བ་བཟླས་ཏེ་བསྟན་པའི་ཕྱིར་དུས་ལ་བབ་ན་ཞེས་བྱ་བ་ལ་སྩོགས་པ་གསུངས་ཏེ། འཆི་ལྟས་ཀྱི་འཆི་བའི་དུས་ལ་བབ་ན་བྱའི་གཞན ་དུ་ནི་མ་ཡིན་ནོ།། གཞན་དུ་ན་ཉེས་པ་ཅིར་འགྱུར་ཞེ་ན། དུས་མིན་ལྷ་རྣམས་གསེད་པར་འགྱུར།། ཞེས་བྱ་བ་སྟེ་རང་གི་ཕུང་པོ་ལ་སོགས་པའི་ལུས་ཉིད་ལྷ་རྣམས་ཀྱི་རང་བཞིན་ཏེ། དེ་རྣམས་གསོང་པ ་པོར་འགྱུར་རོ།། དེས་ཀྱང་ཅིར་འགྱུར་ཞེ་ན། ལྷ་རྣམས་ཞེས་བྱ་བ་ལ་སོགས་པ་སྟེ། གོ་སླའོ།། སྐུ་དཀར་བཅིངས་པ་གསུངས་པ་རྣལ་འབྱོར་པ་ཡིས། ཞེས་བྱ་བ་ལ་སོགས་པ་ལ་སྔར་བསྟན་པ་ཞེས་བྱ་བ་ནི ་མགོ་བོར་བདེ་བ་ཆེན་པོའི་འཁོར་ལོ་འདབ་མ་སུམ་ཅུ་རྩ་གཉིས་པ་བསྟན་ཏོ།། སྡེ་ཞེས་བྱ་བ་ནི་དོར་ཡི་གེ་ཧཾ་སྔོན་པོ་བདུད་རྩིའི་ཆུ་རྒྱུན་འབབ་པ་སྟེ། བསྒོམ་ཞེས་བྱ་བ་ལྷག་མ་ཡིན་ནོ།། བདེ་བ་ཕུན་སུམ ་ཚོགས་ཞེས་བྱ་བ་ནི་རྣལ་འབྱོར་པ་ལ་བདེ་བ་སྟེར་བའི་གནས་ཏེ་ཚེས་དང་ནང་མེད་པ་ལ་སོགས་པའི་བདེ་བ་སྟེར་བའི་ཕྱིར་རོ།། སྙིང་གི་རྩ་བ་བཟའ་བར་བྱཾ། ཞེས་བྱ་བ་ལ། སྟེང་གི་རྩ་བ་ནི་པདྨ་དེ་ཉིད་ཀྱི་ཁྱད ་པར་ཏེ། རྩ་བ་སྟེང་དུ་ཟུག་པའི་ཕྱིར་རོ།། བཟའ་བར་བྱ་བ་ནི་དེའི་བདུད་རྩི་ལ་ལོངས་སྤྱོད་པའོ།། རྣམ་པ་གཞན་གསུངས་པ། ཆུ་དང་སྐྱ་རེངས་ལྡན་པ་དག་ཅེས་བྱ་བ་ལ་སོགས་པ་ལ། ཆུ་ཞེས་བྱ་བ་ནི་བྱང་ཆུབ ་ཀྱི་སེམས་སོ།། སྐྱ་རེངས་ཞེས་བྱ་བ་ནི་ལུང་པའོ།། གཡོན་པའི་བདུད་རྩི་ཞེས་བྱ་བ་ནི་མེ་ཏོག་གོ།། སྦྱར་བྱས་ལ་ཞེས་བྱ་བ་ནི་རྫས་སུ་གསུམ་པོ་དེ་དག་ཆ་བསྣམས་ཏེ་སྦྱར་ནས་ཐོ་རངས་ཀྱི ་དུས་སུ་རྒྱུན་ཏུ་བཟའ་བར་བྱའོ།། ཁ་ཅིག་ནི་སྟེང་གི་རྩེ་བ་ཞེས་བྱ་བ་ནི་ཟླ་བ་བརྒྱད་པའི་ལྟོ་སྐྱེས་ཀྱི་ཤཱ་སྟེ། དེ་དང་མོ་ཏོག་ལ་སོགས་པའི་རྫས་སུ་བསྲེས་ཏེ་བཟའ་བོ་ཞེས་བྱ་བ་ཟེར་རོ།། ཟོས་ན་ཞིང་ང་རྒྱས་པ ་སྟེ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཞི་བ་ལ་སོགས་པའི་ལས་འགྲུབ་པའོ།། ཡང་ནང་ལ་སོགས་པ་བཞི་དང་། ཚེ་དང་ན་སོ་ལ་སོགས་པ་འཕེལ་བའོ།། སྦྱོར་བ་ཞེས་བྱ་བ་ནི་བཅུད་ཀྱིས་ལེན་ནོ།། བརྙིངས་དང་མིན་པ་འཛུམ ་པར་བྱེད་ཅེས་བྱ་བྱཾ་ལ། བརྙིངས་པ་ནི་གཉེར་མ་ལ་སོགས་པའོ།། སྨིན་པ་ནི་སྐྲ་དཀརོ།། ན་མཁར་འཕུར་བའི་བསྒྲུབ་པ་གསུངས་པ། ལྷ་མོ་ཞེས་བྱ་བ་ལྔ་སོགས་པ་སླར་ཡང་བཟློག་པ་ཡིས་ཞེས་བྱ་བ་ནི ་རྣམ་པ་གཞན་སྟོན་པར་བྱེད་པའི་ཚིག་ཕྲད་དོ།། རླུང་དང་མེའི་བྱེ་བྲག་གིས་ཞེས་བྱ་བ་ལ། རླུང་ནི་རླུང་ཕྱི་དཀྱིལ་འཁོར་རོ།། མོ་ནཱི་མེའིཥྚི་དཀྱིལ་འཁོར་ཏྲྀ། དབྱིབས་གཞུ་ལྔ་བྱེ་དང་། གྲུ་གསུམ་གྱི་ཚུལ་དུ་སོ་སོར ་བསྒོམ་པ་ནི་བྱེ་ཐག་གོ།། རྐང་པའི་འཁོར་ལོར་དྲན་པར་པ་ཞེས་བྱ་བ་ལ། རྐང་པ་ནི་རྐང་པའི་འོག་ཏུའོ།། དྲན་པ་ནི་བསྒོམ་པའོ།། ཡིད་ཀྱིས་རབ་ཏུ་ཞི་སྦྱར་ནས་ཞེས་བྱ་བ་ནི་རང་གི་ལུས་འོང་རྩམ་གྱིས་ལུས ་ལ་བདག་མེད་ཅིང་མིག་ཡོར་ལྟ་བུར་བསྒོམ་པར་བྱའོ།། ཞེས་བྱ་བའི་དོན་ཏོ།། ན་མཁར་འཕུར་བའི་འབྲས་བུ་གྷ་སུ་ངས་པ། མཁའ་འགྲོ་ཀུན་གྱི་ཞེས་བྱ་བ་ལྔ་སོགས་པ་སྟེ་གོ་སླའོ།། ནང་གི་ངག་གི་དངོས་གྲུབ ་གསུངས་པ། སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ་ལུགས་ལོས་བཟློག་པ་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་ནོ།། ཁ་དོག་དཀར་པོའི་པདྨ་བསམ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་སྙིང་གར་པདྨ་དཀར་པོ་བསམ ་ལ། དེའི་སྟེང་དུ་རྣམ་པར་ཤེས་པའི་ཧཱུཾ་བཀོད་དེ་སྔར་བཤད་པ་བཞིན་ཙཎྜ་ལིའི་ས་བོན་གྱི་རང་གི་སྙིང་གར་ཡང་དེ་བཞིན་དུ་ཧཱུཾ་གི་ས་བོན་བཀོད་པ་བསྐོལ་ལ། ངོའི་འོད་ཟེར་གྱིས་བསྒྲུབ་པར་བྱའི་རྣམ་པར་ཤེས ་པ་ཕྲོགས་ནས་རང་གི་སྙིང་གར་གཞུག་པ་དང་རིང་གི་རྣམ་པར་ཤེས་པ་ཡང་བསྒྲུབ་བྱའི་སྙིང་གར་གཞུག་པར་བྱའོ།། དེའི་ཕྱིར་བསྒྲུབ་བྱའི་དབུས་སུ་སྦྱར་ནས་ནི། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རྟག ་ཏུ་ངག་གི་དངོས་གྲུབ་བྱེད་ཅེས་བྱ་བ་ནི་ངག་ཙམ་གྱིས་དངོས་གྲུབ་བྱེད་པ་སྡེ་ཚོགས་མེད་པར་གྲུབ་པའི་དོན་ཏོ།། རླུང་གཽ་དཀྱིལ་འཁོར་འཁྲུག་པ་བལྟ་ཞེས་བྱ་བ་ནི་རང་གི་རྣམ་པར་ཤེས་པ་བསྒྲུབ་བྱའི་སྙིང་གར ་གཞུག་པ་སྟོན་པ་ཡིན་ཏེ། རང་གི་རྣམ་པར་ཤེས་པ་རླུང་གི་དཀྱིལ་འཁོར་འཁྲུག་པ་ལ་ཞོན་ནས་རང་གི་ཁ་ནས་བྱུང་སྟེ་བསྒྲུབ་བྱའི་ཁར་ཞུགས་ནས་སྙིང་གའི་པདྨར་ཐིམ་པར་བསྒོམ་པར་བྱའོ།། བསྒྲུབ་པར་བྱ ་པའི་རྣམ་ཤེས་དགུག་པ་ལ་ཡང་དེ་ལྟར་བལྟ་བར་བྱའོ།། རླུང་གི་ལམ་ནས་བསྒྲུབ་བྱའི་ལུས་ཐིམ་པར་གྱུར་པ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པའི་ནང་གི་བདག་ཉིད་ཀྱི་ཚར་བཅད་པའི་ཉེ་བར ་བསྡུ་བ་བསྟན་པ་ཡིན་ཏེ་གོ་སླའོ།། ཚིགས་དགུ་ལས་འོ་ཞེས་བྱ་བ་ལ་སོགས་པས་ནི་གོང་དུ་འཕོ་བ་ཉེ་བར་བསྡུ་བ་གསུངས་པ་ཡིན་ཏེ། སྟོང་ཞེས་བྱ་བ་ནི་སྟེང་གི་སྒོ་ནས་སོ།། མོད་ལ་ཞེས་བྱ་བ་ནི་འཕྲལ་དུའོ།། མཆོག་ཅེས ་བྱ་བ་ནི་དམ་པའོ།། སྟེང་དུ་འཕོ་བའི་སྔགས་པ་ལྔ་དང་བྲམ་ཟེ་གསོད་པ་དང་ཞེས་བྱ་བ་ལ་སོགས་པ་ལ། མཚམས་མེད་པ་ལྔ་ཞེས་བྱ་བ་ནི་མ་གསོང་བ་དང་པ་གདོད་པ་དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་འབྱེད་པ་དང ་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་རྣམས་ཏེ། དེ་དག་བྱེད་པའོ།། རྐུ་འཕྲོག་འདོད་ལ་སྨོད་པའང་ཞེས་བྱ་བ་ལ་རྐུ་འཕྲོག་པ་ནི་མ་བྱིན་པར་ལེན་པའོ།། འདོད་པ་ལ་སྤྱོད་བ་ནི་འདོད་པ་ལ་ལོག་བཽར་གཡམ ་པ་ལ་སྤྱོད་པའོ།། ལམ་འདིའི་ནི་དག་འགྱུར་ཏེ་ཞེས་བྱ་བ་ནི་གོང་དུ་འཕོ་བའི་ལམ་འདིས་སྡིག་པོ་ཆེན་པོ་བྱེད་པ་དེ་དག་ཀྱང་དག་ཅིང་གྲོལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ལས་ནི་ཉིན་རེ་བྲམ་ཟེ་གསོད་པ་དང ་ཞེས་འབྱུང་སྟེ། རྒྱུན་ཏུ་བྲམ་ཟེ་གསོད་པའི་སྡིག་བྱེད་པའོ།། སྲིད་པའི་སྒོར་ལས་རབ་རིབ་དེ་འགྲོ་ཞེས་བྱ་བ་ལ། སྡང་ཞིང་སུན་འབྱིན་པར་བྱེད་པས་ནི་སྲིད་པའི་སྐོར་ཏེ་ཉོན་མོངས་པའི་སྡིག་དང་ངན་འགྲོའི་སྐྱེ་བའོ།། རྣམ་པར་དག ་པའི་དཔེ་གསུངས་པ། ཇི་ལྟར་ཞེས་བྱ་བ་ལཱ་སོགས་པ་སྟེ་གོ་སླའོ།། ལུས་ཀྱི་འདབ་མ་ལས་ནི་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་སྡིག་ལས་སྐྱེས་པའི་ལུས་སོ།། ཡེ་ཤེས་སྐུ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན ་གྱི་སྐུ་སྟེ་འཇམ་དཔལ་དང་འདྲ་བར་འགྱུར་བའོ།། དེ་ཉིད་ཀྱི་ཕྱིར་འདོད་བཞིན་འགྲོ་ཞེས་བྱ་བ་གསུངས་ཏེ། རང་གི་འདོད་པ་བཞིན་རྒྱུ་ཞིང་སྤྱོད་པའོ།། གོང་དུ་འཕོ་བ་ཞེས་བྱ་བ་ལ། གོང་དུ་འཕོ་བའི་བསམ་ག། ཏན་ནི་བདག ་ཉིད་ཚེར་བཅོད་པའི་ཏིང་འཛིན་གྱི་བདྲག་གོ།། སེངྒེ་རྣམ་པར་རོལ་པའི་ཕྱག་རྒྱ་ནི་གོ་སླའོ།། སྦྱོར་བ་ནི་གཞན་གྱི་རྣམ་པར་ཤེས་པ་དང་དབྲོག་པར་ལ་སོགས་པའི་ཏིང་ངེ་འཛིན་ནོ།། འབྱུང་བ་ནི་བསྟན་པའོ།། དེ་སྟོན་པའི་གཞུང་ནི་རིམ་པ ་ཕྱེ་བ་སྟེ་ཉི་ཤུ་གཅིག་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལ་ས་ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། བརྡ་མུ་གཏོགས་པར་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱི་ནང ་དུ་ཐ་སྙད་ལ་འཇུག་པར་མི་འགྱུར་པས་གོང་དུ་འཕོ་བ་ལ་སོགས་པ་བསྟན་པའི་འོག་ཏུ་ལག་པའི་བརྡ་དང་ངག་གི་བརྡ་གསུངས་པ། ངག་གི་ཕྱག་རྒྱའི་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་ལ། ངག་ཅེས་བྱ་བ་ནི་ངག་གི་ཕྱག་རྒྱའོ།། ་འདིས་རྣལ་འབྱོར་མར་མཚོན་པར་བྱེད་པ་དང་རྣལ་འབྱོར་མར་མཚོན་པར་བྱེད་པས་ན་མཚན་ཉིད་དེ་དག་དང་ཕྱག་རྒྱའི་མཚན་ཉིད་དོ།། གཡས་ཀྱི་ཆ་རུ་རྣལ་འབྱོར་པ་ཞེས་བྱ་བ་ནི་རྣལ་འབྱོར་པས་གཡས་ཀྱི་ཆ་གཙོ་བོར་བྱས ་ནས་ཕྱག་རྒྱ་བསྟན་པར་བྱའོ།། དེ་བཞིན་དུ་རྣལ་འབྱོར་མས་ནི་གཡོན་གྱི་ཆ་གཙོ་བོར་བྱས་ནས་བསྟན་པའོ།། གོ་ཀུ་ཞེས་བྱ་བ་ནི་རྣལ་འབྱོར་མས་ལག་པའི་ཕྱག་རྒྱ་བསྟན་པའི་འོག་ཏུ་རྣལ་འབྱོར་པས་གོ་ཀུ་ཞེས ་བྱ་བའི་ངག་གི་ཕྱག་རྒྱ་བརྗོད་པར་བྱའོ།། མཐེ་བོང་འཆིང་བར་བྱེད་པ་ཞེས་བྱ་བ་ནི་མཐེ་བོང་ཆེན་པོ་གཉིས་འཇིབ་ཅིང་བཏུང་ཀར་བྱེད་པའོ།། ལག་བུ་རྣ་བར་རྡེབས་པ་ནི་ཞེས་བྱ་བ་ནི་ལོག་པ་གཡོན་པ་ན་བའི་རྩར་རྡེབས་པའོ།། བློ་ལྡན ་ཞེས་བྱ་བ་ནི་རྣལ་འབྱོར་པ་སྟེ། ངོས་འཕྲོག་བྱེད་མེའི་རྡུགསུ་ཤེས་པར་བྱཾ་ཞེས་བྱ་བ་ལྷག་མ་ཡིན་ནོ།། ད་ཥ་ཞེས་བྱ་བ་ནི་ལྕེ་རྩ་ཅན་གྱིས་ཤཱ་ཏའི་སྟན་ལ་གནས་པ་ཡིན།། ཤ་བའི་མགོ་ལྟར་སྟོན་བྱེད་པ་ཞེས་བྱ་བ་ནི་སོར་མོ་བཅུ ་མགྲོར་འཇོམས་པའོ།། རྣལ་འབྱོར་ནན་ཏཱན་བྱེད་པར་མཚོན་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་ཀྱི་རྣལ་འབྱོར་ལ་འབོད་པར་སྟོན་པའོ།། ངའི་སྙིང་སྡུག་གྲོགས་པོའི་ཞེས་བྱ་བ་ནི་ཆེ་གེ་མོ་ཡིད་དུ་འོང་བའི་མཛའ་བོར་སྟོན་པའོ།། བཀྲྀ ་མཱ་ཡོ་ཞེས་བྱ་བ་ནི་མའི་ཡོ་ཞེས་བྱ་བ་ནི་མའི་གནས་སུ་ཡོ་བྲིས་པ་སྟེ། དོར་ཐབས་ཀྱི་བརྗོད་པའོ།། ལག་པ་རྩཝ་ལ་འཇུ་བྱེད་ན་ཞེས་བྱ་བ་ནི་རྩའི་འདིབ་མ་ལ་སོགས་པ་ལ་རེག་པའོ།། ཁྱོད་ཀྱི་ཁྱིམ་དུ་ངས་ཕྱིན་པ་ཞེས་བྱ་བ་ནི་ཁྱོད ་ཀྱི་ཁྱིམ་དུ་ངེས་ཕྱིན་ཏེ་སླར་ཡང་འོངས་པའོ།། ཞེས་བྱ་བའི་དོན་ཏོ།། མེད་དོ་ཞེས་བྱ་བ་སྟོན་པ་ནི་ཅི་ཡང་མེད་དོ།། ཞེས་བྱ་བར་སྟོན་པོ་སྟེ་ཤུ་ནྱ་ཏཱ་ཞེས་བརྗོད་པར་བྱའོ།། ལག་པ་བརྐྱང་སྟེ་ཞེས་བྱ་བ་ནི་གྲོ་མོ་བསྲང་སྟེའོ།། ཕུན་སུམ ་ལྡན་པར་ཡོད་ཅེས་བྱ་བ་པའོ་ཞེས་བྱ་བ་ནི་ཅི་འདོད་པ་ཐམས་ཅད་བདག་གོ་ཞེས་སྟོན་པ་སྟེ། དེར་ཏྲི་ཀ་ཧ་ས་ཞེས་བྱ་བརྗོད་པར་བྱའོ།། ཁ་ཟས་ཟ་བར་འདོད་པའོ་ཞེས་བྱ་བ་ནི་མཀྲེས་པར་སྟོན་པའོ།། ཞེ་གནག་གཏུམ་ལ་དྲུག་པོའོ་ཞེས་བྱ་བ ་ནཱིནི་ད་ནི་ཤིན་ཏུ་ཞེ་གནག་ལ་གཏུམ་པའོ་ཞེས་སྟོན་པར་བྱེད་པའོ།། འདིར་འདོད་པ་ནཽ་ད་ལྟ་སྟོན་པ་ཞེས་བྱ་བ་ནི་ངའི་འདོད་པ་སྟོན་ཅིག་པ་སྟེ་དེར་ཨ་ནང་གྷ་ཡུ་ཏ་ཞེས་བརྗོད་པར་བྱ་སྟེ་ཁས་ལེན་པའི་ཚིག་གོ།། ལྕེ་དྲི་འདྲིལ་བར་བྱེད་པ ་ནི་ལྕེ་ཕྱིར་ཕྱུང་སྟེ་བསྐྱོད་པའོ།། ང་ལྟ་ཞེས་བྱ་བ་ནི་དེ་རིང་ངོ་།། འཆི་བ་ནི་སྲོག་དང་འབྲལ་བའོ།། ཚེས་གྲངས་ཤེས་པར་འདོད་པའོ་ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་འཚོག་པ་ཉི་མ་ཤེས་པར་འདོད་པའོ།། མཐེ་བོས་རི་མོ་བྲི་བར་བྱ་ཞེས་བྱ་བ་ནི ་མཐེ་བོས་སེར་མོ་བཞིའི་ཚིགས་གསུམ་གསུམ་བཅོ་ལྔའི་གནསུ་རེག་པས་ཚེས་གྲངས་བསྟན་པའོ།། ཡི་གེ་ལ་སོགས་པ་ཞེས་བྱ་བ་ནི་གྲངས་ཏེ་ཡི་གེ་ཨ་ལ་སོགས་པ་བརྗོད་པས་བསྟན་པ་སྔར་བསྟན་ཞེས་བྱ་བ་ནི་སྔར་བསྟན་པ་དང ་པའོ།། ཉིན་ཕྱེད་དགའ་བྱས་རོལ་པའོ་ཞེས་བྱ་བ་ནི། ཉི་མ་ཕྱེད་དང་མཚན་ཕྱེད་ལ་སོགས་ཏེ་རོལ་བར་བྱའོ་ཞེས་སྟོན་པའོ།། རྒྱ་མཚོ་ལྟ་བུར་སྟོན་བྱེད་པ་ཞེས་བྱ་བ་ནི་ལག་པའི་སོར་མོ་སྦྲེལ་ནས་ཕྱོགས་ཀུན་ཏུ་རྒྱ་མཚོའི་ཆུ་རླབས་ལྟར་སྤྱུགས་པའོ ་ད་ལྟར་འགྲོགས་ལ་འདོད་ཅེས་བྱ་བ་ནི་གནས་ཆེ་གེ་མོར་ང་ལྟ་ལྷན་ཅིག་ཏུ་འདོད་ཤིག་ཅེས་སྟོན་པའོ།། མཐེ་བོས་ཡིས་ནི་སྲིན་ལག་ལ་རེག་པཾ་ཞེས་བྱ་བ་ནི་མཐེ་བོང་དང་སྲིན་ལག་གི་སེན་མོ་ལ་ཕན་ཚུན་རེག་པའོ།། འཆི་བར་མི་འགྱུར་བ ་ཞེས་བྱ་བ་ནི་བདུད་རྩི་སྐྱེ་ཆར་ཡོད་དྲོ་བར་སྟོན་པའོ།། བཟའ་ལ་སོགས་ཞེས་བྱ་བ་ནི་དབའ་བུ་ལ་སོགས་པའི་ཁ་ཟས་ཡོད་པར་སྟོན་པལ།། རྣལ་འབྱོར་པ་ཞེས་བྱ་བ་ལ་སྔགས་པ་ལང་ཁོ་ན་ཉིད་ཀྲྀ་རྣཾ་ལ་འབྱོར་དང་ལྗོན་པ ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཏེ་དེ་རྣམས་རོལ་པའི་ཕྱིར་ངག་དང་ཕྱག་རྒྱའི་བརྡར་བྱས་པའི་ཆོ་ག་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར ་བཤད་པ་ལས་ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །། ད་ནི་དེ་ཁོ་ན་ཉིད་རྟོགས་པའི་གླུ་དང་དབྱངས་ལ་སོགས་པ་རྟོགས་པར་བྱ་བའི་ཕྱིར་གསུངས་པ། ལྷ་མོ་ཞེས་བྱ་བ་ལ་སོགས་པ་སྟེ། ལྷ་མོས་གླུ་འདི་ཡིས་ནི་མཉེས ་པར་བྱས་ཞེས་བྱ་བར་སྦྱར་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ།། ཅི་ཞིག་བྱས་ནས་ཤེ་ན། གཽར་མཛད་དེ་ཞེས་བྱ་བ་སྟེ། གར་སྔོན་དུ་འགྲོ་བའི་གླུས་མཉེས་པར་བྱས་ནས་གསོལ་བ་བཏབ་པ་ཡིན་ཏེ། མཉེས་པ་དེ་ཡང ་ལུས་དང་ངག་གི་བྱ་བར་གྱུར་པའི་གར་དང་གླུའི་མཆོད་པས་ཡང་དག་པར་མཆོད་པའོ།། གླུ་དེ་ཉིད་གསུངས་པ། ཨ་བཾ་ཞེས་བྱ་བ་ལ་སོགས་པ་ལ། ཨ་ཞེས་བྱ་བ་ནི་ལྟེ་བའི་ཆོས་འབྱུང་བའོ།། བཾ་ཞེས་བྱ་བ་ནི་བཅིང་བ་སྟེ་མདུང་བའི་གནས ་ཞེས་བྱ་བའི་དོན་ཏོ།། ས་ཏི་ཨ་ནུ་ར་ན་ནི་བྷ་ཞེས་བྱ་བ་ལ་དེར་སི་ཏ་ནི་བྱང་ཆུབ་ཀྱི་སེམས་སོ།། ཨ་ནུ་ར་ན་མེ་ཏོག་གོ། ནི་བྷ་ནི་རྟེན་དེ་གཉིས་འབྱུང་བའི་ལྟེ་བའི་དབུས་ཀྱི་རྩ་བའོ་ཡང་ན་ནི་བྷ་ནི་འོང་དེ་ལྟེ་བའི་དཀྱིལ་འཁོར་ནས་འབྱུང་བའི་མེ ་དང་བཅས་པའི་རླུང་གི་འགྲོ་བའོ།། དེ་ཉིད་གསུངས་པ། ཛ་ཏི་ཏ་མ་དང་མ་ག་མ་ཡ་ག་མ་ཞེས་བྱ་བ་ལ། མ་དྷ་མ་ནི་ལྟེ་བའི་དབུས་ཏེ་རྐེད་པ་ཡིན་ལ་དེར་རླུང་གི་གཟུགས་ཀྱིས་འགྲོ་བ་དང་འོང་བར་རོལ་པ་དེ་ལ་དེ་སྐད་ཅེས་བྱའོ།། དྷ་དྷཱ་ཤ་རི་ར་ཞེས་བྱ་བ་ལ། ་དྷདྷ་ཞེས་བྱ་བ་ནི་འཛིན་པའོ།། ཅི་ཞིག་ཅེ་ན། དབྱངས་ཀྱི་ཡི་གེའི་ལུས་ཏེ་ཤ་རི་རའོ།། ཡང་ན་རྣམ་པར་འཁོར་བས་ན་དྷའོ།། མ་ཡ་ཞེས་བྱ་བ་ནི་ཨཾ་ཞེས་བྱ་བའི་མའི་ཕྱེད་ཚ་ལ་ཡིན་ཏེ། སྟོང་པ་ཉིད་རྟོགས་པར་བྱེད་པའི་ཐིག་ལེ་དེའི་སྟེང་དུ་བཞག་པའོ།། ་ནི་ས་ཞེས་བྱ་བ་ནི་ནི་རང་བཞིན་མེད་པའོ།། ས་ནི་ཞེས་བྱ་བ་ལ་ནི་ཞི་བ་སྟེ་ཆོས་ཐམས་ཅད་རང་བཞིན་མེད་པར་ཞི་བ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིར་ཚིག་དྲག་མི་མངོན་པ་ཡིན་ནོ་ས་ས་ཞེས་བྱ་བ་ནི་རང་བཞིན་མེད་པའི་གཏུམ་མོའི་རྣལ་འབྱོར་དེ་ཉིད ་ཀྱི་རྟོག་པ་ཐམས་ཅད་དྲངས་ནས་འཇོམ་པར་བྱེད་པ་སྟེ། དེས་ན་ས་གཉིས་སྨོས་པ་ཡིན་ནོ།། ནི་ཨ་ག་མ་ས་ཞེས་བྱ་བ་ལ་ནི་འགྲོ་བ་སྟེ་ཞེས་བྱ་བ་འཁོར་བ་ཡིན་ལ་ཨ་ག་མ་ནི།། དེ་ལས་དྲང་ཞིང་དགུག་པའོ།། ངེས་པའི་ཚིག་དང་ལྡན་པ་དང་སྡིག ་པའི་ལས་ཐམས་ཅད་འདྲེན་པ་ན་ས་སཱའོ།། རི་གཱི་བྷུ་ཡ་དོ་ཞེས་བྱ་བ་ནི་བོདྲ་པ་སྟེ་དེ་ལ་རི་དག་ནི་བདག་མེད་རྣལ་འབྱོར་མ་ཉིད་དོ།། མ་ཞེས་བྱ་བ་ནཽ་མཉམ་པར་གྱུར་པ་སྟེ། སུ་ཞིག་ཅེ་ན། བྷུ་ཡ་སྟེ་ཞེས་བྱ་བ་རབ་ཏུ་དགའ་བ་ལ་སོགས་པའི་སའི ་བདག་པོ་སྟེ། བཅོམ་ལྡན་འདས་ཡིན་ལ་དེའི་འོ།། ཅི་ཞིག་ཅེ་ན། ས་རི་ར་ཞེས་བྱ་བ་ལ་སོགས་པ་ལ་ས་རི་ར་ནི་ལུས་ཏེ་ཅི་ཞིག་ཅེ་ན། ས་ཞེས་བྱ་བ་སྟེ་རྩའོ།། ས་རི་ར་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་དེ་དེར་ཆུད་པའི་རྣལ་འབྱོར་རོ།། ཡང་ནི་ཅི་འདྲ་ཞེ ་ན་ནི་ཤ་ཞེས་བྱ་བ་ལ་ནི་ནི་མ་ལུས་པའོ།། ཤ་ནི་འདོད་པ་སྟེ་རྣལ་འབྱོར་མ་མ་ལུས་པའི་འདོད་པའོ།། ཡང་ན་ཨཱི་ཤ་ནི་དབང་ཕྱུག་སྟེ། དབང་ཕྱུག་ཐམས་ཅད་ཐོག་པར་བྱེད་པའོ།། མ་དྷཱ་མ་ཨ་དྷ་མ་ཞེས་བྱ་བ་ནི་དབུས་དང་འོག ་ཏུའོ།། ཡང་ན་འབར་བར་བྱེད་པའོ།། ས་ས་ཞེས་བྱ་བ་ལ་ས་ནི་དེ་སྟེ་ཨའོ།། ཡང་ས་ཞེས་བྱ་བ་ནི་བཅས་པ་སྟེ་ཐིག་ལེ་ལ་སོགས་པ་དང་བཅས་པར་འཇུག་པའོ།། ཤྲུ་ཏ་ནི་ས་ས་ཞེས་བྱ་བ་ལ། ཤྲུཏ་ནཱི་འདོད་པའི་དོན་ཤེས་པའོ།། ནརྀ་ནི་འདྲེན་པ ་སྟེ་ཡིད་ཀྱི་རྣམ་པར་ཤེས་པའོ།། ས་ནི་ཡང་དག་པར་འགྲོ་བ་སྟེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་འགྲོ་བ་སྟེ་དེ་ལ་དེ་སྐད་ཅེས་བྱའོ།། ཅི་ཞིག་ཅེ་ན། ས་ས་ཞེས་བྱ་བ་ལ། ལྷན་ཅིག་ཏུ་འཇུག་པས་ན་ས་ཏེ་ཡི་གེ་ཨའོ།། ་ཡང་ས་ཞེས་བྱ་བ་ནི་ཡིག་འབྲུ་ཐམས་ཅད་ཀྱི་མཆོཀྲ་ཀོ། ས་ནི་ས་རི་ཏ་ཞེས་བྱ་བ་ལ། ས་ཞེས་བྱ་བ་ནི་ཨ་དེ་དང་ལྷན་ཅིག་ཏུ་འཇུག་པ་སྟེ་ཐིག་ལེའི་སྟེང་ན་གནས་པའི་སྒྲའོ།། ནི་ཞེས་བྱ་བ་ནི་མ་ལུས་པའི་སྐྱེ་བོ་ཐམས་ཅད ་བདེ་བར་གཤེགས་པའི་གནས་འདྲེན་པའོ།། ས་རི་ཏ་ནི་གནས་ཏྭ་རྩའོ།། འདི་དག་ནི་ཅི་བྱེད་ཅེ་ན། བྷ་གཾ་ཞེས་བྱ་བ་སྟེ། དེ་ཁོ་ན་ཉིད་ཀྱི་ཕྱིན་ཅི་མ་ལོག་པར་རྟོགས་པར་བྱེད་པའི་ཕྱིར་སྐལ་བ་དང་ལྡན་པར་བྱེད་པའོ།། ཡང་ན་བྷ་ག་ནི ་བཅོམ་ལྡན་འདས་སོ།། མ་ནི་བདག་སྟེ་བདག་དང་ཁྱོད་དབྱེར་མེད་པ་ཞེས་བྱ་བའི་བར་དུའོ།། མ་ག་མ་ཞེས་བྱ་བ་ནི་སླར་ཡང་རྩའི་ཁྱད་པར་བསྟན་པ་ཡིན་ཏེ། དེ་ལ་ལ་ཞེས་བྱ་བ་རཾ་ལས་ཐམས་ཅད་ལ་ཁྱབ་པར་གནས་པས་ན་མ་སྟེ ་རྩ་རྣམས་སོ།། དེ་རྣམས་ནས་ཁྲག་དང་ཆུ་སེར་ལ་སོགས་པ་རྒྱུ་ཞིང་འགྲོ་བས་ན་ཨ་ཀ་མའོ།། ཡང་ཙེ་འདྲ་ཞེས་བྱ་ན། ཨ་དྷ་མ་ས་ས་ཞེས་བྱ་བ་ལ། ཨ་དྷ་མ་ནི་གོ་སྐབས་འབྱེད་པ་སྟྭཾ་མ་ལུས་པའོ།། དྷ་མ་ནི་གོ་སྐབས་འབྱེད་པ་སྟེ་ན་མཁའི ་རང་བཞིན་ཡིན་པའི་ཕྱིར་རོ།། ཡང་ན་དྷ་མ་ན་བདུད་འདུལ་བ་སྟ་མ་ལུས་པའི་བདུད་འདུལ་བའོ།། ས་ས་ཞེས་བྱ་བ་ནི་བདུད་རྣམས་འཆིང་བ་པ་དང་འཇོམས་པར་བྱེད་པའི་ཕྱིར་གཉིས་སྨོས་སོ།། པཱ་པ་ལ་མ་ཡ་པཱ་པ་དྷ་ན་མ་ཞེས་བྱ་བ་ལ ་བཱ་བ་མ་ལ་ཞེས་བྱ་བ་ནི་ནད་ཐམས་ཅད་ཀྱི་སྡིག་འཐུང་བར་བྱེད་པས་ན་པཱ་པ་མ་ཡ་སྟི་བཅོམ་ལྡན་འདས་ལ་བོང་པའོ།། ཡང་ན་རྩའི་ཁྱད་པར་རོ།། ཨ་པཱ་པ་དཾ་ཞེས་བྱ་བ་ལ། ཨ་པཱི་པ་ནི་དཀར་པོའི་ལསོ་དེ་ཞེས་བྱ་བ་ནི་སྟེར་ཞིང་སྦྱིན ་པ་སྟེ་དཀར་པོའི་ལས་སྟེར་བའོ།། ཡང་ནི་ཨ་ནི་ཉེ་བར་བསྒྱུར་བའོ།། པཱ་པ་ནི་ནག་པོའི་ལས་སོ།། ད་ནི་འདུལ་བའོ།། ན་མ་ནི་ཕྱག་འཚལ་བའོ།། ཀྱེ་བཅོམ་ལྡན་འདས་སྡིག་གི་རང་བཞིན་སྡིག་མེད་པ་སྩོལ་བ་ཕྱག་འཚལ་ལོ་ཞེས་བྱི་བའི ་དོན་ཏེ།། ཨེ་བི་མ་ཡཱ་ཤྭེ་ཏཾ་ཞེས་བྱ་བའི་ཚིག་གི་དོན་སླ་ར་ཡང་བཤང་པཨཱརྱ་བྱ་སྟེ། དེ་ལ་ཨེ་བཾ་ཞེས་བྱ་བ་ནི་ཐོག་མ་མེད་པའི་དུས་ནས་ད་ལྟར་གྱི་བར་དུ་རྒྱན་ཆགས་པར་འཇུག་པའི་འགྲོ་བ་རྣམས་སོ།། དྲྀ་ཡང་ཅི་འདྲ་ཞེ་ན། ཤྲུ ་ཞེས་བྱ་སྟེ་རྣ་བའི་རྣམ་པར་ཤེས་པས་སྤྱོད་ཡུལ་དུ་བྱས་པའོ།། འདི་ནི་ཉེ་བར་མཚོན་པ་སྟེ་མཐོང་བ་དང་རེག་པ་དང་བསྣམས་པ་དང་མྱེད་པ་དང་བས་མ་པ་ཞེས་བྱ་བ་ཐམས་ཅད་སོར་སྦྱར་བར་བྱའོ།། ཅི་ཞིག་ཅེ་ན། མ་ཡཱ་ཞེས་བྱ་བ ་ནི་བདག་གིས་ཐོས་པ་ལ་སོགས་པ་རྣམས་བདག་སྟེ་རང་གི་སེམས་ཡིན་ནོ་ཞེས་བྱ་བའི་བར་དུའོ།། འདི་ལྟར་མ་ཡཱ་སྟེ་སེམས་ཤུལ་ལྟར་རང་བཞིན་རྣམ་པར་དག་པ་རང་རིག་པ་ཙམ་ཡིན་པས། སྐད་ཅིག་ལ་རྣམ ་བར་རྟོག་པའི་ཚོན་གྱིས་ཁ་བསྒྱུར་བས་དེ་དང་དེར་སྣང་དུ་ཟིན་ཀྱང་གང་གིས་མཐོང་བ་དང་ཐོས་པ་ལ་སོགས་པའི་དོན་རྣམས་འཇིག་པར་བྱེད་པ་དེ་ནི་དཔེར་ན་མེ་ལོང་གཡའ་དག་པ་ལ་གཟུགས་བརྙན་སྣང་བ་ལྟར་ལེགས་པར་བྱས ་པ་དང་། ཉེས་པར་བྱས་པ་དང་།། བདེ་བ་དང་། སྡུག་བསྔལ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ནི་གཟུགས་པ་དང་འཛིན་པའི་བློ་བུར་གྱི་དྲི་མ་དང་བྲལ་ནས་རང་གི་སེམས་ཀྱི་སྣང་བ་ཙམ་དུ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན ་ཏོ།། དེ་ཡང་གསུངས་པ། ཆོས་རྣམས་འདི་ཀུན་སྟོང་པ་སྟེ། རྟེན་ཅིང་འབྲེལ་འབྱུང་སྟོན་པ་ཡིན་ནས་གསུངས་སོ།། ཡང་ན་བདག་གིས་ཐོས་པ་དང་མཐོང་བ་ལ་སོགས་པ་འདི་དག་དང་། དབང་པོ་དྲུག་ནི་ཡུལ་ཅན་དང་ཡུལ་ཅན་མ ་ཡིན་ལ། དེ་དག་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེད་ལྷུར་བརྫུན་ནོ་ཞེས་བྱ་བའི་དོན་ཏོ།། ཡང་ནུ་ཨེ་བོ་ཞེ་སྟེ་དེ་དག་ཐམས་ཅད་རང་གིས་བྱས་ཤིང་བཅོས་པས་རང་བཞིན་གྱིས་རྣམ་པར་དྲུག་པའོ།། དེ་ལྟར་མཆོད་པ་བྱས་ཀྱི་འོག་ཏུ་གསོལ ་བ་བཏབ་པར་བྱའོ།། དེ་ལྟར་གསོལ་བ་བཏབ་ཀྱི་འོག་ཏུ་གཟིའི་འཁོར་ལོ་དང་རཱ་སའི་འཁོར་ལོ་དང་ལ་སྤྱོད་པའི་འཁོར་ལོ་གསུངས་པ། ཤར་དུ་མེ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་སྔར་བསྟན་པ་བཞིན་དུ་ཕན་ཚུན་དུ་ཐིག ་བཞི་བཏབ་ལ་ཡང་མཚམས་བཞི་བྲིས་ནས་ཐ་མ་བསྐོར་བ་དང་ལྡན་པས་རྩིབས་བཅུ་གཉིས་པའི་འཁོར་ལོར་འགྱུར་རོ།། དེའི་ཤར་ཕྱོགས་ཀྱི་རྩིབསུ་ནི་ཡི་གེ་མེ་བྲིའོ།། གཤིན་རྗེར་ནི་བྷེ་ཞེས་བྱ་བ་ནི་ལྷོའི་རྩིབས་ལ་ཡི་གེ་བྷྲཱུཾ་བྲི་བའོ།། ནུབ་ཏུ་མི ་ཞེས་བྱ་བ་ནི་ནུབ་ཕྱོགསུ་ཡི་གེ་མི་བྲི་བའོ།། བྱང་དུ་དེ་བཞིན་དུ་ཀུ་ཞེས་བྱ་བ་ཡང་དེ་བཞིན་ཏེ། དེ་དག་གིས་ནི་ལུག་དང་ཁྱུ་མཆོག་དང་འཁྲིག་པ་དང་ཀར་ཀ་ཊ་ཞེས་བྱ་བའི་རཱ་སི་བཞིའི་མིང་བསྟན་པ་ཡིན་ཏེ། དཔེར་ན་སྣམ་བུའི་གྲཝ་རྣམས ་ནས་སྣམ་བུ་རངས་པ་འདྲེན་པ་ལྟར་མིང་གི་ཡི་གེ་དང་པོ་ཙམ་གྱིས་ཀྱང་མིང་རངས་པ་བསྟན་པར་འགྱུར་རོ།། རཱ་སི་ཞེས་བྱ་བ་ནི་ཡི་གེ་རཱ་སི་བྲི་བའོ།། དེ་བཞིན་དུ་མ་ག་དང་། ཏུ་ཀུ་དང་བི་མ་རྣམས་ཀྱང་ཤེས་པར་བྱ་སྟེ། དེ་དག་གིས་ཀྱང་གཞུ ་དཱ་། སིངྒེ་དང་། ཆུ་སྦྱིན་དང་། གཞོན་ནུ་མ་དང་། སྐྱང་དང་། བུམ་པ་དང་། སྡིག་པ་དང་། ཉ་ཞེས་བྱ་བ་རཱ་སི་བརྒྱད་རིམ་བཞིན་དུ་སོ་སོར་བསྟན་པ་ཡིན་ནོ།། དཱ་ནཱི་གཟའ་རྣམ་པ་ལྟ་དང་ཨ་ལ་སོགས་པ་དབྱངས་ཀྱི་ཡིག་ལྔ་སྦྱར་བ་བསྟན་པའི ་ཕྱིར་ཨ་ནི་སྒྲུབ་པའོ་ཞེས་བྱ་སྟེ་མིག་དམར་རོ།། ཨི་ནི་ཟླ་བ་ལས་སྐྱེས་པའོ།། ཞེས་བྱ་བ་ལས་ཟླ་སྐྱེས་ནི་བཟའ་ལྷག་སྟེ་ཟླ་བའི་བུ་ཞེས་གྲགས་པའི་ཕྱིར་རོ།། ཨུ་ནཱི་ལྷའི་བླ་མའོ་ཞེས་བྱ་བ་ལ། ལྷོའི་བླ་མ་ནཱི་ལྷ་རྣམས་ཀྱི་སྟོན་པ་སྟེ། གཿ ་ཕུར་བུའོ།། ཉི་མའི་བུ་ཞེས་བྱ་བ་ནི་སྨིན་པའོ།། འོ་ཞེས་བྱ་བ་ནི་ལྷ་འོག་ཀུན་ཏུ་ཡང་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཟླ་བ་དང་ཉི་མའི་གསུངས་པ། གཟའ་རྣམས་ཀྱི་ནི་ཆོ་གཾ་ལ་ཞེས་བྱ་བ་ལ། ཆོ་ག་ཞེས་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ། གཟེའ ་རྣམས་ཀྱི་ནང་ནས་ཟླ་བ་དང་ཉི་མས་སྐྱེས་པར་བྱ་བའི་གཟའ་ལྷག་པ་དང་སྤེན་པ་གཉིས་ཀྱི་ནང་དུ་ཟླ་བ་དང་ཉི་མ་གཉིས་བསྡུ་བར་བརྗོད་དོ།། ད་ནི་རཱ་སི་བཅུ་གཉིས་བྲིས་པའི་འཁོར་ལོ་ལ། གཟའ་རྣམས་ཀྱི་ཡིག ་བྲིས་ནས་སོ་སོར་སྦྱར་བ་བསྟན་པའི་ཕྱིར། ཟླ་བ་ཀར་ཀ་ཌཱ་དབང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀར་ཀ་ཊའི་རེའུ་མིག་ལ་ཟླ་བའི་ཡི་གེ་བཀོད་ནས་དེས་དེ་ལ་ལོངས་སྤྱོད་ཅིང་མཐུན་པར་བརྩི་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཉི་ལ་དྲང ་སྲོང་གདོང་ལྔ་ལ་ཞེས་བྱ་བ་ལ། དྲང་སྲོང་གདོང་ལྔ་ནི་སེངྒེ་སྟེ། སེངྒེའི་རཱིའུ་ཆ་ལ་བྲིའོ།། གཟའ་རྣམས་ལྷག་མ་ཇི་སྙེད་པ་ཞེས་བྱ་བ་ནཾ། མིག་དམར་ལ་སོགས་པའི་གཟའ་ལྐོག་མ་ལྔའོ།། རཱ་སི་གཉིས་ལྀ་ནི་སྤྱོད་ཅེས་བྱ་བ་ནི་ལག་ལ ་སོགས་པའི་རེ་སི་ལྷག་མ་བཅུའི་རི་ཆར་རིམ་བཞིན་དུ་རཱ་སི་གཉིས་གཉིས་ཀྱི་གནས་སུ་གཟའ་རེ་རེ་བྲི་བའོ།། སྤྱོད་ཅེས་བྱ་བ་ནི་སྐྱོང་ཞིང་གསོ་བ་སྟེ། འདི་ལྟར་འདྲ་བའི་ཕོ་ཉ་མེ་ཏོག་དོར་བ་དང་ལག་པས་རེ་ག་ཀྱང་རུང་སྟེ། གཟའང ་དེདེའི་རེ་ཆ་རྣམས་ཀྱི་མཐུན་པ་རཱ་སི་ལས་ཤེས་ཤེས་པར་བྱ་བའོ།། རཱ་སི་རྣམས་ཀྱང་སྔར་བསྟན་པའི་ཚུལ་གྱིས་འཕེལ་བ་ལ་སོགས་པ་དང་སྦྱར་བར་བྱ་སྟེ། དེའི་སྐྱོན་དང་ཡོན་ཏན་ཤེས་པར་བྱའོ།། དེ་བཞིན་དུ་རཱ་ས་གང་ལས ་སྐྱེས་པའི་མིའི་མཚན་ཉིད་ཀྱང་འཕེལ་བ་ལ་སོགས་པ་ལས་ཤེས་པར་བྱའོ།། ང་ནི་སྒང་ཤོང་གི་འཁོར་ལོ་ཞུ་བ་གསུངས་པ། སྐང་ཤོང་འཁོར་ལོ་ཞེས་བྱ་བ་ལ་སོགས་པ་ལ། སྒང་ཤོང་ཞེས་བྱ་བ་ནི་རཱ་ས་རྣམས་སོ།། ཁྱོད་ཀྱིས ་བཤད་ཅེས་བྱ་བ་ནི་སྔར་གསུངས་པའོ།། སྔར་གསུངས་མོད་ཀྱི་འོན་ཀྱང་སྐར་མ་དུས་དང་ཞེས་བྱ་བ་ལ་སོགས་པས་ཁྱང་བར་ལ་རྨོངས་པ་སྟོན་པ་ཡིན་ཏེ། སྐར་མ་ཞེས་བྱ་བ་ནི་རྒྱུད་སྐར་རོ།། དུས་ཞེས་བྱ་བ་ནི་ཟླ་བས།། ཙ་མ་ཞེས་བྱ་བ་ནི་རྗེས་གྲངས་ཏེ། ་རྣམས་ཀྱང་གཟུང་བར་བྱའོ།། བྱེ་བྲག་ནི་དེ་རྣམས་ཀྱི་ཁྱད་པར་རོ།། ལུག་དང་རོ་ཧི་ཏ་ལ་སོགས་པའི་སྒྲ་ནི་གཉིས་ཀར་སྦྱོར་ཏེ། ལུག་ལ་སོགས་པའི་ར་སི་དང་། རོ་ཧི་ཏ་ལ་སོགས་པའི་སའི་དབང་ཕྱུག་རྣམས་ཀྱིའོ།། གང་གི་འཆི་བ་བཤད་ཀྱིས་ཉོན་མོངས་ཞེས ་བྱ་བ་གང་གི་ཞེས་བྱ་བ་ནི་ལུག་ལ་སོགས་པ་རཱ་སི་གང་ལས་སྐྱེས་པའི་མིའི་སྟེ་དེའི་འཆི་བ་ངེས་པ་ཉོན་ཅིག་པའོ།། ངེས་པ་དེ་ཡང་གསུངས་པ། ཟླ་བ་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། དུས་ཤེས་བྱ་བ་ནི་རྐངས་མོ་ལ་སོགས་པའོ།། གདོན་ཞེས་བྱ་བ་ནི་མགུལ་ནད་ལ་སོགས ་པའོ།། ན་ཞེས་བྱ་བ་ནི་སྨྱོ་བ་ལ་སོགས་པའོ།། ལྷག་མ་ནི་གོ་སླའོ།། སྨྱུང་ཤོང་ཞེས་བྱ་བ་ནི་སྐད་ཤོད་གི་འཁོར་བའོ།། ཚང་ཞེས་བྱ་བ་ནི་ངེས་པའོ།། གང་ཞིག་ལས་ནི་སྐྱེས་པ་ཞེས་བྱ་བ་ནི་རཱ་སི་གང་ལས་སྐྱེས་པའོ།། བརྗོད་ཅེས་བྱ་བ་ནི་ཐུབ་པ་རྣམས་ཀྱིས་བརྗོད་ཅིང ་གསལ་བར་མཛད་བསྟེ་ངོ་འདིར་བཤད་ཀྱིས་ཉོན་ཞེས་བྱ་བ་དང་སྦྱར་རོ།། ད་ནི་རཱ་སི་གང་ལས་སྐྱེས་པའི་མི་འཆི་བའི་དུས་ཀྱི་ཟླ་བ་དང་སྐར་མ་དང་གཟའ་དང་དུས་ལ་སོགས་པ་རིམ་པ་བཞིན་དུ་སྦྱར་ཏེ་གསུངས་པ། བྷ་ཛ་ཡཽ་ནཱི་ཉྞི་མ་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ་བྷ་ངའི་ཉི་མ་ནི་ལུག་གི་ཉི་མ་སྐྱེས་པའི་མིའོ།། དགུན་ཟླ་ར་བའི་ཞེས་བྱ་བ་ནི་ངཀུན་ཟླ་ར་བ་དེའི་ཆོས་གསུམ་དང་སྦྱོར་རོ།། དགུན་ཟླ་ར་བ་དེའི་གཟའ་མིག་དམར་དང་རྒྱུ་སྐར་སྨིན་དྲུག་ལྡན་སྟེ་འཛོ་པར་གྱུར་ན་དེ་ནི་དེའི་འཆི་བའི་དུས་ལ་བའི་ཡིན་ནོ།། ལུག་གི་མི་འཆི་བའི་དུས་བསྟན ་ནས།། ཁྱུ་མཆོག་གི་དུས་བསྟན་པའི་ཕྱིར། ཁྱུ་མཆོག་ཅེས་བྱ་བ་གསུངས་ཏེ། ལུས་ཀྱི་མཚན་མ་ལ་སོགས་པ་ཞེས་བྱ་བ་ཉིས་སྒྲོ་འདི་མགུལ་བའི་ནད་ཅེས་བྱ་བ་ཡིན་ཏེ་དེ་ལ་མགུལ་པའི་ནང་ནི་ལྐོག་འགགས་ཀྱི་ནང་དེ་གདོན་ལས་གྱུར་པ་ཡིན་ལ། དེ་ནི ་ལུས་ཀྱི་མཚན་མ་ཡིན་ནོ།། སྨྱོ་བ་ནི་སེམས་དྲན་པ་མེད་པར་གྱུར་པ་སྟེ། སེམས་ཀྱི་མཚན་མའོ།། དེ་ཡང་དེ་གཉིས་གཅིག་གིས་འཆི་བར་ཤེས་པར་བྱའོ།། ནམ་ཞེ་ནི་དགུན་ཟླ་འབྲིང་པོའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགུན་ཟླ་འབྲིང་པོའི་ཚེས་བཞི་ལ ་ལག་ཏཱཾ་གཟའ་ལྷག་དང་སྣར་མ་འཛོམ་པར་གྱུར་ན་དགོངས་མོ་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། སྣར་མ་ཞེས་བྱ་བ་ནི་པདྨ་ལས་བྱུང་བའི་ཕྱིར་རོ།། འཁྲིག་པ་ལས་སྐྱེས་པའི་མིའི་དུས་གསུངས་པ། དགུན་ཟླ་ཐ་ཆུངས་ཞེས་བྱ་བ་ལ་སོགས་པ་ལ ་མགོ་ཞེས་བྱ་བ་ནི་རི་རིགས་ཀྱི་མགོ་སྟེ་རི་དགས་ཀྱི་མགོ་ཞེས་བྱ་བར་གྲགས་པའོ།། འཁྲིག་པའི་མི་ཞེས་བྱ་བ་ནི་འཁྲིག་པ་ལས་སྐྱེས་པའི་ཞེས་བྱ་བ་ནི་ལྷག་མོ་ཡིན་ནོ།། ཀར་ཀ་ཊ་ལས་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་ར་བ་ཞེས་བྱ་བ་ལ ་སོགས་པ་སྟེ། ཀར་ཀ་ཌ་ཞེས་བྱ་བ་ནི་ཀཱར་ཀ་ཌཱ་ལས་སྐྱེས་པའི་མིའོ།། ལྕུག་མ་ནི་གོ་སླའོ།། སེངྒེ་ལས་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་འབྲིང་པོའི་གཉིས་ལྔ་ལ་ཞེས་བྱ་བ་ལ་སོགས་པ་ལ་གཉིས་ལྔ་ནི་བཅུ་སྟེ་དེའི་ཚེས་བཅུ་ལ་འཆི་བར་འགྱུར་རོ།། ་ཞེས་བྱ་བ་དང་སྦྱར་རོ།། གཞོན་ནུ་མ་ལ་སྐྱེས་པའི་དུས་གསུངས་པ། དཔྱིད་ཟླ་ཐ་ཆུང་ཞེས་བྱ་བ་ལ་སོགས་པ་སྟེ། བཅུ་གཉིས་ཞེས་བྱ་བ་ནི་ཚེས་བཅུ་གཉིས་ལའོ།། སྲང་ལས་སྐྱེས་པའི་དུས་གསུངས་པ། དབྱར་ཟླ་ར་བའི་ཞེས་བྱ་བ་ལ་སོགས་པ ་འདིར་ཡང་བཅུ་བཞི་ཞེས་བྱ་བ་ནི་ཆེས་ཡིན་ནོ།། གཞན་དག་ལ་ཡང་དེ་ལྟར་སྦྱར་བར་བྱའོ།། དབྱར་ཟླ་འབྲིང་པོ་ཞེས་བྱ་བ་ལ་སེགས་པ་ནི་སྡིག་པ་ལས་སྐྱེས་པའི་མའི་དུས་བསྟན་པ་ཡིན་ནོ།། དབྱར་ཟླ་བ་ཆུང་ཞེས་བྱ་བ་ལ་སོགས་པ་ནི་གཞུ་ལས་སྐྱེས་པའི ་དུས་བསྟན་པ་ཡིན་ཏེ། དེ་དག་ནི་གོ་སླའོ།། དེ་དག་ངེས་པར་ལྡན་གྱུར་ན་ཞེས་བྱ་བ་ནི་ཟླ་བ་དང་གཟའ་དང་སྐར་མ་རྣམས་ཏེ། དེ་རྣམས་ཇི་སྐད་སྨོས་པ་བཞིན་ལྡན་པར་གྱུར་ནའོ།། སྔོན་ཟླ་ར་བ་ཞེས་བྱ་བ་ལ་སོགས་པས་ནི་ཆུ་སྲིན་ལས་སྐྱེས་པའི་དུས ་བསྟན་ཏོ།། སྟོན་ཟླ་འབྲིང་པོ་ཞེས་བྱ་བ་ལ་སོགས་པས་ནི་བུམ་པ་ལས་སྐྱེས་པའི་དུས་བསྟན་པ་ཡིན་ཏེ། ངི་ལ་ཟད་པ་ཞེས་བྱ་བ་ནི་ཟད་པར་བྱས་པ་སྟེ་གཤིང་རྗེའོ།། འགྲོ་བྷི་འི་གྲོང་ཁྱེར་དུ་འགྲོ་བའོ།། ཡང་ན་ཟད་པ་ནི་ཚེ་ཟད་པའོ།། འགྲོ་བ་ནི་འཆི་བའི་དེ ་ཁོ་ན་ཉིད་དུ་འགྲོ་བའོ།། སྟོན་ཟླ་ཐ་ཆུང་ཞེས་བྱ་བ་ལ་སོགས་པས་ནི་ཉ་ལས་སྐྱེས་པའི་དུས་བསྟན་པ་ཡིན་ཏེ། དེ་དག་ཀྱང་གོ་སླའོ།། སྔོན་དུ་ཞེས་བྱ་བ་ལ་སོགས་པ་ལ། སྐྱ་དུས་ཞེས་བྱ་བ་ནི་ལུག་ལ་སོགས་པ་ལས་སྐྱེས་པའོ།། ཞི་དང་དྲག་པོའི་དཔྱད་པར ་བྱ་ཞེས་བྱ་བ་ནི་སྔོན་དུ་ཞེས་བྱ་བ་དང་སྦྱར་ཏེ། སྔོན་དུ་གཟའ་ལ་སོགས་པ་འཇིམ་པ་དང་རྩུབ་པའི་ཤེས་པར་བྱའོ།། ཚེ་དང་འཆི་དུས་ལས་ལ་སོགས་པ་ཞེས་བྱ་བ་ནི་ཇི་སྲིད་ཅིག་གནས་པར་འགྱུར་བའོ།། དེ་ནས་ཞེས་བྱ་བ་ནཽ་ལེགས་པར་ཤེས་ནས་སོ།། དེ་དག ་གིས་ནི་འདི་སྐད་དུ་མེ་ཏོག་བོར་བ་ལ་སོགས་པའི་ཆོ་ག་ཙམ་གྱིས་ཀྱང་འཇམ་པ་དང་རྩུབ་པའི་གཟའ་རྣམས་ཀྱི་བྱེ་བྲག་ཤེས་པར་བྱས་ལ། རོ་ཧི་ཏ་ལ་སོགས་པའི་བྱིས་པ་འདིས་ནི་འདྲི་སྲིད་ཅིག་འཚོ་བར་འགྱུར་རོ།། ཞེས་རིམ་པ་བཞིན་དུ་ལུང་བསྟན་པ་བྱ ་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བར་སྟོན་ཏོ།། ངེས་པར་འཆི་བ་ཚར་བཅད་པའི་དབང་དུ་བྱས་པ་བསྟན་པའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ངེས་པར་འཆི་བ་ནི་སྲོག་འདོར་བའོ།། ཚར་བཅད་པ་ནི་བདག་གི་དབང་དུ་བྱ་བ་སྟེ། ཐིག་ལེ་དང་སྒྲའི་རྣལ ་འབྱོར་རོ།། གཞུང་གང་དུ་དེ་ལྷག་པར་སྟོན་པ་དེ་ནི་ངེས་པར་འཆི་བར་ཚར་བཅད་པའི་དབང་དུ་བྱས་པའི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་གསུམ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ ་པར་བཤད་པའོ།། ། ད་ནི་ལྟས་ལ་སོགས་པའི་སྒོ་ནས་སྐྱེས་པོ་རྣམ་གཞུག་པར་བཞེད་ནས། རྩིས་ཀྱི་ལྡེའུ་གསུངས་པ། ལྟས་ཀྱི་མཚན་ཉིད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་ལ་ཨ་ལི་ཞེས་བྱ་བ་ལ་སོགས་པ་ནི་ཨ་ལ་སོགས་པའི་ཡི་གེའོ།། ཀཱ ་ལ་ནི་ཀ་ལ་སོགས་པའོ།། མཉམ་བྱས་ནི་མཚུངས་པར་བྱ་བ་སྟེ། ཇི་ལྟར་མཚུངས་པར་བྱ་ཞེ་ན། སྡེ་ཚན་དུ་ནི་སྡེབ་པར་བྱ་ཞེས་བྱ་བྱཱ་ལླ། སྡེ་ཚན་བརྒྱད་།། སྡེབ་པ་ནི་སྡེ་ཚན་སཽ་རེ་རེ་ཞིང་དང་པོ་དང་འོག་མ་ལ་སོགས་པ་མཐུན་པ་དགུ་དགུར་སྡེབ་པའི།། ་དེས་ཅི་ཞིག་ཅེ་ན་དབྱངས་དང་གསལ་བྱེད་དང་པོ་སྟེ་ཞེས་བྱ་བ་ལ་དབྱངས་ན་ཨ་ལ་སོགས་པའོ།། གསལ་བྱེད་ནི་ཀ་ལ་སོགས་པ་སྟེ། དེ་རྣམས་ཀྱི་སྡེ་ཚན་ལྔ་པོའི་ཡི་གེ་གང་དག་གི་མིང་གི་དང་པོར་གནས་པ་དེ་དག་ཕན་ཚུན་དུ་མཐུན་ཞིང ་འཕྲོང་བར་བལྟ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ཚ་ཤས་ལྡན་ལ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པའི་ཆ་ཤོས་ལ་གནས་པ་རྣམས་སོ།། སྙིང་སྟོབས་སྟོབས་ཅན་ཞེས་བྱ་ནི། འབད་ཅིང་བརྩོན་འགྲུས་བརྩམ་པར་བྱ་བ་སྟེ་མཐུན་པའི་ཕྱིར་རོ།། དེ ་ཉི་གསུངས་པ། དེའི་རིགས་སུ་ཤེས་པར་བྱ་ཞེས་བྱ་བ་སྟེ། སེམས་ཅན་དེ་དང་དེའི་མིང་གི་ཡི་གེ་མཐུན་པས་འཤེས་ས་ཅིག་པ་ཉིད་ཡིན་པ་དང་། དེ་བཞིན་དུ་ལྷ་དང་དེའི་སྒྲུབ་པ་པོ་དག་ཀྱང་སྡེ་ཚན་རྣམས་པར་དག་ཅིང་མཐུན་པར་བསྒྲུབ་པར་བྱ། ་བ་དང་། སྒྲུབ་པ་པོ་ཉིད་དུ་འོས་པར་དེའི་རིགས་ཞེས་བྱ་བ་འདིས་བསྟན་པ་ཡིན་ནོ།། སེམས་ཅན་དེ་དག་དེའི་མིང་གི་ཡི་གེ་མཐུན་གྱི་རིགས་མཐུན་པ་དེ་ཉིད་གསུངས་པ། མཐའ་ཡས་ལ་སོགས་པ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། ་དེ་དག་ཅེས་བྱ་བ་ནི་སྡེ་ཚན་དེ་དག་གོ།། ཡི་གེ་བཅུ་གཉིས་སྒྱུ་མ་ཆེ་ཞེས་བྱ་བ་ལ་སོགས་པ་ནི་རཱ་སི་ལ་སོགས་པའི་རྩིས་བསྟན་པ་ཡིན་ཏེ། ཡི་གེ་བཅུ་གཉིས་ནི་དབྱངས་ཀྱི་ཡི་གེ་བཅུ་གཉིས་སོ།། འཚོ་དང་དུས་ཀྱི་རང་བཞིན་བརྗོད་ཅེས ་བྱ་བ་ལ་འཚོ་བ་ནི་སྲོག་གོ། དུས་ནི་འཆི་བའོ།། དེ་དག་རཱ་སི་ཞེས་བྱ་བ་སྟྭཾ་ཞེས་བྱ་བ་ནི། ཡི་གེ་དེ་དག་ཉིད་རཱ་སིའི་གཟུགས་བརྩི་བའོ།། སྐར་མ་ཀུན་དང་ཡང་དག་ལྡན་ཞེས་བྱ་བ་ནི་དབྱངས་དེ་རྣམས་ཉིད་རྒྱུ་སྐར་རྣམས་ལ་ལོངས་སྤྱོད ་བཱ་ནང་གི་སྦྱོར་བས་བརྩི་བར་བྱའོ།། ཟླ་བ་ཉི་མ་བྱེ་བྱུག་གིས། དེ་བཞིན་འོག་དང་སྟོང་དུ་བལྟས་ཞེས་བྱ་པྲ་ལ་ཟླ་བ་དང་ཉི་མའི་བྱེ་བྲག་གི་ནི། ཟླ་བ་དང་ཉི་མ་རྒྱུ་བའི་ལྷག་པར་བྱས་པ་སྟེ། ཟླ་བ་ཡུར་ངོ་དང་མར་ངོ་།། འོག་དང་སྟེང་དུ་བལྟ་བ ་ནི་དབྱངས་དང་རཱ་སི་རྣམས་ཀྱི་རྒྱུ་བ་སྟེ། ཡར་ངོ་ལ་ནི་འོག་ཏུ་བལྟས་ལ། མར་ངོ་ལ་ནི་བཟློག་སྟེ་བོ་རྩི་བར་བྱའོ།། ནང་གི་ལ་ཡང་དབུགས་འཇུག་པ་ནི་འོག་ཏུ་བལྟ་བ་ཡིན་ལ་འབྱུང་བ་ནི་སྟེང་དུ་བལྟ་བ.རོ།། བརྟན་པ་ཉིད་དང་གཡོབ ་ཉིད་ཅེས་བྱ་བ་ལ་བརྟན་པ་དང་གསོ་བ་ནི་སེམས་རྣམས་པར་གཡོ་བར་དང་བརྟན་པ་སྟེ། བརྟན་པ་ལས་ནི་དགེ་བའི་མཚན་མ་ཤེས་པར་བྱས་ལ། གཡོ་བ་ལས་ནི་སྡིག་པའི་མཚན་མར་རོ།། དེ་ཉིད་ཀྱི་ཕྱིར ་གསུངས་པ། གཉིས་པོ་གཉིས་བརྗོད་པ་ཡིན་ཞེས་སོ།། རྐང་པ་དང་ནཱཾ་སྦྱར་བ་སྟེ་ཞེས་བྱ་བ་ལ་རྐང་པ་ནི་ཐུང་ངོ་།། སྦྱར་བ་ནི་རིང་པོ་སྟེ་དེ་ཉིད་ནི་ཡང་བ་དང་ལྕི་བ་ཞེས་ཀྱང་བྱའོ།། རྒྱལ་དང་འཕམ་ཞེས་བྱ་བ་ནི། ཤིས་པ་དང་མི་ཤྲཱིས ་རིང་པོ་ནི་མི་ཤིས་པའོ།། དེ་དག་གིས་བསྡུས་པའི་དོན་ནི་རྐང་ཨ་ལ་སོགས་པའི་ཡི་གེ་བཅུ་གུཉྫིས་དང་ལྡན་པའི་རེའུ་མིག་བཅུ་གཉིས་པའི་འཁོར་ལོ་ལ་མེ་ཏོག་ལ་སོགས་པ་ལས་བོར་བ་ལས་ཐུང་ངུ་རྣམས་ནི་ཤེས་ལ་རིང་པོ ་རྣམས་ནི་མི་ཤེས་པའོ་ཞེས་བྱ་བ་འདི་ཡིན་ནོ།། ཁྱད་པར་རྣམས་ནི་བཤད་ཟིན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། གཉིས་པོ་སྟེང་གི་རྒྱུ་ལ་བ་སྟེ་ཞེས་བྱ་བ་ལ་སོགས་པ་ལ་སྟེང་ནི་ཐུང་ངུའོ།། འོག་ནི་རང་བའོ།། འཆི་བ་ནི་ཉེ་བར ་མཚོན་པའོ།། ཡང་རཱ་སི་ལ་སོགས་པ་རྣམས་ཉི་མ་དང་ཟླ་བའི་བྱེ་བྲག་གིས་རྒྱུ་བའི་དབྱེ་བ་བསྟན་པའི་ཕྱིར། ཉི་མའི་རྒྱུ་བ་ཞེས་བྱ་བ་ལ་སོགས་པ་གསྟོངས་ཏེ། ཉི་མའི་རྒྱུ་བ་ནི་ཉི་མའི་འགྲོ་བའོ།། ཉི་མའི་ལ་ནི་གནས་ཏེ་འཆར་ཞེས ་བྱ་བ་ནི་ཉི་མའི་རྒྱུ་བའི་དབང་དུ་བྱས་པའོ།། རཱ་སི་རྒྱུ་བ་གསུམ་དུ་འདོད་ཅེས་བྱ་བ་ལ་གསུམ་ནི་གཟའ་དང་སྐར་མ་དང་སྦྱར་བ་སྟེ། ངོ་དག་རྒྱུ་བ་རཱ་སི་དབུགས་ཀྱི་རྒྱུ་བ་དང་རིམ་པ་བཞིན་དུ་སྦྱར་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དབུགས ་རྒྱུ་བ་ཡང་དག་ལྡན་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ལ་དབུགས་རྒྱུ་བ་ནི་སྒོའི་དབུགས་ཕྱི་ནང་དུ་གཏུལ་བའོ།། ཐམས་ཅད་ཅེས་བྱ་ད་ནི་གཟའ་དང་སྐར་མ་དང་སྦྱོར་བ་རྣམས་ཀྱི་ཤུགས་རྒྱུ་བའོ།། རཱ་སི་ཤེས་བྱ་ཞེས་བྱ་བ་ནི། རཱ་སི་དབུགས་ཀྱི ་ངོ་བོར་ཤེས་པར་བྱའོ།། ཟླ་བའི་རྒྱུ་བ་ལ་རཱ་སི་རྒྱུ་བ་གསུངས་པ། ཀར་ཀ་ཌ་ཞེས་བྱ་བ་ལ་སོགས་པ་ལ་གླང་པོའི་དགྲ་ཞེས་བྱ་བ་ནི་སིངྒེའོ།། ཆ་ཤས་དྲུག་ཅེས་བྱ་བ་ནི་ཟླ་བའི་ཆ་ཤས་དྲུག་གོ།། གཟའ་ཡིས་བསྐུལ་ནས་འཆར་བར་འགྱུར་ཞེས ་བྱ་བ་ནི། གཟའ་རྣམ་ཟླ་བ་དང་ཡང་དག་པར་ལྡན་པའོ།། ཆུ་སྐྱེས་ཞེས་བྱ་བ་ནི་ཆུ་སྲིན་ནོ།། ཟུང་ངུ་སྤྲོད་པ་ཞེས་བྱ་བ་ནི་འཁྲིག་པའོ།། ཆ་ཤཱས་ལྔ་དང་བཞི་ཞེས་བྱ་བ་ཡང་ཟླ་བ་ཡིན་ཏེ། དེ་ལྟར་ན་ཟླ་བའི་རི་མོ་གསལ་བ་ཆ་ཤས་བཅོ་ལྔ་ད་། རཱ་སི ་བཅུ་གཉིས་ཀྱི་རྒྱུ་བ་སྦྱར་བ་ཡིན་ནོ།། དེ་ལ་ཉི་མའི་རྒྱུ་བ་ནི་ཟླ་བ་མར་ངོའོ།། ཟླ་བའི་རྒྱུ་བ་ནི་ཡར་ངོའོ།། དེ་བཞིན་དབུགས་ཕྱིར་རྒྱུ་བ་ནི་ཉི་མའི་རྒྱུ་བའོ།། ནང་དུ་འཇུག་པ་ནི་ཟླ་བའི་རྒྱུ་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྔ་མ་བཞིན་དུ་འཆར ་བར་འགྱུར་ཞེས་སོ།། ང་ནི་གཟུའ་ལ་སོགས་པ་འཆར་བའི་ལྟས་བརྩི་བ་གསུངས་པ་སླར་ཡང་ཞེས་བྱ་བ་ལ་སོགས་པ་ལ། འབྲས་བུའི་མིང་དང་ལྡན་པར་བྱ་ཞེས་བྱ་བ་ནི། འབྲས་བུ་འམ་མེ་ཏོག་གི་མིང་གིདོན་ཞིང་གཟུང་བར ་བྱ་སྟེ། འབྲས་བུ་དང་མེ་ཏོག་གི་མིང་གི་ཡི་གེ་དང་། བསྒྲུབ་པར་བྱ་བ་དང་། སྒྲུབ་པ་པོའི་མིང་གི་ཡི་གེ་རྣམས་གལ་ཏེ་སྡེ་ཚན་གཅིག་ཏུ་གྱུར་ན། དེའི་ཚེ་མཚན་མ་དགེ་བ་ཡིན་ལ། གཞན་དུ་ན་རཾ་ལས་བཟློག་པར ་བལྟ་བར་བྱའོ།། ཡང་རྣམ་པ་གཞན་གསུངས་པ། ལྟས་ཆེན་འབྱུང་བ་མཉན་པར་གྱིས་ཞེས་བྱ་བ་ལ་སོགས་པ་སྟེ། ནག་མོ་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཉི་ཤུ་རྩ་བཞི་ཞེས་བྱ་བ་ནི་སྔར་བསྟན་པ་ལྟར ་ཟླ་བ་གཅིག་ལ་ཆོས་ཉི་ཤུ་རྩ་བཞིར་བྱེ་བའི་མིང་གིས་ལྷ་མོ་ཉི་ཤུ་རྩ་བཞིའི་མིང་གཟུང་ཞིང་བརྩི་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཉིས་འགྱུར་དུ་ནི་བྱས་ནས་སུ་ཞེས་བྱ་བ་ལ་སོགས་པ་སྟེ། ཉིས་འགྱུར་ནི་གཉིས་བསྒྱུར་ཏེ་བཾ ་བའོ།། ཅི་ཞིག་ཅེ་ན། དབང་པོའི་ཆ་སྟེ་དབང་པོ་དྲུག་གཉིསུ་བསྒྱུར་བས་བཅུ་གཉིས་ཡིན་ནོ།། དེ་དག་གིས་ནི་ཟླ་བ་ཡང་ངོ་མར་ངོ་ལ་ཉི་མ་བཅུ་གཉིས་བཅུ་གཉིསུ་སྟོན་པ་ཡིན་ནོ།། ལྷས་ནི་ལྷག་མ་གཟུང་ནས་སུ་ཞེ་ས་བྱ་བ་ནི ་རི་མོ་ཐ་མ་མ་མོ་གང་གི་མིང་ཡིན་པ་དེས་བརྩི་བ་སྟེ། དེ་དག་གི་སཱ་དོན་ནི་འདི་ལྟར་ཐོད་ལེ་ཀོར་ལ་རྐང་པ་བརྨང་བ་ལ་སོགས་པའི་སྔགས་མངོན་པར་བཟླས་ནས་དང་སྦྱར་བསྟན་བསྟན་པ་ལྟར་གླང་གི་གཙྪིན་རྗེས་ལཱ་ཛྷའི ་མོ་ཅི་ཙམ་གྱིས་འདོད་པར་བྲིས་ལ། དེའི་རི་མོ་ཐ་མ་ནས་བརྩམས་ཏེ། རི་མོ་འབུར་བ་རྣམས་རི་མོ་དང་པོའི་བར་དུ་ཕྱོགས་ཅིག་ཅེ་ན་བརྩི་བར་བྱ་སྟེ། རྩིས་ཀྱི་ཐ་མ་རི་ནི་མོའི་དང་པོ་རྣལ་འབྱོར་མ་གང་ལ་འབབ་པཱ་དེའི་སྐྱོན་དང་ཡོན་ཏན ་དུ་འགྱུར་རོ་ཞེས་བྱ་བ་འདི་ཡིན་ནོ།། ལྷག་མ་ནི་གོ་སླའོ།། ལུས་ལ་གནས་པའི་དབུགས་དང་ནི་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་བསྡུ་བ་ཡིན་ནོ།། འདི་དག་གིས་ནི་མེ་ཏོག་དང་འབྲས་བུ་དང་དབྱིངས་ལ་སོགས་པའི་མིང་གཟུགས་པའི་རྩིས ་ཀྱིས་སོ་སོར་འབྲས་བུ་རྟོགས་པ་བསྟན་པ་ཡིན་ནོ།། གཟཊ་རྣམས་དང་ལྟས་ཀྱི་རྒྱུ་བ་དང་མིང་དང་སྡེ་ཚན་གྱི་ཆོ་གས་རིམ་པ་བྱེ་བ་ཞེས་བྱ་བ་ལ། ར་སའི་རྒྱུ་བ་གང་གིས་གཟའ་དང་ལྟས་རྣམས་རྒྱུ་བ་ང་ནི་གཟའ་དང་ལྟས་ཀྱི་རྒྱུ་བ་དང་། མིང་ཞེས་། ་བ་ནི་གསལ་བར་བྱས་པའོ།། དེ་ཅི་ཞིག་ཅ་ན་སྡེ་མཚན་གྱི་ཆོ་ག་སྟེ། དགུ་སྡེ་རྣམ་པ་ལྔ་བྱས་པའོ།། དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བོ་སྟེ་ཉི་ཤུ་རྩ་བཞི་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལོ ་ཉི་ཤུ་རྩ་བཞིའི་རྣམ་པར་བཤད་པའོ།། །། ད་ནི་རྒྱུ་སྐར་དང་གཟའ་རྣམས་འཆར་བའི་ལེའུ་གསུངས་པ། ད་ནི་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་རྒྱུ་བ་ཞེས་བྱ་བ་ནི་གཟའ་ཉི་མའི་རྒྱུ་བའོ།། ཉིན་མོ་ནི་ཞེས་བྱ་བ་ནི་ཚེས་རྣམས་ལའོ།། ཐུན་ཕྱེད་ལྔ ་དང་བདུན་པ་ལ་ཞེས་བྱ་བ་ནི། ཉིན་མོ་དང་མཚན་མོའོ་ཐུན་ཕྱེད་པ་བརྒྱད་བརྒྱུད་དུ་གནས་པ་ལས། ཐུན་ཕྱེད་པ་ལྔ་པ་དང་བདུན་པ་ལ་གཟའ་ཉི་མ་རྒྱུ་བཱི་དེའི་དུས་སུ་བྱ་བ་ཅི་ཡང་མི་འགྲུབ་བོ་ཞེས་སྦྱར་བར་བྱས་ཏེ། བྱ་བ་མི་འགྲུབ་ཅིང་འཇོམས ་འགྱུརརོ་ཞེས་བྱ་བའི་དོན་ཏོ།། ལྔ་པ་ཞེས་བྱ་བ་ནི་ལྔ་པ་སྟེ། པའི་སྒྲ་མི་མངོན་པར་བྱས་པ་ཡིན་ནོ།། རྩིས་འདིས་ཀུནྡ་ལ་བསྒྲེ་བར་བྱའོ།། ཟླ་བ་ཡིནི་བཞི་དང་དྲུག་ཅེས་བྱ་བ་ནི་ཐུན་ཕྱེད་པ་བཞི་པོ་དང་དྲུག་པ་སྟེ། གཟའ་ཟླ་བའི་རྒྱུ་བ་དེང་གདོན ་མི་ཟ་བར་འཇོམས་འགྱུར་ཞེས་བྱ་བར་སྦྱར་ཏེ། དུས་ཀྱི་རང་བཞིན་ཅན་ཞེས་བྱ་བའི་བར་དུའོ།། གསུམ་པ་དང་ལྔ་པ་ནི་མིག་དམར་གྱིའོ།། གཉིས་པ་དང་བཞི་པ་ནི་གཟའ་ལྕག་གིའོ།། བླ་མ་ཞེས་བྱ་བ་ནི་ཕུར་བུ་སྟེ། དེའི་དང་བཾ་དང་གཽ་སུམ་པའོ།། ་ངན་སྤོང་ཞེས་བྱ་བ་ནི་བསང་སོ།། དེའི་ནི་གཉིས་པ་དང་བདུན་པ་སྟེ། ཤེས་པར་བྱ་ཞེས་བྱ་བ་དང་འཆི་བ་ཉིད་དུ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ།། དང་པོ་དང་དྲུག་པ་ནི་ངལ་བ་ནི་སྤེན་པའོ།། དེ་དག་ལས་བཟློག་པའི་ཐུན་ཕྱེང ་པ་རྣམས་ནི་བྱ་བ་རྣམས་ལ་ཤིང་པ་ཡིན་ནོ།། ཁ་ཅིག་ནི་སྐྱེ་བའི་གནས་དུས་སུ་གཟའ་དེ་རྣམས་ལ་སྐྱེས་པོ་དེ་རྣམས་ཀྱི་འཆི་བའི་དུས་བསྟན་པ་ཡིན་ནོ།། ཞེས་ཟེར་རོ།། རིགས་འཆར་བ་ཞེས་བྱ་བ་ནི་འཆི་བའི་དུས་ལ་བབ་པའོ།། དེ་དག ་གི་དུས་ནི་ཡོངསུ་འཆད་པར་བསྟན་ཞེས་བྱ་བ་ལ་དེ་དག་ནི་གཟའ་ང་རྣམས་ཏེ། དེ་རྣམས་ཀྱི་འཆར་བའི་དུས་ཀྱི་ཡོངསུ་འཆད་པ་སྟེ། ངེས་པ་བསྟན་པ་ཡིན་ནོ།། དེ་དག་ཐུན་མོང་མཚན་ཉིད་དོ་ཞེས་བྱ་བ་ནི། འཆི་བའི་དུས་ལ་སོགས་པ ་སྔར་བསྟན་པ་དེ་དག་རྣལ་འབྱོར་པ་རྣམས་དང་།། སོ་སོའི་སྐྱེ་བོ་ཐ་མལ་པ་རྣམས་ཀྱི་ཐུར་མོང་བ་ཡིན་ནོ།། རྣལ་འབྱོར་པ་ཡི་གཞན་བཤད་ཉོན་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་ཐུན་མོང་མི་ཡིན་པའི་འཆི་བའི་དུས་ཀྱི་མཚན ་མའོ།། དེ་ཉིད་གསུངས་པ། ལྔ་ནས་ཉི་ཤུ་ལྔའི་བར་འདི་དག་གི་བརྗོད་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། ལྡནས་ཞེས་བྱ་བ་ལ་སོགས་པ་འདྲིའི་དོན་སྔར་ལེའུ་ཉི་ཤུ་བར་ཉི་མ་དྲུག་ལ་སོགས་པའི་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བའི་དུས་བསྟན ་པའི་ལྷག་མར་གྱུར་པ་ལྔ་པ་དང་བཅུ་པ་དང་བཅོ་ལྔ་པ་དང་ཉི་ཤུ་པ་དང་ཉི་ཤུ་རྩ་ལྔའི་བར་དུ་རྣམ་པ་ལྔར་སྦལ་བའི་དུས་བཤད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ལྔ་ཞེས་བྱ་བ་ལ་སོགས་པ་འདི་དག་ཀྱང་། པའི་སྒྲ་མི་མངོན་པར་བྱས་པ་ཡིནོ།། ། ་དེ་ལས་བཅུ་གསུམ་གསུམ་གྱི་བར་དུ་རེ་རེ་ཞིང་སྤེལ་བར་བྱ་ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་ཉི་ཤུ་རྩ་ལྔའི་ལས་གོང་དུ་གྱུར་པའོ།། བཅུ་གསུམ་ཞེས་བྱ་བ་ནི་བཅུ་ཕྲག་གསུམ་སྟེ་སུམ་ཅུའོ།། གསུམ་ཞེས་བྱ་བ་ནི་གྲངས་ལྷག་པ ་གསུམ་མོ།། རེ་རེ་སྤེལ་ཞིང་བྱ་བ་ནི་ཉི་མ་ཉི་ཤུ་རྩ་དྲུག་ནས་སུམ་ཅུ་རྩ་གསུམ་གྱི་བར་དུ་རེ་རེ་ཞིང་སྤེལ་བར་བྱའི།། སྔ་མ་ལྟར་ནི་མ་ཡིན་ནོ།། དེ་ལྟར་ཉི་མ་དྲུག་པ་དང་། བདུན་པ་དང་། བརྒྱད་པ་དང་། དགུ་པ་དང་། བཅུ་པ་དང་། བཅུ ་གཅིག་པ་དང་བཅུ་གཉིས་པ་དང་། བཅུ་གསུམ་པ་དང་། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཅུ་དྲུག་པ་དང་། བཅུ་བདུན་པ་དང་། བཅོ་བརྒྱད་པ་དང་། བཅུ་དགུ་པ་དང་། ཉི་ཤུ་རྩེ་གཅིག་པ་དང་། རྩ་གཉིས་པ་དང་། རྩ་གསུམ་པ་དང་། ་རྩ་བཞི་པ་སྟེ། བར་བར་གྱི་ཉི་མ་རྣམས་མ་གཏོགས་པ་ལྔ་ནས་ཉི་ཤུ་རྩ་ལྔའི་བར་དུ་ལྔ་ལྟར་སྤེལ་བའི་ཚིག་རྣམས་དང་ཉི་ཤུ་རྩ་དྲུག་ལ་སོགས་པར་སྤེལ་ནས་བརྗོད་པར་བྱ་ཞེས་བྱ་བའི་དོན་ཏོ།། དཀུན་ཟླ་ཐ་ཆུང་ཉི་མ་ལ། མཚུངས ་གསུམ་མིག་གི་ཟླ་བ་དྲུག་ཅེས་བྱ་བ་ལ་དགུན་ཟླ་ཐ་ཆུང་ཉི་མ་ལ་ཞེས་བྱ་བ་ནི། སྣ་དྲོའི་ཆུ་ཚོད་གསུམ་ལ་ཏེ། འཕེལ་བའི་ཆ་ཤས་ཞེས་བྱ་བའི་དོན་ཏོ།། མཚུངས་ཞེས་བྱ་བ་ནི་སྔར་ཉི་མ་དྲུག་ལ་སོགས་པ་བོར་བ་ལ་འཕེལ་བའི་དུསུ ་བརྩི་བ་ལྟར་འདིར་ཡང་བརྩི་བར་བྱ། ཁ་ཅིག་ནི་མཚུངས་ཞེས་བྱ་བ་ནི་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བའི་བྱེ་བྲག་གིས་ལོ་ལ་སོགས་པ་བྲི་བ་སྟེ། མཐུན་པར་སྤེལ་ཞིང་དབྲི་བར་བྱའོ་ཞེས་ཟེར་རོ།། མིག་ཅེས་བྱ་བ་ནི་གཉིས་སོ།། ཟླ་བ་ཞེས་བྱ་བ་ནི ་གཅིག་སྟེ། དེ་ལྟར་ན་ཉི་མ་ལྔ་དང་བཅུ་དང་བཅོ་ལྔའི་རླུང་བཟློག་སྟེ་རྒྱུ་བ་ན་ལོ་གསུམ་དང་གཉིས་དང་གཅིག་ཏུ་འཚོ་བ་ཡིན་ཏེ་ཞེས་བྱ་བ་དང་སྦྱར་རོ།། གསུམ་ཟུང་ཟླ་སཱ་ལྷག་ཆེས་ཕྱོགས་མདའ་ཡོན་ཏན་བྷིན་ཁེ་ཞེས་བྱ་བ་ལ་ཟུང ་ནི་གཉིས་སོ།། ཟླ་བ་ནི་གཅིག་སྟེ་ཅི་ཞིག་ཅེ་ན། ཟླ་བའི་གྲངསོ།། དེས་ན་ཞག་ཉི་ཤུ་པ་དང་ཉི་ཤུ་ལྔ་པ་དང་དྲུག་པ་དང་བདུན་པའི་བར་དུ་ཕྱིན་ཅི་ལོག་ཏུ་རྒྱུ་བ་བ་ན་ཟླ་བ་དྲུག་དང་། གསུམ་དང་གཉིས་དང་གཅིག་ཏུ་འཚེ་བའོ།། ལྷག་ཅེས་པ ་ལྷག་མ་སྟེ་ལྷག་པ་ཞག་གྲངས་སོ།། ཡང་ན་ཉི་མ་ཉི་ཤུ་བརྒྱད་པ་ལ་སོགས་པར་རླུང་ཕྱིན་ཅི་ལོག་ཏུ་རྒྱུ་བ་ནི་ལྷག་མ་སྟེ་དེ་དག་གིས་འཚོ་བའི་དུས་ནི་ཚེས་ལ་སོགས་པའོ།། ཆོས་ནི་ཞག་བཅོ་ལྔའོ།། ཕྱོགས་ནི་བཅུའོ།། མངའ་ནི་ལྔ ་ཡོན་ཏན་ནི་སྙིང་སྟོབས་དང་རྡུལ་དང་མུན་པ་སྟེ་གསུམ་མོ།། ཐིག་ལེ་ནི་ཉི་མ་གཉིས་དང་ཡང་གཅིག་གོ།། བར་བར་གྱི་ཉི་མ་མདོ་ཙམ་དུ་བསྟན་པའི་ཕྱིར་ལྔ་ལས་བཅུའི་བར་དང་། དེ་བཞིན་དུ་བཅུ་ལས་བཅུའི་ནི་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། ལྔ་ནས་བཅུའི་བར་ཞེས་བྱ་བ་ནི་སྦྱར་བྱ་ཞེས་བྱ་བ་ནི་དང་སྦྱར་ཏེ། སྔར་བཤད་པ་བཞིན་དུ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ།། དེ་ལ་ལྔ་ནས་བཅུའི་བར་ཞེས་བྱ་བ་ནི་ཉི་མ་དྲུག་པ་དང་བདུན་པ་དང་བརྒྱད་པ་དང་དགུ་པ་རྣམསོ།། ་བཅུ་ནས་བཅོ་ལྔའི་བར་ཞེས་བྱ་བ་ནི་དེ་བཞིན་དུ་བཅུ་གཅིག་པ་དང་བཅུ་གཉིས་པ་དང་བཅུ་གསུམ་པ་དང་། བཅུ་བཞི་པ་རྣམས་ཏེ་དེ་ལྟར་ལྷག་མ་རྣམས་ཀྱང་སྦྱར་བར་བྱའོ།། ཟླ་བའི་གནས་སྐབས་གསུངས་པ། དེ་ནས་ཞེས་བྱ་བ ་ལ་སོགས་པ་སྟེ་སྒྲུབ་པ་པོས་ཤེས་པར་བྱ་བའི་ཕྱིར། བཤང་བར་བྱ་ཞེས་བྱ་བ་དང་སྦྱར་རོ།། ཅི་ཞིག་ཅེ་ན། གནས་སྐྱབས་འགྱུར་བ་སྟེ། ཟླ་བའི་ཞེས་བྱ་བ་འོག་ནས་འབྱུང་བ་དང་སྦྱར་རོ།། དང་པོ་སྐར་མ་བགྲང་བརླ་བ་ཞེས་བྱ་བ་ནི ་དེའི་དུས་ཀྱི་སྐུར་མ་གང་ལ་ཟླ་བ་གནས་པའི་རྩིས་བྱས་ལ། ཟླ་བ་དེའི་ཆུ་ཚོད་དག་གིས་གྲངས་ཇི་སྙེད་པ་དེ་སྙེད་ཀྱི་རི་མོ་བྲི་བའོ།། ཉི་མ་ཡིས་ནི་ཆུ་ཚོད་དག་ཅེས་བྱ་བ་ནི་ཞག་གང་ལ་སྐྱེས་པའི་དུས་ནས་གཟུང་སྟེ། ཞག་གཽ་དང ་པོའི་བར་དུ་ཆུ་ཚོད་ཇི་སྙེད་པ་དེ་སྙེད་ཀྱི་མཚན་མ་བྷི་བའོ།། ཟླ་བའི་གནས་སྐབས་རྒྱུ་ཡི་ཕྱིར་ཞེས་བྱ་བ་ནི་ཟླ་བའི་གནས་སྐབས་ཀྱི་མཚན་ཉིད་རྟོགས་པར་བྱ་བའི་ཕྱིར་རོ།། ཡང་ན་ང་ངོ་བོར་ཞེས་བྱ་བ་ནི། ཐོག་མ་ཉིད་དུ་སྟེ་ཐོག་མ ་ཉིད་དུ་ཟླ་བའི་ཆུ་ཚོད་བྲིས་ལ། དེའི་འོག་ཏུ་ཉི་མ་ཇི་སྙེད་འདས་པའི་ཆུ་ཚེད་ཀྵི་རི་མོ་བྲི་བའོ།། ད་ནི་དྲུག་ཅུར་བསྒྱུར་བར་བྱ་ཞེས་བྱ་བ་ནི་མཚན་མཱ་གཉིས་ཀྱི་གྲངས་ཇི་སྐད་བ་ད་དྲུག་ཏུ་འགྱུར་དུ་སྦྲེལ་བའོ།། སླར་ཡང་ཉི་ཚོང་ཟླ་བ་བསྐུ ་ཞེས་བྱ་བ་ལ་ཉི་མཆོད་དང་ཟླ་བ་ནི་རྩིས་བྱེད་པའི་དུས་ཀྱི་ཟླ་བ་ཆུ་ཚོ་དེ་ཇི་སྙེད་ཡོད་པ་དང་དེའི་ཉིན་མོ་ཞག་གི་དང་པོའི་བར་དུ་ཆུ་ཚོད་ཇི་སྙེད་ཅིག་འདས་པའི་མཚུན་མ་དེ་གཉིས་བསྣན་པར་བྱའོ།། དྲུག་ཅུ་རུ་ནི་བསྒྱུར་བྱས་ལ་ཞེས ་བྱ་བ་ནི། དེ་དག་ཐམས་ཅད་གཅིག་ཏུ་བཟླུམས་ནས་སླར་ཡང་དྲུག་ཅུ་འགྱུར་དུ་སྤེལ་བའོ།། མངའ་དང་བསྲེས་བྱེད་རོ་ཡི་ནི། དབང་པོར་བཅས་པས་དེ་བཞིན་བཅང་ཅེས་བྱ་བ་ནི་དེའི་འོག་ཏུ་སླར་དབྲི་བར་སྟོན་པ་ཡིན་ནོ།། དེ ་ལ་མངའ་ཞེས་བྱ་བ་ནི་ལྔའོ།། སྲེད་བྱེད་ནི་གསུམ་མོ།། རོའི་དབང་པོ་ནི་གཅིག་སྟེ། དེ་ལྟར་ན་དང་པོ་གྲངས་དགུ་དགུར་དབྲི་བའོ།། བཅུ་གཉིས་དག་གཱི་ནང་ནས་ནི་ཞེས་བྱ་བ་ནཱི་དེའི་འོག་ཏུ་ཡང་བཅུ་གཉིས་བཅུ་གཉིས་པཛྲ ་པའོ།། ལྷག་མའི་ཆ་ཤས་གཟུང་བར་བྱ་ཞེས་བྱ་བ་ནི་ད་ལྟར་བྲི་བ་ལས། གང་ཞིག་ལྷག་པར་གྱུར་པའི་ཆ་ཤས་ཐ་མ་གཅིག་ནས་བརྩམས་ཏེ། བཅུ་གཉིས་ཀྱི་བར་དུ་ལྷག་མ་གང་ཡིན་པ་དེ་གཟུང་ལ་བརྟག་པར་བྱའོ།། ཉིན་དང ་མཚན་གྱི་སྦྱོར་བ་ཞེས་བྱ་བ་ནི་ཉིན་མཚོན་གྱི་ཆུ་ཚོད་ཇི་སྙེད་པ་རྣམས་ཀྱིའོ།། དང་པོ་ཟླ་བ་རབ་གནས་པ་ཞེས་བྱ་བ་ནི་ཟླ་བའི་ཆུ་ཚོད་དེ་དག་ལས་ལྷག་མའི་ཆ་ཤས་གལ་ཏེ་གྲངས་པའི་སུས་པར་གྱུར་བ་ནི་ག་ས་ཨརྦྦ་ཧྲཱིཿ(་ནཱ་ཏུང ་དེདེའི་བྱ་བ་རྣམས་ཉམས་ཤིང་མི་འགྲུབ་ལ་གནས་སྐབས་ངན་པར་བགྲང་བའོ།། གཉིས་པ་བཀྲ་ཤིས་པ་སྟྭཾ། ཞེས་བྱ་བ་ལི་གཉིས་པ་ནི་ལྷག་མར་གྱུར་པའི་ཆ་ཤས་ཀྱི་རི་མོའོ།། གཉིས་ཤིག་ལུས་པ་སྟེ། དེ་ནི་སྒྲུབ་པ་པོ་ལ ་ཤེས་བྱར་བྱེད་པའི་ཕྱིར་བཀྲིས་ཡིན་ནོ།། གསུམ་པ་འཆི་སྟེ་གསོད་པར་འགྱུར་ཞེས་བྱ་བ་ལ། ལྷག་མ་ནི་ཆ་ཤས་གསུམ་ལུས་པ་ནི་སྒྲུབ་པ་པོ་གསོད་ཅིང་འཆི་བར་འགྱུར་བ་ཡིན་ནོ།། བཞི་པ་དགོད་དེ་ཚིམ་པར་བྱེད་ཅེས་བྱ་བ ་ཚོང་རྩི་ནའོར་མི་ལྷག་པས་ནི་བན་པ་སྟོན་ཏེ། ངས་ན་དགོང་པ་དང་ཚོས་ནིང་ཚིམ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། ཡང་ན་རི་བ་གནས་པ་ཞེས་བྱ་བ་དང་། བཀྲི་ཤིས་ཞེས་བྱ་བ་དང་། འཚེ་བྱིད་ཅེས་བྱ་བ་དོག་། དགོ ་ཞེས་བྱ་བ་ལ་སོགས་པ་འདི་དག་ནི་ཟླ་བ་བཅུ་གཉིས་ཀྱི་མིང་ཡིན་ཏེ། ཟླ་བ་དེ་དག་ཉིད་ཆུ་ཚོད་ཀྱི་རི་མོ་གཅིག་དང་གཉིས་དང་གསུམ་དང་བཞི་ལ་སོགས་པའི་ལྷག་མ་ལུས་པ་ལས་སྐྱིད་སྡུག་གྲི་གནས་སྐབས་སྟོན་པ་ཡིན་ནོ།། ལུག་ལ ་སོགས་པ་བསྟན་པ་ཡིས། ཟླ་བ་རིམ་པ་བཞིན་དུ་རྒྱུ་ཞེས་བྱ་བ་ནི་ཟླ་བ་དག་གི་ཆུ་ཚོད་ཀྱི་གྲངས་ནི་ལུག་ལ་སོགས་པའི་རཱ་སི་ཆུ་ཚོད་ཀྱི་གྲངས་ཀྱིས་ཤེས་པར་བྱའོ།། ཐམས་ཅད་རྒྱུ་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ཐམས་ཅད་ནི་ག ་ཟླ་བ་ལ་སོགས་པའོ།། དེ་རྣམས་ཀྱི་རྒྱུ་བ་ནི་འབྱུང་བའོ།། གཞུང་གང་ལས་ཐམས་ཅད་ཀྱི་འབྱུང་བསྟོན་པ་དེ་ནི་རིམ་པར་ཕྱེ་བ་སྟེ་ཉི་ཤུ་ལྔ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི ་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། ། ད་ནི་དུས་རྣམས་ཀྱི་རང་བཞིན་གསལ་བར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཆོད་ཅིང་ཞེས་བྱ་བ་ནི་གེར་ལ་སོགས་པའི་མཆོད་པའོ།། སྦྲང་ཤོང་འཁོར ་ལོ་ཞེས་བྱ་བ་ནི་དབུས་ཀྱི་འཁོར་ལོའོ།། དེ་རྣམས་ཞེས་བྱ་བ་ནི་དབུགས་རྣམས་ཀྱིའོ།། དུས་ཀྱི་གྲོངས་ནི་ཇི་བཞིན་གསུངས་ཞེས་བྱ་བ་ལ། དུས་ནི་མིག་བཙུམས་པ་ལ་སོགས་པའོ།། རྒྱུ་བ་ཡི་ནི་ཁྱད་པར་དག་ཅེས་བྱ་བུ་ནི་དུས ་རྣམས་འཆར་བའི་བྱེ་བྲག་གོ།། དུས་ཀྱི་བགྲང་བ་ལུས་མེད་ཅིང་ཞེས་བྱ་བ་ལ་དུས་ཞེས་བྱ་བ་ནི་དངོས་པོ་རྣམས་ཀྱི་གནས་སྐབས་སོ།། བགྲང་བ་ཞེས་བྱ་བ་ནི་གནས་སྐབས་ཀྱི་ཁྱད་པར་ཏེ། སྐྱེ་བ་དང་གནས་པ་དང་འཚོ་བའོ།། ལུས ་མེད་པ་ཞེས་བྱ་བ་ནི་དེ་དག་ལུས་ཅན་ལས་གུད་དུ་མིག་ལ་སོགས་པས་མི་དམིགས་པའི་ཕྱིར་རོ།། ཡང་ན་བགྲང་བ་ནི་དངོས་པོ་རྣམས་ཀྱི་གནས་སྐབས་ཡིན་ལ། དུས་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཡིན་ཏེ་འཆི་བར་འགྱུར་བའོ།། ། ་དེ་ལྟར་ཡང་གསུངས་པ། མངའ་ནི་བརྒྱ་སྙེད་བསྣུན་གྱུར་ཀྱང་།། དུས་ལ་མ་བབ་འཆི་མི་འགྱུར།། རྩ་རྩེ་རེག་པ་ཙམ་གྱིས་ཀྱང་། དུས་ལ་བབ་ན་འཆི་བར་འགྱུར་ཞེས་སོ།། དུས་ལ་བབ་པ་དེ་ཡང་གནས་པའི་མཐུན་པའི་རྐྱེན་ཟད་པ ་དང་། འགལ་བའི་རྐྱེན་ཉེ་བར་གནས་པ་ལས་སོ།། འགལ་བའི་རྐྱེན་ཉེ་བར་གནས་པས་ཀྱང་མཐུན་པའི་རྐྱེན་ལ་གནོད་པར་བྱེད་པ་ཡིན་ཏེ། ཡང་དག་པོར་ན་རྒྱུ་ཟད་པ་ཉིད་ཀྱིས་འཆི་བར་ཤེས་པར་བྱའོ།། དེ་ཡང་གསུངས་པ། ་རྒྱུ་ཟད་པ་ཡིས་ཤི་བ་ནི། ཟད་ཅེས་བྱ་བར་བརྗོད་པ་སྟེ། རང་བཞིན་གྱིས་ནི་གང་མ་ཟད།། དེ་ཡི་ཟད་པ་ཇི་ལྟར་བརྗོད་ཅེསོ།། དེ་ལ་མཐུན་པའི་རྒྱུ་ནི་མཐུན་པའི་ཁ་ཟས་ལ་སོགས་པའོ།། མི་ཐུན་པའི་རྐྱེན་ཉེ་བར་གནས་པའི ་རླུང་དང་མཁྲིས་པ་དང་བད་ཀན་དང་། འདུ་བ་ལ་སོགས་པའི་ཕྱིར་ནང་གི་ནད་བཞི་འཁྲུངས་པ་དང་། བདག་དང་གཞན་གྱི་སྲོག་འཇོམས་པར་བྱེད་པའི་རྩོལ་བར་བྱེད་པའོ།། དེ་ལ་རང་གི་རྩོལ་བ་ནི་འགག་པ་དང་། མ་དང་ཆུར་མཆོད་པ ་དང་དུག་ཟ་བ་ལ་སོགས་པའོ།། གཞན་གྱི་རྩོལ་བ་ནི་སྟག་དང་སྦྲུལ་ལ་སོགས་པའི་སེམས་ཅན་གྱི་གནོད་པ་དང་། ཕྱི་རོལ་གྱི་མཚོན་ཆ་ལ་སོགས་པས་བཅོམ་བའོ།། དེ་དག་གིས་འཚོ་བའི་ཉེ་བར་ལེན་པའི་རྒྱུ་ལ ་གནོད་པ་བྱས་པ་མར་ཟད་པའི་མར་མེ་བཞིན་དུ་འཆི་བར་ཤེས་པར་བྱའོ།། དེ་ཡང་འཆི་བ་ཞེས་བྱ་བ་ནི་སྲོག་ཆགས་རྣམས་ཀྱི་རྒྱུན་མི་རྟག་པ་མི་བརྟན་པ་ཡིན་ཏེ། གཞན་དུ་འདུས་བྱས་ཐམས་ཅད་ལ་ཁྱབ་པར་བསྟན་པའི་ཕྱིར། ཐམས ་ཅད་དུ་ནི་ཐམས་ཅད་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ན་མཁའ་ཁྱབ་པ་ཐམས་ཅད་དུ་དུས་ཀུན་ཏུ་གནས་པའོ།། དངོས་པོ་ཀུན་ལ་ཁྱབ་པ་སྟེ། ཞེས་བྱ་བ་ནི་རྫས་ཐམས་ཅད་ལ་ཁྱབ་པོ་སྟེ། འདི་ལྟར་ཤིང་བུ་དང་བུམ་པ་ལ ་སོགས་པ་རྣམས་ལ་ནི་བྱུང་ཞིང་། བྱུང་ནས་ཀྱང་རྒྱུན་མི་རྟོགས་ཅིང་འཇིག་པར་མངོན་སུམ་དུ་མཐོང་བ་ཡིན་ལ། ཉི་མ་ལ་སོགས་པ་ཐོག་མ་དང་ཐ་མ་མངོན་སུམ་དུ་མཐོང་བ་རྣམས་ལ་ཡང་འཆར་བ་དང་ནུབ་པ་ལ་སོགས་པའི་གཏན ་ཚིགས་ཀྱི་ཁྱད་པར་ལས་མི་རྟག་པ་ཉིད་དུ་འགྱུར་བར་རྗེསུ་དཔག་པར་བྱའོ།། འོ་ན་རྡོ་རྗེའི་སྐུ་དང་ལྡན་པ་རྣམས་ཀྱི་ཇི་ལྟ་བུ་ཞེ་ན། དེ་ནི་འཇིག་རྟེན་ནམ་གྲགས་པའི་ཕྱིར་ཆོས་ཐམས་ཅད་མ་ཡིན་ནོ།། ཡང་ན་སྐད་ཅིག་མ་ཉིད་མི་རྟག་པས ་རྡོ་རྗེ་ལྟ་བུའི་སྐུ་ལ་ཡང་ཁྱབ་པས་དངོས་པོ་ཐམས་ཅད་དུས་ལས་འདའ་བར་དཀའ་བ་ཡིན་ནོ།། དེས་ན་བཅོམ་ལྡན་འདས་དུས་ཀྱི་འདུལ་བ་རྣམས་ལ་དངོས་པོ་ཐམས་ཅད་དུས་ལས་མི་འདའ་བ་སྟོན་པར་མཛད་དེ། དེ་ཡང་ཇི་སྐད་དུ། ་དུས་ཀྱི་འབྱུང་བ་སྨིན་པར་འགྱུར། སྐྱེ་དགུ་དུས་ཀྱིས་བསྡུས་པ་སྟེ། དུས་ཀྱིས་གཉིད་ལོག་སང་པར་བྱེད།། དུས་ནི་འདའ་བར་དཀའ་བའོ་ཞེས་སོ།། ཇི་ལྟ་སྟེ་ཕ་རོལ་པའི་གཞུང་ལས་འབྱུང་ངོ་ཞེ་ན། དེའི་ཚེ་ཡང་ཉེས་པ་མེད་དེ་ཕྱི ་རོལ་པ་རྣམས་ཀྱིས་དུས་ཅན་ལས་ཐ་དད་པ་དང་། རྟག་པ་ལ་སོགས་པའི་མཚན་ཉིད་དུ་གཟུང་བས་ཉམས་པ་ཡིན་གྱི། དུས་ཙམ་དུ་སྨྲ་བ་ནི་མ་ཡིན་ནོ།། དེ་ལྟར་ཡང་གསུངས་པ། དངོས་ལ་ཞེན་པས་འཛིན་པ་དང་། ་དག་པ་ཡིན་གྱིས་འཛིན་པ་དག། ཆུང་མ་ཆགས་པས་འཁྱུད་པ་དང་། བུ་མོ་བྱམས་པས་འཁྱུད་པ་འང་ཞེས་སོ།། ལུས་ལ་གནས་ཀྱང་ལུས་མི་སྐྱེ་ཞེས་བྱ་བ་ལ། ཚུལ་དེ་ལྟར་ལུས་ཅན་རྣམས་ལ་ཁྱབ་ཀྱང་དོན་དམ་པར་བློ་བུར་ཉིད་ཡིན ་པའི་ཕྱིར་ལུས་དྲི་ངོ་བོ་ཉིད་མེད་པ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར། དུས་ཉིད་དུས་ནི་མེད་པ་དང་། འཇིག་རྟེན་ཉིད་ནི་འཇིག་རྟེན་མིན་ཞེས་བྱ་བ་གསུངས་ཏེ། དེ་ལ་དུས་ནི་བསྟན་པའོ།། འཇིག་རྟེན་ནི་བཤད་པོ་སྟེ།། འཛིན་པ་སྐྱེ་བ་ལ་སོགས་པ ་མི་རྟག་པ་ཉིད་ཀྱི་མཐར་ཐུག་པའོ།། རྟེན་པ་ནི་རྐྱེན་ལས་བལྟོས་པ་སྟེ།། དེ་དག་རྣམ་པར་དབྱུད་ན་ངོ་བོ་ཉིད་མེད་པའི་ཕྱིར། ཆུའི་ཟླ་བ་ལྟར་གཅིག་ཏུ་བདུན་པ་དང་གཅིག་ཏུ་བརྫུན་པ་ཡང་མ་ཡིན་པར་ཤེས་པར་བྱའོ།། ལྷ་ཁྱོད་ཀྱིས་སྔར ་བཤད་པའི།། བསམ་གྱིས་མི་ཁྱབ་དུས་མཚན་ཉིད་ཅེས་བྱ་བ་ལ་སོགས་པས་ནི་རྣལ་འབྱོར་པ་རྣམས་ཀྱི་ནང་གི་དབུགས་བགྲང་བ་ལས་སྐད་ཅིག་ལ་སོགས་པའི་དུས་མ་ལུས་པར་ཤེས་པའི་མཚན་ཉིད་བསྟན་པོ་ཡིན་ཏེ། གང ་དང་ལྷན་ཅིགང་ལྷ་ཁྱོད་ཀྱིས་སྔར་བསྟན་པའི་དབུགས་བགྲང་བའི་དོན་དམ་པའི་དུས་བསྟན་པ་དེ་དང་དེ་ནི་ལུས་ལས་འདས་ཤིང་དྲི་མ་མེད་པ་ཡིན་པའི་ཕྱིར་རྣལ་འབྱོར་པ་ཉག་གཅིག་གི་སྤྱོད་ཡུལ་ཡིན་ཞིང་ཤིན་ཏུ་རྙེད་པར་དཀའ་བ ་སྟེ། སྐྱེ་བོ་ཕལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པར་གསུངས་སོ།། དེའི་ཕྱིར་སྐྱེ་བོ་ཀུན་ལ་སྨན་སླད་དུ་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་ཕལ་པ་རྣམས་ལ་སྨན་སླད་དུའོ།། དབུགས་ཀྱི་ངེས་པ་ཞེས་བྱ་བ་ནི་རྣལ་འབྱོར་པ་རྣམས་ཀྱི་གྲངས ་ཀྱི་གཏན་ལ་ཕབ་པའི་སྐུད་ཅིག་ལ་སོགས་པའི་དུས་རྣམས་བཤད་པར་གསོལ་བའོ།། ནང་མེད་ཅེས་བྱ་བ་ལ་སོགས་པ་ལ། རླུང་དང་བྲལ་བ་ཞེས་བྱ་བ་ནི་ནང་མེད་པའི་ཁྱད་པའོ།། ཁམས་ནི་སྙོམས་པར་གནས་པ་དང་། ཞེས་བྱ་བ་ལ ་མས་ཀྱི་སྒྲ་ནི་དབང་པོ་རྣམས་ལ་བྱ་སྟེ། དབང་པོ་རྣམས་ནང་ཀྱིས་མ་གཟིར་ཅིང་ངལ་བ་ལ་སོགས་པས་མ་གདུངས་པ་ནི་གདུངས་པ་སྙོམས་པའོ།། རན་པར་ཟ་ནིང་ཞེས་བྱ་བ་ལ་སོགས་པ་ལ། རན་པར་ནི་འཚམས་པར་ཏེ། ཁ་ཐས ་འདངས་དྲགས་པ་དང་། ཧ་ཅང་ལྟོགས་པ་དང་། ཧ་ཅང་སྐྱབ་དང་། ཧ་ཅང་སྣུམ་པ་དང་། ཧཱ་ཅང་ཡང་བ་དང་། ཧ་ཅང་ལྕི་བ་རྣམས་སྤངས་ཏེ། རླུང་ལུག་སུ་རྒྱུ་བ་དང་། བཤད་པ་སྣུམཽ་ལ་མི་བསྲི་ཞིང་། ལྟོ་བ་བདེ་བར་ཟའོ།། ཚུལ་བཞིན་རྒྱུ ་ཞེས་བྱ་བ་ནི་ཤིན་ཏུ་ངལ་དུ་བ་དང་། དྲག་ཤུལ་ལ་སོགས་པ་སྤངས་ནས་གནས་པ་སྟེ། སྐྱེས་བུ་ཐ་མལ་པ་དེའི་མིག་བཙུམས་གཟུང་བར་བྱའོ།། མིག་བཙུམས་དྲུག་ལ་ཡུད་ཙམ་ནི།། ཅིག་ཅེས་བྱ་བར་བརྗོད་པ་ཡིན་ཞེས་བྱ། ་བ་ནི།། སྐྱེས་བུ་ཐ་མལ་པ་དེའི་མིག་ཤིན་ཏུ་མྱུར་བ་དང་ངལ་བ་མ་ཡིན་པར་ཐ་མལ་པར་བྱེ་བ་དང་། བཙུམས་པ་དྲུག་ལ་ཡུད་ཙམ་ཅིག་ཅེས་བྱ་བར་ཤེས་པར་བྱའོ།། དུས་ཀྱི་གོ་རིམ་བྱ་བ་འདིས་ཞེས་བྱ་བ་ནི། དེ་ལྟར་མིག་བཙུམས་པ ་ལ་སོགས་པ་ནས་ཅུང་ཟད་ཀྱི་བར་དུ་བརྩི་བ་འདིས་སོ།། སུམ་བཅུ་ཐམ་པར་བསྒྱུར་བ་ལ་ཞེས་བྱ་བ་ནི་ཅུང་ཟད་སུམ་ཅུ་ཐམ་པར་སྤེལ་བའོ།། ཡི་གེ་ལྕི་བའི་དུས་ཤེས་བརྗོད་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་གང་ལ་ཡི ་གེ་ལྕི་བ་ཞེས་བྱ་བ་ནི་མིང་དུ་གྲངས་པ་སྟེ། ཡི་གེ་ལྕི་བཱི་དུས་གཅིག་ཏུ་བརྗོད་པར་བྱའོ།། སྲོག་ཅེས་བྱ་བ་ནི་དུས་ཀྱི་ཁྱད་པར་གང་ལ་སྲོག་དང་འཚོ་བ་ཞེས་བྱ་བར་བརྗོད་པའོ།། དེ་ནི་ཞེས་བྱ་བ་ནི་སྲོག་གི་དུས་དེའོ།། བཅུ་ག། སུམ ་བསྒྱུར་ཞེས་བྱ་བ་ནི་སུམ་ཅུར་སྦྲེལ་བའོ།། དེ་ཡང་གཉི་སུ་བསྒྱུར་བ་ནི་ཞེས་བྱ་བ་སྲོག་གི་དུས་དེ་སུམ་ནུ་པཽ་ཕྲག་གཉིས་སུ་སྤེལ་བ་སྟེ་དྲུག་ཅུར་སྤེལ་བའོ།། ལྷག་མ་ནི་གོ་སླའོ།། དེ་བརྒྱད་ཅེས་བྱ་བ་ནི་ཆུ་ཚོད་བརྒྱད་ལའོ།། དེ་བཞི་ལ་ཞེས ་བྱ་བ་ནི་ཐུན་བཞི་ལའོ།། དེ་ལྟར་ཉིན་མོའི་ཐུན་བཤད་ནས་མ་ཚན་མོའི་བསྟོན་པའི་ཕྱིར་མཚན་མོ་འང་དེ་དང་མཉམ་པར་བཤད་ཅེས་བྱ་བ་གསུངས་ཏེ། ནམ་ཞེ་ན། ཉིན་མཚན་དུས་ནི་མཉམ་པ་ལ་སྟྭཾ་བི་ཤུའི་དུས་སོ།། ད་ནི་ཉིན་མཚན ་འཕེལ་འགྲིབ་བསྟན་པའི་ཕྱིར། ཆུ་སྲིན་ནས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགུན་ཟླ་ཐ་ཆུང་གྱི་མཇུག་ནས་དབྱར་ཟླ་ཐ་ཆུང་གྱི་མགོའི་བར་དུ་ཟླ་བ་དྲུག་གི་བར་དུ་ཟླ་བ་དྲུག་པོ་འདི་ལ་ཉིན་མོའི་ཆུ་ཚོད་རྣམས་ཉིན་རེ་ཞིང ་སྲང་གསུམ་གསུམ་དུ་སྤེལ་བར་བྱ་ལ།། དེ་བཞིན་དུ་མཚན་མོ་ནི་དབྲི་བར་བྱའོ།། ཆུ་སྲིན་ལས་ནི་འདས་ནསུ་ཞེས་བྱ་བ་ནི་ཆུ་སྲིན་ནས་སྦལ་པའི་བར་གྱི་ཟླ་བ་དྲུག་པོ་དེ་དག་འདས་ནས། ཟླ་བ་ལྷག་མ་དྲུག་ལ་མཚན་མོ་སྲང་གསུམ ་གསུམ་དེ་བཞིན་དུ་སྦྲེལ་བར་བྱའོ།། གཞུང་ཁ་ཅིག་ལས་མཚན་མོ་སྤང་ནི་གསུམ་གསུམ་དབྲི་བ་ཞེས་བྱ་འབྱུང་སྟེ། དེའི་ཚེ་ཆུ་སྤྲིན་ལྔས་འདས་པ་ཞེས་བྱ་བ་ནི་དགུན་ཟླ་ཐ་ཆུང་གྱི་ཟླ་བ་འདས་ཀྱི་འོག་ཏུའོ།། ཚད་མ་དེ་དགྲ་བསྟན ་པའི་ཕྱིར་ཞེས་བྱ་བ་ནི། སྐྱེ་བ་བྲལ་བ་རྣམས་ལ་དུས་ཀྱི་ཚད་དེ་བསྟན་པའི་ཕྱིར། བརྡུང་བར་བྱ་ཞེས་བྱ་བ་དང་འགྲེལ་ཏཱ། ཙི་ལ་ས་ཅི་ཞིག་ཇི་ལྟར་ཞེ་ན་ཟངས་སོ་ཞེས་བྱ་བ་ལ། ཟངས་མ་སྲུང་བཅུ་གཉིས་ནི་ཇི་ལྟར་གྲགས་པའི་ཟངས་མ ་སྲང་བཅུ་གཉིས་ཏེ། དེ་ལས་ཆུའི་སྣོད་བརྡུང་བའོ།། ཇི་ལྟར་ཞེ་ན། དཔངས་སུ་སོར་བརྒྱད་དང་རྒྱོ་རུ་སོར་བཅུ་གཉིས་པ་སྟེ། རྔམསུ་སོར་བརྒྱད་ཡོད་ཅིང་ཁའི་རྒྱར་སོར་བཅུ་གཉིས་ཀུན་ནས་ཡོད་པར་བརྡུང་བར་བྱའོ།། ལེགས་པ་ཞེས་བྱ་བ་ནི ་མ་ཐོ་དམན་དང་མཐུག་སྲ་བ་ལ་སོགས་པ་སྙོམས་པའོ།། དེ་ནས་ཅི་ཞིག་ཅེ་ན་བྱ་ཞ་ན། གསེར་ནི་འོལ་ས་སུམ་ནུ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གྲགས་པའི་མན་ཆད་གསུམ་གྱི་གསེར་ལྔས་ཐུར་མ་བྱས་པ། ་འདྲ་ཞེ་ན། སོར་དྲུག་པའི་ཚད་ཙམ་དུ་ཞེས་བྱ་བ་སྨོས་ཏེ། རིང་ཐུང་སོར་དྲུག་གི་ཚད་དུ་བྱ་བའོ།། ལེགས་པར་བྱ་བ་ནི་སྦོམ་ཕྲ་མེད་པའོ།། དེ་དག་གིས་ནི་རྫས་དང་ཚད་ལ་སོགས་པའི་ཁྱད་པར་ངེས་པ་བསྟན་པ་ཡིན་ནོ།། ཐུར་མ་དེ་ཡིས་བུ ་ག་ནི། ཟངས་མའི་སྣོད་ལ་མཁས་པས་དབུགས་ཅེས་བྱ་བ་ལ། མཁས་པ་ནི་བཟོ་བ་སྟེ། ཡོ་བ་དང་རལ་པོ་ལ་སོགས་པ་མེད་པར་དབུགས་པའོ།། ཆུ་ནི་རྙོག་མ་མེད་པ་ལས་ཞེས་བྱ་བ་ནི་ཤིན་ཏུ་དང་བའི་ཆུའི་སྟེང་དུ་བཞག་པ་སྟེ། གཞན ་དུ་ནི་མྱུར་དུ་གང་བར་མི་འགྱུར་བ་དང་། མ་གང་བར་འོག་ཏུ་འབྱིན་པ་ལ་སོགས་པའི་སྐྱོན་དུ་འགྱུར་རོ།། སྲང་ནི་དྲུག་ཅུའི་ཚད་དུ་འགྱུར་ཞེས་བྱ་བ་ནི། སྔར་བསྟན་པའི་སྲང་དྲུག་ཅུའི་ཚད་ད་དེ་ནི་ཆུ་ཚོད་དེ་འགྱུར་བ་ཡིན་ནོ།། སྐྱེ་བོ ་རྣམས་ལ་ཕན་ཕྱིར་བཤད་ཅེས་བྱ་བ་ནི། ཐ་མལ་པའི་སྐྱེ་བོ་རྣམས་ལ་ཆུ་ཚོད་ཀྱི་ཚད་ཚགས་མེད་པར་བྱ་བའི་ཕྱིར་བཤད་དེ་བའོ།། ཆུ་ཚོད་དེ་ནརྀ་ཡུད་ཙོམ་པ་སྟེ་ཞེས་བྱ་བ་ནི་ཆུ་ཚོད་ཉིད་ཡུད་ཙམ་བཤད་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ ་བའི་དོན་ཏོ།། ཐུན་ཕྱེད་ཅེས་བྱ་བ་ནི་ཆུ་ཚོད་བཞི་ལྔའོ།། ཐུན་གཅིག་ཅེས་བྱ་བ་ནི་གོ་སླའོ།། ཟླ་བ་གཉིས་ནི་དུས་ཡིན་ཏེ་ཞེས་བྱ་བ་ནི་ཟླ་བ་གཉིས་ཤིང་དཔྱིད་ལ་སོགས་པའི་དུས་དྲུག་པོ་རེ་རེར་བསྟན་པའོ།། དུས་གསུམ་ཉི་མ་འགྲོ་ལྡོས ་བརྗོད་ཅེས་པ་ནི། དགུན་དང་དཔྱིང་ལ་སོགས་པའི་དུས་གསུམ་གསུམ་དུ་ཉི་མ་ལྷོ་བྱང་དུ་འགྲོ་བའོ།། ཡང་ན་ཡུད་ཙམ་ཞེས་བྱ་བ་ནི་འཇིག་རྟེན་པལ་པ་ཁ་ཅིག་ལ་གྲགས་པས་བསྟན་པ་ཡང་ཡིན་ཏེ། དེ་དག་གི་ལྟར་ན་སྔར ་བསྟན་པའི་མིག་བཙུན་ས་བཙི་བརྒྱད་ལ་ནི་སྐད་ཅིག་གཅིག་གོ།། དེ་སུམ་ཅུ་ལ་ནི་ཐ~ཾད་ཅིག་གོ།། དེ་སུམ་ཅུར་བསྒྱུར་བ་ལ་ནི་ཅུང་ཟད་ཅིག་གོ།། ཅུང་ཟད་གཉིས་ལ་ནི་ཡུད་ཙམ་ཅིག་སྟེ། དེས་བརྩི་བར་བྱའོ་ཞེས་ཟེར་ཏེ། ལྷག་མ་ནི་སྔར ་བཤད་པ་བཞིན་ནོ།། དུས་འབྱུང་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་གཞུང་གང་ལ་མིག་བཙུམས་པ་ལ་སོགས་པའི་དུས་རྣམས་ཀྱི་འབྱུང་བ་སྟེ། བསྟན་པ་ཡོད་པ་དེ་ལ་དུས་འབྱུང་བའི་རིམ་པར་ཕྱེ་བ་ཞེས་བྱ་བ་སྟེ་ཉི་ཤུ་རྩ ་དྲུག་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་མའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། ། ད་ནི་རྒྱུ་སྐར་རྣམས་ཀྱི་རིགས་ངེས་པར་ཤེས་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དུས་འབྱུང་བ་བསྟན་གྱི་འོག་ཏུའོ།། སྐར་མའི་རིགས་གང་ཡིན་ཞེས་བྱ་བ་ནི་སྐར་མ་གང་ལ་སྐྱེས་པའི་ཐུན་མོང་དང་ཁྱད་པར་གྱི་རིགས་ལྷ་ལ་སོགས་པ་དང་། ར་ལ་སོགས་པ་གང་ཡིན ་པ་སྟེ། དེ་དག་བཤད་པར་བྱ་བ་ཞེས་བྱ་བ་དང་འབྲེལ་ཏོ།། མདོར་བསྡུས་ཞེས་བྱ་བ་ནི་གཞུང་ཉུང་བ་དང་ཚེས་མེད་ཕརོ།། ཐ་སྐར་དང་ནི་ཞེས་བྱ་བ་ལ་སོགས་པ་ལ། སྐུར་མ་དགུ་དགུ་ཞིང་ལྷ་ལ་སོགས་པའི་རིགས་རྣམ་པ་གསུ ་དུ་བསྟན་པ་འདིས་ན་ཉེ་སྦྱོར་ལ་སོགས་པའི་སྟོབས་བརྩི་བ་བསྟན་པ་ཡིན་ནོ།། སྨིན་དྲུག་རྒྱལ་ནིར་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་འདིས་ནི་སྐར་མ་གཉིས་གཉིས་ཤིང་རིགས་རེ་རེ་བསྟན་པ་ཡིན་ཏེ། ཁྱད་པར་རིགས་བཅུ་བཞིར ་བསྟན་པ་ཡིན་ནོ།། སྟོབས་འདོད་པས་ནི་ཤེས་པར་བྱ་ཞེས་བྱ་བ་ནི། ཁྱུ་མཆོག་གི་རིགས་གང་ཡིན་པ་དེ་སྟག་གི་རིགས་ཀྱི་སྟོབས་ཀྱིས་འཇོམས་པར་བྱེད་པས་ན། ཁྱུ་མཆོག་གི་མིག་གི་རིགས་ཀྱི་བུ་མོ་བག་མར་མི་བླང ་ཞིང་སྤང་བར་བྱའོ་ཞེས་པར་དགོངསོ།། ད་ལྟར་ལྟ་འོག་ཏུ་སྦྱར་བར་བྱའོ།། རང་གི་སྐྱེ་བའི་སྐར་མ་ནི། ཤེས་ནས་གཟུང་ན་དཔྱད་མི་དགོས།། ཞེས་བྱ་བ་ལ།། གཟུང་ན་ཞེས་བྱ་བ་ནི་བག་མར་བླངས་པ་སྟེ། དེ་ལ་རང་གི་སྐྱེ་སྐར ་སྟོབས་ཆེ་བར་ཤེས་པར་བྱའོ་ཞེས་པའི་དོན་ཏོ།། སྐར་མའི་ཆུ་ནི་བཟློག་པ་དག། གཟུང་ན་ངེས་པར་འཆི་བར་འགྱུར།། ཞེས་བྱ་བ་ནི་བུ་མོའི་སྐར་མ་སྟོབས་དང་ལྡན་པར་གཟུང་སྟེ། བག་མར་བླངས་ན་ངེས་པར་བྱ་སྟེ། གདོན། ་མི་ཟ་བར་འཆི་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར། སྐར་མ་མི་ཡི་སྲོག་ཡིན་ཏེ། གཞན་དུ་ངས་ནི་མ་བཤདོ་ཞེས་གསུང་སོ།། ལུག་དང་སྲང་ཞེས་བྱ་བ་ལ་སོགས་པས་ཀྱང་རཱ་སི་བཞི་བཞི་ཞིང་བརྟན་པ་དང ་གཡོ་བའི་མཚན་ཉིད་རེ་རེར་བསྟོན་ཏེ། དེ་དག་ཤེས་ནས་བྱ་པ་རྣམས་དང་སྦྱར་བར་བྱའོ།། ལྷག་མ་ནི་གོ་སླའོ།། སྐར་མ་རྣམས་ཀྱི་སྟོབས་ཀྱི་དབང་དུ་བྱས་པའི་ཆོ་གི་ནི་རིམ་པར་ཕྱེ་བ་ཞེས་བྱ་བ་ལ་ཆོས་ནོ་བསྟན་པའོ།། ་དེས་ན་གཞུང་གང་གི་སྐར་མའི་སྟོབས་ཀྱི་དབང་དུ་བྱས་ནས་བསྟན་པ་དེ་ནི་རིམ་པོར་ཕྱེ་བ་སྟེ་ཉི་ཤུ་རྩ་བདུན་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་མོའི་རྣམ་པར་ཤ་ལྔས་ལེའུ་ཉི་ཤུ་རྩ་བདུན ་པའི་རྣམ་པར་བཤད་པའོ།། །། ད་ནི་གཟའ་དང་ཆོས་དང་རྒྱུ་སྐར་རྣམས་ལ་འགྲོན་དུ་འགྲོ་བ་ལ་སོགས་པའི་ཁྱད་པར་ཤེས་པ་དང་མི་ཤེས་པ་བསྟན་པའི་ཕྱིར། ཆོས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་དང ་སྐར་མ་གཟའ་འཆར་བ་ཞེས་བྱ་བ་ནི་ཚེས་ལ་སོགས་པ་དེ་དག་གི་སྦྱོར་ལ་འཆར་བ་སྟེ་འགྲོན་ལ་སོགས་པའི་བྱ་བ་ཤིས་པ་ཡིན་ནོ།། རོ་ཧཱི་ཞེས་བྱ་བ་ལ་སོགས་པ་ནི་འདིར་ཆོས་གཅིག་ལ་སོགས་པ་ཟུང་བར་བྱའོ།། རོ་ཧི་ཏི། ་ཚེཆོས་ཞེས་བྱ་བ་དང་འགྲོན་པོ་ལམ་དུ་འཇུག་པར་བཟང་ཞེས་བྱ་བ་ནི་ཚེས་གཅིག་གི་ཉིན་པར་གང་གི་ཚེ་རྒྱུ་སྐར་སྨིན་དྲུག་དང་གཟའ་མིག་དམར་འཛེམ་པ་དེའི་ཚེ་ལམ་དུ་ཞུགས་ན་རྙེད་པ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། དེ ་བབཞིན་དུ་མཽ་ཀ་རའི་ཉི་མ་ལ་ཞེས་བྱ་བ་ནི་ཆོས་གཉིས་ལའོ།། དེ་ལྟར་ལྷག་མ་རྣམས་ལ་ཡང་སྦྱར་བར་བྱའོ།། སྟོབས་ལྡན་གྱི་བློན་པོ་ཞེས་བྱ་བ་ནི་པ་སངས་སོ།། འབྱུང་པོ་ཉི་མ་ཞེས་བྱ་བ་ནི་དམར་ངོའི་བཅུ་བཞིའོ།། ལྷག་མི་ནི་ཤིན་ཏུ ་གསལ་བས་མ་ཕྱེའོ།། མེའི་མཚམས་སུ་ཞེས་བྱ་བ་ལ་སོགས་པས་ནི། སྒྲ་གཅན་འཛིན་རྒྱུ་བིའི་འཁོར་ལོ་བསྟན་ཏེ། འདིར་ཕན་ཚུན་དུ་གཉིས་གཉིས་བཏབ་ལ་ཕྱི་རོལ་བསྐོར་བས་རིའུ་མིག་དགུར་བྱས་ལ། དེ་མའི་མཚམ་སུ ་མི་ཀི་རི་བྲིས་ཏེ་ཚོས་བརྒྱད་དོ།། གཤིན་ཛའི་ཕྱོག་སུ་ར་དྷ་སྟ་ཚེས་བདུན་ནོ།། སྲིན་པོར་ནི་ཀུར་མ་སྟེ་ཚེས་བཅོ་ལྔའོ།། ཆུའི་ཕྱོགསུ་ནི་ཁྱུ་མཆོག་སྟེ་ཚེས་བཞིའོ།། འཇིག་བྱེད་ནི་རླུང་སྟེ་དེའི་མཚམ་སུ་ནི་བྱ་ཀུ་ལ་དེ་ཚེས་བཅུའོ།། ་གཏེར་ནི་གནོད་སྦྱིན་ཏེ་དེའི་ཕྱོགསུ་སྤ་བ་ནི་སྟེ་ཚེས་བཅུ་གཅིག་གོ།། མི་གསུམ་ནི་དབང་ལྡན་ཏེ། དེའི་ཕྱོགསུ་བཟང་པོ་སྟེ་ཆོས་གསུམ་མོ།། ཡང་ཁྱུ་མཆོག་ནི་ཚེས་བཅུ་བཞིའོ།། ཟླ་བ་ཉི་མའི་བྱི་ཟག་གིས་ཞེས་བྱ་བ་ནི་ཟླ་བ ་ཡར་ངོ་མར་ངོའི་བྱེ་ཐག་གིས་སོ།། རྒྱུ་བ་ཞེས་བྱ་བ་ནི་སྒྲ་གཅན་འཛིན་རྒྱུ་བའོ།། བྷ་ཏྲ་ནས་ནི་ར་འདར་ཏེ་ཞེསཽ་བྱ་བ་ནི་དབང་ལྡན་གྱི་ཕྱོགསུ་གནས་ནས་ར་འདར་ཏེ།། གཤིན་རྗེའི་ཕྱོག་སུ་རྒྱུ་བའོ།། བྱཱ་ཀུ་ལི་ཞེས་ནི་ལྷོ་ཕྱོགསུ་ནས ་ནུབ་ཏུ་རྒྱུ་བའོ།། བྲེ་ཤ་པ་ཞེས་བྱ་བ་ནི་བྱང་ནུབ་ནས་ཤར་ཕྱོགསུ་རྩུབ་སྟེ། རྟའི་འགྲོས་ཀྱིས་རྒྱུ་བའོ་འདི་དག་ཉི་མའི་རྒྱུ་བ་ནི།། རིགས་མཆོག་མ་ནི་ཁྱོད་ལ་བཤད་ཅེས་བྱ་བ་ནི་ཟླ་བ་མར་ངོའི་ཚེས་རྣམས་དང་། ཕྱོགས་ཀྱི ་རྒྱུ་བ་བཤད་པ་སྟེ། དེ་དག་ནི་གཡས་བསྐོར་ཡིན་ནོ།། དེ་ལ་གང་གི་ཚ་སྒྲ་གོ་ཅན་འཛིན་བཟང་པོའི་ཆོས་ལ། དབང་ལྡན་གྱི་མཚམས་ན་གནས་པའི་ཚེ་དབང་ལྡན་ནས་ལྷོ་ཕྱོགསུ་འགྲོ་བ་དང་། གང་གི་ཚེ་སྒྲ་གཅན་འཛིན་ར་དྷར་འགྲོ ་བོའི་ཚེ་བཟང་པོ་ནས་བྱཱ་ཀུ་ལི་ཕྱོགསུ་འགྲོ་བ་དང་། གང་གི་ཚེ་བྱཱ་ཀུ་ལིའི་ཕྱོགསུ་སོང་བའི་ཚེ་ཁྱུ་མཆོག་གི་ཕྱོགསུ་འགྲོ་བ་རྣམས་ནི་གནོད་པ་མེད་ཅིང་སྐྱོན་མེད་པ་ཡིན་ནོ།། དེ་བཞིན་དུ་ཁྱུ་མཆོག་གི་ཕྱོགསུ་སོང་བའི་ཚེ་རླུང་གི ་ཕྱོགསུ་འགྲོ་བ་ཡང་ཉེས་པ་བསྐྱེད་པར་མི་འགྱུར་རོ།། ཁྱུ་མཆོག་དང་ནི་ཞེས་བྱ་བ་ལ་སོགས་པས་ནི། ཟླ་བ་མར་ངོའི་རྒྱུ་བ་བཤད་པ་ཡིན་ཏེ། ཡང་རང་གི་གནས་དབང་ལྡན་གྱི་གནས་སུ་གནས་ནས། ཁྱུ་མཆོག་ལ་སོགས ་པའི་གནས་རྣམསུ་གཡོན་སྐོར་དུ་རྟའི་འགྲོས་ཀྱིས་རྒྱུ་བར་གསུངས་སོ།། གང་གི་ཚེ་དབང་ལྡན་གྱི་གནས་ན་གནས་དེའི་ཚེ། སྐྱེས་བུས་ཁྱུ་མཆོག་གི་ཕྱོགསུ་འགྲོ་བར་བྱའོ།། གང་གི་ཚེ་ཁྱུ་མཆོག་ཏུ་འགྲོ་བ་དེའི་ཚེ་མི་ཀི་རིར ་དོན་གཉར་ན་འགྲུབ་པར་འགྱུར་རོ།། གང་གི་ཚེ་མི་ཀཽ་རིར་སོང་བ་དེའི་ཚེ་ཁྱུ་མཆོག་གི་ཕྱོགསུ་དོན་གཉེན་འགྲུབ་པར་འགྱུར་རོ།། དེ་བཞིན་དུ་གཞན་དག་ཀྱང་རྗེ་སུ་དཔག་པར་བྱའོ།། ཉ་ལོ་མེ་མཚམས་གནས་པ་སྟེ། སྟོང ་ལ་རླུང་གི་ཕྱོགསུ་གནས་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། ཉིའི་ཉིན་པར་སྒྲ་གཅན་འཛིན་མེ་མཚམསུ་གནས་ནས། མེ་དང་རླུང་མཚམས་གཉིས་བལྟ་བས་ལྟ་བའི་ཆ་དང་པ་འབྱུང་བའི་ཕྱིར་སྐྱེས་བུས་ཕྱོགས ་དེ་གཉིས་སུ་འགྲོ་བ་སྤང་བར་བྱའོ།། དེ་བཞིན་དུ་སྟོང་གི་ཉིན་པར་རླུང་མཚམས་སུ་གནས་ཏེ། རླུང་དང་མེ་མཚམས་གཉིས་ཀ་ར་བལྟ་བས་སྐྱེས་བུ་ཕྱོགས་དེ་གཉི་སུ་འགྲོ་བ་སྤང་བར་བྱའོ།། ཁ་ཅིག་ནི་རེ་ཚས་དེ་གཉིས་ཀ་ལ་དབུས ་སུ་གནས་ནས། མཚམས་དེ་གཉིས་གཉིས་ཀར་བལྟ་བ་ཡིན་ཏེ། གནས་པའི་སྒྲས་ནི་ལྟ་བ་ལ་བྱའོ་ཞེས་ཟེར་རོ།། བློ་ལྡན་འབད་དེ་ཤེས་པར་བྱ་ཞེས་བྱ་བ་ནི་རྣལ་འབྱོར་པ་མཁས་པ་རྣམས་ཀྱིས་ནི་ཆོས་རྣམས་ཀྱི་ཆུ་ཚོད་ཀྱི་སྒྲ་གཅན ་འཛིན་གྱི་གནས་སུ་རྒྱུ་བ་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། ཆོས་གྲངས་སྐར་མའི་ངེས་པ་ཞེས་བྱ་བ་ལ། གཞུང་གང་དུ་ཆོས་གྲངས་དང་སྐར་མ་གཏན་ལ་ཕབ་པ་དེ་ལ་ཚྭས་གྲངས་དང་སྐར་མ་ངེས་པ་རིམ་པར་ཕྱེ་བ་ཞེས་བྱ ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །། ད་ནི་ཡེ་ཤེས་ཀྱི་ང་ཁོ་ན་ཉིད་དང་། ཡེ་ཤེས་ཀྱི་མཚན་མའི་ལེའུ་བསྟན་པར ་བཞེད་ནས། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ་སྒྱུ་མ་ཆེ་ཞེས་བྱ་བ་ནི་ཐབས་ཀྱི་ཆའོ།། སྒྱུ་མ་ཀུན་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཆའོ།། རྣམ་པར་རོལ་པ་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་དེ་དག་གིས་སེམས་ཅན་གྱི ་དོན་གྱི་ཕྱིར། རྣམ་པ་སྣ་ཚོགསུ་སྤྲུལ་པའོ།། ང་དག་ནི་ལྷ་མོ་ལ་བོད་པའོ།། ལུས་ཅན་ཐམས་ཅད་རྣམ་ཤེས་ཏེ་ཞེས་བྱ་བ་ལ་ལུས་ཅན་ཐམས་ཅད་ནི་གཟུང་བར་དང་འཛིན་པར་སྣང་བའི་ཚོགས་སོ།། རྣམ་ཤེས་ནི་རྣམ ་པར་རིག་པ་ཙམ་ཉིད་དེ་རང་རིག་པའི་ཡེ་ཤེས་དང་ལྷན་ཅིག་སྐྱེས་པའི་བདེ་བ་དང་། འོད་གསལ་བའི་ངོ་བོ་ཉིད་ཅེས་བྱ་བའི་བར་དུའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ལུས་ལས་འདས་ཤིང་དྲི་མ་མེད་ཅེས་གསུངས་ཏེ། དྲི་མ་མེང་སུ ་ནི་འདོད་ཆགས་ལ་སོགས་པའི་རྣམ་པ་སྟེ། དེ་དག་ཀྱང་རང་རིག་པའི་མཐུར་ཐུག་པའོ།། ལུས་དང་ལུས་ཅན་རྣམ་སྒོ་འོད་གསལ་བར་འགྱུར་བ་དེ་ཉིད་གསུངས་པ། ལྷུན་པོ་དང་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འབིགསུ་བྱེད་སོ ་ཞེས་བྱ་བ་ལ་སོགས་ཀྱིས་ནང་གངས་ཅན་ལ་སོགས་པ་ལྕགས་རིའི་མཐར་ཐུག་པ་གཟུང་ངོ་།། དེ་དག་གིས་ནི་རི་རྣམས་བསྟན་ཏོ།། ཤར་གྱི་ལུས་འཕགས་ཞེས་བྱ་བ་ལ་སོགས་པ་ལ། བཅས་ཞེས་བྱ་བ་ནི་གླིང་ཕྲན ་རྣམསཽ་ཏེ། འདི་དག་གིས་ནི་གླིང་རྣམས་བསྟན་ནོ།། ལན་ཚེ་ཅན་ཞེས་བྱ་བ་ལ་སོགས་པ་ལ་ལྡན་ཆ་ཅན་གྱི་རྒྱ་མཚོ་ཞེས་བྱ་བར་སྦྱར་རོ།། སོགས་ཀྱིས་ནི་ངན་སྤྱུགས་ཀྱི་རྒྱ་མཚོ་ལ་སོགས་པ་ཟུང་ངོ་།། འོག་ཅེས་བྱ་བ་ནཱིས ་འོག་གོ།། སྟང་ཞེས་བྱ་བ་ནི་མཐོ་རིས་སོ།། ཁམས་གསུམ་མ་ལུས་ཟད་པོར་བྱ་ཞེས་པ་ནི་དེ་ལྟར་རི་ལ་སོགས་པའི་ཁམས་གསུམ་པོར་གཏོགས་པའི་དངོས་པོ་རྣམས་ཤེས་རབ་ཀྱི་མཚོན་ཆས་རྡུལ་ཕྲ་རབ་ཏུ་གཏུབསོ་ཤིང ་གས་ས།། ཨུ་དངས་པ་རྣམས་ཀླུང་ན་དུ་ན་། ང་གལུས་རྒྱུང་བྱུང་བ་དུ་ན་བྱུ་གནགས་བླས་བས་བླས་པ་ས ་གས་ཀྱིས་མ་ཚོར་བ་ལ་སོགས་པ་གཟུང་ངོ་།། སྐྱེ་མཆེད་ཅེས་བྱ་བ་ནི་གཟུངས་ལ་སོགས་པའི་ཡུལ་རྣམས་སོ།། ཁམས་ཞེས་བྱ་བ་ནི་མིག་ལ་སོགས་པོའི་ཁམས་རྣམས་ཏེ། རླུ་ག་སྨོམ་ཆེད་དུ་མིན་ནོ།། 2 ་བྱ་བ་ལ་སོགས་པས་ནི་ཉེས་བྱར་བསྡུ་བ་བསྟན་པ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཀུན་དང་བཅས་པ་ཡི། བདག་ཉིད་ཀྱང་ནི་ཟད་པར་བྱ་ཞེས་བྱ་བ་དང་སྦྱར་རོ།། སྟོང་པ་དེ་ཡང་ཅི་འདྲ་ཞེ་ན། དངས་དང་དངོས་མེ་འདྲེས་བྱ་སྟེ་ཞེས ་བྱ་བ་གསུངས་ཏེ། དོངོས་དང་དངོས་པོ་མེད་པ་གཉིས་ཀ་རང་བཞིན་མེད་པ་གང་དུ་རོ་གཅིག་ཅིང་མཉམ་པར་འདྲེས་པ་དེ་ལ་དེ་སྐད་ཅེས་བྱའོ།། ད་ནི་ཡེ་ཤེས་ཀྱི་མཚན་མ་བསྟན་པར་བྱ་བའི་ཕྱིར།། གཟུགས་ཞེས་བྱ་བ་ལ་སྩོགས ་གསུངས་ཏེ། གཟུགས་ལ་སོགས་པའི་རང་གཞན་རྣམས་སྟོང་པ་ཉིད་དུ་མཉམ་པར་བསམས་ལ་དེར་ནི་མཚན་མ་བརྟག་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ཐམས་ཅད་མ་མཁར་ཐིམ་པ་ཡིས། བ་ལ་རྨིག་པར་གྲོང་ཁྱེར་བསྒོམ།། ཞེས ་བྱ་བ་ལ་གྲོང་ཁྱེར་ཏེ་སྐྱེ་མཆེད་ལ་སོགས་པའི་ཚོགས་རྣམས་བ་ལང་རྨིག་པ་སྟེ་སྟོང་པ་ཉིད་དུ་བསྡུ་བས་བསྒོམ་པར་བྱའོ།། ཇི་ལྟར་ཞེ་ནོ།། ཐམས་ཅད་ན་མཁར་ཐིམ་པར་སྟེ་བཤད་ཟིན་ཏོ།། སེམས་ནི་མར་མེ་ལྟ་བུར་བསྒོམ་ཞེས་བྱ ་བ་ལ་སེམས་ནི་སྟེ་རྣམ་པར་རིག་པ་ཙམ་ཉིད་མར་མེ་ལྟ་བུ་སྟེ་འོད་གསལ་བར་བསྒོམ་པའོ།། དེ་དབུས་ཡིན་གྱིས་བལྟས་ན་སུ་ཞེས་བྱ་བ་ནི་ལྱཱ་དེ་ཞེས་བྱ་བ་ནི་འགྲོ་བ་ཐམས་ཅད་དོ།། དབུས་ཞེས་བྱ་བ་ན་སྟོང་པ་ཉིད་དོ།། དཱུནྡྷ ་ཞེས་བྱ་བ་ནི་དམིགས་པའོ།། དེར་ནི་མཚན་མ་བརྟག་པར་བྱ་ཞེས་བྱ་བ་ལ་དེར་ནཱི་ཞེས་བྱ་བ་ནི་འོད་གསལ་བ་དར་རོ།། མཚན་མ་ཞེས་བྱ་བ་ནི་བྱ་བའི་ལྷས་སོ།། དེ་ཉིད་གསུངས་པ། མར་མེ་ལྟ་བུ་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་སྟེ ་པ་ཉིད་དུ་ཐམས་ཅད་ཐིམ་ཞིང་འོད་གསལ་བས་མི་གཡོ་བར་གནས་པ་དེའི་ཚེ་ཏིང་ངེ་འཛིན་གྱི་མཐར་འོད་ཟེར་མར་མེ་ལྟ་བུ་སྣང་བར་གྱུར་ན། དེའི་ཚེ་ཞི་བའི་ལུས་འགྲུབ་པར་གྱུར་པ་དེའི་མཚན་མ་ཡིན་ནོ།། ཆགས་པའི་ལ་སོགས ་བ་ཞེས་བྱ་བ་ནི་ཆགས་པ་དབང་དུ་བྱ་བའོ།། སོགས་ཀྱིས་ནང་དགུག་པ་གཟུང་བར་བྱ་བ་ཡིན་ནོ།། འོད་ཟེར་ཞེས་བྱ་བ་ལ་སོགས་པ་ལཾ། འོད་ཟེར་དཀར་པོ་ལོང་ལོང་པོས།། བ་ཀྲྀ་ཤིས་ཀྱི་ནི་ལམ་སྔོན་ཡིན།། ཞེས་བྱ་བར་སྦྱར། ་བཀྲ་ཤིས་ཀྱི་ལམ་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་དུས་ཀྱི་ཆའོ།། དེ་བཞིན་དུ་སྡིགས་ཀྱི་དངོས་གྲུབ་འགྲུབ་ཅེས་བྱ་བ་ཡང་འོད་ཟེར་དཀར་པོ་ལོང་ལོང་པོ་སྣང་བ་དང་སྦྱར་བར་བྱའོ།། ཆོ་ག་ཞེས་བྱ་བ་ལ་སོགས་པས་ནི་སྟོང ་པ་ཉིད་ཀྱི་རྣལ་འབྱོར་སྔོན་དུ་འགྲོ་བས་ལྷའི་ཏིང་ངེ་འཛིན་བསྒོམ་པར་བྱ་ཞེས་བྱ་བར་སྟོན་ཏོ།། ཆོ་ག་འདིས་ནི་གཟུགས་ཞེས་བྱ་བ་ལ་འདིས་ནི་བྱ་བ་ནི་སྟོང་པ་ཉིད་དུ་བསྒོམ་པའི་ཆོ་ག་འདིས་སོ།། ཅི་ཞིག་སྡོང་པར་བྱ་ཞེ་ན། གཞན ་གསལ་དང་ཞེས་བྱ་བ་ལ་སོགས་པ་ལ་གཞན་ཞེས་བྱ་བ་ནི་རིམ་པོ་ལྷུན་པོ་ལ་སོགས་པའོ།། གསལ་ཞེས་བྱ་བ་ནི་མཐོ་རིས་ཀྱི་འཇིག་རྟེན་ནོ།། གཞན་གྱི་གཟུགས་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ལ་སོགས་པའོ།། དབུ་མ་རྣམས ་ཞེས་བྱ་བ་ནི་བར་ལ་གནས་པ་རྣམས་སོ།། དེ་འོག་རྣལ་འབྱོར་བསྐྱེད་པར་བྱ་ཞེས་བྱ་བ་ནི། ད་ལྟར་འགྲོ་བ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཀྱི་འོག་ཏུ་ལྷའི་ཏིང་ངེ་འཛིན་བསྐྱེད་པར་བྱའོ།། ད་ལྟར་སྟོང་པ་ཉིད་བསྒོམ་པ་ལ ་ཡོན་ཏན་ཅི་ཡོད་ཅེ་ན། ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡེ་ཤེས་ལ་སོགས་པཾ་སེམས་ཀྱིས་ནི། སེམས་ནི་མྱུར་དུ་ཐར་པར་འགྱུར་ཞེས་བྱ་བར་སྦྱར་རོ།། དེ་ལ་ཡེ་ཤེས་ལ་སོགས་པ་སེམས་ཞེས་བྱ་བ་ནི་ལྷའི་རྣལ་འབྱོར ་རོ། གང་ཞིག་ཅེས་བྱ་བ་ནི་སྒྲུབ་པ་པོ་གང་ཞིག་གིས་སོ།། མཐར་པར་འགྱུར་ཞེས་བྱ་བ་ནི་ཐུ་མྱལ་པའི་འཆིང་བ་ལས་གྲོལ་བ་སྟེ། མཐེ་རིས་དང་ཐར་པའི་དངོས་གྲུབ་བོ།། དེ་དག་གིས་ནི་འདི་སྐད་དུ། རྣལོ་འབྱོར་པ་གང་ཞིག ་གིས་སྟོང་པ་ཉིད་མངོན་སུམ་དུ་བྱས་ན་ལྷའི་ཏིང་འཛིན་གྱིས་མྱུར་དུ་མཐོ་རིས་དང་ཐར་པའི་དངོས་གྲུབ་ཐོབ་པར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཡེ་ཤེས་ཀྱིས་ནི་ཤེས་བྱ་བརྟག། ཤེས་བྱ་འགྲོ་བ ་བརྟག་པར་བྱ་ཞེས་བྱ་ཞེས་བྱ་བ་ལ་ཡེ་ཤེས་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ།། ཤེས་བྱ་བ་ནི་ལྷའི་ཏིང་ངེ་འཛིན་ཏོ།། བརྟག་པ་ནི་མཉམ་པར་སྦྱར་བའོ།། འགྲོ་བ་ནི་དངོས་གྲུབ་ཀྱི་གོ་འཕང་ངོ་།། བརྟག་པ་ནི་བསྐྱེད་པའོ།། སྔར་བསྟན་པའི ་བསྡུས་པའི་དོན་ཉེ་བར་བསྡུས་པ་གསུངས་པ། ཕ་དང་མ་ནི་བསང་བྱ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། ཕ་ཞེས་བྱ་བ་ལ་སོགས་པ་ནི་ང་རྒྱལ་ལོ།། མ་ནི་སྐྱེད་པའོ།། བྲམ་ཟེ་གཙང་མ་གཉིས་ནི་འདོད་ཆགས་དང ་ཞེས་སྡང་ངོ་།། རྒྱལ་པོ་ནི་མ་རིག་པའོ།། ཡུལ་འཁོར་ནི་ལུས་སོ།། བཅས་པ་ནི་དབང་པོ་རྣམས་ཏོ། དེ་དང་ལྷན་ཅིག་ཏུ་འཇུག་པའི་ཕྱིར་རོ།། བཅོམ་ལྡན་འདས་པ་ནི་རྣམ་པར་རྟོག་པ་རྣམས་བཤིག་སྟེ་སྣང་བ་མེད་པར་བྱས་པའོ།། ཡ ་ཤེས་ཞེས་བྱ་བ་ནི་མཚན་མའི་ཡེ་ཤེས་སོ།། རང་བཞིན་ཞེས་བྱ་བ་ནི་མཚན་མའི་ཡེ་ཤེས་སོ།། རང་བཞིན་ཞེས་བྱ་བ་ནི་ཐབས་ཀྱོ་ཆའོ།། སྨྲ་ཞིག་ཅེ་ནུ། ཀུན་དང་སྦྱར་བ་ཞེས་བྱ་བ་སྟེ། མཁའ་འགྲོ་མི་ཀུན་དང་སྦྱོར་བའི་རྡོ ་མཁའ་འགྲོའོ།། ཡེ་ཤེས་འབྱུང་བ་ཞེས་བྱ་བ་ལ་ཡེ་ཤེས་ནི་མཚན་མའི་ཡེ་ཤེསོ།། འབྱུང་བ་ནི་བསྟན་པའོ།། རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་སོ།། !ཤུ་རྩ་དགུ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲེའ ་རྣམ་པར་བཤད་པ་ལས་ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤད་པའོ།། །། ད་ནི་འཆི་བའི་དུས་ཀྱི་བློའི་ཁྱད་པར་བཞིན་དུ་སྐྱེ་བ་ལེན་པར་བསྟན་པའི་ཕྱིར་ཡེ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཡེ་ཤེས་ཞེས་བྱ་བ་ནི ་རྣམ་པར་ཤེས་པའོ།། ཁྱད་པར་ནི་བློའི་ཁྱད་པར་གང་དང་གང་གིས་འགྲོ་བ་ཁྱད་པར་ཅན་ཐོབ་པར་བྱེད་པའི་ཁྱད་པར་རོ།། དེ་ཡང་ཅི་འདྲི་ཞ་ན། ཡེ་ཤེས་ཐུན་མོ་བྱིན་གྱིས་བརླབས་པ་ནི་རང་གྲུབ་པའོ་ཞེས་ཟེར་རོ།། བྱེ་བྲག་གཞོན་ཇི་ལྟ ་བུ་ཞེས་བྱ་བ་ནི་བྱེ་བྲག་མ་རྟོགས་པར་རྣམ་པར་ཤེས་པ་བསྟསྣུན་པར་མི་ནུས་པས་བྱེ་བྲག་གི་ཁྱད་པར་ཉིད་གསོལ་བ་བཏབ་པ་ཡིན་ནོ།། སྔར་བསྟན་པ་བཞིན་དུ་ཡང་ཅིའི་ཕྱིར་གསོལ་བར་བྱེད་ཅེ་ན། འདི་ལ་སྔར་ནི་ཐོས་པ་ཙམ་དུ་ཟད་ཀྱི།། ་ཁྱད་པར་ངེས་པར་མ་ཟུང་ངོ་ཞེས་བྱ་བར་དགོངས་སོ།། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་བྱེ་ཟག་གསུངས་པ། ལྕི་བར་གྱུར་པ་སུམ་ཅུ་ཡིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྕི་བར་གྱུར་པ་ནི་དུས་ཀྱི་ཁྱད་པར་གྱི་མིང་ངོ་།། ཇི་སྙེད་ཅིག་ཅེ་ན། ་སུམ་ཅུ་ཡིས་ཏེ་དབུགས་རྒྱུ་བའི་གྲངས་སུམ་ཅུ་རྒྱུ་བའོ།། དགེ་དང་སྡིག་པའི་འབྲས་འབྱུང་བ། ཞེས་བྱ་བཾ་ནི་མཐོ་རིས་དང་ངན་འགྲོའི་ལུས་སོ།། གང་གིས་ཞེ་ན། ང་རྒྱལ་གྱིས་ན་བྱིན་གྱི་བརླབས་པའོ།། སེམས་ཅན་གྱིས་བྱས་པའི ་ལས་ཚོགས་ཀྱིས་ཞེས་བྱ་བ་སྟེ། དག་པ་དང་སྡིག་པའི་བདག་ཉིད་ཀྱིས་ལས་ཀྱི་ཚོགས་སེམས་ཀྱིས་བྱས་པ་ནི་དམིགས་པའི་ཁྱད་པར་རོ།། དེ་ཅི་འདྲ་ཞེ་ན། ང་རྒྱལ་གྱིས་ནི་བྱིན་གྱིས་བརླབས་པ་ཞེས་བྱ་བ་སྟེ། བློའི་བདག་ཉིད་ཀྱིས ་ཞེས་བྱ་བའི་བར་དུའོ།། དེ་དག་གིས་ནི་འདི་སྐད་དུ་གང་གི་ཚེ་འཆི་བའི་དུས་ལ་བབ་པ་ན། ལྕི་བའི་དུསུ་དབུགས་རྒྱུ་བ་སུམ་ཅུ་སྙེད་ཙམ་དུ་འོག་ནས་འབྱུང་བའི་བློ་ཁྱད་པར་རྩ་གཅིག་ཏུ་དམིགས་པར་འགྱུར་ནི། བློའི་ཁྱད་པར་བཞིན་དུ་ལྷ་ལ ་སོགས་པའི་འགྲོ་བ་ད་དང་དེར་སྐྱེ་བར་འགྱུར་རོ་ཞེས་བྱ་བར་སྟོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། བསྒོམ་པར་གྱུར་པའི་རང་རིག་པའོ།། སེམས་ནི་འགྲོ་བ་དེ་རུ་འགྲོ་ཞེས་བྱ་བ་ལ་བསྒོམ་པར་གྱུར་པ་ཞེས་བྱ་བ་ནི། ཉོན་མོངས་པའི་རྐྱེན་ཅན་གྱི ་གྱི་དམིགས་པའི་ཁྱད་པར་གྱི་ས་ལས་ཀྱི་བསྒོམས་པའོ།། རང་རིག་ཅེས་བྱ་བ་རང་གི་བསམ་པས་འགྲོ་བའོ།། འགྲོ་བ་དེ་རུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་འགྲོ་བ་ཁྱད་པར་ཅན་དུའོ།། གལ་ཏེ་རང་རིག་པའི་རླུང་དགས ་འགྲོ་བ་ཡིན་ན། ངན་འགྲོའི་འགྲོ་བ་མེད་པ་ལ་སོགས་པ་ཤིན་ཏུ་ཐལ་ཆེས་པར་འགྱུར་རོ།། ཞེ་ན། སྲིད་པའི་ཞགས་པས་རྟག་འཇིགས་པ། དེ་ཡི་འགྲོ་བ་མི་མཐོང་ངོ་ཞེས་བྱ་བ་གསུངས་ཏེ། སྲིད་པའི་ཞགས་པ་ཞེས་བྱ་བ་ནི་ལྕགས ་སྒྲོག་ལྟ་བུའི་རྣམ་པ་ལྕི་བའི་དུས་ཀྱི་འོག་ཏུ་ན་མཁའ་ལས་འཕྱང་བར་སྣང་བར་འགྱུར་ཞེས་མན་ངག་ལས་ཤེས་པར་བྱའོ།། རྟག་འཇིགས་པ་ཞེས་བྱ་བ་ནི་དེས་བློ་དམན་པ་རྣམས་ཀྱི་རྣམ་ཤེས་དཀྲུགས་ཅིང་བརྒྱལ་བར་གྱུར་པས་སོ།། ་དེའི་འགྲོ་བ་མི་མཐོང་ངོ་ཞེས་བྱ་བ་ནི་བད་འགྲོ་ལ་སོགས་པའི་དམིགས་པ་མི་དྲན་ཅིང་མཚམས་སྦྱོར་བར་མི་ནུས་པའོ།། ཡང་ན་མན་ངག་དང་བྲལ་པོ་ནི་མི་མཐོང་བའོ།། དེ་དག་གི་དོན་ནི་འདི་ཡིན་ཏེ། ཉེ་བའི་སྐྱེ་བའི་ལས་ཀྱི་བག་ཆགས་ཀྱི ་མཚམས་སྦྱོར་བ་ནི་འཆི་ཀ་མིའི་སེམས་ཀྱི་ཁྱད་པར་ཡིན་ལ། དེ་ཡང་གསུང་སྲིད་པའི་ཞགས་པ་མཐོང་བས་སེམས་དཀྲུགས་ཤིང་མྱོས་ན། རང་དགའ་དེ་བློ་དམན་པ་ཁ་ཅིག་ལ་ཇི་ལྟར་སྐྱེས་པར་འགྱུར།། རང་བཞིན་བློ་བརྟན་པ་ཁ་ཅིག ་ལ་སྐྱེས་རུང་ཡང་བླ་མའི་གདམས་ངག་དང་བྲལ་བ་ཡིན་ནོ།། འདུ་ཤེས་རྣམ་པ་ལྔ་ཞེས་བྱ་བ་ནི་ལྷའི་ལུས་ལ་སོམས་པར་དམིམས་པའོ།། ལྟ་བ་ལྔ་ཡོས་ཕ་རོལ་འགྲོ་ཞེས་བྱ་བ་ལ་ལྔ་པ་ནི་བསོད་ནམས་ལ་སོགས་པའི་བློའི་ཁྱད་པར ་ཏེང་རྒྱའོ།། དེ་ཉིད་གསུངས་པ། ལྷ་ཡེ་ཤེས་གཟའ་གསང་བར་སྟོན་ཞེས་བྱ་བ་ལ་སོགས་པ་སྟེ། གསང་བ་ནི་བསོད་ནམས་ཀྱི་བློའོ།། སྟོན་པ་ནི་ལྟ་བའོ།། ལྷ་ནི་དེས་ལྷར་སྐྱེས་པ་སྟེ། གང་གི་འཆི་ཀའི་སེམས་བསོད་ནམས་ཀྱི་རང ་བཞིན་གྱི་བློའི་ཁྱད་པར་གནས་པ་དེ་ལྟར་སྐྱེ་བར་འགྱུར་ཞེས་བྱ་བའི་དོན་ཏོ།། གཞན་དུ་ཡང་དེ་ལྟར་བལྟ་བར་བྱའོ།། ཁྲོ་བ་ཞེས་བྱ་བ་ནི་ཞུམ་ཞིང་སར་སྣའི་ང་རྒྱའོ།། འཇིགས་པས་གནོན་ཞེས་བྱ་བ་ནི་ཁྲོ་བ་དང་སྐྲག་པའི་ང་རྒྱལ་ལོ།། བླན ་པ་ཞེས་བྱ་བ་ནི་རྨོངས་ཤིང་དམན་པའི་ང་རྒྱལ་ལོ།། སེམས་མེད་པ་ཞེས་བྱ་བ་ནི་ཤིན་ཏུ་ཡང་བླུན་པའོ།། བརྟན་པ་ཞེས་བྱ་བ་ནི་གཡོགས་པ་སྟེ། ཆུ་དང་མེ་ལ་སོགས་པའི་སྲོག་ཆགས་ཤིན་ཏུ་ཕྲ་ཞིང་གཟུང་དུ་མེད་པས་སྐྱེ་བའོ།། རྒྱུའི ་ཡེ་ཤེས་རྣམ་པ་ལྔ་ཞེས་བྱ་བ་ནི། བརྟན་པ་མ་གཏོགས་པ་སྔར་བཤད་པ་རྣམ་པ་ལྔའོ།། ད་ནི་དེ་ཁོ་ན་ཉིད་བསྟན་པར་བྱ་བའི་ཕྱིར། གླེན་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གླེན་པ་ཞེས་བྱ་བ་ནི་བློ་དམན་པའོ།། བསྒྲིབ་པས་ཞེས ་བྱ་བ་ནི་སྨན་ལ་སོགས་པོས་ཤེས་པ་ཉམས་པའོ།། ལྐུགས་པ་ནི་སྨྲ་བར་མི་ནུས་པའོ།། བྱིས་པ་ནི་ཤྲད་མ་ཕྱེ་བའོ།། ཤེས་འདོད་ཤེས་པ་ཅན་ཞེས་བྱ་བ་ནི་ལོག་པའི་ངག་ཅན་རྣམས་སོ།། སེམས་ཅན་ཡོངསུ་མ་སྨིན་དང་ཞེས་བྱ་བ་ནི ་བསོད་ནམས་དང་སྡིག་པའི་རང་བཞིན་མི་ཤེས་པའོ།། བླ་མའི་ལམོ་ནི་སུན་འབྱིན་པ་ཞེས་བྱ་བ་ནི། བདེ་བར་གཤེགས་པའི་གསུངས་རབ་ལ་ཞེ་སྡང་བའོ།། ཡང་ན་ཐབས་དང་ཤེས་རབ་ཀྱི་ལམ་ལ་སྨོད་པའོ།། དེ་དག་ཀུན་གྱིས་མི་ཤེས་ཏེ ་ཞེས་བྱ་བ་ནི། དེ་དག་ནི་རྨོངས་པ་སྟེ་བརྟན་པ་ལྟར་ཡང་དག་པའི་སེམས་མེད་པའི་ཕྱིར་རོ།། ཅི་ཞིག་ཅེ་ན་མི་ཤེས་ཞེ་ན། གསང་ཆེན་སངས་རྒྱས་སྤྱོད་ཡུལ་ཏེ། ཉན་ཐོས་ལ་སོགས་པའི་ཡུལ་ལས་ཤིན་ཏུ་རིང་བར་ཞེས ་སོང་བའི་ཕྱིར་རོ།། དེ་ཉིད་མི་ཤེས་ནས་ཡེ་ཤེས་ཞེས་བྱ་བ་ལ་སོགས་པས་ཞུས་པ་ཡིན་ནོ།། ཡེ་ཤེས་དེ་ཉིད་བྱེ་བྲག་དག་ཅེས་བྱ་བ་ནི་ལན་ཏེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། དེ་ཉིད་ནི་དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་དོ།། འོ་ན་ཅིའི་ཕྱིར ་འཁོར་ཞེ་ན། ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་པ་ཡིན་ཡང་རྨོངས་པ་ཟིལ་གྱིས་མནན་ནས་གཉིསུ་མངོན་པར་ཞེན་པར་བྱས་པའི་ལས་ཀྱིས་སྤྲུལ་ཞིང་བསྐྱེད་པའི་ཕྱིར་རོ།། གང་ལས་ཤེ་ན། ཡེ་ཤེས་བྱ ་བྲག་ལས་ཏེ་ལྷན་ཅིག་སྐྱེས་པ་ལསོ།། དམན་དང་རབ་དམན་དམན་པ་ཅན་ཞེས་བྱ་བ་ལ་སོགས་པས་ནི། ལས་ཀྱི་སྤྲུལ་པའི་ཁྱད་པར་ཏེ། དམན་པ་ནི་ཡི་དགས་དཀྲེན་པའོ།། རབ་ཏུ་དམན་པ་ནཽ་འདྲན་རྣམས་སོ།། དམན་པ་ཅན་ནི་ངར་སྣབས ་ཟ་བ་ལ་སོགས་པའོ།། གྲུབ་པ་པོ་ཞེས་བྱ་བ་ནི་ལྷ་རྣམས་སོ།། གསང་བ་ཞེས་བྱ་བ་ནི་མིག་སྣང་བར་རྒྱུ་བའི་གནོད་སྦྱིན་གྱི་ཁྱད་པར་རོ།། ཡི་དགས་ཞེས་བྱ་བ་ནི་ཡི་དགས་ཁྱད་པར་ཅན་ནོ།། གསལ་བའི་གཟུགསུ་མངོན་པར་བརྗོད ་པ་ཞེས་བྱ་བ་ནི་གཟུངས་ན་སྤྱོད་པ་ལ་སོགས་པའོ།། ཕྲ་མོ་ཞེས་བྱ་བ་ནི་ཆུ་ལ་སོགས་པའི་སྐྱེ་བོ་ཕྲ་མོ་རྣམ་སོ།། སྒོ་ང་ལས་བྱུང་བ་ནི་སྒོ་ང་ལས་སྐྱེས་པའོ།། #ས་ཀྱིཀྱི་ཏན་པ་རྣམས་ནི་ཆུ་ལ་སོགས་པའི་རང་བཞིན ་གྱི་སྐྱེ་བོ་ཕྲ་མོ་གཟུང་བར་མི་ནུས་པ་རྣམས་སོ།། ཐབས་ཡེ་ཤེས་བྱིན་གྱིས་བརླབས་ཞེས་བྱ་བ་ནི་གཉིསུ་མངོན་སུམ་པར་ཞེན་པའི་ལས་ཀྱི་དབང་གིས་ལྷན་ཅིག་སྐྱེ་བའི་ཡེ་ཤེས་ཉིད་ལས་སྐྱེས་ཤིང་སྤྲུལ་པའོ།། སྣང་བ་ཐམས་ཅད་དེ་ཉིད་ཀྱི ་ཡེ་ཤེས་མེད་ན་སྐྱེ་མི་འགྱུར།། ཞེས་བྱ་བ་ནི་སྐྱེ་གནས་བཞིས་བསྡུས་པའི་སྐྱེ་བོ་ཐམས་ཅད་རང་རང་གི་རང་གི་རིག་པའི་ཡེ་ཤེས་མྱོང་བ་ལ་སྐྱེས་པའོ།། ཡང་ན་བརྟན་པ་ག་དང་གཡོ་བོའི་འགྲོ་བ་ཐམས་ཅད་རང་གི་ཡེ་ཤེས་ཙམ་གྱི ་སྣང་བ་ཡིན་ཏེ། གཞན་དུ་མི་སྣང་བར་མི་འགྱུར་སྙམ་དུ་དགོངས་པ་ཡིན་ནོ།། དེས་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་གསལ་བར་མཛད་པ་ཡིནོ།། དེ་ལྟར་འཁོར་བ་ལས་འདྲེན་པར་བྱེད་པ་ནི་གསང་སྔགས་ཀྱི་ཐེག་པ་ཉིད་ཡིན་པར་བསྟན ་པའི་ཕྱིར། སྐྱེ་བ་བྱེ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཞེས་བྱ་བ་ནི་གསང་སྔགས་ཀྱི་ཐེག་པའི་ལམོ།། ཡང་ན་གསང་སྔགས་ཀྱི་ཐེག་པ་ལ་དད་པ་ནི་སྐྱེ་བ་མང་པོར་བ་སངས་རྒྱས་ཀྱི་བྱིན་གྱིས ་བརླབས་ཤིང་དགེ་བའི་རྩཝ་བོ་སྨིན་པ་ལ་སྐྱེའི་གཞན་དུ་ནི་མ་ཡིན་ནོ་ཞེས་རྙེད་པར་དཀའ་བར་སྟོན་ཏོ།། རྣལ་འབྱོར་བསྟན་བཅོས་མཚན་མ་ཡིས་ཞེས་བྱ་བ་ནི་སྔགས་ཀྱི་ཚུལ་མོས་པསོ།། ཕྱི་རོལ་བསྟན་བཅོས་སྒྲོ་སུན་དོ་བྱུང་ཞེས་བྱ ་བ་ནི་སྒྲ་ལ་སོགས་པ་ལ་ལྟོས་པའི་ཕྱིར་རོལ་གྱི་བསྟན་བཅོས་སྤང་བའོ།། ལྷག་མ་ནི་གོ་སླའོ།། རྡོ་རྗེ་སེམས་དཔའི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའ་ནི་མི་ཕྱེད་པའི་ཤེས་པའོ།། རྣམ་པར་འཕྲུལ་པ་ནི་དེ་ལས་འགྲོ་བ་སྐུ ་སྣ་ཚོགསུ་སྣང་བའོ།། འབྱུང་བ་ནི་བ་བསྟན་པའོ།། རིམ་པར་ཕྱེ་བ་ནི་དོན་དེའི་གཞུང་གི་ཚོགས་ཏེ་སུམ་ཅུ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲེའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་པའི་རྣམ་པར ་བཤད་པའོ།། །། ད་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དང་།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲའི་རང་བཞིན་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུ་རྣལ་འབྱོར་པས་གཟུང་བར་བྱ་བའི་ཕྱིར་དེའི་ཚད་དང་མཚན་ཉིད་སྟོན ་པའི་ལེའུ་གསུངས་པ།། དེ་ནས་ཞེས་བྱ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་བསྟན་པའི་འོག་ཏུའོ།། རྡོ་རྗེ་སེམས་སོགས་ལྷ་རྣམསུ་ཞེས་བྱ་བ་ནི། རྩེ་མོ་ལ་སོགས་པ་རྡོ་རྗེ་སེམས་དཔའ་ལ་སོགས་པ ་ལྷའི་རྣམ་པར་དག་པ་སོ་སོའི་ངེས་པའོ།། རྡོ་རྗེ་དག་ནཱི་ཐམས་ཅད་ཀྱི་ཞེས་བྱ་བ་ནི་ཞི་བ་སོགས་པའི་ལུས་རྣམས་དང་འབྲེལ་བའི་རྡོ་རྗེའི་ཁྱད་པར་རྣམས་སོ།། ལེགས་པར་བརྡུང་ཞེས་བྱ་བ་ནཱི་མཚན་ཉིད་དང་ལྡན་པའོ།། ཀུན་གྱིས་ཤིན ་ཏུ་བརྒྱན་པ་ཞེས་བྱ་བ་ནི་ཆུ་སྲིན་གྱི་ཁ་ལ་སོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ།། ཡང་ནི་ཤིང་ལ་སོགས་པ་ལས་བྱས་པ་ཡིན་ན། ཚོན་རྩིས་ཁ་བསྒྱུར་བའོ།། ཆ་གསུམ་དུ་ནི་བཟུང་ནས་སུ་ཞེས་བྱ་བ་ནི་རཱི་གཉིས ་དང་ལྟེ་བའི་སྲིད་ཀྱི་ཆ་གསུམ་མཉམ་པོར་བྱ་བའོ།། ཆ་བརྒྱད་སྐེ་རགས་ཀྱིས་ནི་བརྒྱན་ཞེས་བྱ་བ་ལ་ཆ་བརྒྱད་ནི་ཡན་ལག་འབྱོས་པའོ།། སྐ་རགས་ཞེས་བྱ་བ་ནི་རྩེ་མོའི་འོག་ན་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྐ་རགས་ཀྱིས ་བསྐོར་བར་བྱ་སྟེ་ཁ་ཁྱར་ཞེས་བྱ་བར་གྲགས་པའོ།། ཡང་ན་ཆ་གསུམ་ཞེས་བྱ་བ་ནི་ཆ་གསུམ་པ་སྟེ་དབུས་ཀྱི་ལྟེ་བའོ།། སྐ་རགས་ནི་དེ་ལ་རི་མོ་གཉིས་ཀྱིས་བསྐོར་བ་སྟེ། འདིར་བའི་སྒྲ་མི་མངོན་པ་ཡིན་ནོ།། ཕྱོགས་ལ་སོགས་པ ་ཇི་བཞིན་དུ་ཞེས་བྱ་བ་ལ་ཤར་ལ་སོགས་པའི་ཕྱོགས་ན་གནས་པའི་ལྷ་རྣམས་ཀྱི་རང་རང་གི་ཕྱོགས་ཇི་ལྟ་བ་བཞིན་དུའོ།། དབུ་མ་ཉིད་དང་སངས་རྒྱས་དགུ་ཞེས་བྱ་བ་ནི། དབུས་ཀྱི་རྡོ་རྗེ་འཛིན་པ་དང་ལྷ་དགུ་སྟེ། དེ་རྣམས་ཀྱི་སོ་སོར ་རྩེ་མོ་དགུ་པ་ལ་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བར་སྦྱར་རོ།། དེ་ལ་ཤར་ལ་སོགས་པའི་ཕྱོགས་རྣམསུ། སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ན་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ་ཀུན་དུ་བཟང་པོ་དང་། འཇམ་དཔལ་དང་། བྱམས་པ་རྣམས་བལྟ་བར་བྱའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། རྩེ་མོ་དགུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྩེ་མོ་དགུ་ལྷ་དགུས་སོ་སོར་བྱིན་གྱིས་བརླབས་པར་བྱའོ་ཞེས་བྱ་བའི ་དོན་ཏོ།། ཆུ་སྲིན་ལས་ནི་འབྲང་བ་ཡིས།། རྩེ་མོ་པདྨ་ཟླ་བར་གནས།། ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལས་བྱུང་བའི་རྩེ་མོ་རྣམས་ཆུ་སྲིན་ཁ་ནས་དབྱུང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། རྩེ་དགུ་ཞེས ་བྱ་བ་ནི་ངོས་རེ་རེ་ཞིང་ངོ་།། དབུ་མ་རིང་པོ་ཉིད་ཀྱིས་སུ།། ཆ་གསུམ་གྱི་ཆ་ནི་ཚོད་དག་བྱི།། ཞེས་བྱ་བ་ནི། སྔར་ཆ་གསུམ་དུ་ནི་གཟུང་བར་བྱ། ཞེས་བྱ་བའི་བཤད་པ་ཡིན་ཏེ། རྡོ་རྗེའི་རྭ་དབུ་མོ་རཱ་གཞན་པས་ཅུང་ཟད་རིང་བ་དེའི ་ཚད་ཀྱི་ཆ་གསུམ་ཡིན་གྱི། རྭ་གཞན་གྱིས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། འདི་ནི་ཐུན་མོང་ཚད་ཡིན་ནོ་ཞེས་བྱ་བ་ནི་ཆ་མཉམ་པོ་གསུམ་དུ་བགོ་བ་འདི་ནི་རྡོ་རྗེ་ཐམས་ཅད་ཀྱི་ཚད་ཡིན་གྱི། རྩེ་དགུ་པ་འབའ་ཞིག་གི་མ ་ཡིན་པའོ།། ཡང་རྡོ་རྗེ་ཐམས་ཅད་ཀྱི་ཐུན་མོང་གི་མཚན་ཉིད་གསུངས་པ། ཀུན་གྱི་རྩེ་མོ་དབུ་མ་ཟླུམ་ཞེས་བྱ་བ་ལ་སོགས་པོ་ལ། རྩེ་དགུ་པ་ལ་སོགས་པ་ཀུན་གྱི་རྩེ་མོ་སྟེ་རཱ་དབུ་མ་ཟླུམ་པོར་བྱའོ།། ཐ་མའི་རྭ་རྣམས་ནི་མན་ངག ་ལས་གྲུ་བཞི་པར་ཞེས་པར་བྱའོ།། ཕྱོགས་སོགས་རྩེ་མོ་འདུས་པས་གནས་ཞེས་བྱ་བ་ལ་སོགས་པའི་རྭ་རྣམས་ཀྱི་རྩེ་མོ་བཀུག་ནས་རྭ་དབུ་མ་ལ་འདུད་པར་བྱའོ།། དབུས་ནི་ཟུར་བརྒྱ་དེ་དག་ཏུ་བྱ་ཞེས་བྱ་བ་ནི་རྡོ་རྗེ་དབུ་མའི ་ཆ་སྟེ་བ་གང་ཡིན་པ་དེ་ནི་ཆ་བརྒྱད་པར་བྱ་བའོ།། ཆ་བརྒྱད་པ་དེ་ཅི་འདྲ་ཞེ་ན། རོན་ཆེན་མཽ་རཀྟ་ལྟར།། དེ་ནི་ཅུང་ཟད་ཟུར་བརྒྱད་བྱ།། ཞེས་བྱ་བ་སྨོས་ཏ་གོ་སླའོ།། ཁ་ཅིག་ནི་ཚིག་རྐང་ཐ་མ་དེ་གཉིས་ཀུན་གྱི་རྩེ་མོ་དབུ་མ་ཟླུམ་ཞེས་བྱ ་འི་བཤད་པ་ཡིན་པར་འདོད་དོ།། སྟེང་ལྡོག་དང་དབུས་དག་ནི།། སོ་སོར་ཆ་ནི་དེ་གསུམ་གསུམ་འདོང་།། ཅེས་བྱ་བ་ལ། སྟེང་དང་འོག་དང་དབུས་ཞེས་བྱ་བ་ནི་སྔར་ཆ་གསུམ་དུ་གཟུང་ཞིང་བཤད་པའོ།། སོ་སོར་ཆ་ནི་གསུམ་གསུམ ་འདོད།། ཅེས་བྱ་བ་ནི་དེ་རེ་རེ་ཞིང་ཡང་ཆ་གསུམ་གསུམ་དུ་བགོས་ལ། དབུ་མའི་དབུ་མ་ཟུར་བརྒྱད་པར་བྱ་བའི་ཆ་གཉིས་པོ་ནི་མ་ཡིན་ནོ།། དེ་ཉིད་ཀྱིས་ན་དབུས་ཀྱི་ཆའི་ཚད་ལྡན་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བཞིན་དུ་རྭ ་གཉིས་ཀྱི་ཡང་སོ་སོར་དབུ་མ་གཉིས་ཅུང་ཟད་སྦོམ་པར་བྱས་ལ། ཐ་མ་ཆ་གཉིས་ནི་ཕྲ་བར་བྱའོ་ཞེས་བྱ་བ་ནི་ལྷག་མའོ།། ཡང་ན་སོར་ཞེས་བྱ་བ་ནི་ཆུང་ངུ་ལ་སོགས་པའི་དབྱེ་བ་ཀུན་ལ་སོ་ག་སོར་ལྷག་མ་ནི་སྔར་བཤད ་པ་བཞིན་སྦྱར་བར་བྱའོ།། སྟེང་གི་པདྨ་ཟླ་བ་ནི།། དྲུག་ཆ་ཀུན་ནས་ཟླུམ་པོར་བྱ།། ཞེས་བྱ་བ་ལ་དྲུག་ཆ་ཞེས་བྱ་བ་ནི་འོག་ནས་བཤད་པར་བྱའོ།། ཀུན་ནས་ཟླུམ་པོར་བྱ་ཞེས་བྱ་བ་ནི། ཟླ་བའི་སྟེང་གི་ཁ་ཁྱེར་ཏེ་དེའི་ཚད་དྲུག་ཆར ་བྱ་བའོ།། ད་དག་ལྀ་ནི་སེངྒེའི་སྣ།། ན་སི་ཕྱེད་ཙམ་དུ་མཐོང་བར་བྱ།། ཞེས་བྱ་བ་ལ་དེ་དོག་ལ་ཞེས་བྱ་བ་ནི་ཟླ་བ་ལས་བྱུང་སྐྱེས་པའོ།། སེངྒེའི་སྣ་ཞེས་བྱ་བ་ཆུ་སྲིན་གྱི་སྣའོ།། དེ་ནས་ཕྱེད་ཙམ་ཞེས་བྱ་བ་ནི་རྡོ་རྗེའི་རཱ་ལྭ་སོགས ་ཕྱིར་འཕགས་པའི་ཚད་དོ།། ད་ནི་སྔར་ཐལ་བའི་དྲུག་ཆ་བསྟན་པའི་ཕྱིར། མཆེ་བ་ཡིས་ནི་མཐར་གནས་པ། དེའི་དྲུག་ཆེ་ཞེས་བྱར་གྲགས་ཞེས་བྱ་བ་སྨོས་ཏེ། རྡོ་རྗེའི་རཱའི་ཆ་ག་ཆུ་སྲིན་གྱི་ཁོ་ནས་བྱུང་བའི་མཐའ་ནང ་དུ་ཞུམ་པ་དེའི་དྲུག་ཆར་ཤེས་པར་བྱའོ།། དེ་དག་ནི་ཐུན་མོང་གི་ཚད་དང་མཚན་ཉིད་དོ།། ད་ནི་རྩེ་དགུ་པའི་ཚད་ཉེ་བར་བསྡུ་བ་བསྟོན་པའི་ཕྱིར། ཆ་ནི་ཉི་ཤུ་རྩ་བདུན་ལ། སོ་སོ་རུ་ནི་དགུ་དགུར་འདོད།། ཅེས་བྱ་བ་གསུངས་ཏེ། ་དེ་ནི་ལ་ཆ་ནི་ཉི་ཤུ་རྩ་བདུན་ལ་ཞེས་བྱ་བ་ནི། སྔར་ཆ་དགུར་བགོས་པ་དེ་རེ་རེ་ཞིང་ཡང་གསུམ་གསུམ་དུ་བྱའོ།། ཞེས་བྱ་བའི་དོན་ཏོ།། ངོས་ཅི་ཞིག་བྱ་ཞེ་ན། རཱ་སོ་སོའི་ཆ་དྲུག་དྲུག་པར་བརྩེ་མོའི་ཆ་གསུམ་གསུམ་པོ ་རིམ་གྱིས་ཕྲ་བར་བྱའོ་ཞེས་བྱ་བ་ནི་མན་ངག་གི་ས་སར་ནཱི་དགུ་དགུར་འདོད་\ུ0f7fསྱཱ་བྱའོ།། ངོས་གཉིས་ཀྭའི་རྩེ་མོ་དག་དགུ་བཅོ་བརྒྱད་དུ་བྱ་བའོ།། ཆུ་གསུམ་བླ་མའི་མཐའ་མཱན་ཞེས་བྱ་བ་འདི་ནི་ཡང་ཐུན་མང་གི་མཚན་ཉིད་སྟན་ཏྲ། ་ཡིན་ཏེ། རྩེ་མོ་རེ་རེ་ཞིང་ཡང་ན་དགུ་དགུར་བགོས་པའི་རྩེ་མོའི་ངོས་ཀྱི་ཆ་གསུམ་ནི་བླ་མའི་མཐའ་མ་སྟེ། རིམ་གྱིས་ཕྲ་བར་འདོད་ཅེས་བྱའོ་ཞེས་བྱ་བོ་ལྷག་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་སྟེང་གི་ཆ་གཉིས་སྤངས་ནས་ནི་ཞེས་བྱ་བ་གསུངས་ཏེ། སྟེང ་རྭ་རྣམས་སོ།། ཆ་གཉིས་ནི་ལྟེ་བར་དད་འབྲེལ་པའི་ཆ་དྲུག་གོ།། དབུས་ཀྱི་མཐའ་ཡང་དེ་བཞིན་ནོ།། ཞེས་བྱ་བ་ནི། རྭ་དབུ་མ་ཟླུམ་པོའི་རྩེ་མོ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ།། འདབ་མ་ལ་ནི་གང་གནས་པའི།། ཆུ་སྲིན་ཆ་གཅོག་ཉིད་ཡོན་ཏཱ་ཞེས་བྱ ་བ་ལ། འདབ་མ་ལ་ནི་གང་གནས་པ་ཞེས་བྱ་བ་ནི། པདྨའི་སྟེང་གི་ཟླ་བ་ལས་བྱུང་བའི་ཕྱི་རོལ་གྱི་རྭ་རྣམས་ཏེ་འདབ་མའི་ཆ་ལ་གནས་པའི་ཕྱིར་རོ།། ཆུ་སྲིན་ཆ་གཅིག་ཉིད་ཡིན་ཏཱཾ་ཞེས་བྱ་བ་ནི་ཆུ་སྲིན་དཔངས་རཱ་དེའི་རྩ་བའི་བཞི་ཆར་བྱའོ།། དེའི་ཕྱུང་དུ ་སྐ་རག་ས་འདོད་ཅེས་བྱ་བ་ནི་ལྟེ་བའི་སྐ་རགས་སོ།། རྡོ་རྗེ་ཀུན་ལ་བློ་ལྡན་པས།། ཆུ་དང་ཞང་ནི་མཉམ་པོར་བྱ་ཞེས་བྱ་བ་ལ་རྡོ་རྗེ་ཀུན་ནི་རྡོ་རྗེ་ཀུན་ནི་རྡོ་རྗེ་ཀུན་ཐམས་ཅད་ཀྱི་ཐུན་མོང་དུ་བྱའོ།། ཞོང་ཞེས་བྱ་བ་ནི་རཱི་གཉིས་ཀྱི་ཆ་ཀུནི་ནས་བསྐོལ་བ་ཏེ།། ་དེ་དང་ཆུར་མཉམ་པོར་བྱ་བའོ།། བློ་ལྡན་ནི་ཤེས་རབ་དང་ལྡན་པའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆ་ལ་སོགས་པ་སྔོན་དུ་ནི། ཇི་ལྟར་བསྟན་བཞིན་ལྡན་པར་བྱ་ཞེས་བྱ་བ་ནི། རྒྱུད་འདི་ཉིད་ཀྱི་སྔར་བསྟན་པ་དང་གཞན་དག་ཏུ་བསྟན་པ་ཡང ་བསྡུ་བར་བྱའོ།། དེ་ལ་རྡོ་རྗེ་ཀུན་གྱི་ཚད་ནི་འདིར་གསལ་པོར་མ་གསུངས་ཏེ། འོག་ནས་དྲིལ་བུའི་ཚད་སོར་དྲུག་གནས་སོར་ཉི་ཤུའི་བར་དུ་བསྟན་པ་ཉིད་ཀྱིས་རྡོ་རྗེའི་ཚད་ཀྱང་ཤེས་པར་བྱའོ།། ཁ་ཅིག་ནི་ཇི་ལྟར་འདོད་པ་བཞིན་དུ་བྱའོ་ཞེས་ཟེར ་རོ།། དམ་ཚིག་རྡོ་རྗེ་ཞེས་བྱ་བ་ལ་དམ་ཚིག་ནི་དེ་བཞིན་གཤེགས་པ་ལྔའོ།། དེ་དགྱུངས་མཉམ་པའི་རྡོ་རྗེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཀུན་གྱི་དབུས་སུ་རྣམ་པར་སྣང་སྟེ་ཞེས་བྱ་བ་ལ་སོགས་པ ་སྟེང་གི་ཆའི་རྭ་རྣམ་པ་ལྔ་དེ་བཞིན་གཤེགས་པ་ལྔས་སྦྱང་བ་བསྟན་པ་ཡིན་ཏེ་གོ་སླའོ།། འོག་གི་ཆའི་རཱི་ཝཱ་ནི་འོག་ནས་བཤད་པར་བྱའོ།། རྭ་དགུ་པ་ལིཾ་ཡང་ཡེ་ཤེས་ལྔ་རྣམ་པར་དག་པ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་དོན ་གྱིས་ཤེས་པར་བྱའོ།། པདྨ་ཞེས་བྱ་བ་ལ་སོགས་པ་ལ། ས་ཤེས་བྱ་བ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་བརྒྱད་དོ།། གནོད་སྦྱིན་བདག་ཅེས་བྱ་བ་ནི་ཕྱག་ན་རྡོ་རྗེའོ།། ལྷག་མ་ནི་གོ་སླའོ།། དབུས་ཞེས་བྱ་བ་ནི་ལྕི་བ་ལའོ།། ཡེ་ཤེས ་སེམས་དཔའ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའོ།། བཅུ་གསུམ་ཞེས་བྱ་བ་ནི་སྣུམ་ཅུ་པའི་ལྷ་རྣམས་ཏེ། དེ་དག་ཀྱང་འདིར་ཐིམ་པར་བསྒོམ་པར་བྱའོ།། གཞན་ཡང་འདབ་མ་བརྒྱད་ཅེས་བྱ་བ་ལ་སོགས་པས་ནི། འོག་གི་ཆའི་པདྨའི་འདབ་མ་དང ་རྡོ་རྗེའི་རྩེ་མོ་རྣམས་སྦྱང་བ་སྟོན་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་གསུངས་པ། རྡོ་རྗེ་ལྕགས་ཀྱི་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། རྩེ་མོ་རྣམས་ཀྱི་གསུངས་པ་རྩེ་མོ་དག་ནི་རྣམ་པ་ལྔ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་གི་དོན་ཡང་གསལ།། ་དབུས་སུ་ཡོ་ཤས་མཁའ་འགྲོ་མཱ་ཞེས་བྱ་བ་མྦཱ་རཱ་དབུས་མཱ་ཡ་ཤེས་མཁའ་འགྲོ་མས་བྱིན་གྱིས་བརླབས་པའོ།། ཅེ་དགུ་པའི་ཕྱོགས་ལ་ཡང་འོག་གཱི་ཪྵ་རྣམས་ཕུང་པོ་ལྔ་དག་པའི་རང་བཞིན་དུ་སྦྱར་བར་བྱའོ།། དམ་ཚིག་རྔརྗེ ་བསྒོམ་པར་བྱ་ཞེས་བྱ་བ་ལ། མི་འདའ་བའི་དོན་གྱིས་ན་དམ་ཚིག་སྟེ། ཅི་ཞིག་ཅེ་ན། རྡོ་རྗེ་སྟེ་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་དོ།། བསྒོམ་པ་ནི་དེར་ལྷག་པར་མོས་པར་བྱའོ།། རྣམ་པ་གཞན་དུ་གསུངས་པ། འདུག་པ་རྡོ་རྗེ་རྩེ་གསུམ་སྟེ།། ཞེས་བྱ ་བ་ལ་སོགས་པ་སྟེ་གོ་སླའོ།། ལྷག་མ་ངེས་པར་འདུལ་བྱེད་པ།། ཞེས་བྱ་བ་ལྷག་མུ་ཞེས་བྱ་བ་ནི་ཡང་རྩེ་གསུམ་པའི་ངེས་པར་འདུལ་བ་ཞེས་བྱ་བ་ནི་ལྷ་མ་ཡིན་འཇོམས་པ་སྟེ་དེ་ནི་དེའི་ཕྱིར་བྱའོ།། ཞི་ལ་ཞི་བའི་ལྷ་ཉིད་དེ་ཞེས་བྱ་བ་ལ་ནི ་བ་ནི་དྲག་པོའི་རྡོ་རྗེ་གདེངས་པོ་ལས་ལྟོས་ནས་ཁ་ཟླུམ་པའི་རྡོ་རྗེའོ།། ཞི་བའི་ལྷ་ཉིད་ཅེས་བྱ་བ་མི་ཞི་བའི་ལྷའི་བསྒྲུབ་པའོ།། རིགས་ཀྱི་རིམ་པའི་ཆོ་གས་དབྱེ་ཞེས་བྱ་བ་ནི། ཞི་བ་དང་ཁྲོ་བ་ལ་སོགས་པའི་ལྷའི་དབྱེ་བས་རྡོ་རྗེའི་ཁྱད་པར་གྱིས ་སོ་སོར་བསྒྲུབས་ན། བྱ་བ་ཐམས་ཅད་ཅེས་བྱ་བ་ཞི་བ་ལ་སོགས་པའི་ལས་བྱེད་པ་སྟེ། འགྲུབ་པར་འགྱུར་ཞེས་བྱ་བའི་དོན་ཏོ།། ད་ནི་རྒྱན་གྱི་མཚན་ཉིད་ཀྱི་རྡོ་རྗེ་གསུངས་པ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཆ་ཞེས་བྱ་བ་ནི་སོར་མོམ ་ལྷག་མ་ནི་གོ་སླ་བས་མ་ཕྱེའོ།། དེ་ལྟར་རྡོ་རྗེའི་དེ་ཁོ་ན་ཉིད་བསྟན་ནས། ད་ནི་དྲིལ་བུའི་མཚན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དབུས་ཀྱི་ཁོག་པ་ཞེས་བྱ་བ་ནི་ནང་གི་བུ་ག་སྟེ་ཡངས་པར་བྱ་ཞེས་བྱ་བ་ནི་ལྷག་མ་ཡིན། ་དེས་ཅིར་འགྱུར་ཞེ་ན། ཟབ་པ་ཞེས་བྱ་བ་གསུངས་ཏེ། སྒྲ་བསྟན་ཅིང་ཟབ་ལ་རིང་བར་འགྱུར་བའོ།། ཐམས་ཅད་དགའ་བྱེད་བཅུད་ཀྱིས་གནས་ཞེས་བྱ་བ་ནི། ཐམས་ཅད་དུ་དགའ་བ་བསྐྱེད་པར་བྱའོ།། གཞུང་ཁ་ཅིག་ལས་ཐམས་ཅད་དུ་ན ་དགའ་བའི་མཆོག་ཅེས་འབྱུང་སྟེ། དེའི་དོན་ཡང་འདི་ཉིད་ཡིན་པར་བལྟ་བར་བྱའོ།། པདྨ་ཞེས་བྱ་བ་ལ་སོགས་པས་ནི་རྩེ་མོ་དགུ་པའི་དྲིལ་བུའི་མཚན་ཉིད་བསྟན་པ་ཡིན་ཏེ། དྲིལ་བུའི་ཁོག་པའི་སྟེང་ན་ཤེས་རབ་ཀྱི་ཞལ་གནས་པའི ་འོག་གི་ཉེ་འཁོར་དུ་པདྨ་འདབ་མ་བརྒྱད་པ་བྱས་ལ། དེར་ལྷ་མོ་བརྒྱད་བསམ་པར་བྱའོ་ཞེས་བྱ་བ་དོན་ཏོ།། དེའི་སྟེང་དུ་ཞེས་བྱ་བ་ནི་པདྨ་འདབ་མ་རྒྱད་པའི་སྟེང་དུའོ།། ལྷ་མོ་ཞེས་བྱ་བ་ནི་བསམ་པར་བྱ་བ་དང་འབྲེལ་ཏོ།། ཅི་ལས་ཤེ་ན། ས ་བོན་པ་རྒྱད་ལས་ཏེ་ཏ་མ་ལ་སོགས་པའི་ས་བོན་བརྒྱད་བཀོད་པ་ལསོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཤར་ཕྱོགས་ཞེས་བྱ་བ་ལ་སོགས་པ་ལ། མདོག་མཛེས་ཞེས་བྱ་བ་ནི་ལྷ་མི་ནོར་རྒྱན་མའོ།། སྦྲང་རྩི་ཞེས་བྱ་བ་ནི་སྐུལ་བྱེད་མའོ།། ་ཡིད་འོང་མ་ཞེས་བྱ་བ་ནི་ཁྲོ་གཉེར་མའོ།། རིན་ཆེན་འཁྱིལ་མ་ཞེས་བྱ་བ་ནི། དོན་ཇི་ལྟོ་བ་བཞིན་གྱི་མིང་ངོ་།། ན་མཁའི་ཕྱོགས་ཞེས་བྱ་བ་ནི་སྙིང་པོ་ལ་བྱའོ།། ནམ་མཁའ་ཉིད་ནི་མ་ཡིན་ནོ།། གཟུགས་རྫོགས་བསྐོར་བས་ཡང་དག་གནས ་ཞེས་བྱ་བ་ནི་ཡེ་ཤེས་བདུད་རྩིའི་བུམ་པའི་རྩ་བར་རི་མོ་གསུམ་གྱིས་བསྐོར་བའོ།། པདྨ་རྒྱས་པ་ལྔ་བུའི་དབྱིབས་ཞེས་བྱ་བ་ནི་ཁོག་པའི་དབྱིབས་སོ།། གཟུགས་མེད་སྲིད་པའི་ཕྱོགསུ་ནི་ཞེས་བྱ་བ་ནི་པདྨ་འདབ་མ་བརྒྱད་དང་རི་མོ ་གསུམ་གྱི་སྟེང་གི་དབྱིག་པའི་རྩ་བའི་ཆའོ།། དེ་ཅི་འདྲ་ཞེ་ན། ཡེ་ཤེས་བདུད་རྩིའི་བུམ་པ་འདྲ་ཞེས་བྱ་སྟེ། བདུད་རྩིའི་བུམ་པའི་དབྱིབས་ལྟ་བུའོ།། ཤེས་རབ་བདུད་རྩིའི་གནས་ཡིན་ཏེ་ཞེས་བྱ་བ་ལ་ཤེས་རབ་དང་ཡེ་ཤེས ་ཉིད་བདུད་རྩི་སྟེ་དེའི་གནས་དང་རྟེན་དུ་གྱུར་པའོ།། དེས་ན་བུམ་པའི་སྟེང་དུ་གྱུར་པའོ།། དེས་ན་བུམ་པའི་སྟེང་དུ་ཤེས་རབ་ཀྱི་ཞལ་དབྱུང་ངོ་ཞེས་བྱ་བར་སྟོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དེའི་དབུས་ཀྱི་བསྟན་ལ་ནི་ཞེས་བྱ་བ་གསུངས་ཏེ། ཤྲེ ་རབ་ཀྱི་ཞལ་བྲིའོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། དེ་ནི་འོག་ནས་སྟོན་མོད་ཀྱི་འདིར་སྨོས་པ་ནི་ཚིགས་མེད་པར་བྱ་བའི་ཕྱིར་རོ།། དབུ་ས་ཀྱི་དབྱུག་པ་ཞེས་བྱ་བ་ནི་དྲིལ་བུའི་ལྕེ་དང་སྟེང་གི་དབྱུག་པ་གཉི་ག་ག་གཟུང་བར་བྱ་བའོ།། ཡེ་ཤེས ་ཞེས་བྱ་བ་གཉི་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་དུ་གྲགས་པའོ།། ཨོཾ་ལྟར་མཆོག་ནི་སྩོལ་བར་གྲུབ་ཞེས་བྱ་བ་ནི། དེ་ལྟ་བུའི་དྲིལ་བུ་དེ་ཨོཾ་ཝཱར་བཀྲ་ཤཱིས་པར་བྱེད་པའི་ཕྱིར་རོ།། ཡེ་ཤྲཱིས་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་འཛིན་ཆེན་པོའོ།། དེ ་བཞིན་ནོ་ཞེས་བྱ་བ་ནི་རྩེ་དགུ་པའི་དྲིལ་བུ་ནི་རྡོ་རྗེ་འཛིན་པ་སྟེ། རྡོ་རྗེ་འཛིན་མ་ཞེས་བྱ་བའི་བར་དུའོ།། བདུད་རྩིའི་གནས་ཀྱི་དབུ་སུ་ནི། ལྷ་མོ་ཡི་ནཽ་ཞལ་གཅིག་བྲི།། ཤེས་རབ་ཕ་རོལ་ཕྱིན་མའོ་ཞེས་བྱ་བ་ལ། བདུད་རྩིའི་གནས་ནི་བུམ་པའོ།། ་གཅིག་ནི་གཉིས་སུ་མེད་པ་སྟེ། འདིས་ནི་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་ལས་བྱུང་ཞེས་བྱ་བར་སྟོན་ཏོ།། གཟུགས་མཛེས་བསྐོར་བས་ཡང་དག་གནས་ཞེས་བྱ་བ་ནི། སྔ་མ་ལྟར་ཤེས་རབ་ཀྱི་སྟེང་དུ་སྐ་རགས་ཀྱིས ་བསྐོར་བས་མཛེས་པར་བྱའོ་ཞེས་བྱ་བའི་དོན་ཏོ།། སྟེང་གི་པདྨ་དང་རྡོ་རྗེ་ནི་ཞེས་བྱ་བ་ནི་དེའི་སྟེང་དུ་པདྨ་དང་ཟླས་པ་དང་རྡོ་རྗེ་རྩེ་མོ་རྣམས་སྔ་མ་ལྟར་བྱ་བའོ།། སྔ་མ་བཞིན་དུ་བསམ་པར་བྱ་ཞེས་བྱ་བ་ནི་དེ་དག་ལྷ་རྣམས་ཀྱིས་སྦྱང་བ་སྔར་བསྟན་པ ་བཞིན་དུ་བྱ་བའོ།། དབུས་ཀྱི་ཡེ་ཤེས་དབྱུག་པ་སྟེ། ཆ་བརྒྱད་ཀྱིས་ནི་མཛེས་པར་བྱ་ཞེས་བྱ་བ་ནི། རྩེ་མོ་དགུ་པར་བྱ་བའོ།། ཡང་ན་དབུས་ཀྱི་རྩེ་མོ་ཟླུམ་པོ་ཆེ་བརྒྱད་དུ་བྱ་བའོ།། ད་ནི་རྡོ་རྗེ་མཁའ་འགྲོའི་དྲིལ་བུ་གསུངས་ཏེ། དེ་ནས་དཔའ ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། ད་ནྀ་དེ་བཞིན་གཤེགས་པའི་དྲིལ་བུའི་མཚན་ཉིད་བཤད་པར་བྱ་བོ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ལྔའི་བདག་ཉིད་ཅན་གྱི་དྲིལ་བུའོ།། འཁར་བ་ལས་བྱུང་ཞེས་བྱ་བ་ནི ་ཐུན་མོང་དུ་བལྟ་བར་བྱའོ།། དེ་ཉིད་ཀྱིས། ཀུན་ལ་འཁར་བ་འམ་ཡང་ན་ལྕགས་ཀྱི་གསུམ་ལས་བྱུང་བ་དྲིལ་བུཾ་སྟེ་ཞེས་བྱ་བ་སྨོས་སོ།། ད་ནི་དྲིལ་བུའི་ཚད་གསུངས་པ་སོར་བརྒྱད་ཅེས་བྱ་བ་ལ་སོགས་པ་སྟེ། སོར་ལྔ་མོན་ཆད་སྤོང་བར ་བྱན་སོར་དུག་ལས་ཆུང་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ།། ཁ་ཡང་ཆོ་གའི་རིམ་པ་བཞིན་ཞེས་བྱ་བ་ནི། དཀྱུས་དང་ཞིང་གི་ཚང་རྗེས་མཐུན་པར་བྱ་བའོ།། དེ་ཉིད་ཀྱིས་ནི་རྡོ་རྗེའི་ཚད་ཀྱང་ཤེས་པར་བྱའོ།། ལྷག་མ་ནི་གོ་སླ་བས་རྣམ་པར་མ་ཕྱེའོ།། ་རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་དང་ཞེས་བྱ་བ་ལ་སོགས་པ་ལ་མཚན་ཉིད་ནི་པདྨ་དང་ཟླ་བ་ལྀ་སོགས་པ་དང་ལྡན་པའོ།། ཚད་ནི་ཆ་གསུམ་དང་སོར་ཉི་ཤུ་ལ་སོགས་པ་དང་ལྡན་པའོ།། ཆོ་ག་ནི་གསལ་བར་བྱས་པའོ།། རིམ་པར་ཕྱེ་བ་ནི ་གཟུང་ག་ཆགས་ཏེ་སྲམ་ཅུ་རྩཝ་གཅིག་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པཱར་བ་ཤང་པ་ལས་ལྕེའུ་སུམ་ཅུ་གཅིག་པའི་རྣམ་པར་བཤང་དུལ།། ། དེ་ལྟར་བུརརྡོརྗེདང་དཱི་ལ་དྷཱ་ས?་ཟླན ་དཔོན་གྱིས་གཟུང་བར་བྱས་པ་ཡིན་པས་སཾ་དེའི་མཚན་ཉིད་སྟོན་པར་བྱེད་པའི་ལེའུ་གསུངས་པ།། རྡོ་རྗེ་སློབ་དཔོན་མཚན་ཉིད་ནི་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་ཞེས་བྱ་བ་ནི་གཉི་སུ་མེད་པའི་ཡེ་ཤེས་ཏེ་མྲྀ་ཕྱེད་པའི་ཕྱིར་རོ།། དེར་གཉིས ་མེད་པའི་ཡེ་ཤེས་རྣམ་པར་དག་པའི་རྡོ་རྗེ་དང་དྲིལ་བུས་སྤྱོད་པས་ན་སློབ་དཔོན་ནོ།། མཚན་ཉིད་ནི་སློབ་དཔོན་དུ་འོས་པའི་རང་བཞིན་ནོ།། དེ་གང་ཞེ་ན། དུལ་ཞིང་ཞེས་བྱ་བོ་ལ་སོགས་པ་ལ་དུལ་བ་ཞེས་བྱ་བ་ནི་དབང་པོ་དུལ་བའོ།། ཆ་ལུགས ་མཛེས་པ་ཞེས་བྱ་བ་ནི་རྗེསུ་མཚམ་པའི་སྤྱོད་པ་དང་ལྡན་པ་སྟེ། གནས་སྐབས་གང་དུ་གང་གིས་དུལ་བར་འགྱུར་བའི་སྤྱོད་པ་རྗེསུ་འཇུག་པའོ།། སེམས་ཅན་ཀུན་ལོ་མི་འཇིགས་སྦྱིན་ཞེས་བྱ་བ་ནི་བྱམས་པ་བསྒོམས་པར་བྱེད་པ་ལྟ། ་སྔགས་དང་རྒྱུད་ཀྱི་སྦྱོར་བ་ཞེས་བྱ་བ་ལ་སྔགས་ན་རྐང་པ་བརྒྱད་པ་ལ་སོགས་པའོ།། རྒྱུད་ནི་སྨན་རྣམས་སོ།། སྦྱོར་པོ་ནི་བྱ་བའོ།། ཤེས་པ་ནི་མཁས་པའོ།། རྣལ་འབྱོར་བཟོ་བའི་ཆ་ལ་མཁས། པཽ་ཞེས་བྱ་བ་ནི་དཀྱིལ་ལོ་ཁོར་འབྲིབ ་ལ་སོགས་པའི་བྱ་བ་ལ་བཟོ་བའོ།། ཐམས་ཅད་དུ་ནི་འཇམ་པོར་སྨྲ་ཞེས་བྱ་བ་ནི། དགྲ་དང་ཟུན་དང་བརླ་རྣམས་ལ་འཇམ་པོ་སྟེ་མཉེན་པར་སྨྲ་བའོ།། སེམས་ཅན་ཀུན་ལ་བུ་བཞིན་བལྟ་ཞེས་བྱ་བ་ནི། ཇི་ལྟར་བུ་རྣམས་ལ་ཕ་རིམ ་གྲྀ་བྱེད་པ་ལྟར་སེམས་ཅན་ཐམས་ཅད་ལ་རིམ་གྲོ་བྱེད་པ་འམ། ཡང་ན་སེམས་ཅན་ཐམས་ཅད་ལ་བུ་ལྟར་སྡུག་པར་བལྟ་བའོ།། བསམ་གཏན་སྦྱོར་བ་ལ་མངོན་པར་བརྩོན་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་ཉེ་བར་སྦྱོར་བའི་ཏིང་ངེ་འཛིན་ལ་ཡང ་དཱང་ཡང་དུ་ནན་ཏན་བྱེད་པའོ།། རྟག་ཏུ་མཉམ་པའི་སེམས་བསྐྱེད་པ་ཞེས་བྱ་བ་ནི་བཏང་སྙོམས་ཚད་མེད་པ་དང་ལྡན་པར་སྟོན་པའོ།། སེམས་ཅན་རྣམས་ཀྱི་མགོན་སྐབས་ཏེ་ཞེས་བྱ་བ་ནི་སྡུག་བསྔལ་ལས་འདྲེན་པའི་ལམ་སྟོན་པའི ་ཕྱིར་རོ།། སེམས་ཅན་བསམ་པའི་བྱེ་བྲག་མཁས་ཞེས་བྱ་བ་ནི་བྱ་བ་ཅུང་ཟད་ཙམ་གྱིས་སོ་སོའི་བསམ་པའི་ཁྱད་པར་རྟོགས་པར་ནུས་པ་དེ་བག་རྣོ་བའོ།། མགོན་མེད་རྣམས་ལོ་གཉེན་ལྟར་བརྩེ་ཞེས་བྱ་བ་ནི་སེམས་ཅན་དམན་ཞིང ་སྡུག་བསྔལ་གྱིས་གཙེས་པ་རྣམས་ལ་ལྷག་པར་ཡོང་བརྩེ་བའོ།། དེ་ལྟར་གསུངས་པ། བུ་ནི་ནད་པ་ཡིན་ལ།། མ་ནི་ལྷག་པར་གདུང་བར་འགྱུར།། དེ་བཞིན་སེམས་ཅན་དམན་པ་ལ།། བྱང་ཆུབ་སེམས་དཔའ་ལྷག་པར་བརྩེ། ་ཞེས་སོ།། མཛའ་སྡུག་གིས་ནི་ལེགས་པར་བལྟ་ཞེས་བྱ་བ་ལ། སེམས་ཅན་རྣམས་ལ་ཕན་འདོགས་པའི་བསམ་པས་མཐུན་ཞིང་འཛེམ་པར་བལྟ་བ་དེ་ནི་མཛའ་སྡུག་གིས་བལྟ་བ་སྟེ། དེ་ཉིད་ལེགས་པ་སྟེ་དགེ་བ་ཡིན།། ་སྔགས་ཀྱི་ཚུལ་ལ་ཤིན་ཏུ་གོམས་ཞེས་བྱ་བ་ནི་སྔགས་ཀྱི་ལམ་གྱི་མན་ངག་རྣམས་ལ་ཐོགས་པ་མེད་པའོ།། དམ་ཚིག་སྤྱོད་ལ་རབ་ཏུ་གུས། ཞེས་བྱ་བ་ནི་སྦ་བར་བྱ་བ་རྣམས་སྦེད་པའོ།། ཕྱག་རྒྱ་ནི་མཚན་མའི་ཕྱག་རྒྱའོ།། མི་ཕྱེད ་གནས་ཞེས་བྱ་བ་ནི། ཕྱེད་པ་ནི་དམན་པའོ།། དེ་ལས་བཟློག་པ་ནི་མི་ཕྱེད་གནས་ཏེ་དགེ་བའི་ལམ་ལ་མངོན་པར་སྤྲོ་བའོ།། གཉིས་མེད་ཅེས་བྱ་བ་ནི་ཐེ་ཚོམ་དང་བྲལ་བའོ།། སྔགས་ཀྱི་འཁོར་ལོ་སྤྱོད་ལ་གུས་ཞེས་བྱ་བ་ལ། སྔགས ་ཀྱི་འཁོར་ལོ་ནི་ལྷའི་དཀྱིལ་འཁོར་གྱི་འཁོར་ལོའོ།། སྤྱོད་པ་ནི་སྤྲུལ་པའོ།། གུས་པ་ནི་གོ་རིམས་ལ་མཁས་པའོ།། དབང་བསྐུར་དོན་གྱིས་ཡོན་ཏན་འབྱུང་ཞེས་བྱ་བ་ལ། དབང་བསྐུར་བ་ཉིད་གོམས་པར་བྱས་ན་ཡོན་ཏན་ཏེ། དོན་ནི་དེའི ་དོན་དུ་གཉེར་ཞིང་ལེན་པའོ།། འབྱུང་བ་ནི་གནས་ཏེ་བླ་མ་བརྒྱུད་པའི་རིམ་གྱིས་དབང་བསྐུར་བའོ།། དེ་ཉིད་བཅུ་ནི་ཡོངསུ་ཤེས་ཞེས་བྱ་བ་ལ། དེ་ཉིད་བཅུ་ནི་དཀྱིལ་འཁོར་དང་། ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་། ཀ་ར་ན་དང་། འདུག་སྟངས་དང་། ་བཟླས་པ་དང་། སྦྱིན་སྲེག་དང་། མཆོད་པ་དང་། ལས་ཀྱི་སྦྱོར་བ་དང་། ཉེ་བར་བསྡུ་བ་སྟེ་བྱ་བ་དེ་དག་ལ་མཁས་པའོ།། དེ་ལྟར་གྱུར་པའི་སློབ་དཔོན་གྱི་སྐུ་ལ་སོགས་པ་ལ་ཇི་ལྟར་བལྟ་བར་བྱ་བ་དེ་བསྟན་པའི་ཕྱིར། གསོལ་པ་ཞེས་བྱ་བ ་ལ་སོགས་པ་སྨོས་ཏེ་སངས་རྒྱས་ཀུན་ཞེས་བྱ་བ་ནི་རྡོ་རྗེ་འཛིན་པའོ།། ཡན་ལག་བྱང་ཆུབ་སེམས་དཔའ་སྟེ་ཞེས་བྱ་བ་ནི་མིག་དང་ལག་པ་ལ་སོགས་པའི་ཡན་ལག་རྣམས་སའི་སྙིང་པོ་ལ་སོགས་པར་བལྟའོ།། དགྲ་བཅོམ་ཞེས་བྱ ་བ་ནི་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་པོ་རྣམས་སོ།། རིགས་ལྔ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ།། འཇིག་རྟེན་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའོ།། སློབ་དཔོན་གྱི་ལུས་ལ་དེ་ལྟར་ཡོན་ཏན་ཐམས་ཅད་ཀྱི་རང་བཞིན་གྱི ་སྐུར་བལྟ་བར་བྱ་བའི་ཕྱིར། དེ་ལྟར་བྱ་བ་ལ་སོགས་པ་གསུངས་སོ།། དེ་ལྟར་མཚན་ཉིད་ཤེས་པར་བྱས་ལ། ཡེ་ཤེས་དོན་དུ་གཉེར་བའི་རྣལ་འབྱོར་པས་རྟག་ཏུ་བསྟན་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར།། ཇི་ལྟར་མཚན་ཉིད་དང་ལྡན་པའོ།། ཡེ་ཤེས ་ཅན་གྱི་མཚན་ཤེས་ནས། དེ་ལྟའི་བླ་མ་འབད་དེ་བསྟན་ཞེས་གསུངས་སོ།། བླ་མར་མི་རུང་བའི་མཚན་ཉིད་གསུངས་པ། གང་ཡང་ཞེས་བྱ་བ་ལ་སོགས་པ་ལ་ཁྲོ་བ་ཞེས་བྱ་བ་ནི་འཕྲལ་དུ་གསེལ་གནོད་པ་བྱེད་པ་ལས་གནས་ཏེ་སེམས ་ཀྱིས་ཀུན་ནས་མནར་སེམས་པའོ།། སྒྱུ་ཞེས་བྱ་བ་ནི་སྡོག་པ་མཁྱུད་པའོ།། ངག་ནི་ཤིན་ཏུ་རྩུ་གཱ་དང་ཞེས་བྱ་བ་ནི་གཞན་ལ་གནོད་པར་འགྱུར་བའི་ཚིག་དང་ལྡན་པའོ།། ཡོན་ཏན་དག་གིས་ཆོག་ཤེས་པ་ཞེས་བྱ་བ་ནི་རིགས་དང་ནོར་ལ་སོགས ་པས་དྲེགས་ནས་དམན་པའི་གནས་ལས་ཡོན་ཏན་མཐོང་ཡང་མི་ལེན་པའོ།། ད་ནི་སློབ་དཔོནི་མའི་མཚོན་ཉིད་གསུངས་པ།། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཁྲོ་དང་བཅས་ཞེས་བྱ་བ་ནི་སྤྲོ་ཐུང་བ་དང་གནོད་པ་སེམས་པ་སྟེ་ཞེས་བྱ ་བ་དྲི་བ་དྲིན་དུ་མི་གཟོ་བའོ།། རྟོག་གེར་གུས་ཞེས་བྱ་བ་ནི་ཚད་མའི་བསྟན་བཅོས་ལ་གུས་པ་འམ། འཇིག་རྟེན་པའི་བསྟན་བཅོས་དོན་ཏུ་གཉེར་བའོ།། ན་སོ་དག་ནི་ཡོལ་བ་དང་ཞེས་བྱ་བ་ནི་ལུས་རྙིང་པ་སྟེ་ཁུ་བ་འབྱིན་མི་ནུས་པའོ།། ཞན་དང ་ཆགས་པས་བཅིངས་པ་ལ་ཞེས་བྱ་བ་ནི་ཞེན་པ་ནི་སེར་སྣ་ཆེ་བའོ།། ཆགས་པས་བཅིངས་པ་ནི་མ་ནིང་སྟེ་དེ་དག་ལ་བསྟན་པར་མི་བྱ་བའོ།། ཅི་ཞིག་ཅེ་ན། རིན་ཐང་མེད་པའི་རིན་ཆེན་ཏེ། དེ་ཁོ་ན་ཉིད་ཀྱི་རིན་པོ་ཆེ་གང་ལ་རིན་གྱི་ཚད་བཟུང་མེད ་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། གསང་བའི་དབང་བསྐུར་བ་ལ་སོགས་པ་མི་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ།། འོ་ན་སུ་ལ་སྦྱིན་པར་བྱ་ཞེ་ན། སྣོད་གསུངས་པ། གང་ཡང་ཞེས་བྱ་བ་ལ་སོགས་པ་ལ། ང་རྒྱལ་ཞེས་བྱ་བ་ནི་དྲེགས་པ་སྟེ། ་གང་ལ་མེད་པ་དེ་ནི་ང་རྒྱལ་མེད་པའོ།། སྒྱུ་མེད་པ་ནི་སྒྱུ་སྤངས་པའོ།། བདག་ཏུ་འཛིན་པ་ནི་བདག་དང་བདག་གི་སེམས་རློམ་པའོ།། གང་ལ་མེད་པ་དེ་ནི་བདག་ཏུ་མི་འཛིན་པའོ།། དེ་བཞིན་ཆོས་ལ་མངོན་པར་དད་ཞེས་བྱ་བ་ལ། ཆོས་ནི་དངོས ་རྣམས་ཀྱི་ཆོས་ཉིད་ངེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། དད་པ་ནི་མངོན་པར་དགའ་བའོ།། ཡང་ན་ཆོས་ནི་བདེ་བར་གཤེགས་པའི་གསུང་རབ་པོ།། དེ་ལ་མན་ངག་སྦྱིན་པར་བྱ་ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པས་ལས་བཟློག་ཅིང་། ་རྒྱལ་ལ་སོགས་པ་མང་བའི་ཡོན་ཏན་ཅན་དེ་དག་ལ་གསང་བའི་དབང་བསྐུར་བ་ལ་སོགས་པའི་མན་ངག་སྦྱིན་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གཞན་དུ་ན་ནི་ལྟུང་བར་འགྱུར་ཞེས་བྱ་བ་ནི་ཁྲོ་བ་ལ་སོགས་པ་ལས་བཟློག་ཅིང་། ང་རྒྱལ་མེད ་པ་ལ་སོགས་པའི་ཡོན་ཏན་ཅན་ལ་ཡང་སར་སྣས་དཔེ་མཁྱུད་བྱས་ན་ལྟུང་བའི་སྡིག་པར་འགྱུར་རོ།། ཞེས་བྱ་བའི་དོན་ཏོ།། སློབ་དཔོན་སྨོད་པ་ལ་སོགས་པ་ཉེས་པ་ཆེན་པོར་བསྟན་པའི་ཕྱིར། སློབ་དཔོན་ཞེས་བྱ་བ་ལ་སོགས་པ ་གསུངས་ཏེ། གྲོང་ཡོན་གྱིས་གསང་བ་ཞེས་བྱ་བ་ནི་སྐུ་ལ་སོགས་པ་ཐམས་ཅད་དོ།། དམ་ཚིག་སྤྱོད་པ་ཞེས་བྱ་བ་ནི་ཇི་ལྟར་འདོད་པའི་དམ་ཚིག་ཉམས་སུ་ལེན་པའོ།། ལྷག་མ་ནི་གོ་སླའོ།། བླ་མའི་མལ་སྟན་བརྫིས་པ་ལ་སོགས ་པའི་སྐྱོན་བསྟན་པའི་ཕྱིར། སློབ་དཔོན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྐྱོབ་དཔོན་གྱི་ནི་ཞེས་བྱ་བ་ལ་སོགས་སྨོས་ཏེ། མལ་སྟན་ཞེས་བྱ་བ་ལ་མལ་སྟན་ཏེ། སྟན་ནི་ཁྲིའུ་ལ་སོགས་པ་འཇུག་པའི་གནས་སོ།། གྲིབ་མ་ལ་འགོམ་པ ་གྲིབ་མ་ལ་རྐང་པས་བརྫི་བའོ།། ཅོ་འདྲི་བ་ནི་བཞད་ག་ལ་སོགས་པས་སློང་བའོ།། དེ་ནི་ཀུན་ཏུ་གཟིར་འགྱུར་ཞིང་ཞེས་བྱ་བའི་བཤད་པ་ནི་དོན་ཉམས་པ་ལས་རིང་དུ་འགྱུར་ཞེས་བྱ་བ་ལ་སོགས་པ་ཡིན་ཏེ། དོན་ཉམས་པ་ལ་ལས ་རིང་དུ་འགྱུར་ཞེས་བྱ་བ་ནི་བདེ་བ་ཐོབ་པ་དང་བྲལ་བ་དང་། འདོད་པ་དང་མི་ཕྲད་པའོ།། གྲིབ་མ་ཞེས་བྱ་བ་ནི་བླ་མའི་གྲིབ་མོའོ།། ལྷག་མ་ནི་གོ་སླའོ།། དངོས་པོ་རང་བཞིན་མེད་པར་ནི།། མཐོང་བར་བྱང་ཆུབ་རིམ་པ་སྟེ། ཞེས་བྱ་བ་ལ། དངོས་པོ ་ནི་ཕུར་པོ་ལ་སོགས་པའོ།། རང་བཞིན་མེད་པ་ནི་ངོ་བོ་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ།། བྱང་ཆུབ་རིམ་པ་ནི་བྱང་ཆུབ་པར་བྱེད་པའི་ལམ་མོ།། རང་བཞིན་དག་པའི་ཆོས་རྣམས་ནི།། ངོ་བོ་མེད་ལས་དངོས་མཐོང་བ་ཞེས་བྱ་བ ་ནི་རང་གི་སེམས་ཀྱི་སྣང་བ་ཙམ་ལ་གཟུང་བ་དང་འཛིན་པར་མངོན་པར་ཞེན་པའི་བློས་བསླངས་པ་སྟེ། ངས་ཅིར་འགྱུར་ཞེ་ན། དེའི་ཚེ་དཀར་པོ་ཡིས་ནི་དཀར་པོ་འགྱུར་ལ། ནག་པོས་དེ་བཞིན་འབྲས་ནག་འབྱིན་ཞེས་བྱ་བ་དང་འབྲེལ་ཏོ།། ་གཞུང་ཁ་ཅིག་ལས་རང་བཞིན་ཅན་ཞེས་བྱ་བ་འབྱུང་སྟེ། དངོས་པོ་རང་བཞིན་དང་བྲལ་ཞིང་འོད་གསལ་བ་ཉིད་དངོས་པོ་རྣམས་ཀྱི་ཡང་དག་པའི་རང་བཞིན་ཡིན་ཞིང་། དཀར་པོའི་ལས་ཀྱི་ལམ་གྱི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། དཀར ་པོའི་ས་ཞེས་བྱ་བ་ནི་དགེ་བའི་ལས་ཀྱི་ལམ་མོ།། དཀར་འགྱུར་ལ་ཞེས་བྱ་བ་ནི་དགེ་བའི་ལས་ཀྱི་ལམ་མོ།། དགེ་བདེ་འགྲོ་དང་བྱང་གྲོལ་གྱི་གནས་སོ།། ནག་པོས་དེ་བཞིན་འབྲས་ནག་པོ་འབྱིན་ཞེས་བྱ་བ་ནི་དེ་ལས་བཟློག་པའོ།། དེ་ན ་དེ་དག་སྤང་བར་བྱ་སྟེ། ནག་པོའི་ལས་སྤང་བའོ།། ཡང་ན་ལས་དང་འབྲས་བུའི་རྣམ་པར་རྟོག་པ་སྨད་པའོ།། ལྷ་མ་ནི་གོ་སླའོ།། བཟའ་བ་ལ་སོགས་པའི་དམ་ཚིག་ལ་སྤྱོད་པ་དང་། གཏོར་མ་ལ་སོགས་པ། བྱི་བའི་དུས་སུ་ལེགས་པར་བསྡམ། ་པ་བསྟན་པའི་ཕྱིར། དགའ་དག་ལ་སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོད་ཟིན་ཞེས་བྱ་བ་ནི་གསང་བ་བསྲུངས་ཞིང་ཁ་ན་མ་ཐོ་བ་མེད་པས་ལེགས་པར་བསྡམས་པའོ།། དེ་ཅིའི་ཕྱིར་ཞེ་ན། རྣལ་འབྱོར་དངོས་གྲུབ་འདོད་པ ་རྣམས།། སེམས་ཅན་གསང་བ་དངོས་གྲུབ་འབྱུང་།། ཞེས་གསུངས་ཏེ། འདིས་ནི་སྐྱེ་བོའི་ཁ་ན་མ་ཐོ་བ་དང་བཅས་པས་དངོས་གྲུབ་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བར་སྟོན་ཏོ།། སྔར་བསྟན་པའི་མཚན་ཉིད་ཅན་གྱི་སློབ་དཔོན་གྱི་སློབ ་མ་གསུམ་ལ་སྐྱབསུ་འགྲོ་བ་ལ་སོགས་པ་གཟུང་བ་བསྟན་པར་བྱ་བའི་ཕྱིར། དེ་ལྀ་ཞེས་བྱ་བ་ལ་སོགས་པས་གསུངས་ཏེ་གོ་སླའོ།། དང་པོ་བླ་མའི་དམ་ཚིག་དང་། འཐོབ་པ་རྒྱུ་དང་འབྲས་བུ་འབྱུང་ཞེས་བྱ་བ་ལ། བླ་མ་ལས་དམ ་ཚིག་ཐོབ་པ་ནི་བླ་མའི་དམ་ཚིག་ཐོབ་པ་སྟེ། འདིར་ལྔ་པ་མི་མངོན་པ་ཡིན་ནོ།། ཇི་ཉིད་ནི་རྒྱུ་སྟེ་དངོས་གྲུབ་ཀྱི་འབྲས་བུ་འབྱུང་བའི་རྒྱུའོ།། དེ་ཉིད་གསུངས་པ་བསྟན་དང་ཞེས་བྱ་བ་ལ་སོགས་པ་ལ། ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད ་རྡོརྫོགས་པའི་སྒྲའོ།། མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སྒྲིབ་པ་ཐམས་ཅད་ཉེ་བར་ཟད་པ་སྟེ། དེ་དག་ནི་བསྟན་པ་དང་ངེས་པར་བསྟན་པའི་བརྡས་བཤད་པའོ།། སྔགས་རྣམས་ཀྱི་ནི་མན་ངག་གིས་ཞེས་བྱ་བ་ལ་སྔགས་ནི་སྔགས་སྦྱིན ་པའོ།། མན་ངག་ནི་ཏིང་ངེ་འཛིན་སྦྱིན་པ་སྟེ། གཉིས་པོ་དེའི་གནས་པོ་དེའི་གནསུ་བྱ་བ་ལ། མིང་ལ་སོགས་ཆོ་ག་བཞིན་དབང་བསྐུར་ཞེས་བྱ་བ་འདི་དང་སྦྱར་ཏེ། ཆུའི་དབང་བསྐུར་བ་ནས་མིང་གི་དབང་བསྐུར་བའི་མཐར་ཐུག་པ་བསྒྱུར ་ནས། དེའི་འོག་ཏུ་སློབ་དཔོན་གྱི་དབང་བསྐུར་བ་སྦྱིན་པར་བྱའོ།། ཞེས་བྱ་བར་དགོངས་སོ།། དངོས་པོར་བསྒོམས་ནས་ཞེས་བྱ་བ་ནི་ལྷའི་སྐུར་བསྒོམས་པ་སྟེ་ལོངས་སྤྱོད་པ་དང་སྦྱར་རོ།། མྱ་ངན་འདས་པ་བསྟེན་པར་བྱ་ཞེས་བྱ་བ་ནི་དེ་ཉིད ་བདག་མེད་པ་དང་སྦྱོར་བ་སྟེ། ངེས་པར་བསྟན་པོ་དང་སྦྱར་རོ།། ལྷག་མ་ནི་གོ་སླའོ།། བདག་ཉིད་ལུས་དང་གཞན་གྱི་ལུས།། བདག་ཉིད་བད་མཆོག་བྱང་གྲོལ་ཏེ། ཞེས་བྱ་བ་ནི། བདག་གི་ལུས་དང་གཞན་གྱི་ལུསཽ་བརྗེ་བར་སྟོན་པ་ཡིན ་ཏེ། བདག་ལྟར་གཞན་ལ་ལྟ་བ་དང་། གཞན་ལྟར་བདག་ལ་ལྟ་བས་མཉམ་པ་ཉིད་དུ་བལྟའོ།། བདག་ཉིད་བང་མཆོག་བྱང་གྲོལ་ཏེ། ཞེས་བྱ་བ་ནི་རང་གི་སེམས་ཡོངསུ་རྟོགས་པ་ཉིད་བྱང་གྲོལ་ཏེ་བྱང་ཆུབ་ཡིན་ནོ་ཞེས་བྱ་བའི ་དོན་ཏོ།། དེ་ལྟར་ཡང་གསུངས་པ། སེམས་རྟོགས་པ་ཡིས་འཚང་རྒྱས། སེམས་ཉིད་རྫོགས་པའི་བྱང་ཆུབ་ཡིན་ཞེས་སོ།། བདེ་བ་ཁོ་ན་བསྒྲུབ་པར་བྱ་བ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བདེ་མཆོག་ཞེས་བྱ་བ་གསུངསཽ་ཏེ། ཕུལ ་དུ་བྱུང་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། བདག་གི་ལུས་ལ་མ་ཆག་ཤིང་ཞེས་བྱ་བ་ནི། གཟུགས་ལ་སོགས་པའི་མངོན་པར་ཞེན་པ་མེད་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། གཟུགས་བརྙན་སོགས་འདྲིའོ་ལྷརུ་བརྟག་ལ། ་ཅེས་བྱ་བ་སྟེ། ཁྱོད་ཀྱིས་ཞེས་བྱ་བ་ནས་ལྷ་རུ་བརྟག་ཅེས་བྱ་བ་འདི་ནི་དབང་བསྐུར་བའི་དུས་སུ་སློབ་དཔོན་གྱིས་སློབ་མ་ལ་སྨྲ་བར་བྱའོ།། བླ་མའི་ཞལ་ཞེས་བྱ་བ་ལ་སོགས་པ་གཞུང་གང་གིས་བླ་མའི་བསྙེན་བཀར་དང་མ་ཚིགས ་པའི་ཆོ་ག་སྟོན་པར་བྱེད་པ་དེ་ནི་བླ་མའི་བསྙེན་བཀུར་དང་དམ་པའི་ཚིག་དང་སྡོམ་པ་སྟོན་པའི་ཚི་གའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གཉིས་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་ལས་ལེའི་སུམ་ཅུ ་ཅ་གཉིས་པའི་རྣམ་པར་བཤད་པའོ།། །། གསང་བའི་དབང་བསྐུར་བའི་འོག་ཏུ་སྔགས་སྦྱིན་པ་བསྟན་པའི་ཕྱིར་སྔགས་ཀྱི་ལྡེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་ཞེས་བྱ་བ་ལ་ནི་བླ་མའི་བསྙེན་བཀུར ་བྱས་པའི་འོག་ཏུལོ། དེ་ལས་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ།། གང་གི་ཕྱིར་སྔགས་མོ་བྱིན་པར་གསུང་བའི་མདོག་དབ་བསྐུར་ཡང་དགོས་པ་མེད་པའི་ཕྱིར་རོ།། ལྷག་མཾ་ནི་གོ་སླའོ།། འདི་ནི་བཅོམ་ལྡན་ལྷ་དེ་ཉིད་ཅེས ་བ་ནི་ཨཱ་ལི་ཀཱ་ལིའི་སྔགས་ཏེ། དེ་ཉིད་ལྷ་རྣམས་ཀྱིས་རང་བཞིན་ཞེས་བྱ་བའི་དོན་ཏོ།། གནས་ཞེས་བྱ་བ་ནི་སྐྱེད་པར་བྱེད་པ་ས་བོན་གྱི་ངོ་བོ་ཉིད་དོ།། སྔགས་རྣམས་ཐམས་ཅད་སྐྱེད་བྱེད་པ་ཞེས་བྱ་བ་ནི་སྔགས་ཐམས་ཅད་ཨ ་ཀཱ་ལི་ལས་བཏུས་པའི་ཕྱིར་རོ།། རྒྱུད་ཅེས་བྱ་བ་ནི་སྒྲའི་བདག་ཉིད་ཀྱི་རྒྱུད་དོ།། སྔ་ཊ་ཞེས་བྱ་བ་ལ་སོགས་པ་ལ་སྔགས་ཀྱི་ཆོ་ག་ནི་སྔགས་རྣམས་བསྟན་པའོ།། དེ་སྟོན་པའི་གཞུང་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་གསུམ་པའོ།། རྒྱུད་ཀྱི་རྒྱལ ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །། གསེངས་པའི་བདབང་བསྐུར་བའི་འོག་ཏུ་ཤེས་རབ་དང་བཞི་པ་སྦྱིན་པའི་ཕྱིར་དེ་སྟོན་པར་བྱེད་པའི་ལེའུ ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཞེས་བྱ་བ་ནི་སྔགས་ཀྱི་ཚོགས་བསྟན་པའི་འོག་ཏུའོ།། དེ་ལ་ཞེས་བྱ་བ་ནི། གང་གི་ཕྱི་ར་ཞེས་བྱ་བའི་དོན་ཏེ། གང་གི་ཕྱིར་གསང་བའི་བས་དབང་བསྐུར་བའི་འོག་ཤེས་རབ ་ལ་སོགས་པའི་དབང་བསྐུར་བར་བྱ་བ་ཡིན་པའི་ཕྱིར་རོ།། རྒྱུད་དུ་སྨྲས་པ་ངེས་པར་བྱ་ཞེས་བྱ་བ་ལ། ངེས་པར་བྱ་ཞེས་བྱ་བ་ནི་ལྷན་ཅིག་སྨྱོས་པ་སྟེ། མ་ལུས་པར་བསྡུས་ནས་ཐོབ་པའི་ཕྱིར་རོ།། ཡང་ན་ལྷན་ཅིག་སྐྱེས་པ་འདིས ་བཞི་པ་བརྟན་ལ་ཕབ་པའི་ཕྱིར་ངེས་པར་བྱ་བ་སྟེ་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་རོ།། རྒྱུད་དུ་སྦས་ཞེས་བྱ་བ་ནི་ཐམས་ཅད་དུ་གབ་པའོ།། དེ་ཉིད་གསུངས་པ་དེནས་ཞེས་བྱ་བ་ལ་སོགས་པ་ལས། དེ་ནས་ཞེས་བྱ་བ ་ནི་ལྷན་ཅིག་སྐྱེས་པ་རྟོགས་ཀྱི་འོག་ཏུའོ།། ཐམས་ཅད་ཆོས་འགྱུར་འབྱུང་བར་ཞེས་བྱ་བ་དང་། བྲི་ཞེས་བྱ་བར་འབྲེལ་ཏེ། བྲྀ་ཞེས་བྱ་བ་ནི་མྱང་བར་བྱ་ཞེས་པའི་དོན་ཏོ།། དེ་ལ་ཐམས་ཅད་ཆོས་ཞེས་བྱ་བ་ནི་ཨ་ལྀ ་སོམས་པ་དང་། ཀ་ལ་སོགས་པའི་ཡི་གེ་རྣམསཏེ། དེ་དག་ལྔས་གང་བྷུང་བ་ནི་ཐམས་ཅད་ཆོས་འབྱུང་བ་སྤྱི་བྱང་ཆུབ་ཀྱི་སེམས་སོ།། འདིར་རྒྱོས་ལས་ཤེས་པར་བལྟ་བར་བྱའོ།། གང་དུ་ཝཱ་ན། སྣ་ཚོགས་ཀྱུ ་ནི་གས་དུབྷེ་ཞེས་བྱཱ་བཱ་ལ་སྣ་ཚོགས་ནི་གཟུགས་སྣ་ཚོགས་ཀྱི་དཀྱིལ་འཁོར་རོ།། ལྟེ་བཱ་ནཱི་དེའི་གནས་ཏྭེ། དཱི་ཝཱན་ཅིག་སྒྲསཾ་པྲཱ་སྣརུམས་སུ་མྱོང་བའི་འོག་ཏུ་སྐྱེ་བྷ་ཡིས་མྱང་བར་བྱ་ཞིས་བྱ་བའི་དོན་ཏེ། མི་ཤིགས་དེ ་ཞེས་བྱ་བའི་དོན་ཏོ།། མི་ཤཱི་གས་དགི་ཞེས་བྱ་བ་ལ་ཤིགས་པ་ནི་ཁོང་དུ་ཆུད་པའོ།། དེ་ལས་བཟློགས་པས་ནི་མི་ཤིགས་པ་སྟེ། སོ་སོར་སྐྱེ་བོའོ་ཡུལ་མ་ཡིན་པའི་ཕྱིར་རོ།། དེ་ཉིད་བསྟོན་པ་ཡིན་ཞིང་ཞི་བའི་ངང་ཚུལ་ཅན ་ཡིན་པོའི་ཕྱིར་དགེ་བའོ།། བྲི་ཞེས་བྱ་བ་ནི་ལྕེས་མྱང་བར་བྱ་བ་དེ་ཉིད་ཇི་ལྟར་བྱ་བ་དང་། བཞི་པ་གསལ་བར་བྱ་བའི་ཕྱིར། ཆོ་ག་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་ག་བཞིན་དུ་ཞེས་བྱ་བ་ལ་སོགས་ནི་སྦྱང་བའི ་གས་སོ།། སྔགས་ཞེས་བྱ་བ་ནི་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀྱི་ཕྱིར་ཏོ། དེས་ནི་བྱང་ཆུབ་ཀྱི་སེམས་ཉིད་དཀྱིལ་འཁོར་དང་སྔགས་ལ་སོགས་པའི་རང་བཞིན་དུ་བསྟན་ཏོ།། ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ་ཞེས་བྱ་བ་ལ། ་ཆོས་ཀུན་ནི་ཕུང་པོ་དང་ཀུན་ནས་ཉོན་མོངས་པ་ལ་སོགས་པ་སྟེ། དེ་དག་རྣལ་འབྱོར་པས་ལྷན་ཅིག་སྐྱེས་པའི་ཉམསུ་མྱོང་བའི་དུས་སུ་རོ་གཅིག་ཏུ་བསྡུ་བར་བྱ་ཞེས་བྱ་བའི་དོན་ཏོ།། ཨཱ་ལི་ཀཱ་ལི་མཉམ་བྱས་ནས། སྡེ་ཚན ་ལ་ནི་ཐིམ་པར་བྱ་ཞེས་བྱ་བ་ལ། ཨཱ་ལི་ཀཱ་ལི་ནི་ཡི་གེའི་ཚོགས་རྣམས་ཏེ། དེ་དག་གི་སྡེ་ཚན་རྣམས་མཉམ་ཞིང་མ་ལུས་པའི་ཁུ་བའི་གཟུགས་ཐིམ་པར་གྱུར་པ་དེ་ལ་དེ་སྐད་ཅེས་བྱའོ།། དེ་དག་གིས་ནི་ལྷན་ཅིག་སྐྱེས་པ་གསལ་བར ་བསྟན་ཏོ།། དེར་གནས་པ་ལས་དཔའ་བོ་ནི། འདོད་པའི་དོན་ཀུན་སྒྲུབ་བྱེད་པ། ཞེས་བྱ་བ་ལ་དེར་གནས་པ་ཞེས་བྱ་བ་ནི་ཆོས་ཀྱི་འབྱུང་གནས་ལ་གནས་པའོ།། དཔའ་བོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཏེ། རྣམ་པོར་ཏེ་རྟོག་པའི་འབྲས ་དག་ལས་རྒྱལ་བའི་ཕྱིར་རོ།། བཏུ་ཞེས་བྱ་བ་ནི་གནས་དེ་ནས་ལྕེ་ཉིད་ཀྱིས་བླད་པར་བྱ་ཡིས་ཉ་ཕྱིས་ལ་སོགས་པས་ནི་མ་ཡིན་ཏེ། དེས་ནི་རྣལ་འབྱོར་པའི་འདོད་པའི་དོན་ཐམས་ཅད་འགྲུབ་པར་འགྱུར་བས་དེ་སྐད་ཅེས་བྱའོ།། ཁ་ཅིག ་ན་རེ་འདི་ཡང་ལྷན་ཅིག་སྐྱེས་པ་ཉིད་ཀྱི་ཁྱད་པར་ཡིན་ཏེ། དེ་ལ་དཔའ་བོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ།། དེར་གནས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ལ་གནས་པའོ།། འདོད་པའི་དོན་ཀུན་སྒྲུབས་བྱེད་པ་ཞེས་བྱ་བ་ནི་རྒྱུད ་ཐམས་ཅད་ཀྱི་དོན་ཏོ།། བཏུ་བ་ནི་རྟོགས་པའོ།། ལྷག་མ་ནི་སྔ་མ་ནི་བཞིན་ནོ་ཞེས་ཟེར་རོ།། ཡེ་ཤེས་ཞེས་བྱ་བ་ནི་ཆོས་ཀྱི་སྐུའོ།། ལོངས་སྤྱོད་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ།། སྤྲུལ་པ་ཡ་ང་སྤྲུལ་པའི་སྐུ་སྟེ། ཐོབ་འགྱུར ་གདོན་མི་ཟ་ཞེས་བྱ་བ་ནི་བཞི་པའི་སྦྱོར་བ་དེས་སྐུ་གསུམ་པོ་ངེས་པར་ཐོབ་པར་འགྱུར་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། འོག་དང་སྟེང་གྲུབ་རྟག་དྲི་སྟེར་ཞེས་བྱ་བ་ལ་འོག་ནི་ཤེས་རབ་བོ།། སྟེང་ནི་ཐབས་སྲོ།། དྲི་དྲག་གྲིས་གྲུབྱ་བྲ་ནི ་སངས་རྒྱས་ཀྱི་མཚན་ཉིད་ཀྱི་ལྷའོ།། སྟེར་བ་ནི་གྲུབ་པ་པོ།། ཤེས་རབ་ཀྱི་དབང་བསྐུར་བ་གསུངས་པ། བདག་གི་ཕོ་ཉ་མོ་ཞེས་བྱ་བ་ལ་སོགས་པ་ལ། ཕོ་ཉ་ཞེས་བྱ་བ་ནི་ཤེས་རབ་པོ།། ཀུན་ཞེས་བྱ་བ་ནི་ཕྱི་དང་ནང ་གྲིགི་བདག་ཉིད་ཅན་ཏེ། དེ་ལྟ་བུར་གྱུར་པའི་ཕོ་ཉ་ལ། དངོས་གྲུབ་ཐམས་ཅད་ཀྱི་ཆེད་དུ་བལྟ་བྱ་ལ་སོགས་པ་རྣམས་བྱའོ་ཞེས་བྱ་བར་ཤེས་པར་བྱའོ།། དེ་ལ་ནང་གི་ཤེས་རབ་ནི་གཽཏུས་མོའི་རང་བཞིན་ཏེ། དེ་ལྟར་བལྟ་བ་ནི་ཐིག ་ལེ་དང་ཟླ་ཚེས་ལ་སོགས་པ་དང་བཅས་པར་བསྒོམས་པའོ།། འོད་ཟེར་གྱི་གཟུགས་ཀྱིས་ཆོས་ཀྱི་འཁོར་ལོ་ལ་སོགས་པར་འགྲོ་བ་ནི་རེག་པའོ།། འོད་ཟེར་གཉིས་ཀྱི་མཉམ་པར་སྦྱོར་བའི་གནས་སྐབས་ནི་ནུམ་པ་ནའོ།། བསྒོམ ་པ་ཕུལ་དུ་བྱུང་བ་ལས་རོ་གཅིག་ཏུ་གྱུར་པའི་གནས་སྐབས་ནི་འཁྱུད་པ་སྟེ། རྟག་པ་ནི་དུས་ཐམས་ཅད་དུ་བདེ་བའོ།། དེ་དག་གང་དུ་བྱ་ཞེ་ན། སྦྱོར་བའི་གནས་ཀྱི་ཁྱད་པར་ཉིད་ཅེས་བྱ་བ་སྟེ། ཆོས་འབྱུང་བར་གནས་པ་ལ་བལྟ་བ་ལ ་སོགས་པ་བྱ་སྟེ། ཡེ་ཤེས་ཉམསུ་མྱོང་བར་བྱའོ་ཞེས་བྱ་བའི་དོན་ཏོ།། ནང་གི་ཤེས་རབ་སྦྱོར་བའི་གནས་ནི་ལྟེ་བའི་དབུས་ཏེ། དེར་གནས་པའི་ཤེས་རབ་ལ་བལྟ་བ་ལ་སོགས་པ་བྱའོ་ཞེས་བྱ་བར་སྦྱར་རོ།། ད་ནི་སྔགས་བྱིན་ནས་དེའི་ལྷའི ་ཏིང་ངེ་འཛིན་ཇི་ལྟར་སྦྱིན་པ་བསྟན་པའི་ཕྱིར། ཇི་སྙེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།། ཐམས་ཅད་ཅེས་བྱ་བ་ནི་སྔགས་དང་མཐུན་པའི་ལྷའི་ཏིང་ངེ་འཛིན་ཐམས་ཅད་དོ།། ཇི་ལྟར་སྦྱིན་ཞེ་ནོ། བདེ་བ་ཐམས་ཅད་སྦྱིན་བྱས་ཏེ་ཞེས ་བྱ་བ་ལ། བླ་མས་ཀྱང་སེར་སྣ་མེད་པའི་སེམས་ཀྱིས་མན་ངག་ཇི་ལྟ་བ་བཞིན་དུ་ལྷའི་ཏིང་ངེ་འཛིན་སྦྱིན་པར་བྱ་ལ། སློབ་མས་ཀྱང་དེ་བཞིན་དུ་བཟུང་ན་དངོས་གྲུབ་བྱེད་པར་བཤད་ཅེས་བྱ་བ་དང་སྦྱར་རོ།། ཡང་ན་བདེ་བ་ཐམས་ཅད་ཅེས ་བྱ་བ་ནི་རྣལ་འབྱོར་མ་རྣམས་ཏེ། དེ་རྣམས་མ་གཏོགས་པར་དངོས་གྲུབ་ཏུ་མི་འགྱུར་བས་རྣལ་འབྱོར་མའི་ཚོགས་རྣམས་ཀྱི་སྦྱོར་བ་སྦྱིན་ནོ་ཞེས་བྱ་བའི་དོན་ཏོ།། སྔར་བསྟན་པའི་ཤེས་རབ་དེ་དག་གང་དག་ཡིན་པ་བསྟན་པའི་ཕྱིར། ་མ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གང་ཞིག་ཅེས་བྱ་བ་ལ་སོགས་པས་ནི་སྔགས་གང་བྱིན་པ་དེ་དང་རྗེ་སུ་མཐུན་པའི་སྙོམས་པར་འཇུག་པས་སྦྱོར་བར་བྱའོ་ཞེས་བྱ་བར་སྟོན་ཏོ།། ད་ནི་སྔར་སྨོས་པའི་དབུ་རྒྱན་གྱི་དབང ་བསྐུར་བསྟན་པའི་ཕྱིར། ཐོད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐོད་བའི་ཕྲེང་བ་ཞིས་བྱ་བ་ནི་སྒྲ་ཇི་བཞིན་པའོ།། སངས་རྒྱས་གཙུག་གི་ནོར་བུ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་སྟེ། དེ་ཉིད ་པདྨ་དཔལ་གྱི་ནགས་ཀྱི་རྩ་བ་ཡང་ཡིན་ནོ།། སངས་རྒྱས་ཕྱག་རྒྱ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་མཚན་མ་སྟེ་དེ་ཉིད་བརྡ་ཡིན་ནོ།། དེ་དག་གིས་ནི་རྡོ་རྗེ་སེམས་དཔའི་རང་བཞིན་གྱི་ཐོད་པའི་ཕྲེང་བའི་མཚན་མས་དབུ་རྒྱན་གྱི་དབང ་བསྐུར་བསྟན་ཏོ།། བཅོམ་ལྡན་འདས་དེ་ཉིད་གཟུགས་སྣ་ཚོགས་སུ་སྤྲུལ་པ་བསྟན་པའི་ཕྱིར། དབང་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་ལ་སོགས་པའི་དབང་པོའི་སྒོ་གང་དང་གང་ལས་བྱུང་བའི་རྫས་དེ་དང་དེ་དག་རབ ་བཞིན་འགྲོ་བ་སྟེ། རྡོ་རྗེ་འཛིན་ཆེན་པོའི་རང་བཞིན་ཡོངསུ་གྱུར་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། སངས་རྒྱས་ཀུན་ཏུ་རང་ཉིད་གྱུར་ཞེས་བྱ་བ་ནི།། སླར་ཡང་རྡོ་འཆང་ཆེན་པོ་ཉིད་ཐོབ་པར་འགྱུར་བའོ།། གང་གིས་ཤ་ན། མཚ ་ཏུ་མཉམ་གཞག་སྦྱོར་བ་སྟེ། རང་བཞིན་ཆོས་ཀྱི་སྦྱོར་བུས་སོ།། རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེའི་དབང་བསྐུར་བ་ནི་རྡོ་རྗེ་འཛིན་པའི་དབང་བསྐུར་བའོ།། བརྡ་ནི་བརྡར་བརྟགས་པའོ།། དེ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ ་བཞི་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའི་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། ། བོང་བུའི་ཆུ་བྱད་ཀྱི་རྣལ་འབྱོར་གྱིས་གཞན་མངོན་པར་ཤེས་པ་སྒྲུབ་པའི་ཕྱི་རོ། དེ་སྟོན་པའི་བྱང ་བའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བ་བསྟན་པའི་འོག་ཏུའོ།། མཁའ་འགྲོ་མ་རྣམས་ཀྱི་ཞེས་བྱ་བ་ནི། ཡེ་ཤེས་འབྱུང་བ་བཤད་པར་བྱ་ཞེས་བྱ་བ་དང་སྦྱར་ཏེ། ཡེ་ཤེས་འབྱུང་བ་ཞེས་བྱ ་བ་ནི་བོང་བུའི་རྣལ་འབྱོར་རོ།། ཅི་འདྲ་ཞེ་ན། དངོས་གྲུབ་ཐམས་ཅད་རབ་སྟེར་བ་ཞེས་བྱ་བ་སྟེ། ལྐོག་ཏུ་གྱུར་པའི་དོན་ཤེས་པ་ལ་སོགས་པ་འགྲུབ་པར་བྱེད་པའོ།། བོང་བུའི་ཆ་བྱད་རྣལ་འབྱོར་བདར།། ཡིད་ཀྱི་ཤུགས་ནི་གཟློག་པར་བྱེད་ཅེས ་བྱ་བ་ནི། རྣལ་འབྱོར་པས་བོང་བུའི་ཆ་བྱད་ཅན་གྱི་ཏིང་ངེ་འཛིན་བསྒོམ་པར་བྱས་ན་ཐ་མལ་པའི་ཡིད་ཀྱི་རྒྱུ་བ་འགགས་ནས། ལྐོག་ཏུ་གྱུར་པའི་དོན་ཤེས་པར་འགྱུ་རོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་གསུངས་པ་མཁའ་འགྲོ་མ་ཞེས་བྱ ་བ་ལ་སོགས་པ་ལ། རྣལ་འབྱོར་མ་ཞེས་བྱ་བ་ནི་རྡོ་རྗེ་ཕག་མོའོ།། དེ་དག་གིས་ནི་འདི་སྐད་ཅེས་དུ། སྔར་བཤད་པའི་ཚུལ་གྱིས་ཁང་བུ་བརྩེགས་པའི་བར་དུ་བསྒོམས་ལ་བདེ་བ་ཆེན་པོའི་འཁོར་ལོའི་ལུས་ལན་པ་མ་པ་དེ་ཉིད་ལས་ལྷ་མོ ་ཐམས་ཅད་དུས་མཚུང་པ་ཉིད་དུ་བསྐྱེད་པར་བྱ་སྟེ། དེ་ལ་བདེ་བ་ཆེན་པོའི་འཁོར་ལོ་ལ་ནི། རྡོ་རྗེ་ཕྲག་མོ་དང་། མཁའ་འགྲོ་མ་དང་། མཛེས་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམ་སོ།། དེ་བཞིན་དུ་ཐུགས་ཀྱི་འཁོར་ལོ་ལ་སོགས ་པ་ལ་ནི། རབ་ཏུ་གཏུམ་ལ་སོགས་པའི་རྣལ་འབྱོར་མ་རྣམས་སོ།། སྒྲོ་ལ་སོགས་པ་རྣམསུ་ནི་ཁཱ་གདོང་མ་ལ་སོགས་པ་རྣམས་སོ།། དེ་དག་གི་ཆུ་བྱད་གསུངས་པ་བསམ་གཏན་གྱི་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པའོ།། སྦྲུལ་གྱིས ་བཀྲིས་པའི་མདུང་རྩ་ནི། གསུམ་པ་མཁའ་འགྲོའི་ལག་ན་ཐོགས་ཞེས་བྱ་བ་ལ། མཁའ་འགྲོ་ནི་མཁའ་འགྲོ་མ་རྣམས།། སྦྲུལ་གྱིས་དཀྲིས་པའི་མདུང་རྩེ་གསུམ་པ་ནི་ལག་པ་གཡོན་གྱི་དང་པོ་ན་ཐོགས་པར་སྦྱར་རོ།། སྟེང་དུ ་བསྟོད་ཅེས་བྱ་བ་ནི་ལག་པ་གཡས་པ་སྟེ། གཡས་ཀྱི་དང་པོ་ན་ཁ་ཊྭཱཾ་ག་དོང་སྦྱར་རོ།། ཐོད་པ་ནི་གཡོན་གྱི་ཐ་མ་ནའོ།། ཕྱག་ན་ཟངས་གྲི་བསྣམས་ཤིང་རྩེ་ཞེས་བྱ་བ་ནི། ཕྱག་གཡས་ཀྱི་ཐ་མ་ལ་ན་ཟངས་གྲི་ཕྱར་ནས་གཅོད་པར་བྱེད ་པས་ན་རྩེ་བའོ།། དེ་ལྟར་ན་ཐམས་ཅད་ཀྱང་ཕྱག་བཞི་པར་བྱའོ།། ལྷག་མ་ནི་གོ་སླའོ།། ཁ་ཅིག་ནི་བདེ་བ་ཆེན་པོའི་འཁོར་ལོའི་རྣལ་འབྱོར་མ་ལྔ་རྣམ་པ་ལྔ་བོང་བུའི་ཆ་བྱེད་དུ་བྱས་ལ། ལྷག་མ་ཐ་མལ་པར་བྱའོ་ཞེས་ཟེར་རོ།། སྣ་ཚོགས ་མེ་ཏོག་འབྲས་ལྡན་པའི།། རིན་ཆེན་མཐོན་པོའི་གནས་སུ་བསྒོམ་ཞེས་བྱ་བ་ནི་བ་རི་ཛ་ཏ་ཀ་ལ་སོགས་པའི་མེ་ཏོག་དང་འབྲས་བུར་ལྡན་པའི་སྟོན་ཤིང་གིས་ཁྱབ་པའི་རི་བོ་ལྷུན་པོ་བསྒོམས་ལུ་སྨྱེ་པྲ ་བུ་བརྩེགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་དག་གིས་ཅི་ཞིག་ཏུ་འགྱུར་ན། ཚོ་ཐུང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤི་བ་ཡང་ཞེས་བྱ་བ་ནི་དུས་ཉེ་བའི་འཆི་ལྟས་དང་བཅས་པ་རྣམ་སོ།། ཚེ་ཐུང་བ་ནི་རིང་བའི་འཆི་ལྟས ་ཅན་ནོ།། ཡང་ན་ཤི་བ་ནི་སྒྲ་ཛོ་བཞིན་པོ་སྟེ། གཞན་ཤི་བ་ཡང་དེ་དག་གི་སྔགས་ཀྱིས་སློང་བར་བྱེད་པའོ།། མདོར་བསྡུས་ཏེ་གསུངས་པ། བོང་བུ་ཞེས་བྱ་བ་ལ་སོགས་པ་ལ། ལག་མཐིལ་གནས་པ་བཞིན་དུ་མཐོང་བ་ཞེས་བྱ ་བ་ནརྀ་ཁམས་གསུམ་པ་ཞེས་བྱ་བ་ལྷག་མ་ཡིན་ཏེ། ཁམས་གསུམ་ན་གནས་པ་ལྐོག་ཏུ་གྱུར་པའི་དངོས་པོ་རྣམས་ལག་མཐིལ་ན་གནས་པའི་ཤི་ཏི་ལྷར་མཐོང་བའི་ཡེ་ཤེས་སོ།། ཧེ་རུ་ཀའི་ཞེས་བྱ་བ་ལ་སོགས་པ་ལ། ཧེ་རུ ་ཀའི་རྣམ་པར་རོལ་པ་ནི་ཡེ་ཤེས་ཀྱི་ཕྱིར་སྤྲུལ་པའོ།། ཆོ་ག་ནི་དེའི་བྱེ་བའོ།། རིམ་པར་ཕྱེ་བ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་རྩ་ལྔ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་ལྟ ་པའི་རྣམ་པར་བཤད་པའོ།། །། ཉིན་རྀ་ལ་སོགས་པའི་དུས་སུ་ཚོགས་ཀྱི་དཀྱིལ་འཁོར་སྔོན་དུ་འགྲོ་བས་སྡོམ་པ་གཟུང་བ་བསྟན་པའི་ཕྱིར། དེ་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་ཤཾ་ཞེས་བྱ་བ་ལ་སོགས་པ་ཡ། དེ་ནས ་ཞེས་བྱ་བ་ནི་བོང་བུའི་རྣལ་འབྱོར་བསྟན་པས་པའི་འོག་ཏུའོ།། དེ་ལས་ཞེས་བྱ་བ་ནི་རྒྱུད་ཀྱི་དོན་ཏོ།། གང་གི་ཕྱིར་ཅི་ནས་ཀྱང་སྡོམ་པ་ཉམས་པར་མི་འགྱུར་བ་དང་། འཇིག་རྟེན་དག་པར་བྱ་བའི་ཕྱིར་རོ།། སྒྲུབ་པོ་ཇི་བཞིན་ཆོ་ག་སྟེ་ཞེས་བྱ་བ་ནི ་སྒྲུབ་པོ་རྣམས་ཀྱི་ཇི་ལྟ་བ་བཞིན་གྱིས་བྱ་བ་སྟེ། བཤད་པར་བྱ་ཞེས་བྱ་བ་སྔ་མ་དང་འབྲེལ་ཏོ།། འབྱོར་པའི་བྱེ་བྲག་གི་ཉེན་རེ་འམ་ཟླ་རེ་འམ་ལོ་རེར་མཆོད་པ་བསྟན་པའི་ཕྱིར། ཉིན་རོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཇི་བཞིན་བྱིན། ་གྱིས་བརླབས་ནས་ནི་ཞེས་བྱ་བ་ནི་དུས་བསྟན་གྱི་འོག་ཏུ་གནས་བསྟན་པ་ཡ་ནི་ཏེ། དུར་ཁྲོད་ལ་སོགས་པ་གནས་ཁྱད་པར་ཅན་དག་ཏུ་པདྨའི་སྣོད་ལ་ལོངས་སྤྱོད་པར་བྱ་བར་སྦྱར་རོ།། ཕྱག་རྒྱའི་དངོས་གྲུབ་འཇུག་པར་ཞེས་བྱ་བ་ལ་ཕྱོག། ་རྒྱ་ནི་ལྷའོ།། དངོས་གྲུབ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། འཇུག་པ་ནི་སྙིང་རྗེ་ཆེན་པོའི་དབང་གིས་འཇུག་པ་སྟེ་སུ་ཞིག་ཅི་ན། སྒྲུབ་པོ་ཞེས་བྱ་བ་དང་སྦྱར་རོ།། སྒྲུབ་པ་པོའི་ལག་གཡོན་གྱིས།། པདྨའི་སྣོད་ནི་བཟུང ་ནས་སུ། ལག་པ་གཡས་པ་བ་དན་ནི། གསུམ་པར་བྱས་ཏེ་དེ་ཡིས་བསྒོམ་ཞེས་བྱ་བ་འདིས་ནི། ཚོགས་ཀྱི་ནང་དུ་ཞུགས་པ་ན་ལག་པ་གཡས་པ་དན་གསུམ་པའི་ཕྱག་རྒྱ་བྱིས་ལ། གཡོན་གྱིས་པའི་མཐིལ་དྲི་པདྨ་ལ་སོགས ་པའི་སྣོད་དུ་བདུད་རྩི་ལྔ་བླུགས་ཏེ། མྱ་ངན་པར་བྱའོ་ཞེས་བྱ་བར་སྟོན་ཏོ།། དེ་ཡིས་ཞེས་བྱ་བ་ནི་སྒྲུབ་པ་པོའོ།། བསྒོམ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལས་བདག་ཉིད་ལྷའི་བསྐུར་བསྒོམ་པ་སྟེ། བདུད་རྩི་མྱང་བར་བྱའོ་ཞེས་བྱ་བ་ལྷག ་མ་ཡིན་ནོ།། ཁམས་ཀྱི་རང་བཞིན་ཐམས་ཅད་དང་ཞེས་བྱ་བ་ནི་གསེར་ལ་སོགས་པའི་རང་བཞིན་ནོ།། སྲོག་ཅེས་བྱ་བ་ནི་སྲོ་བ་ལ་སོགས་པའོ།། རྩ་བ་ཞེས་བྱ་བ་ནི་ཤིང་ལས་བྱུང་བའོ།། མངོན་པར་འདུས་བྱས་ལེགས་བྲིས ་ཏེ་ཞེས་བྱ་བ་ནི། ས་ལ་སོགས་པ་ལས་ཀྱང་བྱས་ལ། ཚེན་གྱིས་ཁ་བསྒྱུར་བའོ།། དེ་དག་གིས་ནི་སྔར་བསྟན་པའི་མཚན་ཉིད་ཅན་གྱི་རྡོ་རྗེའི་རྒྱན་བྱས་ལ། བདག་ཉིད་ཀྱི་སྤྱི་གཙུག་ལ་སོགས་པར་བརྒྱུན་བར་བྱ་ཞེས་བྱ་བར་སྟོན་ཏོ།། ་སློབ་དཔོན་ཀུན་ལ་སྦྱིན་པར་བྱ་ཞེས་བྱ་བ་ནརྀ་དེར་མོས་པའི་རྣལ་འབྱོ་ར་པ་གཞན་དག་ལ་ཡང་རྒྱུན་དེ་དག་བྱིན་ཏེ་བརྒྱན་པར་བྱའོ།། ལྷའི་རྒྱན་དང་ཡང་དག་ལྡན་ཞེས་བྱ་བ་ནི་ཐོད་པའི་ཕྲེང་བ་ལ་སོགས་པའི་རྒྱན་གཞན་དག་གིས ་རྒྱུན་ཅིད་མཛེས་པར་བྱའོ།། ཕྱག་རྒྱའི་མཚན་མས་རྣམ་པར་སློབས་ཞེས་བྱ་བ་ལ། ཕྱག་རྒྱ་དེ་ནོ་ཤེས་རབ་པོ།། མཚོན་མ་ནི་སྔར་བསྟན་པའི་མཚན་ཉིད་དེ། ཀླུབས་པ་ནི་དེ་དང་ལྷན་ཅིག་སྤྱད་པའོ།། སངས་རྒྱས་ན་ལྔ་འགྱུར ་སྡོམ་པ་སྐྱེས་པས།། བསྐལ་པ་བཟང་པོའི་གར་ཆེན་ཏེ། ཞེས་བྱ་བ་ལ་སངས་རྒྱས་རྣལ་འབྱོར་ནི་སངས་རྒྱས་ཀྱི་ཏིང་ངེ་འཛིན་ཏེ། ངེས་སྡོམ་པ་ཞེས་བྱ་བ་ནི་ལུས་དང་སེམས་འཆིང་བར་བྱེད་པས་ནི་སྡོམ་པ་སྟེ། ཉིན་རོ་ལ ་སོགས་པའི་དུསུ་དེ་ལྟ་བུའི་མཆོད་པ་བྱས་ལ་སྡོམ་པ་བཟུང་བར་བྱའོ།། དེ་ཉིད་གསུངས་པོ། བསྐལ་པ་བཟང་པོའི་གར་ཚན་ཏེ། ཤེས་རབ་ཀྱི་པདྨ་ལ་རོལ་པས་དགའ་བར་བྱ་ཞེས་བྱ་བའི་དོན་ཏོ།། དེ་འདས་པའི་སྐྱོན་གསུང ་པ། པདྨ་མཆོག་ལ་ཞེས་བྱ་བ་ལ་སོགས་པ་ལ། མཆོག་ཅེས་བྱ་བ་ནི་རྡོ་རྗེ་སྟེ། འདིས་བདེ་བ་སྟོན་པར་བྱེད་པའི་ཕྱིར་རོ།། འདིས་བདེ་བ་འབེབས་ཤིང་འདྲེན་པར་བྱེད་པས་པདྨ་སྟེ། རེག་པ་ནི་ཕན་ཚུན་སྡུད་པས་སྙོམས་པར་འཇུག་པའོ།། དེས་ནི་དམ ་ཚིག་སྒྱིངས་ནས་སུ། སྤྱིར་ཡང་མི་བྱའི་སྡོམ་པ་བླང་ཞེས་བྱ་བ་ནི། ལག་ཏཱི་དེ་ལྟར་ཉམས་ན་དཀྱིལ་འཁོར་གྱི་ནང་དུ་སྡོམ་པ་བླུང་ཞིང་ལོངས་སྤྱོད་ལ། ཕྱིས་སྡོམ་པ་ལས་ཉམས་པར་འགྱུར་བའི་ལས་མི་བྱ་བའི་དུམ་བཅའ་བའོ།། གཞན ་དུ་སྔ་གོས་དང་ཕྱག་རྒྱ་ཡི།། རིམ་པ་འབྲས་བུ་མེད་པར་འགྱུར་ཞེས་བྱ་བ་ནི་སྡོམ་པ་ལས་འདས་པའི་སྐྱོན་བསྟན་པ་སྟེ་གོ་སླའོ།། བརྡ་ཞེས་བྱ་བ་ལ་སོགས་པ་ལ། བརྡ་ཡིས་རོལ་པ་ཞེས་བྱ་བ་ནི་མཚན་མ་སྣ་ཚོགས་ཀྱིས་དགའ་བ་ལ ་རྣམ་པར་རོལ་པའོ།། དེ་ཉིད་འབདེ་བའི་མདོག་བསྐྱེད་པ་དང་འདའ་བར་མི་བྱ་བས་ན་དམ་ཚིག་དང་སྡོམ་པའོ།། ཆོ་ག་ནི་དྲིའི་བྱ་བའོ།། དེ་གང་དུ་སྟོན་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་དྲུག་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུ་མོ་ཅུ་རྩ་དྲུག་པའི་རྣམ་པོར་བཤུད་པའོ།། །། རྣལ་འབྱོར་པའི་རིམས་ལ་སོགས་པ་ཞུ་བར་བྱ་བ་དང་། གཞན་ཡང་ཕ་རོལ་གྱི་གཡུལ་ལ་སོགས་པ་བཏུལ་ནས་གཞུག་པར་བྱ་བའི ་ཕྱིར་མཚོན་ཆའི་ཕྱག་རྒྱ་རྩེ་བའི་ཤེས་པའི་ལེའུ་གསུངས་པ།། མཚོན་ཆ་ཀུན་གྱི་ཞེས་བྱ་བ་ལ་སོགས་པ་སྟེ། མཚོན་ཆ་ཀུན་ནི་མངའ་ལ་སོགས་པ་རྣམས་སོ།། མཚན་ཉིད་ནི་ཁྱད་པར་ཏེ། ཁྱད་པར་རྣམ་པ་ལྔའོ།། དེ་ཉིད་གསུངས་པ། ་འཁྲུལ་འཁོར་གྱིས་འཕེན་ཞེས་བྱ་བ་གསུངས་པ་ལ། འཁྲུལ་འཁོར་གྱིས་འཕེན་པ་ནི་མངའ་ལ་སོགས་པའོ།། མི་འཕེན་པ་ནི་རལ་གྲི་ལ་སོགསྨྲ་པའོ།། མི་འཕེན་པ་ནི་རལ་གྲི་ལ་སོགས་པའི།། གཞུང་ཁ་ཅིག་ལས་འཁྲུལ ་འཁོར་དང་མི་ལྡན་དང་ཞེས་འབྱུང་སྟེ། དེའི་དོན་ནི་འདས་མ་ཐག་དེ་ཉིད་ཡིན་ནོ།། ལག་པས་འཕེན་པ་ཞེས་བྱ་བ་ནི་འཁོར་ལོ་དང་འཕང་མདུང་ལ་སོགས་པའོ།། འཕངས་ནས་སླར་ནི་བཟུང་བ་དང་ཞེས་བྱ་བ་ནི། ཇི་སྙེད་དུ་འཕངས་པའི་གནས ་ནས་སླར་དྲང་ཞིང་གཟུང་བ་སྟེ། ཞགས་པ་དང་རྒྱ་ལ་སོགས་པའོ།། ལག་པས་འགྱེད་པ་ཞེས་བྱ་བ་ནཱ་གྲོངས་པར་ཟད་དོ།། དབྱིབས་དང་བདེ་བླག་སྦྱོར་བ་དང་ཞེས་བྱ་བ་ལ་སོགས་པ་ནི། མདའི་མཚོན་ཆའི་མཚན་ཉིད་བཤད་པ་ཡིན་ཏེ། ་དེ་ལ་དབྱིབས་ཞེས་བྱ་བ་ནི་གཡས་བརྐྱང་བྱ་ལ་སོགས་པའི་རྐང་ཐབས་སོ།། བདེ་བླག་ཞེས་བྱ་བ་ནི་སོར་མོ་ལ་སོགས་པ་ཟོར་ཡུད་པའོ།། ལྟང་རྒྱུད་སྦྱོར་དང་ཞེས་བྱ་བ་ལ་སོགས་པ་ལ། འདྲེན་པ་ཞེས་བྱ་བ་ནི་གསོར་བའོ།། ལྟོང་རྒྱད་སྦྱོར ་བཱ་ནི་གྲོགས་པར་རིང་ངོ་།། མྱུར་བ་ནི་ཡང་བའོ།། འགྲེངས་པ་ནི་གྲགས་པར་ཟད་དོ།། འཕེན་པ་ནི་གཏོང་བ་སྟེ་གསལ་བ་ཞེས་བྱ་བ་ནི་ཧཱུཾ་ཞེས་བྱ་བའི་སྔགས་དང་སྦྱར་རོ།། གྲིམས་པ་ཉིད་ཅེས་བྱ་བ་ནི་ཡན་ལག་བསྲང་ཞིང་སེམས་མི ་མི་གཡེང་བའོ།། མཉེན་ཞེས་བྱ་བ་ནི་ལུས་ཁོང་གློང་པའོ།། རྒྱ་ཆེར་འགེངས་པ་ཞེས་བྱ་བ་ནི་རྣ་དྲུང་གི་བར་དུ་དགའ་བ་སྟེ་ཟླུམ་པོར་དགང་བའོ།། རྣམ་པར་དག་ཅེས་བྱ་བ་ནི་དྲང་པོར་འཕེན་པའོ།། ལུས་ཀྱི་ཕྱག་རྒྱ་བདེ་བླག་ཅན་ཞེས་བྱ ་བབ་ནི་ལྷའི་སྐུའི་ཏིང་ངེ་འཛིན་དང་ལྡན་པའོ།། རིམས་དང་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་ཏེ་གོ་སླའོ།། རང་གི་སྙིང་གར་འདྲེན་ཚུལ་ཞེས་བྱ་བ་ནི་ཡི་གེ་ཨོཾ་བརྗོད་པས་དབུགས་ཀྱིས་སྙིང་ག་དགང་བར་བྱ་བས་འདྲེན་པའོ།། གཡ་སུ་རབ་ཏུ ་བསྐོར་བྱེད་ཅིང་ཞེས་བྱ་བ་ནི་མདེའུ་གཡས་ཕྱོགས་ནས་བསྐོར་བའོ།། ཤར་ཕྱོགས་ལེགས་པར་བསྲང་ནས་སུ།། ཞེས་བྱ་བ་ནི་ལག་པ་གཡོན་པ་སྱཱད་པའོ།། ནུབ་ཕྱོགས་ཅུང་ཟད་གུང་དུ་གཀུག་ནས་སུ།། ཞེས་བྱ་བ་ནི་གཡས་ཀྱི་གྲུ་མོ་ནརང ་བང་དགུག་པའོ།། ཅི་རིགས་པར་ནི་ལེགས་པར་གཟུང་།། ཞེས་བྱ་བ་ནི་དྲངས་ན་སོ་ཆ་གཉིས་ཀྱི་ཚད་དུ་གཟུང་བ་སྟེ། ཨ་ཞེས་བརྗོད་པས་གཟུང་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཡི་གེ་ཨོཾ་ཞེས་བྱ་བ་ལ་སོགསོ་པའོ།། ཅི་རིགས་པར་ནི་དྲངས ་ནས་སུ་ཞེས་བྱ་བ་ནི། ཇི་ལྟར་བདེ་བར་གསོར་བའོ།། ལྷག་མ་གོ་སླའོ།། བ་གྲུ་བཞི་པ་ཞེས་བྱ་བ་ལ་སོགས་པ་ལ། གྲུ་བཞི་པ་ཞེས་བྱ་བ་ནི་སྥུ་གཱི་ལྟ་བུ་དང་ཉཝ་རྔ་ལྟ་བུའི་མདེའུའོ།། རྣོན་པོ་ཞོས་བྱ་བ་ནི་ལྕགས་མངའོ།། ཀུན་ནས་ཟླུམ་པོ ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་གྷི་དབྱིབས་ལྟ་བུའི་མྱ་དཾ་རུའོ།། ཁཱ་ཅིག་ནི་མེད་རྟོག་མོ་ལོ་སྔགས་ཀ་ལྟ་བུའོ་ཞེས་ཟེར་རོ།། སྟེངྒ་དང་དེ་བཞིན་འོག་ཏུ་ནི་ཞེས་བྱ་བ་ནི་སྟེང་འོག་ཏུ་འཕངས་པའོ།། ཡང་ནཱ་སྟེང་འོག་གི་མཆོག་མ་སྟེ ་འབིགས་པ་བཅུའི་རྒྱ་མཆོག་གི་ཞེས་བྱ་བ་དང་སྦྱོར་རོ།། དེ་ལ་འབིགས་པ་བཅུ་ཞེས་བྱང་ནི། རྒྱུད་ལས་སོར་མོ་བཅུ་ས་ལྷག་པའི་མཆོག་མ་བྱས་པའོ།། རིམ་གྱིས་གནོན་ཅིང་དྲག་ཏུ་གནོན་ཞེས་བྱ་བ་ནི་སྲ་བ་དང་སྟཾ་བ་སྟེ། ག ་ཀ་ཡང་ཁྱད་པར་སྔ་མ་དང་སྦྱར་བར་བྱའོ།། ཁྱམས་གསུམ་རྒྱུལ་སྲིང་ཆེན་པོ་ལས།། བདེ་བ་རྒྱལ་ཞིང་ལོངས་སྤྱོད་འགྱུར་ཞེས་བྱ་བ་ནི། རྒྱུད་ལས་དེ་ལྟར་མཚོན་ཆ་ལྔས་ས་གསུམ་གྱི་སྐྱེ་བོ་རྣམས་སྣ་འབེབས་པ ་བྱེད་ཅིང་དབང་དུ་སྡུད་པར་བྱེད་པར་འགྱུར་རོ་ཞེ་ས་བྱ་བའི་དོན་ཏོ།། མཚོན་ཆ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། བརྡ་ནི་ཇི་ལྟར་གྲགས་པའི་ཕ་སྙིང་ངོ་།། ཡེ་ཤེས་ནི་ལུས་ཀྱི་དབྱིབས་ལ་སོགས་པའི་བྱ་བཽ་ཤེས་པའི།། ཆོ་ག་ནི་གསོར་བ ་བ་དང་ལྷོང་རྒྱུད་སྦྱོར་བ་ལ་སོགས་པའོ།། རིམ་པར་ཕྱེ་བོ་ནི་གཞུང་གི་ཚོགས་ཏེ་སུམ་ཅུ་རྩ་བདུན་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། ་ཕོ་ཉ་ལ་གུས་པས་མངོན་པར་འདོད་པའི་དངོས་གྲུབ་བསྒྲུབ་པའི་ཕྱིར་ཕོ་ཉ་གདུལ་བའི་ལེའུ་གསུངས་པ། ཕོ་ཉ་ཞེས་བྱ་བ་ལ་སོགས་པ་ལ། ཕོ་ཉ་ཞེས་བྱ་བ་ནི་དབང་བསྐུར་བ་ལ་སོགས་པའི་ལེགས་པར་སྦྱངས་པའི་ཤེས་རབ་པོ།། གདུལ ་བ་ནི་དགའ་བར་བྱ་བའོ།། སྒྲུབ་ཐབས་ནི་ལམ་སྟེ་བཤད་པར་བྱ་ཞེས་བྱ་བ་དང་འབྲེལ་ཏོ་དེ་ནས་ཞེས་བྱ་བ་ནི་མཆོག་ཆའི་ཡེ་ཤེས་བཤད་ཀྱི་འོག་ཏུ་སྟེ། གང་གི་ཕྱིར། ཕོ་ཉ་མགུ་བཱ་མ་གཏོགས་པར།། དངོས་གྲུབ་ཉེ་བར་མི་འགྱུར་བས ་ཕོ་ཉ་གདུང་བ་བཤད་པར་བྱའོ་ཞེས་བྱ་བར་སྦྱར་རོ།། ཕོ་ཉ་དེ་གང་ཞིག་ཡིན་ཞེ་ན་ཐ་མལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐ་མལ་ཞེས་བྱ་བ་ནི་བློ་བུང་དུ་བཙོས་པ་སྟེ། ལྷན་ཅིག་སྐྱེས་མའི་རྣལ་འབྱོར་མའོ།། སྔགས་ཀྱི་ལུས་ཅན ་མ་ཞེས་བྱ་བ་ནི་སྔགས་ལས་སྐྱེས་མའོ།། ཞིང་སྐྱེས་ན་ནི་གང་ཡང་རུང་ཞེས་བྱ་བ་ལ། ཞིང་ལས་སྐྱེས་མ་ནི་ཞིང་ལས་སྐྱེས་མའོ།། གང་ཡང་རུང་ཞེས་བྱ་བ་ནི་དེ་དག་ལས་གང་ཞིག་བསྒྲུབ་པར་འདོད་པའོ།། ཕན་པའི་མཆོག་བད་བསྒྲུབ ་ཅེས་བྱ་བ་ནི། དེ་དག་སྐུ་དབྱི་བོ་ལ་སོགས་པས་དགའ་བ་བསྐྱེད་པ་ཉིད་ཕན་པའི་མཆོག་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་གསུངས་པོ། འདི་དག་མནན་པས་ལངས་སྤྱོད་ཀྱི། བསྙེན་བཀུར་གྱིས་ནི་བསྟེན་མ་བྱ་ཞེས་བྱ་བ ་ལ། གནས་པ་ནི་སྐྲ་ནས་རྨིག་པ་དང་། སེན་མོས་བྲལ་བ་དང་། ཐོལ་མོས་བསྣུན་པ་དང་། བཏགས་པ་དང་དབུགས་པ་ལ་སོགས་པ་ག་གདུལ་བའོ།། བསྙེན་བཀུར་གྱིས་ནི་བསྟན་མི་བྱ་ཞེས་བྱ་བ་ནི། གཞན་དུ་བསྙེན་བཀུར་ལྔ་སོགས ་པས་དེ་དག་མགུར་བར་མི་འགྱུར་བས་དེ་དག་དེས་བསྙེན་པར་མི་བྱ་སྟེ། དེའི་ཚེ་བདེ་བ་ལས་རིང་དུ་འགྱུར་རོ།། ཡང་ན་བསྙེན་བཀུར་གྱིས་ནི་ཀུན་ཏུ་བསྟེནཱཾ་ཞེས་བྱ་བར་སྦྱར་ཏེ། བཏགས་པ་ལྀ་སོགས་པ་བསྟན་བཀུར་མ་ཡིན་ལ། ་བཏགས་པ་ལ་སོགས་པ་བསྙེན་བཀུར་མ་ཡིན་པ་དེས་དེ་དག་བསྙེན་བཀུར་ལ་སོགས་པས་དེ་དག་མགུར་བར་མི་འགྱུར་བས།། དེ་དག་དྲི་ཉིད་དེའི་བསྙེན་བཀུརོ་གྱིས་ཡིན་ལ། དེས་དེ་དག་ལ་བསྙེན་པར་བྱ་ཞེས་བྱ་བའི་དོན་ཏོ།། ། ་སྐལ་བཟངས་ཞེས་བྱ་བ་ལ་སོགས་པས་ནི་རི་མོ་ཅན་གྱི་མཚན་ཉིད་གསུངས་པ་ཡིན་ཏེ། སྲ་ཞེས་བྱ་བ་ནི་ཡན་ལགས་མཁྲང་བའོ།། འོ་མ་འཛིན་སྦོམ་པདྨ་ཅན། ཞེས་བྱ་བ་ནི་པདྨ་ཅན་གྱི་མཚན་ཉིད་དོ།། འོ་མ་ཅན་འཛིན་པ་ནི་ནུ ་མའོ།། སྡོམ་པ་ནི་ཤིང་ཏཱ་ལའི་འབྲས་བུ་འམ། ཤྲཱི་པ་ལ་ཝཱར་ཟླུམ་ཞིང་མཐོ་ལ་མཁྲང་པའོ།། ལྟེ་བ་དུང་འདྲ་ཞེས་བྱ་བ་ལྟེ་བདུང་གི་དབྱིབས་ལྟར་འཁྱིལ་བའོ།། ལྕུག་མ་ནི་གོ་སླའོ།། འབྱུང་བའི་ཤིང་ཞེས་བྱ་བ་ནི ་ཤིང་ཨུ་དུམ་པ་རའོ།། གནྡ་དུ་ཤ་ཞེས་བྱ་བ་ནི་ཀྲི་ཏཱ་ཨ་ཛ་ལིའོ།། ལཀྑ་ཎ་ནི་སྨན་ལཀྵ་ཎའི་རྩ་བའོ།། པ་ཐ་ནཱི་རྣམ་ཕུག་པའོ།། ཇི་ལྟར་འདོད་པ་བཞིན་འགྱུར་རོ་ཞེས་བྱ་བ་ནི་ཛི་ཙམ་འདོད་པ་དེ་འཕེལ་བར་འགྱུར་རོ།། ག་སར་ཞེས་བྱ་བ ་ནི་ནཱ་ག་གེ་སར་རོ།། ལིང་གི་དོན་གཉེར་ཞེས་བྱ་བ་ནི་དགའ་བ་ལ་ཆ་གུས་པ་སྟེ། ལིང་གིས་དོན་དུ་གཉེན་པ་ཡིན་པའི་ཕྱིར་རོ།། བྷ་ག་དང་ནི་སྤེལ་བར་བྱ་ཞེས་བྱ་བ་ནི་བྷ་ག་འདིས་རྡོ་རྗེ་བཅུག་པས་མཛེས་པ་ནི་སྤེལ་བའོ།། དེ་ཉིད་ཀྱི་ཕྱིར ་གསུངས་པ། ཕྱག་རྒྱ་ཕྱག་རྒྱར་སྦྱོར་བ་ཡིན་ཞེས་བྱ་བ་ལ། ཕྱག་རྒྱ་ནི་རྡོ་རྗེ་སྟེ་བྷ་གྲ་ལ་འདབས་པའི་ཕྱིར་རོ།། ཡང་ཕྱག་རྒྱུ་ནཱི་བྷ་ག་སྟེ་ས་གསུམ་གྱི་སྐྱེ་བོ་མགུ་བར་བྱེད་པའི་ཕྱིར་རོ།། སྦྱོར་བ་ནི་སྙོམས་པར་ཞུགས་པའོ།། རྣམ་པར ་རོལ་པས་ལིང་གཞིསོ་ཞེས་བྱ་བ་ནི། འདིས་པ་གསུམ་གྱི་སྐྱེ་བོ་ཅི་བདེར་རོལ་ཅིང་རྩེ་བར་བྱེད་པས་ནི་ལིང་གའོ།། འདིརོ་ལིང་ག་ཞེས་བྱ་བ་ནི་ཐུང་དྲོ་ཡིན་པར་སྦྱོར་རོ།། རྣམ་པར་འབྱེད་པས་བྷ་ག་ཡིནྡ་ཞེས་བྱ་བ་ལ། རྣམ་པར ་འབྱེད་པ་ནི་གསལ་བར་བྱེད་པ་སྟེ། ཆོས་འབྱུང་བ་འདིས་བོང་བ་སྟེར་བར་བྱེད་ཅིང་། དེ་ཁོ་ན་ཉིད་གསལ་བར་བྱེད་པ་ཞེས་བྱ་བའི་དོན་ཏོ།། ཨ་ཡིགེ་པའི་ཡི་གེ་ལས་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་དུས་སུ་བྷ་ག་དང་ལིང་ག ་བྱིན་གྱིས་བརླབས་པའི་ཡི་གེའོ།། ཁ་ཅིག་ནི་ཨ་ཡིག་ནཱི་ཨཱ་ལི་ཏཱི། ལྟེ་བར་སྤྲུལ་པའི་འཁོར་ལོ་གནས་པའོ།། བ་ནི་ཀཱ་ལི་ཏི་མགོ་བོར་བདེ་བ་ཆེན་པོའི་འཁོར་ལོ་ལ་གནས་པའི་ཡིགེ་ཧཱུཾ་།། བྷ་གཱ་ལིང་ག་བསྐྱེད་ནས་ནི་ཞེས་བྱ་བ་ནི་དེ་གཉིས ་ཀྱི་སྙོམས་པར་འཇུག་པ་ཡིན་ནོ་ཞེས་ཟེར་རོ།། བུང་བ་ལ་སོགས་རིམ་བཞིན་དུ་ཞེས་བྱ་བ་ནི་བུད་བཱི་ལྟ་བུའི་སྒྲ་དང་། བུང་བ་ལྟར་སྨད་ཀུན་ཏུ་བསྐྱོད་པ་སྟེ། བྱེད་པ་ཀུན་སྡོམ་པའི་ཁྱད་པར་རོ།། ངེས་ཅི་ཞིག་བྱ་ཞེ་ནི། མཁའ་འགྲོ་མ་ཀུན་བསྒྲུབ ་པར་བྱ་ཞེས་བྱ་བ་ནི་ཕོ་ཉ་དང་ལྷན་ཅིག་ཏུ་སྦྱར་བས་མཁའ་གྲོ་མ་སྟེ། བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་ལ་ལོངས་སྤྱོད་པས་བྱ་བའོ།། དེ་ཡང་འདི་ལྟར་བསྐུལ་བ་དང་པུས་བཙུགས་ལ་སོགས་པའི་བྱེད་པའི་ཁྱད་པར་གྱིས་བསྒྲུབ་པར་བྱ་སྟེ། ་དེ་ལྀ་བསྐུལ་བ། ངོ་ཞེས་བྱ་ནི། སྐྱེས་པའི་ཆུ་སོ་སོའི་སྟེང་དུ་ཕོ་ཉས་གནས་ནས་བུང་བ་ལ་སོགས་པ་སྒྱུ་འབྱིན་ཅིང་། རོ་སྟོར་དང་རོ་སྨད་ལ་སོགས་པ་རིམ་གྱིས་བསྒྲལ་ཞིང་བསྐྱོད་ལ་འཁོར་ལོ་ལྟ་བུར་གཅུ་ཞིང་བསྐོར་བ་ཡིན་ཏེ། དེ ་ཡང་གསུངས་པ། བུ་མོ་སྐྱེས་པོའི་ཆུ་སོ་ཡ~ཾ། སྟེང་ནས་མདུན་རྒྱབ་རིམ་གྱིས་བསྒྲལ།། རྒུད་པ་འཁོར་ལོ་ལྷོར་བསྐྱོད་པ།། དོ་ལེ་ཞེས་ནཱ་བྱི་བར་བཀུད་།། སྐྱེས་པའི་པུས་མོ་བཙུགས་གནས་ནི།། བུ་མོའི་པུས་མོ་ཅུང་ཟད་བསྐུམ། ་བོང་གཤོལ་ལྟ་བུར་བླངས་ཏེ་བཞག། ཀུར་པ་ན་ཞེས་བྱ་ངོ་བཤང་།། ཞེས་བྱ་བ་ལ་སོགས་པ་དགའ་བའི་བསྟན་བཅོས་ལས་ཤེས་པར་བྱའོ།། གཞུང་གང་ལས་ཕོ་ཉ་གདུལ་བའི་ཆོ་ག་འབྱུང་བ་དེ་ནི། ཕོ་ཉ་གདུལ་བའི་ཚེ ་གཱའི་རིམ་པར་ཕྱེ་བ་སྟེ་སུམ་ཅུ་རྩ་རྒྱད་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་སུམ་ཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །། དུ་ནི་སྔགས་བཟླས་པ་ལ་སོགས ་པ་མི་ནུས་པའི་བསོད་ནམས་དམན་པ་གང་དག་དངོས་གྲུབ་ཕྲ་མོ་ལ་ཤིན་ཏུ་དང་པ་དེ་དག་གིས་ལས་རྣམ་སྣ་ཚོགས་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ང་ནས་ཞེས་བྱ་བ་ནི་ཕོ་ཉ་གདུལ་བ་བསྟན་བཅོས་པའི ་འོག་ཏུའོ།། བཅོམ་ལྡན་འདས་ལ་ཞེས་བྱ་བ་དང་། གསོ་པེ་ཏྭོ་ཞེས་བྱ་བར་འབྲེལ་ཏོ།། མཆོད་པ་ཞེས་བྱ་བ་ནི་གར་ལ་སོགས་པའི་མཆོད་པོའོ།། དེ་ཉིད་གསུངས་པ། སེམས་ཅན་ཞེས་བྱ་བ་ལ་སོགས་པ་ལ། བསོད་ནམས་མེད་པ་ཞེས་བྱ་བ་ནི ་བསམ་གཏན་བསྒོམ་པར་མི་ནུས་པའོ།། སྔགས་རྣམས་བསྟེན་པར་མི་ནུས་པ་ཞེས་བྱ་བ་ནི་སྔགས་བཟླས་པར་མི་ནུས་པའོ།། ཡང་ཞེས་བྱ་བའི་ནི་བསམ་གཏན་དང་བྲལ་བསྡུད་པའོ།། ལྷའི་སྨན་ཞེས་བྱ་བ་ནི་གྲུབ་པའི་རང་བཞིན་ཅན་རྣམས། ་དེ་ནི་ཇི་ལྟར་གཟུང་བྱ་བ་ནི། སྨན་དེ་རྣམས་ཇི་ལྟར་བཅང་བའོ།། ལྷའི་ཏིང་འཛིན་དང་ལྡན་པས་ས་བོན་ཁྲག་གིས་བསྒོ་བ་ལ་སོགས་པས་བསྒྲུབ་པ་བསྟན་པའི་ཕྱིར་བདག་ཉིད་ཅེས་བྱ་བ་ལ་སོགས་པ་གསུང་སོ།། བྱ་བ་སྣ་ཚོགས་ཞེས་བྱ་བ་ནི། ་སྲུང་བ་ལ་སོགས་པའི་ལས་སྣ་ཚོགས་པའོ།། གཟུགས་པ་ནི་བསྐྱེད་པའོ།། ཇི་ལྟ་བུའི་ས་བོན་ལ་སོགས་པ་ལགས་ཞེས་བྱ་བ་ལ་སོགས་ཀྱིས་ན་ལྕུག་མ་ལ་སོགས་པ་གཟུང་སྟེ། གང་དག་དང་གང་གི་ས་བོན་དང་ལྕུག་མ་དག་གཟུང་བར ་བྱ་ཞེས་བྱ་བའི་དོན་ཏོ།། ཤིང་གི་ཞེས་བྱ་བ་ནི་ཤིང་རྣམས་ལས་བྱུང་བའོ།། ཤིང་དེ་དག་ཀྱང་གང་ཡིན་ཞེ་ན། ཨེ་རནྟ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསེར་གྱི་ཤིང་ནི་སྨྱོ་བྱེད་ཀྱི་ཤིང་ངོ་།། སོགས་ཀྱིས་པ་ཏ་ལ་སོགས་གཟུང་བར་བྱའོ།། ་ད་ནི་ལྕགས་མ་བསྐྱེད་པའི་ཆོ་ག་གསུངས་པ། མར་ངོ་ཞེས་བྱ་བ་ལ་སོགས་པ་ལ་ཟླ་མཚན་ཞེས་བྱ་བ་ནི་ཟླ་མཚན་ཞེས་བྱ་བ་ནི་ཟླ་མཚན་གྱི་ཁྲག་གོ།། དབང་པོ་ཞེས་བྱ་བ་ནི་ཚིམ་ཆེན་པོའི་ཞག་གོ།། དུར་ཁྲོད་ཀྱི་ཐལ་བ་ཞེས་བྱ་བ་ནི་ཐོད་པ་སྟེ ་དེ་ཡང་གང་གི་ཐོད་པར་གཟུགས་པ་ངའི་ཞག་གིས་བསྒོ་བ་དང་། དེའི་ཁྲག་གིས་གཏོར་བ་དང་། དེའི་ཤ་དང་རུས་པས་བདུག་པ་དང་། དེའི་རོ་གང་དུང་དུ་བསྲེགས་པའི་ཐལ་བ་དང་། ས་ས་བཀང་བར་བཙུགས་ཏྭ་གཏོར་མ་དང་བསྲུངས་པ་ལ་སོགས ་པར་བཅས་པས་བསྐྱེད་པར་བྱའོ།། པ་པ་ནི་རྣམ་ཕུག་པའོ།། རྒྱལ་བ་དང་གཞན་གྱི་མི་ཐུབ་པ་ནི་སྔགས་པར་ཟད་དོ།། ཙཀྲ་ཨ་ག་ནི་ལྕགས་མཐོང་ངོ་།། རྨོངས་བྱེད་ནི་དྷ་དྷུ་རའོ།། མཚོན་ཆ་ཐམས་ཅད་ཟློག་པར་བྱེད་ཅེས་བྱ་བ་ནི།། སྨན་ལྔ་པོ་དྲས ་མཚོན་ཆ་ལྔ་ཟློག་པར་བྱེད་པའི་ཕྱིར་རོ།། ང་ཉིད་གསུངས་པོ། ཙཀྲ་ཨཾ་གས་ལག་པས་འཕེན་ཞེས་བྱ་བ་ལ་སོགས་པ་ལ། ཙཀྲ་ཨཾ་ག་ལ་སྐུད་པ་བཏགསཽ་པས་འཁོར་ལོ་ལ་སྩོགས་པའི་མཚོན་ཆ་ལག་པས་འཕེན་པ་ཟློག་པར་བྱེད་དོ།། ཐ་ནི ་སྨན་ནོ།། འཁྲུལ་འཁོར་གྱིས་འཕེན་པ་ནི་མངའ་ལ་སོགས་པ་སྟེ། ཟློག་པར་བྱེད་ཅེས་བྱ་བ་དང་འབྲེལ་ཏོ།། འཕངས་ནས་གཟུང་བ་ནི་ཞག་པ་ལ་སོགས་པའོ།། མི་འཕན་པ་ནི་རལ་གྲི་ལ་སོགས་པའོ།། ལྷག་མ་ནི་གོ་སླའོ།། བརྡོའི་ཚུལ ་ཞེས་བྱ་བ་ནི་སོའི་ཐ་སྙད་ཇི་ལྟར་གྲགས་པ་ལྷུར་རོ།། དེ་དག་ཇི་ལྟར་གཟུང་བ་བསྟན་པར་བྱ་བའི་ཕྱིར། དེ་དག་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། སྨན་ལྔ་པོ་དེ་དག་ཐམས་ཅད་ཀྱི་རྩ་བ་སོ་སོར་གཡོན་དུ་བསྒྲིལ་བའི ་སྐུད་པ་བྱས་ལ། མགྲིན་པ་འམ་སྤྱི་བོར་བཅིང་བར་བྱའོ།། ཞེས་བྱ་བ་དོན་ཏོ།། ཁ་ཅིག་སྨན་དེ་དག་གི་རྩ་བའི་སྣ་ལྀས་སྐུད་པ་བྱའོ་ཞེས་ཟེར་རོ།། གཽདོལ་པའི་བུ་མོ་མདོག་སྔོན་གྱི། པདྨ་ལས་ནི་སྐྱེས་པ་དང་ཞེས་བྱ་བ་ནི། གན་པའི་བུ་མོ་མདོག་སྔོན ་མོམོའོ་པདྨ་ལས་བྱུང་བའི་ཟླ་མཚན་གྱི་ཁྲག་གིས་རྨོངས་བྱེད་ལ་སོགས་པའི་སྨན་ལྡི་ལ་བསྒོམ་པའོ།། བདུད་རྩི་ལྔ་ཞེས་བྱ་བ་ནི། དེའི་འོག་ཏུ་ཡང་བདུཔཱལཱས་བསྒྲེ་ངའོ།། ཁྱི་ནག་པོའི་ཐོད་པ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ།། དུར་ཁྲོད་ས་ཡིས ་བཀང་བ་རུ་ཞེས་བྱ་བ་ནི་རོ་བསྲེགས་པའི་སས་དགང་བ་སྟེ། གཉིས་པའི་དོན་གྱིས་བདུད་པ་ཡིན་ནོ།། ཕ་མེས་ཀྱི་ནི་གནས་སུ་གཟུགས་ཞེས་བྱ་བ་ནི་རོ་བསྲེགས་པའི་ཤུལ་དེ་ཉིད་དུ་བསྐྱེད་པའི་བྱའོ།། གལ་ཏེ་བྲམ་ཟེ་མཆོག་གི ་དུདུ་ཁྲོད་དུ་ནི་བླ་མ་དང་། ཧེ་རུ་ཀ་དཔལ་མཆོད་བྱས་ལ་ཞེས་བྱ་བ་ནི། ཤེ་ཆེན་གྱི་བདུག་པ་ལ་སོགས་པས་ཚོགས་ཀྱི་མཆོད་པ་དང་གཏོར་མ་དག་བྱིའོ། དེ་ནས་ཞེས་བྱ་བ་ནི་སྨན་ཏེ་རྨོངས་བྱེད་དོ།། ཐོད་པ་རུ་ནི་བཞག་པ་ལ་ཞེས་བྱ་བ ་ནི་དེའི་འོག་ཏུ་ཡང་བྲམ་ཟེ་མཆོག་གི་ཐོད་པར་བསྐྱེད་པར་བྱའོ།། གལ་ཏེ་བྲམ་ཟེ་མཆོག་གི་ཐོད་པ་མེད་ན། དེའི་ཚེ་གསུངས་པ་བྱ་རོག་ནག་པོའི་ཐོད་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ།། ཆོ་ག་བཞིན་དུ་མངོན་བསྡུ ་ཏ་ཞེས་བྱ་བ་ནི་གསེར་ཤིང་ས་བོན་ལྕགས་གསུམ་གྱིས་དཀྲིས་ལ་རྐང་པ་བརྒྱད་པའི་སྔགས་ལ་སོགས་པ་ཟླས་ནས་མགུལ་བར་བཅིངས་ན་སྦྲེང་པ་སྟེ་མི་རྣམས་སྣང་བར་འགྱུར་རོ།། མཉམ་པར་བཞག་སྟེ་བཅིངས་པ ་དགྲོལ་ཞེས་བྱ་བ་ནི་སླར་མཐོང་བར་འདོད་ན་སྐྱེ་ལས་དགྲོལ་བར་བྱའོ།། དེ་ཉིད་གསུངས་པ། བྱ་རོག་ཞེས་བྱ་བ་ལ་སོགས་པ་ལ། སྦྲུལ་ནག་པོའི་ཞག་གིས་གཟུགས་ནི་ཞེས་བྱ་བ་སྔ་མའི་ས་བོན་དེ་ཉིད་ལན་གཉིས་པར་བསྐྱེད ་པཔར་བྱ་བ་ལ། སྦྲུལ་གྱི་ཞག་གིས་ཡང་དང་ཡང་དུ་བསྒོམ་པའོ།། ཁོ་ཅག་ནི་མི་སྣང་བར་འདོད་པ་ལ་བྱ་རོག་ནག་པོའི་ཁྲག་དང་། སྦྲུལ་ནག་པོའི་ཁྲག་གིས་བསྒོ་བར་བྱ་ལ། གཟུགས་བསྒྱུར་བར་འདོད་པ་ལ་ནི་གང་གིས ་གཟུགསུ་བསྒྱུར་བ།། དེའི་ཐོད་པར་གཟུགས་པ་དང་། དེའི་ཁྲག་གིས་གཏོར་བ་དང་། དེའི་ཞག་གིས་བྱུག་པ་དང་། དེས་དང་དའི།། རུས་ཀྱིས་བདུག་པ་སྟེ། དེ་ཉིད་མེ་ཏོག་ལྀ་སོགས་པའི་མཆོད་པ་ཡིན་ལྔ། མཆོད་པ་དེ་དག་གིས་མ ་མཉེས་པར་བྱའོ་ཞེས་ཟེར་རོ།། སཱ་དག་དང་ཞེས་བྱ་བ་ལ་སོགས་པ་ནི་ཐུན་མོང་གི་ཆོ་ག་སྟེ། ཁྱད་པར་དུ་དུར་ཁྲོད་ཀྱིས་ས་དགང་བར་བྱ་སྟེ། གཟུགས་བསྒྱུར་བ་ལ་ནི་གང་གཱ། གཟུགསུ་བསྒྱུར་བའི་རོ་བསྲེགས་པའི་ས་ལས་བསྐྱེད་པར ་བྱ་ཞིང་། རོ་བསྲེགས་པའི་གནས་དེ་ཉིད་དུ་གཟུགས་པར་བྱའོ།། རྒོངས་མོ་ཞེས་བྱ་བ་ནི་གྲགས་པར་ཟད་དོ།། དེ་ནི་ཞེས་བྱ་བ་ལྕགས་གསུམ་གྱིས་དཀྲིས་པ་གཟུང་བར་བྱའོ།། ཤིང་བསྐྱང་ཆོ་ག་རྒྱས་པ་ལས། འབྱུང་ཞིང་སྲུང་བ་ལ་སོ་ཌཱ ་ཞེས་བྱ་བ་ནི། ཤིང་དང་སྡོང་བུ་ལ་སོགས་པ་བསྐྱེད་པའི་བསྟན་བཅོས་ལས་འབྱུང་བའི་སྲུང་བ་ལ་སོགས་པའི་ཆོ་ག་ཇི་བཞིན་བྱ་བའོ།། གཞན་དུ་ཞེས་བྱ་བ་ནི་ཆོ་ག་ཉམས་པའི་སྐྱོན་སྟོན་པ་ཡིན་ཏེ། དྲག་པོའི་གདོན་ཞེས་བྱ ་བ་ནི་ཤ་ཟ་བ་དང་དྲར་སྣབས་ཟ་བ་ལ་སོགས་པའི་གདོན་ནོ།། དོ་དང་དེའི་གཟུགས་ཞེས་བྱ་བ་ནི་གཟུགས་བསྒྱུར་བར་འདོད་པ་ལ། རིལ་བུ་ཁུར་བཅུག་སྟེ་གང་གིས་གཟུགས་བྱ་བར་འདོད་པ་ངོའི་གཟུགས་སུ་སྣང་བར་འགྱུར་རོ།། ཁྱད ་པར་དུ་མི་སྣང་བ་ནི་མགུལ་དུ་གདགས་པར་བྱའོ།། འུག་པ་ལ་སོགས་ཞེས་བྱ་བ་ལ་སོགས་ཀྱིས་ནི་རིག་པ་གྲུབ་ལ་སོགས་པ་གཟུང་ངོ་།། ཆ་ཙམ་ཞེས་བྱ་བ་ནི་རྣལ་འབྱོར་པའི་གྲིབ་མྱ་ཡང་།། གང་གིས་ཤེ་ན། ས་བོན་མཉམ་སྟོན། ་ཀྱི་སུ་ཞེས་བྱ་བ་ལ། མ་ཉམས་པ་ནི་རྨ་མེད་པར་དང་མུ་ཚིག་པ་ལ་སོགས་པའོ།། ས་བོན་ནི་ཉེ་བར་མཚོན་པ་སྟེ། གཟུགས་པར་བྱ་བའི་ཐོད་པ་ལ་སོགས་པ་ཡང་དེ་ལྟར་བལྟ་བར་བྱའོ།། ཚོན་ཆ་བཟློག་པའི་རྣམ་པ་གཞན་གསུངས་པ ་དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ཉི་མ་གཟ་ས་ནི་ཟིན་དུས་སུ་ཞེས་བྱ་བ་ནི་ཤིང་རྣམས་ཀྱི་རྩ་བ་ཤར་ཕྱོགས་ཀྱི་ངོས་བརྐོ་བར་བྱའོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། བྱང་ཕྱོགས་རྩ་བརྐོས་ནས་ནི་ཞེས་བྱ་བ་ནི། ཟླ་བ་གཟས་ཟིན་པའི ་དུས་སུ་ཞེས་བྱ་བ་ནི་ལྷག་མ་ཡིན་ནོ།། སྔར་བཞིན་ཆོ་གའི་རིམ་པྲཱ་ཞེས་བྱ་བ་ནི་གཟའ་ཉི་མ་དང་སྐར་མ་རྒྱལ་ལ་སོགས་པ་ནས་བརྩམས་ནས་རྩ་བའི་སྐུད་པ་བསྒྲིལ་པོ་མགུལ་པར་གདགས་པའི་བར་དུ་གཟུང་བར་བྱའོ།། དེའི ་གེ་སར་ཞེས་བྱ་བ་ནི་པ་ཐ་ལ་སོགས་པ་གེ་སར་རོ།། ཨཾ་ཀོ་ཏ་ཀའི་རྩ་བླངས་ལྔ་ཞེས་བྱ་བ་ནི་ཉི་མ་དང་ཟླ་བ་གཟས་ཟིན་པའི་ཚེ་འམ་གཟའ་ཉི་མ་འམ་སྐན་མ་རྒྱལ་དུ་འཛོམ་པའི་དུས་སམ། འབྱུང་པོའི་ཉིན་ཞག་ལ་ཡང་རུང་དུས་དེ་དག་ཏུ ་བླང་བར་བྱའོ།། བེ་ཏི་ཞེས་བྱ་བ་ནི་གྲགས་པར་ཟད་དོ།། ཡང་ན་ཞེས་བྱ་བ་ནི་འབྱུང་པོའི་ཉོན་ཞག་གཟུང་བའི་ལོ་གཅིག་ཅེས་བྱ་བ་ལ་སོགས་པས་ནི་སྨན་གྱི་ནུས་པའི་དུས་བསྟེན་པ་ཡིན་ཏེ། སྒྲུབ་པ་པོའི་སྦྱོར་བ་བརྩམས་ནས་ལོ ་གཅིག་གཽ་བར་དུ་ནུས་པ་དང་། ལྡན་པར་གཟུང་ངོ་།། པྲཧྨ་དནྟ་ཞེས་བྱ་བ་ནི་སྨན་བྲ་ཧྨའི་རྩ་བའོ།། པདྨའི་འདབ་ཞེས་བྱ་བ་ནི་པདྨའི་རྩི་བའི་ལྡེ་གུའོ།། ཨཱི་ཤྭ་ར་ཞེས་བྱ་བ་ནི་འདམ་གྱི་མང་སྟེ། དབང་ཕྱུག། མའི་འདམ་ཞེས་བྱ་བའོ།། མཚན་མ ་གཅིག་གིས་ཞེས་བྱ་བ་ནི་ཁ་ནུབ་བལྟས་པའི་ལིང་གཱའི་ཉེ་འཁོར་གྱི་སའོ།། སྔར་བསྟུན་ཆོ་གའི་རིམ་པ་ཡིས་ཞེས་བྱ་བ་ནི། ཛཾ་སྦྲིད་ལུས་ལ་གནས་ཀྱི་བར་ཞེས་བྱ་བ་སྔ་མ་དང་སྦྱར་ཏེ་ལུས་བསྒྲིལ་བའོ།། ཀུ་མ་རི་ཞེས་བྱ་བ་ནི་གྲགས་པར་ཟད ་གཞོན་ནུ་མའི་རྐང་རྗེ་ས་རྡུལ་ཞེས་བྱ་བ་ནི་བུ་མོ་གཞོན་ནུ་མའི་རྐང་རྗེས་ཀྱི་རྡུལ་ལོ།། དེའི་ཞེས་བྱ་བ་ནི་བླ་མོ་དེའི་འོ།། མ་ཧཱའི་རུ་ཞེས་བྱ་བ་ནི་སྒྲ་ཇི་བཞི་ནོ།། སུམ་ཅུ་ག་སུ་མཱ་པས་མཆོད་ཅེས་བྱ་བ་ནི། འད་མདོ་ལུས་ལ་བསྐས་པཉྫི ་སྒྲུབ་པ་པའོ།། བསྡུ་བི་ཞེས་བྱ་བའི་སྨན་ཞེས་བྱ་བ་ནི་བསྡུ་བི་ཞེས་བྱ་བའི་མིང་ཅན་གྱི་འད་མོ།། ནོགས་ཀྱི་ཕྲེང་བ་ཞེས་བྱ་བ་ནི་ས་མ་ཏ་ལིའོ།། བཟློག་སྟེ་འཁོར་བའི་འཁོར་ལོ་ཡི།། འཇིམ་པ་འབོད་དེ་བླངས་ན་སུ་ཞེས་བྱ་བ་ནི། ཙཀྲ་ཨཾ ་གའི་ལྡེ་གུའོ།། བག་མོ་ཞེས་བྱ་བ་ནི་ཏ་ལ་མུ་ཤ་ལའོ།། ཕག་གི་ལུས་ལ་འབྱུང་བའི་འདམ་ཞེས་བྱ་བ་ནི་ཕྱག་མོའི་ལྷོ་ལ་གོས་པའི་འཛུམ་པའོ།། མ་ཧཱ་རཱ་ཞེས་བྱ་བ་ནི་སྒྲ་ཇི་བཞིན་པའོ་དབང་པོའི་ཤིང་ཞེས་བྱ་བ་ནི་དེ་བ་ད་རུའོ།། ་སུམ་ཅུ་གསུམ་དབང་འངམ་ཞེས་བྱ་བ་ནི་སུམ་ཅུ་གསུམ་པས་མཆོད་པས་ན་སུམ་ཅུ་དབང་འདམ་སྟེ་འདམ་གྱི་མིང་ངོ་།། ཙཎྜ་ལི་ཞེས་བྱ་བ་ནི་སྐྱེ་ཚེ་སྟེ། དེའི་རྩ་བའི་འངམ་ནཽ་ཙི་མུཎྜ་འམ་ཞེས་བྱའོ།། དེའི་ལྷག་པ་བཤགས་ནས་སུ། ་ནི་རྩ་དར་བཅས་ཏེ་བླང་ཞེས་བྱ་བ་ནི་སིང་ལྗང་གི་ཕུར་བུས་ལྷག་པའི་ཕྱོགས་ནས་དྲལ་ཏྲ་རྩ་བ་དང་བཅས་པར་དབྱུང་བའོ།། རིལ་བུ་ཞེས་བྱ་བ་ནི་ལྕགས་གསུམ་གྱིས་དཀྲིས་པའོ།། དེའི་ཤ་དང་ཞག་དང་ཁྲག་ཅེས་བྱ་བ་ནི། ཟླ་བ་བརྐྱང་བ་མངལ ་ནས་བྱུང་བའིའོ།། ལྷག་མ་ནི་གི་སླའོ།། བྱིས་པའི་རོའི་ལྟེ་བར་ནི་ཞེས་བྱ་བ་ནཱི། ཟླ་བརྒྱད་པའི་བྱིས་པ་ཉིད་ཀྱི་རོའོ།། སྔར་གྱི་ཚོགས་བཞིན་བླངས་ཏེ། ཞེས་བྱ་བ་ནི་ཉི་མ་དང་གང་ཟགཟའ་བཟང་པོ་བླང་བ་ལ་སོགས་པའོ།། ཟླ་མཚན་ཞེས་བྱ་བ་ནི་དང ་པོར་རྐང་པ་དབབ་པའི་ཁྲག་གོ།། སུམ་སྒྲིལ་ཡང་ནི་སུམ་སྒྲོལ་དུ་ཞེས་བྱ་བ་ནི། སྣལ་མ་སུམ་སྒྲིལ་དུ་བྱས་ལ་དེ་ཉིད་སླར་ཡང་སུམ་སྒྲིལ་དུ་བྱ་བའོ།། རྐང་པ་བརྒྱད་པའི་གསང་སྔགས་ནི། བཟླས་ཤིང་མདུད་པ་དེ་ཙམ་བྱ་བ་ནཱི། ཆུ་སྲིན་གྱི་ཁམས ་བྱུང་བ་ལྟ་བུའི་མདུང་པ་བརྒྱད་བྱ་བའོ།། ཁ་ཅིག་ན་ར་མདུད་པ་བཞི་བྱའོ་ཞེས་ཟེར་རོ།། མ་མོ་བརྒྱད་ཅེས་བྱ་བ་ནི་ཁཱ་གདོང་མ་ལ་སོགས་པའོ།། བཏག་ཅེས་བྱ་བ་ནི་མདུད་པ་རྣམས་དེ་དག་ཏུ་བསྒོམ་མོ།། བུ་མོ་ཡས་ནི་གཅིག་པ་ཡིས་ཞེས་བྱ་བ་ནི། གང་དུ ་གཙྪ་པ་བྱས་ཐའ་ཤུལ་རྒྱས་ལ།། ཏགས་ཏི་དེ་དང་བཀྲ་བར་བྱ་ཞེས་བྱ་བ་ནུས་རློན་པས་སྔགས་པར་བྱ་བའོ།། ས་ས་གཞིང་ནི་རེ་རེ་ལ།། སྦྱར་གྱི་རིམ་པའི་སྦྱོར་བྱ་ཡིས།། ཤིན་དུ་མཉམ་པར་གཞས་སྟེ་བསྒྲུག།། ཅེས་བྱ་བ་ནི་མདུད་པ་རྣམས་མ་མོ་རྣམས་སྐུ ་སྒོམས་ལ། རྐང་པ་བརྒྱད་པའི་སྔགས་བརྒྱ་རྩ་བརྒྱད་ནས་པའོ།། མྱོང་བར་བྱུང་བའི་རྙོག་པ་ཆེ་ཞེས་བྱ་བ་ནི་རྐང་པ་བརྒྱུད་པ་ལ་སོགས་པའི་སྔགས་སོ།། ཕན་ཚུན་དུ་ནི་སྣད་འགྱུར་མ། ཞེས་བྱ་བ་ནི་རྡོ་སྲིང་དུ་མ་བྱུང་གི་བར་དུ་སྡུད་པར་བྱ་བའོ།། ་ནས་རྗེ། ས་ལྲྀང་ལ་སོགས་པའི་ཤིང་གཉིས་གཟུང་པོ།། དགེ་བའི་གསུས་བའི་རླུ་ཕྱོགས་སུ་སོང་ལ། དམ་པ་མཚ་བ་གཉིས་ཀྱི་མཛིན་སྲེགང་སྟེ། རླུང་པོ་བརྨ་པའི་སྔགས་དང་སྦྲུལ་ནས་ཟློས་ཤིང་གསྒྲ ་ལ་མངོན་པར་བལྟ་སྟེ། ཤིང་གཉིས་དུབ་འབྱུང་གི་བར་དུ་སྡུད་པར་བྱས་ནས། དགྲ་བོ་ནང་ཕན་ཚུན་དུ་རྨོངས་ནོས་འགྲུབ་པར་འགྱུར་རོ།། རྡོ་རྗེ་རྨཱ་ཞེས་བྱ་བ་ནི་གཅི་བའོ།། ལྕུག་མ་ནི་གོ་སླའོ།། སྟོབས་བསྐྱེད་པ་ཞེས་བྱ་བ་ལ་སྟེགས་པ་ལ་སྦྱི ་ནི་སྨན་རྣམས་ཀྱི་ནུས་པའོ།། ཆོ་གནི་བང་དུ་བྱས་པའི་བྱུང་ལ། རིམ་པར་ཕྱེ་བ་ནི་དེའི་གཞུང་སྟེ་སུམ་ཅུ་ཅུ་དག་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔ་ཡོ་རྗེ་མཔའ་འམའི་རྣམ་པར་བ་ཤིད་པ་ལས་ལེ་སུམ་ཅུ་དགུ་པའི་རྣམ་པཱཪྵ ་འབྲས་ཐུ་ཆོས་མེའི་ལོས་རྒྱ་ས་ཐོ་བ་ཤད་པར་བཞིད་ནས། གང་གིས་ཞེས་བྱ་འི་ལ་སོགས་པགསངས་ཏེ། གང་གིས་སྒྲུབ་པ་པོ་འགྲུབ་པང་བཞེད་པར་བྱ་ཞེས་བྱ་བ་དང་སྐྱེ་། ནས་ལས་བྱ་བ་ནི་མྀ ་རྣལ་འབྱོར་དང་རྒུད་པ་བརྒྱུད་པའི་སྔགས་བཟླས་པའི་འོག་ཏུའོ།། སྣུམ་སྦྱར་ཞེས་བྱ་བ་ནཱི་རས་བལ་གྱིས་བོན་ནོ།། མྦྷའི་ར་གྷན་ས་ཐུང་བ་བྱཱ་ཞེས་བྱ་བ་ལ། སྨྱེ་སུ་བྷྲྀ་མོ་སྟེ། དེ་ལ་རཱས་བཉྩརྨྨ་ས་བྱཱནྟ་བླུད་པ ་འདས་ནི་ས་ལམ་ལྟུང་བར་བླང་བ་སྟོན་ཏོ།། དེ་བཞིན་སྙེ་མའི་ཌཱུརྱ་གནས་ཞེས་བྱ་བ་འདིས་ཐཾད་པའི་ནང་ན་གོནས་པ་བླང་བར་ཡང་བསྟན་ཏོ།། ཡི་དགས་ཀྱི་ཐ་ཕྱེད་ཅེས་པོའི་བཤད་པ་ནི་འབྱུང་བའི་ཉིམ་ཞེས་བྱ་བ་ཡིན་ནོ།། གློ་རི་ལ་སོགས་མཁར ་འགྲོ་མར།། བཅས་པའི་ཧེ་རུ་ཀ་བསྒོམ་མཆོད་ཅེས་བྱ་བ་ནི། གཽ་རཱི་ལ་སྩོགས་པས་བསྐོར་བའི་ཧེ་རུ་ཀར་བསྒོམ་པ་མཆོད་པ་དང་བཅས་པར་བྱས་ནས་ལས་ཐམས་ཅད་བརྩམ་པར་བྱའི་ཞེས་བྱ་བའི་དོན་ཏོ།། བུད་མེད་ཀྱི་ནི་མེ་ཏོག་གིས། ཡང་རང ་ཡང་པུ་བསྒོ་བར་བྱ་ཞེས་བྱ་བ་ལ། རིས་བྲལ་གྱིས་སོ་དོན་བུ་མོའི་ཐོད་པར་བཞག་སྟེ། མེ་ཏོག་ཅེས་བྱ་བ་ཟླ་མཚན་གྱི་ཁྲག་གིས་ཡང་དོང་ཡང་དུ་བསྒོ་བར་བྱའོ།། བསྲེགས་པ་འམ་ནི་མཚོན་གྱིས་བསད། སྦྱང་ཀའི་ལ་སོགས་མ་ཟོས་པའི ་བུད་མེད་ཐོད་པ་མཛེས་པ་རུ།། ཆོ་ག་བཞིན་དུ་བསྐྱེད་པར་བྱེ་ཞེས་བྱ་བ་ནི་མདོར་བསྡུས་ནས་བསྟན་པོ་སྟེ། སྤྱང་ཀི་ལྷ་སྟོགས་མ་ཟོས་པ་ཞེས་བྱ་བ་ནི་སྲོག་ཚོགས་ཀྱིས་མ་བརྩེས་པའོ།། མཛེས་པ་ཞེས་བྱ་བ་ནི་གས་ཆགས་ལ་སོགས་པ ་སྐྱོན་དང་བྲལ་བའོ།། དེ་ཉིད་བཤད་པའི་ཕྱིར་གསུངས་པ། ངོ་ཡང་ཞེས་བྱ་བ་ལ་སོགས་པ་ལ། དེ་ཡང་རྔ་མོ་ངག་གི་ནི། འཁྲུལ་འཁོར་ལ་ནི་སྦྱིན་ནས་སུ་ཞེས་བྱ་བ་ནི། བསྒེགས་པ་འམ་ནི་མཚོན་གྱིས་བསད་ཅེས་བྱ་བ་དང་འབྲེལ་ཏོ།། ་དེའི་རྩེ་མོ་བླང་བར་བྱ་བ་ནི། བུད་མེད་དེའི་མགོ་བོའི་ཞག་གཟུང་བར་བྱ་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། བུ་མོར་བསྒོམ་ཞིང་དེ་བསྐོལ་བའི་ཞེས་བྱ་བ་སྨོས་ཏེ། བུ་མོར་བསྒོམ་ཞེས་བྱ་བ་ནི་རས་བལ་གྱི་ས་བོན་བུད་མེད་དུ་བསྒོམ་པའོ།། ་དེ་བསྐོལ་བ་ཞེས་བྱ་བ་ནི། བུ་མོའི་མགོ་བོའི་ཚིག་ཞུ་བའི་ཞའོ།། ཆུ་ཞེས་བྱ་བ་ནི་པདྨའི་མེ་ཏོག་གོ།། གཏོར་བཱ་ནི་ཡང་དང་ཡང་དུ་བྱུག་པའོ།། ད་ཞེས་བྱ་བ་ནི་ཐོད་པ་དང་མཛེས་པའོ།། བགེགས་དགྲ་དང་ནི་གཤིན་གཤེད་ཀྱི།། སྔགས་ནི ་མངོན་པར་བཟླས་པ་ཡིས།། ཞེས་བྱ་བ་ནི་ཐོད་པ་དེར་བསྐྱེད་པར་བྱ་ཞེས་བྱ་བ་ཚིག་སྔ་མ་དང་སྦྱར་རོ།། ཞི་བའི་ཚིགས་བཅད་སྔགས་ཀྱིས་ནི། བརྒྱ་རྩ་བརྒྱད་དུ་བཟླས་པའི་ཆུས་ཞེས་བྱ་བ་ཡང་ཅི་རིགས་ནི་བསྲུང་བར་བྱ་ཞེས ་བྱ་བའི་ཚིག་སྔ་མ་དང་སྦྱར་ཏེ། ཞི་བའི་སྔགས་རུ་རུ་ཕུར་རུ་ལ་སྩོགས་པ་ཉིད་ཞི་བའི་ཚིགས་བཅོད་དོ།། སྨིན་པ་ཞེས་བྱ་བ་ནི་ཡོངསུ་སྨིན་པའོ།། གཞོན་ནུ་མོའི་ཁྲག་ཅེས་བྱ་བ་ནི། དང་པོར་བྱུང་བའི་ཟླ་མཚན་ནོ།། སྔར་གྱི་བུ་མོ ་ཞེས་བྱ་བ་ནི། བསྒྲེགས་པ་འམ་མཚོན་གྱིས་བསད་པའི་བུ་མོའིའོ།། སྒྲ་དང་བཅས་པཱ་ཞེས་བྱ་བ་ནི་སྒྲ་དང་རིས་བལ་དུ་བསྲེགས་པཱུ་ལཱྀ། བུ་མོས་བཀལ་ཞེས་བྱ་བ་ནི། སྐྱེས་པ་དང་མ་ཕྲེད་པའི་བུ་མོས་བཀལ་བའོ།། བཀལ་བ ་སོགས་པ་ཐམས་ཅད་ཀྱང་བུད་མེད་ཀྱི་ཐོད་པར་གཞག་སྟེ་བྱ་བའོ།། བསྒྲགས་པའི་ཞེས་བྱ་བ་ལ་སོགས་པ་ལ། གསང་བ་ཡིན་ཞིང་ས་རུ་ཞེས་བྱ་བ་ནི་ལམ་གྱི་བཞི་མདོ་ལ་སོགས་པའི་གནས་ཏེ་འོག་ནས་བཤད་པར་བྱ ་ཚེས་བརྒྱད་ཅེས་བྱ་བ་ནི་མར་ངོའི་ཚེས་བརྒྱད་དོ།། བསྟན་པ་འདི་ཉིད་བཤད་པའི་ཕྱིར།། ལམ་དང་རིགས་མཆོག་ཐོད་པ་ནི། རོ་བསྲེགས་སུ་བཀང་རོ་དང་བཅས།། ཉི་མ་ཤིས་པ་དག་ལ་གཟུགས་ཞེས་བྱ་བ་སྟེ། ལམ ་ཞེས་བྱ་བ་ནི་ལམ་གྱི་བཞི་མོདའོ།། རིགས་མཆོག་ཞེས་བྱ་བ་ནི་སྐྱེ་གཉིས་ཏེ་བྲམ་ཟེའོ།། རོ་བསྲེགས་ས་ཞེས་བྱ་བ་ནི་རིགས་མཆོག་གི་ཞེས་བྱ་བའི་ལྷག་མོ་ཡིན་ནོ།། རོ་དང་བཅས་ཞེས་བྱ་བ་ནི། དང་པོར་ཡུངས་ཀར་མི་རོའི་ཁར་བཅུག་སྟེ། ་ཉིན་ཞིག་གཅིག་ཏུ་གཞག་ལ། དེ་ནས་ཕྱུང་སྟེ་དེ་ཉིད་ཀྱི་ཁྲག་དོང་ཞག་གས་ཡང་དང་ཡང་དུ་བསྒོ་བར་སྟོན་ཏོ།། ཉི་མ་བཟང་ལ་གཟུགས་པོར་བྱ། ཞེས་བྱ་བ་ནི། མར་ངོའི་ཚེས་བརྒྱ་དོ་ལ་སོགས་པ་སྟ་བཤད་ཟིན་ཏོ།། ཁ་ཅིག་ནཱ ་བསྲེགས་པའི་ཤུལ་ལམ་ལམ་གྱི་བཞི་མདོར་རོའི་སྟན་ལ་གནས་པའི་སྒྲུབ་པ་པོ་སྐྱེ་གཉིས་ཀྱི་ཐོད་པར་སྦྱར་མ་ལྟར་བསྒྲུབ་པར་བྱའོ་ཞེས་ཟེར་རོ།། ཅི་རིགས་འཁྲུལ་འཁོར་བཙི་ར་བའི་མར་ཞེས་བྱ་བ་ལ་ཅི་རིགས་ཞེས་བྱ་བ་ཅི་རིག ་ཞེས་བྱ་བ་ནི། དང་པོར་ཡུངས་ཀར་མེས་ཁྭ་བཙོས་བྱ་བའོ།། བློ་ལྡན་བསྒོས་ནི་འདོད་བཞོན་བྱེད་ཅེས་བྱ་བ་ནི་བསྒོ་བ་ནི་མར་ནག་གིས་བྱུག་པའོ།། པ་འདོད་པ་ཞེས་བྱ་བ་ནི་ཏིང་ངེ་འཛིན་གྱི་ཁྱད་པར་རོ།། དེ་ཉིད་གསུངས་པ། ས་མཐའ་ཞེས ་པབ་ལ་སོགས་པ་ལ།། ས་མཐའ་ཞེས་བྱ་བ་ནི་ཧའོ།། དེ་ཉིད་ཨུ་ལ་སོགས་པའི་ཡན་ལག་དང་ལྡན་པ་དེ་ནི་ལྔ་པ་སྟེ། ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཕྱིར་རོ།། དེས་ནི་ཆོས་ཀྱི་འཁོར་ལོ་ལ་གནས་པའི་ས་བོན་ཧཱུཾ་བསྟན་པར་འགྱུར་རོ།། རླུང་ངོ་། ་ས་བོན་ལས་བྱུང་བ་ཞེས་བྱ་བ་ལ་རླུང་གི་ས་བོན་ནི་རླུང་དང་མེའི་དཀྱིལ་འཁོར་རོ།། ལས་བྱུང་ནི་ཡི་གེ་ཨཾ་སྟེ། སྤྲུལ་པའི་འཁོར་ལོའི་ལྟེ་བ་ལ་གནས་པའོ།། དེ་དག་གིས་ནི་འདི་སྐད་དུ་སྟོན་ཏེ། རླུང་གིས་བསྐྱོད་པའི་གཏུམ་མོའི།། འོད་ཀྱིས ་ཧཱུཾ་ལས་བསྐུལ་ཏེ། དེའི་འོད་ཟེར་གྱི་ཕྱི་རོལ་ཏུ་བྱུང་པོའི་ལྕགས་ཀྱུས་བསྒྲུབ་པར་བྱ་བ་བཀུ། སྟེ། རླུང་གྲི་དཀྱིལ་འཁོར་ལ་གནས་པའི་མགྲིན་རིངས་ཀྱི་རྒྱབ་ཏུ་བསྐྱོན་ལ། ཁ་ལྷོར་བལྟ་སྟེ་འགྲོ་བར་བསྒོམས་ན་བསྐྲད་པར་འགྱུར་རོ།། ་དེ་བཞིན་དུ་བསད་པ་ལ་ནི་མའི་དཀྱིལ་འཁོར་ལ་བཞག་སྟེ། སྔ་མ་ལྟ་ར་ཧཱུཾ་གཽ་འོད་ཟེར་མེ་འབ་བའི་གཟུགས་ཅན་ཕྱུང་ལ། ངེས་བསྒྲུབ་པར་བྱ་བ་བསྐོར་ཅིང་བསྲེག་པར་བསྒོམ་མོ།། མནན་པ་ལ་ནི་དབང་ཆེན་གྱི་དཀྱིལ་འཁོར་ལ ་བཞག་སྟེ། ཧཱུཾ་གི་འོད་སེར་པོས་སྟེང་ནས་དགབ་པར་བསྒོམ་མོ།། ད་ནི་སྔར་བསྟེན་པའི་མར་ནག་དེ་ཉིད་ཀྱི་བྱ་བ་གཞན་བསྟན་པའི་ཕྱིར།། བསྒེགས་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོ་གའི་རིམ་བཞིན་མཆོད་བྱས་ལ་ཞེས་བྱ ་བ་ནི་གཽ་རི་ལ་སོགས་པ་དང་བཅས་པའི་ཧེ་རུ་ཀའི་རྡུལ་མཚན་གྱི་དཀྱིལ་འཁོར་བྲིས་ལ། མཆོད་པ་སྔོན་དུ་འགྲོ་བས་ཆོ་གའི་ར་མི་བཞིན་ཞེས་བྱ་བར་རོ།། ལྷག་པར་གནས་པར་བྱ་བའོ།། ཧེ་རུ་ཀའི་སྦྱོང་བ་ཡིས་ཞེས་བྱ་བ་ནི། སྒྲུབ་པའི་གྲོགས ་དང་བཅས་པར་བརྟུལ་ཞུགས་ཀྱི་སྤྱོད་པ་བླང་བའོ།། སྔགས་ནི་རྐང་པ་བརྒྱད་པའོ།། སྔགས་པ་ཆེན་པོས་ཞེས་བྱ་བ་ནི། མཐོང་ནས་ཞེས་བྱ་བ་དང་འབྲེལ་ཏོ།། དེ་ཚེ་ཕྱག་རྒྱ་བཅིང་བྱ་སྟེ། ཞེས་བྱི་བ་ལ། ལག་པ་གཉིས་ཀྱི་སོར་མོའི་རྡོ་རྗེ ་བཅིངས་ལ། མཐེ་བོང་དང་མཛུབ་མོའི་རྩེ་སོ་སོར་སྤྱད་པ་ལ་གཟློག་སྟེ་དཔྲལ་བའི་སྟེང་དུ་བཞག་པ་འདི་ནི་སྐྱེ་གནས་ཀྱི་ཕྱག་རྒྱའོ།། དྲག་པོ་ཡི་ནི་གཟུགས་ཀྱིས་སུ། དཔའ་བོ་དམ་ཚིག་ཅི་རིགས་བསྟན་ཞེས་བྱ་བ་ནི་དེའི་ཚེ ་སྔགས་པས་འཇིགས་པ་མི་བྱ་བར། དཔྲལ་ཧེ་རུ་ཀའི་ཏིང་ངེ་འཛིན་གྱིས་རྐང་པ་བརྒྱུད་པའི་སྔགས་ཟློས་ཤིང་མཚོན་ཆུ་འཕྱར་བ་ལ་སོགས་པ་དཔའ་བོའི་སྤྱོད་པ་གཞན་དག་གིས་ཀྱང་བགེགས་བསལ་བར་བྱའོ།། དེའི་ལུ་ས ་ཁྱིས་འཛག་པའི་མར་ཞེས་བྱ་བོ་ནི། གང་གཱ་ཆེ་བགེགས་ཉེ་བར་ཞི་བ་དེའི་ཚེ། སྔར་ལུསི་ལ་བྱུགས་པའི་མིར་ལུས་ལ་མི་སྣང་ཞིང་འཐུང་བར་གྱུར་པ་དེ་སླར་ཡང་འཇག་པར་གྱུར་པ་དེ་སླར་ཡང་འཛག་པར་འགྱུར་བའོ།། བླངས་ཏེ་བསྐུ་བ་ལ ་སོགས་བླུགས་ཞེས་བྱ་བ་ལ། སོགས་ཀྱིས་ནི་སྒྱེད་བུའི་ཉ་ཕྱིས་ལ་སོགས་པ་གཟུང་ངོ་ལྐོག་མ་ནི་གོ་སླའོ།། གཞན་ཡང་རལ་གྲི་མིག་སྨནི་དང་ཞེས་བྱ་བ་ལ་སོགས་པ་ལ། གང་གི་ཚེ་མར་དང་བྲལ་བ་དེའི་ཚེ། རོངས་དཔའ་བོ་མ་ག་ནི་ཙྭི ་འདོད་སྟེ་ས་ཞེས་བྱ་བརྗོད་པར་འགྱུར་ཞིང་། ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ།། སོགས་ཀྱིས་ནི་རྐང་བྱུགས་ལ་སོགས་པ་གཟུང་ངོ་།། རྣམ་པ་གཞན་གསུངས་པ། ཁྲག་དང་ཞེས་བྱ་བ་ལ་སོགས་པ་ལ། མིའི་རོའི ་ཁར་བཅུག་ལ་ཞེས་བྱ་བ་ནི། མིའི་རོའི་ཁར་ཞག་གསུམ་བཞག་པར་བྱའོ།། ཁྲག་ཉིད་དང་ནི་ཞིག་གིས་ནི་ཞེས་བྱ་བ་ནི་རོ་ང་ཉིད་ཀྱི་ཁྲག་ཞག་གིས་བསྒོ་བའོ།། སྲུང་བ་ལ་སོགས་ཞེས་བྱ་བ་ནི་ཐུན་མོང་གི་ཆོ་ག་བྱའོ།། སྔ་མ་བཞིན ་སྦྱང་ནས་བྱ་བན། ང་ཉིད་རྒྱ་ཐོང་པ་སྦྱར་བསྣུན་པ་ལྟང་བསྐྱད་བའོ།། དེ་ནས་དེ་ལས་བྱུང་བ་ཡོངསུ་སྦྱིན་པར་གནང་སྟེ། གང་ལ་བསྟན་པ་དེ་ཇི་སྐད་སྨོས་པ་བཞིན་དུ་འགྱུར་བའོ།། སོ་བྱའི་ནི་ཞེས་བྱ་བ་ལ་སོགས་པ་ལ། སོ་བྱཱ་ནཱི་ཆུ་བྱ་རོག ་གོ་སྣུམ་སྣོར་ནི་ཡུངས་ཀར་རོ།། དེའི་ཐོད་པ་ཞེས་བྱ་བཾ་ནི་སོ་བྱའི་ཐོད་པའོ།། ལྷག་མ་ནི་གོ་སླའོ།། སྐྱེས་བུ་བྱའི་གཟུགས་སུ་བསྒྱུར་ཞེས་བྱ་བ་ལྀ། བྱཱ་ནཾ་སོ་བྱ་སྟེ་ཁྱད་པར་ལ་སྤྱིར་ཉེ་བར་བཏགས་པ་ཡིན་ནོ།། དེ་ལྟར་སོ་བོན་གཞན་དག ་བི་བ་ནི། རྨོངས་བྱེད་ལ་སོགས་པའི་ས་བོན་ནོ།། དོག་པོ་ལ་གནས་པ་འབྲས་བུ་གཟུང་ཞེས་བྱ་བ་ནི། སྒྱུ་མ་ལ་གནས་པ་སྟེ་ས་ལ་མ་ལྷུང་བྱའོ།། ང་དང་འདྲ་བའོ་གཟུགསུ་བསྒྱུར་ཞེས་བྱ་བ་ནི། ས་བོན་དེ་དག་བྱ་གང་གི་ཁྲག་དང ་ཞག་གིས་བྱུགས་ཤིང་གུང་དང་གླང་གི་ཐོད་པར་བསྐྱེད་པ་ལ་སོགས་པར་བྱ་སྟེ། ཡོངས་སྦྱིན་པོ་ཁར་བཅུག་ན་བྱཱ་ད་དང་དའི་གཟུགསུ་འགྱུར་རོ།། བྱ་རྣམས་ཀྱི་ནི་ཚ་དང་མཚུངས་ཞེས་བྱ་བ་ནི་བྱ་རྣམས་ལྟར་ཚོ་དང་ནད་མེད་པ་འཕེལ ་སྟེ། བྱའི་འབྲས་བུ་བཅོས་མའོ།། བྱོལ་སོང་གཞོན་གྱི་ཡང་བསྟན་པའི་ཕྱིར། གླང་པོའི་གཟུགས་སོགས་ཞེས་བྱ་བ་ལ་སྩོགས་པ་སྨོས་ཏེ། ཚིག་ནི་སྔར་བསྟན་པ་བཞིན་དུ་བྱའོ།། སེམས་ཅན་མ་ཡིན་པ་གཞན་དག་གི་གཟུགས ་སུ་བསྦྱོར་བ་ཡང་བསྟན་པའི་ཕྱིར། བི་དཾ་རིའི་ས་བོན་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བི་ད་རིའི་ས་བོན་ནི་གྲགས་པར་ཟད་དོ།། མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའོ།། མང་དུ་ལུ་ག་ཡང་གྲགས་པར་ཟད་དོ།། ཡར་ངོ་ལ་ཞེས་བྱ་བ ་ནི་ཡང་ངོའི་སྐར་ས་རྒྱལ་ལྔ་སོགས་པ་དང་སྦྱར་རོ།། མི་རོའི་ཞག་གིས་བྱུགས་ནས་སུ་ཞེས་བྱ་བ་ནཱི། དཔའ་བོ་མཚོན་གྱིས་བསད་པའི་ཁྲག་དང་བཅས་པའི་ཞག་གིས་བྱུག་པའོ།། དེའི་ཡན་ལག་མཆོད་ཏུ་གཟུགས་ཞེས་བྱ་བ་ནི་ཐོང ་པར་བསྐྱེད་པའོ།། དེས་ཅིར་འགྱུར་ཞེ་ན་ཟིན་པས་དེའི་གཟུགས་འགྱུར་ཞེས་བྱ་བ་ནི། ཟིན་པ་ནི་ཁར་བཅུག་པའོ།། དེ་ཉིད་བསྐྱེད་པའི་ཆོ་ག་གསུངས་པ། དེའི་ཞེས་བྱ་བ་ལ་སོགས་པ་ལ། དེའི་རུས་པ་རྐང་དང་ནི། ཤ་ལ་སོགས་པ་བསྐྱེད་པར་བྱ་ཞེ། ་བྱ་བ་ནི་བདུག་པ་བསྟན་པའོ།། དེ་ཡིས་པགས་པ་རུས་པ་ཡི། ཕྱག་རྒྱ་ཡན་ལག་བརྒྱན་བྱས་ལ་ཞེས་བྱ་བ་ནི། ཧེ་རུ་ཀའི་སྤྱོད་པ་བསྟན་པའོ།། ཡང་ན་པགས་པ་ཞེས་བྱ་བ་ནི་བདུག་པར་སྦྱར་ལ། ཕྱག་རྒྱ་ཞེས་བྱ་བ་ནི་སྐྱེ་གནས་ཀྱི་ཕྱོག ་ཕྱག་རྒྱ་ང་བཅས་ལ་བསྐྱེད་པའོ།། ཐལ་བ་གཏོར་ཞེས་བྱ་བ་ནི་རོ་བསྲེས་པའི་སས་དགང་པའོ་ལྕུག་མ་གསུམ་གྱིས་དཀྲིས་ན་ས་སུ་ཞེས་བྱ་བ་ནི། ལྕགས་གསུམ་གྱིས་དཀྲི་བའོ།། ཁར་བཅུག་མཾ་ཞེས་བྱ་བ་ལ། བི་ད་རའི་ས་བོན་ནི་ཟླ་བོ ་མར་ངོ་ལ་ཁང་བཅུག་ལ། མ་དུ་ལུ་གའི་ས་བོནཱ་ནི་ཡཱར་ངོ་ལ་ཁོར་གཞུག་པར་བྱའོ།། སྤད་པ་ནི་མཱི་སྣ་ང་བའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ཉི་མ་ཟླ་བ་ཞེས་བྱ་བ་ལ་སོགས་པའོ།། མ་དུ་ལུ་གཅིག་པུ་ནི་ཞེས་བྱ་བ་ནི། ལྕགས་གསུམ་དང་བྲལ་བའི་མ་དུ ་ལུ་གའི་འབྲས་བུ་འབའ་ཞིག་སྟེ། དེ་བཞིན་དུ་བི་ད་རི་ལ་ཡང་སྦྱར་བར་བྱའོ།། འབྲས་བསྐྱེད་ཐུན་མོང་ཆོ་གའོ་ཞེས་བྱ་བ་ནི་འབྲས་བུ་བཅོས་པ་ཐུན་མོང་གི་ཆོ་ག་སྟེ། སྔགས་དང་བཅས་པའི་ཆུ་ཡིས་ནི།། ཞེས་བྱ་བ་ནི་སྔར་སྨོས་པ་དག་གོ།། ཡང་ན་འོག ་ནས་འབྱུང་བ་དང་སྦྱར་ཏེ། འོག་ནས་འབྱུང་བ་འདི་ནི་འབྲས་བུ་བཅོས་མ་ཐམས་ཅད་ཀྱི་ཐུན་མོང་གི་ཆོ་གའོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། འདི་དག་ཅེས་བྱ་བ་སངས་རྒྱས་སྤྱན་ལ་སོགས ་བཞིའོ།། ས་སོགསོ་ཞེས་བྱ་བ་ནི་འབྱུང་བ་བཞིའི་རང་བཞིན་ནོ།། ཐམས་ཅད་ཅེས་བྱ་བ་ནི་ཤིང་དང་རྩ་ལ་སོགས་པའོ།། དེ་འཛིན་པ་ནི་བསྐྱེད་པའོ།། གསོ་བ་ནི་སྐྱོང་བའོ།། ལྷག་མ་ནི་གོ་སླའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དགོངས་མོའི་དུས་སུ ་ཞེས་བྱ་བ་ནི་ཡར་ངོའི་དགོངས་མོའི་དུས་སུའོ།། བཞི་མདོའི་ས་ཞེས་བྱ་བ་ནི་ས་མཽདོག་དཀར་པོ་གཟུང་བར་བྱའོ།། མིའི་ཞག་སོགས་ཀྱིས་བྱུགས་ལ་ཞེས་བྱའོ།། སོགས་ཀྱིས་ནི་ནིམ་པའི་ཁུ་བ་ལ་གོ་མ་སོགས་པ་གཟུང་བར་བྱའོ།། དེ་ཡིས་དཔྲལ ་བར་ཐིག་ལེ་བྱཱ་ཞེས་བྱ་བ་ནི། དེ་ཡོངསུ་སྦྱིན་པའི་འབྲས་བུ་བདར་བའི་ཐིགི་ལའོ།། བཟའ་དང་བཅུ་སོགས་རྣམ་པ་ལྔ་ཞེས་བྱ་བ་ལ། རྣམ་པ་ལྱཱ་ནི་འོ་མ་ལ་སོགས་པའི་བདུད་རྩི་ལྔའོ།། ལྷག་མ་ནི་གོ་སླ་བསམ་ཕྱེ་བའོ།། འོལ་མེ་སོའི་ས་བོན་ནི་ཞེས ་བྱ་བ་ལ། སོགས་པ་ལྀ། འོལ་མ་སའི་ས་བྲོན་ནི་འོལ་མ་སེ་ལི་ས་བོན་དཀར་པོར་གཟུང་ངོ་།། བྲམ་ཟེའི་ཐོད་པ་ནི་བྲམེ་ཟ་མཆོག་གི་ཐོང་པའི།། སྐར་མ་རྒྱལ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། གཟའ་ཉི་མ་དང་འབྱུང་པོའི་ཉིན་ཞག་ཀྱང་གཟུང ་བར་བྱའོ།། དེ་ནས་ཕྱུང་སྟེ་སླར་ཡང་འདི་ཞེས་བྱ་བ་ནི་སྐྱེས་པ་དང་བུད་མེད་དང་མ་ནང་གི་གཟུགས་བྱ་བར་འདོད་པ་དེའི་ཐོད་པར་བསྐྱེད་དོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། ཐ་མལ་སྐྱེས་བུའི་ཐོད་པར་བསྐྱེད་ཅེས་བྱ་བ་ནི་དང་པོ་ཞེས་བྱ་བ་ལྷག ་མཱུ་སྭཱ་བཱན་མོང་པའོ།། དེས་ན་མན་ངག་ལས་དང་པོ་ཐ་མལ་པའི་སྐྱེས་བུའི་ཐོད་པར་བསྐྱེད་ལ། དེ་ནས་བྲམ་ཟེ་མཆོག་གི་ཐོང་བར་བསྐྱེད་དོ།། ཐ་མར་བུད་མེད་ལ་སོགས་པ་གང་གི་གཟུགསུ་བྱ་བར་འདོད་པའི་ཐོད་པར་བསྐྱེད་པར ་བྱའོ་ཞེས་བྱ་བ་གད་དོ།། འི་ཆོ་ག་བཞིན་དུ་འགྱུར་ས་བྱ་བ་ནི་བྱའི་འབྲས་བུ་བཅོས་པའི་ཆོ་ག་ལྟ་བུ་སྟེ། ལྗགས་གསུམ་གྱིས་དཀྲིས་ན་ན་མོ་སྣང་བར་འགྱུར་ལ། རྐྱང་པར་བཅུག་ན་ནི་ཟུང་མང་ལ་སོགས་པའི་གཟུགས་སུ་འགྱུར ་བའོ།། སྔགས་པས་ཞེས་བྱ་བ་ལ་སོགས་པ་ལ། དའི་རྩ་བ་བླངས་ནས་སུ་ཞེས་བྱ་བ་ནི་བུང་པའི་རྒྱལ་པོའི་རྩ་བ་བླང་བ་སྟེ། སྤྱི་བོར་བཞག་ན་བརྒྱལ་བར་འགྱུར་ཞེས་བྱ་བ་དང་འབྲེལ་ཏོ།། སྲིན་ལག་གི་ནི་ཁྲག་དང་ནི། ཞག་དང་བཅས ་པར་བསྲོ་བར་བྱ། ཞེས་བྱ་བ་ནི་བུང་བའི་རྒྱལ་པོའི་ཁུ་བ་དང་མི་རོའི་སྲིན་ལག་གི་ཁྲིག་དང་ཞག་ཏུ་བཅས་པས་ཐིག་ལེ་བྱས་ན། ལྷ་ལ་སོགས་པ་དབང་དུ་བྱེད། ཅེས་བྱ་བ་དང་ཉབྲེལ་ཏོ།། བ་ལང་རྣ་བའི་ལྕུག་མ་ནི་གྲགས་པར་ཟད་དོ།། ལྕུག་མ ་ཞེས་བྱ་བ་སྨོས་པ་ནི་ལྕུག་མ་གཟུགས་པར་བྱ་སྟེ། འབྲས་བུ་ལས་མི་སྐྱེ་བའི་ཕྱིར་རོ།། ཁར་ཅུག་ནས་ཞེས་བྱ་བ་ནི་སྔར་བཤད་པ་ལྟར་བསྐྱེད་པའི་འབྲས་བུ་སྨིན་པོར་གཟུང་བར་བྱའོ།། ཤན་པའི་བུ་མོ་སྔོན་མོ་ཞེས་བྱ་བ་ནི་བུ་མེའི་མདོག ་སྔོ་བའི་ཟླ་མཚན་དང་པོར་བྱུང་བ་གཟུང་བར་བྱའོ།། བ་ལང་རྣ་དང་ན་བོའི་ལྡུམ་ཞེས་བྱ་བ་ནི། བ་ལང་རྣ་བ་ནི་གྲགས་པར་ཟད་དོ།། ལྡུམ་བུའོ་ནི་ལྕུག་མའོ་རྣ་བ་ནི་བྱི་ལའི་རྣ་བ་ཞེས་བྱ་བ་སྟེ། དེའི་ས་བོན་གཟེང་བར་བྱའོ།། འབྲས་བུ་ཆེན་བསུ ་བར་འགྱུར་ཞེས་བྱ་བ་ནི། སྨན་དེ་རྣམས་ཀྱི་རྩ་བསྐར་མ་བཟང་པོ་ལ་སོགས་པ་ལ་བཏོན་ཏེ། ལུས་ལ་བཅངས་ན་འབྲས་བུ་ཆེན་པོ་སྟེ་འགྲོ་བ་དབང་དུ་བྱེད་པར་འགྱུརརོ་ཞེས་བྱ་བའི་དོན་ཏོ།། དེ་ལ་ཞེས་བྱ་བ་ལ་སོགས་པས་ནི་ཧ་ས་དེ་བ་ལ ་སོགས་པ་གཟུང་ངོ་།། བསྒྲུབ་པར་མི་བྱ་བ་དང་ནི་ཞེས་བྱ་བ་ནི་རྩ་བ་དང་འབྲས་བུ་ལ་སོགས་པའི་སྨན་གྱི་ཚོགས་བསྒྲུབ་པར་མི་བྱ་བ་མེད་པ་ཞེས་བྱ་བའི་དོན་ཏོ།། འོན་ཀྱང་མན་ངག་མ་གཏོགས་པར་མི་འགྲུབ་པར་བསྟན་པའི་ཕྱིར ་མན་དག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཀ་ཀོན་ཏི་བྲས་བུ་ནི་འི་བྲས་བུའོ།། སྣ་ཆན་གྱི་ཐོད་པ་ན་གླང་པོའི་ཐོང་བའོ།། ཁ་ཅིག་ནཽ་དུར་ཁྲོད་ཀྱི་ཐོང་པའོ་ཞེས་ཟེར་རོ།། དུར་ཁྲོད་སྐྱེས་པའི་འབྲིང་ག་ནི་དུར་ཁྲོད་སྐྱེས་པའི་འབྲིང་གར་ནའོ།། ་ཡར་ངོ་མར་ངོ་ཞེས་བྱ་བ་ལ་པདྨ་དཀར་པོའི་འབྲས་བུའི་སྦྱོར་བ་ནི་ཡང་ངོ་ལ་བྱ་ལ། འབྲིང་གི་ར་ཙ་ནི་མར་ངོ་ལ་བྱའོ།། ལྷག་མ་ནི་གོ་སླའོ།། ཨཾ་བའི་ཞེས་བྱ་བ་ལ་སོགས་པ་ལ། ཨཾ་བའི་ཤིང་གི་རུས་པ་ཞག་དང་བའི་རྣམོ་པ་ལྔས་བྱུགས་ཏེ། སྐྱེས ་བུའི་ཐོད་པར་ཇི་ལྟ་བ་བཞིན་དུ་བསྐྱེད་ནས། སྨིན་པའི་འབྲས་བུ་ལག་པ་གཡས་པ་ལ་ཁུ་བ་བྱུགས་ཏེ། ཟླ་བ་ཡང་ངོ་ལ་བྱིན་ན་ཇི་སྐད་སྨོས་པ་བཞིན་དུ་འགྱུར་རོ།། བལ་པོ་སེའུ་ཞེས་བྱ་བ་ལ་སོགས་པ་ལ། འདིར་ཡང་བའི་རྣམ་པ་ལྔས་ཟློག་པ ་སྦྱར་བར་བྱའོ་ཁྲག་གིས་ཞེས་བྱ་བ་ནི། སྲིན་ལག་གི་ཁྲག་གིས་ལག་པ་གཡོན་པ་ལ་བྱུགས་ཏེ། ཟླ་བ་མར་ངོ་ལ་བྱིན་པའོ།། རྒྱལ་ལྀ་ཞེས་བྱ་བ་ནི་རྟག་ཏུ་ཡང་སྦྱར་བར་བྱའོ།། སྐུ་བ་ཁ་ན་ང་ཞེས་བྱ་བ་ལ་སོགས་པ་ལ། ཆགས་ཅན་གྱི་ཁམ ་པར་བསྐྱེད་ཅེས་བྱ་བ་ནི་བུད་མེད་ཀྱི་ཐོད་པར་བསྐྱེད་པའོ།། ཉིན་ཕྱེད་ཅེས་བྱ་བ་ནི་ཚ་།། དེ་ནི་ཞེས་བྱ་བ་ནི་ས་བོན་ནི། སོགས་ཀྱིས་ནི་འོ་མ་ལ་སོགས་པ་གཟུང་བར་བྱའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱུང་མེད་རོའི་ལྕི་བར ་གཞུག་ཅེས་བྱ་བ་ནི་བུད་མེད་ཀྱི་རོའི་དཀུ་འམ། ཆོས་འབྱུང་བའི་ནང་དུ་གཞུག་པའོ།། དེའི་ཞེས་བྱ་བ་ནི་བུད་མེད་ཀྱི་རོ་དེའི་འོ།། མཚན་པ་ནི་ཁྲག་གིའོ།། བཅས་པ་ནི་ཞག་གོ།། བདག་པ་དེའི་ཤ་ལ་སོགས་པའི་འདུག་པའོ།། བུད་མེད་ཀྱི་ནི་ཁྲག ་གིས་བྱུག་ཅེས་བྱ་བ་ནི་སྨིན་པའི་ས་བོན་ལ་སོགས་པ་ལ་ཡང་བྱུག་གོ།། ལྷག་མ་ནི་གོ་སླའོ།། འོལ་ས་ནི་འོལ་མ་སའི་ལྕུག་མའོ།། དམར་སར་ནི་སྤྲེའུའོ།། སྒོང་ནི་ཆང་གི་སྣོད་བཞག་པའི་སྒོ་དའོ་འདིར་མན་ངག་ནི་འདི་ཡིན་ཏེ། སྤྲེའུ་ཡི ་ཐོབ་པར་འོལ་མ་སིའི་ལྕུག་མ་བསྐྱེད་པས་ལམ་ལྷུང་བཟུང་ལ། དེ་ལས་སྒོ་དར་བྱས་ཏེ། དང་ཆང་སྣོད་བཞག་ལ་དེར་ཆང་ཅུང་ཟད་བླུགས་ཏེ་དགུག་པར་བྱ་བའི་ཆུང་གི་འཕྲོ་ལས་ཁ་བལྟས་ཏེ། རྐང་པ་བརྒྱད་པའི་སྔགས་བཟླས་ན་ཆང་གི ་ལྷག་མ་ནི་ཇི་སྙེད་པ་ཐམས་ཅད་ལྀ་ལོངས་སྤྱོད་པར་འགྱུར་རོ།། ཞེས་བྱ་བ་འདི་ཡིན་ནོ།། ཆུ་འགྲམ་ཞེས་བྱ་བ་ལ་སོགས་པ་ལ་བསྐྱེད་པ་ཀུན་ལ་ཞེས་བྱ་བ་ནི། སྔར་བསྟན་པའི་ལྕུག་མ་ལ་སོགས་པ་ཀུན་ལའོ།། ལྷག་མ་ནི་གོ་སླ ་གཅི་བའི་ཤུལ་གྱི་ཞེས་བྱེ་བ་ལ་སོགས་པ་ལ། སྔགས་ཀྱིས་མངོན་པར་བྱིན་གྱིས་བརླབས་ཞེས་བྱ་བ་ནི་ཆང་བླུགས་ཏེ་འཇིམ་པར་བརྫི་པའོ།། དེའི་ཡན་ལག་ལྔ་གཟུང་སྟེ་ཞེས་བྱ་བ་ནི། དྷ་དྷུ་རའི་འབྲས་བུ་ལ་སོགས་པའི་ཡན་ལག ་ལྔའོ།། རིལ་བུ་དག་ནི་མཛེས་པར་བྱ་ཞེས་བྱ་བ་ནི། རིལ་བུ་བྱས་ལ་དེས་འཕྲལ་བའི་ཐིག་ལ་མཛེས་པར་བྱ་བའོ།། ལས་རྣམས་ཐམས་ཅད་བྱང་འགྱུར་ཏེ། ཞེས་བྱ་བ་ནི་རྒྱལ་པོ་ལ་སོགས་པ་དང་དབང་དུ་གྱུར་ནས་བསྒོ་བ་ཐམས་ཅད ་བྱེད་པའོ།། ཡུངས་ཀར་ཞེས་བྱ་བ་ལ་སོགས་པོས་ནི། སྔར་བསྟན་པའི་ཆོས་ག་གསལ་བར་མཛད་པ་ཡིན་ནོ།། ཁྲག་བཅས་བསྒོམས་ན་སྟག་སོགས་འགྱུར་ཞེས་བྱ་བ་ནི། འབྲས་བུ་ཁར་བཅུག་ཅིང་གདོང་ལ་སྟག་ལ་སོགས་པའི་ཁྲག ་ས་བྱུགས་ལ། སྟག་ལ་སོགས་པར་བསྒོམས་ན་སྟག་ལ་སོགས་པའི་གཟུགས་འཛིན་པར་འགྱུར་རོ།། སྦྱོར་བའི་ཆོ་གས་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། རྡོ་རྗེ་མཁའ་འགྲོའི་བསམ་གཏན་དང་། རྐང་པ་བརྒྱད་པའི་སྔགས་བཟླས ་པ་ལ་སོགས་པ་ལ་འགྲུབ་པོ་ཞེས་བསྟན་པའི་ཕྱིར། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། འབྲས་བུ་ཞེས་བྱ་བ་ལ་སོགས་པ་འབྲས་བུ་ནི་སྨྱོ་བྱེད་ལ་སོགས་པའི་འབྲས་བུའོ།། བཅོས་མ་ནི་བསྒྱུར་བའོ།། ཕྱག་རྒྱ་ནི་སྦྱོར་བའོ།། ། ་ཡེ་ཤེས་ནི་ཉམ་སུ་བླང་བའི་ཆོ་ག་ཤེས་པའོ།། ཁོ་ཅིག་ནི་ཕྱག་རྒྱ་ཞེས་བྱ་བ་ནི་ཁྲག་གིས་བསྒོས་པ་ལ་སོགས་པའོ་ཞེས་ཟེར་རོ།། རིམ་པར་ཕྱེ་བ་ནི་གཞུང་སྟོང་བཞི་བཅུ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་མ་རྣམ ་པར་བཤད་པ་ལས་ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།། །། ད་ནི་བསམ་གཏན་ལ་གནས་རྣམས་ཀྱི་ཨཱ་ལི་ཀཱ་ལིའི་ཏིང་ངེ་འཛིན་གྱིས་ལས་རྒྱས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ ་ནས་ཞེས་བྱ་བ་ནི་སྨན་རྣམས་ཀྱི་ལས་ཀྱི་ཚོགས་བསྟན་གྱི་འོག་ཏུའོ།། དེ་ལས་ཞེས་བྱ་བ་ནི་བསམ་གཏན་ལ་དགའ་བའི་རྣལ་འབྱོར་པ་རྣམས་ཀྱིས་འདིས་འབྲས་བུ་འང་བླག་དུ་ཐོབ་པའི་ཕྱིར་ཏེ། ཨཱ་ལི་ཀཱ་ལི་གཉིས་ཀྱི་ཆོ་ག ་འདི་དག་ཇི་བཞིན་ཉོན་ཞེས་བྱ་བ་དང་འབྲེལ་ཏོ།། ཨཱ་ལི་ཀཱ་ལི་ད་ཅི་འདྲ་ཞེ་ན། དེ་ཉིད་ལས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀུན་བསྐྲད་ཅིང་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་ས་བོན་དུ་གྱུར་པསོ།། སྤྲོ་ཞིང་སྡུད་པར་བྱེད་པ་པོ་ཞེས ་བ་ནི་སྔགས་ཐམས་ཅད་ཀྱི་རྩ་བར་གྱུར་པའོ།། ཐ་སྙད་ཅེས་བྱ་བ་ནི་སྒྲའི་ཐ་སྙད་ཀྱི་རང་བཞིན་ཡིན་པསོ།། ཆོ་ག་ཞེས་བྱ་བ་ནི་ཆོ་གར་བྱས་པས་ན་ཆོ་ག་སྟེ་དབང་དུ་བྱ་བ་ལ་སོགས་པའོ།། སྔགས་ཀྱི་མཚན་ཉིད་ནི་བྱ་བ་དེ་སྒྲུབ་པའི་ཕྲེང ་བའི་སྔགས་རྣམས་ཡིན་ལ། ཐུན་མིང་པ་ཞེས་བྱ་བ་ནི་དེ་དང་འདྲ་བར་བྱ་བ་དེ་རྣམས་སྒྲུབ་པས་ན་ཐུན་མོང་པ་སྟེ། ཨཱ་ལིཾ་ཀཱ་ལིའོ།། ཆོ་ག་ནི་ཏིང་ངེ་འཛིན་གྱི་དགོད་པའི་བདག་ཉིད་དོ།། ཨ་ཞེས་བྱ་བ་ལ་སོགས་པས་ནི་དང་པོ་དབྱངས་ཡིག ་གོ་ལས་སྟོན་པ་ཡིན་ཏེ། དབྱངས་ཡིག་གཉིས་གཉིས་ལས་ཐུན་མོང་དུ་བསྟན་པ་ཡིན་ནོ།། ཀུ་སུ་མ་ཞེས་བྱ་བ་ཛྙཱ་བེ་ཀུ་སུ་མའོ།། དེའི་ལུས་ནི་རང་བཞིན་ཉིད་ཀྱི་ས་བོན་གྱིས་དཀྲུགས་རྨོངས་བསྒོམས་ན། ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི ་རང་གི་ལུས་ལ་བཀོད་པའི་ས་བོན་གྱི་འོད་ཀྱིས་ཀུན་དུ་ཁྱབ་ཅིང་གཡེང་བར་བསྒོམ་པའོ།། སྐས་ལྔ་བུ་ཞེས་བྱ་བ་ནི་ལྟ་བ་དང་སྙིང་ག་ལ་སོགས་པར་རིམ་གྱིས་གཟག་ཅིང་བསྒོམ་པའོ།། མཆོག་ཅེས་བྱ་བ་ནི་གཞན་གྱི་ལུས་ལ་འཇུག ་པའི་ཕྱིར་རོ།། དབང་པོའི་མཚོན་ཆ་ཞེས་བྱ་བ་ནི་འཇའ་ཚོན་པ་དེའི་ཁ་དོག་ལྟར་དབུས་ནི་སྨུག་ནག་མཐའ་མ་དམར་ཞིང་སར་པའི་དོན་ཏོ།། ཞགས་པ་ལྟ་བུ་ཞེས་བྱ་བ་ནི་ཞགས་པ་ལྟར་འཚང་བའི་ཕྱིར་རོ།། ཁ་ཙག་ནི་ཞགས་པའི་དབྱབས་ལྟ་བུར ་ཟེར་རོ།། དབྱངས་ཡིག་མཆོག་ཅེས་བྱ་བ་ལ་དབྱངས་ཡིག་ཀྱང་ཡིན་ལ་མཆོག་ཀྱི་ང་ཡིན་པས་ན། དབྱངས་ཡིག་མཆོག་སྟེ་ཕྱུགས་ལྟར་རྨོངས་པར་བྱེད་པ་དང་། གཞན་གྱི་ལུས་ལ་འཇུག་པར་བྱེད་པའི་ཕྱིར་རོ།། འོང་བར་འགྱུར་ཞེས ་བྱ་བ་ནི་ཡི་གེ་དོ་གཉིས་ཀྱི་ས་འཇུག་དགུག་པའི་ལས་བྱེད་པར་ཡང་སྟོན་ཏོ།། བདག་ཉིད་དང་ནི་ནོར་དང་བཅས།། དབང་དུ་ཡང་ནི་འགྱུར་བ་ཡིན་པས།། ཞེས་བྱ་བ་ནི་དབང་གི་ལས་ཀྱི་འབྲས་བུ་སྟེ། བདག་དང་ནོར་ལ་སོགས་པའོ།། སྒྲུབ་པ ་ལྟར་བྱེད་དོ་ཞེས་བྱ་བའི་དོན་ཏོ།། ལི་ཞེས་བྱ་བ་ནི་སྲིད་པོ་སྡོམ་ཞེས་བྱ་བ་ལ། སྲིད་པ་ལུས་སོ།། སྡོམ་པ་ནི་འཆིང་བའོ།། བྱ་རག་གི་གཤོག་པ་འདྲ་ཞེས་བྱ་བ་ནི་དབྱིབས་ཏེ། ཕྱོགས་གཉིས་བྱ་རོག་གི་གཤོག་པ་ལྟར་ཟླུམ་པའོ།། མར་ཁུ ་ཕྱུང་བའི་འབའ་ཆ་བཞིན་ཞེས་བྱ་བ་ནི། ཇི་ལྟར་འབའ་ཆ་སྣུམ་དང་བྲལ་བ་ལྟར་སྐྱེ་པོ་ཀུན་གྱིས་བྱམས་པའི་སྣུམ་གྱིས་གནས་མ་ཡིན་པར་སྟོན་ཏོ།། མཐེ་བོའི་ཁྱེན་ཙམ་དུ་ནི་མཐོང་ཞེས་བྱ་བ་ནི། ཁམས་གསུམ་པོ་མཐེ་བོ་གཅིག ་གིས་གནོན་ཅིང་དབང་དུ་སྡུད་པའོ།། ཁ་ནས་ཁར་ནི་མ་དོན་ཕྱོགས་ཏེ་ཞེས་བྱ་བ་ནི། བསྒྲུབ་བྱའི་ཁ་ན་གནས་པའི་ཡི་གེ་བདག་གི་ཁ་ན་གནས་པའི་ཡི་གེ་ལ་བསྡུ་བའོ།། དེ་བཞིན་དུ་གནས་དྲུག་པོ་གཞན་དག་གི་ཡང་སྦྱར་བ ་བྱའོ།། ཡང་ན་སྒོ་དང་སྒོ་ཞེས་བྱ་བར་སྦྱར་ཏེ་བདག་གི་སྣ་སྒོ་གཡས་ནས་བྱུང་བའི་དབུགས་ཀྱི་རཾ་མོས་བསྒྲུབ་བྱའི་སྣ་སྒོ་གཡོན་པར་ཞུགས་ཏེ། ཡི་གེ་རྣམས་བཀུག་ནས་སླར་དེ་ལས་བཟློག་པའི་ལམ་ནས་ཞུགས་ཏེ ་རང་གི་ལུས་ཀྱི་ནང་དུ་དགང་བའོ།། ཡི་གེའི་ཆ་ཤསཾ་ཞེས་བྱ་བ་ནི་ཨེ་དང་ཨེ་སྟེ། དེ་ཉིད་ཡིད་དུ་འོང་བའི་ཕྱིར་ན་ལྕུག་མིའོ།། དམ་ཚིག་དབང་ཞེས་བྱ་བ་ནི་སྙིང་གི་མིང་གི་རྣམ་གྲངས་སོ།། ཨཾ་ཞེས་བྱ་བ་ལ་སོགས་པས་ནི་དབྱངས ་ཡིག་བཅོ་ལྔའི་ལས་བསྟན་ཡིན་ནོ།། ཟླ་བ་གཉིས་ནི་ཚིགས་དྲག་བཅས་ཞེས་བྱ་བ་ལ་ཟླ་བ་གཉིས་ནི་ཐིག་ལེ་གཉིས་ཏེ་དེ་ཉིད་ཚིག་དྲག་གོ།། འོདིས་ནི་དབྱངས་ཡིག་བཅུ་དྲུག་པ་བསྟན་ཏེ། འདིའི་ལས་ནི་འོག་ནས་བཤད་པར་བྱ ་འདི་ནི་ཞེས་བྱ་བ་ནི་དབྱངས་ཡིག་བཅོ་ལྔ་པའོ།། ཡི་གེའི་མཆོག་ཅེས་བྱ་བ་དང་སྦྱར་རོ།། ཅི་འདྲི་ཞེ་ན། སངས་རྒྱས་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་ལ་ཡང་དག་གནས་ཞེས་བྱ་བར ་སྦྱར་ཏེ། སངས་རྒྱསོ་ཀུན་གྱི་ཕྱག་རྒྱ་ནི་བདུད་རྩི་འབབ་པའི་རྩ་ཨུ་བོ་དྷཱུ་ཏཱཾ་ཞེས་བྱའོ།། སངས་རྒྱས་རི་མོ་ཞེས་བྱ་པཱ་ལ་རི་མོ་ནི་མི་འབར་བའི་ཚུལ་གྱིས་སྟེང་དུ་འགྲོ་བ་སྟེ་ཨཾ་ངོ་།། སངས་རྒྱས་ནི་བདུད་རྩིའི་ཚུལ་གྱི་སོ་འོག ་དྷྲྀ་འབབ་པ་སྟེ་ཧངོ་།། དེ་ཉིད་ཀྱི་ཕྱིར་གསུངས་པ། འདི་ལྟར་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པོ་ལ་ཨཱ་ལི་ཀཱ་ལི་ཞེས་བྱ་བ་ནི་སྤྲུལ་པའི་འཁོར་ལོར་གནས་པའི་ཡི་གེ་ཨ~ཾ་གིས་གཡས་གཡོན་གྱི་རྩ་སྟེ། ཐབས་དང་ཤེས་རབ ་རང་བཞིན་ཅན་ནོ།། བཅུང་ལེན་ཞེས་བྱ་བ་ལ་ཅུང་ནི་ཁྲག་ལ་སོགས་པའོ།། ལེན་པ་ནི་སྒོའོ།། གཙོ་བོ་ཞེས་བྱ་བ་ནི་ཨ་བ་དྷཱ་ཏཱིལ་ཐིམ་པ་ནི་ཞུགས་པའོ།། ཅི་ཞིག་ན་ན། རྡོ་རྗེ་སེམས་དཔའ་སོགས་ཞེས་བྱ་པ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་སེམས ་སོགས་ནི་ཡཾ་ག་ཧཾ་ངོ་།། འོག་ཏུ་ནི་ཁ་ཐུར་དུ་བལྟས་པའོ།། ཡི་གེ་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཆུ་རྒྱུན་ནོ།། ཨུད་ན་ཨཱ་ལི་ཀ་ལི་ཞེས་བྱ་བ་ནི་ཡི་གེ་རྣམས་ཏེ་དེ་ཉིད་བཅུད་ཀྱི་གནས་དང་རྡོ་རྗེ་སེམས་དཔའ་སོགས་པའི་རང ་བཞིན་ནོ།། གཙོ་བོ་ནི་སྒོ་ཞེས་བྱ་བར་སྦྱར་ཏེ། ཨོཾ་གི་ཐིག་ལེའི་རི་མོའི་མེ་ལྕེའི་སྒོར་རོ།། སྦྱར་ཞེས་བྱ་བ་ནི་འོད་ཟེར་གྱིས་འགྲོ་འོ་མཉམ་པར་སྦྱར་བའོ།། ཟླ་བ་གཉིས་དང་ཡང་དག་ལྡན།། ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལ་གཉིས་དང་མཿ ་བཔབར་སྦྱར་བའོ།། དབང་དུ་བྱེད་ཅེས་བྱ་བ་ནི་ཁམས་གསུམ་ལྷན་ཅིག་པའི་ཡེ་ཤེས་ཀྱི་དབང་དུ་བྱེད་པའོ།། ཁྱབ་པ་ཉིད་དུ་བསྒོམ་པར་བྱ་ཞེས་བྱ་པ་ནི་བསྒྲུབ་བྱའི་ལུས་ལ་བཀུག་ནས་བསྐོར་བའོ།། པའི་དབྱངས་ཡིག་བཅུ་དྲུག་པའི་ལས ་བསྟན་པའི་ཕྱིར། ཨ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏྲཾ། ཨ་ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལེ་དང་བཙོས་པའི་དབྱངས་ཡིག་བཙོ་ལྔ་པ་གཟུང་ངོ་།། ཐམས་ཅད་སྡུད་པ་ཞེས་བྱ་པ་ནཾ་ཡི་གེ་ཐལས་ཅོད་སྡུད་པ་སྟེ། བཤད་ཟིན་ཏོ།། འཆ ་བཟློག་པར་བྱེད་པ་ཡིན་ཞེས་བྱ་བ་ནི་ངན་འགྲོ་དང་སྲིང་པའི་འཚེ་བཟློག་པར་བྱེད་པའོ།། བཅུ་དྲུག་པའི་ལས་ནི་གོ་སླ་བོས་མ་ཕྱེའོ།། དཀར་པོ་དམར་པོའི་ཏིང་ངེ་འཛིན་བྱི། ཞེས་བྱ་བ་ནི་ཐབས་དང་ཤེས་རབི་ཀྱི་བདག་ཉིད་ཀྱི་ལྷའི་ཏིང ་འཛིན་བྱའོ།། དེས་ཅིར་འགྱུར་ཞེ་ན། ཨ་ལ་སོགས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེའི་འོག་ཏུ་ཨཱ་ལི་ཀཱ་ལིའི་ཡི་གེ་རྣམས་སར་བསྟན་པ་དང་། འོག་ནས་འབྱུང་བ་ལྟར་བདག་དང་གཞན་གྱི་ལུས་ལ་བཀོད་ལ་ཆགས ་མེད་པར་ལས་རྣམས་འགྲུབ་པོ་ཞེས་བྱ་བའི་དོན་ཏོ།། འདི་ནི་མདོར་བསྡུས་པའི་ཆོ་གའོ།། ད་ནི་ལས་ང་དག་ཐམས་ཅད་ལ་ཡི་གེ་དེ་དག་ཉིད་ཀྱིས་སྔོན་དུ་ལུས་བསྲུངས་པའི་ཆོ་ག་བསྟན་པའི་ཕྱིར། དེ་ལྟར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ ་དེ་ལྟར་ཞེས་བྱ་བ་ནི་སྔར་བསྟན་པའི་ལས་རྣམས་སོ།། ལྷག་མ་ནི་གོ་སླའོ།། བདག་གི་དེ་ཉིད་གསལ་བ་ཡིན། ཞེས་བྱ་བ་ནི་བདག་གི་ཁམས་བཅུ་དྲུག་བསྲུང་བའི་དེ་ཁོ་ན་ཉིད་དོ།། དེ་ལྟར་དབྱིངས་ཀྱི་ལས་རྣཾས་བཤད་ནས། གསལ་བྱེད ་ཀྱི་ལས་རྣམས་བསྟན་པོའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་རིག་པའི་དེ་ཉིད་འབྱུང་བ་ཞེས་བྱ་བ་ནི། ཤེས་རབ་དང་མཉམ་པར་སྦྱོར་བའི་ལྷོའི་ཏིང་ངེ་འཛིན་ལས་འབྱུང་བའོ།། ཡི་གེ་དང་པོ་ཞེས་བྱ་བ་ནི་ཡིག་ཀའོ།། ཇི་སྲིད ་ལུས་ལ་གནས་ཀྱི་བར་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དེའི་ལུས་ལ་ཡི་གེ་བསམ་པ་དེ་ཉིད་དུའི་རང་གི་ལུས་སྡོམ་པས་སྡོམ་པ་སྟེ་ཞེས་བྱ་བ་ནི། དཔལ་ཧཱ་རུ་ཀའི་ན་བཟའི་ངོ་བོ་ཉིད་དོ་ཞེས་བྱ་བའི་དོན་ཏོ།། ཁྱི་མ་ཞེས་བྱ་བ་ནི་སྒྲུབ་པར ་བྱེད་པའི་ལུས་སོ།། ཐམས་ཅད་དུ་ནི་འབིགས་པར་འགྱུར་ཞེས་བྱ་བ་ནི། ངོ་འོད་ཟེར་དམར་པོས་ཡན་ལག་གི་ཚོགས་ཐམས་ཅད་དུ་ཁྱབ་པའོ།། དེ་ལ་ཞེས་བྱ་བ་ནི་སྒྲུབ་པ་པོའི་ལའོ།། ད་ནི་ཡི་གེ་ལྔ་པོ་དེའི་ལས་ཀྱི་སྔོན་དུ་འགྲོ་བའི་ཆོ་ག ་བསྟན་པའི་ཕྱིར། ཨོཾ་གེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོ་གར་ཞེས་བྱ་བ་ནི་ཕྲག་པ་གཉིས་སུ་བཀོད་པའོ།། ཆོ་ག་ད་ལྟར་བྱས་ནས་ནི། དཔྱང་མི་དགོས་པར་དངོས་གྲུབ་འགྱུར་ཞེས་བྱ་བའི་གོ་ཆའི་འབྲས་བུ་བསྟན་པ་ཡིན་ཏེ་སྣ་ཚན་དྲུག ་པོ་གཞན་དག་ལ་ཡང་སྦྱར་བར་བྱའོ།། སྡེ་ཚན་དྲུག་གི་ལྔས་གསུངས་པ། ཙ་ཞེས་བྱ་བ་ལ་སོགས་པ་ལ་རླུང་གི་གནས་ཀྵུ~ཾ་ཡི་གེ་སྟེ་ཞེས་བྱ་བ་ནི། སྐྱོང་པར་བྱེད་པའི་ས་བོན་ཡིན་པའི་ཕྱིར་རོ།། ཡང་ན་ཆུད་ལ་གནས་པ་སྟེ་རླུང་གི་དཀྱིལ ་འཁོར་ལ་གནས་པར་བྱ་བའོ།། དེའི་ཚེ་བདུན་པའི་དོན་གྱི་དྲུག་པ་ཡིན་ནོ།། ཆ་གཉིས་པ་དང་ཡང་དག་ལྡན།། ཞེས་བྱ་བ་ནི་ཡི་གེ་ཚ་སྟེ་ཚིག་གཉིས་དང་ལྡན་པའི་ཕྱིར་རོ།། བཅུད་དང་ཕོ་བར་བྱས་མ་ཞེས་བྱ་བ་ལ། བཅུད་དང་འདྲ་བས་ན ་བཅུད་དེ་སེམསོ།། ཕྲལ་བ་ནི་མེད་པའོ།། བསམ་པ་ནི་བསྒོམ་པའོ། དབོ་པ་ནི་བླུགས་པའོ།། དབང་པོའི་མཚོན་ཆ་ལྟ་བུའི་མདོག་ཅེས་བྱ་བ་ནི། འཇའ་ཚོན་ལྟ་བུའི་མདོག་གོ།། བདུད་རྩིའི་སྒོ་ཞེས་བྱ་བ་ནི་ཟླ་ཚས་སོ།། ཐིག་ལེ་ནི་གྲགས་པར་ཟད་དོ། ་དེདོ་ནི་ཌཾ་ཞེས་བྱ་བར་འགྱུར་ཏེ། སྤྱི་བོའི་སྟེང་དུ་བསམ་ཞེས་བྱ་བ་ནི་ཁ་ཐུར་དུ་བལྟས་པར་བསྒོམ་པའོ།། ཡི་གེ་གཉིས་པ་ཞེས་བྱ་བ་ནི། ཌ་ལཱ་བལྟོས་པ་གཉིས་སྟེ་པ་ཐ་མའོ།། དབང་ཆེན་པོ་ནི་འདྲ་བར་འདོད་ཅེས་བྱ་བ་ནི་ཁ་དག་སེར ་ཡི་གེ་རྒྱལ་པོ་གསུམ་པ་ཏེ་ཞེས་བྱ་བ་ལ་འདིར་གསུམ་པའི་གསུམ་པ་ཞེས་བྱ་བར་སྦྱར་ཏེ་སྡེ་ཚན་གསུམ་པ་ཡི་གེ་ཌའོ།། རྡོ་རྗེ་ལྟ་བུའི་དབྱིབས་ཅན་ཏེ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ལྟ་བུའོ།། གཟི་ཞེས་བྱ་བ་ནི་ཆང་གིས ་སྨོས་པ་ལྟ་བུར་ཆགས་པས་མྱོས་པའི་ཕྱིར་བཟི་བའོ།། ངའི་དྲུང་ན་གནས་པའི་ཞེས་བྱ་བ་ནི། ཏའི་འོག་ན་གནས་པ་སྟེ་གཉིས་པ་ཞེས་བྱ་བའི་དོན་ཏོ།། སྟོང་པའི་ལས་ཞེས་བྱ་བ་ནི་དྲན་པས་སྟོང་པའི་ལས་སོ།། སྡོང་གོག་དང ་ནི་མཚུངས་པར་འགྱུར་ཞེས་བྱ་བ་ནི། བཅུད་དང་བྲལ་བའི་ཤིང་ལྟར་རྣམ་པར་ཤེས་པ་རྒྱུ་བ་མེད་པའོ།། དེ་ཉིད་ཀྱིས་ན་ཕྱག་ཞེས་བྱ་བ་གསུངས་ཏེ། དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའོ་དོན་ཏོ།། ཉི་མ་བརྒྱད་པའི་ཆ་ལ་ནི་ཞེས་བྱ་བ་ནི་ཉོམ ་བདུན་པ་འདས་ཀྱི་འོག་ཏུའོ།། རླུང་གི་གནས་ཞེས་བྱ་བ་ནི་རླུང་གི་གནས་ཏེ་བ་བ་ན་ཞེས་ཟེར་བའི་ཕྱིར་རོ།། ཡང་ནཱ་འདས་སྤྱོང་པར་བྱེད་པས་ན་རླུང་གནས་སོ།། གྲུ་བཞི་པ་ཞེས་བྱ་བ་ནི་ཟླུམ་པའོ།། ཟླ་བའི་འོད་ཅན་སྒྲུབ་བྱ་ནོ།། དབུ་སུ་སྒྲུབ་པོ ་ཐིམ་པར་བསམ་ཞེས་བྱ་བ་འ་ནི། བའི་སྟེང་དུ་བསྒྲུབ་པར་བྱེ་བ་བཞག་པའོ། འདི་ནི་རྟག་ཏུ་བསྒོམ་འགྱུར་ནི། ཞེས་བྱ་བ་ནི་བདུད་རྩི་འཇུག་པའི་སྤྱི་བོའི་སྟེང་དུ་ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་བསྒོམས་ནཱ་ཇི་སྐད་སྨོས ་བ་བཞིན་དུ་འགྱུར་རོ།། ཟླ་བ་དམར་དང་བཅས་པ་རུ་ཞེས་བྱ་བ་ལ་ད་མར་ཞེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་འཁོར་ལོ་གནས་པའི་ཡི་གེ་ཨོཾ་མོ་ཟླ་བ་ནི་བདེ་བ་ཆེན་པའི་འཁོར་ལོར་གནས་པའི་ཡི་ག་ཧཾ་ངོ་ལྷན་ཅིག་ཏུ་ནི་བཟླས ་པར་བྱ་ཞེས་བྱ་བ་ནི། ཨོཾ་གྱི་འོད་ཟེར་མགོ་བར་སོང་བས་མི་ཤིགས་པའི་ཐིག་ལེ་ཞུ་བའོ།། རྟག་ཏུ་བདུད་རྩིའི་རྒྱུན་འབྲར་འགྱུར། ཞེས་བྱ་བ་ནི་དེ་ལས་བྱུང་བའི་བདུད་རྩིའི་རྒྱན་གྱིས་ལུས་ཐམས་ཅད་གང་བར་བསྒོམ་པའོ།། ཡང ་ནཱ་ཨུ་རུ་ར་ན་ཞེས་བྱ་བ་ནི་སྐྱ་རེང་སྟེ་སྤྲུལ་པའི་འཁོར་ལོར་གནས་པའི་ཨའོ།། ཟླ་བཅས་ཞེས་བྱ་བ་ནི་ཟླ་ཚེས་དང་ཐིག་ལས་བརྒྱན་པའོ།། ལྷན་ཅིག་སྐྱེས་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོའི་ཡི་གེ་ཧཱུཾ་ངོ་།། བཟླས་ཞེས་བྱ་བ་ནི་ཕན་ཚུན་གྱི་འོད ་ཀྱི་བསྐུལ་བའོ།། ཡང་ན་སྤེལ་པ་དང་ཆོས་ཀྱི་འཁོར་ལོ་ཁ་སྦྱོར་གཅིག་ཏུ་བསྒོམ་པའོ།། བདུད་རྩིའི་རྒྱུན་ཞེས་བྱ་བ་ནི་བཤད་ཟིན་ཏོ།། དབང་པོའི་མ་ཚོན་ལྟ་བུ་ཞེས་བྱ་བ་ནི་རྡོ་རྗེའི་དབྱིབས་ལྷ་བུའི།། རླུང་བདུན་གྱི་ནི་གཙོ་བོ་དང་ཞེས་བྱ་བ་ནི། ་རླུང་བདུན་ནི་སྲོག་འཛིན་པའི་དང་། གྱེན་དུ་རྒྱུ་བ་དང་། ཐུར་དུ་སེལ་བ་དང་། མེ་དང་མཉམ་དུ་གནས་པ་དང་། ཁྱབ་པར་གནས་པ་དང་། ལྷ་བྱིན་དང་། གཞུ་ལས་རྒྱལ་ལོ།། གནས་ཞེས་བྱ་བ་ནི་ས་བོན་ནོ།། རྣམ་པ་བཞིར་ནི་རྟེན་པ་སྟེ། ཞེས ་བྱེ་བ་ནི་ཁ་དང་སྣ་དང་རྣ་བ་དང་མིག་དག་ཏུའོ།། རླུང་གིས་ཀུ་ན་ཏུ་བསྐོར་བ་ནི་ཞེས་བྱ་བ་ནི་རླུང་གིས་བཏབས་པའོ།། ཡི་གེ་གཉིས་ཞེས་བྱ་བ་ནི་ཡཾ་དང་རྀ་ངོ་།། ལ་ཞེས་བྱ་བ་ས་ཡིན་ཏེ། ཞེས་བྱ་བ་ནི་སའི་ས་བོན་ནོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ་འཛིན་པ་ཞེས་བྱ་བ་སྟེ་སྐྱེད་པར་བྱེད་པའོ།། དབང་པོ་རྡོ་རྗེས་མཚན་པོ་ཞེས་བྱ་བ་ནི། དབང་ཆེན་གྱི་དཀྱིལ་འཁོར་ལ་གྲ་ན་རྡོ་རྗེས་མཚན་པའོ།། བཞི་པ་ཞེས་བྱ་བ་ནཱི་ཡ་ནཱས་བརྩིས་པའི་བཞི་པ་སྟེ་ཝའོ།། དེའི་ལྕེ་གདེ་གཉིས་ཀྱིས་དྲུག ་བསལ་བཞི་ལས་གསུངས་པ། གདངས་ཀ་ཞེས་བྱ་བ་ལ་སོགས་པ་ལ་ལྷག་མ་ཅན་ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་ལྷག་མ་ཅན་གྱི་གཟུགས། དེར་བདག་ཉིན་བསྒོམ་པའོ།། དེའི་ཞེས་བྱ་བ་ལ་སོགས་པ་ལ། བདག་ཉིད་དེ་ལྟར་བསྒོམ་པའི་མིག ་གཉིས་སུ་ཡི་གེ་ཨི་དཀར་པོ་བདུད་རྩིའི་རྒྱུན་འབེབས་པ་འོད་ཟེར་སྣ་ལྔར་འབར་བ་བསྒོམས་ལ། བསྒྲུབ་པར་བྱ་བ་ནི་ཡང་དེ་ལྟར་བསྒོམས་ཏེ། སྟེང་གནས་པའི་ཆུ་རྒྱུན་དབབ་ཅིང་ཨོའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་དགང ་བཔར་བྱའོ།། དེ་ལྟར་བསྟན་པའི་ཕྱིར། དབང་པོ་ཞེས་བྱ་བ་ལ་སོགས་པ་སྨེས་ཏེ། དཀྱིལ་འཁོར་ཉོས་འགྱུར་ཞེས་བྱ་བ་ནི་དང་པོ་ཆེན་དང་ཆུའི་དཀྱིལ་འཁོར་རོ།། དེ་ལྟར་ཞེས་བྱ་བ་ནི་སྔར་བཤད་པ་ལྷུར་རོ།། བུད་མེད་དབང་ཕྱུག་ཅེས་བྱ ་བར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་ཉིད་ནི་གཡོན་པའོ།། བསྐོར་བ་དེ་ནི་དེ་དང་ལྷན་ཅིག་ཏུ་འཇུག་པའི་ལྷའོ་སླའོ་ཡང་ཡང་ནི་ཡང་དང་ཡང་དུ་བསྒོམས་པའོ།། གནོ་མོ་བཞི་ནི་རྣམ་པ་བཞིའོ་ཞེས་བྱ་བ་ལ་གཙོ་མོ་བཞི་ནི་གཤིན ་རྗེ་བརྟན་མ་ལ་སོགས་པ་རྣལ་འབྱོར་མ་བཞིའོ།། རྣམ་པ་བཞི་ཞེས་བྱ་བ་ནི། དེ་རྣམས་ཀྱི་ས་བེ་ནར་ཤ་ཥ་ས་ཧ་རྣམས་སོ།། དེ་ཉིད་གསུངས་པ། རླུང་དང་པ་ཅུང་ཀའོ།། མེ་ཞེས་བྱ་པ་ནི་ཁའོ།། བདུད་རྩི་ཞེས་བྱ་བ་ནི་སའོ།། བཅུད་ཅེས་བྱ ་བ་ནི་ཧའོ།། ལུས་ནི་མ་ལས་བྱུང་བཻ་རུ་ཞེས་བྱ་བ་ནི་དབ་ལས་བསྐྱེད་པའོ།། འོག་དྲང་སྟང་དུ་ཝ་ཡིས་བརྒྱན་ཞེས་བྱ་བ་ནི། ཤའི་མགོ་བོ་དང་མཇུག་མ་ཝ་འདྲ་བའི་ཕྱིར་རོ།། བརྟན་མ་ཡིས་ན་འཁྲུལ་འཁོར་གྱིས་ཞེས་བྱ་བ་ལ ་བརྟན་མའི་འཁྲུལ་འཁོར་ནི་དེའི་སྙིང་གར་ཡི་གེ་ཤ་སྦྱར་བའི། དེ་ལྟར་ཤའི་ལས་བཤད་ནས་ཁའི་ལས་བསྟན་པའི་ཕྱིར། གཤིན་རྗེ་ཕེ་ཉ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ།། དྲོད་ཀྱི་སྡེ་པའི་ཡི་གེ་གསུམ་པའི་ལོས་གསུངས ་པ་གཤིན་རྗེ་མཆེ་བ་ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་ཀྱང་གོ་སླའོ་བཞི་པའི་གསུངས་པ་ཐིག་ལེར་བཅས་ཤིང་ཞེས་བྱ་བ་ལ་སོགས་པ་ལ། ཧ་དང་བཅས་ཞེས་བྱ་བ་ནི་ཟླ་བ་ཕྱེད་པའོ།། དེས་ནི་ཧཾ་ཞེས་བྱ་བར་འགྱུར་རོ།། གང་གིས་ལྕེའི་སྟེང་དུ ་ཞེས་བྱ་བ་ནི་རྡོ་རྗེ་མ་བྱས་པའི་ནང་དུའོ།། བསམས་ན་ཕུར་བུ་ལྟ་བུར་འགྱུར་ཞེས་བྱ་བ་ནི་གཟའ་ཕུར་བུ་ལྟར་སྙན་དངོགས་མཁན་པར་འགྱུར་རོ།། དེ་ལྟར་སཾ་དངས་མཐའོ་ཞེས་བྱ་བ་ལས་ནི་ཟླ་ཚེས་སོ།། མཐའི་ནི་ཧ་སྟཾ། ཐིག་ལེ་དང ་ཟླ་ཆོས་སྲ་གནས་པའི་ཧའི་ལས་བསྟན་པའོ།། ཅུང་ཟད་སྔོ་བ་འཇིགས་ཆེན་མོ།། ཞེས་བྱ་བ་ནི་གཤིནཿའཇོམས་མའོ།། མ་ཧ་དང་ནཱི་རྟ་དག་གི། འཁྲུལ་འཁོར་སྦྱོར་བ་ཀུན་ལ་བསམ་ཞེས་བྱ་བ་ལ། ཀུན་ནི་དབྱེ་བའི་ལས་ལ་སྟེ། དེར་མ་ཧེ་ད ་ན་ལ་གནས་པའི་ཧཾ་གིས་འཁྲུལ་འཁོར་སྦྱར་བར་བྱའོ།། ཡི་གེ་ལྡན་ཞེས་བྱ་བ་ནི་ཧཱ་སྟི། དེ་བཞིན་གཤེགས་པ་ལྔའི་རང་བཞིན་ཡིན་པའི་ཕྱིར་རེ།། ཡང་ན་ཝཾ་ནས་ཧའི་མཐར་ཐུག་པ་ལྔའོ།། མགོ་དང་བྲལ་ཞིང་ཐོག་ལེས་བརྒྱན་ཞེས་བྱ་བ ་རི། མགོ་མེད་པའི་ཧཾ་ཁ་ཐུན་དུ་བལྟ་བ་སྟེ་བོད་པ་ཆེན་པོའི་འཁོར་ལོ་ལ་གོནས་པའོ།། ཁྱབ་བྱ་ཁྱབ་བྱང་ནས་བྱེ་བ་ནི་རྩཐམས་ཅད་དང་ཁམས་ཐམས་ཅད་དུ་འགྲོ་བའོ།། སྟོང་དང་ཤིན་དུ་སྟེང་དང་སྟོང་པ་ཆེན་པོ་ཞེས་བྱ་བ་ནི་ཁམས ་གསུམ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བྱེད་པའི་ཕྱིར་རོ།། ཡང་ན་འཁོར་ལོ་གསུམ་གྱི་གནསཽ་སུ་དང་། འ་བོའི་ཡེ་ཤེས་འབེབས་པའི་ཕྱིར་རོ།། ཡི་གེ་ཀཱའོ་ལས་གསུངས་པ། མགོ་དང་བྲལ་བ་ཞེས་བྱ་བ་ལ་སོགས་པ་ལ། མགོ་དང་བྲལ་བའི ་9་སྣརུབས་བྱ་བང་། ན་མམ་རུངསམ་པར་བྱབ་ང་འཇས་རྒན་གྱི་ལཡན་གཙུག་ཞནལ། ག་པ་ལྡན་པར་སྦྱར་བ་ནས་བྱབམ། ས་ཀ་རྶ་སྙམ་འག། གཟུགས་ཅ་སྨྲ་ཨཱ་ས་རྩཝ་ངུན། ་གནས་བསྒོམས་པར་བྱའོ།། དེ་ཅང་གསུངས་པ་རི་མོ་དག་ནི་ཞུགས་པར་བསམ་ཞེས་བྱ་བ་སྟེ། རི་མོ་དེ་ཡང་ཅིའང་ཞེ་མ་རི་མོ་མར་མེའི་རྩ་ལྟ་བུ་སྟེ། ཀྵཾ་གཾ་ཐིག་ལེ་ལས་མེ་འབར་བའོ།། དཀྱིལ་འཁོར་བཞིའི་གཟིན་ཅན་བསམ ་ཞེས་བྱ་བ་ནི་དབང་ཆེན་ལ་སོགས་པའི་སྦྱོར་བ་བཞིའི་འད་འཕྲོ་བའོ།། རྟག་ཏུ་རྐན་ནི་ཕུག་སྟེ་གནས་ཞེས་བྱ་བ་ནི། འོད་འབར་བ་དང་བཅས་པར་ཚངས་པའི་སྒོའི་བར་དུ་འབར་བའོ།། རྩེ་མོ་རྒྱས་པ་མཐོང་འགྱུར་ཏེ། ཞེས་བྱ་བ་ན ་རྩེ་མོ་ནི་འདས་པ་ལ་སོགས་པའི་ཆའོ།། རྒྱས་པ་ནི་མ་ལུས་པའོ།། རྩེ་མ་རྒྱས་པ་མཐོང་བའི་གྱུར་ཏེ། མཐོང་བ་ནི་མངོན་པར་ཤེས་པ་ཆེན་པོ་དང་ལྡན་པའོ།། གཞན་གྱི་གྲོང་སོགས་འདོད་བཞིན་འགྲོ་ཞེས་བྱ་བ་ལ། གཞན ་གྲོང་དུ་འགྲོ་བ་ནི་གཞན་གྱི་ལུས་ལ་འཇུག་པའོ།། འདོད་བ་ནི་རང་བཞིན་གི་བྱ་བ་ཤེས་པ་ཞེས་བྱའོ།། ཛཱ་ལཨཱརྱ་ཡཾ་ལེ་ཀཱ་སྦྱོར་བ་བཞི་དང་ལྡན་པྲས?་ཐམས་ཅད་པ་ཉིད་དུ་བསྟན་པ་ལྟར། སྡེ་ཚན་གྱི་ཡི་གེ་ཐཾད་ལས་ཐམས་ཅད་བ་ཉིད་དུ ་བསྟན་པའི་ཕྱིར། རེ་ར་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཡི་གེ་སྡེ་ཚོན་སོ་སོ་ཡི།། ཡི་གོ་དག་ནི་སོ་སོ་ཞིང་། རེ་རེའང་སྦྱོར་བ་བཞི་བཞི་སྟེ་ཞེས་བྱ་བ་ནི། སྡེ་ཚན་བརྒྱད་པོ་ཐམས་ཅད་ལས་རྣམ་པ་བཞི་བཞི་དང་ལྡན ་པར་བསྟན་པ་ཡིན་ནོ།། གཅིག་དང་བཞི་རུ་སྦྱར་བ་བཞིན་ཞེས་བྱ་བ་ནི། ཡི་གེ་ཀཱ་གཅིག་ཏུ་སྦྱོར་བ་བཞིན་བཤད་པ་ཇི་ལྟ་བ་བཞིན་དུའོ།། ཨ་ལི་ཀཱ་ལི་ཞེས་བྱ་བ་ལ་སོགས་པ་ལ། ཨ་ལི་ཀཱི་ལྀའི་སྔགས་ནི་ཁ་དོག་དང་དབྱབས་ཀྱི་བདག ་ཉིད་ཅན་གྱི་གཟུགས་སོ།། ཆོ་ག་ནི་བྱ་བ་སྟེ་དབང་དུ་བྱས་པ་ལ་སོགས་པའི་ལས་སོ།། སྒྲུབ་ཐབས་འབྱུང་བ་ནི་ཏིང་ངེ་འཛིན་གྱི་ལུས་ལ་དགོད་པའོ།། དོན་དེ་སྟོན་པར་བྱེད་པའི་གཞུང་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཅིག་པའོ།། རྒྱུད ་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའི་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། །། ད་ནི་ཙ་ཀྲ་སམ་པ་ར་དང་། འདི་ལས་ཀྱང་གསང་བ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་བཤད་པར་བཞེད ་ནས། དེ་སྟོན་པར་བྱེད་པའི་ལེའུ་གསུངས་པ། དེ་ནས་རྣམ་ཞེས་བྱ་བ་ལ་སོགས་པ་ནི་བཤད་ཟིན་ཏོ།། ཁྱོད་ཀྱིས་བཤད་པ་གསང་བ་དང་། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་བྱ་བ་ནི། གསུངས་པ་ཞེས་བྱ་བ་དང་འབྲེལ་ཏོ།། ང་ལ ་གསང་བ་ཞེས་བྱ་བ་ནི་བདུན་པའི་དོན་གྱིས་དང་པོ་ཡིན་ནོ།། དེ་ཡང་གསང་བ་ཞེས་བྱ་བ་དང་པོ་དང་། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས་ཞེས་བྱ་བའི་ཚིག་ཐ་མ་འདི་གཉིས་ཀྱི་བརྙ་ན་གནས་པའི་མཆོག་གཽ་དགྱེས་ཞེས་བྱ་བ་འང ་གཟུང་བར་བྱ་སྟེ། དེ་ལྟར་ན་སྔར་བསྟན་པའི་ཡི་གེ་བཅུ་དྲུག་པོ་མ་ལུས་པ་གཟུང་བ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་ཡི་གེ་བཅུ་དྲུག་རིག་པཱ་ཞེས་བྱ་བ་གསུངས་ཏེ། ཚིག་རྐང་པ་གཉིས་པའི་ཚིགསུ་བཅད་པ་ཡིན་ནོ།། དེ་ལ་ར་ལ་སོགས་པའི་ཡི་གེ ་འདི་དག་མ། ཡི་མ་བཅུ་དྲུག་ཀྱང་ཡིན་ལ་བཅུད་ཀྱིས་ལན་གྱི་རྫས་བཅུ་དྲུག་རྗོད་པར་བྱུང་བས་རིག་པ་ཅན་པ་ཡང་ཡིན་སྐྱེ་ངས་ན་ཡི་གེ་བཅུ་དྲུག་ཅིག་པ་ཆལ།། བཤད་པ་ནི་གསུངས་པ། ཅི་ཞིག་ཅེ་ན་ཁམས་རྣམས་དང ་ཞེས་བྱ་བ་ལ་སོགས་པ་ལ། ལུས་འཚོ་བར་བྱེད་ཅིང་འཛིན་པར་བྱེད་པས་ཁམས་རྣམས་ཏེ་རྫས་བཅུ་དྲུག་པོ་ཉིད་དོ།། འདི་ནི་ཉེ་བར་མཚོན་པ་སྟེ། མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་ཞེས་བྱ་བ་ལ་སོགས་པ་ལ་གང་ཁྱོད་ཀྱིས་སྔར ་བསྟན་པའི་དོན་ནི་ཇི་ལྟ་བུ་ཞིག་ལགས་ཞེས་བྱ་བར་ཡང་སྦྱར་བར་བྱའོ།། དེ་བཞིན་རྩ་ཞེས་བྱ་བ་ལ་སོགས་པ་ལ་དང་ཞེས་བྱ་བ་ནི་བདེ་མཆོག་ཏུ་གསུངས་པའི་རྣམ་པ་གཞན་བསྡུ་བ་ཡིན་ན། ཇི་ལྟར་ནང་དུ་ཡང་དག་གནས་ཞེས་བྱ་བ ་ནི་རྩེ་ལ་སོགས་པ་ཐམས་ཅད་སྦྱར་རོ།། ཉོན་ཅིག་ཅེས་བྱ་བ་ལ་སོགས་པ་ལ་མ་མོ་ཞེས་བྱ་བ་ནི་ཁམས་བཅུ་དྲག་པོ་འདི་དག་ཡིན་ཏེ། དེ་དག་གི་ལུས་བསྐྲར་ཅིང་བརྟན་པར་བྱེད་པས་མ་ལྷར་གསོ་བའི་ཕྱིར་མ་མོའོ།། དེ་དག་གི་མ་མོ་ཡང་ཡིན ་ལ་རང་གི་དཀྱིལ་འཁོར་ཡང་ཡིན་ཏེ། སྙིང་པོ་ལེན་པའི་ཕྱིར་རོ།། ཁ་ཅིག་ནི་ནང་གི་རྫས་རྣམས་ལྷའི་དཀྱིལ་འཁོར་གྱི་རྣམ་པར་དག་པ་ཡིན་ནོ་ཞེས་ཟེར་རོ།། རྣལ་འབྱོར་པའི་བདུད་རྩི་སྦྱོར་ཞེས་བྱ་བ་ནི། སྒྲུབ་པ་པོ་རྣམས་ཀྱི་བཅུད་ཀྱི་ལེན་གྱིས ་སྦྱོར་བ་སྟེ། སྦྱོར་བ་ཉིད་བདུད་རྩི་སྦྱོར་བའོ་ཆ་ནི་བསྒྱུར་བ་སྟེ་སྦྱོར་བ་གཞན་གྱི་ནང་གི་རྫས་ཀྱི་སྦྱོར་བཅུ་དྲུག་ཏུ་བསྒྲེ་ཞིང་བསྒྱུར་བའི་ཆར་ཡང་མི་ཕོད་དོ་ཞེས་བྱ་བའི་དོན་ཏོ།། རྫས་རྣམས་ཡི་གོ་ར་རེ་ཞིང་སོ་སོའི་བརྡས་བསྟན་པའི་ཕྱིར།། སླར ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སི་ར་ཞེས་བྱ་བ་ནི་སྒྲ་ལས་བྱུང་བའི་མར་ནཱག་དང་སྒྲ་ལས་བྱུང་བའི་ལན་ཚྭ་གཉིས་སོ།། སོ་དང་ལག་སྐྱེས་ཞེས་བྱ་བ་ནི་སོ་དང་སེན་མོའི་རྡུལ་སྟོན་པ་སྟེ། དེ་ལྟར་ན་རྫས་བཅོ་བརྒྱད་སྡེ་ཚན་བཅུ ་དྲུག་བསྟན་པ་ཡིན་ནོ།། བྱང་ཆུབ་སེམས་ལས་བྱུང་བའོ་ཞེས་བྱ་བ་ལ་སོགས་པས་ནི། བདེ་བའི་མཆོག་ཅེས་བྱ་བ་འཆད་པར་བྱེད་པ་ཡིན་ཏེ། སྐབས་མ་ཡིན་མོད་ཀྱི་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་རོ།། གཞན་དུ་ནཱ་འདི་ཐམས་ཅད ་བརྗོད་པས་ཚིགས་ཆེ་བར་འགྱུར་རོ།། དེ་ལ་བྱང་ཆུབ་ནི་ལྷའོ།། སེམས་ནི་དེ་བཞིན་ཉིད་དོ།། དེ་དག་ལས་བྱུང་བ་ནི་ཀུན་ཏུ་བཟང་པོའི་རང་བཞིན་ནོ།། དེ་ཉིད་གསུངས་པ། རྟག་ཏུ་ཞེས་བྱ་བ་ལ་སོགས་པ་ལྀ། ཡ་ཤས་ནི་ལྷན་ཅིག་སྐྱེས་པའོ།། དམ ་པ་ནི་གཉིས་སུ་མེད་པའོ།། མཆོག་ནི་གཙོ་བོ་སྟ་བདེ་བ་མཆོག་ཅེས་བྱ་བའི་དོན་ཏོ།། རྩ་རྣམས་ཐམས་ཅད་ཡང་དག་དུས།། ཞེས་བྱ་བ་ནི་རྩ་ཐམས་ཅད་མཉམ་པར་སྦྱོར་བ་ལས་སྐྱེས་པའོ།། ཡང་སྔར་ཐལ་བའི་འཕྲོ་གསང་བ་ཞེས་བྱ་བ་ལ ་སོགས་པ་རྣམ་པ་གཞན་བསྟན་པའི་ཕྱིར། གསང་སོགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལྔ་ཞེས་བྱ་བ་ནི་བདུད་རྩི་ལྔ་ཉིད་དོ།། ཁམས་ཀྱི་སྡེ་ཚན་ཞེས་བྱ་བ་ནི། སྡེ་ཚན་གྱིས་བསྟན་པའི་ཁམས་བཅུ་དྲུགོ། སྡུད་པ་ཞེས་བྱ་བ་ནི་བདུད ་རྩི་ལྔའོ།། དེ་ལྟར་གསང་བ་ལ་སོགས་པ་བཤད་ནས། མཁའ་འགྲོ་ཀུན་དངོས་ཞེས་བྱ་བ་ལ་སོགས་པ་བསྟན་པའི་ཕྱིར། མཁའ་འགྲོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིས་སེམས་ཅན་རྣམས་འཚོད་ཅིང་འཚོས་པས་ནི་ཆགས་པ ་པ་སྟེ། མཁན་འགྲོ་ཀུན་དངོས་སོ།། ཅི་ཞིག་ཙ་ན་སེམས་དཔའོ།། དེ་ཉིད་ཀྱང་མི་ཤེས་སོ་ཞེ་ན་རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་སྨོས་སོ།། དེ་ལ་རྡོ་རྗེ་ནི་མ་ཕྱེད་པ་སྟེ་སྙོམས་པར་འཇུག་པའོ།། བྱུང་བ་སྐྱེས་པ་སྟེ། བྱང་ཆུབ་སེམས ་ཞེས་བྱ་བའི་དོན་ཏོ།། འདིས་ནི་མཁའ་འགྲོ་ཀུན་དངོས་སེམས་དཔའ་ཞེས་བྱ་བའི་ཚིག་བཤད་པ་ཡིན་ནོ།། སེམས་དཔའི་བསྒྲུབ་པ་ནི་འོག་ནས་བཤད་པར་བྱའོ།། བྱང་ཆུབ་ཀྱི་སེམས་ཉིད་ཀུན་ཞེས་བྱ་བ་རྣམ་པར་སྣང་མཛད་ལ ་སོགས་པ་འཁོར་ལོ་སྒྱུར་བ་དྲུག་ཏུ་ཕྱེ་སྟེ་བསྟན་པའི་ཕྱིར་པདྨ་ཞེས་བྱ་བ་སྨོས་སོ།། སྟེང་དུ་འཕྲོ་ཞིང་ཞེས་བྱ་བ་ནི་ཕྱིས་འཕྲོ་བའོ།། རླུང་ནི་སྣ་ཚོགས་ལས་འབྱུང་བ་ཞེས་བྱ་བ་ལ་སོགས་པ་རླུང་ནི་ན་མཆོག་ཡིན་ཞེས་བྱ་བར་སྦྱར་ཏེ། རྟ ་མཆོག་ནི་དོན་ཡོད་པར་གྲུབ་པའོ།། འདི་ནི་ཉེ་བར་མཚོན་པ་སྟེ། མེ་ལྀ་སོགས་པ་སྣང་བ་མཐའ་ཡས་སུ་ཡང་སྦྱར་བར་བྱའོ།། སྣ་ཚོགས་ཞེས་བྱ་བ་ནི་འབྱུང་བ་ལ་སོགས་པ་ཐམས་ཅད་དོ།། ལུས་བྱུང་ཞེས་བྱ་བ་ནི་གཉིས་སུ་མེད་པ་སྟེ ་འདིས་ནི་དྲུག་པ་རྡོ་རྗེ་སེམས་དཔའ་སྟོན་ཏོ།། ཁྱད་པར་ཡོད་པ་རྟ་མཆོག་ཡིན་ཞེས་བྱ་བ་ལ། ཁྱད་པར་ནི་ཁྱང་པོར་གྱི་དགའ་བའི།། སྤྱོད་པ་ཞེས་བྱ་བའི་སྒྲས་ནི་དེ་དང་ལྷན་ཅིག་ཏུ་རྒྱུ་བ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བ་གཟུང་ངོ་།། ཡང་ན ་ཨཏྟ་ཞེས་བྱ་བ་ནི་འཆིང་བར་བསྟོན་ཏེ།། དེས་བཙོངས་པའི་ལྷན་ཅིག་སྐྱེས་པའི་དགའ་བའོ།། དགའ་གཉིས་ནི་དོན་གྱིས་ཤེས་པར་བྱའོ།། དེ་ལྟར་ན་ཀུན་ཏུ་དགའ་བ་ནི་པདྨ་གར་གྱི་དབང་ཕྱུག་གོ།། མཆོག་ཏུ་དགའ་བ་ནི་རྡོ་རྗེ་ཉི་མའོ།། ་རྣམ་པར་སྣང་མཛད་ན་གཉིས་ཀ་ལས་སྐྱེས་པའོ།། ཁྱད་པར་གྱི་དགའ་བན་དྲན་སོད་གྲུབ་པའོ།། ལྷན་ཅིག་སྐྱེས་པའི་དགའ་བ་ན་མ་བསྐྱེད་པ་སྟེ། རྡོ་རྗེ་སེམས་དཔའ་དགའ་བ་ཀུན་གྱི་རང་བཞིན་ནོ།། རྣམ་ཤེས་ནི་བྱང་ཆུབ་ཀྱི་སེམས་ས། ་རྡོ་རྗེ་སེམས་དཔའ་ནི་མི་བསྐྱོད་པའོ།། ཅིའི་ཕྱིར་བྱང་ཆུབ་སེམས་མི་བསྐྱོད་པ་ཡིན་ཞེས་སྐུ་བསྒྲུབ་པ་གསུངས་པ། ཕན་ཚུན་གཉིས་མེད་རང་བཞིན་ནོ།། ཞེས་བྱ་བ་སྨོས་ཏེ། དངོས་པོ་རྣམས་ཕན་ཚུན་ཡེ་ཤེས་ཀྱིས་རང་བཞིན་དུ་མི ་ཕྱེད་ཅིང་མ་དཀྲུགས་པའི་ཕྱིར་རོ།། དེ་ལྟར་ན་པདྨ་གར་གྱི་དབང་ཕྱུག་དང་རྡོ་རྗེ་ཉི་མ་ནི་མོའོ།། རྣམ་པར་སྣང་མཛད་ནི་སའོ།། དོན་ཡོད་གྲུབ་པ་ནི་རླུང་ངོ་།། མི་སྤྱོད་པ་ནི་ཆུའོ།། ཐམས་ཅད་ཀྱི་བདག་ཉིད་ནི་རྡོ་རྗེ་སེམས་དཔའ་སྟེ། དེ་དག་ཐམ ་ཅད་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྣམ་པར་གཞག་པའོ།། ཡང་གསུངས་པ། གནས་ཞེས་དེར་ཞེས་བྱ་བ་ལ་སོགས་པ་ལ། དེར་ཞེས་བྱ་བ་ནི་ཆོས་འབྱུང་བ་དང་། རྡོ་རྗེའི་ཕྱག་རྒྱར་རོ།། ནུབ་པ་ཞེས་བྱ་བ་ནི་བཅུག་པ་སྟེ། རྡོ་རྗེ་དང་ཆོས ་འབྱུང་བའི་ཕྱག་རྒྱ་དང་མཉམ་པར་སྦྱོར་བས་ཞུགས་པའོ།། ཉི་མ་ནི་བྱང་ཆུབ་ཀྱི་སེམས་ཏེ། ཛ་སྐད་དུ་གསུངས་པ་གསལ་བར་བྱང་ཆུབ་སེམས་ལ་ནཱི། རྡོ་རྗེ་ཉི་མ་ཞེས་བྱར་བརྗོད་ཅེས་ཟེར་བའི་ཕྱིར་རཾ། སྤྲུལ་པའི་སྐུ་ཞེས་བྱ་བ་ནི། དེ་ཉིད་ལྔ ་ལ་སོགས་པའི་ལུས་ཀྱི་རྣམ་པར་བྱུང་བའོ།། བདེ་བ་བསྡུས་བྱ་ཞེས་བྱ་བ་ནི། དར་ཐམས་ཅད་རོ་གཅིག་པའི་ཕྱིར་རོ།། རྙོག་པ་མེད་པོ་ནི་ཟག་པ་མེད་པའི་ཕྱིར་རོ།། འཁོར་པོའི་ལམ་ནི་གཅོད་པ་པོ་ཞེས་བྱ་བ་ནི། གཟུང་བ་ལ་སོགས་པས ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ།། སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བ་ལ་སོགས་པའི་སྤྲོས་པ་ནི་ཐ་དད་པར་གྱུར་པའོ།། དེ་འདི་ལ་མེད་པས་སྤྲོས་པ་ཉེ་བར་ཞི་བའོ།། དེ་ཉིད་ཐམས་ཅད་ཀྱི་རང་བཞིན་བསྟན་པའི་ཕྱིར་རྡོ་རྗེ་སེམས ་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་ཚུལ་གཞན་བཤད་པ་ཡིན་ཏེ་གོ་སླའོ།། ད་ནི་རྡོ་རྗེ་མཁའ་འགྲོ་བདེ་བའི་མཆོག་ཞེས་བྱ་བ་ནི་རྡོ་རྗེ་ཞེས་བྱ་བའི་ཚིག་གི་དོན་བཤད་པར་འདོད་ནས། མི་ཤེས་རི་བོ་འཇོམས ་པས་ན། ཡེ་ཤེས་ཉིད་ནི་རྡོ་རྗེའོ་ཞེས་བྱ་བ་སྨོས་ཏེ། ཡེ་ཤེས་ནི་གཉིསུ་མང་བའི་ཡེ་ཤེས་ཡིན་ལ། དེའི་རང་བཞིན་ཉིད་རྡོ་རྗེའོ།། མཁའ་འགྲོའི་སྒྲ་ནི་འོག་ནས་སྟོན་པར་འགྱུར་རོ།། བང་བའི་མཆོག་ནི་བཤད་ཟིན་ཏོ།། ད་ནི་གོང་དུ་ཐལ་བའི་སེམས་དཔའི ་སྟན་བསྒྲུབ་པར་འདོད་ནས། སེམས་དཔའ་རྣམ་པ་གཉིས་གསུངས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། ཡང་ན་བད་མཆོག་ལ་སོགས་པ་ལས། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་ཟེར་བས། འདིར་སེམས་དཔའ་བཤད་པ་ཡིན་ན་ཏོ།། སྣོད ་དང་བཅུད་ཀྱི་འཇིག་རྟེན་ནི་ཞེས་བྱ་བ་ལ་སོགས་པ་ནི། གཟུགས་ནི་རྣམ་པ་བཞི་རུ་གནས་ཞེས་བྱི་བ་དང་འབྲེལ་ཏེ། གང་ཞེ་ནས་དང་ཆུ་དང་མེ་དང་རླུང་གི་ཞེས་བྱ་བ་སྨོས་ཏེ། འདིས་ནི་འདིའི་རང་བཞིན་ཞེས་བྱ་བ་ལ་སོགས་པའི་འབྲེལ་པ་བསྟན་པ་ཡིན ་ཞེས་བྱ་བ་ནི་མངོན་སུམ་གྱི་ཚིག་སྟེ། བཅོམ་ལྡན་འདས་བདེ་བ་ཆེན་པོའི་རང་རིག་པའི་ཡེ་ཤེས་སོ།། རང་བྱུང་ཞེས་བྱ་བ་ནི་འབྱུང་བ་ཆེན་པོའི་རྗེ་སུ་དཔག་པའི་རང་བཞིན་གྱིས་ཕྱིར་རོ་ཞེས་བྱ་བ་ནི་ད་ལྟར་གྱུར་པའི་བདེ་བ་ཆེན་པོ་ཡེ་ཤེས་སུ་འབྱུང་བ ་རྣམས་ཇི་ལྟར་འདུས་པར་འཚལ་བར་བགྱི་ཞེས་བྱ་བའི་འདྲི་བ་ཐུགས་ལ་བཞག་ནས་ལན་སྟོན་པ་ཡིན་ནོ།། གལ་ཏེ་འབྱུང་བ་རྣམས་རང་རིག་པའི་ངོ་བོ་ཉིད་མ་ཡིན་ན། ཇི་ལྟར་ཉམས་མྱོང་བར་འགྱུར་ཏེ། ན་མཁའ་ལྟ་བུའི་ཡེ་ཤེས་ལས ་ཇི་ལྟར་སྐྱོ་བ་སྣང་བར་འགྱུར་ཞེས་བྱ་བའི་དོན་འདི་ནི་རྗེ་སུ་དཔག་པ་ཡིན་ནོ།། ཉོན་མོངས་པ་ལ་སོགས་པའི་བདུད་འ་ཇོམས་པ་ཞེས་བྱ་བ་ནི་ཉོན་མོངས་ལ་སོགས་པའི་བདུད་ཀྱི་དྲི་མ་རྣམས་བློ་བུར་པ་ཉིད་ཡིན་ཞིང་། གཞན་གྱི་དབང ་དུ་གྱུར་པས་རིང་གི་དེ་ཁོ་ན་ཉིད་གོམས་པས་འོད་གསལ་བའི་རྣལ་པར་ཡོངསུ་གྱུར་པས་སོ།། དེ་ཉིད་ཀྱི་ཕྱིར་རང་འབྱུང་ངོ་།། ལྷ་ཉིད་ཡིན་ཞིང་ཞེས་བྱ་བ་ལ་སོགས་པ་ལ་ལྷ་ཉིད་ཅེས་བྱ་བ་ནི། ལུས་ལ་གནས་པའི་ཕྱིར་རོ།། ལྷག་མ་ཉིད་ཅེས ་བ་དོན་ལྷག་པར་འཛིན་པ་སྟེ། ཁམས་ཞེས་བྱ་བ་སྡུད་ཅིང་འཛིན་པར་འམ་གསོལ་བྱར་བྱེད་པས་ན་དོན་ལྐོག་མ་འཛིན་པའོ།། ལྷག་མ་ཅི་ཞིག་ཡིན་ཉ་ན། གང་སྔར་བསྟན་པའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་རྣམས་ཞེས་བྱ་བ་ནི། ་ཁྲག་ལ་སོགས་པའོ།། གཙོ་བ་ཞེས་བྱ་བ་བསྟན་པའི་ཕྱིར། ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁམས་ཞེས་བྱ་བ་ནི་ཁགས་ལ་སོགས་པའོ།། ཡང་དག་པར་སྐྱེད་པར་བྱུང་བ་ཞེས་བྱ་བ་ནི། དདུག་སྐྱིད་པར་བྱེད་པའི་ས་བོན་ནོ།། ཁྲོ་བ་ང ་ཁྲག་ཅེས་བྱ་བ་ནི། རྩ་ལས་བྱུང་བ་ཞེས་བྱ་བ་སྦྱར་རོ།། དེ་ལས་ཞེས་བྱ་བ་ནི་རྩ་རྣམས་སོ།། ཡང་ན་དེ་ལས་ཞེས་བྱ་བ་ནི། ཡང་དག་པར་བྱུང་བའི་སེམས་སྐྱེ་བ་ལས་སོ།། ཁུ་བོ་དང་ཁྲག་ཅེས་བྱ་བ་ནི་ཉེ་བོར་མཚོན་པ་སྟེ། ཇི་ལྟ་བ་བཞིན་དུ ་རང་རང་གི་རྩ་ལས་བྱུང་བའི་ཁམས་རྣམས་བདེ་བ་ལས་འབྱུང་བ་འམ། དེ་དག་ལས་ཀྱང་བདེ་བ་འབྱུང་བའོ།། བཞེད་གཞུང་གསུངས་པ་ཞེས་བྱ་བ་ནི་རྒྱུད་འདིར་གསུངས་པ་ཉིད་གཞན་དུ་ཡང་བཞེད་པའོ་ཞེས་བྱ ་བྱའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། དོན་དམ་པར་དབྱེ་བ་མེད་པས་ཉེ་བར་བཏགསནས་ཞེས་བྱ་བ་ལ། དོན་དམ་པར་དབྱེ་བ་མེད་པ་ཞེས་བྱ་བ་ནི། ཡུལ་དང་ཡུལ་ཅནཽ་ཙམ་གྱིས་འབྲེལ་བ་སྟེ། དབང་པོ་རྣམས་ཀྱིས་དོན་རྣམས་ཉེ་བར ་ལོང་སྤྱོད་པས་ཡུལ་གྱི་མིང་ཡུལ་ཅན་ལ་བཏགས་པའོ།། དེ་རྣམས་ཀྱི་ཉེ་བར་རྒྱུ་བ་ཞེས་བྱ་བ་ལ། དེ་རྣམས་ནི་དབང་པོ་རྣམས་སོ།། ཉེ་བར་རྒྱུ་བ་ནི་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པའོ།། བྱང་ཆུབ་ཀྱི་སེམས་ཐོབ་པ་ཞེས་བྱ་བ་ནི། ཡུལ ་དང་ཡུལ་ཅན་འདྲས་ནས་ལྷན་ཅིག་སྐྱེས་པ་རོ་གཅིག་པའི་གནས་སྐབས་ཐོབ་པ་སྟེ། དེ་དག་གིས་ནི་དམ་ཚིག་སྤྱོད་པཉྩི་ཡུལ་ཡིན་ཞེས་བསྙད་དོ།། དེ་ཉིད་ཀྱི་ཁྱད་པར་གསུངས་པ། འཇིག་རྟེན་གསུམ་དུ་ཞེས་བྱ་བ་ལ་སྩོགས ་པ་ལ། ཟག་པ་དང་བཅས་པའི་དངོས་པོ་གསུམ་ལས་ཞེས་བྱ་བའི་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་སྟེ། གཟུང་བ་དང་འཛིན་པ་དང་འཛིན་པ་པོ་གསུམ་གྱི་དམིགས་པ་དེ་ནི་ཟགས་པ་དང་བཅས་པའི་དངོས་པོ་གསུམ་མོ།། རྙེད ་པར་མི་འགྱུར་ཞེས་བྱ་བ་ནི་རྙེད་དཀའ་བའི་བཤད་པའོ།། བྱང་ཆུབ་སེམས་ཀྱི་ཁུ་བ་དང་བདེ་བའི་ཤེས་རབ་ཀྱི་རྣམ་པ་གཉིས་སུ་མེད་པའི་ཡེ་ཤེས་དེ་ཉིད་གསང་བ་ལ་སོགས་པའི་ཚུལ་གྱིས་གཞན་དུ་བསྟན་པའི་ཕྱིར། ཐོག་མ། ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ།། རྙེད་པ་བདེ་བ་ཀུན་མྱོས་པས། ངན་པར་སྤྱོད་པ་འགྲུབ་པར་འགྱུར་ཞེས་བྱ་བའི་ཚིག་གི་དོན་བཤད་པའི་ཕྱིར་བཅོམ་ལྡན་འདས་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྷ་ག་དང་ལྡན་པའི་ཕྱིར། བཅོམ ་ལྡན་འདས་མ་སྟེ་བུ་མོའོ།། ལོ་བརྒྱད་པ་ཞེས་བྱ་བ་ནི་ངན་པར་སྤྱོད་པ་ཞེས་བྱ་བའི་རྣམ་པར་དབྱེ་བའོ།། བཅས་པ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་སོ།། ལྷ་དང་མིའི་བདེ་བ་ཞེས་བྱ་བ་ནི། ལྷ་དང་མི་དག་གི་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ།། བསྡུ ་བའི་ཞེས་བྱ་བ་ནི་ཁམས་ཐམས་ཅད་ཀྱི་བསྡུ་བ་སྟེ། ནང་གི་ཁམས་བཅོ་བརྒྱད་ཀྱིས་ར་ས་ཡཱ་ན་སྦྱར་བའོ།། ཡང་ན་བསྡུ་བ་ནི་རྡུལ་ཆུ་གཟག་པ་སྟེ། དེ་ལ་ལོ་བརྒྱད་པའི་ཁྲག་དང་བཅས་པའི་ཁུ་བ་ཤིས་པའི་ཡིན་ནོ།། རྡོ་རྗེའི་རྡུལ་གྱི་ནི་ཞེས ་བྱང་ཆུབ་ཀྱི་སེམས་འཕྲོས་པའི་རྡུལ་གྱི་ཆ་ཤས་སོ།། དེ་དང་ཁམས་རྣམས་ལྷན་ཅིག་ཏུ་སྦྱར་བ་ནི་མཐོ་རིས་ཀྱི་ལྷ་དང་མིའི་བདེ་བ་ཐོབ་པའི་རྒྱུད་ཉིད་ཡིན་པར་སྦྱར་བར་བྱའོ།། གང་ལས་ཞེ་ན། དེ་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བུ་མོ ་ཞེས་བྱ་བ་ནི་ལོ་བརྒྱུད་པའོ།། སྐུད་པ་ཞེས་བྱ་བ་ནི་རྩ་བཅུ་དྲུག་གོ།། བསྒྲིལ་བ་ཞེས་བྱ་བ་ནཽ་བསྒྱུར་བ་སྟེ། དེ་དང་། གོང་ནཱས་གོང་དུ་སྦྲེལ་བའོ།། ཡང་ན་སུམ་འགྱུར་དུ་བྱ་བ་སྟེ། ཁྲག་རྡུལ་ཆུའི་སུམ་འགྱུར་དུ་བྱ་བའོ།། ཆགས་པ་ཆེན ་བོ་ཞེས་བྱ་བ་ལ། འདིས་འཚོང་བར་བྱེད་པ་དང་། ཐུན་མོང་མ་ཡིན་པས་ཆགས་པ་ཆེན་པོ་སྟེ་ལོ་བརྒྱད་པ་ལས་བྱུང་བའི་ཁྲག་གོ།། འདི་ནི་གཙོ་བོ་བརྗོད་པ་སྟེ། གཞན་ལས་སྐྱེས་པའི་རྫས་རྣམས་ཀྱང་གཟུང་བར་བྱའོ།། དེ་ཉིད་ཀྱི་ཕྱིར་འདུད ་རྩི་ལྔའི་སྙིང་པོའི་གོང་བུ་བྱས་ལ་ཞེས་བྱ་བ་གསུངས་སོ།། དང་ཞེས་བྱ་བ་ནི་བསྡུ་བའི་དོན་ཏོ་ཞེས་བྱ་བ་ནི་དོན་པ་དེ་ཉིད་གསལ་བར་བྱེད་པའོ།། ཡང་ན་བདུད་རྩི་ལྔའི་སྙིང་པོ་ཞེས་བྱ་བ་ནི་ཁྲག་དང་ཁུ་བའོ།། དང་ཞེས་བྱ་བ་ནི ་སྡེ་ཚན་གྱིས་རྫས་གཞན་བསྡུ་བའོ།། ཁམས་རྣམས་བསྡུས་ཤིང་ཞེས་བྱ་བ་ནི་སྦྱོར་བ་སྟོན་པ་ཡིན་ཏེ། ཁྲག་དོང་ཁུ་བ་ལ་སོགས་པར་སྦྱར་བའོ།། དེ་ཉིད་གསུངས་པ། གང་དང་གང་ཞེས་བྱ་བ་ལ་སོགས་པ་སྟེ། རླན་ཞེས་བྱ་བ་ནི་ཁྲག ་ལོ་བརྒྱད་པའི་མེ་ཏོག་གོ།། ས་བོན་ཞེས་བྱ་བ་ནི་ཁུ་བའོ།། བསྒྲིལ་ཏེ་ཞེས་བྱ་བ་ནཽ་ཁྲག་ཁྲོ་བའི་སུམ་འགྱུར་དུ་བྱ་བའོ།། བརྟག་པ་ཞེས་བྱ་བ་ནི་བཙུད་ཀྱི་ལན་དུ་སྦྱར་བའོ།། ཡོངསུ་སྨིན་པ་ཞེས་བྱ་བ་ནི། ལྷ་རྣམས་ཀྱི་བདུད་རྩི་འཐུངས་པ་ལྔར་སྒྲུབ་པ ་པོས་ལོངས་སྤྱོད་པ་ཡོངསུ་ཞུང་གི་ཞིང་སྨིན་པའི་སྐད་ཅིག་ལ་ལྷ་དང་མིའི་བདེ་བ་ཐོབ་པར་འགྱུར་རོ།། བདེ་བའི་གསལ་བས་མཚན་པ་ཞེས་བྱ་བ་ནི།། བྱང་ཆུབ་ཀྱི་སེམས་དང་བཅས་པའི་ལོ་བརྒྱད་པའི་ཁྲག་གིས་སྦྱར་བ་ཉིད་བསྡུས་ཏེ་སྟོན ་པ་ཡིན་ནོ།། དེས་ནི་ཁྲག་དང་ཁུ་བ་སོར་གཟུང་ལ་ཕྱིས་གཅིག་ཏུ་སྦྱར་བར་བྱའོ།། ཞེས་སྟོན་ཏོ། ལོ་བརྒྱད་པ་ཇི་ལྟ་བ་བཞིན་དུ་ལོ་དགུ་ནས་བཅུ་དྲུག་གི་བར་གྱི་བུ་མོ་རྣམས་ཀྱི་ཁྲག་སུམ་འགྱུར་དང་། བྱང་ཆུབ་ཀྱི་ཆུ་སེམས་ཀྱི་རྡུལ་ཆུ་ཆ་རར་སྦྱོར་བ ་ངག་ཀྱང་ཤེས་པར་བྱའོ།། དེ་ཉིད་ཀྱི་སྐུད་པ་བཅུ་དྲུག་ཅེས་བྱ་བ་གསུངས་ཏེ། ཇི་སྐད་དུ་སྐུད་པ་བཅུ་དྲུག་ཅེས་བྱ་བ་བཅུ་དྲུག་ལོན་པའི་བུ་མོར་བཤད། ཞེས་གསང་བའི་མཛོད་ལས་གསུངས་པའི་ཕྱིར་རོ།། ད་ནི་ལོ་བཅུ་དྲུག་མ་དང་དམ་ཚིག་ལ ་ཉེ་བར་སྤྱོད་པ་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བའི།། སེམས་ཀྱི་རྡོ་རྔ་མངོན་དུ་བྱའོ་ཞེས་བྱ་བ་གསུངས་ཏེ། སེམས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའོ།། ལྷན་ཅིག་སྐྱེས་པའི་བདེ་བ་དེ་ལས་བྱུང་བའི་ཕྱིར།། ཁུ་བ་ཉིད ་བཅུད་ཀྱིས་ལེན་ལ་སྦྱར་བས། ལྷ་དང་མིའི་བདེ་བ་སྟེར་བར་བསྟན་པའི་ཕྱིར། བདེ་བ་བསྟན་པ་ལས་ཞེས་བྱ་བ་སྨོས་ཏེ། དེ་དག་ནི་གོ་སླའོ།། དེ་ཉིད་སྔགས་པ་བསྟན་པའི་ཕྱིར། དེ་དང་མཉམ་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་ཕྲ་མོའི ་རང་བཞིན་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་བདེ་བའི་བདག་ཉིད་སྤྲོས་པའོ་ཞེས་བྱ་བས་བསྟན་ཏེ། དེ་དག་ནི་སྔར་བཤད་ཟིན་ཏོ།། མཐུ་དང་ངོ་བོ་ཉིད་དག་དང་། རང་བཞིན་གྱིས་ནི་གྲུབ་པ་སྟེ་ཞེས་བྱ་བ་ལ་མཐུ་ནི་སྟོབས་སོ་ངོ་བོ་ཉིད་ནི ་རྫས་རྣམས་ཀྱི་མཐུ་རང་བཞིན་གྱིས་གྲུབ་པ་སྟེ། རྟུན་ཅིང་འབྲེལ་པར་འབྱུང་བའི་ཆོས་ཉིད་ཟབ་ཅིང་བརྗེད་པར་མི་ནུས་པ་ཞེས་བྱ་བའི་བར་དུའོ།། གང་ཞིག་ཕྱི་རོལ་ལ་དགའ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཁམས་ཀྱི་བཅུད་ཀྱིས་ལེན་སྦྱོར་བའོ།། ་བཅུ་དྲུག་ཆ་ཞེས་བྱ་བ་ནི་བཤད་ཟིན་ཏེ། མྱི་འཕྲོད་དོ་ཞེས་བྱ་བ་ནི། བཅུ་དྲུག་གི་ཆའི་སྦྱོར་བ་དེ་ལ་བསྐྲིན་པ་མི་ནུས་སོ་ཞེས་བྱ་བའི་དོན་ཏོ།། བརྡའི་ཚུལ་གྱིས་གནས་གསུངས་པོ་ཡིན་ཏོ། གསང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ་ཆུང་ངུ་དང་བར་མ་དང་ཆེན་པོའི་ཆེན་པོ་ལ་སོགས་པ་རྣམས་མེ་ལོང་ལྟ་བུའི་ཡེ་ཤེས་ལྔའི་རྣམ་པར་དག་པ་བསྟན་པའི་ཕྱིར་མ་ལོང་ལྟ་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བཞིན་གཤེགས་པོ་ལྔའི་རྣམ་པར་དག་པས་ཀུན་རྫོབ ་ཀྱི་བྱ་བ་རྣམས་གནས་ལྔ་ལ་སོ་སོར་གནས་པའི་ཕྱིར་དང་། ཤེས་རབ་ཀྱི་གནས་ལྔའི་བྱེ་བ་བསྟན་པའི་ཕྱིར། དབུགས་དབྱུང་མཆོག་དང་ཞེས་བྱ་བ་ལ་སོགས་པ་སྟེ། དབྱུགས་དབྱུང་ཞེས་བྱ་བ་ནི་ཆུང་ངུའོ།། མཆོག་ཅེས་བྱ་བ་ནི་ཆེན ་པོ་དང་ཆེན་པོའི་ཆེན་པོ་ལ་སོགས་པའོ།། བར་མི་ན་བར་མ་ཉིད་དོ།། དྲིའི་ཆུ་དང་བཅས་པས་མཆོད་ཅེས་བྱ་བ་ལ། དྲི་ནི་རྣམ་པར་སྣང་མཛད་དོ།། ཆུ་ནི་མི་བསྐྱོད་པ་སྟེ། བཅས་པའི་སྒྲས་རིན་ཆེན་འབྱུང་ལྡན་ལ་སོགས་པ་གཟུང་བར་བྱའོ།། དེ་ཉིད་ཀྱི ་ཕྱིར་གསུངས་པ། བཅས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁུ་བ་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི་རིན་ཚན་འབྱུང་ལྡན་ལ་སོགས་པའོ།། དེ་དག་གིས་ནི་བདུད་རྩི་ལྔའི་སྦྱོར་བ་བསྟན་ཏོ་གཉིས་པར་ན་བཅས་ཞེས་བྱ་བ་ནི་རྡུལ་ཆུ་གཟུང ་བ་ཡིན་ནོ།། དེའི་ཚེ་སྔ་དྲོའི་དུས་སུ་སཱ་ལ་སོགས་པ་ནས་ལོངས་སྤྱད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། གཞན་ཡང་ཞེས་བྱ་བ་ནི་རིགས་ཀྱི་བུ་མོ་ལས་གཞན་པ་སྟེ་གཞན་གྱིའོ།། ཡང་ན་སྔགས་ལ་སོགས་པ་དང་བྲལ་པོའི་ཕོ་ཉ་དག་གིས་མ ་ཏོག་ཀྱང་གཟུང་བར་བྱ་སྟེ། དེ་ཉིད་ཀྱིས་ནི་ལྷན་ཅིག་བསྒྲུབ་སྐྱེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྷན་ཅིག་སྐྱེས་མ་ལ་སོགས་པ་ལས་གཞན་པའོ།། གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཉིད་ཀྱིས་དགོན་པ ་ཆེན་པོ་ལ་སོགས་པའི་གནས་ཀྱི་ཕྱོགས་སྟོན་པར་མཛད་པ་ཡིན་ནོ།། སྣ་ཚོགས་པདྨ་རས་ཀྱིས་གཡོགས་ཞེས་བྱ་བ་ལ་སོགས་པ་ལ། སྣ་ཚོགས་ནི་རྣམ་པ་དུ་མ་སྟེ་ཞེས་བྱ་བ་ནི་བརྟན་པ་ལ་སོགས་པའི་འཇིག་རྟེན་གསུམ་གྱི ་རང་བཞིན་སྣ་ཚོགས་སོ།། དེ་ཉིད་བང་བ་ཆེན་པོ་ཡིན་པའི་ཕྱིར་པདྨའོ།། དེ་ཉིད་ཡོན་ཏན་སྣ་ཚོགས་དང་ལྡན་པས་གཟུང་བར་བྱ་བས་གཟུངས་སོ།། རས་ཞེས་བྱ་བ་ལ་སོགས་པ་ལ། གསལ་བར་མི་ཕྱེད་པ་ཞེས་བྱ་བ་ནི་སྒྲིབ་པའི་ངོ་བོ་ཉིད་ང་ཉོན ་མོངས་པ་ཅན་མ་ཡིན་པའི་ཕྱིར་མི་ཤེས་པའོ།། དེ་བས་ནཽ་རས་ནི་གསུམ་པའི་སྒྲར་བ་ལྟ་བར་བྱ་སྟེ། རེས་ཀྱིས་ཞེས་བྱ་བ་དང་སྦྱར་རོ།། མི་མངོན་པར་བྱས་པ་ནི་བཀབ་པ་སྟེ། བདེ་བ་ཆེན་པོ་ལྷན་ཅི་གཽ་སྨྲས་པ་དེ་ལ་བསྒྲུབཾས་པའོ།། ཡང་ན་པདྨ་ནི ་ཐབས་སོ།། གཟུངས་ནི་ཤེས་རབ་སྟེ། དེ་གཉིས་སྦྱོར་བ་ལས་སྐྱེས་པའི་གཉིས་སུ་མེད་པ་གང་ཡིན་པ་དཱ་ནི་ཚིག་བློ་དགས་སོ།། སྒྲིབ་པ་དེ་གསལ་བའི་ཉེ་བར་སྤྱོད་པ་བསྟན་པའི་ཕྱིར། སྟན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གདིང་ཞིང་ཁ ་བྱེབྱེ་བས་ན་བསྟན་ཏེ། ཤེས་རབ་ཀྱི་པདྨའོ།། དག་པ་དང་འཇམ་པ་གཉིས་ནི་པདྨའི་ཁྱད་པར་རོ།། པདྨ་ནི་ཆོས་ཀྱི་འབྱུང་གནས་སོ།། གོས་ནི་ཉེ་བར་མཚོན་པ་སྟེ། གོས་ལ་སོགས་པས་བརྒྱན་པའོ།། ཡང་ན་དང་ཡང་དུ་འདོད་པས་མཉེས་པར ་བྱཱབྱ་ཞེས་བྱ་བས་ནི།། མཆོད་པ་ཞེས་བྱ་བའི་བཤད་པ་ཡིན་པ་དེ་བའི་སྒྲུབ་པ་ཉིད་ཀྱིས་མཆོད་པར་བྱའི་གས་གཞན་གྱིས་ནི་མ་ཡིན་ནོ།། སྡོམ་པ་ཡི་ནི་བདེ་བའི་མཆོག་ཅེས་བྱ་བ་ནི་སྒྲིབ་པའི་གཉེན་པོར་གྱུར་པའི་སྒྲུབ་པ་དེ་ལས་སྐྱེས་པའི ་སློབ་པ་དང་བལ་བའི་ཡེ་ཤེས་ཏེ་རྫོགས་པའི་རིམ་པའོ།། ཁྲག་ནི་པདྨ་ཡིན་ཏ་ཞེས་བྱ་བ་ནི། འདིས་ཆགས་པར་བྱེད་པས་ན་པདྨ་ལ་ཁྲག་ཅེས་བྱའོ།། ཡང་ན་དམར་པོ་ཞེས་བྱ་བ་སྟེ་ཆགས་པའོ།། དེ་བཞིན་དུ་ཁྲག་ནི་བཅུད་ཀྱིས་ལེན་པ་སྟེ ་ཞེས་བྱ་བ་ལ། བཅུད་ཀྱིས་ལན་ཞེས་བྱ་བ་ནི་བདེ་བ་ཆེན་པོའི་ཡེ་ཤེས་སོ།། དེ་ཉིད་ཁྲག་སྟེ་ཡོན་ཏན་ཐཾ་གྱིས་སེམས་ཅན་འཆོས་པའི་ཕྱིར་རོ།། དེ་ཡང་གསུངས་པ། སེམས་ཀྱིས་འཇུག་པ་མཉམ་ཤེས་པ། བཅུད་ཀྱིས་ལན ་ཞེས་རྒྱ་བར་བརྗོད་ཅེསོ། བཤང་བ་ལ་སོགས་པ་བཅུད་ཀྱིས་ལེན་ཏོ་ཞེས་བྱ་བ་ནི། བདུད་རྩི་ལྔ་པོ་དག་ཀྱང་པདྨའི་ཁྲག་ཅེས་བྱའོ་ཞེས་བྱ་བར་སྦྱར་རོ།། ར་སཾ་ཡཱ་ན་བླ་ན་མེད་ཅེས་བྱ་བ་ལ། བླ་མེད་ཅེས་བྱ་བ་ནི་རྐང་གི་ཞག་གོ།། དབང་པོ་ཐམས་ཅད ་ལས་བྱུང་བ་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོའི་སྒོ་ནས་བྱུང་བའི་དྲི་མ་རྣམས་སོ།། དེ་ཉིད་ནི་མང་བས་ན་ཚོགས་སོ།། ཐམས་ཅད་ཀྱི་བཅུད་ཀྱིས་རུ་ས་ཡཱ་ན་ཞེས་བྱ་བ་ནི། ར་ས་ཡཱ་ན་བླ་ན་མེད་ཅེས་བྱ་བའི་རྣམ་པར་བཤད་པ་ཡིན་ནོ།། ་ཡང་ན་ཙནྡ་དམར་པཾ་ཞེས་བྱ་བ་ནི་ཁུ་བའོ།། ཤཱ་ཞེས་བྱ་བ་ནི་བདེ་བའོ།། ཚོགས་ཞེས་བྱ་བ་ནི་འདུས་པའོ།། དེ་ཉིད་ཀྱིས་ན་དབང་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ།། ར་སྭཱ་ཡ་ན་ཞེས་བྱ་བ་ནི་ལྷོག་ཅིག་སྐྱེས་པའོ།། བཟའ་བར་བྱ ་ཞེས་བྱ་བ་ནི་ཉམ་སུ་མྱོ་བར་བྱའོ།། ལྷག་མ་ནི་གོ་སླའོ།། མཆོད་པ་བཞི་ཞེས་བྱ་བ་ནི། རྣལ་འབྱོར་དང་རྗེས་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ་དེ་ཉིད་ནི་མཆོད་པའོ།། དུས་བཞི་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཡང་ནི ་བཞི་ནི་སྟོང་པ་ཉིད་ཀྱི་ང་རྒྱལ་ནས་གཟུང་སྟེ་མཆོད་པར་བྱའོ་ཞེས་བྱ་བའི་བར་དུ་གསུངས་པ་ཡིན་ཏེ། བསྐྱེད་པའི་རིམ་པའི་ཏིང་ངེ་འཛིན་ཏོ།། དཔའ་བོ་ཞེས་པ་ནས་ཚིམ་པར་བྱ་བའི་བར་དུ་རྫོགས་པའི་རིམ་པ་ལ་གནས་པའི་བསྒོམ་པ་པོའི་སྟེ། ་ཞེས་བྱ་བ་ནི་རྫོགས་པའི་རིམ་པའི་ཏིང་འཛིན་ཏེ་སྒྲ་ཇི་བཞིན་ནོ།། དེ་ལྟར་ཞེས་བྱ་བ་ལ་སོགས་པ་ལ། ཕ་མ་མཆོག་ཅེས་དང་བར་མ་སྟེ་ཞེས་བྱ་བ་ནི་ཡན་ལག་ཡང་ན་མན་ངག་གི་ཏིང་འཛིན་གྱི་དབྱེ་བ་རྣམ་པ་གསུམ་གསུངས་པ་ཡིན་ཏེ། ཐ་མ ་སབྱ་བ་ལ་སོགས་པ་ནས་གཞན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་བསྟན་པའོ་ཞེས་བྱ་བའི་བར་དུ་ནི་ཏིང་ངེ་འཛིན་དང་པོ་སྟེ། མཚན་མ་དང་བཅས་པའི་ལྷའི་དཀྱིལ་འཁོར་རོ་པར་མ་ཞེས་བྱ་བ་ནས་རང་གི་དབུས་སུ་བསྡུས་ལ་ཞེས་བྱ་བའི་བར་དུ་ནི ་གཉིས་པ་སྟེ། དབུས་སུ་བསྡུས་ལ་ཞེས་བྱ་བ་ནི་རང་གི་སེམས་སུ་བསྡུ་བ་སྟེ། རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བའི་བདེ་བའི་ཡེ་ཤེས་ཀྱི་ནང་དུ་ཆོས་ཐམས་ཅད་བསྡུས་ཏེ། སངས་རྒྱས་དང་མཉམ་པའི་ངོ་བོ་ཉིད་བདེ་བ་ཆེན་པོ་རང་རིག་པ་ཙམ་དང ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཙམ་དུ་བྱ་བའོ།། རྡོ་རྗེ་ཀུན་གྱི་ཞེས་བྱ་བ་ནས་མཆོག་གོ་ཞེས་བྱ་བའི་བར་དུ་ནི་ཏི་ངེ་འཛིན་གསུམ་པ་སྟེ། ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་མཚན་མ་མེད་པའི་ལྷོའི་དཀྱིལ་འཁོར་བདེ་བ་ཆེན་པོ་སྟེ། རྡོ་རྗེ་དང་པདྨ་མཉམ་པར ་སྦྱོར་བའི་དུས་སུ་འགྲོ་བ་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ནང་ནུས་དུ་ཆུད་པའི་བྱང་ཆུབ་ཆེན་པོ་བསྒོམ་པའོ། བུད་མེད་ཀྱིས་ཞེས་བྱ་བའོ་ལ་སོགས་པ་ལ། སྒྱུ་མའི་ཡོན་ཏན་ཏ་ཞེས་བྱ་བ་ནི་བསྒྱུར་དུ་རུང་བས་ན་ཡོན་ཏན་ཏེ་རྒྱུ་རྐྱེན་ལས་རག་ལས ་པའི་ཕྱིར་རང་བཞིན་གྱིས་རྣམ་པར་དག་པའོ།། དེ་ཉིད་ཀྱིས་ན་རང་བཞིན་གྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ས་ཡོན་ཏན་གྱི་རྒྱུད་ཅེས་བྱ་བ་ནི་གོམས་པར་བྱས་པས་ན། ཡོ་ན་ཏན་ཏེ་དེའི་དོན་གྱིས་སོ།། དེ་ཉིད་ཅི་ཞིག་ཡིན་ཞེ་ན། ་མ་ལུས་པ་སྒྱུ་མའི་དོན་དུ་གསུངས་སོ་ཞེས་བྱ་བ་སྟེ། ལྷན་ཅིག་སྐྱེས་པའི་གནས་སྐབས་ཉེ་བར་སྦྱར་བའི་ཕྱིར་མ་ལུས་པ་སྟེ། འགྲོ་བ་ཐམས་ཅད་བརྫུན་པར་གསུངས་ཏེ། དེའི་མན་ངག་ནི་གྲགས་པར་ཟད་དོ།། ཆ་ནི་དངོས་པོ་བསྟན ་པ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ།། ཆ་མེད་ཡོན་ཏན་ཞེས་བྱ་ཡིན་ཞེས་བྱ་བ་ནི། ཡོན་ཏན་བསྒྱུར་དུ་རུང་བ་སྟེ། དོན་དམ་པའི་བདན་པ་རང་བཞིན་གྱིས་རྣམ་པར་དག་པའོ།། ཡང་ན་ཡོན་ཏན་ནི་གཅིག་དང་དུ་མ་དང་བྲལ་བའོ།། དེ་ཉིད་ཆ་ཤས ་དངདང་ཆ་ཤས་མེད་པའོ།། སྨྲ་བ་ནི་གཉིས་སུ་མེད་པའོ།། དེ་ཉིད་ཚུལ་གཞན་གྱིས་བསྟན་པའི་ཕྱིར། ཡུལ་དང་དབང་པོ་རབ་ཏུ་དག་ཞེས་བྱ་བ་སྨོས་ཏེ། ཡུལ་ནི་ཡོན་ཏན་ཏེ་ཆ་མེད་པའོ།། དབང་པོ་ནི་ཅིག་ཤོས་སོ།། བདེ་བ་ནི་གཉིསུ་མེད་པའོ།། ཡང་སྨྲ ་མ་ཞེས་བྱ་བ་ཡོན་ཏན་དང་ཡོན་ཏན་ཅན་ཉིད་ཚུལ་གཞན་གྱིས་བསྟན་པའི་ཕྱིར། ཨཱ་ལི་ཀཱ་ལྀ་ཞེས་བྱ་བ་ལ་སོགས་པ་སྨེས་ཏེ། ཨཱ་ལཱྀ་མི་ཆ་ཤས་མེད་པའོ།། ཀཱ་ལི་ནི་ཐབས་སོ།། ཡོན་ཏན་གསུངས་པ་ཞེས་བྱ་བ་ནི་ཡོན་ཏན་གཉིསུ་མེད་པར། ་བསྒྲིལ་བའོ།། གསུངས་པ་ནི་ཡེ་ཤེས་སོ།། མཉམ་པ་དང་ཚིག་སྤྱོད་ཡུལ་ཡིན་ཞེ་ན། བྱ་བ་ལཾ། མཉམ་པ་ནི་རོ་གཅིག་ཏུ་གྱུར་པའོ།། དམ་ཚིག་ནི་མི་འདའ་བའོ།། དེ་གང་གི་ཡུལ་ཡིན་པ་ད་ནི་སྤྱོད་ཡུལ་ལོ།། ཡང་ན་ཨཱ་ལི་ནི་ཤེས་རབ་བོ།། ཀཱ་ལི་ནི ་ཐབས་སོ།། ཡོནྟ་གསུངས་པ་ནི་གཉིསུ་མེད་པའི་ཡེ་ཤེས་སོ།། མཉམ་པ་ནི་ཐབས་དང་ཤེས་རབ་མཉམ་པར་སྦྱོར་བའོ།། དམ་ཚིག་ནི་བརྡར་བརྟགས་པའོ།། དེ་གང་གི་ཡུལ་ཡིན་པ་དེ་ནི་སྤྱོད་ཡུལ་ཡིན་ནོ།། ད་ནི་ཕྱག་རྒྱ་སྟེ་ཞེས་བྱ་བ་ནི། བུད་མེད ་ཀུན་ཞེས་བྱ་བ་གང་ཡིན་པའོ།། མཚན་མ་བས་ན་ཕྱག་རྒྱ་སྟེ་ཞེས་བྱ་བ་ནི། རྒྱ་ཞེས་བྱ་བ་ནི་རྣམ་པར་བཤད་པ་སྟེ། འདིས་ནི་མཚོན་པར་བྱེད་པ་འམ། མགུ་ཞིང་འདབས་པར་བྱེད་པས་ན་མཚན་མའོ།། འདིས་ནི་ཞེས་བྱ་བ་ནི་འཛིན་པ་པོའི་བློ ་ལ་གནས་པའོ་ཞེས་བྱ་བ་ནི། འདི་ནི་ཞེས་བྱ་བའི་རྣམ་པར་བཤད་པ་སྟེ། སྒྱུ་མའི་ཕྱག་རྒྱ་བློ་ལ་བསྡོགས་པའམ། གནས་པ་དེ་འདི་ཉེ་བར་གཟུང་ནས་འདི་ནི་ཞེས་བྱ་བ་གསུངསོ།། བ་ཏི་ཨོཾ་ལོའི་གོ་རིམ་གྱིས་ངོ་ཉིད་ཤེས་པར་བྱ་བའི ་ཕྱིར་གསུངས་པ། སྟོན་ངས་ཞེས་བྱ་བ་ལ་སོགས་པ་ལ། ཡོན་ཏན་དྲིས་ཞེས་བྱི་བ་ནི་དབྱངས་ཡིག་རིང་པོ་རྣམས་སོ།། ཡོན་ཏན་ཅན་ནི་དབྱངས་ཡོག་ཐུང་ངུ་རྣམས་ཏེ། གཉིས་སུ་མེད་པའི་ཚུལ་ནི་དེ་དག་མཉམ་པར་སྦྱོར་བའོ།། ར་ཉིད་ནི ་མཆོག་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླ་སྟེ། དེ་དག་གིས་ནི་ཉིད་མེད་པ་ཡེ་ཤེས་མཆོག་ཅེས་བྱ་བ་བཤད་པ་ཡིན་ནོ།། ན་མཁའི་སྒྲས་ནི་སེམས་ལ་བྱ་སྟེ་ཞེས་བྱ་བ་ནི། ནམ་མཁའ་ལྟར་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་བའོ།། ་མཁའ་འགྲོ་མ་ཞེས་རབ་ཏུ་གྲགས་ཞེས་བྱ་བ་ནཱི། ད་ནི་མཁར་འགྲོ་བ་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཚུལ་གྱིས་ཁམས་རྣམས་ཉིད་ལ་བྱ་ཡིས། བྱཱ་ཀ་ར་ཎིའི་སྐད་ཀྱི་དབྱིངས་ནི་མ་ཡིན་ནོ།། དེ་ཉིད་ཀྱི་ཕྱིར་བྷུ་ལ་སོགས་པའི ་ཁམས་ནི་མ་ཡིན་ནོ་ཞེས་གསུངས་སོ།། དམ་ཚིག་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པས་ནི་ནང་གི་སྦྱོར་བ་སྟོན་པ་ཡིན་ནོ།། རང་གི་པདྨའི་ལྟེ་དབུས་སུ་ཟླ་བར་གནས་པ་ཧཱུཾ་ཡིན་ཏེ། ཞེས་བྱ་བ་ནི་སྙིང་གོའི་པདྨར་གནས་པའོ།། ། ་ཐིག་ལེ་བཅུ་དྲུག་ཐིག་སྐད་ཀྱིས་ཞེས་བྱ་བ་ལ་སོགས་པ་ལ། ཐིག་ལེ་ཞེས་བྱ་བ་ནི་ལྟེ་བའི་དཀྱིལ་འཁོར་དུ་གནས་པའི། ཨཾ་ངོ་།། བཅུ་དྲུག་ཐིག་སྐད་ཅེས་བྱ་བ་ནི། ཀཱི་ལིས་ངོས་ཀུན་ཏུ་བསྐོར་བའི་དབྱངས་ཀྱི་ཡི་གེ་བཅུ་དྲུག ་གི་རི་མོའི་སྐུད་པས་ཐིག་བཏབ་པ་འམ། རྩ་བཅུ་དྲུག་གོ་རི་མོས་ཀུན་ཏུ་བསྐོར་བའོ།། ཐ་མ་ལས་ཕྱི་ནས་ཞེས་བྱ་བ་ནི་མི་ཤིགས་པའི་ཡི་གེ་ཧའོ།། འོག་ཏུ་ཡི་གེ་ཀྵ་ནི་སྤངས་ཞེས་བྱ་བ་ལ། འོག་ཏུ་ནི་ལྟེ་བའི་འོག་ཏུ་སྟེ། དེར་ཡི་གཾ་ཀཱ་བཤད ་བ་དང་གཅིག་པའི་རང་བཞིན་དུ་བྲི་བྱའོ།། སྤངས་ཞེས་བྱ་བ་ནི་གཉིསུ་མེད་པར་བྱ་སྟེ། ཨ་ནས་ཀྵིའི་མཐར་ཐུག་པཱ་ཞེས་བྱ་བ་དང་སྦྱར་གྱི། འདིར་དོར་བ་ནི་མ་ཡིན་ནོ།། འདིས་ནི་ཐབས་དང་ཤེས་རབ་གཅིག་ཏུ་བསྲེ་བ་བསྟན་པ་ཡིན་ནོ།། ལྷག་མ ་ནི་སླའོ།། གསང་བ་ཞེས་བྱ་བ་ལ་སོགས་པ་ལ། སོགས་ཀྱིས་མཆོག་གི་དགྱེས་པ་ན་ཞེས་བྱ་བ་ལ་སོགས་པའི་ཚིག་གཞན་གཟུང་བར་བྱའོ།། དེ་ཁོ་ན་ཉིད་འབྱུང་བ་ཞེས་བྱ་བ་ནི། གཞུང་གང་ལས་དེ་དག་གི་དེ་ཁོ་ན་ཉིད་འབྱུང་ཞིང་སྟོན་པའོ།། ་དེ་ཉིད་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་གཉིས་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །། ད་ནི་སྙིང་པོའི་སྔགས་ཀྱི་སྦྱིན་སྲེག་ལ་སོགས་པ ་ལས་ཀྱི་བསྒྲུབ་པ་བསྟན་པའི་ཕྱིར། སྦྱིན་སྲེག་ལས་ཀྱི་ཆོ་ག་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཕོ་ཉའི་སྟེང་དུ་གནས་པཾ་ནི་ཞེས་བྱ་བ་ནི། ཕོ་ཉ་དང་སྙོམས་པར་ཞུགས་པའོ།། ཆང་དང་འོ་མར་སྦགས་ནས་ནི། ཞེ་ས་བྱ་བ་ནི་ལས་ཀྱི་བྱ ་ཐག་གི་ཆང་དང་འོ་མས་སོ་སོ་སྤྱུགས་པའོ།། ཡང་ན་ཆང་ཉིད་འོ་མའོ།། བསྒྲུབ་པར་བྱ་བའི་གཟུགས་བྲིས་ཏེ་ཞེས་བྱ་ནི་ཐོད་པ་ལ་བསྒྲུབ་པར་བྱ་བའི་གཟུགས་བྲིས་ནས། བསྒྲུབ་བྱ་དམ་ཚིག་སེམས་དཔར་བསྐྱེད་དེ་ཡེ་ཤེས་ཀྱི་སེམས་དཔའ ་དང་བསྲ་བར་བྱའོ་ཞེས་བྱ་བའི་དོན་ཏོ།། འདབ་མ་རློན་པ་བརྒྱ་ཞེས་བྱ་བ་ནི་དྷྭ་དྷཱ་རའི་འོཕྲལ་གྱི་འདབ་མའོ།། དེ་ནས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཙཱནྡྲ་དམར་ལ་ཞེས་བྱ་བ་ནརྀ་ཙན་དཱན་དམར་པོའི་རྡུལ་ལོས་སོ།། མིང་བྲི་ཞེས་བྱ་བ་ནི། འཁོར ་ལོ་དང་བཅས་པའི་མིང་བྲིས་ལ་བསྒྲུབ་པར་བྱ་སྟེ། གཟུགས་བརྙན་གྱི་སྙིང་གར་བཅུག་ནས། སྔགས་བཟླས་ན་ཇི་ལྟ་སྐད་སྨོས་པ་བཞིན་དུ་འགྱུར་རོ།། དེ་ཡི་མོང་དང་སྦྲེལ་བ་ཡི། ཡི་གེ་ར་ནི་བྲི་བར་བྱ།། ཞེས་བྱ་བ་ནི་བསྒྲུབ་བྱའི་མིང་གི་ངོས་གཉིས ་རབྲིས་པས་གཟིར་བྱའོ་ཞེས་བྱ་བའི་དོན་ཏོ།། ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ།། ང་རྣམས་ཀྱི་བསམ་གཏན་དང་སྦྱིན་སྲེག་ཆོ་ག་གུང་དང་གང་དུ་འབྱུང་བ་དེ་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ ་གསུམ་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་གསུམ་པའི་རྣམ་པར་བཤད་པའོ།། །། ད་ནི་རྡོ་རྗེ་ཕག་མོའི་སྙིང་པོའི་སྔགས་ཀྱིས་རོ་ལངས་ལ་སོགས་པ་བ~ཾསྒྲུབ་པ་གསུངས་པ ་ད་ནི་ཞེས་བྱ་བ་ལ་སོགས་པ་ལ། གཞན་ཞེས་བྱ་བ་ནི། རོའི་ཁར་བྱ་བ་ལ་སོགས་པ་དང་ནང་གི་སྦྱིན་སྲེག་གོ།། ཟླ་མཚན་ཕྱིས་པའི་རས་མ་ནི། བྱི་ལའི་རྟུག་པར་བཅས་པ་དག། ཞི་བ་དུ་བརྡུངས་པས་བདུག་པར་བྱ་ཞེས་བྱ་བ་ནི། མན་ངག་གིས་ན་རྫས ་གཉིས་པོ་དེ་དག་བདུད་རྩི་ལྟར་ངག་དང་བཅས་ཏེ། རྫས་བདུན་གྱི་བདུག་པ་བྱ་བར་སྦྱརོ།། ནང་གི་སྦྱིན་སྲེག་ཅེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། རོ་ལངས་ཞེས་བྱ་བ་ལ་སོགས་པ་ལ། གཞུང་གང་གི་རོ་ལངས་བསྒྲུབ་པ་དང་ནང་གི་སྦྱིན ་སྲེ་གི་ཆོ་ག་སྟོན་པར་བྱེད་པའི་གཞུང་དེ་ལ་ནི་རོ་ལངས་བསྒྲུབ་པ་དང་། ནང་གི་སྦྱིན་སྲེག་གི་ཚི་གའི་རིམ་པར་དབྱི་བ་སྟེ་བཞི་བཅུ་རྩ་བཞི་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་བཞི་པོའི ་རྣམ་པར་བཤད་པའོ།། །། བགྲང་ཕྲེང་གི་ལེའུ་གསུངས་པ། བགྲང་ཕྲེང་ཞེས་བྱ་བ་ལ་སོགས་པ་ལ། ཤེལ་དང་ཉེ་ཕྱིས་མུ་ཏིག་ཞེས་བྱ་བ་ནི་ཤེལ་ལ་སོགས་པའི་བགྲང་ཕྲེང་གིས་བཟླས་ནས། མུ་ཏིག་སྟེ་ཐར་ཅིང་གྲོལ་བར་འགྱུར་རོ་ཞེས་བྱ་བའི ་དོན་ཏོ།། ཁམས་ཀུན་ཞེས་བྱ་བ་ནི་རུས་པ་ཐམས་ཅད་དོ།། གཞན་ཡང་རུང་ཞེས་བྱ་བ་ནི་རྣལ་འབྱོར་པས་གཞན་གང་ཡང་རུང་བ་གཟུང་བར་བྱའོ།། མུ་མེན་ཞེས་བྱ་བ་ནི་རྒྱལ་པོ་འཁྱིལ་པའོ།། གུར་ཀུམ་ལ་སོགས་པ་དྲི་དང་ནི་ཞེས་བྱ་བ་ནི་དཔལ་ཆེན ་མྱུར་དུ་འཐོབ་པར་འགྱུར་ཞེས་བྱ་བ་སྔ་མ་དང་སྦྱ་རོ།། རིལ་བུ་རྣམས་ནི་དགྲ་བཅོམ་སྟེ་ཞེས་བྱ་བ་ནི། རིལ་བུ་རྣམས་སངས་རྒྱས་རྣམས་ཀྱི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ།། སྟང་དུ་མཆོད་རྟེན་བརྟག་པར་བྱ་ཞེས་བྱ་བ་ལ། སྟེང་ཞེས་བྱ་བ་ནི་སྐུད་པ ་གཉིས་ཀྱི་རྩེ་མོ་མདུ་པའི་རིལ་བུ་སྟེ། མཆོད་རྟེན་དུ་བརྟག་ཅེས་བྱ་བ་མཆོད་རྟེན་གྱི་ངོ་བོ་ཉིད་བསྒོམ་པར་བྱའོ།། ཆོས་ཀྱི་དབང་པོ་སྡེ་ཞེས་བྱ་བ་ནི་བཟླས་པའི་གྲངས་ཀྱི་དབང་པོའོ།། ཆོས་ཀྱི་དབྱིངས་ནི་དབུས་སུ་ཞེས་བྱ་བ་ནི་དེར་རིལ་བུ་གཞན ་བརྒྱུས་པ་གང་ཡིན་པ་དེ་ཆོས་ཀྱི་དབྱིངས་ཏེ། རྡོ་རྗེ་སེམས་དཔའི་རང་བཞིན་དང་གཉིསུ་མེད་པར་བསྒོམ་མོ་ཞེས་བྱ་བའི་བར་དུའོ།། བསྐྲད་ལྔ་བྱ་རོག་སྤུ་དང་ནི། བོང་བུ་རྔ་མོའི་སྤུ་ལས་ཀྱང་ཞེས་བྱ་བ་ནི་བསྐྲད་པའི་ལས་ཀྱི་བཟླས་པ་ལ་བགྲང ་ཕྲེང་གི་སྐུད་པ་བྱ་རོག་ལ་སོགས་པའི་སྲོག་ཆགས་གསུམ་གྱི་སྤུ་ལས་བྱའོ།། ཞེས་བྱ་བའི་དོན་ཏེ།། ལྷག་མ་ནི་གོ་སླའོ།། བཟླས་པའི་ཆོ་ག་ནི་བཟླས་པའི་བགྲང་ཕྲེང་གི་ཆོ་གའོ།། གཞུང་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་ལྔ་པའོ།། ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། །། ད་ནི་གཙུག་ལག་ཁང་བརྩིག་པ་ལ་སོགས་པ་ལ། ཡོན་ཆབ་སྦྱིན་པ་ལ་སོགས་པའི་ཆོ་ག་སྟོན་པར ་བྱེད་པའི་ལེའུ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ།། དེ་ལ་དེ་ནས་ཞེས་བྱ་བ་ནི། སློབ་དཔོན་དང་སློབ་མའི་མཚན་ཉིད་བསྟན་པ་དང་བགྲང་ཕྲེང་གི་ཆོ་ག་བསྟན་གྱི་འོག་ཏུའོ།། སྔར ་བཤང་མཚན་ཉིད་ལྡན་པ་དང་ཞེས་བྱ་བ་ནི། བརྟན་ཞིང་དུལ་ལ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་མཚན་ཉིད་སྔར་བཤད་པ་སྟེ་དེ་དང་ལྡན་པའོ།། ཡ་ཤེས་ཡོངསུ་རྫོགས་པའི་ལུས་ཞེས་བྱ་བ་ནི། གང་གི་ལུས་ཡེ་ཤེས་ཀྱི་རྡུལ ་ཕྲ་རབ་ལས་བསྐྱེད་པ་སྟེ། སློབ་དཔོན་ཡིན་ལ་དེ་ལ་གསོལ་བ་གདབ་ཅེས་བྱ་བ་དང་སྦྱར་རོ།། སུ་ཡིས་ཤེ་ན། སེམས་ཅན་ངོན་བརྩོན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་བཤད་པའི་མཚན་ཉིད་ཅན་གྱི་སློབ་མ་འགྲོ་བའི་དོན་ལ་བརྩོན ་པསོ།། བརྟན་པ་ལས་ནི་བརྟན་པར་ཏེ། གཡོ་བ་ལས་ནི་གཡོ་བ་དང་། འདྲེན་མ་ལས་ནི་འདྲེན་མར་ཤེས་ཞེས་བྱ་བ་ནི། དགེ་བ་དང་སྡིག་པའི་མཚན་ཉིང་བརྟག་པའོ།། ལྔ་པར་ཡ་ཤས་མེ་འབར་བ་ཞེས་བྱ་བ་ནི་ལྟ་བར་རླུང་དང ་མའི་དཀྱིལ་འཁོར་གྱི་སྟང་དུ་ཡང་ཤས་ཀྱི་མའི་གཟི་བརྗིད་ཅན་གྱི་ཡི་ག་ཧཱུཾ་དགོད་པའོ།། པཾ་ལས་བྱུང་བའི་མི་སྡུག་གཟུགས་ཞེས་བྱ་བ་ནི་སྙིང་གར་ཡི་གེ་པཾ་ལས་བྱུང་བའི་སྡིག་པའི་རང་བཞིན་ཤ་ཟའི་གཟུགས་ཅན་ནོ།། སྔོན་དུ་འབྲེ་ལ ་སོགས་པ་གཞུག་ཞེས་བྱ་བ་ནི། འབྲུ་རྣམས་པ་ལྔ་དང་རིན་པོ་ཆེ་རྣམ་པ་ལྟེ་བའི་དབུས་སུ་བཅུག་པས་སྙིང་པོ་དང་ལྡན་པར་བྱའོ།། རང་གི་སྙིང་པོ་བརྒྱན་བརྒྱར་བཟླས་ཞེས་བྱ་བ་ནི་ཡི་གེ་འབྲུ་གསུམ་བརྒྱད་བརྒྱར་བཟླས་པའོ།། དེ་ཡང ་གསུངས་པ། ཁ་བཟང་རྡོ་ལེབ་པ་ལིང་ལྷས། ཞབས་བཅག་ལྷ་ཁང་མཆིང་འགྲམ་སོགས།། དར་ནི་ལག་བཞག་ཡི་གེ་གསུམ། བཟླས་ཀྱི་བརྐོ་སོགས་བྱ་མི་དགོས་ཞེསཽ་སོ།། ཡན་ལག་གོ་དོན་ལྷག་མ་རྣམས་ནི་གོ་སླའོ།། བསྡུས ་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་སློབ་མའི་རྐང་མཐིལ་དུ་ཞེས་བྱ་བ་ནས། བསྲུང་བ་དག་ནི་དགོད་པར་བྱ་ཞེས་བྱ་བའི་བར་དུ་ནི་སློབ་མ་གཟུང་བའི་ཆོ་གའོ།། དཀྱིལ་འཁོར་ཆོ་ག་ཇི་བཞིན་དུ་ཞེས་བྱ་བ་ནས། རྡོ་རྗེ་འགྲོས་ཀྱིས་ཀུན་ཏུ་བསྐོར ་ཞེས་བྱ་བའི་བར་ནི་དུ་ནི། ཨརྒྷ་སྦྱིན་པ་དང་ས་གཟུང་བའི་ཆོ་གའོ།། བདུད་རྩི་ལྔ་ནི་ཀུན་ཏུ་བྱུག་ཅེས་བྱ་བ་ནས། མེ་ཏོག་ལ་སོགས་མཆོད་པར་བྱ་ཞེས་བྱ་བའི་བར་དུ་ནི། ལྷ་སྔ་གོན་ལ་གནས་པའི་ཕྱིར་མཆོད་པ་བསྟན་ཏོ།། དེ་ནས་རིན ་ཚན་གསེར་དང་དངུལ་ཞེས་བྱ་བ་ནས། འཁོར་ལོའི་དབུས་སུ་བཞུག་པར་བྱ་ཞེས་བྱ་བའི་བར་གྱིས་ནི། བུམ་པ་སྟ་གོན་ལ་གནས་པ་བསྟན་ཏོ།། དེ་ནས་ཞེས་བྱ་བ་ནས་ཆོ་ག་བཞིན་དུ་ལན་གསུམ་བརྗོད་ཅེས་བྱ་བའི་རང་བར་གྱིས་ནི། ལྟ་སྟེ ་གོན་ལ་གནས་པ་བསྟན་ཏོ།། ལྷག་མས་ནི་དཀྱིལ་འཁོར་བྲི་བའི་ཆོ་ག་བསྟན་ཏོ།། ང་ནི་དཀྱིལ་འཁོར་གྱི་ཆོ་གའི་ལེའུ་བསྡུས་པའི་དོན་ཇི་ལྟ་བ་བཞིན་དུ་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་སློབ་དཔོན་མཚན་འདི་ཐམས་ཅད་དང་ལྡན་པ་ལ ་གང་གི་ཚེ་སློབ་མས་དཀྱིལ་འཁོར་བྲི་བའི་ཚེ་གསོལ་བ་བཏབ་པ་དེའི་ཚེ། སློབ་དཔོན་གྱིས་བདག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་འགྲོ་བ་རྣམས་བླ་ན་མེད་པའི་བདེ་བ་ཆེན་པོའི་གོ་འཕངས་ལ་དགོད་པར་བྱའོ་སྙམ ་དུ་བློས་དམིགས་ནས། སློབ་མ་ལ་འདི་སྐད་དུ། ཁྱོད་ཀྱི་དཀྱིལ་འཁོར་གྱི་ཡོ་བྱད་ཐམས་ཅད་འབྱོར་རམ་འོན་ཏེ་མ་ཡིན་ཞེས་དྲི་བར་བྱའོ།། སློབ་མས་གལ་ཏེ་འདི་སྐད་དུ་ཅུང་ཟད་ཅིག་ནི་འབྱོར་ལ་ཅུང་ཟད་ཅིག་ནི་མ་ཡིན་ནོ་ཞེས་ཟེར་ནཱ། དེའི ་ཚེ་དེའི་རྐང་མཐིལ་དུ་གཞུའི་དབྱིབས་ལྟ་བུའི་དཀྱིལ་འཁོར་བསྒོམ་ཞིང་། ལྟེ་བར་མའི་དཀྱིལ་འཁོར་བསྒོམས་ལ་ལྟེ་བར་མའི་དཀྱིལ་འཁོར་གྱི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་བསྒོམས་ཏེ། རླུང་གིས་བསྐྱོད་པའི་ཧཱུཾ་གཱི་མ་ལྕེའི་ཕྲེང་བ་སྙིང་གར ་བར་དུ་འབར་བས། པ~ཾ་ལས་བྱུང་བའི་སྡིག་པའི་རང་བཞིན་ཤ་རའི་གཟུགས་མདོག་སྡེ་ཞིང་རྣམ་པར་འགྱུར་ལ། རླིག་པ་འཕྱང་བ་སྙིང་གནས་སྣ་སྒྲོའི་ལམ་ནས་བྱུང་ལ། ཧཱུཾ་ལས་སྟོང་གར་བྱིན་ནས་དེ་ལས་བྱུང་བའི་ཛཾ་གཽ་ནོད་སྦྱིན་གྱི་གཟུང ་མདོག་སྔོ་ཞིང་གསུངས་པ་འཕྱང་བ་མཆེ་བ་གཙིགས་ཤོང་གཡས་བརྐྱང་བས་བཞུགས་པ། གཡོན་པ་མཆེ་བ་བསྣམས་རྣས་སྙིང་གར་སྡིགས་མཛུན་མཛད་པ་གཡས་པརྨ་རྩུ་བ་ཐོགས་ནས་འཕྱར་བ་དེ་བཞིན་དུ་སྣའི་ལས ་ནསྠ་བྷང་ལ། ཨོཾ་བཛྲཱ་ཌཱ་ཀཱི་ནཱི་ཁཱ་ཁ་ཁཱ་ཧི་ཁཱ་ཏི་སརྦྦ་པཱ་པཾ་ད་ཧ་ན་བྷུ་སྨིཾ་ཀུཪྵ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་པས། སྡིག་པ་ཟོས་པར་བསམས་ལ། དེ་ནས་སློབ་མ་སུཾ་ལས་ཀུན་ཏུ་བཟུང་པོར་བསྐྱང་དེ། དེའི་སེམས་བསྲུ་བྲོའི་ཕོར་ཁྭ་གདིང་ལ་སོགས ་པའི་མི་མོ་རྣམས་སྟེང་ཁྲོ་བོའི་དབྱིབས་ཅན་ལ་འོག་རྡོ་རྗེ་རྩཝ་གཅིག་པོའི་དབྱིབས་ལྟ་བུ་རྣམས་ངའི་སྟེད་གནས་ཕྱང་ལ་ངའི་སེམས་ལྕེས་གྱུར་པའི་བགེགས་ཀྱི་གཙོ་བོ་རྣམས་ལྔ་ཕུར་བ་ངེས་བཏ་བ་ལ་ཡོང་བུ་གྱུང་ཉིད་ཀྱིས ་ས་ཆོག་ཧཱུ~ཾ་ག་རྒྱུན་གྱིས་བསྩུ་ས་ས་། ནྱས་སློ་དྷཱ་ས་སྡུསསུ་སྐང་དུ་སདུས་ས་ས་ན་ག་ཏུ་ང ་འི་དཱུ་རྒྱ་མམྦྷ་བསྐུས་པ་དེནི་ཀླུབ་སྡུ་ཡང་སུ་གཟུང་།། དནས་ཀྱི་མོས་རིག་པ་ལེན་བྷྲཱུཾའི་མ་འཇམ་སྦྱིམ་བྱ་བ་ཉིད་དུ་བཟླས་སུ་རྣམས་བྱུབང་བ་ད་ན་ཅིག་ཨཱ་དྷའཾ་ཨུ་སྱཱང་ཙལ་ཧཱུ~ཾ ་ལ་སོ་སོ་སོ་པའི་བ་ངས་བྱང་ཆུབ་སེམག་ཐོང་བར་བྱའོ།། ལྟར་ཡང་གསུངས་པ། གཙུག་ལས་ཁང་དང་ཚོང་དྲིས་དང་།། སྔ་མར་གྲོང་ངམ་གྲོང་ཁྱེར་གྱི།། ཤར་དང་བྱང་གོས་ཡིན་ནོ།། མཉམ་པར་བཞམ་ཀྱི་ན ་ཡང་ན་ནགས་ཚུལ་ལ་སོགས་པ་གཞན་ཡང་རང་སྟེ། མདོར་ན་གང་ཡིད་དུ་འོང་བྱའོ་གནས་སྨྲ་སྨན་པ་ལ་སོགས་པའི་དངོས་གྲུབ་ཀྱི་བྱེ་བྲག་གིས། པུས་མོ་ནུབ་པ་ཙམ་ལ་སོགས་པའི་ས་བརྐོས་ལ། ཕུག་མ་ལ་སོགས་པའི་སྐྱོན་རྣམས་བསལ ་ཏེ། སླར་ཡང་ལག་པར་བཅགས་ལ། སའི་མཚན་ཉིད་བརྟག་པའི་ཕྱིར། མཐོ་ག་ཙམ་གྱི་སིའི་དོང་ལགས་པར་བཏོས་ལ་ཆུས་བཀང་སྟེ། ཤར་ཕྱོགས་སུ་ཡིད་མི་ག་ཡང་བས་གོམས་པ་བརྒྱར་ཕྱིན་ལ་སླར་ལོག་སྟེ། བལྟ་བར ་བྱའོ།། ཇི་ལྟར་སྟེ་ཕྱེད་མ་ཅན་དུ་བསྐམས་པར་གྱུར་ན་ནི་མི་དགེ་བོའི་མཚན་མ་ཡིན་ལ། གཞན་དུ་ནི་དགེ་པའི་མཚན་མ་ཡིན་ནོ།། དེ་ནས་སི་དྲི་ཞིམ་ཞིང་བདུད་རྩི་ལྔ་དང་དྲི་ཞིམ་བོར་དང་བཅས་པས་ཁུང་པ་བཀང་ལ། ཨོཾ་བཛྲ་ཌཱ་ཀི་ནི ་ཞེས་བྱ་བ་ལ་སོགས་པའི་སྔགས་བཟླས་པའི་ཆུས་གཏོར་ཏེ་མཚན་ཉིད་དང་ལྡན་པར་ལེགས་པར་བརྡུང་བར་བྱའོ།། དེ་ནས་རིན་པོ་ཆེ་ལ་སོགས་པ་དང་། འབྲུ་ལ་སོགས་པའི་སའི་དབུས་སུ་བཅུག་ནས་ཕྱོགས་བཞིར་རྟ་བྱི་བྱབས ་དང་། དྲིལ་བུ་དང་བཅས་པའི་བ་དན་བཙུགས་ནས། བདུད་རྩི་ལྔས་བྱུགས་ཏེ། སྡེར་བཤད་པའི་བདུག་པས་བདུགས་ན། དཀྱིལ་འཁོར་གྷི་སའི་ཆ་གཞལ་ཡས་ཁྱང་བརྩེགས་པའི་ནང་དུ་ཆུད་པར་བསྒོམ་པོར་བྱའོ།། དེ་ནས་རྡོ་རྗེ ་མཁའ་འགྲོའི་སྦྱོར་བ་དང་ལྡན་པས་སྡང་བ་རྣམས་བསལ་བར་བྱ་བའི་ཕྱིར་གཡས་གཡོན་གྱི་ཕྱོགས་ཀུན་ཏུ་མིག་གིས་ལྟས་ལ། ཕྱོགས་བཅིང་བ་ལ་སོགས་པ་བྱའོ།། དེའི་འོག་ཏུ་བདག་ཉིད་མོ་བསྐྱེད་པའི་རྣལ་འབྱོར་དུ་བྱས ་ལ། ལྀ་ལས་བྱུང་བ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པའི་ལྷ་མོ་ལ། ལགས་པས་རླག་པ་དང་། ཨོཾ་ཨ་ཛ་ཡ་ཧཱི་ཞེས་བྱ་བའི་སྔགས་ཀྱིས་བསྐུལ་ལ། དྲི་མ་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་དེ། གསོལ་བ ་བཏབ་ནས་དེ་ཉིད་དུ་ཐིམ་པར་བསྒོམས་མོ།། ཁང་བཟངས་ལ་སོགས་པ་ལ་ནི་བརྐོ་བ་ལ་སོགས་པ་མ་བྱས་པར་ཡི་གེ་གསུམ་གྱི་སྔགས་ལན་བརྒྱད་རྩ་བརྒྱད་བཟླས་པ་ཉིད་ཀྱིས་གཟུང་བར་བྱའོ།། དེ་ནས་སློབ་དཔོན་བདག་ཉིད ་རྒྱན་ཐམས་ཅད་ཀྱི་བརྒྱན་ཏེ། རྡོ་རྗེ་མཁའ་འགྲོའི་རྣལ་འབྱོར་དུ་བྱས་ལ། དཀྱིལ་འཁོར་གྱི་སའི་ཆ་གཞལ་ཡས་ཁུང་བརྩེགས་པའི་ནང་དུ་ཆུད་པར་ལྷག་མ་པར་མོས་པས་སའི་ཆ་དབུས་ཀྱི་སྟོན་ལ་འདུག་སྟེ། སྤྲོ་བ་དང་བཅས ་པསས་སཾ་འདི་སྐད་ཅེས། དེ་རིང་བདག་ནི་འབྲས་བུར་ལྡནཽ། བདག་གསོལ་བ་ཡང་འབྲས་བུར་ཡོད།། ལྷ་དང་ངམ་ཆག་གིས་མཉམ་པར།། གྱུར་པདྨག་ནི་ཐེ་ཚོམ་མེད་།། བྱང་ཆུབ་སེམས་དཔའ་སེམས་གཅིག་ལས། ཕྱིར་མི་ལྡོག་པར ་བདག་བགྱིད་དོ།། དེང་བདག་དེ་བཞིན་གཤེགས་པ་ཡི།། རིགས་སྐྱེས་པར་ཐེ་ཚོམ་མེད།། དང་བདག་ཉི་མ་དམ་པ་སྟེ།། བདག་གི་མཆོད་སྦྱིན་བླ་ན་མེད།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པས།། དང་བདག་འདུས་པའོ་མཆོག་ཡིན་ནོ།། ་ཞེས་བརྗོད་པར་བྱའོ།། དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ། སྤོས་ཀྱི་རང་བུ་ལག་ཏུ་ཐོགས་ནས། སངས་རྒྱས་ཐམས་ཅད་ལ་སྙན་གསན་དབབ་པར་བྱ་སྟེ། མ་ལུས་ཕྱོགས་ན་བཞུགས་པ་ཡི།། སངས་རྒྱས་བདག་ལ ་དགོངས་སུ་གསོལ།། རྡོ་རྗེ་ཅན་དག་ཆ་གེ་མོས།། དཀྱིལ་འཁོར་རྒྱལ་པོ་བསྟན་པར་གྱི།། སངས་རྒྱས་ལ་སོགས་འདིར་གཤེགས་ནས།། དངོས་གྲུབ་འདིར་ནི་སྦྲུལ་དུ་གསོལ་ཞེས་བརྗོད་པར་བྱའོ།། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ ་ཤུདྡྷོ&ཧཾ། ཨོཾ་བཛྲ་ཤུདྡྷཿསརྦྦ་དྷརྨྨ་བཛྲ་ཤུདྡྷོ&ཧཱུཾ། ཨོཾ་ཡོ་ག་ཤུདྡྷཿསརྦྦ་དྷརྨཱ་ཡོ་ག་ཤུདྡྷོ&ཧཾཿཞེས་བརྗོད་ལ། ལྷ་ཐམས་ཅད་ཀྱི་རང་བཞིན་རྡོ་རྗེ་མཁའ་འགྲོ་བདག་ཉིད་ལྷག་པར་མོས་པས་དབུས་སུ་གནས་པ་ལ། སློབ་དཔེ་ནི་མ་རྡོ་རྗེ་དང ་དྲིལ་བུ་འཛིན་པ་རྣམས་ཀྱིས་དཀྱིལ་འཁོརཾ་བྲི་བའི་ཕྱིར་གསོལ་བ་གང་བ་པ་དང་། སློབ་དཔོན་རྡོ་རྗེ་དང་དྲིལ་བུ་འཛིན་པས། སངས་རྒྱས་ཐམས་ཅད་ལ་ཕྱག་བྱས་ཏེ། མིག་གཡོན་དུ་ཌཱ་ལས་ཟླ་བའི་དཀྱིལ་འཁོར། གཡས་སུ་མེ་མ་ལས ་ཉི་མའི་དཀྱིལ་འཁོར་བསྐྱེད་ལ་ཕྱོགས་ཀུན་ཏུ་བལྟ་ཞིང་རྡོ་རྗེ་འཛིན་པའི་ང་རྒྱལ་བསྒྱིངས་ནཱས་སའི་ཆ་ཀུན་ཏུ་བསྐོར་བར་བྱའོ།། དེ་ནས་ཨོཾ་ཨཱཿཧཱུཾ་ལྀ་ཧཱུཾ། ཞེས་བརྗོད་པས་དཀྱིལ་འཁོར་གྱིས་རྡོ་རྗེའི་རང་བཞིན་དུ་སྤྲུལ་ལ། ཨོཾ་བཛྲ་མ ་དི་ནི་བཛྲཱི་བྷཱ་བ་ཧཱུཾ་ཞེས་བརྗོད་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སའི་དབུས་དཀྱིལ་འཁོར་པའི་ལྷ་སུམ་ཅུ་རྩ་དྲུག་པ་ཡིས་བསྐོར་བའི་རྡོ་རྗེ་མཁའ་འགྲོར་བསམས་ལ། ཁྭ་གདོང་མ་ལ་སོགས་པ་རྣམས་སྟོང་ཁྲོ་བོའི་གཟུགས་ཅན་ལ། ་སྨད་རྡོ་རྗེ་རྩེ་གཅིག་པའི་གཟུགས་ཅན་དུ་བསྒོམས་ཏེ། དབང་པོ་ལ་སོགས་པ་གེགས་ཀྱི་སྙིང་གར་བརྡུང་ཞིང་དྲལ་བར་བྱ་སྟེ། སྔགས་འདི་བརྗོད་པར་བྱའོ།། ཨོཾ་བཛྲ་ཌཱ་ཀི་ནི་སརྦྦ་བགྷྣཱཾ་ཨ་ནུ་སོ་ཡ་ཀཱི་ལ་ཡ་ཧཱུཾ་ཕཊ་ཅེས་སོ།། དེ་ནས་བདས ་ཉིད་རྡོ་རྗེ་འཛིན་པར་བརྒྱལ་བྱས་ལ། ཆོས་ཐམས་ཅད་ན་མཁའ་དང་མཚུངས་པར་བསྒོས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ།། དེ་ནས་རྡོ་རྗེ་མངའི་དྲ་བ་ལ་སོགས་པ་བཀོད་ལ་མ་རྐང་མཐིལ་དུ་རྡོ་རྗེ་རྒྱ་གྲམ་བསྒོམས་ནས ་གར་དང་བཅས་པའི་རྡོ་རྗེ་འགྲོས་ཀྱིས་ཀུན་ཏུ་བསྐོར་བར་བྱའོ།། དེ་ནས་ཙན་ལ་སོགས་པའི་དྲིས། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པའི་རྣལ་འབྱོར་མའི་གནས་ལྔའི་གན་སུ་ནི་མཎྜལ་གྲུ་བཞི་པར་བྱ་ལ། དཀྱིལ་འཁོར་པ་ལྷག ་མའི་གནས་སུ་ནི། མཎྜལ་ཟླུམ་པོར་བྱས་ལ། ཐམས་ཅད་དུ་བདུད་རྩི་ལྔས་བྱུག་པར་བྱའོ།། དེ་ནས་དཀྱིལ་འཁོར་སོ་སོའི་གནསུ་རྡོ་རྗེ་ཕག་མོས་འཁྱུད་པའི་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་ལྷའི་འཁོར་ལོ་སྐད་ཅིག་ཙམ་གྱིས་བསྒོམས ་ལན་མཁའ་ལ་གནས་པ་དེ་དེ་གཅིག་ཏུ་བསྲེས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་གཅིག་ཏུ་མཆོད་པར་བྱའོ།། དེའི་འོག་ཏུ་ས་འམ་རིན་པོ་ཚ་ལས་བྱས་པའི་བུམ་པ་ལྟོ་ཆ་བ་རྩ་བ་ནག་པོ་ལ་སོགས་པའི་སྐྱོན་དང་བྲལ་བའི་ལྷའི ་གྲངས་བཞིན་དུ་གཟུང་སྟེ། མགྲིན་པར་རས་སར་པས་བཙངས་ལ། སོ་སོའི་ལྷའི་མཚན་མ་བྲིས་ཏེ་དྲི་ཞིམ་པོ་དང་བཅས་པའི་ཆུ་ཆུན་པོས་བཀང་ལ་ཤིང་ལོས་ཁ་བརྒྱན་ཏ། ཀུ་ཤ་ལ་སོགས་པའི་ཆུན་པོའི་སྟེང་དུ་བཞག་གོ།། རྔམ་པར་རྒྱལ ་བའི་བུམ་པར་སྣང་སྨན་དང་འབྲུ་དང་རིན་པོ་ཆེ་རྣམ་པ་ལྔ་ནང་དུ་བླུགས་ལ། བདུད་རྩི་ལྔ་དང་བཅས་པའི་ཆུས་བཀང་སྟེ། ནང་དུ་རྡོ་རྗེ་མཁའ་འགྲོ་བསྒོམས་ལ་མེ་ཏོག་ལ་སོགས་པས་མཚོལ། བུམ་པའི་མགྲི་ནི་པ་མེ་ཏོག་གི་ཕྲེང་བ་ཅིང ་ཏེཏ། མེ་ཏོག་གི་ཕྲེང་བཅུ་བཙོངས་པའི་རྡོ་རྗེ་བུམ་པའི་རྡོ་རྗེ་བུམ་པའི་སྟེང་དུ་སློབ་མས་གཟུང་ལ། མེ་ཏོག་གི་ཕྲེང་བ་སྣ་གཅིག་སློབ་དཔོན་བདག་ཉིད་ཀྱིས་གཟུང་སྟེ། ཧཱུཾ་ཞེས་བྱ་བའི་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ལ། མེ་ཏོག་ལ་སོགས ་པས་མཆོད་པར་བྱའོ།། དེ་བཞིན་དུ་བུམ་པ་གཞན་དག་ལ་ཡང་། ཨོཾ་ཌྷཱ་ཀ་ནི་ཧུཾ་ཧཱུཾ་ཕཊ་ཞེས་བྱ་བ་ལ་སོགས་པའི་སྔགས་སོ་སོར་བཟླས་པར་བྱ་སྟེ། བུམ་པ་ལྷག་པར་གནས་པའི་ཆོ་གའོ།། དེ་ནས་སློབ་དཔོན་མ་གསུམ་ལ་སྐྱབསུ ་འགྲོ་བ་ལ་སོགས་པའི་རིམ་གྱིས་བྱང་ཆུབ་ཏུ་སེམས་སྐྱེད་པ་དང་། སྡོམ་པ་འཛིན་དུ་བཅུག་ལ་ལྷག་པར་གནས་པར་བྱ་སྟེ། ཕྱི་རོལ་ཏུ་བྱུང་ནས་གཏོར་མ་བྱིན་ལ་བགེགས་བཞོམ་པའི་སྦྱིན་སྲེག་བྱ་སྟེ། སླར་ཡང་དཀྱིལ་འཁོར་གྱི ་ནང་དུ་ཞུགས་ནས། སྔོན་གྱི་ལྷ་རྣམས་བློས་དམིགས་ནས། ཨརྒྷ་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་སྤྲོས་བསྲེགས་ཏེ། རང་གི་ལྷའི་རྩེ་མོར་ཧཱུ~ཾ་ལས་བསྐྱེད་པའི་རྡོ་རྗེ་བསམས་ལ། ཨོཾ་པདྨ ་ས་ར་སཱ་ཏི་ས་ཏཾ་ཨཱ་བརྟ་ཡ་ཤོ་དྷ་ཡ་ཧཱུཾ་ཧྲི་ར་ཏྲི་ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་གཉིས་སྦྱར་ལ། དཀྱིལ་འཁོར་ཐུགས་རྗེའི་རང་བཞིན་ཅན་ཞེས་བྱ་བ་ནས། བཀོའ་དྲིན་ངག་ནི་བདག་ལ་གསོལ ་ཞེས་བྱ་བའི་བར་དུ་ལན་གསུམ་བརྗོད་ཅིང་དྲིལ་བུའི་སྒྲ་བསྒྲགས་པས་མཆོད་ལ། སླར་ཡང་སྔར་མ་ལྟར་བྱ་སྟེ། སངས་རྒྱས་འཇིག་རྟེན་མགོན་པོ་རྣམས་ཞེས་བྱ་བ་ནས། ཀུན་གྱིས་བྱིན་རློབས་ཉེ་བར་བཞུགས་ཞེས་བྱ་བའི་བར ་དུ་ལན་གསུམ་བརྗོད་པས་འདི་ནི་ལྷ་སྟ་གོན་ལ་གནས་པའི་ཆོ་གའོ།། དེ་ནས་དེར་ཞུགས་པའི་དཀྱིལ་འཁོར་པའི་ལྷ་ལ་མཆོད་དེ། ན་མཁའ་ལ་གཤེགས་སུ་གསེལ་ལ། དྲི་ཞིམ་པོ་དང་བཅས་པའི་བདུད་རྩི་ལྔ་དང་། ཡུངས ་གྱི་ཕྱེ་མ་དང་བཅས་པའི་ཚོན་གྱིས་བསྐྲད་པ་ལྔའི་སྣ་སོ་སོར་བཅོས་ལ། རིམ་པ་བཞིན་དུ་བྲུཾ་ཨཾ་ཛ་ཁཾ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱིས་སོ་སོར་བསྐྲད་ལ། སྐུད་པ་རེ་རེ་ཞིང་ཡང་ང་བཞིན་གཤེགས་པ་ལྔ་ལྔའི་ཡོན་ཏན་དང་ལྡན་པས། སྣལ ་མ་ལྔ་ལྔ་ཉི་ཤུ་རྩ་ལྔར་བྱས་ལ། དེ་བཞིན་གཤེགས་པ་ལྔའི་ཐུགས་ཁ་ནས་བྱུང་བའི་འོད་ཟེར་གྱི་སྨད་པ་དང་། ལྷན་ཅིག་ཏུ་བསྐུས་ཏྭ། ཨ་ནྱོ་ནྱ་ཨ་ནུ་གཻ་ཏཱཿསརྦ་དྷརྨྨཿཔཱ་སྨ་ར། ཨ་ནུ་པྲ་བཥྚི་སརྦ་དྷརྨཱ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚི་སརྦ ་དྷརྨཿཞེས་བརྗོད་ལ་བཽསྒྲིལ་བར་བྱ་སྟེ། ཡང་ཡི་གེ་གསུམ་གྱི་སྔགས་བཟླས་པར་བྱའོ།། དེ་ལ་སྐུད་པའི་དཀྱུས་ནི་དཀྱིལ་འཁོར་ཉིས་འགྱུར་དུ་བྱ་ལ། སྡོམས་སུ་ནི་སྒོའི་ཉི་ཤུ་ཆར་བྱའོ།། དེ་ནས་མྱིག་གི་ཡས་པ་དང་གཡོན་པར་ནཱ ་མ་དང་ཊ་ལྷས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་བསྐྱེད་ལ། ཐིག་སྐུད་རྣམས་རིམ་བཞིན་གི་སྡེར་ལ་སོགས་པའི་སྣོད་བདུད་རྩི་ལྔས་བྱུགས་པའི་ནང་དུ་གཞག་ལ། རྡོ་རྗེའི་ལྟ་བས་བལྟ་ཞིང་མེ་ཏོག་ལ་སོགས་པས་མཆོད་ནས། ཡང་ཡི་གེ ་གསུམ་གྱི་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱིས་སྔ་མ་བཞིན་དུ་བྱུགས་ཏེ། མཁའ་ལ་གནས་པའི་ལྷ་རྣམས་མཆོད་ལ་ཕྱག་བྱས་ནས་བདག་ཉིད་རྡོ་རྗེ་འཛིན་པར་བསྒོམས་ལ། གཡོག་པོ་རྣམ་པར ་སྣང་མཛད་དུ་བསྒོམས་ཏེ། མྲྀག་གཉིས་སུ་ཛ་ལས་ཉི་མ་དང་ཟླ་བའི་དཀྱིལ་འཁོར་སེར་པོ་བསྐྱེད་ལ་དེའི་འབྲང་བུས་སུ་ཛ་བཀོད་དེ་ཐིག་སྐུད་ཡིག་གསུམ་གྱིས་བསྔགས་པའི་དྲི་ཞིམ་པོས་སྤངས་ལ། ལས་ཐམས་ཅད་པའི་སྐུད་པའི་རི་མོའི་མཚན་མ ་སྔར་བྱས་ལ། ཡེ་ཤེས་ཀྱི་སྐུད་པ་བྲི་བར་བྱའོ།། དེ་ཡང་རྡོ་རྗེ་སློབ་དཔོན་གྱིས་ཐིག་སྐུད་གཡོན་པའི་རྡོ་རྗེ་ཁུ་ཚུར་ལྟེ་བར་གཟུང་ལ། ཨོཾ་ཛ་ཛ་ཛ་ཞེས་བྱ་བས་ཐིག་སྐུད་ཀྱི་སྣ་སློབ་མ་ལ་བཏང་སྟེ། སློབ་མས་ཀྱང་དེ་ཉིད་ཀྱིས་དྲངས་ལ་ལྟེ་བར ་གཟུང་སྟེ། ཤར་དང་བྱང་ཆུབ་དུ་བལྟས་ནས་ཐིག་གཉིས་ན་མཁའ་ལ་གདབ་པར་བྱའོ།། དྲི་ནས་ཕྱོགས་ཐམས་ཅད་མཉམ་པར་དམིགས་ཏེ་ས་ལ་ཡང་ཚངས་པའི་ཐོག་གཉིས་བཏབ་ལ། སླར་ཡང་སློབ་དཔོན་མ་མཚམས་དང་རླུང ་མཚམས་སུ་གནས་ནཱ། གནོད་སྦྱིན་དང་ཡི་དགས་དང་དབང་པོ་དང་ཀླུའི་ཕྱོགས་རྣམས་ཐིག་གདབ་པར་བྱའོ།། དེ་ནས་ཡང་མ་མཚམསུ་གནས་ཏེ་རླུང་གི་མཚམས་སུ་ཐིག་གདབ་པ་དང་། བདེན་བྲལ་དུ་གནས་ཏེ་དབང་ལྡན་གྱི་བར་དུ ་སྲང་རབུ་བརྐྱང་བར་བྱས་ལ། ཡང་ཤར་ཕྱོགས་དང་ནུབ་ཕྱོགས་དང་བྱང་ཕྱོགས་དང་ལྷོ་ཕྱོགས་རྣམས་སོ་སོར་ཐིག་བཏབ་པས་དཀྱིལ་འཁོར་བརྒྱད་པར་བྱ་སྟེ། དེ་དག་ཐམས་ཅད་ལ་ཡང་ཡི་གེ་གསུམ་གྱི་སྔགས་བཟླས་པ་སྔོན་དུ ་འགྲོ་བས། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བཟླས་པར་བྱའོ།། ཐིག་སྐུད་རྡེབས་པའི་ཆགས་ཐིག་སྐུད་ཀྱི་སྒྲ་སེམས་ཅན་གྱི་དོན་ལགས་པས་དེ་བཞིན་གཤེག། ས་པ་རྣམས་འདིར་གཤེགས་ཤོག་ཅེས་བྱ་བས་བསྐུལ ་བར་བྱའོ།། སློབ་དཔོན་དང་སློབ་དཔོན་མ་གཉིས་ཀས་གཡས་སྐོར་དུ་འགྲོ་ཞིང་གྲུ་བཞི་ལ་སོགས་པ་མཚན་ཉིད་ཐམས་ཅད་དང་ལྡན་པ་ཇི་ལྟ་བ་བཞིན་དུ་བྲྀ་ལ་ཡེ་ཤེས་ཀྱི་སྐུད་པ་གཤེགས་སུ་གསོལ་བར་བྱའོ།། ཐིག་བྲི་བའི ་ཆོ་གའོ།། དེ་ནས་རྡུལ་མཚོན་རྣམས་པྲཾ་ལ་སོགས་པའི་ས་བོན་ལས་བསྐྱེད་དེ། དེ་བཞིན་གཤུགས་པ་ཐམས་ཅད་ཀྱི་རང་བཞིན་དུ་བསྒོམས་ཏེ། ཧུཾ་ཞེས་བྱ་བ་མངོན་པར་བཟླས་ནས། ཛའོ་འབར་བའི་ལྟ་བས་བལྟས་ཏེ། རྡུལ་ཚོན་འབར ་བར་བསྒོམ་པར་བྱའོ།། དེ་ནས་ཧཱུཾ་ཞེས་བྱ་བས་དབུས་ཀྱི་ཕུར་བུ་བཏོན་ལ། ངའི་ཁུང་བུ་རྡུལ་ཚོན་སྣ་ལྔས་བཀང་སྟེ། རྡོ་རྗེ་མཁའ་འགྲོར་བསྒོམས་ཏེ། རྡོ་རྗེ་དྲིལ་བུ་གསིལ་བས་བགེགས་བསལ་ལ། ཆོས་ཀྱི་དབྱིངས་རྣམ་པར་དག་པར་མོས ་པར་བྱས་ནས་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ། དབང་ལྡན་གྱི་མཚམས་ནས་བརྩམས་ལ། ཁ་ཤིར་ཕུ་བལྟས་ལ་ལག་པ་གཡོན་པའི་ཁུ་བ་ཚུལ་གྱིས་ཚོན་གཡས་སྐོར་གྱིས་བྲི་བར་བྱའོ།། སྔགས་ནི་ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བྱ་བ་འདི ་ཡིན་ནོ།། དའི་འོག་ཏུ་ཅི་བདར་བྲི་བར་བྱའོ།། དེ་ལྟར་དཀྱིལ་འཁོར་བྲིས་ནས་རྡོ་རྗེ་མཁའ་འགྲོའི་ཏིང་ངེ་འཛིན་དང་ལྡན་པས། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་ཐོད་པའི་མཚན་མེ་འམ། སོ་སོའི་ལྷའི་སྐུ་འམ། ས་སོའི་སྐྱེ ་སྐུའམ། སོ་སོའི་མཚན་མ་ཡང་བྲིས་ལ། དེའི་འོག་ཏུ་དེ་དག་རྡོ་རྗེ་མཁའ་འགྲོའ་དཀྱིལ་འཁོར་གྱི་ལྷར་སྒྲུབ་ཐེབས་ཇི་ལྟ་བ་བཞིན་དུ་བསྐྱེད་ལ། ཡེ་ཤེས་ཀྱི་འཁོར་ལོར་གཞུག་པར་སྔོན་དུ་འགྲོ་བས་མཆོད་པས་མཉེས་པར་བྱའོ།། ་ནས་སླར་བདག་ཉིད་ཁྲོ་བོ་གནོད་མཛེས་ཀྱི་ང་རྒྱལ་དུ་བྱས་ལ། མེ་ཏོག་སྔོན་པོའི་ཕྲེང་བ་བཟུང་སྟེ། ཨོཾ་སུམ་བྷ་ན་ཞེས་བྱ་བའི་སྔགས་བརྗོད་ཅིང་དཀྱིལ་འཁོར་གྱི་རི་མོ་ཡིད་ཀྱིས་བཏགས་ལ་ནང་དུ་ཞུགས་ནས། ཆོས་ཐམས་ཅད་གཉིས་སུ། ་མེད་པའི་རྡོ་རྗེའི་ངོ་བོ་ཉིད་དུ་བསྒོམས་ནས། ཡང་ཡིད་ཀྱིས་ཕྱིར་ཕྱུང་སྟེ། དཀྱིལ་འཁོར་ལན་གསུམ་དུ་བསྐོར་ལ་ལྷག་པ་དང་ཆངད་པའི་ཉེས་པ་གསལ་བའི་ཕྱིར། རྡོ་རྗེ་དང་དྲིལ་བུ་གསིལ་ཞིང་ཕྱོགས་ཐམས་ཅད་དུ་རྡོ་རྗེའི་ལྟ་བས ་བལྟ་བར་བྱའོ།། དེ་ནས་མེ་ཏོག་གི་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ལ། གར་བྱེད་ཅིང་སླར་ཡང་བླངས་ལ། གནོད་མཛེས་ཀྱི་སྔགས་ཀྱིས་བདག་གི་མགོ་ལ་བཙང་བར་བྱའོ།། དེ་ནས་ཡི་གེ་གསུམ་བརྗོད་པས་ཡིད་ཀྱི་སྒོ་རྣམས་ཕྱེ་ལ ་གཡས་བརྐྱང་བ་ལ་སོགས་པ་གང་རྣམས་ཀྱི་སྒོ་དང་མཚམས་རྣམས་སུ་རོལ་བར་བྱའོ།། དེ་ལྟར་ཡང་གསུངས་པ། ནུབ་ལ་སོགས་པའི་ཕྱོགས་གནས་ཤིང་། ཤར་ལ་སོགས་པའི་སྒོ་གླགས་རྣམས།། རིམ་པ་བཞིན་དུ་ཕྱི ་ནས་ནི།། དགའ་བས་གཡས་བརྐྱང་ལ་སོགས་རོལ་ཞེས་སོ།། དེ་ནས་བུམ་པ་རྣམས་འོད་ཀྱི་དཀྱིལ་འཁོར་ལ་རིམ་བཞིན་དུ་བཀོད་ལ། ཡིད་ཀྱིས་ལྷ་རྣམས་ཀྱིས་སྤྱན་སྔ་ན་གནས་པར་ལྷག་པར་མོས་པར་བྱའོ།། ཡང་ན་བུམ་པ ་གཞན་རི་མོ་ལྔའི་ཕྱི་རོལ་དུ་བཀོད་ལ། རྣམ་པར་རྒྱལ་བའི་བུཾ་རྣམ་པ་ནི། ཤར་ཕྱོགས་ཀྱི་སྒོའི་ནང་ལོགས་སུ་དགོད་པར་བྱའོ།། ལས་ཐམས་ཅད་པའི་བུམ་པ་ལོ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་འདི། བརྒྱ་རྩ་བརྒྱད་བཟླས་ལ། ་ཤར་ཕྱོགས་ཀྱུ་སྒྲའི་ཕྱི་རོལ་དུ་བཞག་སྟེ། དེའི་ཆུས་སློབ་མའི་བསང་གཏོར་ལ་སོགས་པ་བྱའོ།། དེའི་འོག་ཏུ་ཨརྒྷ་ལ་སོགས་པ་མཆོད་པའི་ཡོ་བྱད་ཐམས་ཅད་ཡི་ག་ཧཱུ~ཾ་གིས་བྱིན་གྱིས་བརླབ་པར་བྱ་ཞིང་། བདག་ཉིད ་རང་གི་ལྟར་མོས་པར་བྱས་ལ། རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་པས་མཉེས་པ་བྱས་སྟེ། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་སྔགས་དང་། རང་གི་རིག་པ་མཚན་མ་རྙེད་ཀྱི་བར་དུ་བཟླ་བར་བྱའོ།། དེ་ནས་སྦྱིན་སྲེག་དང ་གཏོར་མས་ཚིམ་པར་བྱ་སྟེ། སློབ་མ་འཇུག་པའི་ཆོ་གས་བདག་ཉིད་རིག་པ་དང་བཅས་པར་དཀྱིལ་འཁོར་དུ་ཞུགས་ལ། བཅོམ་ལྡན་འདས་ལ་ཆུའི་དབང་ལ་སོགས་པ་བླངས་ཏེ། གནང་བ་མནོས་ནས་སློབ་མ་གཞུག་པར་བྱའོ།། ་དེ་ནས་སློབ་མ་སྔར་སྦྱང་བ་བྱས་ཤིང་དམ་ཚིག་དང་སྡོམ་པ་འཛིན་པར་ཁས་བླངས་ནས། བླ་མ་ལ་ཡོན་དབུལ་བྱའོ།། དེ་ནས་སློབ་མའི་སྙིང་གར་ཨ་དམར་པོ་བསྒོམས་ལ། ཀཱ་ཀཱ་སྱེའི་སྔགས་བཟླས་པའི་བླ་གོས་བསྐོན་ལ། ་ཁྲོ་བོ་གནོང་མཛེས་ཀྱི་སྔགས་བཟླས་པའི་རས་དམར་པོས་མིག་བཀབ་ལ། རང་གི་དབང་བསྐུར་བའི་རྒྱལ་བ་བྱིན་གྱིས་བརླབས་པའི་རས་དམར་པོ་ལ་སོགས་པས་གཙུག་ཏོར་བཅིངས་ཏེ། ལས་ཐམས་ཅད་པའི་བུམ་པའི་ཆུས ་དེ་ལ་གསང་གཏོར་བྱས་ལ། ཕྱག་བཞི་འཚལ་དུ་གཞུག་པར་བྱའོ།། དེ་ནས་སློབ་དཔོན་གྱིས་ཨེ་བཾ་སི་ཏ་ཨ་རུ་ནི་ཞེས་བྱ་བ་ལ་སོགས་པའི་གླུ་བླངས་ལ། སློབ་མའི་སྙིམ་པ་མེ་ཏོག་གི་ཕྲེང་བས་བཀང་སྟེ། ཡོལ་བའི་ཕྱི་རོལ་དུ ་བཞག་ལ། འདོད་པས་དགའ་བ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ།། སློབ་མས་ཀྱང་བདག་ནི་སྐལ་བཟངས་བདེ་ཚན་མོས་ཞེས་བརྗོད་པར་བྱའོ།། དེ་ནས་བསང་གཏོར་བྱས་ཏེ། ཨཱ་ཁཾ་བཱི་ར་ཧཱུ~ཾ་ཞེས་བྱ་བ་འདི་བརྗོད་ལ། ཡིད་ཀྱི་དཀྱིལ་འཁོར་གྱི ་ལྷ་དང་གཉིས་སུ་མེད་པར་བསྒོམས་ཏེ། དཀྱིལ་འཁོར་གྱི་ཉེ་བར་འཁོར་དུ་གཞུག་པར་བྱའོ།། དེ་ནས་སློབ་དཔོན་རང་གི་ལྷའི་ང་རྒྱལ་དང་ལྡན་པས། དེ་རིང་ཁྱོད་དེ་བཞིནི་གཤེགས་པ་ཐམས་ཅད་ཀྱི་རིགསུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་གཞན་ལྔ་སྨོས་ཀྱང་འཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། ང་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི ་མདུན་དུ་མ་སྨྲ་ཤིག་དམ་ཚིག་ཉམས་པར་གྱུར་ཏ་རེ། ཨོཾ་རྡོ་རྗེ་སེམས་པ་ཁྱོད་ཀྱི།། སྙིང་ལ་ད་རིང་ཡང་ངག་གནས།། གལ་ཏེ་ཚུལ་འདི་སྨྲས་ན་ནི། ད་མ་ཐག་ཏུ་དྲལ་ཏི་གཤེགས་ཤེས་བསྒྲུབས་ནས། དུང་ཆེན་དུ་ནི་བདུད་རྩི་ལྔ།། སྦྱང་བ ་དང་ནི་བརྟགས་བྱས་ལ།། ཡེ་ཤེས་འོད་ཀྱིས་འབར་བར་བྱ།། འཁོར་ལོར་གནས་པའི་དངོས་གྲུབ་བསྒྲུབ།། བསྒྲུབ་པ་པོ་ཡིས་བཟུང་ནས་སུ།། སློབ་མ་ལ་ནི་བླུད་པར་བྱ།། འདི་ནི་ཁྱོད་ཀྱི་དམྱལ་བའི།། ཆུ།། དམ་ཚིག་འདས་ན་བསྲེག་པར་བྱེད།། དེམ ་ཚིག་བསྲུངས་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ།། ཨོཾ་བཛྲ་ཨུང་ངག་ཀ་ཐ་ཞེས་བྱ་བ་འམ། ཡང་ནེ་ཐའི་གནསུ་ཧཱུཾ་བརྗོད་པར་བྱ་སྟེ། གསང་པའི་མཛོད་ལས། སློབ་མ་སྨིན་པའི་ལས་རྣམས་ལ།། རྔ་ཡི་གནསུ་ཧཱུཾ་བརྗོད་བྱ།། ཞེས་སོ།། ་ནས་རྡོ་རྗེ་དང་བཅས་པས་སློབ་མའི་ལག་ནས་བཟུང་ལ། དེ་རིང་ཕན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་གང་འདི་གྱིས་ཤིག་ཙེ་བསྒོ་བ་རྣམས་བུ་ཁྱོད་ཀྱིས་བྱ་དགོས་སྟོང་ལ་བརྙེས་པའི་ལས་མ་བྱད་ཅིག།། དུས་མ་ཡིན་པར་ནི། ་ནས་དམྱལ་བར་ལྷུང་བར་གྱུར་ཏེ། དེ་ནས་སློབ་མས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གསོལ་ཞེས་སྨྲས་ལ། སློབ་དཔོན་གྱིས་ཀྱང་དེའི་སྙིང་གའི་ས་བོན་ལ་མེ་དང་རླུང་གིས་གཅེས ་ནས་ཡེ་ཤེས་ཀྱི་ལྷ་ཆགས་པའི་ཚུལ་དུ་བཅུག་སྟེ། ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤཱ་ཏོ་མེ་བྷ་བ། ཧྲི་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡ་ཙྪ་ཧཱུཾ་ཧ་ཧ་ཧཱ་ཧ་ཧོཿཞེས་བྱ་བ་བརྗོད་ལ་སྔར་བཤད་པའི་བདུག་པས་དབབ་པར་བྱའོ།། དེ་ནས་ཡོ་གེ་ལྔ་བརྗོད་དེ། ་ཕྲང་བ་དཀྱིལ་འཁོར་དུ་དོར་ལ། སླར་ཡང་དེ་ཉིད་ཀྱིས་དེ་བླངས་ནས། སློབ་མའི་མགོ་བོར་བཅིངས་ལ། སྙིང་གར་བདག་པོ་བཞག་སྟེ། མུག་གི་ཉི་སུཾ་ཨོཾ། དཔྲལ་བར་རཾ་བསམས་ལ། ཡ་གེ་ལྔ་བརྗོད་པས། ཡེ་ཤེས་ཀྱི་སྣང་བ་ལས་དངོས་གྲུབ་རྗེས་སུ ་ཤེས་པར་བྱས་ལ། ཨོཾ་རྡོ་སེམས་དཔའ་ཁྱོད་ཉིད་ཀྱིས།། དེ་རིང་མིག་འབྱེང་ནན་ཏན་མཛད།། རྡོ་རྗེ་མིག་ནི་བླ་ན་མེད།། ཐམས་ཅད་མིག་ནི་ཕྱེ་བར་འགྱུར་ཞེས་བྱ་བའི་ཚིགས་སུ་བཅད་པས་གདོང་ཡོགས་བཤུས་ལ། དཀྱིལ་འཁོར་བསྟན་ཏེ། ཀྱེ་རྡོ ་དཀྱིལ་འཁོར་འདི་ལ་ལྟོས།། མཐོང་ནས་དོད་པ་བསྐྱེད་པར་གྱིས།། ངི་རང་སངས་རྒྱས་རིགསུ་སྐྱེས། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརློབས།། དངོས་གྲུབ་ཐམས་ཅད་བསྒྲུབ་པ་དང་། དམ་ཚིག་མཆོག་ལ་གནས་པར་གྱིས།། རྡོ་རྗེ་པདྨོ་མཆོག ་གིས་རོལ།། སྔགས་ཀྱིས་དབང་ཕྱུག་བརྩོན་པར་གྱིས།། ཞེས་བྱ་བས་སྤྲོ་བར་བྱ་ལ། དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བརྗོད་པར་བྱ་སྟེ། མོ་མཉམ་མེད་པ་ཟུང་བཞི་ཡིན།། དྲན་དང་དབང་པོ་སྒོ་བཞི་སྟེ། རྟ་བབས་བཞི་ནི་བསམ་གཏན་ཡིན།། ཏིང་འཛིན་ཁ ་ཁྱེར་དུ་ནི་བརྗོད།། ཁ་ཁྱེར་རྡོ་རྗེ་རྩེར་རྟེན་པའི།། ལྷ་མོའི་མཆོད་པ་གཟུང་རྣམས་སོ།། རྒྱན་རྣམས་ཀུན་གྱིས་རྣམས་སྤྲོས་པ། བསམ་པ་ཐམས་ཅད་རྫོགས་བྱེད་ཡིན།། སྣ་ཚོགས་རླུང་གིས་བསྐྱོད་པའི་མཆོག། བ་དན་དྲིལ་བུའི་སྒྲར་ལྡན། རླུང་གི་ཚོགས ་ཀྱིས་བསྐྱོད་པ་ཡིས།། ཆོས་ཀྱིས་སྒྲ་མཆོག་ཀུན་འགྲོ་ཡིན།། མེ་ལོང་མི་རྟོག་རྟག་ཡེ་ཤེས།། བྱང་ཆུབ་ཡན་ལག་མ་རྟག་ཕྲེང་།། དངོས་གྲུབ་ཐམས་ཅད་མི་འགྱུར་བདེ།། བདེ་པ་ཆེན་པོ་ཞེས་བརྗོད་པ།། ཉི་ཟླ་རིན་ཚན་བསྐོར་བ་ཡིས།། དྲ་བ་དྲ་བ ་བྱེད་པ་ཡིན།། དེ་ཡི་ནང་གི་འཁོར་ལོ་ནི།། རྣམ་པར་ཐར་པ་བརྒྱད་ཀྱིས་འདིར།། དངོས་གྲུབ་ཐམས་ཅད་རབ་སྟེར་བའོ།། བདེ་གཤེགས་ཀུན་གྱིས་ཡོངསུ་གང་བའི།། རྡོ་རྗེའི་སྐད་པས་བསྐོར་བ་ནི།། བྱང་ཆུབ་སེམས་ཀྱི་ཐག་ཚན་དང་།། མདོ་སྡེའི་འཁོར ་ལོ་བསྐོར་བའོ།། ཚེན་རྣམས་སངས་རྒྱས་ལྔ་ཡི་ནི།། ཡེ་ཤེས་སེམས་ཅན་སེམས་འཚོང་བའོ།། དོན་དང་དབང་པོ་རྣམས་དག་པས། རང་གི་མཚན་ཉིད་རབ་ཏུ་ཕྱེ།། ཡེ་ཤེས་བདུད་རྩི་མངོན་གསོལ་བ།། རྡོ་རྗེ་ཅན་གྱི་རྡོ་རྗེའོ།། བུམ་པ་གང་བ་སྙིང ་རྗེས་བརླན།། ཚོགས་ནི་ཡོངསུ་རྫོགས་པ་ཡིན། དཀྱིལ་འཁོར་མེ་ཏོག་བདུག་པ་དང་།། མར་མེ་ཆ་དང་དྲི་རྣམས་ནི།། བྱང་ཆུབ་ཡན་ལག་ཡིད་འོང་ཚམ།། ཆོས་ཀྱི་སྒྲོན་མ་གྲགས་འདུས་ཡིན།། ལྷ་བཤོས་ཆོས་ཀྱི་གཟའ་བ་སྟེ།། ཁྲེལ་ཡོད་ངོ་ཚའི་སྡེ ་པའོ།། གླུ་དང་གར་དང་རོལ་མོ་སོགས།། བདེ་བ་ཆེན་པོ་རྣམ་པར་འཕེལ།། ཐར་པ་མཆོག་གི་གྲོང་ཁྱེར་ཏེ།། སྙིང་པོ་འཛིན་པས་དཀྱིལ་འཁོར་ཡིན།། ཞེས་བྱ་བའང་ནི་རྟེན་གྱི་རྣམ་པར་དག་དཀྱིལ་འཁོར་གྱི་རྣམ་པར་དག་པཀྲྀ། ་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་དག་པ་ནི། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་བཅུ་རྩ་བདུན་དུ་ཤེས་པར་བྱའོ།། ཇི་ལྟ་བུའི་དཀྱིལ་འཁོར་ཡིན་ཞེ་ན། གང་དུ་ཞུགས་པ་ཙམ་གྱིས་ནི། ཕྱིར་མི་ལྡོག་པའི་གཙོར་འགྱུར་ཞིང་།། འདིས་ནི ་དཔའ་བོ་ལས་བྱུང་བའི།། བདེ་བ་ཆེན་པོ་རབ་བསྒྲུབ་པའོ།། ད་ནཱ་ས~ཾ་བླ་མ་ཡོན་གྱི་དམ་པ་ཕུལ་ལ་ཕྱག་བྱས་ཏེ། ཚིགས་བཅད་པ་འདིས་དབང་ནོད་པའི་ཕྱིར་གསོལ་བ་གདབ་པར་བྱའོ།། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ།། མེཆོད་ཆེན་ཇི་ལྟར ་བགྱིས་པ་བཞིན། བདག་ཀྱང་བསྒྲལ་བའི་དོན་དུ་ནི།། ན་མཁའི་རྡོ་རྗེ་དང་བདག་སྩོལ་ཞེས་སོ།། དེ་ནས་ཤར་སྒོར་པདྨ་ནི། འདབ་བརྒྱད་དབུས་སུ་ཁྲི་བཽ་ཤམས་ཏེ། རང་གི་བདག་པོའི་རྣལ་འབོར་གྱིས།། རྒྱན་གྱིས་ཀླུབས་ཏེ་བཞག་པར ་བྱའོ།། ལུས་ནང་ཆུད་པའི་དཀྱིལ་འཁོར་ནི། ཆོ་ག་འངདི་ཡིས་བཀྲུ་བར་བྱ།། མཁའི་དབྱིངས་སངས་རྒྱས་ཐམས་ཅད་ཀྱིས།། ཡོངས་གང་བར་རྣམ་པར་བསྒོམས།། རྒྱལ་མཚན་གདུག་དང་བ་དེན་དང་།། ལྷ་ཡི་གོས་ཀྱི་ས་བརྒྱན་པ་ཡི།། བུམ ་བ་ཆུས་གང་བསྣམས་པ་དག། སློབ་དཔོན་དབང་བསྐུར་དུས་སུ་ནི། སྔོན་མཛད་བརྩེབའི་ཤུགས་ཀྱིས་ནི།། དགྱེས་པ་ཆེན་པོ་ལེགས་བྱོན་བསམ།། བུམ་པའི་ནང་དུ་ཆུད་པའི་ཆུ། བདག་པོ་ཞུ་དང་བདུད་རྩི་ལྔ།། མགུལ་པ་གོས་ཀྱིས ་མཛེས་བྱས་ལ།། སྤྱན་ལ་སོགས་པས་གཟུང་བར་བྱ།། བཀྲ་ཤིས་གླུ་དང་ཚིགས་བཅད་ཀྱིས།། སློབ་མའི་སྤྱི་བོ་བཀྲུ་བར་བྱ།། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། ཁམས་གསུམ་ཀུན་གྱི་ཕྱག་བྱས་པ།། གསང་གསུམ་གནས་ལས་བྱུང་བ་ནི།། སངས ་རྒྱས་ཀུན་གྱིས་བྱོན་པ་ཡིན།། དེ་ནས་སངས་རྒྱས་ཐམས་ཅད་ནི།། བ་སྤུའི་བྷ་གར་ཞུགས་པར་བྱ།། བདག་ཉིད་རྣལ་འབྱོར་བརྟནྟེ་བྱས་ནས།། དེ་ནས་ཅོད་བནྡྷ་ད་དང་བསྐུར་ནོ།། གོ་ཆ་བཞིན་དུ་བྱིན་ནས་སྐུ། གོ་རིམ་བཞིན་དུ་མཚན་མ་བྱིན ་སངས་རྒྱས་ཀུན་གྱི་རྡོ་རྗེའི་བང་།། དེ་རིང་ཁྱང་ལ་དབང་བསྐུར་བྱ།། སངས་རྒྱས་ཀུན་ཏུ་རབ་གྲུབ་ཕྱིར།། རྡོ་རྗེ་འདིནི་ཁྱོད་ཀྱིས་རུང་། ཨོཾ་བཛྲ་ཨ་དྷི་པ་ཏྲཱ~ཾ་ཏྲཱ~ཾ་ཨ་དྷི་ཥིཉྩཱ་མེ་ཏིཥྛ་བཛྲ་ས་མཱ་ཡ་སྟྭཾ་ཞེས་བྱ་བ་དང་། ཐོག་མཐའ་མེད་པའི་སེམས་དཔའ ་རྡོརྗེ་སེམས་དཔའ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་གྱི་བདག་།། རྡོ་རྗེ་བསྙམས་པ་བདག་པོའི་བདག། ཞེས་བརྗོད་ལ། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་ལག་པ་གཡས་པས་སྦྱིན་པར་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས།། ཤེས ་རབ་དབྱངས་ཀྱི་རྫས་འགྲོར་བརྗོད།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད་ཅེས་བྱ་བཱ་ལ། ཨཾ་ལས་སྐྱེས་པའི་དྲིལ་བུ་ལེག་པ་གཡོན་པར་བྱིན་ལྔ། དངོས་པོ་རང་བཞིན་དྲག་པོའི་ཕྱིར།། རང་བཞིན་གྱིས་ནི ་དངོས་པོ་མེད་བྱས།། རང་བཞིན་དག་པོའི་སེམས་དཔའ་ཡི།། དངོས་པོ་མཆོག་ཏུ་བྱ་བའོ།། ཞེས་བརྗོད་པར་བྱའོ།། སྲིད་པའི་བདེ་བ་ཤིན་ཏུ་ཆུང་།། སྡུག་བསྔལ་ཆེན་པོ་ཞི་བྱེད་པོ།། ཤིན་ཏུ་བདེ་ཞིང་དམ་པའི་ཐབས།། དམ་ཚིག་རྟག་ཏུ་བསྐྱང་བ་བྱ། ་ཡང་ཀྱི་ལུས་ནི་བརྟན་པའི་ཕྱིར།། ཕྱག་རྒྱ་དམཆོག་ཅེས་བྱར་བརྗོད།། གང་གིས་སྔགས་ཀྱིས་ལུས་བརྟན་པ། ད་ནྀ་ཕྱག་རྒྱར་རབ་ཏུ་གྲགས།། དམ་ཚིག་གསུམ་ན་བྱིད་ནས་ས།། མང་གིས་བདག་པའི་དབང་བསྐུར་བྱ།། ཨོཾ་བཛྲ་ཨ ་དྷི་པ་ཏི་ཏྟཾ་ཨ་བྷི་བཱཉྩཱ་མི་ཏིཥྛ་བཛྲ་ས་མ་ཡཱ་སྟྭ~ཾ། ཞེས་བྱ་བ་དང་། ཨོཾ་བཛྲ་ཨ་དྷི་པ་ཏི་ཛཱི་ཨ་བྷི་ཥནྟེ་མ~ཾ་བཛྲ་ནཱ་མ་ཨ་བྷིཛྷཻཾ། ཞེས་བྱ་བ་དང་། ཀྱི་དཔལ་ཆེ་གེ་མོའི་མྱུ་གུ་ཞེས་བྱ་བ་འམ། དཔལ་ཆེ་གེ་མོའི་རྡོ་རྗེ་ཞེས་བྱ་བ་དཔལ་བྷི་སྒྲ་ད ་བཅས་པ་མིང་གི་དབང་བསྐུར་བར་བྱའོ།། འདི་ངཾ་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་སེམས་དཔའི་ཕྱག་ན་གནས།། ཁྱོད་ཀྱིས་ཀྱང་ནི་རྟག་བཟུང་སྟེ། ཕྱག་ནཱ་རྡོ་རྗེའི་བརྟུལ་ཞུགས་བརྟན།། ཞེས་བྱ་བས་རྡོ་རྗེའི་བརྟུལ་ཞུགས་བྱིན་ལ། ཨོཾ་སརྦ་ཏེཿ ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛ་ཨོཾ་ཥ་ཏྲྀ་དྷཱ་ར་ཡ་མི་ཧི་ཧོ་ཧི་ཧིཾ་ཧཱུཾ་ཞེས་བྱ་བས། སློབ་མ་གཟུང་ནས་མེ་ཏོག་ལ་སོགས་པས་མཆོད་དེ། དེ་ནས་བླང་བར་བྱའོ།། སློབ་དཔོན་གྱིས་དབང་བསྐུར་བའོ།། དེ་ནས་སྔགས་པས་ལགས་བསླབ་པའི།། ཤས ་རབ་བླ་མཾ་དབུལ་བར་བྱ།། གཡོན་གྱི་ཕྱོགསུ་བཞག་ནསུ།། སྣ་ཚོགས་མཆོད་པས་མཉེས་པར་བྱ།། མཉེས་པར་འགྱུར་ནས་ད་འོག་ཏུ།། ཕྱག་བྱས་ནས་ནི་ཐལ་སྦྱར་ཏེ།། པུས་མོ་བཙུགས་ནས་གསང་བ་ཡི།། དབང་བསྐུར་དོན་དུ་གསོལ་བ ་གདབ།། ཁྱོད་ཀྱིས་ཞལ་སྔའི་བཀའ་དྲོན་གྱིས།། བྱ་བ་བླ་མེདོ་ཤིས་པར་འཚལ།། ད་རིང་དབང་བསྐུར་རིན་ཆེན་གྱིས།། མགོན་པོས་རྗེསུ་གཟུང་དུ་གསོལ།། ཇི་ལྟར་དཔལ་ལྡན་བདེ་ཆེན་པོས།། དཔལ་ལྡན་རྡོ་ཆོ་ས་ལ་ནི།། དེ་ཉིད་དག་པ་བཤད་པ་ཡིན ་མགོན་པོས་དེ་རིང་བཀའ་དྲིན་མཛོད།། སྡུག་བསྔལ་ཐམས་ཅད་གཅོད་པ་པོ།། མགོན་མེད་རྣམས་ལ་བརྩ་མཛད་པ།། དམྱལ་སོགས་གནས་ནས་དྲང་བ་དང་། སྡུག་བསྔལ་ཐམས་ཅད་ཟད་པར་མཛོད།། ཁྱོད་ཞབས་པདྨ་སྤངས་ནསུ།། གཙོ་བོ ་གཞན་ལྔ་སྐྱབས་མ་མཆིས།། འགྲོ་བའི་དཔའ་བོ་བདེ་ཆེན་པོས།། ང་བས་སངས་རྒྱས་མཆོག་མཉེས་མཛོད།། གསོལ་བ་བཏབ་ཀྱི་འོག་ཏུ་ནི། སྡོམ་པ་ཉན་དུ་གཞུག་པར་བྱ།། གསང་ལས་ཤིན་ཏུ་གསང་གྱུར་པའི།། སྡོམ་པ་བཟང་པོ་ཉན ་བར་གྱིས།། བུ་ཡིས་སྲོག་ཆགས་བསད་པ་དང་།། བརྫུན་དུ་ཡང་ནི་སྨྲ་བར་བྱ།། མ་བྱོན་པར་ཡང་ཁྱོད་ཀྱིས་བླང་། གཞན་གྱིས་ཆུང་མ་འང་བསྟེན་པར་བྱ།། སྡོམ་པ་བཞིན་བླ་ན་མེད།། བཟང་པོ་ཁྱོད་ཀྱིས་བསྐྱོང་བར་བྱ།། བཤང་བ་གཅིག ་དང་། ཁྲག་རྣམས་དང་།། ལྔ་པ་སེམས་ལས་བྱུང་བ་དང་།། ཁྱི་དང་རྟ་དང་གླང་ཚན་སོགས།། ཤ་ནི་སྦྱང་ཚོགས་ཆོ་ག་ཡིས།། རྟག་ཏུ་ཁྱོད་ཀྱིས་གཟའ་བར་བྱ།། དམ་ཚིག་འདི་ནི་རྨད་པོ་ཆེ།། ཞེས་སོ།། དེ་ནས་སློབ་དཔོན་ཤེས་རབ་དང་སྙོམས ་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདེ་བ་རྡོ་རྗེའི་ནོར་བུའི་ནང་དུ། མཐེ་བོང་དང་སྲིན་ལག་གིས་བཟུང་ལ། སློབ་མའི་ཁའི་པདྨར་ཚིགསུ་བཅད་པ་འདིས་དབབ་པར་བྱའོ།། འདི་ནི་རྡོ་རྗེ་ཐམས་ཅད་ཀྱིས། དབང་བསྐུར་གོ་འཕང་དམ་པ་སྟེ།། སྔགས ་ཀྱིས་དངོས་གྲུབ་ཐམས་ཅད་དང་། ལས་མཆོག་རྒྱས་པ་བསྒྲུབ་བྱེད་པའོ།། དེས་ཀྱང་བདེ་བ་ཆེན་པོར་བསམས་ནས་འཐུངས་ཏེ་ཨ་ཧོ་སུ་ཁ་ཞེས་བརྗོད་པར་བྱའོ།། གསང་བའི་དབང་བསྐུར་བའོ།། དེ་ནས་སློབ་དཔོན་རང་གི་དམ་ཚིག་ལ ་གནས་པས་སློབ་མ་རྡོ་རྗེ་སེམསུ་ལྷག་པར་བྱས་ལ། ཡོན་ཏན་ཐམས་ཅད་དང་ལྡན་ཞིང་ལེག་པར་བསླབས་པའི་ཤེས་རབ་མ་གཞན་བྱིན་གྱིས་བརླབས་ལ། ལག་པར་ལག་པ་བྱིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་དཔ ་པོར་གསོལ་ལ། དེང་ནས་བརྩམས་ཏ་ངས་བྱིན་པའོ།། བུ་མོ་འདི་དང་སྒྲུབ་པ་པོས། ང་བཞིན་གཤེགས་པས་མཁྱེན་པ་ཡི།། བྱང་ཆུབ་ཆེན་པོ་བསྒྲུབ་པར་གྱི་སྭ་ཞེས་བྱ་བ་དང་། འད་ནི་གཟུང་མ་ཡོད་དགའ་མ།། དེ་རིང་ཁྱོད་ཀྱིས་བསྒྲུབ་བྱ་བ།། ཞེས ་བས་བྱིན་ལ། རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་བདག་གི་བ་སྤུའི་བུ་གར་བཙུག་ལ། སླ་རྀ་ཡང་ཕྱུང་ནས་སློབ་མའི་བ་སྤུའི་གར་བཅུག་ལ་ཞུ་བར་གྱུར་པས། སློབ་མའི་ལུས་ཚིམ་པོར་བྱ་ཞིང་ཉོ་ན་མོངས་པའི ་དྲི་མ་བཀྲུས་པར་བསྒོམ་པ་འདི་ནི་ཤེས་རབ་ཀྱི་དབང་བསྐུར་བའོ།། དེ་ནས་སློབ་དཔོན་གྱི་ཁ་ནས་ཀུན་ཏུ་དགའ་བ་ལ་སོགས་པའི་དབྱེ་བས་ལྷན་ཅིག་སྐྱེས་པ་བསྟན་པར་བྱ་སྟེ། སློབ་མ་རང་གཱི་ཉམས་སུ་མྱོང་བ་འདི་ནི་དབང་བསྐུར་བ་བཞི་པ ་རིན་པོ་ཆེའོ།། སླར་ཡང་པདྨ་ལ་གནས་པའི་མེ་ཏོག་དང་བཅས་པའོ།། ཁུ་བ་བླངས་ཏེ་ངེས་མཆོད་པའི་ཕྱིར་རིག་མའི་ཁར་སྦྱིན་པར་བྱའོ།། དེ་ནས་བླ་མའི་ལར་པ་ནི། སློབ་མའི་མགོ་བོར་བཞག་ནས་ནི། ཐབས་གཞན་གྱིས་ནི་སངས་མེ་རྒྱ། དེ་བས ་དེས་ན་རིག་པའི་མཆོག། ཆོས་རྣམས་ཐམས་ཅད་གཉིས་མེང་པར།། དངོས་པོ་གཉིས་ཀྱིས་མཚན་པོ་ཡིན།། དེ་བས་རྟག་ཏུ་འཁོར་བ་རུ།། ཁྱོད་ཀྱིས་བྲལ་བར་མི་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས།། རིག་པའི་བརྟུལ་ཐུགས་བླ་ན་མང ་ཅེས་བྱ་བ་འདིས།། རིག་པའི་བརྟུལ་ཞུགས་བྱིན་ལ། རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། འཇིག་རྟེན་ཁམས་འདི་ཐམས་ཅད་དུ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཇི་ལྟར་སྣ་ཚོགས་འདུལ་འགྱུར་པའི།། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱ ་བ་དང་། དེ་བཞིན་དུ་ནོར་བུ་དང་།། པདྨ་དང་ལས་ཀྱི་རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར་ཞེས་བྱཱ་པ། ཚོགསུ་བཅད་པ་ལྔས་རྗེསུ་གནང་པ་བྱིན་ལ། རིམ་པ་འདིས་ལུང་བསྟན་པར་བྱ་སྟེ། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་བྱས་ལ། ལ ་བ་གཡོན་པའི་ཁུ་ཚུར་གྱིས་སྙིང་གར་དེ་བཞིན་གཤེགས་པ་ཆོས་གོས་འཛིན་པའི་ཚུལ་དུ་བྱས་ཏེ། ལག་པ་གཡས་པ་མཆོགོ་སྦྱིན་བརྐྱང་ལ། མིང་གི་དབང་བསྐུར་བས་ལུང་བསྟན་པར་བྱ་སྟེ། ཨོཾ་འདི་ནི་ཁྱོད་ལ་ངས་ལུང་བསྟན།། ་སེམས་དཔའ་དེ་བཞིན་གཤེགས།། སྲིད་དང་ངན་འགྲོ་ལས་གཏོན་ནས།། ཤིན་ཏུ་སྲིད་པ་གྲུབ་པར་གྱིས།། ཧཾ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷི་སཽ་མ་ཡ་སྟཾ་བྷུ་རྞྞ་བ་སྭཿཞེས་སོ།། དེ་ནས་སློབ་མ་དད་པ་སྤེལ་བ་སློ་དཔོན་གྱིས་འདི་སྐད་དུ།། གང་ལ་ཚུལ ་འདི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་གསང་བའི་ཚེ་གྲཝ་འདིས་ལུང་བསྟན་པར་བྱས་པ་ང་ལང་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ཆུབ་སེམསད་པའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་རྡོ་རྗེ་འཛིན་པས།། དེ་བཞིན་གཤེགས་པ་བྱུང ་ཀྱི་རང་བཞིན་གི་དམ་ཚིག་ལ་སྤྱོད་པས། མགྲིན་པ་གཅིག་ཏུ་ཡང་དག་པོར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ།། ཞེས་བརྗོད་པར་བྱའོ།། དེ་ནས་གསང་བ་བརྗོད་པར་བྱ་སྟེ། འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག ་མད་པས། དེ་བས་འདོད་ལ་ཆགས་བྲལ་བ།། ཁྱོད་ཀྱིས་ནམ་ཡང་མི་བྱའོ།། མ་ཧཱ་ས་མ་ཡ་ཧ་ནརྫྫཊཞེས་སོ།། དེའི་རྗེས་ལ་ལག་པ་གཡོན་པས་སློབ་དུན་མའི་གཙོ་བོའི་ལག་པ་གཡས་ཀྱི་མཐེ་བོ་ནས་གཟུང་སྟེ། མར་གྱི་དགང་ཐུགས ་བརྒྱ་བསྲེགས་ནས།། ཡང་སྦྲང་རྩི་དང་འབྲས་ཡོས་དང་།། ཞོ་དང་བཅས་པའི་ཏིལ་གྱིས་སྲེགས་བླུགས་བརྒྱ་བྱས་ལ་གསང་གཏོར་བྱ་སྟེ། ལག་པ་སྙིང་གར་བྱུགས་ལ། རང་གི་རིགས་ཀྱི་རིག་མསམ། བདུད་རྩི་འཁྱིལ་བའི་སྔགས་ཡོངསུ་བཟླས་པོའི་ལག ་གདུབ་སློབ་མའི་ལག་པར་བཏགས་ལ། སློབ་མས་གདུགས་སྤྱི་བོར་གཟུང་སྟེ། དཀྱིལ་འཁོར་བསྐོར་བ་བྱས་ལ། གདུགས་དང་བཅས་པར་ཐལ་མོ་སྦྱར་ནས། དཀྱིལ་འཁོར་གྱི་སྒོ་ནས་ཕྱག་འཚལ་དུ་བཅུག་སྟེ། རྒྱུད་ནི་ཡོངསུ་འཛིན་པ་ཡི།། སློབ་མ་འདི ་ནི་ཕུལ་བ་ལགས་ཞེས་བརྗོད་ནས། ད་བླང་སྟེ་སློབ་དཔོན་གྱིས་གདུགས་ལ་གཟུང་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། དེ་རིང་དཀྱིལ་འཁོར་སློབ་དཔོན་འགྱུར།། སྔགས་དང་རྒྱུད་འདི་འཛིན་པར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་རྣམས་དང་། ལྷ་རྣམས ་ཀུན་གྱིས་མཐུན་པར་གསུངས།། སེམས་ཅན་ཀུན་ལ་རྗེས་བརྩེའི་ཕྱིར། ཁྱོད་ཀྱི་དཀྱིལ་འཁོར་ཆོ་ག་བཞིན།། ནན་ཏན་བསྐྱད་ད་བྲི་བར་བྱ།། སྒྲུབ་པ་པོ་ཡང་རྒྱུད་ལ་སྦྱོར།། དེ་ནས་ཇི་ལྟ་བ་བཞིན་དུ་མན་ངག་སྦྱིན་ཞིང་དྲང་བའི་དོན་ལ་སོགས་པ་སྦས་པ་རྣམས ་གསལ་བར་བྱས་ལ། དབུགས་དབྱུང་བར་བྱས་ཏེ། མཆོག་ཏུ་གསོང་བའི་དཀྱིལ་འཁོར་དུ།། བཅུག་པ་དང་ནི་མཐོང་བ་ཡིས།། སྡིག་པ་ཀུན་ལས་རྣམ་པར་གྲོལ། ང་རིང་ཁྱོད་ནི་ཤིན་ཏུ་གནས།། བདེ་ཆེན་ཐེག་པ་འདི་ལ་ནི།། ཕྱིན་ཆད་འཆི་བར་མི་འགྱུར ་གནོད་པ་མེད་པ་ཀུན་རྟོགས་པས།། ཅེས་ཀྱང་མ་འཇིགས་དགའ་བར་གྱིས།། ཞེས་བྱ་བ་བརྗོད་ལ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་དོགས་མེད་པའི།། རྡོ་རྗེ་ཕྱག་རྒྱ་གང་ཡིན་དང་། བྱང ་ཆུབ་སེམས་ནི་སླད་མི་བྱ།། དམ་པའི་ཆོས་ཀྱང་མི་སྨོད་ཅིང་། ནམ་ཡང་དོར་བར་མི་བྱའོ།། མི་ཤེས་པའམ་རྨོངས་པ་ལ།། ཚུལ་ཆེན་བསྟན་པར་མི་བྱ་ཞིང་།། རང་དགའ་ཡོངསུ་བཏང་ནས་ནི།། དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། ཇི་ལྟར་བདེ་བ་དེ་གཟུང ་ན་འདི་ནི་མ་འོངས་རྫོགས་སངས་རྒྱས།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་དང་།། ནམ་ཡང་བཏང་བར་མི་བྱ་སྟེ། སངས་རྒྱས་ཀུན་དང་མཚུངས་པས་ན།། སློབ་དཔོན་བརྙས་པར་མི་བྱའོ།། སངས་རྒྱས་ཀུན་མཚུངས་བློ་ཚུན་ལ།། སྨད་པར་བྱེད་པ་གང་ཡིན་དེས།། སངས ་རྒྱས་ཐམས་ཅད་སྨད་གྱུར་པས།། དོ་ནི་རྟག་ཏུ་སྡུག་བསྔལ་འཐོབ།། གུང་ཕྱིར་ཤིན་ཏུ་འདིར་གནས་པས།། དེ་རིང་ཁྱོད་གསོན་འབྲས་བུ་ཡང་།། ལྷ་དང་དམ་ཚིག་གིས་མཉམ་པར།། གྱུར་པར་ཁྱོད་ནི་ཐེ་ཚོམ་མེད།། རབ་ཏུ་དང་བའི་ཡིད་ཀྱིས་ནི།། ཟག ་མམེད་བདེ་བསྐྱེད་དམ་ཚིག་ལ།། རྒྱུན་ཏུ་གུས་པ་ས་བསྙེན་པར་བྱ།། འགྲོ་ན་རྣམས་ཡུལ་དུ་ངར་དགོད་པ།། རྡོ་རྗེ་སེམས་དཔའ་དང་མཉམ་པས།། རྟག་ཏུ་ཁྱོད་རྣམས་འགྲོ་བར་འགྱུར།། དེ་ནས་སློབ་མས་བླ་མའི་ཞབས་ལ་སྤྱི་བོས་གཏུགས་ནས ་འཛུམ་པ་དང་བཅས་པས།། གཙོ་བོ་ཇི་ལྟར་བཀའ་སྩལ་པ། དེ་དག་ཐམས་ཅད་བགྱིད་པར་འཚལ། ཞེས་ཁས་བླང་བར་བྱའོ།། དེ་ལྟར་སློབ་མས་ཁས་བླངས་ནས། འོག་ནས་འབྱུང་བའི་ཆོ་ག་འདིས་ཞི་བའི་དོན་དུ་སྦྱིན་སྲེག་བྱ་སྟེ། སློབ་མ་རེ་རེ་ཞིང་ལག་པ ་གཡས་པའི་མཐེ་བློ་མའི་ལག་པ་གཡོན་པས་གཟུང་ཞིང་བསྡམས་ལ། མར་གྱིས་དགང་གཟར་བཀང་སྟེ། བླུགས་གཟར་ཁ་སྦྱར་ལ་སློབ་མ་ལ་བསྐོར་ཞིང་ལན་བདུན་བདུན་སྦྱིན་སྲེག་བྱའོ།། དེ་ནས་བླ་མས་སློང་མ་རྣམས་ལ་ཡོན ་བླང་བར་བྱ་སྟེ། གསར་དང་དངུལ་དང་རིན་ཆེན་དང་།། རྟ་དང་གླང་པོ་ས་གཞིར་བཅས།། སློབ་མས་ཐམས་ཅད་ཕུལ་ནས་སུ།། ཆོ་ག་བཞིན་དུ་སྔགས་སྦྱིན་བྱ།། དེ་ནས་སྙོམས་ཞུགས་བདེ་སྤྱོད་ཚེ།། གསོང་སྔགས་སྦྱིན་པ་བདག་སེམས་བཏུང་།། ་དཀྱིལ་འཁོར་ཡང་དག་མཆོད་གནས་སུ། སློབ་མ་ལ་ནི་ཅི་ནས་འདི་སྐད་བརྗོད།། ཐམས་ཅད་ཀྱིས་ནི་ཅི་ནུས་པར།། དེ་བཞིན་གཤེགས་པ་ཀུན་མཆོད་ཅིགི། ཅེས་སོ།། དེ་ནས་ཀྱང་མྱང་བ་དང་། གཞིབ་པ་དང་བཏུང་བ་དང་བཟའ་བ་ལ་སོགས་པ ་འབྱོར་པས། ཚོགས་ཀྱི་ནང་དུ་སངས་རྒྱས་ཐམས་ཅད་མཆོད་ལ། སླར་ཡང་རྡོ་རྗེ་དརྟུལ་ཞུགས་བྱིན་ཏེ། དེ་དང་བཅས་པར་མཚན་ཕྱོགས་ཐེག་རོལ་པས་དགའ་བར་བྱ་ཞིང་།། དཔལ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་གླུ་ལ་སོགས་པ་སྤྱོད་ཅིང ་སྔགས་བཟླས་པར་བྱའོ།། དེ་ནས་ཡི་གེ་གསུམ་གྱི་མཐར་མུཿབཟླས་ལ། གསང་བའི་དཀྱིལ་འཁོར་རང་གི་ལུས་ལ་བཅུག་སྟེ། ཨོཾ་ཨ་ཀཱ་རོ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱི་རྡུལ་ཚོན་བྱགས་ལ། རྡུལ་ཚོན་ལ་སོགས་པ་རྒྱ་མཚོ་ཆེན ་པོར་དོར་ནས། ཧཱུཾ་གིས་ཕུར་བུ་ཕྱུང་སྟེ། ཞི་བའི་སྦྱིན་སྲེག་བྱས་ལ། ཙ་བིདེར་རྒྱུ་བར་བྱའོ།། རབ་གནས་ལ་སོགས་པ་ནི་རང་ཉིད་ཀྱིས་ཤེས་པར་བྱ་བའོ།། ས་གཟུང་བ་ཞེས་བྱ་བ་ལ་སོགས་པ་ལ། གཞུང་གང་གིས་ས་གཟུང་བ་དང་། སྟ་གོན་ལ ་གནས་པ་དང་། ཐིག་བྲི་བའི་ཆོ་ག་སྟོན་པར་བྱེད་པ་དེ་ནི་ས་གཟུང་བ་དང་། སྟ་གོན་ལ་གནས་པ་དང་། ཐིག་བྲི་བའི་ཆོ་གའི་ན་པར་བྱེད་པ་དེ་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་དྲུག་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད ་པ་ལས་ལེའུ་བཞི་བཅུ་རྩ་དྲུག་པའི་རྣམ་པོར་བཤད་པའོ།། །། ད་ནི་ལེའུ་བཅུ་བདུན་པར་རྣམ་པར་བཤད་པའི་ཉེ་བར་བསྟན་པ་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་སྟེ། དེ་ནས་གསོལ་ཏོ་ཞེས་བྱ་བར་སྦྱར་རོ།། ཁམས ་ཞེས་པར་སྦྱར་རོ།། ཁམས་ཞེས་བྱ་བ་ནི་ཁམས་བཅོ་བརྒྱད་དེ། ཕྱི་དང་ནང་ཞེས་བྱ་བ་དང་སྦྱར་རོ།། ལྷག་མ་ཐམས་ཅད་ནི་སྒྲ་ཇི་བཞིན་པར་གཟུང་བར་བྱ་སྟེ། ལེའུ་བཅུ་བདུན་པ་ཉིད་དུ་བཤད་ཟིན་པས་འདིར་བདག་གིས་མ་ཧྱེ། འོ།། བཅུད ་ཀྱི་ལེན་གྱི་རྗེས་ནི་སྡེ་ཚན་རྣམས་སོ།། དབང་དུ་བྱས་པ་ནི་དེ་གཙོ་བོར་བྱས་པའི་ཆོ་གའོ།། རིམ་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་རྩ་བདུན་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་གྲོའི་རྣམ་པར་བཤད་པ་ལས་ལེའུ་བཞི་བཅུརྩ ་བདུན་པའི་རྣམ་པར་བཤད་པའོ།། །། སྦྱིན་སྲེག་གི་མ་ཐབ་ཚད་ལ་སོགས་པ་བསྟན་པའི་ཕྱིར་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལེའུ་འདིའི་དོན་ནི་ལས་གང་གི་ཐ་པི་ཁུང་ཇི་ལྟ་བུ་ཡིན་པ་དང་། ཐབ་ཁུང་གི་ཚྭ་དང་། འདུག ་སྟངས་དང་། ཡམ་ཤིང་ལ་སོགས་པའི་ཚད་བསྟན་པ་ཡན་ཏེ། གོ་སླ་བས་རྣམ་པར་བྱའོ།། ལས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ལ། ལས་ཐམས་ཅད་ནི་ཞི་བ་ལ་སོགས་པའོ།། གསང་ཚན་ནི་གསང་བའི་ཡུལ་དུ་གྱུར་པ་སྟེ་རྫས་རྣམསོ།། ། ་སྦྱིན་སྐྲག་གི་ཆོ་ག་ནི་ཐག་ཁུང་ལ་སོགས་པའི་མཚན་ཉིད་དོ།། དེ་སྨྱོན་པར་བྱེད་པའི་གཞུང་གི་ཚོགས་ནི་རིམ་པར་ཕྱེ་བ་སྟེ་བཞི་བཅུ་རྩ་བརྒྱད་པའོ།། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ་ལས་ལེའུ ་བ་ནི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །། ད་ནི་བཅུད་ཀྱི་ལན་གྱི་རྫསུ་བསྟན་པ་བཤད་པར་བཞེད་ནས།། སླར་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སླར་ཡང་ཞེས་བྱ་བ་ནི་ལེའུ་བཅུ་བདུན་པ་དང་བཞི་བཅུ་རྩ་བདུན་པར ་གང་གསུངས་པའི་བསྟན་པ་དང་ཉེ་བར་བསྟན་པ་གཉིས་ལ་ལྟོས་པའོ།། དེ་ནས་དེ་རྣམས་ཞེས་བྱ་བ་ནི་རྫས་རྣམས་ཀྱིའོ།། ཁམས་ཀྱི་རང་བཞིན་སྣ་ཚོགས་པ་ཞེས་བྱ་བ་ལ། ཁྱམས་ཀྱི་རང་བཞིན་ན་རཱི་ནི་ཅན་དང་།། སྐམས་ལ་སོགས་པའི ་སྐྱེ་གནས་སྣ་ཚོགས་ཀྱི་བྱེ་བྲག་གིས་སོ།། རྫས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་སྨན་རྣམས་ཏེ། སེམས་ཅན་རྣམས་ཕན་འདོགས་ཤིང་ཉེ་བར་འཇུག་པས་ན་རྫས་སོ།། ཆུང་ངུ་ལ་སོགས་ཞེས་བྱ་བ་ནི།། སྐྱེས་པ་དང་བུད་མེད་ཀྱི་སེམས་ཀྱི་དབྱེ ་བོའི་དབང་དུ་བྱས་པའོ།། ཡོན་ཏན་ལྡན་པའི་རྫས་མཚན་ཉིད་ཅེས་བྱ་བ་ལ། རྫས་གང་ལ་མཚན་ཉིད་ཀྱི་ཡོན་ཏན་ཡོད་པའོ།། རྣམ་པ་བཞིར་དབྱེ་བར་བྱའོ་ཞེས་བྱ་བ་ནི། དབྱེ་བ་བཞིར་བྱས་ལ་སོ་སོར་རྫས་རྣམས་སྦྱར་བར་བྱའོ་ཞེས་བྱ་བ ་དང་སྦྱར་རོ།། རླུང་དང་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ།། ཤིང་དང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། གསེར་ལ་སོགས་པ་ལས་བྱུང་བའི་སྔར་ལྔ་བལྟ་བར་བྱའོ།། གྲུ་ནི་རྒྱ་མཚོ་སྒྲོལ་བའི་གྲུའོ།། ཀུན་གབ་ཅེས་བྱ་བས་ནི་འོ་བྱེད་པ་ལ་སོགས ་བ་ཡང་གཟུང་བར་བྱའོ།། སྲོག་ཆགས་ནེའུ་ལེ་ལྟར་ཞེས་བྱ་བ་ནི་གྲགས་པར་ཟད་དོ།། ཡང་ན་རྗེ་སུ་མི་མཐུན་པ་མེད་པ་ཞེས་བྱ་བར་སྦྱར་ཏེ། གང་ལ་གང་གྲིས་རྗེ་སུ་མཐུན་པའི་འཁྱུད་པའོ།། དེ་དག་གིས་ནི་བྱ་བ་རྣམ་པ་བརྒྱད་སྟོན་པ་ཡིན་ཏེ། ་དེ་ཡང་གསུངས་པ། ཀུན་ཏུ་འཁྱུད་དང་འོ་བྱེད་དང་།། སེན་མོས་འདི་དང་སོས་འདེབས་དང་།། ཡང་དག་འཇུག་པ་དང་སཱིད་ཅེས་ཟེར།། སྐྱེས་པ་ལྟར་བྱེད་ཉིད་པ་སྟེ། བརྒྱད་པོ་བརྒྱད་ཅེས་དབྱེ་བ་ཡིས།། དྲུག་ཅུ་རྩ་བཞིར་གྱུར་པ་ཡིན་ཞེས་སོ།། ་དེ་ལ་ཨ་ལི་ཀ་ན་བརྒྱད་བཤད་པར་བྱ་སྟེ། དེ་ལ་ཕན་ཚུན་གདོང་བལྟས་ཏེ་འགྲོ་བ་ན། ལུས་ཀྱི་ཆ་ཙ་མ་རེག་པས་ནིརྞྞེ་ཏ་ཀ་ཞེས་བྱ་བའི་ཨཾ་ལྀ་ཀྵ་སྟེ། དེ་ཡང་གསུངས་པ། གླུ་དོང་བལྟསོ་ཏ་འགྲོ་བ་ན་དག་ཅིང་མཛེས་བྲིར་བྱེད་པ་དང་། རྫུས ་གཞན་ལེན་པ་ལྟར་བྱེད་ཅིང་ལུས་ཀྱི་ཆ་ཙམ་རེག་པ་ནི་སྤྲེའུ་ཏ་ཀ་ཞེས་བྱའོ་ཞེས་སོ།། སྐྱེས་བུ་ཐང་ལ་འདུག་པའི་དུས་སུ། ནུ་མའི་རྩེ་མོ་ལུས་ལཾ་གཏོད་པར་བྱེད་ཅིང་རེག་བྱེད་ལ་སྐྱེས་བུས་ཀྱང་ནུ་མ་གཟུང་བ་འདི་ནི་བྷཽ་དྷ་ཀ་ཞེས་བྱའོ།། ་དེ་ཡང་གསུངས་པ། གནས་དབེན་པར་སྐྱེས་བུ་འདུག་ཀྱང་རུང་བ་ལ་འོ་མ་འཛིན་པ་རིག་པར་བྱེད་ཅིང་འབུགས་པ་ལྟར་བྱེད་པ་དང་། དེས་ཀྱང་དེ་གཟུང་བ་འདིའི་མིང་བྷི་དྷ་ཀྲྀ་ཞེས་པའོ།། ཕན་ཚུན་དུ་ལུས་སོ་རེག་ནས་ཀྱང་དྲུང་བ་འདི་ནི ་ཨུ་པ་གྲིསྟ་ཀཾ་ཞེས་པའོ།། དེ་ཡང་གསུངས་པ། དེ་གཉིས་སྐྱེ་བོ་མང་པོ་འདུས་པའི་ནང་དུ་ཡང་རུང་དབེན་པར་ཡང་རུང་སྟེ། ཕན་ཚུན་མཐུན་པའི་གཏམ་ཟེ་ཞིང་ཡུན་མི་རིང་བར་ལུས་རེག་ནས་ཅུང་ཟད་དྲུང་པ་འདིའི་མིང་ནི་ཨུད་པ ་གྲྀསྟེ་ཀཾ་ཞེས་བྱའོ།། ཞེས་པའོ།། དེ་ཉིད་ཤིང་དང་ཅིག་པ་ལ་སོགས་པའི་དངོས་པོ་ལ་འཁྱུད་ཅིང་། ས་འདེབས་པ་ལ་ནི་བི་ལློ་ཏ་ཀ་ཞེས་བྱའོ།། དེ་ཡང་གསུངས་པ། དེ་གཉིས་ཀྱི་རྩིག་པ་དང་། ཀ་བ་ལ་སོགས་པ་ལ་འཁྱུད་ཅིང ་ལག་པས་འཚིར་བ་དང་སོས་འདེབས་པ་འདིའི་མིང་ནི་པིལཱི་ཏཱ་ཀ་ཞེས་བྱ་བའོ་ཞེས་པའོ།། ལ་ཏ་བི་ཏི་སྟ་ག་ཏ་ཀ་ལ་སོགས་པ་བཞི་བཤད་པར་བྱ་སྟེ། དེ་ལ་ཤིང་ལ་ལྕུག་མ་ལྟར་ལག་པ་གཅིག་གིས་སྐྱེས་པ་ལ་ཀུན་ཏུ་འཁྱུད་ཙང་ལག་པ ་གཅིག་གིས་འོ་བྱ་བའི་ཕྱིར་མགུལ་པ་ནས་འགུགས་ཤིང་སིད་ཅེས་བྱ་བའི་སྒྲ་དང་བཅས་པ་ནི་ལ་ཏ་བསྟི་ཀཱ་ཞེས་བྱའོ།། དེ་ཡང་གསུངས་པ། ཤིང་སཱ་ལ་ལྕུག་མ་འཁྲིལ་པ་ལྟར་བསྒྲིལ་ནས་གཙོ་བོའི་མགྲིན་པ་ཅུང་ཟད་བཀུག་པ ་སྟེ། ཅུང་ཟད་སིད་ཀྱི་སྒྲ་འབྱིན་ཅིང་།། འོ་བྱེད་པས་འཛིན་པ་འདི་ནི་ལ་ཏ་བསྟི་ཀ་ཞེས་པའོ།། རྐང་པ་གཅིག་གིས་སྨྲས་བུའི་རྐང་པ་གཅིག་མནན་ནས། རྐ་ད་པཱ་གཅིག་གི་བོ་ལ་གཅིག་གི་བོལ་མནན་ནས་གཅིག་བརླ་སྟེང་དུ ་བཙུགས་ཏེ་ལུག་པས་འཁྱུད་ནས་ཡང་གཅིག་གིས་བཀུག་སྟེ། ཅུང་ཟད་དབུགས་གྲངས་མོ་གཏོང་ཞིང་སིད་པ་ཅེས་བྱ་བའི་སྒྲ་སྒྲོགས་པས་འོ་བྱེད་པ་འདི་མིང་ནི་བྲིཀྵཱ་ཨ་ཏི་རུ་ཏཱ་ཞེས་བྱའོ་ཞེས་པའོ།། མལ་དུ་ཐང་ལས་སྦྱར ་ནས་ཉལ་བ་ནི་ཏཱི་ལ་ཏན་ཏུ་ལོ་ཞེས་བྱའོ།། ང་ཡང་གསུངས་པ། མལ་དུ་ཉལ་ཏེ་ལྟོ་དང་བཪྻ་ལ་སོགས་པ་ལེགས་པར་སྦྱར་ཏེ། རྒྱབ་ནས་འཁྱུད་ནས་ལོངས་སྤྱོད་པ་འདིའི་མིང་འདི་ནི་ཏ་ལ་ཏན་ཏུ་ལ་ཞེས་བྱའོ་ཞེས་པའོ།། དེ་བཞིན ་དུ་ཉལ་བ་ན་གཅིག་གི་འདོམསུ་གཅིག་ཞུགས་ཏེ་མཐའ་སྦྱར་ནས་ཕན་ཚུན་ཆགས་པས་མྱོས་པ་ནི་ཁྲིར་ཛ་ལ་ཞེས་བྱའོ།། དེ་ཡང་གསུངས་པ། ཕན་ཚུན་ཆགས་པའི་མུན་པས་འཁྲུགས་ཤིང་མལ་དུ་ཞུགས་ནས ་ཕན་ཚུན་གཅིག་ལ་གཅིག་འདོམ་སུ་ཞུགས་ནས། ཀུན་ནས་འཁྱུད་པ་འདིའི་མིང་ནི་ཁྲི་ར་ཛ་ལ་ཞེས་བྱའོ་ཞེས་པའོ།། ཀུན་འགབ་ཀྱིས་རྣམ་པར་དབྱེ་བ་གཞན་དག་ནི་གཞུང་མངས་ཀྱིས་དོགས་པའི་འཇིགས་པས ་མ་བྲིས་ཏེ། གཞན་དུ་ན་ཀུན་ཏུ་འཁྱུད་པའི་བྱེ་བྲག་མ་ལུས་པ་ནི་སྐྱེས་བུ་རྣམས་ཀྱིས་ཀྱང་ཡུན་རིང་མོར་རྫོགས་པར་མི་ནུས་སོ།། གཉིས་པ་བསྟན་པོའི་ཕྱིར། ཕུག་རོན་ལྟར་འོ་བྱེད་ཅིང་མ་མཆུ་གཟུང་སྟེ་འཇིབ་པ་དང ་སྒྲ་ནས་གཟུང་བ་དང་ཞེས་བྱ་བ་སྨོས་ཏེ་ངོ་ལ་ཕུག་རོན་འོ་བྱེད་པ་ལྟར་ཞེས་བྱ་བ་ནི། ཇི་ལྟར་ཕུག་རོན་འོ་བྱེད་པ་སྐད་ཅིག་སྐད་ཅིག་བྱེད་ཙང་མགྲིན་པའི་ནང་དུ་དུ་ངུར་སྒྲས་བཀང་ནས་བྱེད་པ་ལྟར་འོབྱེད་པར་ཤེས་པར་བྱའོ།། ་མཆུ་གཟུང་སྟེ་འཇིབ་པ་ཞེས་བྱ་བ་ནི། མཆུ་གཟུང་བ་དང་རྡོ་རྗེ་དང་པདྨརཾ་སྣ་རྩེནྡ་རཱཛྲཱྀཾ་བཱཾ་པྲཱ་དང་། ཞེས་བྱ་བར་སྦྱར་བར་བྱའོ།། སྐྲ་ནས་གཟུང་བ་དང་ཞེས་བྱ་བ་ནི། སྐྲ་ནས་རྨུག་པར་བྱའོ།། གསུམ་པ་གསུངས་པ། སེན་མོས་འདེབས ་ཤིང་བསྣུན་པ་དང་ཞེས་བྱ་བ་ནི་ཆགས་པ་སྤེལ་པའི་ཕྱིར། སེན་མོའོ་རི་མི་འབྲི་བ་སྟེ། དེ་ཡང་ཁྱད་པར་དུ་དང་པོར་ཕྲད་པ་ལ་སོགས་པའི་དུས་བྱའོ།། དེ་ཡང་གསུངས་པ། ཆགས་པ་སྦལ་བར་བྱ་བ་དང་། ཡིད་དགའ་བར་བྱ་བའི་ཕྱིར ་དང་པོར་ཕྲད་པའི་དུས་དང་། འགྲོན་དུ་འགྲོ་བ་དང་། སླར་ལྡོག་པ་དང་། ཁྲོས་པ་དང་། དགའ་ཆས་པ་དང་། བཟི་བ་རྣམས་ཀྱི་དུས་སུ་སེན་མོའི་རི་མོས་འདེབས་ཤིང་སྦྱོར་ཞེས་སོ།། ང་ནི་དགའ་བ་ལ་ཤུགས་དྲག་པར་གྱུར་ཏེ། ་བདག་གི་དབང་དུ་འགྱུར་བའོ།། དེ་བཞིན་དུ་སོ་འདེབས་པའི་འབྲས་བུ་ཡང་དེ་ཉིད་དོ།། དེ་ཡང་ཙུ་རི་ཏ་ཀ་ལ་སོགས་པ་རྣམ་པ་བརྒྱད་དུ་འགྱུར་ཏེ། ཙུ་རི་ཏ་ཀ་དང་། ཨརྡྷ་ཙན་དྲཱ་དང་། མོན་དག་དྷཱ་ལ་དང་། དཱི་ར་སྟཱ་རེ་ཁཱ་དང་། བྱ་ཀྲ་ན་ཁ་ཀཱང་དང་། ་ཡུ་ར་བ་ད་ཀ་དང་། ཤར་ཤ་པུ་ལུ་ཏ་དང་། ཨུཏྤ་ལ་ཏྲ་ཀང་། ཞེས་བྱ་བ་རྣམས་སོ།། དེ་ལ་རྣ་རྩ་དང་། ནུ་མ་དང་། མཆུ་རྣམས་སོར་མོའོ་ཟོན་ཡང་བར་བྱ་སྟེ། བ་སྤུ་ལྡང་བར་བྱའི་ཕྱིར། བུ་མོ་གཞོན་ནུ་མ་རྣམས་ལ། སོར་མོ་ལྔ་ཆར་གྱིས་སེན་མོ ་ར་མོ་འབྲས་ཀྱི་གཟེགས་མའི་རྗེས་ཙམ་དུ་འདེབས་པའི་སྦྱོར་འདི་ནི་ནུ་རི་ཏ་ཀ་ཞེས་བྱའོ།། གང་དེའི་འོག་ཏུ་གཡའ་ཞིང་ཟ་བར་བྱེད་པ་དང་། འཆིང་བ་ལྷོང་པར་བྱ་བ་དང་། སེམས་གཡོས་པར་བྱ་བའི་ཕྱིར། ངའི་མགྲིན་པ་དང་། ནུ་མ་དང་། རྒྱབ ་རྣམས་སེན་མོའི་རི་མོ་ཡོན་པོར་འདྲི་བ་འདི་ནི་ཨརྡྷ་ཙནྡྲ་ཞེས་བྱའོ།། དེ་ཉིད་ཕན་ཚུན་ཐད་ཀར་སེན་མོས་བྲིས་པ་ནི། མ་དྷ་ལ་ཞེས་བྱའོ།། ལྟེ་བའི་རྩ་དང་དཔྱི་སྟང་དང་ནམ་ཚང་གི་གནས་ཐམས་ཅད་དུ་སེན་མོའི་རི་མོ་རིང་པོར་བྲི་བ་འདི་ནི ་དོརིརྀར་གྷ་རེ་ཁཱ་ཞེས་བྱའོ།། དེ་ཉིད་ཡོན་པོར་བྲིས་པ་ནི་བྱཾ་ཀྲ་ན་ཁ་ཀཾང་ཞེས་བྱའོ།། ནུ་མ་དང་རྒྱབ་དང་། ཀོ་སྒོའི་འོག་ཏུ་སེན་མོའི་རི་མོ་རྒྱ་གྲམ་དུ་བྲིས་པ་འདི་ནི་མ་ཡུ་ར་བ་དཀ་ཞེས་བྱའོ།། སྦྱོར་བ་དེ་ཉིད་ལས་ནུ་མ་དང་ཀོ་སྒོ་རྣམས་ལ ་སེན་མོའི་རི་མོ་ལྔ་རི་བོང་གིས་མཆོངས་པའི་རྗེ་སུ་ལྟར་བྲི་བ་འདི་ནི། ཤ་ཤ་པུ་ལུ་ཏ་ཀ་ཞེས་བྱའོ།། ནུ་མ་དང་རྒྱབ་དང་སྐེ་སོ་རྣམས་སེན་མོའི་རི་མོ་ཨུཏྤ་ལའི་འདབ་མའི་རྩེ་མོ་ལྟར་འབྲི་བ་ནི་འདི་ནི་ཨུཏྤ་ལ་པ་ཏྲ་ཀང་ཞེས་བྱ་སྟེ། ནུ་མ་དང ་རྒྱབ་དུ་སེན་མོའི་རི་མོའི་གསུམ་མམ་བཞི་ཚབས་ཆེར་བྲི་བ་འདིས་ནི་དྲན་པ་བྱེད་པ་ཡིན་ནོ།། སེན་མོ་རྣམས་ཀྱི་རི་མོའི་ཁྱད་པར་གྱིས་དགོས་པ་ནི་འདི་ཡ་ནི་ཏེ། བུ་མོ་རྣམས་ཀྱི་ནུ་མ་ལ་གནས་པའི་རི་མོ་རྒྱང་རིང་པོ་ནས་མཐོང་ཡང་། སྐྱེས ་བུ་གཞན་ཆགས་པར་འགྱུར་ལ། སྐྱེས་པའི་ལུས་ལ་གནས་པའི་སེན་མོ་བཏབ་པ་དང་། སོས་བཏང་པའི་རི་མོ་མཐོང་ན། སེམས་བརྟན་པའི་བུད་མེད་རྣམས་ཀྱང་ཆགས་པ་གཡོ་བར་འགྱུར་བ་ཡིན་ནོ།། བཞི་པ་བརྟན་པའི་ཕྱིར་སོ་འདབ ་ཤྲིང་དྲལ་བ་དང་ཞེས་བྱ་བ་སྨོས་ཏེ། དེ་ཡང་བྲལ་བ་ནི་ཉེ་བར་མཚོན་པ་སྟེ། མུ་ལ་ཀཱ་ལ་ཞེས་བྱ་བ་ལ་སོགས་ཐམས་ཅད་གཟུང་བར་བྱའོ།། དེ་ཡང་གསུངས་པ། མུ་ལ་ཀཾ་དང་། ཨུད་ཙུ་ནཾ་ཀང་དང་། པྲ་བཱ་ལ་མ་ནི་དང་། མ་ནི་མ་ལ་དང ་བིན་དུ་དང་། བིན་དུ་མཽ་ལ་དང་། ཁན་དྷ་ཨ་པྲ་ཀྲ་དང་། བཱ་ར་ཧ་ཙ་ར་ཙི་ཏཱ་ཀ་ཞེས་བྱ་བའི་སོ་འདེབས་པ་རྣམས་བརྟག་པར་བྱའོ་ཞེས་པའོ།། དེ་ལ་ཆགས་པ་ཙམ་གྱི་ས་ཤིན་ཏུ་དམར་པར་འདེབས་པ་འདི་ནི་མུ་ལ་ཀཾ་ཞེས་བྱའོ།། དེ་ཉིད ་མཆུའི་དབུས་སོའི་རྗེས་ཡོད་པར་ཅུང་ཟད་བཙིར་ཏེ་འདེབས་པ་འདི་ནི་ཨུད་ཙུན་ཀང་ཞེས་བྱའོ།། པྲ་པ་ལ་མ་ནི་ཞེས་བྱ་བ་ནི་མཆུ་དང་སོ་ཏེ། དེ་གཉིས་ཁ་སྦྱར་བས་འགྲམ་པའི་ངོས་ལ་སོ་འདེབས་པ་འདི་ནི་པྲ་བ་ལ་མ་ནི་ཞེས་བྱ་བ། ་གྲགས་སོ།། ཕྱོགས་དེ་ཉིད་དུ་སོའི་ཕྲེང་བ་གཉིས་ཀྱིས་ཅུང་ཟད་འདེངས་པ་འདྲི་ནཱི་མ་ནི་མ་ལ་ཞེས་བྱའོ།། མཆེ་བ་གཉིས་ཀྱི་རྫས་ཙམྦ་ཡོད་པར་འདེབས་པ་འདྲ་ནི་བིན་དུ་ཞེས་བྱའོ།། སོ་ཐམས་ཅད་ཀྱི་རྗེས་ཡོང་པར་མགྲིན་པ་དང ་ནམ་ཚོང་དང་། རྐེང་པ་ལ་སོགས་པ་འོག་ནཱ་སྱཱ་རྣམས་དང་། དཔྲལ་བའི་སྟེངསུ་འདེབས་པ་འདི་ནི་བིན་དུ་མ་ལ་ཞེས་བྱའོ།། ནུ་མ་དང་རྒྱབ་རྣམ་སུ་སྤྲིན་གྱི་དཀྱིལ་འཁོར་དབྱིབས་ལྟར་སོས་འཚོལ་བར་འདེབས་པ་འདི་ནི་ཁན་དྷ་ཨ་པྲ་ཀ་ཞེས་བྱའོ།། ་འཆང་ཁུང་དག་ཏུ་སེན་མོས་བཏབ་པའི་རྗེས་ལོ་སོས་རིང་དུ་འདེབས་པ་འདི་ནི། བཱ་ར་ཧ་ཙ་ར་ཙི་ཏ་ཀ་ཞེས་བྱའོ།། སོ་དང་སེན་མོ་གདབ་པའི་ཕལ་ཚར་གྱི་གནས་གསུངས་པ་མཚན་ཁུང་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་གོ་སླའོ།། སིད་ཅེས ་བྱ་བ་ནི་སྒྲ་དང་བཅས་པར་ཞེས་བྱ་བ་ནི་སྒྲའི་ཁྱད་པར་བརྒྱད་དེའོ་གནས་བཤད་པར་བྱའོ།། ཡང་ན་བྱ་བ་ཕལ་ཆེར་ལ་སྔོན་དུ་སིད་ཅེས་བྱ་བ་འབའ་ཞིག་སྦྱར་བར་བྱའོ།། གཞན་ཡང་ནུ་མ་མཉེ་བ་ཞེས་བྱ་བ་ལ་སོགས་པ་ནི་པ་རི་སྟེ་ཀ་ཞེས་བྱ་སྟེ། ་དེ་ཡང་འོག་ནས་བཤད་པར་བྱའོ།། དེའི་སེམས་རྣམ་པར་འདུལ་བའི་བྱ་བ་ཞེས་བྱ་བ་ནི་གཤིན་གང་ཞིག་གང་གིས་དགའ་བར་འགྱུར་བའི་བྱ་བའོ།། སོ་སོར་བྱེང་པའི་ཚུལ་རྣམ་པ་བརྒྱད་ཅེས་བྱ་བ་ལ། བྱེད་པའི་ཚུལ་རྣམ་པ་བརྒྱད་པོ་རྣམས་རེར ་ཞིང་ཡང་བརྒྱད་བརྒྱད་དུ་དབྱེ་བའོ།། དེ་ཡང་གསུངས་པ་ཀུན་ཏུ་འཁྱུང་དང་འོ་བྱེད་དང་།། སེན་མོས་འདྲི་དང་སོ་འདེབས་དང་།། ཡང་དག་འཇུག་དང་སིད་ཅེས་ཟེར།། སྐྱེས་པ་ལྟར་བྱེད་ཉེད་པ་སྟེ།། བརྒྱད་པོ་བརྒྱད་བརྒྱད་དབྱེ་བ་ཡི།། དྲུག་ཅུ་རྩ་བཞི ་གྱུར་པ་ཡིན། ཞེས་བྱ་བ་གང་ཡིན་པ་སྟེ། འདིར་གཞུང་མངས་ཀྱིས་ངོགས་ནས་ཚར་གཅིག་ཏུ་མ་བྲིས་མོད་ཀྱི།། དོན་གྱིས་ནི་ཤེས་པར་བྱའོ།། དེ་ལ་སེན་མོ་དང་སོའི་གནས་ནི་ཡ་མཆུ་དང་མིག་མ་གཏོགས་པར་ཇི་ཉིད་སེན་མོས་གདབ་པའི ་གནས་ཐམས་ཅད་སོས་གདབ་པའི་གནས་ཀྱང་ཡིན་ཏེ། དེ་ཡང་གསུངས་པ། ཡ་མཆུ་མིག་གཉིས་མ་གཏོགས་པར། སོ་དང་སེན་མོས་བསྐུལ་བར་བྱ་ཞེས་པའོ།། ངེས་ན་འདིར་མཚན་ཁུང་ལ་སོགས་པ་སྨོས་པ་ནི། ཇི་སྲིད་དུ་བལྟོས་པ ་དང་བཅས་པའི་དབང་དུ་བྱས་པ་ཡིན་ཏེ། གཞན་དུ་ན་ཐོག་མ་དང་ཐ་མ་མེད་པ་ཡིན་ནོ།། དེ་ཡང་གསུངས་པ། འོ་བྱ་བ་དང་སོང་དང་སེན་མོས་གདབ་ཅིང་དྲལ་བའི་གནས་སྦྱར་སྤྲོས་པ་རྣམས་ནི། བལྟོས་པ་དང་བཅས་པ་རྣམས་ལ་རྒམ ་བསྟན་པ་ཡིན་གྱི། གཞན་དུ་ན་ཆགས་པའི་འཁོར་ལོར་ཞུགས་ཤིང་བལྟོས་པ་མེད་པ་རྣམས་ལ་ནི། བསྣུན་པ་དང་སིངད་ཅེས་བྱ་བའི་སྒྲ་སྒྲོགས་པ་དང་། སོ་དང་སེན་མོ་ལ་སོགས་པའི་གནས་ཀྱིས་ཐོག་མ་དང་ཐ་མ་ཡོད་པ་མ་ཡིན་ནོ།། ་ཞེས་པ་ས་ཡ་ན་ལས་གང་འབྱུང་བ་ཡིན་བཞིན།། དེ་ལྟར་ན་སེམས་རྣམ་པར་འདུལ་བའི་བྱ་བ་ལ་བྱེད་པའི་ཚུལ་རྣམ་པ་བརྒྱད་པ་དག་ཀྱང་ཕལ་ཆེན་ནི་ཐ་མལ་པའི་ཡུལ་ཆོས་བཞིན་དུ་སྦྱར་བར་བྱ་སྟེ། འདིར་ནི་གཞུང་མདངས་ཀྱིས་ངོགས ་ནས་མཁྲིས་བྲིས།། ལྷག་མ་ནི་འོག་ནས་བཤད་པར་བྱའོ།། སེན་མེ་འདེབས་པ་དེ་ཡང་ཞེས་བྱ་བ་ལ་སོགས་པ་ལ། ཡང་ཞེས་བྱ་བ་ནི་འོ་བྱ་བ་དང་བཅས་པ་རྣམ་པ་བརྒྱད་བསྡུ་བའོ།། འཇམ་ཞེས་བྱ་བ་ནི་ཆུང་ཞིང་ཉེན་པ་གདབ་པའོ། ་ལྕག་ཀྱུའི་ཚུལ་ཞེས་བྱ་བ་ནི་ཉེ་བར་ཚོན་པ་སྟེ། ཞགས་པ་དང་འདྲ་བར་ཡང་བལྟའོ།། བྷ་གའི་སྟེང་དང་ཞེས་བྱ་བ་ནི་བྱ་བ་དེ་དག་ལ་བྷ་གའི་དཀྱིལ་འཁོར་གི་ནང་དུ་རྩ་ལྔ་དང་འབྱུང་བ་ལྔས་བརྒྱན་པའི་ཉིད་ལ་མིག་མི་འགྱུར་བར ་བལྟ་བའོ།། ལྷག་མ་ནི་གོ་སླའོ།། གད་ཞིག་ཆགས་པ་སྲ་བ་རྣམས་ལ་ནི་ཞེས་བྱ་བ་ལ་སོགས་པ་ལ། སྦྲུལ་གྱ་མགོ་བོ་ལྟ་བུའི་སོར་མོ་གསུམ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་སྟེ། ཡིང་ལ་སེམས་པའི་འཁྲུལ་འཁོར་ཞེས་བྱ་བ་སྔར ་སྨོས་པས། གསེར་ལ་སོགས་པ་ལས་བརྡུངས་པའི་རྡོ་རྗེས་ཀྱང་བསྒྲུབ་པར་བྱའོ།། དེ་དག་ཀྱང་ཆགས་པའི་བསྟན་བཅོས་ལས་བསྔགས་པའི་ཀཱ་ར་ན~ཾ་བན་དྷའི་བྱེ་བྲག་གིས་བསྒྲུབ་པར་བྱའོ་ཞེས་བྱ་བསྟན་པའི་ཕྱིར་ངོ་ལ་དང་ཀུར་པ་ན ་དོང་ཞེས་བྱ་བ་ལ་སོགས་པ་སྨོས་སོ།། ཇི་སྙིང་བསྟན་བཅོས་ཐ་མས་ཅད་ལས་བྱུང་བ་ཞེས་བྱ་བ་ནི་ཆགས་པའི་བསྟན་བཅོས་ལས་འབྱུང་བའི་ཀ་ར་ན་དནྟ་ཐམས་ཅད་དོ།། དེ་དག་ཀུན་ཀྱང་རྡོ་རྗེ་སེམས་དཔའི་ཕྱག་རྒྱར་བརྗོད་དོ། ་ཞེས་བྱ་བ་ན་ཀ་ར་ཎ་བནྡྷ་ཐམས་ཅད་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་སྦྱར་བར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཡང་གསུངས་པ། མཆོག་ཏུ་ཕྱི་དང་། ངལ་བ་དང་། དཔུང་མ་ཞེས་བྱ་རྣམ་གསུམ་མཉན་ཞེས་བྱ་བའོ།། དེ་ལ་མཉེན་ཞེས་བྱ ་བ་ནི། ཡན་ལག་མཉེན་པ་སྟེ། དེ་ལ་རབ་ཏུ་སྦྱོར་བ་གསུམ་པོ་དེ་དག་ཀྱང་བྱའོ།། དེ་ལས་བུ་མོའི་བྱིན་པ་སྟེ་སྐྱེས་བུའི་འཚོགས་མར་བཞག་སྟེ། སྟེང་དུ་ཕུལ་བ་འདི་ནི་མཆོག་ཏུ་ཕྱེ་བ་ཞེས་བྱ་བའོ།། བྱིན་པ་དེ་ཉིད་ཤོང་དུ་ཕབ་སྟེ་བུ་མོ་རང་གི ་རྫིདར་གྱི་ན་མཚོང་ནས་ཡང་བརྐྱང་སྟེ་སྐྱེས་བུས་སྟེང་ནས་མནན་པ་འདི་ནི་རྣམ་པར་འདུལ་བ་ཞེས་བྱའོ།། བུ་མོའི་པུས་མོ་ལེགས་པར་བསྐུམ་སྟེ། བརླ་དང་དཀུར་སྦྱང་ནས་སྐྱེས་པས་ཡུན་རིང་དུ་མཱནན་པ་འདི་ནི་དབང་མོ་ཞེས་བྱ་སྟེ། ་དེ་དག་ནི་གཉུག་མ་མ་ཡིན་པ་དང་། མཆོག་ཏུ་གོམས་པས་གཟུང་བར་བྱའོ།། ཁ་སྦྱོར་ལ་སོགས་པ་གསུམ་པ་འདི་དག་ནི། ཆགས་པའི་རོལ་པ་གཉུག་མ་ཉིད་དེ། གང་ཞེ་ན། ཁ་སྦྱོར་དང་། འཆར་བ་དང་། རྒོད་མ་ཅན་ཞེས་བྱ་བ ་སྟེ་ཡན་ལག་གྱོད་པ་དང་ཡང་སྦྱར་བར་བྱའོ།། དེ་ལ་གཉི་གའི་རྐང་པ་གཞིབས་ནས་བརྐྱང་སྟེ་སྦྱར་བ་འདི་ནི་ཁྭ་སྦྱོར་ཞེས་བྱ་སྟེ། དེ་ཡང་བརླ་འོག་ཏུ་གནས་པ་དང་གློར་གནས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ།། ཁ་སྦྱོར་གྱི ་དེ་ཉིད་ལས་ཐམས་ཅད་ལས་བུད་མེད་གཡསུ་བཞག་སྟེ། བརླ་ཅུང་ཟད་ཕྱེ་ནས་བཅུག་སྟེ། མནན་པོ་འདི་ནི་བཙིར་བྱ་ཞེས་བྱའོ།། སྦྱོར་བ་དེ་ཉིད་ལས་ཡན་ལག་ཀུན་ནས་འཁྱུད་དེ་ཕན་ཚུན་ཀུ་ཅོ་དང་ག་ཤའི་སྒྲ་རྩོད་པའི་ཚི་གི ་སྨྲ་བུ་དང་ལྡན་འདི་ནི་རྒོད་མ་ཅན་ཞེས་བྱའོ།། སྦྱོར་བ་དེ་དག་ལ་བསྡུ་ཞིང་མཉེ་བའི་བྱ་བ་དང་སྦྱར་བ་ནཱི་དབུགས་གྲང་མོ་གཏོང་ཞིང་ཚོགས་པ་དང་ལྡན་པས་རྒྱ་བ་དང་ནུ་མ་དང་བདྲེ་དང་བྱིན་པ་ལ་སོགས་པ་རྣམ་སུ་ལག་པ་ཕྱིན ་ཕྱོགསུ་གླུ་མོ་གཟུགས་པ་དང་།། ཁུ་ཚུར་དོང་ཐལ་མོ་དང་སྦྱོར་མོའི་བྱེ་བྲག་གིས་རྣམ་པ་བཞི་ཤེས་པར་བྱའོ།། དེ་ཉིད་ཀྱང་རྣམ་པ་བརྒྱད་དུ་དབྱེ་བར་བྱའོ།། ད་ནི་སིད་ཅེས་བྱ་བ་རྣམ་པ་བརྒྱད་བཤང་པར་བྱ་སྟེ། རུ་ཏི་དང་ཞེས་བྱ་བ ་དང་།། པུཏ་ཀྲི་ཏ་ཞེས་བྱ་བ་དང་། བདུད་རྩི་ཀྲི་ཏ་ཞེས་བྱ་བ་དང་། བདུད་ཀྲི་ཏཱ་ཞེས་བྱ་བ་དང་། སྭ་སི་ཏཱ་ཞེས་བྱ་བ་དང་། ཨ་བརྟ་ཞེས་བྱ་བ་དང་། བཱ་ར་ན་ཨབྡ་ཞེས་བྱ་བ་དང་། མོཀྟ་ཨརྦ་ཞེས་བྱ་བ་དང་། ཨ་ལ་མ་ཨནྨ་ཞེས་བྱ་སྟེ། དེ་དག ་ཀྱང་ཕུག་རོན་དང་། ཁུ་བྱུག་དང་། ཧ་རི་ཏ་དང་། དང་ནག་དང་། བུང་བ་དང་། དང་སྐྱ་དང་། ཐི་བྱ་དང་། ལ་བ་ཀ་སྟེ། སྲོག་ཚོགས་དེ་རྣམས་ཀྱི་སྐད་ཅིག་དང་རིམ་བཞིན་དུ་སྦྱར་ཏེ། དེ་ཡང་ཁོང་ན་གནས་པའི་སྒྲ་ལྐུགས་པ་དང་། ཁར་གསལ་པོར ་བྱུང་བའི་སྐད་གཉིས་སུ་བསྡུ་བར་བྱའོ།། དེ་ལྟར་སྐྱེས་པས་སིད་ཀྱི་སྐུ་བསྒྲགོས་པ་དང་། རྒྱང་ཏུ་ཁུ་ཚུར་བསྣུན་པ་ལ་སོགས་པའི་བྱ་བ་དག་ལ་ཆགས་པ་དང་ལྡན་ཞིང་བསྟན་བཅོས་ལ་བྱང་བའི་བུ་མོས་སླར་བསྣུན་པ་ལ་སོགས་པ་ནི་ལན ་དག་བྱས་ནས་ཡང་དག་པར་གཞུགས་པའི་བྱེ་བྲག་རྣམ་པ་བརྒྱད་ཀྱིས་བསྒྲུབ་པར་བྱའོ།། དེ་ཡང་ཆགས་པ་སྲན་པ་རྣམས་ནི་དང་པོ་འཁྲལ་འཁོར་གྱིས་བསྒྲུབ་པར་བྱའོ།། དེ་དག་ཀྱང་གང་ཞེ་ན། ཨུ་པ་སྲེ་ཏ་ཀང་དང་། མནྟྲ་དང་ནང་དང ་ཧུཏུ་ལ་དང་། ཨ་བ་མ་ཏ་ན་དང་། པི་ལི་ཏ་ཀིཾ་དང་། ནཪྵི་ཏཽ་དང་། བ་ར་ཧ་ག་ཏ་དང་། བྲྀ་ཤྭ་ཀི་ཏ་དང་། ཙ་ད་ཀ་བི་ལ་སི་ཏ་ཞེས་བྱ་བ་སྟེ། ཁ་སྦྱོར་གྱི་ཁྱད་པར་ཡིན་ནོ།། དེ་ལ་ཕན་ཚུན་ལྟོ་སྦར་ན་པདྨར་རྡོ་རྗེ་ཡན་པོར་བཅུག་ཙང་གསེགས་ལ་དུད ་པ་འདི་ནི་ཨ་པ་སེ་སྟ་ཞེས་བྱ་བྱའོ།། ལག་པས་ལིང་གའི་རྩ་བཟུང་སྟེ། ཕྱོགས་ཀུན་ཏུ་བསྐར་བ་འདི་མན་ཏ་ནང་ཞེས་བྱའོ།། བུ་མོ་རྐང་པ་བརྐྱང་སྟེ་གན་རྒྱལ་དུ་ཉལ་བ་ལ་སྨྲས་པས་སྙིང་དུ་ཕྲུལ་ཕྲར་ཐབ་སུ་གཟུགས་པ་འདི་ནི་དུ་ལ ་ཞེས་བྱའོ།། དེ་ཉིད་བཟློག་སྟེ་དགའ་དང་བཅས་པས་བསྐྱོད་པ་འདི་ནི་ཨ་བ་མརྟ་ན་ཞེས་བྱའོ།། ལིང་ག་བཅུག་ནས་ཡུན་རིང་དུ་བསྡམས་ཏེ་གནས་པ་འདི་ནི་པི་ལི་ཏ་ཀང་ཞེས་བྱའོ།། ལིང་ག་རིང་དུ་ཕྱིར་ཕྱུང་སྟེ་དྲག་ཤུལ་དུ་འཇུག་ཅིང ་བརྡེབས་པ་འདི་ནི་ནཪྻེ་ཏ་ཞེས་བྱའོ།། དེ་ཉིད་ལས་གཞན་གཉིས་ཀས་བརྡེབས་པ་འདི་ནི་བྲྀ་ཤ་གཱ་ཏ་ཞེས་བྱའོ།། གྱེན་དུ་འགྱེན་ཞིང་དལ་བུས་འཇུག་ཅིང་བརྡེབས་པ་འདི་ནི་བཱ་ར་ཧཱ་ག་ཏ་ཞེས་བྱའོ།། ལན་ཅིག་བཅུག་ནས་དེ་མ་ཐག ་ཏུ་ལུན་གསུམ་མམ་བཞིར་བརྔུབས་ནས་ཡང་ལན་གསུམ་མམ་བཞིར་འབྱུང་འཇུག་བྱེད་པའི་ང་ནི། ཙི་ཏ་ཀྲ་བི་ལ་སི་ཏ་ཞེས་བྱ་སྟེ། དེ་དག་ནི་ཆ་གསའ་བའི་གནས་ལ་ཀར་ན་སཾ་པུ་ཏ་ཞེས་བྱའོ།། སྐྱེས་པ་ལྟར་བྱེད་པ་ཞེས་བྱ་བ ་ནི་སྐྱེས་བུ་ཉམས་ཆུང་ཞིང་མི་ནུས་པ་དང་། བུད་མེད་ཤིན་ཏུ་ཆགས་པ་ཆེ་བ་རྣམས་ཀྱིས་སྐྱེས་བུའི་བྱ་བ་བྱེད་པ་སྟེ། ང་ཡང་རྣམ་པ་བརྒྱད་དུ་ཆགས་པའི་བཅོས་བསྟན་བཅོས་ལས་གསུངས་པས་དེར་ཤེས་པར་བྱའོ།། ་དེའི་ནང་ནས་སན?་ད་བུ་ཞེས་བྱ་བ་དང་། བྱ་མར་ཀྲ་ཞེས་བྱ་བ་དང་། བྲང་ཁ་ལི་ཏཱ་ཀཱ་ཞེས་བྱ་བ་གསུམ་ནི་གཙོ་བོ་ཡིན་ཏཽ། ང་ལ་རྒོད་མ་ཅན་གྱི་ཚུལ་དུ་གཟུང་སྟེ། ཡུན་རིང་དུ་སྡུད་པ་དང་། འཚར་བ་འདི་ནི་སན་ད་ཤ་ཞེས་བྱའོ།། འཁྲུལ་འཁོར་དང ་བཅས་པས་འཁོར་ལོ་ལྟར་ཀུན་ཏུ་བསྐོར་བ་འདི་ནི་པྲ་མ་ར་ཀ་ཞེས་བྱའོ།། དེ་ཉིད་ལས་བྱིན་པ་ཕན་ཚུན་དུ་བསྣོལ་ཏེ་ཀུན་ཏུ་བསྐོར་བ་འདི་ནི་པྲེད་ཀེ་ལི་ཏི་ཞེས་བྱའོ།། དེ་ལྟར་སྤྱད་པས་གལ་ཏེ་སྐྱེས་བུ་ངལ་བར་གྱུར་ན། འཕྲལ་བར་འཕྲལ་བ ་གཏང་དེ་ལ་ངལ་བསོ་ནས་སླར་ཡང་དེ་ལྟར་འཇུག་པར་བྱ་བ་དང་། དེའི་འོག་ཏུ་བུ་མོས་གོ་སླའོ་བཟློག་སྟེ་སྐྱེས་བུའི་བྱ་བ་བྱས་པས་སྐྱེས་བུ་འགགས་པའི་ཕྱིར་དང་། སྐྱེས་བུའི་སྟེང་དུ་སྤྱོད་པའི་ཕྱིར་ཕ་རུ་ཤའི་ཏོ་ཞེས་བྱའོ།། དེ་དག ་ཀྱང་བུད་མེད་སྲ་བ་དང་འཛག་པའི་བྱེ་བྲག་གི་མཚན་ཉིད་དང་པོར་ཤོས་པར་བྱས་ལ། ཙ་རིགས་པར་སྤྱད་པར་བྱའོ།། བྱ་བོ་དེ་དག་སྤང་བ་ནི་བུད་མེདོ་སེམས་ཁྲལ་ཆེ་བ་དང་། བུ་བཅོས་པ་དང་སྦྲུམ་མོ་དང་བྱ་བ་མང་དང་། ཤིན་ཏུ་གཞོན་ཞིང་རྒན ་པ་རྣམས་ལ་སྤང་བར་བྱའོ། རྒྱས་པར་ནི་དགའ་བའི་བསྟན་བཅོས་ལས་ཤེས་པར་བྱའོ།། དགའ་བའི་འཁོར་ལོར་ཞུགས་པ་ཞེས་བྱ་བ་ལ་སོགས་པ་ལ། ཆགས་པའི་སྡེ་འམ་ཆགས་པའི་ཚེ་གས་ཀྱི་ནང་དུ་ཞུགས་པ་ནི་དགའ་བའི་འཁོར་ལོ ་ཞུགས་པ་སྟེ་ཆགས་པས་ཤིན་ཏུ་མོས་པར་གྱུར་པ་རྣམས་ལ་རྣལ་འབྱོར་མའི་བསྟན་བཅས་ལས་བསྒྲུས་པའི་འོ་བྱ་བའི། རིམ་པ་རྣམས་ངེས་པར་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་གསུངས་པ། དགའ་བའི་འཁོར་ལོར་ཞུགས་པ་ལ། གནས ་གས་ངེས་པ་ཡོད་མ་ཡིན།། ཞེས་སོ།། ལྷག་མ་ནི་སྔར་བཤད་ཟིན་ཏོ།། རྫུ་འཕྲུལ་ལྡན་པའི་ཆ་ཞེས་བྱ་བ་ལ་སོགས་པ་ལ་ཆ་ནི་ཆ་ཤས་ཏེ། སྐྱོན་གྱི་ཚོགས་ཡིན་ལ་ཞེས་བྱ་བ་ནི། སྨན་ལ་སོགས་པའི་ཞེས་བྱ་བའི་ལྷག་མ་ཡིན་ནོ།། དབྲལ་བ ་ཞེས་བྱ་བ་ནི་ཆུའི་འཁྲུལ་འཁོར་ལ་སོགས་པའི་བྱ་བ་དཔྲལ་བ་སྟེ་སྔར་བསྟན་པའི་འཇིམ་པ་ལས་བྱས་པའི་སྨྱུག་མའི་སྦུ་གུ་ལྟ་བུ་ལ་སོགས་པའི་འཁྲུལ་འཁོར་གྱི་ནང་དུ་གཞག་ཅིང་གཡས་གཡོན་ཆུའི་དགང་བ་ལ་སོགས་པའི་བྱ ་བའི་ཁྱད་པར་རྣམས་ཀྱིས་སོ།། སྔར་རྡུལ་ཆུ་བཅིང་བ་སྐབས་སུ་གླང་ཚན་མགོའི་བཅུད་ཅེས་བྱ་བ་ལ་སོགས་པ་གང་གསུངས་པ། དེ་ནི་གླང་པོ་ཆེའི་སྣའི་རྣམ་པ་ལྟ་བུའི་སྨན་གྱི་ཁུ་བ་སྟེ། སེང་གེར་བཙོས་པ་དང་ཞེས་བྱ་བ་དང་སྦྱར་རོ།། རྡུལ་ཆུ ་བཞི་ཞེས་བྱ་བ་ནི་གྲུབ་པའི་རྡུལ་ཆུའི་དབྱེ་བ་རྣམ་པ་བཞིན་ཞེས་བྱ་བའི་དོན་ཏོ།། ལྷག་མ་ནི་གོ་སླའོ།། སྔོན་བཞིན་ཞེས་བྱ་བ་ནི་གནས་སྐབས་སྔ་མ་བཞིན་ནོ།། རྡོ་དང་བཅས་ཞེས་བྱ་བ་ནི་རྡོ་དང་འདྲེས་པ་དང་རྡོ་དང་སོའི་བར་དུ་འཇུག་པའོ།། སྐྱོན ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་འགྱུར་བ་ཞེས་བྱ་བ་འམ་ཡང་ན་དམན་ཞིང་སྤང་བར་བྱ་བ་ཞེས་བྱ་བའི་དོན་ཏོ།། སེར་སྐྱ་ཞེས་བྱ་བ་ནི་ཁ་དོག་སྟེ། སྐྱོན་ཞེས་བྱ་བ་དང་སྦྱར་རོ།། མུ་ཏིག་གི་ཡང་སེར་སྐྱ་སྟེ། སྙིང་པོ་མེད་པས་ཞེས་བྱ་བ་ནི་དོར་བར ་བྱའོ་ཞེས་བྱ་བའི་དོན་ཏོ།། སྣུམ་བག་མེད་པ་ཞེས་བྱ་བ་ནི་སྐྱ་ཞིང་སོབ་པའོ།། གསེར་ཛཽ་ཞེས་བྱ་བ་ནི་བཅག་ནས་སེར་པོ་ཕྱེ་ཕྱེ་པོར་འགྱུར་བའོ།། གསེར་མེང་པའོ་ཞེས་བྱ་བ་ནི་སྣུམ་བག་མེད་ཅིང་འཚར་བག་མེད་པའོ།། ཕུག་པ་ཞེས་བྱ་བ་ནི་རང ་བཞིན་གྱི་གྲུབ་པ་དང་། ལྦུ་བ་འདྲ་བ་དང་བུ་ག་སེང་པ་སེང་པོར་ཡོད་པའོ།། བཅོས་མའི་ལྷང་དྲྀ་ཞེས་བྱ་བ་ནི་རྡུལ་ལ་སོགས་པའི་ལྷ་དོ།། འགགས་པ་དང་སྲ་བ་ཅེས་བྱ་བ་ནི། གྱོང་བི་ཚལ་ཚལ་པོར་འདུག་པའོ།། སྦྲུལ་ལྟར་རིང་བ་ཞེས་བྱ་བ་ནི། སྦྲུལ་ལྟ ་བུའི་རི་མོ་ཡོད་པའོ།། སྐྱ་བོ་ཞེས་བྱ་བ་ནི་ཧ་ཅང་དཀར་ཆེས་པ་དང་། ཧ་ཅང་སེར་པ་དང་འོང་མེད་པའོ།། སྐྱོན་དེ་དག་ཐམས་ཅད་ཀྱིས་ཀྱང་སྔ་མ་བཞིན་ནོ་ཞེས་བྱ་བ་ནི། རྡུལ་ཆུ་གཟག་པ་ལ་སོགས་པ་ལ། སྔ་མ་ཁོ་ན་བཞིན་དུ་ཉེས་པ་དང་བཅས ་པར་འགྱུར་རོ།། ཆོ་ག་ཞེས་བྱ་བ་ནི་གཟག་པ་ལ་སོགས་པ་སྟེ། གཟང་བར་འགྱུར་རོ་ཞེས་བྱ་བ་ལྷག་མ་ཡིན་ནོ།། འོ་ཞེས་བྱ་བ་ནཱི་རིན་པོ་ཆེ་བརྟག་པ་ཡོངསུ་རྫོགས་པའོ།། སྲོག་ཆགས་ཞེས་བྱ་བ་ནི་ས་ལི་ཛི་ལ་སོགས་པའོ།། ་ཞེས་བྱ་བ་ནི་འབལ་ཀ་ལ་སོགས་པའོ།། སོ་སྟའི་འདབ་མའི་ཡང་སེར་སྐྱེའོ་ཞེས་བྱ་བ་ནི་བསྟན་པ་སྟེ། དེ་ཉིད་ཀྱི་བཤད་པ་ནི་ཁ་སོའི་རླིག་པ་ཞེས་བྱ་བ་འདི་ཡིནོ།། ས་ལི་ཛ་ཞེས་བྱ་བ་ཡིན་ནོ།། འདབ་མ་ཞེས་བྱ་བ་ནི་པགས་པའོ།། སེན ་ཞེས་བྱ་བ་ནི་ཆུ་སྲིན་སྡེར་མོའོ།། ཕག་པའི་རྣ་བ་ལྟ་དུ་ཞེས་བྱ་བ་ནི། དབྱིབས་ཕག་པའི་རྣ་བ་ལྟ་བུའོ།། ཉ་དང་ཐལ་སྨན་ལ་སོགས་པའི་དྲི་ལྟ་བུ་དང་ཞེས་བྱ་བ་ནི་ཉི་འདྲི་དང་ཐལ་བའི་དྲི་བྲི་བའོ།། མེས་བསྲེགས་ན་མྱུར་དུ་ཐལ་བར་འགྱུར་བ ་ཞེས་བྱ་བ་ནི། མེས་རེག་ན་མྱུར་དུ་ཚིག་པ་སྟེ། ཐལ་བར་ལྡོགསྡེ་པའོ།། རིགས་ཀྱི་སྐྱོན་ཆེན་པོ་ཞེས་བྱ་བ་ལ། རི་དགས་ནི་གྲ་བའོ།། དེའི་སྐྱོན་ཏེ་ཉེས་པའོ།། ལས་ཐམས་ཅད་ལ་སྦེང་བར་བྱའོ་ཞེས་བྱ་བ་ནི། ལསོ་ཅོག་ལ་ཕན་མི ་འདོགས་སོ་ཞེས་བྱ་བའི་བར་དུའོ།། མདོག་མེད་པ་ཞེས་བྱ་བ་ནི་མདོག་སྣ་ཚོགས་པའོ།། རྒྱ་མཚོའི་སྦུ་བ་ལྟ་བུ་ཞེས་བྱ་བ་སྐྱེ་ཞིང་སོ་བ་པའོ།། ཉེས་པ་གསུམ་ཞེས་བྱ་བ་ནི་རླུང་དང་ཁྲིས་པ་དང་བདྨ་ཀན་ནོ།། ཆུའི་སྟེང་ན་འཕྱོ་བ་ཞེས་བྱ ་བ་ནི་ཆུར་བཞག་ནི་གཏིང་དུ་མི་འབྱིང་བའོ།། པྲི་ཡང་ཀུའི་ནི་ལྗང་གུ་སྟེ་འག་ལོ་ཞེས་བྱ་བ་ལོ།། ལྗང་གུ་ནི་ལྗང་སེར་རོ།། འོག་ལཾ་བ་ནི་ཕན་མི་འདོགས་པའོ།། གུ་ཀུམ་གྱི་ཞེས་བྱ་བ་ལ་སོགས་པ་ལ། བློ་ལྡན་པས་ཞེས་བྱ་བ་ནི་ཤེས་རབ ་པར་བྱའོ།། ཞེས་བྱ་བ་དང་སྦྱར་རོ།། ཅི་ཞིག་ཅེ་ན་ཕྲ་བ་དང་ཞེས་བྱ་བ་སྟེ་གོ་སླའོ།། རླན་ལས་སྐྱེས་པ་ཞེས་བྱ་བ་ནི། འདམ་ལ་སོགས་པ་ལས་སྐྱེས་པའོ།། ལྗང་གུ་ནི་ལྗང་ནག་གོ།། རྩ་བ་མེད་པ་ནི་རྩ་བའི་རྡོག་པོ་མེད་པའོ།། ཕྲ་བ་ཞེས་བྱ་བ་ལ ་རྣ་བ་ཤིན་ཏུ་ཕྲ་བ་སྟེ། སྤོང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ལ་བ་ན་ནི་ཙམ་པ་ཀའོ།། ཁོ་ཆེར་བྱེ་བ་ནི་ཁ་མང་དུགས་ཤིང་བཀྲུས་པ་སྟེ། འགལ་ལོ་ཞེས་བྱ་བ་དང་འབྲེལ་ཏོ།། ཁ་ཅིག་ནི་ཁ་ཚུར་བྱེ་བ་ཞེས་བྱ་བ་ནི། དུས་མ་ཡིན་པར ་སྐྱེས་པ་གཟུང་བར་བྱའོ་ཞེས་ཟེར་རོ།། བུ་མང་བ་ཞེས་བྱ་བ་ནི་ནང་གི་གེ་སར་མང་བ་སྟེ། སྤང་བར་བྱ་ཞེས་བྱ་བ་དང་འབྲེལ་ཏོ།། ཉོན་ཅིག་ཅེས་བྱ་བ་ལ་སོགས་པས་ནི། རྩི་བ་ལ་སོགས་པའི་སྐྱེ་གནས་བརྟན་ཏེ། རྩི་དང་རྫས་རྣམས ་ཞེས་བྱ་བ་ནི་རྩི་དང་སྨོན་ཀྱི་རྫས་གྱི་ཚོགས་རྣམས་ཀྱིའོ།། ཡུལ་ཞེས་བྱ་བ་སྐྱེ་གན་སོ།། ཁ་བ་ཅན་ཞེས་བྱ་བཾ་ལ་སོགས་པ་ལ། ཁ་བ་ཅན་ཡང་ཡོན་ལ་རཱིའི་རྩེ་མོ་ཡང་ཡིན་པས་རི་ཁ་བ་ཅན་གྱི་རྩེ་མོའོ།། རི་བོ་དབང་ཆེན་དང་འབིགས་བྱེད་ཀྱི ་བྲག་ཅེས་བྱ་བ་ལ། བྲག་གི་སྒྲ་ནི་གཉིས་ཀ་དང་སྦྱར་ཏེ། ནགས་ཀྱི་ནང་ན་རྡོ་རྗེའི་ཚོགས་ཡོད་པ་ནི་བྲག་གོ།། གཞན་ཡང་ཞེས་བྱ་བ་ནི། གནས་དེ་དག་རྩི་འབའ་ཞིག་ཏུ་མ་ཟད་ཀྱི། སྨན་གཞན་དག་གི་ཡང་སྐྱེ་གནསུ་གྱུར་པའོ།། ཡང་ན ་གཞན་ཡང་ཞེས་བྱ་བ་ནི་སྐྱེ་གནས་གཞན་སྟོན་པའི་ཚིག་གི་ཕྲད་ངོ་།། མིག་སྨན་ལྟ་བུ་ཞེས་བྱ་བ་ནི། ཆུ་ཞེས་བྱ་བ་དང་། བྲག་ཅེས་བྱ་བ་ནི་གཉིས་ཀ་དང་སྦྱར་རོ།། གང་དག་གིས་རྩི་བྱིར་གྱིས་རློབ་པའི་གནས་ཞེས་བྱ་བ་ལ། ཅི ་རྩི་བྱིན་གྱིས་རློབ་པ་ནི་སྨན་གྱི་ཚོགས་སོ།། རྩི་དང་སྨན་བྱིན་གྱིས་རློབ་པ་ནི་རྩི་བྱིན་གྱིས་རློབ་པ་ནི་རྩི་བྱིན་གྱིས་རློ་སྟེ། གཅིག་ལུས་པའི་སྦྱོར་བ་ཡིན་ནོ།། མཁའ་ལས་སྣ་ཚོགས་སངས་རྒྱས་སྒྲའི་གསལ་བྱེད་པ། ཞེས ་བྱ་བ་ནི། ས་ཕྱོགས་གླིང་གི་སྟེང་གི་ཆ་ན་དྲུང་སྲོང་ལ་སོགས་པའི་མི་དང་མི་མ་ཡིན་པའི་སྒྲ་ཡོང་ཚིམ་པར་བྱེད་པའི་སྒྲ་སྒྲོགས་པའོ།། ཡང་ན་རྟག་ཏུ་འབྲིག་གི་སྒྲ་སྒྲོགས་པའོ།། རི་ཤོད་ཆུ་འབབ་པ་ཞེས་བྱ་བ་ནི་རླབས་དང་བཅས་པའི ་ཡིད་དུ་འོང་བ་ཟག་གི་རྩེ་མོན་འབབ་པའོ།། ནོར་བུ་རྣམས་ཀྱི་སྐྱེ་གནས་བསྟན་པའི་ཕྱིར། དེ་ལ་བྲག་དཀར་པོ་ལས་ནི་ཞེས་བྱ་བ་ལ་སོགས་སྨོས་ཏེ། ཤལ་དང་ཆུ་ཤེལ་ལ་སོགས་པའི་ནོར་བུ་ཞེས་བྱ་བ་ལ་ནོར་བུའི་སྒྲ་ནི་གཉིས་ཀ་དང ་སྦྱར་བར་བྱ་སྟེ། ཤལ་ནི་གྲགས་པར་ཟད་དོ།། ཆུ་ཤེལ་ནི་ནོར་བུ་ཟླ་འོད་ཅེས་བྱ་བ་གང་ཡིན་པའོ།། བྲག་སེར་པོ་ཞེས་བྱ་བ་ལ་སོག་སྣ་པ་ལ། ཆུ་སེར་པོ་འབབ་པ་ཞེས་བྱ་བ་ནི། བྲག་སེར་པོ་གང་ཆུ་སེར་པོའི་ཆུ་རླབས་དང་འཐབ་པ་ཡོད ་ཧཱུཾ་སྟེ། དེ་ལྟར་འཐབས་པའི་སྲུབ་ལས་ནི་བྷུ་རུ་འབྱུང་བ་ཡིན་ལ། བླག་སེརུ་པོ་དངོས་ལྔས་ནི་བཙགྲ་སྟེ་ག་སེར་བཙོག་གོ།། བརྒྱ་བྱིན་གྱིས་ཞེས་བྱ་བ་ལ་སོགས་པ་ལྔ། བརྒྱ་བྱིན་གཞུ་ལྟ་བུའི་ནོར་བུ་དང་། ནོར་བུ་ཛི་པན་ཏཱ་ཞེས་བྱ ་ནིཿནོར་བུ་ཛི་བིན་ཞེས་བྱ་བར་གྲགས་པ་དང་། འཇའ་ཚོན་ལྟར་ཁ་དོག་སྣ་ཚོགས་པའི་ནོར་བུ་སྟེ། དེ་གཉིས་རི་དམར་པོ་དག་ལས་སྐྱེས་པར་འགྱུར་རོ།། ཞེས་བྱ་བ་ནི་བྲག་ཁ་དོག་སྔོ་དམར་དུ་འདུག་པ་ལས་སྐྱེ་བའོ།། རིའི་ལྗོངས ་ཞེས་བྱ་བ་ནི་རིས་ར་བལྟར་བསྐོར་བའི་གཤོང་ངོ་།། དྲོ་བ་དང་བཅས་པ་ཞེས་བྱ་བ་ནི། ཆུ་ཚ་མོ་འབབ་ཅིང་ས་ཕྱོགས་དྲོ་བའོ།། ཁུར་པ་ཞེས་བྱ་བ་ནི་བར་པའི་གསེར་རྡོའོ།། གཞན་དག་ཅེས་བྱ་བ་ལ་སོགས་པ་ནི་ཟངས་རྡོ་ལ་སོ ་བའོ།། ལྕགས་ཁབ་ལེན་གྱི་རིགས་རྣམ་པ་བཞི་ཞེས་བྱ་བ་ནི། འབར་བྱེད་དང་གཡོ་བྱེད་དང་འདྲེན་བྱེད་དང་ཞུ་བྱེད་ཅེས་བྱའོ།། དེ་ལྟར་ཡང་གསུངས་པ། འབྱར་བྱེད་དང་ནི་གཡོ་བར་བྱེད།། འདྲེན་པར་བྱེད་དང་ཞུ་བྱེད་པ།། ཁབ་ལེན ་རིགས་ནི་རྣམ་བཞི་ལ། བཟང་པོ་འདི་བཞིར་བཤད་པ་ཡིན་ཞེས་སོ།། བྱི་མཱ་ལ་ཞེས་བྱེ་བ་ནི། བྱི་མཽ་ལ་ཨ་བཛྲ་ཛཱ་ནཱའོ།། སྙམ་པ་ན་ཞེས་བྱ་བ་ན་ཛིའི་ཁྱད་པར་རོ།། བྲག་ཁ་དོག་སྔོ་དམར་དུ་འདུག་པ་དང་། སྣ་ཚོགས་སུ་འདུག་པ ་ལས་ཞེས་བྱ་བ་ནི། རིའི་ཁྱད་པར་གཞན་སྣ་ཚོགས་ལས་སོ།། བྲག་སུམ་ཞིང་ཞེས་བྱ་བ་ལ་སོགས་པ་ལ། སུམ་པ་ནི་བྱེ་མ་ལ་སོགས་པ་དང་བཅས་པའོ།། སྲོག་ཆགས་དང་བཅས་པ་ཞེས་བྱ་བ་ལ་སོགས་པ་ནི། སྡིག་པ་དང ་སྦྲུལ་ལ་སོགས་པའི་སྲོག་ཆགས་ཕྲ་མོ་མྱང་པོ་ཡོད་པའོ།། ཚལ་ལ་སོགས་པ་ཞེས་བྱ་བ་ལ་སོགས་ཀྱིས་ན་སོརྫྫ་ག་ཀ་ལ་སོགས་པ་བཟུང་ངོ་།། དི་དག་བླང་བ་ཡང་ཞེས་བྱ་བ་ལ་སོགས་པས་ནི། བྱུང་བའི་ཆོ་ག་སྟོན་ཏེ། ་གཏོར་མ་བྱིན་ལ་ཞེས་བྱ་བ་ནི། ཐུན་མོང་གི་ཆོ་གའོ།། ལྕི་ནྡན་གྱི་སྦྱོར་བས་སྒྲུབ་པ་ཞེས་བྱ་བ་ནི། དངུལ་ཆུ་བ་སྒྲུབ་པའི་ཁྱད་པར་གྱི་ཆོ་ག་སྟེ། མཚལ་ལ་སོགས་པའི་ཕྱེ་མ་འོགོ་ནས་མེས་བཅོས་ཤིང་ལྕི་རྣོན་གྱིས་གཟུང ་ནས་བསླབས་ལ་ཀཱ་བའི་སྣོད་དུ་བླང་བར་བྱའོ།། ཞེས་བྱ་བ་དང་སྦྱར་རོ།། རིག་པ་དེ་དག་ཅེས་བྱ་བཱ་ནི་དངུལ་ཆུའོ།། ཚངས་པ་བརྒྱ་བྱིན་ལ་སོགས་པ་འགྲུབ་ན་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའི་གོ་འཕང་ཡང ་དངུལ་ཆུས་འཐོབ་པ་སྟེ། འདི་ས་ནི་ཚུན་ཡོད་བསྟན་པལླེ། དངུལ་ཆུ་སྨྲ་བོའི་ལོ་རྒྱུས་བསྟན་པའི་ཕྱིར། འདས་པའི་དུས་ན་ཞེས་བྱ་བ་སྨོས་ཏེ། བསྐལ་པ་དང་པོ་ཞེས་བྱ་བ་ནི་འཇིག་རྟེན་ཆགས་ན་སཱ་ནི་རིང་པོ་མྱ་ལོན་པའི་དུས་སོ།། ་ལྷག་མ་པའི་ལྷ་ནི་ལྷན་ཅིག་བཞུགས་ཞེས་བྱ་བ་ནི། དེའི་དུས་སུ་སྐྱེ་བོ་རྣམས་འདུལ་བར་གཟིགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་ལྷའི་ལྷ་ཆེན་ཉིད་དུ་སྤྲུལ་ནས་མཛད་པའོ།། ལྷ་མིན་གྲུབ་སོགས་མཐོང་སྟེ་ཞེས ་བྱ་བ་ལ། གྲུབ་ནི་གྲུབ་སྟེ་པའི་སྐྱེ་གནས་ལས་བྱུང་བའོ།། ལྷའི་ཚོགསྔོ་ནི་ལྷའི་སྡེ་རྣམས་ཏེ། དེ་དག་དང་བཅས་པས་མཐོང་ན་སྐྲག་བཱར་འགྱུར་བ་ནི་འོད་དང་བཅས་པར་འབར་བའི་ཕྱིར་རོ།། ཅི་ཞིག་ཅེ་ན། ཐིགྶ་ལེར་ཞུ་བ་སྟེ་བཙུན ་མོ་དང་བཅས་འདུས་པའི་འདོད་ཆགས་ཀྱི་མྱེ་འབར་བའི་ཐིག་ལེའི་གཟུགས་ཞུ་བའོ།། སངས་རྒྱས་ཐམས་ཅད་འདུས་ནས་ནི་ཞེས་བྱ་བ་ནི་གཅིག་ཏུ་ཚོགས་པར་གྱུར་པའོ།། སྐུལ་བར་བྱེད་ཅེས་བྱ་བ་ནི་གླུའི་དབྱིངས་ཀྱིས ་སད་པར་བྱེད་པའོ།། ཅིའི་ཕྱིར་ཞེ་ན། བདུད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདུད་ཀྱིས་ཀུན་ཏུ་གཏོར་བ་ནི་གཟིགས་ནས་མྱུར་དུ་ང་ལ་སྐུལ་བར་བྱེད་ཅེས་བྱ་བ་དང་སྦྱར་ཏེ། སྐྱེ་བོ་རྣམས་ཀྱི་སོད་ནམས་དམན ་པས་བདུད་ཀྱིས་གནས་ཐམས་ཅད་དུ་གཏོར་བ་གཟིགས་ནས་བསྐུལ་བའོ།། ཐམས་ཅད་རྨོངས་པར་བྱེད་པའི་ཞེས་བྱ་བ་ནི། བུད་མེད་ཐམས་ཅད་ཆགས་པར་བྱེདདེ་པའོ་དངུལ་ཆུ་ཞེས་ནི་བྱ་བར་གྲགས་ཞེས་བྱ་བ་ནི། བདུད་ཀྱིས་གཏོར་བའི ་ཐིགས་པ་དེ་དག། དིང་སྲང་འཇིག་རྟེན་ན་དངུལ་ཆུ་ཞེས་བྱ་བར་གྲགས་པ་སྟེ། དེས་ན་ཚེ་དང་ནུང་མཽད་པ་ལ་སོགས་པ་འབེལ་བ་ཡིན་ནོ།། ད་ནཱི་དྲིའི་ཡོན་ཏན་གསུངས་པ། ད་ནི་ཞེས་བྱ་བ་ལ་སོགས་པ་ལཾ། མཆོག་དང་དམན་དང་བར་མ ་ཡིན་ཞེས་བྱ་བ་ནི། གླ་རྩི་ཞེས་བྱ་བ་དང་སྦྱར་ཏེ། དེ་ལ་དཀར་པོ་ནཱི་དམན་པའོ།། དམར་པོ་ནི་བར་མའོ།། སེར་པོ་ནི་མཆོག་གོ། ཀེ་ཏ་ཀེ་ལྟར་དྲི་ཞིམ་ཞིང་ཞེས་བྱ་བ་ནི། མཉེས་ན་མེ་ཏོག་ཀ་ཏ་ཀི་ལྟར་དྲི་ཞིམ་པའོ།། ཡང་བ་ནི་སྲང་ལ་གཞལ་བས་ཤེས ་པར་བྱའོ།། དེ་དག་ཀྱང་གསུངས་པ། གང་ཞིག་མཉེས་ན་ཀེ་ཏ་ཡཱི། དྲི་ལྟ་བུ་ཡི་དུང་ལྡང་ཞིང་།། ཁ་དོག་དག་ནི་ཤིན་ཏུ་སརྲ།། མྱངས་ན་ཁ་དང་ཚ་བའི་རོ།། མཉེས་ན་སྣུམ་ཞིང་གཞལ་ན་ཡང་།། བསྲེགས་ན་ཐལ་བར་མི་འགྱུར་ཞིང་།། པགས་པ་ལང་ལོང ་དྲི་ཞི་དང་ལྡན།། རཱི་དགས་མཆོག་གིས་ལུས་བྱུང་། ལྷ་རྫས་འདི་ནི་མཆོག་གི། ལོངས་སྤྱོད་ཡིན་པར་དཱ་ཡིས་བཤད་ཅེས་སོ།། དེ་ལ་ཆུའི་ནང་དུ་བླུགས་ན་མྱུར་དུ་ཆུ་དམར་པོ་འམ་སེར་པོར་འགྱུར་བ་ནི་བཅོས་མ་ཡིན་པར་ཤེས་པར་བྱ་སྟེ། དེ་ཡང ་གསུངས་པ། རི་དགས་ལུས་ལས་བྱུང་བའི་དྲི།། མཁས་པས་ཡིས་ནི་བརྟགས་བྱས་ཏེ། ལག་པའི་མཐིལ་དུ་ཆུ་བླུ་གས་ནས། ད་ཡིད་ནང་དུ་བཞག་པར་བྱ།། སྐད་ཅིག་གིས་ནི་དམར་པོ་འམ། ཆུ་ཡི་ཁ་དོག་སེར་མཐོང་ན། དཽ་ནི་བཅོས ་བ་ད་ནས་བྱས་ཏེ། རན་ཐང་བསྐྱེད་པར་སྨྲ་བྱའོ།། ཁ་ཏ་ས་ན་སྲོག་ཆགས་ཅར་མང་ངོ་།། རྒྱ་མ་ཞུས་བྱ་བ་ན་ལམ་ཆ་ཅན་གྱི་ཆུ་ལས་བྱུང་བའོ།། གཉིས་གཉིས་ཞེས་བྱ་བ་ནི་སན་མ་ཏའི་རྨིག་པ་ལྟ་བུ་དང་། ཀླུང་བནྡྷའི་སྣ ་བུ་དང་གཉིས་དང་། བཱ་ཏ་ལི་ཨུ་ལིའི་འདབ་མ་ལྟ་བུ་དང་། ཤིང་ལོ་ལྟ་བུ་དང་། འདི་དག་ལས་དྲི་སྦྱར་བར་འོས་པ་ཡིན་ནོ།། ཞེས་བྱ་བའི་དོན་ཏོ།། བྱ་རོག་མཆུ་འདྲ་ཞེས་བྱ་བ་ནི་གཅག་ན་བྱ་རོག་གི་ཆུ་ལྟར་གནག་པའོ།། རྩ་བ་སོར་མོའི་དབྱིབས་འཇབ ་ཞེས་བྱ་བ་ནི། མཐེའུ་ཆུང་གི་ཚེད་ཙམ་ལ་མདུན་པ་དམ་དུ་བཅས་པའོ།། མུ་ར་ཞེས་བྱ་བ་ནི་གོ་སླའོ།། ནད་ཀྱི་དབང་པོ་ཞེས་བྱ་བ་ནི་མཛེ་སྟེ་རུ་དྷའི།། ཡུང་བཀུར་ཏཱ་ཙ་ལྟར་སེར་ཞེས་བྱ་བ་ལ་ཀུ་ཏ་ཙ་ནི་གྲ་ཀུམ་སྟེ། དེའི་མདོག་དང་བཾ་འདྲ་བའོ།། ར་ན ་ཞེས་བྱ་བ་ནི་རེ་ནུ་ཀའོ།། འབྲིང་པོ་ཡིན་ཞེས་བྱ་བ་ནི་སྦྱར་དུ་རུང་བར་བསྟོན་པ་ཡིན་ཏེ། སྤང་བར་བྱ་བའི་མཚན་ཉིད་ནི་སྔར་བཤད་ཟིན་ཏོ།། ཀྱེ་བར་ནི་གླ་སྒང་ཞེས་བྱ་བ་ནི་ཀུ་ཏན་ཏ་ཞེས་བྱ་བའོ།། འབྲི་ཞེས་བྱ་བ་ནི་བླང་དུ་རུང་བསྟོན་པ་ཡིན་ནོ།། ལྷག ་མ་ནི་གོ་བས་རྣམ་པར་མ་བྱའོ།། ད་ནི་ཚིམ་པར་བྱ་བའི་གཙོ་བོ་ཆང་གི་ཡོན་ཏན་བསྟན་པར་བྱ་བའི་ཕྱིར། ད་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ་ཚིམ་པ་ཞེས་བྱ་བ་ནི་སྔར་ཐལ་བའི་དྲི་དང་ཡང་སྦྱར་རོ།། མ་ཏཽ་ཞེས་བྱ་བ་ནས་ཛ་ག་ལ་ཞེས་བྱ་བའི ་བར་དུ་རྣམ་པ་བཞི་ནི། མདོར་བསྡུས་པའི་དབྱེ་བའོ།། མ་ཏི་རྣམ་པ་ལྔར་བཤད་དེ་ཞེས་བྱ་བ་ནས། དེ་བཞིན་ཛ་ལོ་ག་ནི་གསུམ་ཞེས་བྱ་བའི་བར་དུ་ནི་རྒྱས་པར་ཕྱེ་བ་སྟེ། ཉི་ཤུ་རྩ་གསུམ་དུ་འགྱུར་རོ།། སྦྲང་རྩི་ལས་བྱུང་དང་པོ་སྟེ།། ཞེས་བྱ ་བ་ལ་སོགས་པ་ནི་མ་ཏིའི་དབྱེ་བ་ལྔ་སྟེ་གོ་སླའོ།། རབ་ཏུ་དང་ཞེས་བྱ་བ་ལ་སོགས་པ་ལ། མདོར་བསྡུས་ནས་ཞེས་བྱ་བ་ནི་ཤིན་ཏུ་རྒྱས་པར་མ་ཡིན་པར་རོ།། ཨི་ཀཱ་ལས་བྱུང་བ་དང་པོ་སྟེ། ཞེས་བྱ་བ་ལ་སོགས་པ་ནི། འོག་ཏི་དབྱེ་བ་རྣམ་པ་བདུན་ནོ།། འབྲས ་བུ་ཞེས་བྱ་བ་ལ་སོགས་པ་ནི། ཛ་ག་ལིའི་དབྱེ་བ་རྣམ་པ་གསུམ་སྟེ། འབྲས་ཀྱི་ཁུ་བ་ཞེས་བྱ་བ་ནི། རྒུན་འབྲུ་ལ་སོགས་པའི་ཁུ་བ་སྟེ། འབྲུ་ཆང་དང་སྦྱར་པོའོ།། མེ་ཏོག་ཅེས་བྱ་བ་ནི་མེ་ཏོག་ལས་བྱུང་བ་སྟེ། སྔ་མ་བཞིན་འབྲུ་དང་སྦྱར་བར་བྱའོ།། གཞན ་ཞེས་བྱ་བ་ནི་འབྲུ་འབའ་ཞིག་ལས་བྱུང་བའོ།། ད་ནི་མ་ཏིའི་ཆང་གི་སྦྱོར་བ་བསྟན་པའི་ཕྱིར། ཉ་བུ་ཅན་གྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཉ་བུ་ཅན་གྱི་འབྲས་བུ་ཞེས་བྱ་བ་ནི། འབྲས་བུའི་ཁྱད་པར་གང་ཉ་བུ་ཅན་ཞེས་བྱ་བ་གྲགས་པའོ།། ཙག ་ཨང་གི་ནི་ལེགས་མཐོང་ངོ་།། ཉི་མའི་འོང་ལ་བཙོ་བར་བྱ་ཞེས་བྱ་བ་ནི་ཆུ་བསྐམས་ཀྱི་བར་དུ་ཉི་མ་ལ་བསྐྲང་པར་བྱའོ།། དེ་ནས་ཅི་ཞིག་བྱ་ཞེ་ན། ས་ཧ་ར་ཞེས་བྱ་བ་ལ་སྨོ་སོགས་པ་སྨོས་ཏེ། ས་ཧ་ར་ནི་ཙུ་ཏིའི་ཁུ་བའོ།། འུ་སུ་ནི་འུ་སུའི་མེ་ཏོག་སྟེ། དེ ་ཉིད་ཀྱི་བཤང་པ་ནི་ཤཱ་ལྱཱ་བུ་ལླའོ།། མ་ལ་ཡ་ཞེས་བྱ་བ་ནི། རཱི་མ་ལ་ཡ་ལས་སྐྱེས་པ་སྟེ་ཙན་དྲན་ནོ།། གཞོན་ནྱ་མ་ཞེས་བྱ་བ་ནི་པྲི་ཡང་ཀུ་སྟེ། རི་ལུས་སྐྱེས་པ་ཞེས་བྱ་བ་ནི་བྲག་གི་སེར་གཱ་ལས་སྐྱེས་པའོ།། ཛཱ་ཏི་ནཱི་ཛཱ་ཏི་ཕ་ལའོ།། ཆུ་ནི་དེའི་བཞིར་འགྱུར ་བཅས་ཞེས་བྱ་བ་ནི་ཉི་མའི་འོད་ལས་བཙོ་བར་བྱ་ཞེས་བྱ་བ་འོག་ནས་འབྱུང་པོ་དང་སྦྱར་རོ།། དེ་ནས་ཡང་ཅི་ཞིག་བྱ་ཞེ་ན། སྔོན་པོ་ཞེས་བྱ་བ་ལ་སོགས་པ་སྨས་ཏེ། སྔོན་པོ་ཞེས་བྱ་བ་ནི་པི་པི་ལོང་ངོ་།། ཏ་མ་ལ་ཞེས་བྱ་བ་ནི་བྲི་ཡང་ཀུའོ།། ལྷག་མ ་ན་གོ་སླ་སྟེ།། དེ་དག་ནི་ཆར་རེ་བྱ་ཞེས་བྱ་བ་དང་སྦྱར་རོ།། བུ་རམ་ཞེས་བྱ་བ་ནི་བུང་ཤིང་གི་ཁུ་བའོ།། ཉི་མའི་འོད་ལ་བཙོ་བར་བྱ་ཞེས་བྱ་བ་ནི་གོ་སླའོ།། དེ་ནས་ཡང་ཅི་ཞིག་བྱ་ཞ་ན། སྔན་པ་ཞེས་བྱ་བ་ལ་ད་ནས་ཞེས་བྱ་བ་ལ་སོགས ་པ་སྨོས་ཏེ། དེ་མཉམ་དང་ཞེས་བྱ་བ་ནི་དེ་ཐམས་ཅད་དང་མཉམ་པའོ།། བདུག་སྤོས་ཀྱིས་ནི་བདུག་པར་བྱ་ཞེས་བྱ་བ་ནི། འོག་ནས་ག་པུར་དང་ནཽ་གླ་རྩི་སྟེ་བདུག་ཅེས་བྱ་བས་བསྟན་ཏོ།། ཐོག་མ་ཐ་མ་མཉམ་པ་སྟེ། ཞེས་བྱ་བ་ལ་ཐོག་མ་ནི ་སྔར་གྱི་ཆ་།། ཐ་མ་ནི་ཛ་བུ་ཀའི་ཤིང་སྟེ། སླར་ཡང་འཛམ་བུའི་ཤིང་དང་བདུང་མཉམ་པོར་སྦྱར་རོ་ཞེས་བྱ་བའི་དོན་ཏོ།། བར་མ་ཞེས་བྱ་བ་ནི་སྦྲང་རྩི་སྟེ། དེ་གཉིས་ཀཽ་བསྡོངས་པའི་བཞི་འགྱུར་དུ་སྦྲང་རྩི་བླུགས་པའོ།། དུ་ཧི་ག་ཕུར་གྲཱ་རྩཝས ་བདུག་ཞེས་བྱ་བ་ལ། དུ་ཧི་ནི་ཙན་དན་ཏི་དང་པོར་ཙན་དན་ག་པུར་དང་གྱིས་བདུགས་ལ་དེའི་འོག་ཏུ་གླ་རྩིས་བདུག་པར་བྱའོ།། དེ་ནི་རྩིག་མོ་ནས་ཡིན་ནས་ནི་ཆང་དེ་ནི་སྒེག་མོ་ཞེས་བྱ་བ་ཡིན་ཏེ། དྲི་ཞིམ་པོས་བདུག་པའི་ཕྱིར་རོ།། དེ་ཡང་འོག་ནས་དྲི་ཞིམ ་དང་བཅས་སྒེག་མོར་བཤད་ཅེས་གང་གསུངས་པའོ།། རབ་ཏུ་མྱོས་པའི་སྦྱོར་བ་གསུངས་པ། ཏྲིའི་མེ་ཏོག་ཅེས་བྱ་བ་ལ་སོགས་པ་ལ་བུ་རམ་ཁུ་བ་ཞེས་བྱ་བ་ནི་བུར་ཤིང་གི་ཁུ་བས་སྤེལ་བའོ།། རབ་ཏུ་མྱོས་བྱེད་ཅེས་བྱ་བ་ནི། ཛཱ་ཏི་པུཥྤ ་སོགས་པའི་མེ་ཏོག་གིས་བསྒོས་པའི་ཕྱིར་ཏེ། འོག་ནས་མེ་ཏོག་གིས་བསྒོ་རབ་མྱོས་ཡིན་ཞེས་གང་གསུངས་པའོ།། རྣམ་པ་གཞན་གསུངས་པ། ཆུ་ཤིང་ཞེས་བྱ་བ་ལ་སོགས་པ་ལ་ཆུ་ཤིང་གི་འབྲས་བུའོ།། དེ་བཞིན་ཞེས་བྱ་བའི ་སྒྲས་ནི་བུར་ཤིང་གི་ཁུ་བ་བཟུང་བར་བྱའོ།། ཕུར་མོ་ཞེས་བྱ་བ་ནི་པུར་མོའི་སྙེ་མའོ།། དེ་དག་གི་ནི་འདི་སྐད་དུ་བུར་ཤིང་གི་ཁུ་བ་སྲང་བརྒྱད་དང་། སྒེག་མོ་སྲང་བརྒྱད་ཀྱི་ནང་དུ་ཕུར་མོའི་ཕྱེ་མ་སྲང་གཅིག་བླུགས་ཏེ། སྐྱེ་མར་བྱས་པའི་ནང་དུ་ཆུ་ཤིང ་འབྲུས་བུ་སྨན་པ་རྡོག་མ་བརྒྱད་བཙོ་ཞེས་བྱ་བར་སྟོན་ཏོ།། ཡང་རྣམས་པ་གཞན་གསུངས་པ། འབྲས་བུ་གསུམ་དང་ཞེས་བྱ་བ་ལ་སོགས་པ་ལ། ཤིར་ཤིང་ཞེས་བྱ་བ་ནི་རྒྱ་སྤོས་སོ།། ལྷག་མ་ནི་གོ་སླའོ།། མཾ་ཏིའི་ཆོ་ག་འདི་ཡིས་ནི།། པེ་སྠི ་ལ་སོགས་པའི་ཆོ་ག་ཡང་ཤེས་པར་བྱའོ།། ད་ནི་པོསྠིའི་ཕབས་བཅོས་པའི་ཆོ་ག་བསྟན་པའི་ཕྱིར། ཆུན་འབྲུའོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤིང་དབང་ཕྱུག་ཞེས་བྱ་བ་ནི་ཤིང་ཏཱ་ལའོ།། སྒྲའི་རྩ་བ་རྣམ་པ་གཉིས་ཞེས་བྱ་བ་ནི་སྒྲ ་དཀར་ནག་གི་རྩ་བའི་ལྡུམ་བུའི་རྩ་བ་གཉིས་སོ།། པ་ཏ་མེ་ཏོག་ལ་སོགས་བཅས་ཞེས་བྱ་བ་ནི་རྩེ་བ་དང་འདམ་མ་ལ་སོགས་པ་དང་བཅས་པའོ།། གཞུང་ཁ་ཅིག་ལས་ནི་ནགས་ཀྱི་མེ་ཏོག་ཅས་པ་ཡིས་ཞེས་ཟེར་ཏེ། དེའི་ཚེ་ནགས ་ཀྱི་མེ་ཏོག་རྣམ་པ་ལྔ་གཟུང་ངོ་།། སྦྱངས་པ་དག་ནི་རྣམ་པ་བརྒྱ་ཞེས་བྱ་བ་ལ། སྦྱངས་པ་ནི་རྫས་དེ་འབྲས་ཀྱི་ཟན་ལ་སོགས་པ་དང་སྦྱར་བའོ།། རྣམ་པ་བརྒྱ་ཞེས་བྱ་བ་ནི་ཕབས་བཅོས་པའི་བྱེ་བྲག་སྟེ། དེའི་མན་ངག་ནི་རྟོག་པའི་ཕྲེང་བ་ལས ་ཤེས་པར་བྱའོ།། པེསྠི་ལས་བྱུང་མྱོས་བྱེད་དེ་ཞེས་བྱ་བ་ལ། ཕབས་དེ་དག་ལས་བྱུང་བའི་ཆང་ནི་པི་སྠི་སྟེ། མ་ཏི་ལ་སོགས་པའོ་ཕབས་ཀྱང་དེ་ཉིད་ཀྱིས་ཤིས་པར་བྱའོ།། མྱོས་བྱེད་དོ་ཞེས་བྱ་བ་ལ་སོགས་པས་ནི་ཆང་གི་དབྱེ་བ ་རྣམ་གཞན་དང་གཞན་ངག་སྟོན་པ་ཡིན་ཏེ་འདས་མ་ཐུག་ཏུ་པའི་པ་སྠི་ནི་མིང་མྱོས་བྱེད་ཅེས་བྱ་བར་འགྱུར་རོ།། ཟན་ལྔས་བྱུང་བ་ཆུ་ཚན་མཆོག་ཅེས་བྱ་བ་ལ། ཟན་ནི་འབྲས་བཅོས་པའི་ཐུག་པ་དང་ཕྱེའི་ཟན་ལ་སོགས་པའོ། ་དེ་ལས་བྱུང་བའི་ཆུང་ང་ནི་ཆུ་ཚན་ཞེས་བརྗོད་དོ།། ལྷག་མ་ནི་གོ་སླའོ།། སྦྱོར་བས་བཅུད་ལན་རོའི་མཆོཚིག་ཅེས་བྱ་བ་ནི་ཆད་དེ་དག་གི་སྦྱོ་ར་བའི་བྱེ་བྲག་གིས་ནི་ཁམོས་ཐམས་ཅད་བཅུད་ལན་དང་འདྲ་བར་འགྱུར་རོ་ཞེས་བྱ་བའི་དོན ་ཏོ།། ཕིབས་བཅོས་པའི་རྣམ་པ་གཞན་གསུངས་པ། ཙཀྵ། ཨཾ་ཀཾ་ཞེས་བྱ་བ་ལ་སོགས་པ་ལཱ། ཙཀྲ་ཨ་ཀ་ནི་ལོགས་མཐོང་ངོ་། ཙཀྵོ་ཀ་ཨ་དཔོན་ཏྲ་དང་ཀུམ་པ་ལ་སོགས་གཞན་དག་ཀྱང་ཞེས་བྱ་བ་ནི་ཆང་དེ་དག་གི་སྦྱོར་བ ་དཱི་ནི་རྫས་སྦྱང་ཞིང་བཙོ་བའི་ཚིག་གསུངས་པ་གླཻ་སྒང་དང་ཞེས་བྱ་བ་ལ་སོགས་པ་ལ། ཀླ་ཙཾ་ནི་བ་ཙུ་ག་ཅ། ལོ་མ་ལྟ་པ་ཞེས་བྱ་བ་ཤིང་འཛམ་ཟེ་དང་། སྱཱཏྟ་དང་ཀ་པི་པ་དང་། མ་ལུང་ག་དང་། ཤྲཱི་པཱ་འི་ཞེས་བྱ་བར་གྲགས་པ་རྣམས ་ཀྱི་ཡན་ལོག་ལས་བྱུང་བའོ།། དེ་དག་གིས་ནི་འདི་སྐད་དུ། གླུ་སྒང་དོང་ཀུ་ཙ་ཡུང་བྱ་དང་། སྒྲོག་སྒྱུ་རྣམས་དང་པོ་སིངས་པོའི་ནང་དུ་ཞག་གསུམ་སྤངས་ཏེ། དཱིའི་འོག་ཏུ་འབྲས་ཕྱེ་དང་བུ་རམ་བསྲེས་པའི་ནང་དུ་བཅུག་ལ། ཡང་ཤིང་ཀླུའི ་ཁུ་བ་དང་། ར་གཅིན་གྱིས་བཀྲུས་ནས་ཐ་མར་ལོ་མ་ལྔ་པའི་ཁུ་བའི་ནང་དུ་བསྐོར་བྱའོ་ཞེས་བྱ་བར་སྟོན་ཏོ།། དང་པོར་ཐལ་བས་ཕྱི་ལ་ཞེས་བྱ་བ་ནི་ལྕི་བའི་ཐལ་བ་དྲོན་མོས་བྱུགས་ལ་སྤུ་དབྱི་བར་བྱའོ།། ལོ་མ་ལྔ་པ་ཞེས་བྱ་བ་ནི ་བཤད་ཟིན་ཏོ།། ཁ་བཙོས་བྱ་ཞེས་བྱ་བ་ནི་རླངས་པ་ལ་བཙོ་བའོ།། ཀཽ་ཏ་ཀའི་ནང་བཅུག་ལ་ཞེས་བྱ་བ་ནི། ཀེ་ཏ་ཀའི་མེ་ཏོག་ཁ་སྦྱར་བའི་ནང་དུ་གཞུག་པའོ།། རྡོ་རྗེའི་འོ་མ་ཞེས་བྱ་བ་ནི་སཱུ་ཧའི་འོ་མའོ།། དག་འགྱུར་ཞེས་བྱ་བ་བཅོས་པར ་གྱུར་པ་སྟེ། ཐམས་ཅད་དུ་དེ་ལྟར་སྦྱར་བར་བྱའོ།། འདབ་མ་གཏུམས་ཏེ་ཞེས་བྱ་བ་ནི། ཨེ་རནྟ་རཽ་ལོ་མར་གཏུམས་པའོ།། འབྲས་བུ་ཞེས་བྱ་བ་ནཻ་རི་ཧྲི་རི་ཕ་ལའི་འབྲས་བུའོ།། ཏཀྲ་ཞེས་བྱ་བ་ནི་དར་བའོ།། མུ་ཟེ་མཾར་ཁུས་དག་འགྱུར ་ཏཾ་ཞེས་བྱ་བ་ནི་མར་ཁུ་བསྐོལ་བའི་ནད་དུ་མུ་ཟི་སྦྱང་བར་བྱའོ།། བྱཱ་ཀྲི་ཞེས་བྱ་བ་ནི་ཆུ་སྲིན་གྱི་སེན་མའོ།། སིཏྶ་བུ་མོའི་ཁྲག་གིས། དུག་ཞེས་བྱ་བ་ནི། སྦྲང་རྩི་དང་བཅས་པའི་ཁྲག་གིས་འདག་པར་འགྱུར་བའོ།། དེ་ནས་ཞེས ་བྱ་བ་ལ་སོགས་པ་ལ། གནས་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བའི་ཁམས་དྲང་ནོད་ཀྱི་བྱེ་བྲོག་གིས་སོ།། སྔར་བཤད་པ་ཞེས་བྱ་བ་ནཱི། རྩི་དང་སྨན་གྱི་ཚོགས་རྣམས་སོ།། སྡེ་ཚན་ཞེས་བྱ་བ་ནི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ ་སྡེ་ཚན་རྣམས་སོ།། འབྲེལ་པ་ཞེས་བྱ་བ་ནི་ཡི་གེ་དྭེ་དག་གིས་བསྟན་པའི་སྨན་གྱི་ཚིགས་རྣམས་ཕན་ཚུན་སྦྱར་བ་སྟེ། ཨ་ཨི་ཨུ་ཨཱ་སྟཽ་དང་པོའོ།། ཞེས་བྱ་བ་ལ་སོགས་པའོ།། ད་གོས་པ་དག་ནི་ཅི་ཞིག་ཙཾ་ལགྲཱྀ་པ་བྱ་བ་ནི ་གསེར་གྱི་མདོག་ན་བཟང་པོར་འགྱུར་ཞེས་བྱ་བ་ལ་སོགས་པའོ།། ཡུལ་དང་འབྲེལ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ལ། ཡུལ་ཅན་པུལླི་ར་མ་ལ་ཡ་ལ་སོགས་པའི་གནས་རྣམས་སོ།། དེ་དང་འབྲེལ་པ་ནི་དཔའ་བོ་རྣམས ་དཔའ་ཧེ་རུ་ཀའི་ཏིང་ངེ་འཛིན་དང་སྦྱར་རོ།། ཁམས་ནི་བཅོ་བརྒྱད་བསྟན་པ་ཡིས།། ཕན་ཚུན་བསྡུས་པ་ཇི་ལྟ་བུ་ཞེས་བྱ་བ་ལ་ཕན་ཚུན་ནི་ཕྱི་དང་ནང་གིས་ཁམས་རྣམས་སོ།། བསྡུ་བ་ནི་སྦྱོར་བའོ།། འཁྲུལ་འཁོར་བྱེ་བྲག་བཤད་པ་དག། ཕྱི་དང་ནང ་གི་ཇི་ལྟར་ལགས་ཞེས་བྱ་བ་ལ། ཇི་ལྟར་ལོགས་ཞེས་བྱ་བ་ནི་བྱེ་བྲག་ཅེས་བྱ་བ་དང་ཡང་སྦྱར་ཏེ། དེ་ལ་བྱེ་བྲག་ཅེས་བྱ་བ་ན་ཀ་རནྡ་དང་རྒོད་མའི་ཁ་ལ་སོགས་པ་དང་སྦྱར་རོ།། ཕྱི་དང་ནང་དང་ཞེས་བྱ་བ་ནི་ཁ་ཚ་བ་ཕྱིར་ཕྱུང་ལ་ཆུང་བ་ནང་དུ ་བཞུགས་པར་བྱའོ།། ནང་རྣམས་སྣ་ཚོགས་འབྱུང་བ་ད་།། ཇི་ལྟར་སྨིན་པས་འབྲས་བུར་འགྱུར།། ཞེས་བྱ་བ་ནི་ནང་སྣ་ཚོགས་གསོ་བའི་ཆོ་ག་ཞུ་བ་སྟེ། སྒྲ་རྩི་དང་ནི་བཅས་པ་ལ། སྒྲུབ་པོས་ཕྲ་མི་ཟླ་དྲུག་གཟའ་ཞེས་བྱ་བ་ལ་སོགས ་པའི་ལན་དང་སྦྱར་བྱའོ།། སྦོམ་པོའི་བྱེ་བྲག་དུ་ཞིག་མཆིས། ཕྲ་མོའི་ནི་ཁྱད་པར་ཅན་ཞེས་བྱ་བ་ནི་ནང་གི་དབང་དུ་བྱས་པའི་ཕྲ་མོ་དང་སྦོམ་པོ་སྟེ། བྱང་ཆུབ་ཀྱི་སེམས་གཉིས་ཀྱི་ལན་དང་སྦྱར་བར་བྱའོ།། དུས་ཀྱི་ཁྱད་པར་ཇི་ལྟ་བུ་ཞེས་བྱ ་བ་ནི། སྦྱོར་བའི་ཆོ་གའི་དུས་ཀྱི་ཁྱད་པར་དང་སྦྱར་བར་བྱ་སྟེ། ཞག་གསུམ་དུ་སྦྱར་བ་དང་། ཉི་མ་བདུན་དུ་བཙོ་བོ་དང་ཞེས་བྱ་བ་དང་སྦྱར་རོ།། གཞན་དག་ནི་བསྟེན་པའི་དུས་ཀྱི་ཁྱད་པར་ལ་བྱ་སྟེ། ཉི་མ་བདུན་དང་ཟླ་དྲུག་ལ་སོགས་པར་བསྟེན་པར ་བྱའོ་ཞེས་བྱ་བ་དང་སྦྱར་རོ་ཞེས་ཟེར་རོ།། ལྷག་མ་ནི་གཽ་སླའོ།། དཔའ་བོ་རྣལ་འབྱོར་གཉིས་མེད་པ།། ཉི་ཤུ་རྩ་བཞི་ཆེར་མངོན་པར་མཆོད་ནས་ཞེས་བྱ་བ་ནི། དཔལ་རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་གྱི་ཏིང་ངེ་འཛིན་ལ་གནས་ཞེས་བྱ་བ ་དོན་ཏོ།། སྔགས་ཞེས་བྱ་བ་ནི་རྐང་པ་བརྒྱད་པའི་སྔགས་ལ་སོགས་པའོ།། སྔར་བཤུད་རིགས་པ་ཞེས་བྱ་བ་ནཱི་ལེའུ་བཞི་བཅུ་རྩ་བདུན་པ་ལ་སོགས་པར་བསྟན་པའི་བུ་མོའོ།། སྟོང་དང་སྟོང་མིན་སོགས་སྤངས་པའི།། རོ་ནི་མི་མཆོག་གིས་བརྟག ་བྱ་ཞེས་བྱ་བ་ནི། སྤྲོས་པ་དང་བྲལ་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོ་ལ་ལོངས་སྤྱོད་པར་བྱ་བ་སྟེ། ངོ་ཉིད་ནི་ནང་གི་བཅུད་ཀྱི་ལེན་དང་ཕྲ་སྦོམ་གྱི་རྫས་བསྟན་པའོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། སྒོ་དགུ་ལས་ནི་བྱུང་བའི་རྫས་ཞེས་བྱ་བ་ལ་སོགས ་པ་ལ་སྒོ་དགུ་ནི་དབང་པོའི་སྒོ་དགུ་སྟེ་དེ་ལས་བྱུང་བའི་རྫས་ནི་ཁུ་བ་དང་ཁྲག་གོ།། འཇུ་བར་བྱེད་པ་ཞེས་བྱ་བ་ནི་འཆོས་པར་བྱེད་པ་སྟེ། བསྐྱེད་ཅིང་ཕན་འདོགས་པར་བྱེད་པ་ཞེས་བྱ་བའི་བར་དུའོ།། བཅུད་ཀྱི་རྡུ་ལ་དེ་ལྷག་མ་ཡིན་ཞེས་བྱ་བ ་ལ། ལྷག་མ་ནི་ཟླ་མཚན་འབབ་པའི་ལྷག་མར་གྱུར་པའི་ཁྲག་གི་ཐིགས་པར་གྱུར་པ་སྟྭཾ། དེ་ཉིད་ནི་རྡུལ་ཞེས་བྱ་བའོ།། སྙིང་སྟོབས་ཞེས་བྱ་བ་ནི་ཁུ་བའི་ཐིགས་པ་སྟེ། དེ་ཉིད་ནི་སིམྦ་པ་ཅན་རྣམས་ཀྱི་སྲེག་བརྟན་པར་བྱེད་པས་ན་ལེན་པ ་ཡང་ཡིན་ནོ།། ཕྲ་མོས་གསུ་ངས་པ། མུན་པ་ཕྲ་མོ་ཞེས་བྱ་བ་ལ་སོགས་པ་ལ། ཕྲ་མོ་ན་མཁའི་ཁམས་མཚན་ཉིད་ཅེས་བྱ་བ་ནི་དོན་དམ་པའི་བྱང་ཆུབ་ཀྱི་སེམས་ཏེ། དགའ་བའི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། ངའི ་ཡེ་ཤེས་ཀྱིས་བསྐུལ་ཡིན་ཞེས་བྱ་བ་སྟེ། ཡེ་ཤེས་ཀྱི་བདག་ཉིད་ཡིན་ཞེས་བྱ་བའི་བར་དུའོ།། གསོ་བ་དག་ས་བྱ་བ་ནི་བསད་ནས་སླར་ཡང་གསོ་བའོ།། ཡོངསུ་སྨིན་པའི་མཆོག་གིས་ནི་ཞེས་བྱ་བ་ནི། དཔྱད་དེ་དག་ག་ཅེས་བྱ་བ་དང་འབྲེལ ་ཏེ། མཆོག་ཅེས་བྱ་བ་ནི་དང་པོར་རོ།། ཡོངསུ་སྨིན་པ་ཞེས་བྱ་བ་ནི་སྦྱང་བར་བྱ་བའོ།། འཁྲུལ་འཁོར་ཞེས་བྱ་བ་ནི་སྦྱང་ལ་སོགས་པ་ལ། འཁྲུལ་འཁོར་ནི་ས་ལས་བྱས་པའི་བཙོ་རྫའོ།། ཀ་རནྟ་དང་རྒོད་མའི་ཁ་ཞེས་བྱ་བ་ལ་ཁའི ་སྒྲ་ནི་གཉིས་ཀ་དང་སྦྱར་བར་བྱ་སྟེ། ཀ་རནྟ། འི་ཁ་ལྟ་བུ་དང་རྒོད་མའི་ཁ་ལྟ་བུ་གཉིས་ནི་ཁ་ཚ་བ་ཞེས་བྱ་བའི་འཁྲུལ་འཁོར་བཞིན་དུ་བོང་བུའི་ཁ་ལྟ་བུ་དང་རྔ་མོའི་ཁ་ལྟ་བུ་གཉིས་ནི་རྫ་ལྔ་ཞེས་བྱ་བར་བསྡུས་སྟེ། དེ་ལྟར་ན་རྣམ་བཞི་ཡིན ་ནོ།། ད་ནི་ཕྱི་དང་ནང་གི་སྦྱོར་བ་བསྟན་པའི་ཕྱིར། རྒོད་མའི་ཁ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྔར་སྨོས་པའི་འཁྲུལ་འཁོར་བཞི་ནི་ཁ་ཡངས་པའི་ཕྱིར་ཕྱི་ཡིན་ལ། འོད་མའི་སྦུ་གུ་ལྟ་བུ་ལ་སོགས་པ་བཞི་ནི་ཁ་དོག་པའི་ཕྱིར་ནང་ཡིན། ་ཏེ། ནང་དུ་བཅུག་ལ་མཆུ་ལྟ་བུར་སྦྱར་བར་བྱའོ།། ཞེས་བྱ་བའི་དོན་ཏོ།། ད་ནི་འཁྲུལ་འཁོར་བཞི་ལ་བཙོ་བ་རྣམ་པ་བཞི་བྱའོ།། ཞེས་བསྟན་པའི་ཕྱིར། ཚར་བཅད་པ་ནི་སྦལ་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ།། དང་པོ་སྦལ་པའི་དབྱེ་བོས་ལྟ་བུར ་ཚར་བཅད་ལ། དེ་ནས་བཙོ་བ་རྣམ་པོ་བཞི་བྱའོ།། ཞེས་བྱ་བའི་དོན་ཏོ།། ཁ་ཅིག་ནི་གོ་བཟློག་པར་བྱའོ་ཞེས་ཟེར་རོ།། རྡོ་ལེབ་འབར་ཞིང་འོད་དང་བཅས་ཞེས་བྱ་བ་ནི་ཐམས་ཅད་དུ་སྦྱར་བར་བྱའོ།། རྫས་ནི་དྲུག་ཆ་སྦྱིན་པར་བྱ་ཞེས་བྱ་བ་ནི། དངུལ ་ཆ་གཅིག་དང་སྨན་ཆ་སྔར་བྱའོ།། འཁྲུལ་འཁོར་ཞེས་བྱ་བ་ནི་རྐང་གི་སྦུ་གའོ།། སྔར་བཤད་ནས་ཞེས་བྱ་བ་ནི་ཆུའི་གནས་ལ་སོགས་པ་སྟེ་གོ་བར་ཟད་དོ།། ཕྱོགས་ཀྱི་ཆ་ཞེས་བྱ་བ་ནི་བཅུའོ།། དབང་པོའི་ཚེ་ཞེས་བྱ་བ་ནི་བཅུའོ།། དབང་པོའི་ཆ ་ཞེས་བྱ་བ་ནི་དྲུག་གོ།། དཱ་ནི་ཁམས་ཀྱི་རྫས་རྣམས་ཀྱི་འབྲས་བུ་བསྟན་པའི་ཕྱིར།། གསར་གྱི་མདོག་ནི་བཟང་པོར་འགྱུར་ཞེས་བྱ་བ་ལ་སྩོགས་པ་སྨྲས་ཏེ། སྣ་ཚོགས་དབང་ཕྱུག་ཅེས་བྱ་བ་ནཱི་མུ་ཟི་ལ་སོགས་པའོ།། མཛེ་ནད་འཇོམས་ཞེས ་བྱ་བ་ནཽ་བསྒྲ་བྷགས་གིས་ཞེས་བྱ་བ་ཚིག་གི་ལྷག་མ་ཡིན་ནོ།། ལྷག་མ་ནི་གོ་སླའོ།། གི་རི་ཀེ་སས་གསོ་བ་སྟེ་ཞེས་བྱ་བ་ལ་སོགས་པ་ནི། དངུལ་ཆུ་གསོ་བ་དང་བསད་པ་ལ་སོགས་པ་སྨིན་གྱི་སྡེ་ཚན་གྱི་གཙོ་བོ་ཙམ་ཞིག་བསྟན་པ་ཡིན་ཏེ། ་སྡེ་ཚན་རྒྱས་པ་ནི་སྔར་བཤད་ཟིན་ཏོ།། དྷ་དྷུ་ར་ཡ་ཁུ་བ་ཡིས།། རང་གི་ཡོན་ཏན་མ་ལུས་བྱེད་ཅེས་བྱ་བ་ལ། རང་གི་ཡོན་ཏནཱ་ནི་རང་གི་མཐུའོ་མ་ལུས་པ་ནི་སྨན་མ་ལུས་པ་ནི་སྨན་མ་ལུས་པ་སྟེ། དེ་དག་གི་བྱ་བ་བྱེད་པར་འགྱུར་བའོ།། དེས་ནི་འདི ་སྐད་དུ་རའི་ཁུ་བ་འབའ་ཞིག་གིས་ཀྱང་དངུལ་ཆུ་གསོད་པར་འགྱུར་རོ་ཞེས་སྟོན་ཏོ།། ད་ནི་མཽར་ནག་བཽཙ་བའི་ཆོ་ག་བསྟན་པའི་ཕྱིར།། དེ་ནས་ཞེས་པ་ལ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཆེན་པོ་གསུམ་ཞེས་བྱི་བ་ནི་ཨ་རུ་ར་ལ་སོགས་པའོ།། ་རྡུལ་ལ་སོགས་པའི་སྐྱོན་བྲལ་བ་ཞེས་བྱ་བ་ནི། ཤིང་ཕྱེ་དང་ཚར་མ་ལྔ་སོགས་པའི་སྐྱོན་དང་བྲལ་བའོ།། བསྐྱེད་ཅེས་བྱ་བ་ལ། བསྐྱེད་པའི་ཆོ་ག་ནི་འབྲས་བུ་བསྐྱེད་པའི་བསྟན་བཅོས་སྔར་སྨོས་པ་ལས་ཕལ་ཚུར་ཤེས་པར་བྱའོ།། སྒྲ་ལ ་སོགས་པའི་སྐྱོན་སྤངས་གནག་ཞེས་བྱ་བ་ལ། གན་གཽ་ཅེས་བྱ་བ་ནི་ཏིལ་ནག་པོའོ།། སྐྲྀ་ཞེས་བྱ་བ་ནི་མ་སྨིན་པའོ།། བདུག་ཅེས་བྱ་བ་ནི་ཁ་ཆོས་བྱ་བའོ།། ན་ག་པུཥྤ་ཞེས་བྱ་བ་ལཾ་ནཱ་ག་ནི་ནཱ་གཾ་གེ་སེར་རོ།། པུཥྤ་ནི་ཛཱ་ཏི་པུཥྤའོ།། རོལ་པ་དང་ནི་ས་ལ ་ལ་ཞེས་བྱ་བ་ལ་རོལ་པ་ནི་བྲག་སྤྲོས་སོ།། ས་ལི་ལ་ནི་བ་ལི་ཀའོ།། དེ་དག་ཕྱེ་མར་བྱས་པ་ནི། ཏིལ་ལས་བྱུང་བའི་ནང་དུ་བླུགས་ཞེས་བྱ་བ་ནི་ཕྱེ་མར་བྱས་པའི་སྐྱོ་མར་བྱས་པའི།། ཏིལ་མར་ལས་བྱུང་བ་ནི་མར་ནག་གོ།། ཚད ་བསྟན་པའི་ཕྱིར། ཆུ་ནཱི་མར་ཁུ་བའི་བཞིར་གྱུར་པ་ཞེས་བྱ་བ་སྨོས་ཏེ། ཨ་ཀ་རུ་སྲང་ཕྱེད་ཅེས་བྱ་བ་ནཾ། ཨ་ཀ་རུ་འབའ་ཞིག་སྲང་ཕྱེད་གཟུང་བར་བྱའོ།། སྨན་གྱི་བཞི་འགྱུར་བྱས་ནས་ཞེས་བྱ་བ་ནི་སྨན་ཇི་སྙེད་པའི་བཞིར་འགྱུར་གྱུར་གྱི་ས ་ནག་གོ།། མར་ནག་བཙོ་བའི་རྣམ་པ་གཞན་བསྟན་པའི་ཕྱིར་སླར་ཡང་ཞེས་བྱ་བ་སྦྱོར་བ་གཞོན་སྟོན་པའི་ཚིག་ཕྲད་དོ།། སྔར་བཤད་ཅེས་བྱ་བ་ནི། སྦྱོར་བ་སྔ་མ་དང་སྦྱར་བར་བྱའོ།། དེ་ཉིད་བྱ་བ་གཞན་བསྐྲུན་པའི་ཕྱིར། སླར་ཡང་ཞེས་བྱ ་བ་ལ་སོགས་པ་སྨོས་ཏེ། སླར་ཡང་ཞེས་བྱ་བཱ་ནི་དེའི་འོག་ཏུའོ།། དཀར་མི་ནི་ཞེས་བྱ་བ་ནི་སྨན་གྱི་ཁྱད་པར་ཞིག་སྟེ། གང་གི་མིང་ཨོ་ལ་པུ་ཡ་ཞེས་བྱ་བར་གླགས་སོ།། ལྷ་མོ་ཞེས་བྱ་བཾ་ནཱི་སྠི་ཀཱའོ།། ཛ་ཞེས་བྱ་བ་ནི་བ་ལི་ཀའོ།། ཐམས ་ཅད་བསྲེས་པ་སྲང་གཅིག་བཏང་ཞེས་བྱ་བ་ནི། སྨན་དེ་དག་ཆ་མཉམ་པའི་ཕྱེ་མྲ་སྲང་གིཅིག་སྐྱོ་བྱས་ཏེ། བླུགས་པའོ།། ཚངས་པའི་མར་ཁུ་ནི་ཤཱིང་བའི་མར་ཁུའོ།། ཙ་ལ་ཞེས་བྱ་བ་ནི་སཾ་ལི་ཀའོ།། སོ་སོར་ཆུ་བཞི་ཆ་དྲུག་བདུན ་ཆཆ་ནི་བཅུ་གཉིས་དག་དང་བཅས་ཞེས་བྱ་བ་ལ། ཛི་ལ་ལ་སོགས་པའི་སྨན་བཞི་ནི་ཆར་བཞིར་བྱསཾ་ལ། དེ་བཞིན་དུ་ལྔ་པ་ནི་ཆ་དྲུག་དུའོ།། དྲུག་པ་ནི་བདུན་དུའོ།། བདུན་པ་ནི་བཅུ་གཉིས་སུ་བྱའོ་ཞེས་བྱ་བའི་དོན་ཏོ།། སྔར་བཤད ་པའི་ཚད་དང་བཅས་ཞེས་བྱ་བ་ནི། མར་ན་ག་བཞི་འགྱུར་དུ་བྱ་བའོ།། དེ་ནས་ཞེས་བྱ་བ་ལ་སོགས་པ་ནི་ཤ་ཆེན་ལས་བྱུང་བའི་ཞག་གོ།། ཏི་ཏྲི་ཙའི་འབྲས་བུ་ནི་ཨ་ཀ་རུ་ལ་སོགས་པའོ།། རྣམ་པ་གཞན་གསུངས་པ། དེ་ནས་ཞེས་བྱ་བ་ལ་སོགས ་པ་སྟེ། ཚངས་པར་སྤྱོད་ལ་རྟག་གནས་ནས། ཁུ་བ་དག་ནི་དགག་པར་བྱ་ཞེས་བྱ་བ་ནི། གཏུམ་མོའི་རྣལ་འབྱོར་ལ་གནས་ནས་ཁུ་བ་དགག་པའོ།། ཉེ་བར་མཚོན་པ་འདིས་ནི་རླུང་གི་དཀྱིལ་འཁོར་དང་རྩིའི་འཁྲུས་འཁོར་བསྡམས་པ་དང་། ་སྨན་གྱི་སྦྱོར་བ་ལ་སོགས་པས་ཀྱང་དགུག་པར་བྱ་སྟེ། བདུད་རྩི་བཅུད་ཀྱིས་ལེན་གྱི་སྦྱོར་བ་པིལ་ཆེར་ལ་ཡང་དེ་ལྟར་སྦྱར་བྱའོ།། ད་ནཱི་ནང་གསོ་བ་ལ་སོགས་པའི་ཆོ་ག་ཞིབ་མོ་སྣ་ཚོགས་བསྟན་པའི་ཕྱིར། སྦྲང་རྩི་ཞེས་བྱ་བ་ལ ་སོགས་པ་སྨོས་ཏེ། ཕྲ་མོ་ཞེས་བྱ་བ་ནི་ཁུ་བའོ།། ཁ་ཅིག་ནི་ཟླ་བ་བརྒྱད་པོ་ཞེས་ཟེར་རོ།། ཚ་གསུམ་ཙོ་རཱི་ཎི་རྒན་པོ་ཕྱེ་མ་ནི་ཞེ་ས་བྱི་བ་ལ། ཙོ་ར་ནི་རྒན་པོ་གཞོན་ནུར་བྱེད་པའོ་ཞེས་བྱ་བའོ།། འབྱིན་བྱེད་ནི་བཤད་པ་སྟེ་ཚངས་པའི་བརྡས ་བརྗོད་པར་བྱའོ།། དེ་བཞིན་འབྱུང་པོའི་གཙོ་བོ་སྟ་ཞེས་བྱ་བ་ལ། འབྱུང་པོའི་གཙོ་བོ་ནི་གོ་རོ་ཙ་ནའོ།། རིག་བྱེད་གྲངས་དང་མཉམ་པའི་སྲང་ཞེས་བྱ་བ་ནི་སྲང་བཞིའོ།། དཔྱིད་ཀྱི་དུས་སུ་ཅུང་ཟོད་བསྐྱོད་ཅེས་བྱ་ས་བ་ལ། དཔྱིད་ཀྱི་དུས་སུ་ར་ཏི ་གཉིས་གཉིས་བསྐྱེད་པར་བྱའོ།། དུས་དང་རླུང་དང་ཞེས་བྱ་བ་ལ་སོགས་པ་ལ། དུས་ནི་འཁྲིག་པའི་བྱ་བའོ།། རླུང་ནི་དགུན་དེའི་ཁ་བ་དང་། གཅི་བར་བཅས་པ་སྨ་སྨན་སྦྱིན་ཞེས་བྱ་བ་ལ། རྫས་གཉིས་པོ་དེ་དག་ཆ་བསྙེམས་པའི་སྒྲ་སྨན ་བྱིན་ནས་བད་ཀན་དྲང་པར་བྱ་བའོ།། ཁ་ཅིག་ནི་བཏུང་བར་སྦྱིན་ནོ་ཞེས་ཟེར་རོ།། པདྨའི་དྲི་མ་ཞེས་བྱ་བ་ནི་ལྕེའི་དཱི་མའོ།། མརྒ་ཏའི་རྩ་བ་ཞེས་པ་ནི་དབང་པོའི་ལག་པའོ།། སོ་དང་སེན་མོ་ཞེས་བྱ་བ་ནི། སྨན་སོ་ཞེས་བྱ་བ་དང་ཆུ ་སྦྱིན་སེན་མོ་བྱ་བའོ།། ཁ་ཅིག་ནི་མི་ལས་བྱུང་བའོ་ཞེས་ཟེར་རོ།། སུག་སྩོལ་ནི་རྣ་ལྤགས་སོ།། རིགི་རི་ཀར་ནི་ཀཽ་ན་ཨ་པཽ་རཱ་ཛྲྀ་ཏཱ་དཀར་པོའོ།། འབྲས་བུ་གསུམ་གྱི་ཁུ་བས་སྦྱང་ཞེས་བྱ་བ་ནི། སྨན་བྱུགས་ནིས་དེའི་འོག་ཏུ་འབྲས་བུ་གསུམ ་གྱི་ཁུ་བས་བཀྲུ་བར་བྱའོ།། མ་ཧ་ཧ་ཏ་ཀ་ནཱི་པུ་ན་ཀའོ།། དངུལ་ཆུ་བཅིང་བ་དག་ལ་ཕན་ཞེས་བྱ་བ་ནི། དངུལ་ཆུ་གཟའ་བའི་སྦྱོར་བར་ལ་བསྔགས་པ་ཡིན་ནོ།། ཤིང་ཙ་ཚོ་མཉམ་ཕྱེད་དང་ནཱ་ཞེས་བྱ་བ་ལ། ཤིང་ཚ་ལ་སོགས་པ་བཞི ་པོ་དེ་དག་ཆ་ཕྱེད་ཕྱེད་དེ། ཆ་བཞིར་བྱ་བ་ཡིན་ནོ།། བྲག་སྤྲོས་དག་ནི་ཉིས་འགྱུར་བཅས་ཞེས་བྱ་བ་ནི་དེ་ཐམས་ཅད་དང་མ་ཉམ་པར་བྱ་བའོ།། མར་དང་བཅས་ཞེས་བྱ་བ་ནི། ཤཽ་ང་ཉིད་ཀྱི་ཞག་དང་བཅས་པའོ།། ཁའི་སྙིང་པོ་ཞེས་བྱ ་བ་ནི། གཙོ་བོའི་ལྀན་ཚའོ།། པདྨ་ཙ་ནི་ཞེས་བྱ་བ་ནི་མཛེ་ས་མའོ།། ཁ་ཅིག་ནི་ཡོན་ཏན་དང་ལྡན་པ་པདྨ་ཅན་ཉིད་དོ་ཞེས་ཟེར་རོ།། པདྨའི་སྙིང་པོ་ཞེས་བྱ་བ་ནི་རྡོ་རྗེ་ཉི་མུསཽ་ཁུ་མ་བྱ་བའོ།། སེམས་ཀྱི་དབང་ཕྱུག་ཅེས་བྱ་བ་ནཱ~ཾ་རང་གཱི་ཁཱ ་བྱའོ།། དེ་དག་ནི་ཉི་མ་དང་ཟླ་བའི་སྦྱོར་བ་སྟེ། བླ་མའི་མན་དག་ལས་ཤེས་པར་བྱའོ།། ལྕེ་དང་དཀར་པོ་བཅས་པ་ལ་ཞེས་བྱི་བ་ལ། དཀར་པོ་ནི་ཁུ་བའོ།། མི་མོའི་འོ་མ་ཞེས་བྱ་བ་ནི་ཁྱེའུ་དང་བཅས་པིའི་འོ་མའོ།། རྡོ་རྗེའི་འོ། ་མ་ཞེས་བྱ་བ་ནི་རའི་འོ་མའོ།། པ་ཐ་ཞེས་བྱ་བ་ནི་བདུད་རྩི་ཞེས་བྱ་བའི་དོན་ཏོ།། དེ་ཅི་ཞིག་ཅེ་ན། སྔར་བཤད་མཚན་ཉིད་ལྡན་པར་ནི་ཞེས་བྱ་བ་སྨོས་ཏེ། སྔར་བཤད་པའི་མཚན་ཉིད་ནི། མཁྲང་མ་ཞེས་བྱ་བ་ཆེན་པོའི་ཆེན ་བྱ་བ་སྨོས་པའི་བུ་མོའི་ཁྱད་པར་ཏེ། དེའི་གཅི་བའི་ལན་ཚ་ལ་སོགས་པ་ཆ་བསྙམས་པའི་སྲང་བརྒྱ་རྩ་བརྒྱད་བཟུང་བར་བའོ།། ཁྱིམ་གྱི་མེ་ཏོག་ཅེས་བྱ་བ་ནི་པདྨ་ལས་བྱུང་བའི་ཁྲག་གོ།། དཀར་པོ་ཞེས་བྱ་བ་ནི་ཁུ་བའོ།། རིང་པོ ་ཞེས་བྱ་བ་ནི་གུང་མོའོ།། འབྱུང་པོའི་བདག་པོ་ཞེས་བྱ་བ་ནི་བཤང་ཟིན་ཏོ།། དྲིའི་ཆུ་ཞེས་བྱ་བ་ནི་བདུད་རྩི་ལྔ་གཟུང་བར་བྱའོ།། པདྨ་ལོས་བྱུང་མ་སྙེད་ན། རོའི་ལག་པ་ལས་བྱུང་གཟུང་ཞེས་བྱ་བ་ལ་རོ་ནི་བསད་པ་སྟེ། ཟླ་མཚན་གྱི ་གོས་ལས་བྱུང་བའོ།། ཁ་ཅིག་ནི་སྒྲ་ཛ་བཞིན་ནོ་ཞེས་ཟེ་ར་རོ།། རྣལ་འབྱོར་དྲོནྡ་གཉེར་དབུལ་པོ་ཡིས་ཞེས་བྱ་བ་ནི། རོ་ལངསཽ་བྱང་བ་འདམ་འབྱོར་ན།། ལག་པའི་མཆོད་པས་ཡི་ད་ཆེས་འདོད་བྱཾ།། ཞེས་བྱ་བ་རང་གི་སོར་མི་ལྔའི་ཁྲག ་དང་བདུད་རྩི་ལྔས་ལུས་རྣམ་པ་ལྔ་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་ཀྱི་ཕྱིར་གསུངས་པ། དབང་བསྐུརོ་ལག་ཏུ་དགོད་པ་ནས་ནི།། ཞེས་བྱ་བ་སྟེ། ལག་པའི་སོར་མོ་རྣམས་ཀྱི་ཁྲག་གིས་ནི། ལས་ལྔ་པོ་ཐམས་ཅད་དབང་བར ་འགྱུར་རོ་ཞེས་བྱ་བའི་དོན་ཏོ།། མཁས་པས་རྒྱབ་ཏུ་གཤེགསུ་གསོལ་ཞེས་བྱ་བ་ནི། རྒྱབ་ལས་བྱུང་བའི་ཁྲག་གིས་ནི་བསྐྲད་པ་འབའ་ཞིག་ཏུ་འགྱུར་ཞེས་བྱ་བའི་དོན་ཏོ།། གཉིས་པ་རྣལ་འབྱོར་དོན་གཉེར་ཞེས་བྱ་བ ་ནི་གསང་བའི་དབང་ལ་སོགས་པ་དོན་དུ་གཉེར་བའོ།། དབུལ་པོ་ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་མ་འབྱོར་པའོ།། ལག་ཏུ་བཀོད་ནས་ཞེས་བྱ་བ་ལ། ལག་པའི་སོར་མོ་རྣམས་ནི་ཕྱག་རྒྱ་ལྔའི་རང་བཞིན་ནོ།། དགོད་པ་ནི་རྣལ ་འའབྱོར་མ་དྲུག་དང་དཔའ་བོ་དྲུག་དེར་དགོད་པའོ།། མཁས་པས་རྒྱབ་ཏུ་གཤེ་གསུ་གསོལ་ཞེས་བྱ་བ་ལ། དེ་དང་མཉམ་པར་སྦྱོར་བའི་བྱང་ཆུབ་ཀྱི་སེམས་རྒྱབ་ཏུ་སྟེ། ཕྱི་རོལ་ཏུ་ཕྱུང་ལ་མཁས་པས་སློབ་མའི་ཁ་རུ་དབབ་པར་བྱ་ཞེས ་བྱ་བ་དང་སྦྱར་རོ།། མཛེས་མ་ཀུན་དུ་རུའི་ས་བོན་ཞེས་བྱ་བ་ནི། མཛེས་མཾ་དང་སྦྱོར་བ་ལས་བྱུང་བའི་ས་བོན་ནོ།། དཀར་པོ་ཞེས་བྱ་བའི་བཛྲ་ས་ནི་བྱང་ཆུབ་ཀྱི་སེམས་བསྟན་པ་སྟེ། ཇི་ལྟར་བའི་སྒྲས་རྣམ་པར་སྣང་མཛད་ལ་བྱ་བ་བཞིན་ནོ།། ་གཞན་ཡང་ཁུ་བ་དམར་དང་། དངུལ་ཆུ་སྦུར་ནི་བཤད་བཞིན་གཟུང་ཞེས་བྱ་བའི་ཚད་བསྟེན་པའི་ཕྱིར། ན་མཁའི་མེ་ནི་མཉེས་བྱེད་ལ། སུ་སི་རཾ་ཡི་ཚེད་དང་མཉམ་ཞེས་བྱ་བ་སྨོས་ཏེ། སུ་སི་རཾ་ཡིད་ཚད་དང་མཉམ་ཞེས་བྱ་བ་ནི། དངུལ་ཆུ། ་ར་ཏི་གཅིག་གཟུང་བར་བྱའོ་ཞེས་སྟོན་ཏེ།། ན་མཁའ་ཞེས་བྱ་བས་ནི་ཁུ་བ་ར་ཏི་གཉིས་ཀྱི་ཚད་དུ་སྟོན་ཏོ།། མེ་ནི་མཉེས་པ་ཞེས་བྱ་བ་ནི་དམར་པོ་ཞེས་བྱ་བ་དེའི་ཁྲག་གཉིས་འགྱུར་དུ་བྱ་བ་བསྟོན་ཏོ།། རྩབས་དྲ་ཙས་བྱ་བ་ནི་ཀླད་པ་དང ་ཞག་གོ།། བཀྲ་ཤིས་ཞེས་བྱ་བ་ནི་ལྕེའོ།། ལྷག་པ་ལྷའི་སེམས་དཔའ་ཞེས་བྱ་བ་ནི་རང་གི་ཁུ་བའོ།། མི་རྒྱལ་ཞེས་བྱ་བ་ནི་བུང་པོའི་རྒྱལ་པོའོ།། དེ་དག་ཇི་སྙེད་པར་དེ་སྙིང་ཅེས་བྱ་བ་ནི། མོའི་རྒྱལ་པོ་ལ་སོགས་པའི་སྨན་གྱི་ཆ་ལས་བཞི་འགྱུར ་ནས་བདུན་འགྱུར་ཚུན་ཆོང་དུ་བྱ་བའོ།། མར་ཁུ་གཉིས་ཞེས་བྱ་བ་ཞག་ཆ་གཉིས་སོ།། དབང་པོ་གསུམ་ཞེས་བྱ་བ་ཀླད་པ་ཆུ་གསུམ་མོ།། དྲུག་ཅུ་རྩ་བཞི་ཞེས་བྱ་བ་ལ་སོགས་པ་དང་རྒྱལ་པོ་ལ་སོགས་པ་ནི་བཤད་ཟིན་ཏོ།། དབྱངས་ཚད་ཆོ་ག ་ཤེས་པ་ཡིས།། དེ་དག་ཐམས་ཅད་ཤེས་པར་བྱ་ཞེས་བྱ་བ་ལ། དབྱངས་ནི་ཨ་ལ་སོགས་པའོ།། ཚད་ནི་བཞིར་ཆད་པའོ།། ཆོ་ག་ནི་བརྡར་བཏགས་པའོ།། དེ་དག་ཐམས་ཅད་ནི་རྒྱས་པོ་ལ་སོགས་པའི་སྨན་རྣམས་སོ།། དེ་ཉིད་ཀྱི་ཕྱིར་གསུངས ་པ། ཨ་ནི་སའི་དབང་བདག་པོ་སྟེ་ཞེས་བྱ་བ་ལ་སོགས་པའོ།། དེ་བཞིན་དུ་ཀ་ལ་སོགས་པའི་བརྡ་ཡང་ཤེས་པར་བྱ་ཞེས་བྱ་བ་ལ། དབྱངས་ནི་པན་དུའི་བློན་པོ་ནི་ཧ་ས་ཏཱ་བའོ།། པུ་ཏྲ་ཨརྟ་ནི་པུ་ཏན་རྩ་རིའོ།། བཅུད་ཀྱིས་ལེན་གྱི་སྦྱོར་བ་དང་། ཞེས ་བྱ་བ་ལ་སོགས་པ་ལ། བཅུད་ཀྱིས་ལེན་གྱི་སྦྱོར་བ་ནི། བཅུད་གྱིས་ལེན་བཅིང་བའོ།། སྡོམ་པ་ནི་དེ་རྣམ་པར་གཟུང་བའོ།། ཆོ་ག་ན་བྱེ་བའོ།། རིམ་པར་ཕྱེ་བ་ནི་གཞུང་སྟེ་བཞི་བཅུ་རྩ་དགུ་པའོ།། རྒྱུད་ཀྱི་རྒྱལ་པ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ ་བར་བཤད་པ་ལས་ལེའུ་བཞི་བཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། ། ད་ནི་ཚོན་ལ་ཆ་ལྔ་ལ་སོགས་པའི་སྔགས་སྟོན་པར་བྱེད་པའི་ལེའུ་གསུངས་པ། གསང་བ་ཞེས་བྱ་བ་ལ་སོགས་པ་སྟེ་དེ་དག་ནི་གོ་སླའོ།། ཁྲོ་བོའི་གཟུགས་སུ ་བསྒོམས་ན་སུ་ཞེས་བྱ་བ་ནི། རྡོ་རྗེ་མཁའ་འགྲོ་དང་། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པར་བསྒོམ་པའོ།། ལྷའི་དབང་པོ་ཞེས་བྱ་བ་ནི་འཇའ་ཚོན་ནོ།། བ་སུ་ཀ་ཞེས་བྱ་བ་ནི་ཆུའོ།། ཁ་ཅིག་ནི་སྒྲ་ཇི་བཞིན་ནོ་ཞེས་ཟེར་རོ།། སྒྲོ་ནི་རླུང་ཞེས་བྱ་སྟེ་ཞེས་བྱ་བ་ནི། ་རླུང་གི་ཤུགས་ཉིད་སྒྲོ་ལྟར་སྤྱོད་པར་བྱེད་པས་ན་སྤྲོའོ།། རྣམ་པ་ལྔ་ཞེས་བྱ་བ་ནི། ལྷའི་དབང་པོ་ནས་རླུང་གི་བར་དུའོ།། ཡང་ན་མངའ་རྣམ་པ་ལྔའོ།། རླུང་རྣམ་པ་ལྔའོ།། དེ་དག་གིས་ནི་འདི་སྐད་དུ། རིམས་ལ་སོགས་པ་སྡིག ་པའི་གཟུགས་ཅན་ལ། སྒྲུབ་པ་པོ་རྡོ་རྗེ་མཁའ་འགྲོ་ལ་སོགས་པའི་རྣལ་འབྱོར་དང་ལྡན་པས།། ཧཱུཾ་གི་སྒྲ་བརྗོད་པས་རླུང་གིས་སྤྲིན་དང་། མངའ་ལས་གློག་དང་འཛའ་ཚོན་ལ་སོགས་པས་བརྒྱན་ཏེ། ཐོག་བབས་པའི་མདེའུའི་རྩེས་ཕྱེ་མར ་བརླག་པར་བྱའོ་ཞེས་བྱ་བར་སྟོན་ཏོ།། བརྡ་ཡིས་བཤད་པ་བརྗོད་པར་བྱ་བ་ཞེས་བྱ་བ་ནི། སྔར་གྲུ་བཞི་པ་ལ་སོགས་པའི་མདེའུའི་ཁྱད་པར་གྱི་བརྡས་བཤད་པའི་དོན་བརྗོད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ཉིད་གསུངས་པ། ལ་ཡིག ་དབང་ཆེན་དཀྱིལ་འཁོར་རོ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ།། རྡོ་རྗེ་ཆགས་པར་བདག་བསྒོམས་ན། ཞེས་བྱ་བ་ནི་སྙིང་རྗེ་དང་ཤེས་རབ་ཀྱི་སེམས་ཅན་དང་བདེ་བ་ཁོ་ན་ཉིད་ལ་ཚོགས་པ་དང་། རྡོ་རྗེ་འཛིན་པ་ཆེན་པོའི་ཏིང་འཛིན་གྱིས་ལྷ ་མོའི་ཡུལ་ཐམས་ཅད་ལ་རྣམ་པར་རོལ་པའོ།། རྒྱལ་སྲིད་ཐམས་ཅད་ལོངས་སྤྱོད་པ་འགྱུར་ཞེས་བྱ་བ་ནི། མཐོང་བའི་ཆ་འདི་ཉིད་ལ་ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་སོགས་པ་ལ་ལོངས་སྤྱོད་པའོ།། སླར་ཡང་ཨེ་ནི་གཞུར་བྱ་སྟེ། ཞེས་བྱ་བ་ནི ་ཆོས་འབྱུང་བའི་ཕྱག་རྒྱའོ།། ཞེས་བྱ་བ་མངའ་ཡིན་ནོ།། ཞེས་བྱ་བ་ནི་རྡོ་རྗེ་ནོར་བུའོ།། སྔར་སྤྱད་ཅེས་བྱ་བ་ནི་བླ་མས་ལོངས་སྤྱོད་པའི་བདེ་བ་སྟེ། ལྷན་ཅིག་སྐྱེས་པའི་འབེན་ནོ།། གནོས་པར་བྱ་བ་ནི་དེས་མཚོན་པར་བྱ་བ་སྟེ། འོངས ་ནི་བ་ཏི་ཨོ་ལིའི་རིམ་པ་སྟོན་ཏོ།། ཕྱག་རྒྱར་བཅུག་སྟེ་བ་སླང་ནས་ཐལ་བར་བྱ་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བའི་ལུས་རླུང་དང་མེའི་ཕྱག་རྒྱའོ་སྟེང་དུ་བཞག་སྟེ། རླུང་གི་བསྐྱོད་པའི་མེ་སྦྱར་བས་བསྲེགས་ཏེ། ཐལ་བར་བྱའོ་ཞེས་བྱ་བའི་དོན་སླར ་ཡང་གསང་བའི་ཞེས་བྱ་བ་ལ་སོགས་པའི་ཡི་གེ་ས་རང་ཉིད་ཀུན་ནས་བསླང་སྟེ་ཞེས་བྱ་བ་ནི། ཐལ་བའི་ཕུར་པོ་དེ་ལས་པདྨ་དང་ཆུའི་དཀྱིལ་འཁོར་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁམས་བཅུ་དྲུག་གི་ས་བོན། རང་ལ་སོགས་པའི ་ཡི་གེ་བཅུ་དྲུག་བདག་ཉིད་ཐིག་ལ་བཅུ་དྲུག་ཏུ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ།། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་ན་མཁའི་ངོས་ཐམས་ཅད་ཁྱབ་པའི་དུ་བ་ལྟ་བུའི་ཡེ་ཤེས་དེར་བཀུག་ཅིང་གསོས་ཏེ་དམ་བཅའོ་ཞེས་བྱ་བ་ནི་ཡིད་ལ ་བརྣག་པར་བྱས་ནས། འོད་ཟེར་གྱི་ལྕགས་ཀྱུ་ཕྱུང་སྟེ། ན་མཁའི་ལ་གནས་པའི་ལྷ་རྣམས་ཀྱྀ་ཡེ་ཤེས་རྣམ་པ་དུ་མ་འམ་རྡུལ་ལྟ་བུ་དྲངས་ཏེ། དེར་བཅུག་པ་འདི་ནི་ཤཾ་བ་གསོ་བའི་ཆོ་གའོ།། པདྨ་གར་དབང་བསྒྱུར་ན་སུ་ཞེས་ཞེས་བྱ་བ་ནི། བདེ ་བ་ཆེན་པོའི་རྣམ་པར་ཞེས་བྱ་བ་དོན་ཏོ།། བུ་མོཾའི་གནས་ལ་འདུག་པར་བསམ་ཞེས་བྱ་བ་ནི། གཟུང་བ་ལ་སོགས་པ་དང་ལྡན་པའི་མྱོས་པ་དང་ལྷན་ཅིག་ཏུ་ཁ་སྦྱོར་བ་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏོ།། ཨོཾ་ཞེས་བྱ་བ་དང་བཾ་ཞེས་བྱ་བ་དང་། ་ལ་ཞེས་བྱ་བ་གསུམ་པ་སྟེ། སྒྲུབ་པོས་འདིར་ནི་ཡི་གེ་བསམ།། མཾ་མར་གྱི་རྩེ་ལྟར་བྱ་ཞེས་བྱ་བ་ལ། ཨེ་ཞེས་པ་ཞེས་བྱ་བའི་བསྒྲུབ་པར་བྱ་བ་ལ། ཡི་གེ་ཨེས་རླུང་གི་འཁོར་ལོ་དང་བཅས་པའི་ཤེས་རབ་ཀྱི་འཁོར་ལོ་བསྒོམ་པར་བྱ་ཞེས ་བྱ་བའི་དོན་ཏོ།། དེ་ཉིད་ནི་ཨ་མའི་རྩེ་མོ་སྟེ་ཞེས་བྱ་བ་དང་སྦྱརོ།། བཾ་ཞེས་བྱ་བ་དང་ལ་ཞེས་ཁྱ་བ་ཞེས་བྱ་བ་ནི། འབར་བ་དེའི་རྩེ་མོའི་སྟེང་བསྒྲུབ་པར་བྱ་བའི་མགྲིན་པ་དང་། སྙིང་གར་བ་དང་ལ་ལས་ཆུའི་དཀྱིལ་འཁོར ་དང་། དབང་ཆེན་གྱི་དཀྱིལ་འཁོར་བསྒོམ་པར་བྱ་ཞེས་བྱ་བའི་དོན་ཏཽ། དེ་ནས་མར་བུམ་པར་བཙོས་པ་ལྟར་ཐམས་ཅད་དུ་ཞུ་བར་བྱའོ་ཞེས་བྱ་བ་ནི་མེའི་རྩེ་མོ་དེས་གླང་པའི་རྩེ་མོའི་བར་ཐམས་ཅད་བཞུ་སྟེ། དམར་སར་དུ་གཟག་པར ་བསྒོམ་མོ་ཞེས་བྱ་བའི་དོན་ཏོ།། ལེའུ་འདིའི་དོན་ལྷག་མོ་རྣམས་ནི་ཁ་ཅིག་ནི་གོ་སླ་བ་ཉིད་དང་། ཁ་ཅིག་ནི་མན་ངག་གི་རྗེས་སུ་འབྲངས་ཏེ་ཤེས་པར་བྱ་བ་ཉིད་ཀྱིས་ན་བླ་མའི་ཁ་ལས་ཤེས་པར་བྱ་བ་ཡིན་པས་བདག་གིས་རྣམ ་བར་མ་ཕྱེའོ།། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་ལ། རྡོ་རྗེ་སེམས་དཔའི་རང་བཞིན་གྱིས་སེམས་ཅན་རྣམས་དབུགས་དབྱུང་བའི་ངེས་པ་གཞུང་གང་དུ་བསྟན་པ་དེ་ནི། རྡོ་རྗེ་སེམས་དཔའི་དབུགས་དབྱུང་བའི་རང་བཞིན ་ས་པ་བསྟན་པའི་རིམ་པར་ཕྱེ་བ་སྟེ་ལྔ་བཅུ་པ་རྫོགས་སོ།། ། རྫོགས་སོ་ཞེས་བྱ་བའི་སྒྲ་ནི་རིམ་པར་ཕྱེ་བ་ཐམས་ཅད་ལ་སྦྱར་བར་བྱའོ།། དཔེར་ན་རྒྱ་མཚོའི་ནང་ན་ཀླུ་དང་རུས་སྤེལ་དང་། ཆུ་སྲིན་ཉ་མིང་གནས་ཀྱི་དེ་ཕྱོགས ་འགའ་ཞིག་ན། སྲོག་ཆགས་རྣམ་མང་ནང་ནས་འགའ་ཞིག་སྟེས་ཏེ་ནས། རིན་ཆེན་རྙེད་ནས་བཞིན་ལ་ཕན་པར་བྱེད་པ་ལྟར།། འཁོར་ལོ་བོའི་རྒྱ་མཚོར་བྱ་བ་བྱས་པའི་ལྷ་གནས་ཀྱང་།། བྱོལ་སོང་ཡི་དགས་དམྱལ་བ་ལ་སོགས ་སྲོག་ཆགས་ནང་།། ལེགས་བྱ་ས་འགའ་ཡིས་བདག་གི་རྒྱུད་རྒྱལ་པོ་རིན་ཆེན་རྙེད་།། རིམ་བཞིན་ཅུང་ཟད་ཕྱེ་བས་རྗེསུ་མཐུན་བསོད་ནམས་བགོས།། དཔལ་ལྡན་འདུས་པ་ཤིན་ཏུ་དྲི་མེད་པ་སྟོན་ཀའི་མཁར།། ཤར་བའི་ཟླ་གསལ་བློ་ཡཱི་ཀུ ་མུ་ཏ་རྣམས་ཕྱེ།། རྒྱུད་རྒྱལ་ཚིག་དོན་སྒྲིབ་གཡོགས་མུན་པ་གསལ་ནས་ནི།། འགྲོ་བ་རྣམས་ལ་ཉི་ལྟར་དེ་རིང་དོན་གསལ་བྱས།། མེ་ཏོག་འདབ་ལས་སྦྲང་རྩི་བླིངས་པ་ལྟར།། རྒྱུད་རྒྱལ་ནང་ནས་ལེགས་བྱས་གང་ཡིན་པ།། དེས་ནི ་འགྲེ་བ་མ་ལུས་པ་རྣམས་ཀྱིས། ཉེས་པ་གསུམ་པོ་དག་ནི་འཇོམས་པར་ཤོག། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོའི་རྣམ་པར་བཤད་པ། སློབ་དཔོན་མཁས་པ་ཆེན་པོ་བཱ་བ་བྷ་ཌའི་ཞལ་སྔ་ནས་མཛད་པ་རྫོགསོ།། ་རྒྱ་གར་གྱི་མཁན་པོ་བཎྜི་ཏ་ཞེས་ཆེན་པོ་ག་ཡ་དྷ་ར་དང་། བོད་ཀྱི་ལོ་ཙ་བ་ཆེན་པོ་འགོས་ལྷ་བཙས་ཀྱིས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀ་ཏནྟ་སྱ་ཏ་དྷཱ་སུསྠི་ར་ནཱ་མ་པཉྩི་ཀཱ། བོད་སྐད་དུ། དཔལ་རྡོ་རྗེ ་