| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བཛྲ་ཡཱ་ནུ་མཱ་ལ་པ་ཏིཊཱི་ཀ། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བའི་རྒྱུ་ཆེར་འགྲོལ་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་སྐུ་གསུམ་སྤྲུལ།། སྐུ ་རྣམས་འདུལ་བའི་རྒྱལ་པོ་དང་། འཕགས་དང་ཟབ་པའི་དོན་སྟོན་དང་། རྣ་བརྒྱུད་ཐོབ་པའི་སློབ་དཔོན་ནི།། བཅུ་གཉིས་ཚོགས་ལ་བདག་ཕྱག་འཚལ།། རིན་ཆེན་ལྟ་བུའི་རྒྱུད་ཆེན་ལས།། གཞི་མོ་ལྟ་བུར་བཞག་ནས་ནི།། རྒྱུད་རྣམས་ཀུན་ལས ་བཏུས་ནས་ཀྱང་།། བསྒྲུབ་པའི་དོན་དུ་བཤད་པར་བྱ།། དེ་ལ་དམ་ཚིག་ཉམས་དང་མ་ཉམས་དང་། བསྐང་པའི་ཆོ་ག་གསུམ་དུ་བསྟན།། རྡོ་རྗེ་སློབ་དཔོན་དམ་ཚིག་ནི། ཉམས་པའི་རབ་འབྲིང་གསུམ་དང་དགུ། ངན་སེམས་བཅས་ནས ་སློབ་དཔོན་ལྔ།། ཚིག་རྩུབ་མཚོན་ཕྱུང་བརྒྱཔ་ནསོ་ནི།། ཡུན་རིང་མཐོལ་བཤགས་མི་བྱེད་པ།། ཉམས་པ་ཆེ་སྟེ་འབྲིང་གི་ནི།། མཚོན་ཕྱུང་ལ་སོགས་བརྒྱབ་ནས་སུ།། ཅུང་ཞིག་མཐོལ་བཤགས་མི་བྱེད་པ།། འབྲིང་ཡིན་ཐ་མ་ཉམས ་བ་ནི།། ངན་སེམས་སྒོ་ནས་བཤྭགས་ནས་སུ།། མཐོལ་བཤགས་མི་བྱེད་ཟླ་བའི་བར།། ཐ་མ་ཡིན་ཏེ་གསུམ་གཾ་ལ།། སེམས་དང་དངོས་དང་སོགས་པ་ལོ།། དཟློག་ནས་ཆེས་ཆུར་འཁྲུལ་པ་དང་།། གོ་མཉམ་པ་ནི་མཚོ་སྐྱེས ་གསུངས།། ཡང་ན་དགུ་ཡི་རབ་ཀྱི་རབ།། བསམ་པ་གོང་རྫོགས་སློབ་དཔོན་གྲངས།། ལོ་རུ་བཤགས་པ་མི་བྱེད་པ།། འབྲིང་ནི་གོང་བཞིན་རྫོགས་ནས་སུ། ལོ་ཕྱེད་བཤགས་པ་མི་བྱེད་པ།། ཐ་མ་ཟླ་བར་མི་བཤགས་པའོ།། སློབ ་དཔོན་མ་གྲོངས་གསུམ་པ་རྫོགས།། ལོ་རུ་མི་བཤགས་འབྲིང་གི་བབ།། འབྲིང་གི་ལོ་ཕྱེད་ཐ་མ་ནི།། ཟླ་བ་གཅིག་གི་ཐ་མཱའི་བུར།། གཉིས་པོ་རྫོགསྔ་ནས་ལོ་དུས་སུ།། འབྲིང་ནི་ལོ་ཕྱེད་དུ་ནི་བསྟན།། ཐ་མཱ ་ཟླ་གཅིག་གནས་པའོ།། སློབ་དཔོན་གཉིསུ་བསྟན་པ་ལ།། རྡོ་རྗེ་སློབ་དང་སློབ་དཔོན་ཙམ།། ལུས་ངག་ཡིད་གསུམ་བྱིན་བརླབ་པའི།། རྡོ་རྗེ་སློབ་དཔོན་དེ་ལ་ནི་ཐམས་ཅད་བརྩི་བར་བྱ་བ་ཡིན།། བསྟན་བཅོས་སློབ་དཔོན་དགུ་ཡི ་ནི།། ཐ་མ་ཙམ་མམ་ཡང་ན་ནི།། ཡན་ལག་མགོ་མཉམ་ཙམ་དུ་དཔྱད།། རྡོ་རྗེ་སློབ་དཔོན་གསུམ་དུ་སྟེ།། རྩ་བ་དང་ནཽ་ཡན་ལག་གཉིས།། དགུ་ག་བརྩི་བར་བྱ་བ་ཡིན།། ཕྱག་རྒྱ་དྲུག་པོ་མན་ཆད་ངོ་དོ།། ལས་ཀྱི་སློབ་དཔོན་གསུམ་པ ་ཡིན།། རྩ་བ་མན་ངག་གཉིས་པོ་ཡང་།། རྩ་བ་མན་ངག་བསྟན་པ་ནི།། མུན་དྲུག་པས་ནི་རྩ་བ་ཚྭ།། མནྡ་ངག་གིས་ནི་མན་ངག་ཚེ་བ་དང་།། རྩ་བ་ཆུང་ན་གོ་མཉམ་མོ།། མནཽ་ངག་གྷྲྀ་ནེ་མན་ངག་ཤིན་ཏུ་ཆེ།། གོང་མ་དེ་ལཱས་བཟློག ་སྟེ་བསྟན།། ལུང་བསྟོན་པ་ཡི་སློབ་དཔོན་ནི།། ཕྱག་རྒྱ་ཉིད་དང་གོ་མཉམ་མོ།། སློབ་དཔོན་གྱི་རྣ་བའི་དམ་ཚིག་གོ།། སྤུན་གྱི་དམ་ཚིག་ཉམས་པ་ལཀཾ། རབ་འབྲིང་བསྡུས་རྒྱས་དགུ་དང་གསུམ།། རབ་ཀྱི་ཡང་རབ་ཉམས་པ་ནི།། བསམ ་ངན་མཚན་དབྱུག་བསྣུན་ནས་སུ།། ཤི་ནས་ལོ་རུ་མི་བཤགས་པ།། ཡང་རབ་ཡིན་ཏེ་རབ་ཀྱི་འབྲིང་།། ལོ་ཕྱེད་དུ་ནི་ཤེས་པར་བྱ།། རབ་ཀྱི་ཐ་མ་ཟླ་བ་གསུམ།། འབྲིང་གི་རབ་ནི་དམ་ཚིག་ནི།། ཟླ་བ་གཅིག་ཏུ་ཤེས་པར་བྱ།། འབྲིང ་གི་འབྲིང་ནི་ཟླ་བ་ཕྱེད།། འབྲིང་གི་ཐ་མ་ཞག་གཅིག་གོ།། ཐ་མའི་དམ་ཚིག་ཉམས་པ་ནི།། ཚིག་རྩུབ་སྨྲས་ནས་ཟླ་གཅིག་ཏུ།། མཐོལ་བཤགས་མི་བྱེད་ཐ་མའི་རབ།། འབྲིང་ནི་ཟླ་ཕྱེད་ཤེས་པར་བྱ།། ཐ་མྲ་ཞག་གཅིག་ཡན་ཆད་དོ།། གསུམ ་དུ་ཕྱེ་སྟེ་བསྟེན་པོ་ནི།། མཚོན་དབྱུག་ལྔ་སོགས་བརྒྱབ་ནས་སུ།། ཤི་ནས་ཅུང་ཞིག་མི་བཤགས་པ།། དེ་ནི་རབ་ཡིན་འབྲིང་གི་ནི།། མཚོན་ཕྱུང་བརྒྱ་པ་ནས་མ་ཤི་བ་རི།། ཐ་མ་ཆོག་རྩུབ་སྨྲས་ནས་ནི།། ཞག་དུས་མཐོལ་བཤགས་མི་བྱེད ་པ།། རྡོ་རྗེ་སྤུན་གྱི་དམ་ཚིག་ཉམསྡེ་པའི་ཚད་དོ།། ། བདེ་གཤེགས་བཀའ་ལས་འདས་པ་ཡི།། དམ་ཚིག་ཉམས་པའི་ཚད་བསྟན་པ།། དམ་ཚིག་ས་ཡཱ་འབྲུ་མེ་སྡེ་ཡང་།། བདེ་གཤེགས་བཀའ་རུ་འདུས་པ ་ཡིན།། འདི་ནི་ཁྱབ་ཆེ་ཁྱད་པར་ནི།། རྡོ་རྗེ་སློབ་དཔོནྡ་བྱེད་པས་སུ།། སློབ་དང་འགྲོ་བའི་དོན་དུ་ཡང་།། ཆོ་ག་ཚུལ་བཞིན་མ་གྱུར་པ།། ལྷོ་རུ་བྱེད་ན་རབ་ཀྱི་རབ་ཟླ་དགུར་བྱེད་ན་འབྲིང་ཡིན་ནོ།། ཟླ་དྲུག་ཐ་མཱར་ཤེས་པར་བྱ།། འབྲིང་གི་རབ ་ནི་ཟླ་བ་གསུམ།། འབྲིང་གྲྀ་འབྲིང་ནི་ཟླ་གཅིག་གོ།། འབྲིང་གི་ཐ་མ་ཟླ་ཕྱེད་དོ།། ཐ་མའི་ར་བཱ་ནི་ཞག་གཅིག་གོ། ཁེངས་གྲགས་འདོད་པའི་དབ་གྱུར་ནས།། ཆོ་ག་ཐམས་ཅད་འཁྲུལ་པ་འམ།། འབྲིང་ནི་ཆོ་ག་ཕྱེད་འཁྲུལ་པཱ།། ཐ་མ ་ཆོ་ག་གཅིག་འཁྲུལ་པ།། དེ་རྣམས་རྒྱུ་ཡི་རིམ་པ་ཡང་། འཁྲུལ་པའི་ཆོ་ག་རྒྱུན་བྱེད་ལ།། ཤིན་ཏུ་ཆེ་བར་གྱུར་པ་ཡིན།། བཤགས་པ་ཡུན་རིང་མི་བྱེད་པ།། བཤགས་ལ་བརྩོན་ན་དེ་ལ་སྨད།། འཁྲུལ་པའི་ཆོ་ག་རྒྱུན་ཏུ་ནི།། མི་བྱེད ་གཅིག་གཉིས་དེ་ལ་སྨང་།། ཆེ་ཆུང་ཡོད་ནཱ་དེ་ལས་བསྟོད།། དེ་ལྟར་རབ་འབྲིང་དགུ་གསུམ་ནི།། མཁས་པས་བརྟགས་ནས་ཤེས་པར་བྱ།། ཡང་ན་སྒྲུབ་དང་སློབ་དཔོན་གཉིས་ཀྭ་ཡང་།། བདེ་གཤེགས་བཀའ་འདི་ཁྱབ ་རྒྱུ་བས།། ། དོད་མོ་དབང་བསྐུར་བྱས་ནས་སུ།། དབང་དང་དམ་ཚིག་མི་ཤེས་དང་།། སྣོད་མིནུ་བསྟན་པར་མི་བྱ་ལ།། དབང་ལ་སོགས་པ་སྟོན་པ་དང་།། ཡི་དམ་ལྷ་ནི་བརྗེད་ནས་སུ།། སླར་ཡང་ལེན་པར་མི་བྱེད་དང་།། ཐུན་མཚམས་བསྒོམ་པོར ་མི་བྱེད་དང་།། ཟས་དང་གཏོར་མོའོ་རྣལ་འབྱོར་དང་།། ཕྱི་ནང་སྦྱིན་བསྲེག་རྣལ་འབྱོར་དང་།། སྙིང་པོ་སྔགས་དང་ཕྱག་རྒྱ་དང་།། མཆོད་པའི་དུས་ཀྱིས་འཁོར་ལོ་སོགས།། ཡིད་དམ་ལྷ་དང་སློབ་དཔོན་གྱིས།། མདུན་དུ་དམ་བཅའ་བྱས་ནས་ནི།། ་སྤངས་དང་མ་བཤགས་བརྗོད་པ་རྣམས་རྡོ་རྗེ་དྲིལ་བུ་ཕྲེང་བ་གསུམ།། མིང་པོ་ཅང་རབ་གནས་མ་བྱས་དང་།། རྒྱུ་དང་ཚད་སོགས་འཁྲུལ་པ་དང་།། འཚོང་དུང་འགྲོ་དང་གཏེ་འཇུག་དང་།། རབ་གནས་བྱས་ལ་ཤེས་པར་བྱ།། མོ་བྱས་པ ་ལ་ཆུང་ངུ་འོང་།། པོ་ཏི་གླེགས་བམ་ལ་སོགས་དང་།། ཁ་ཊྭཱཾ་ལ་སོགས་ཕྱག་མཚན་རྣམས།། གོང་བཞིན་རབ་གནས་བྱས་པ་དང་།། མ་བྱས་པ་ནི་ཆེ་ཆུང་ངོ་།། ཁྱད་པར་སྒྲུབ་པ་པོ་ཡི་ནི།། རྡོར་དྲིལ་ལྀ་སོགས་ཐམས་ཙོད་ཀུན།། གཙོ་པོ ་ལ་སོགས་མཆོད་བྱས་ལ།། ཆོས་མཐུན་ཡིད་འོང་གཟུང་བར་བྱ།། སོ་སོར་ཐར་དང་བྱང་ཆུབ་སེམས།། རིག་འཛིན་ནང་གི་སྡོམ་པ་གསུམ།། གཉིས་ནི་རེག་འཛིན་རྟེན་ཡང་ཡིན།། ཡང་ན་རིག་འཛིན་ནང་དུ་འདུས།། མི་དགེ་ལ་སོགས། ་བཅུ་པོ་ཡང་།། གསུམ་དུ་འདུས་ཏེ་ཁྱད་པར་ནི།། སྤང་བྱ་དང་ནི་མི་སྤང་དང་།། དངོས་དང་བསམ་པ་དུས་དང་ནི།། གནས་སྐབས་དང་ནི་རྣལ་འབྱོར་གྱི།། བློ་ཡི་ཁྱད་པར་རིམ་པ་ཡིས།། ཤེས་པར་དེ་ནི་མ་བྱས་ན།། བྱས་ན་ཡང་ནི་ལྟུང་བར ་འགྱུར།། མ་བྱས་ན་ཡང་ལྟུང་བ་རོ་འགྱུར།། དེ་བས་སློབ་དཔོན་ལ་གུས་པས།། མན་ངག་གིས་ནི་ཤེས་པར་བྱཀ། ཆོས་སྤྱོད་ལ་སོགས་བཅུ་པོ་ཡང་།། མན་ངག་བསྒོམ་པ་མ་ཤེས་ན།། མདོར་ན་བཀའ་ཡིས་ཆོས་རྣམས་ཀུན།། ཐམས་ཅད་། ་ཆོས་ཚུལ་བཞིན་ཤེས་བྱ།། དེ་ལྟར་མྱི་ཤེས་དམ་ཚིག་ཉམས།། སྐུ་དང་མེ་ཏོག་དམན་པ་དང་།། སློབ་དཔོན་ལ་སོགས་གྲིབ་མ་ལ།། འགོམ་དང་རྫི་བར་བྱེད་པ་དང་།། དབང་དང་རྫི་བར་མི་བྱེད་ཀྱི།། བར་གྱི་དམ་ཚིག་དེ་དག་ཀུན། ་ལོ་དུས་ལོན་ལ་ཆེན་པོར་འགྱུར།། ལོ་ཕྱེང་ལོན་ན་འབྲིང་དུ་འགྱུར།། ཐ་མ་ཟླ་གཅིག་ཤེས་པར་བྱ།། བདེ་གཤེགས་བཀའ་ཡིས་དམ་ཚིག་གོ།། སེམས་ཅན་རྣམས་ལ་བྱམས་པ་ཡི།། སེམས་སྤངས་པས་ནི་དམ་ཚིག་ཉམས།། ་དེ་ཡི་རབ་འབྲིང་བསྟན་པ་ནི།། ཞིང་དག་པོ་ཡི་གང་ཟག་ལ།། ཁྲོས་དང་བྱམས་སྐམས་སྤངས་ནོས་ནི།། མཚན་དབྱུག་ལ་སོགས་བསྣུན་ནས་ནཱི།། ལྷོ་རུ་བཤགས་པོ་མི་བྱེད་པ།། རབ་ཀྱི་རབ་ཡིན་འབྲིང་གི་ནི།། དེ་ཕྱེད་དུ་ན ་ཤེས་པར་བྱ།། ཐ་མ་ཡི་ནི་ཟླ་གཅིག་གོ།། ཞིང་མ་དག་པར་གང་ཟག་ལ།། གོང་བཞིན་བྱས་ནས་ལོ་རུ་ནི།། མི་བཤགས་པ་ནི་འབྲིང་གི་རབ།། འདྲིང་གི་ལོ་ཕྱེད་ཐ་མ་ནི།། ཟླ་བ་གཅིག་ཏུ་ཤེས་པར་བྱ།། སེམས་ཅན་ལོ་སོགས ་གཞན་པོ་ལ།། གོང་བཞིན་བྱས་ན་ལོ་རུ་ནི།། མི་བཤགས་པ་ནི་ཐ་མའི་རབ།། འབྲིང་ནི་ལོ་ཕྱེད་ཐ་མ་གཅིག། ཞིང་དག་པ་ཡི་གང་ཟག་ལ།། ཉིན་གཅིག་མང་པོར་རྡུང་བྱེད་ལ།། རབ་ཀྱི་ཡིན་ཏེ་འབྲིང་གི་ནི།། མ་དག་པ་ཡི ་གང་ཟག་ལ། ཐུ་མ་སེམས་ཅན་ཕལ་པ་ལ།། མང་པོ་རྣམས་ནི་བརྡུང་བྱེད་པ།། དེ་ལས་མང་ཉུང་འཁྲུལ་པ་དང་།། སེམས་དང་དངོས་དང་སོགས་པ་རྣམས།། སློབ་དཔོན་ཞལ་ནས་ཤེས་པར་བྱ།། ངག་དང་མ་དག་གང་ཟག་དང་།། སེམས ་ཅན་གཞན་ལ་སོགས་པ་ལ།། ལུས་དག་ཡིད་གསུམ་གདུངས་ནས་ནི།། འཚོ་ལ་ཐུག་པའི་སེམས་ཅན་ལ།། ཉིན་དང་མཚན་ནི་དུས་དྲུག་ཏུ།། སྦྱིན་པ་རྣམ་བཞིས་མི་སྐྱོང་ན།། དམ་ཚིག་ཉམས་ཏེ་གོང་མ་བཞིན།། སློབ་དཔོན་ཞལ་ནས་ཤེས ་བར་བྱ།། བྱམས་སེམས་སྤངས་པའི་ངམ་ཚིག་གོ།། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས།། དེ་སྤོང་ངམ་ཚིག་ཉམས་པ་ནི།། ངམ་ཚིག་རབ་འོབྲིང་ཚད་བསྟན་པ།། སྔགས་ཀྱི་རྣལ་འབྱོར་སེམས་བསྐྱེད་ནས།། སླར་ལོག་ཉན་ཐོས་སེམས ་བསྐྱེད་ལ།། ཞུགས་ནས་ལོ་རུ་གནས་པ་ཡིན།། བཤགས་པ་མི་བྱེད་རཔེ་ཡིན་ནོ།། འབྲིང་གི་ལོ་ཕྱེད་ཐ་མ་ནི།། ཟླ་བ་གཅིག་ཏུ་ཤེས་པར་བྱ།། ཟླ་ཕྱེད་ཞག་བདུན་ཞག་གཅིག་ནི།། ཐ་མ་ཡི་ནི་རབོ་འབྲིང་གསུམ།། གོང་མ་དེ་ནི་འབྲིང་གཾ ་ཡིན།། རབ་ནི་མུ་སྟེགས་སེམས་སུ་ནི།། ཞུགས་ནས་ལོ་གཅིག་ལོ་ཕྱེད་དག། ཟླ་གཅིག་ཐ་མའི་རབ་ཡིན་ནོ།། སེམས་སྤངས་པ་ཡི་དམོ་ཚིག་གི། རང་དང་གཞན་གྱིས་གྲུབ་པའི་མཐའ།། ཆོས་ལ་སྨོས་པའི་དམ་ཚིག་གི། རབ ་འབྲིང་གི་ནི་ཚུད་བསྟན་པ།། ཆོས་ལྔ་སྨོན་ནས་ལོ་རུ་ནི།། མཱི་བཤགས་པ་ནཱི་རབ་ཡི་ནོ།། འབྲིང་ནི་ལོ་ཕྱེད་ཐ་མ་ནི།། ཟླ་བ་གཅིག་ཏུ་ཤེས་པར་བྱ།། རྒྱུན་ཏུ་སྨོད་ཅིང་མི་བཤགས་པ།། ལོ་དང་ལོ་ཕྱེད་ཟླ་བ་དང་།། རབ་ཀྱི་རབ་འབྲིང་གསུམ ་ཡིན་ནོ།། གོང་མ་འབྲིང་ཡིན་ཐ་མཱ་ནི།། ཟླ་ཕྱེད་ཞག་གཅིག་ཞག་བདུན་ནི།། ཐ་མ་ཡི་ནི་རབ་འབྲིང་གསུམ།། ཆོས་ལ་སྨོད་པའི་དམ་ཚིག་གོ། ཡོངས་སུ་མ་སྨིན་སེམས་ཅན་ལ།། གསང་བ་སྒྲོ་གོ་འདི་དམྦ་ཚིག་ནི།། རབ་འབྲིང་གི་ནི ་ཚད་བསྟན་པ།། མུ་སྨིན་པ་ལ་གཉིས་ཡོད་དོ།། དབང་བསྐུར་དེ་ནི་མ་བྱས་དང་།། གླེན་པ་ལྐུག་པ་གྱུར་པ་གཉིས།། དེ་ལྟ་བུ་ཡི་གང་ཟག་ལ།། མན་ངག་གསང་བ་བསྟན་ནས་ཀྱང་།། ལོ་ཡཽ་དུས་སུ་མི་བཤགས་པ།། འབྲིང་གི། ་རབ་ཡིན་འབྲིང་གི་ལོ།། ཕྱེང་འབྲིང་ཡིན་ཏེ་ཐ་བ་ནི།། ཟླ་བ་གཅིག་ཏུ་ཤེས་པར་བྱ།། དེ་འདྲིའི་གང་ཟག་མང་པོ་ལ།། ཡང་ནས་ཡང་དུ་སྒྲོག་པ་ནི།། ལོ་གཅིག་ལོ་ཕྱེད་ཟླ་ཕྱེད་ནི།། རབ་ཀྱི་རབ་འབྲིང་གསུམ་ཡིན་ནོ།། མི་ཟབ་ཆོས་སུ་གྱུར ་པ་ཡི།། ལོ་གཅིག་ཏུ་ནི་གྱོནས་པ་དང་།། ཐ་མིའི་རབ་ཡིན་ཐ་མ་ཡི།། ལོ་ཕྱེ་ཟློ་གཅིག་གཉིས་པོ་ཡིན།། ཡང་ན་ཟབ་པའི་དོན་རྣམས་ལ།། ཟླ་ཕྱེད་ཞུག་བདྲོན་ཞག་གཎྜཱི་ག་ནི།། ཐ་མ་ཡ་ནི་རབ་འབྲིང་གསུམ།། ཡང་ན་དེ་གསུམ ་འཁྲུལ་ཀ་ཡི།། སློབ་དཔོན་མཁས་པའི་ཤེས་པར་བྱ།། གསང་བ་སྒྲོགས་པའི་དམ་ཚིག་གོ།། ཕུང་པོ་སངས་རྒྱས་མངའ་བདག་ལ།། བརྙས་པོར་བྱེད་པའི་དམ་ཚིག་ནི།། རབ་འབྲིང་ཐ་མའི་ཚད་བསྟན་པ།། ཕུང་པོ་ལྷ་ཡི་ང་རྒྱལ ་དུ་མ་ཤེས་ཤེས་ནུས་སྤངས་པཱ་ནི།། བཤགས་པ་མྱི་བྱེད་ལོར་ལོན་པ།། འབྲིང་གི་ར་བཱ་ཡིནྡ་འབྷྲིང་གི་ནི།། ལྷོ་ཕྱེད་ཐ་མ་ཟླ་བ་གཅིག། ཟླ་ཕྱེད་ཞུག་བདུན་ཞག་གཅིག་ནཱི།། མཐའ་མའི་རབ་འབྲིང་གསུམ་ཡིན་ནོ།། ་མ་ཤེས་སྟེང་དུ་ཡང་ནས་ཡང་།། སྨོད་པར་བྱེད་ཅིང་གདུང་བ་ནི།། ལྷོ་གོ་ཅིག་ལོ་ཕྱེད་ཟླ་གཅིག་ནི།། རབ་ཀྱི་འབྲིང་ཡིན་གསུམ་ཡིན་ནོ།། ཕུང་བློ་བཪྵ་སྨྲ་བྱེད། དམ་ཚིག་གོ།། རང་བཞིན་དྲུག་པའི་ཆོས་རྣམས་ལ།། སོམ་ཉི་ཟླ་བའི་དམ་ཚིག་ནི།། ་རྩ་བ་རླུང་གི་མན་ངག་ལཱ།། ལནྡ་ཅིག་དཀའ་བ་ལོ་སྩོགས་ཀྱི།། ཟབ་མོའི་དོན་ལ་ལོ་དུས་སུ།། ཐེ་ཚོམ་ཟ་ཞིང་མཱི་བཤགས་པ།། རབ་ཀྱི་རབ་ཡིན་འབྲིང་གི་ནཱི།། ཐ་མ་ཟླ་བ་ལོ་གཅིག་གོ།། ལྷན་ཅིག་བཀར་བཅའ་མ་གཏོགས་པའི།། ལྔ ་མ་རྣམས་ལ་ཐེ་ཚོམ་ནི།། ལོ་དུས་ཟླ་བ་འབྲིང་གི་རཱབ།། ལྷག་མ་གཉིས་པོ་གོང་བཞིན་བྱ།། སྒྱུ་མ་ལྟ་བུའི་ཏིང་འཛིན་ལས།། ལྷ་ཡིས་རྣལ་འབྱོར་གཉིས་རང་ནི།། མ་ཤེས་ཕྱི་ནང་ཐུན་མོང་གསུམ།། ཡུང་ན་གྲོང་མ་གཉིས་པོ་ཡི། ་ཟླ་ཕྱེད་ཞག་བདུན་ཞག་གཅིག་ནི།། ཐ་ཡི་རབ་འབྲིང་གསུམ་ཡིན་ནོ།། སོམ་ཉི་ཟ་བའི་དམ་ཚིག་གོ།། གདུག་ལ་རྟག་ཏུ་བྱམས་ལྡན་པར།། བྱེད་པའི་དམ་ཚིག་ཉམས་པཱ་ནརྀ།། གདུགས་ཅེས་བྱ་བའི་སློབ་དཔོན་ནི།། རྡོ་རྗེ་སྤུན་དང ་རྣལ་འབྱོར་གྱི།། དགྲར་གྱུར་བསྟན་པ་འཇིག་པ་དང་། དེ་ལ་སོགས་པ་བྱེད་པ་རྣམས།། གདུག་པ་ཞེས་ནི་བྱ་བ་ཡིན།། དེ་ལྟ་བུ་ཡི་གདུག་པོ་ནི།། མཐོལ་བཤགས་མི་བྱེད་ལོ་རུ་ནི།། གནས་པས་རབ་ཀྱི་རབ་ཡིན་ནོ།། ལྷག ་མ་གཉིས་པོ་གྲོང་བཞིན་ནོ།། སློབ་དཔོན་མ་གཏོགས་རྡོ་རྗེ་སྤྱནྡ།། འབྲིང་གི་རབ་འབྲིང་གསུམ་ཡིན་ནོ།། གཉིས་པོ་མ་གཏོགས་ལྷག་མ་ནི།། ཐ་མའི་རབ་འབྲིང་གསུམ་ཡིན་ནོ།། ཡང་ན་དེ་རྣམས་གསུམ་ག་ལ།། ཞག་གྲངས་བརྩིས ་ནི་གོང་བཞིན་ནོ།། གདུག་ལ་བྱམས་པའི་དམ་ཚིག་གོ།། མིང་སོགས་བྲལ་བའི་ཆོས་རྣམས་ལ།། རྟོག་པར་བྱེད་པའི་དམ་ཚིག་ནི།། ཆོས་རྣམས་སྤྲོས་དང་བྲལ་བ་ལ།། ལོ་གཅིག་རྟོག་པར་འཛིན་པ་དང་།། གཞན་ཡང་དེ་ལ་སྦྱོར ་བྱེད་པའི།། བཤགས་པར་མི་བྱེད་པཱ་ཡི་མི།། ལྷག་མ་གཉིས་ནི་གོང་བཞིན་ནོ།། གཞན་ལ་མི་སྦྱོར་རང་ཙམ་ནཱི།། ལྀ་ནས་ཟླ་བར་འབྲིང་ག་ནི།། རབ་འབྲིང་དུ་ནི་ཤེས་པར་བྱ།། དངོས་པོར་མ་བཟུང་ཚོལ་འདོད་པ། དེ་བཞིན་ལོ་ནས་ཟླ་བའི ་བྲྀར།། ཐ་མའི་རབ་འབྲིང་གསུམ་ཡིན་ནོ།། རྟོག་འཛིན་བྱེད་པའི་དམ་ཚིག་གོ།། སེམས་ཅན་ད་དང་ལྡན་པ་ཡི།། སེམས་སུ་ནཱ་འབྱིན་པའི་དམ་ཚིག་ནི།། དང་དང་ལྡན་པའི་གང་ཟག་རྣམས།། ཟབ་མོའི་ཆོས་ལས་བཟློག་ནས་ནི།། མུ ་སྟེགས་ཆོས་ལ་སྦྱོར་བྱས་པ།། ལོ་ནས་ཟླ་བའི་བར་དུ་ནོ།། རབ་ཀྱི་རབ་འབྲིང་གསུམ་ཡིན་ནོ།། ཟབ་མོའི་དོན་ལམ་བཟློག་ནས་ནི།། ཉན་ཐོས་ཐེག་པར་སྦྱོར་བྱེད་བཱཀའབྲིང་རབ་གསུམ་ཡིན་ནོ་བཞིན་ཚད།། ཟབ་མོའི་དོན་ལས་བཟློག་ནས ་ནི། ཕ་རོལ་ཕྱིན་པར་སྦྱོར་བྱེད་པ།། ཐ་མའི་རབ་འབྲིང་གསུམ་ཡིན་ནོ།། ཡང་ནི་ཕ་རོལ་ཐེག་པ་བཟློག་ནས་ནི།། མུ་སྟེགས་ཐེག་པར་སྦྱོར་བྱེད་པ།། འབྲིང་ཡིན་ཉན་ཐོས་བཟློག་བྱེད་པ།། ཐ་མ་ཡིན་ཏེ་གསང་སྔགས་ནི།། རབ་ཡིན ་ཡང་ན་མང་པོ་རྣམས།། བཟློག་བྱེད་པ་ནི་རབ་ཡིན་ཏེ།། ཉུང་ངུ་འབྲིང་ཡིན་ཐ་མ་ནི།། སེམས་སུན་འབྱིན་པའི་དམ་ཚིག་གོ།། དམ་ཚིག་རྣམས་ལ་ཇི་བཞིན་སྙེད།། མི་བསྟེན་དམ་ཚིག་ཉམས་པའི་ཚད།། རྩ་བ་དང་ནི ་ཡན་ལག་གི། དམ་ཚིག་ཉིན་མཚན་མི་བསྔོ་དང་།། སྤྱོད་པ་ལ་སོགས་ལྔ་པོ་ལྔ།། དྲང་དུ་བླངས་ནས་མཱི་བསྟེན་པ།། ལོ་ནས་ཟླ་བོའི་བར་དུ་ནི།། མི་བཤགས་རབ་ཀྱི་གསུམ་ཡིན་ནོ།། རྩ་བ་དང་དུ་མི་ལེན་པར།། འཇོག་པར་འབྲིང་གི་གསུམ ་ཡཱི་ནོ།། ཡུན་ལཱག་མི་ལེན་ཐ་མ་གསུམ།། ཡང་ན་ཟླ་ཕྱེད་ཞག་བདུན་དུ།། ཞག་གཅིག་པུ་ནི་འབྲིང་གི་གསུམ།། ཉིན་མཚན་གཅིག་ལ་ཐ་མོའི་གསུམ།། མི་བསྟེན་པ་ཡིས་དམ་ཚིག་གོ།། བུད་མེད་ཤེས་རབ་རང་བཞིན་ཅན།། སྨོད་པར་བྱེད ་པའི་དམ་ཚིག་ནི།། དཔེར་ན་བ་ལང་ཀོ་པ་ལས།། སྒྲས་མོཚོན་པར་དུ་སློབ་པ་བཞིན།། བུད་མེད་ཤེས་རབ་སྒྱུ་མ་ཅན།། ལས་ཀྱི་ཕྱག་རྒྱ་མཚན་ལྡན་ལ།། བསྟེན་ནས་དེ་ལས་ལོབས་གྱུར་ན།། ཡིད་ཀྱི་ལྷ་མོ་ལ་བརྟེན་ན།། དེ་ནས་གཏུམ་མོ་ཉོ ་ལྔ་བརྟེན། དེ་ནས་ཤེས་རབ་དགའ་མ་ལ།། ལྡན་ཅིག་དགའ་བའི་བར་དུ་ནི།། བརྟེན་ནས་ཤེས་རབ་རིམ་པར་སྐྱེད།། དེ་ནས་ཕྱག་རྒྱའི་དངོས་གྲུབ་འཐོབ།། དེ་ལྟར་བུད་མེད་ཤེས་རབ་ལ།། སྨོད་ཅིང་སྤོང་བར་བྱེད་པ་ནི།། ལོ་དུས་ལོན་ན་རབ ་ཀྱི་རབ།། ཕྱེད་དང་ཟླ་གཅིག་གཉིས་སུ་བསྟན།། དེ་ལྟའི་ཤེས་རབ་རང་བཞིན་ལ།། རྣལ་འབྱོར་ལམ་པ་སྨོད་ན་ནི།། འབྲིང་གི་གསུམ་དང་བསྟན་པ་ཡིན།། མཚན་དང་མི་ལྡན་ཐམས་ཅད་ལ།། རྒྱུན་ཏུ་སྨོད་ཅིང་མི་བཤགས་པ།། ལོ་དུས་ལོན ་ནི་ཐ་མའི་རབ།། ཕྱེད་དང་ཟླ་གཅིག་གཉིས་སུ་བསྟན།། ཤེས་རབ་སྨོད་པའི་དམ་ཚིག་གོ།། རྩ་བའི་དམ་ཚིག་རབ་འབྲིང་གེ་ཉམས་པའི་ཚད་བསྟན་པའོ།། ཡན་ལག་དམ་ཚིག་བསྟན་པ་ནི།། རྣལ་འབྱོར་སྔགས་པས་སྔགས་པ་ནི།། ནན་གྱིས་ལེན ་པ་གསུམ་དུ་བསྟན།། གཞན་གྱི་བུད་མྱེད་ལེན་པ་དང་།། རང་གི་རྣལ་འབྱོར་མ་གཉིས་ལ།། ཆགས་པའི་དྲོན་དུ་འཇུག་པ་དང་།། བྱིན་གྱིས་བརླབ་པར་མི་བྱེད་པར།། ཐ་མལ་སྤྱོད་པས་འཇུག་པོ་དང་།། རྟགས་དང་མི་ལྡན་འཇུག་པ་ནི།། རྣལ ་འབྱོར་ཆགས་པའི་ལམ་པས་ནི།། དང་པོ་ཆགས་པ་འདུལ་བ་དང་།། ཟ་བོ་མོའི་དོན་ལ་འཇུག་བྱའི་ཕྱིར།། ཤིན་ཏུ་ཆགས་པ་ཆེར་ལྗོན་ལ།། བདེ་གཤེགས་རྒྱལ་བས་བསྟན་པ་ཡིན།། རྣལ་འབྱོར་གྲོལ་བའི་ལམ་པ་ལཱི།། གྲོང་མ་དེ་བཞིན ་མ་བསྟན་ཏེ།། ལས་དང་རྣལ་འབྱོར་དུས་སུ་ནི།། ཡིད་ཀྱི་ལྷ་མོ་གཟུགས་མཛེས་མ།། ཚོགས་ཀྱི་འཁོར་ལོ་འམ་སྤྱོད་དུས་སུ།། མོས་པས་དེ་བསམ་དམ་ཚིག་ཡིན།། རྟགས་ལྡན་བརྟེན་པ་ཐོབ་ནས་ནི།། མཆོག་གི་དངོས་གྲུབ་མྱུར་འདོད ་པས།། རྣལ་འབྱོར་མ་ཡིས་ལུང་བསྟན་ནས།། མི་དེ་ལྷ་ལ་སོགས་པ་ཡིས།། ཞག་གཅིག་ཟླ་གཅིག་ཞ་ག་དྲུག་ཏུ།། བསྙེན་པས་མཆོག་ནི་ཐོབ་པར་འགྱུར།། ཆགས་མེད་རྣལ་འབྱོར་མོས་པ་ཡི།། སྐད་ཅིག་ཤེས་རབ་ལ་བེ་རྟེན ་ནས།། ཕྱག་རྒྱའི་དངོས་གྲུབ་ཐོབ་པར་འགྱུར།། དེ་དོན་བྱ་བའི་རིམ་པ་ནི།། ས་ལ་གནས་པའི་མཁའ་འགྲོ་མ།། ཁོ་ན་ཉིད་ལ་བརྟེན་པ་ཡིན།། དེ་ལྟར་མི་ཤེས་འཁྲུལ་པར་སྤྱོད།། རྒྱུན་ཏུ་སྤྱོད་ཅིང་ལོ་དུས་སུ།། མི་བཤགས་དེ་ནི་མེ་ཡིནོ།། ། ་དེ་བས་ཉུང་བར་གྱུར་པ་ནི།། འབྲིང་ཉིད་དུ་ནི་ཤེས་པར་བྱ།། ཐབས་གཅིག་སྤྱོད་པ་ཐ་མ་ཡིན།། མུན་གྱིས་ལེན་པའི་དམ་ཚིག་གོ།། མ་གསུངས་པ་ཡཱི་རིགྲ་མ་ལ།། སྔགས་པས་བདུད་རྩི་ཐོབ་བྱེད་ནི།། བླ་མྱ་རྡོ་རྗེ་སློབ། ་དཔོན་གྱིས།། མན་ངག་རྣ་བར་མ་བརྒྱུད་པར།། ནན་གྱིས་བརྟགས་ནས་ཚུལ་འོ་ཆོས་པ།། རྒྱུན་ཏུ་བྱེད་ཅིང་ལོ་དུས་སུ།། མི་བཤུགས་པ་ནི་རབ་ཡིན་ནོ།། དེ་བས་ཉུང་བ་འབྲིང་ཡིན་ཏེ།། གཅིག་ཙམ་བྱེད་པ་ཐ་མ་ཡོན།། མྱི་ཐོབ་པ་ཡི་དམ ་ཚིག་གོ།། ཚོགས་ཀྱི་འཁོར་ལོའི་དམ་ཚིག་གོ།། བསྟན་ལ་ཐབ་མོ་བརྩོད་བྱེད་པ།། དབང་བསྐུར་མོན་ངག་ཟབ་མོ་དང་།། སློབ་དཔོན་གཅིག་པར་མ་གྱུར་ལ།། མི་ཟབ་ཚོགས་ལ་བཤད་པ་ཡིན།། དུས་སུ་བརྩོད་ནས་མཚོན་དབྱུགས་ནི།། ་འདྲེས་ནས་ཅུང་ཞིག་མི་བཤགས་པ།། རབ་ཀྱི་ཡིན་ཏེ། འབྲིང་གི་ནི།། མཚོན་དབྱུག་འདྲེས་ནི་ས་ཡུན་ཐུང་བ།། ཐ་མ་ཚིག་རྩུབ་ཤིན་ཏུ་ཐུབ།། ཤི་བར་གྱུར་ན་སློབ་དཔོན་གྱིས།། འབྲིང་པོ་མན་ཆད་བརྩི་བར་བྱ།། ཚོགས་ཀྱི་དམ་ཚིག་ཉམས ་བའོ།། གསང་ཆོས་ཡན་ལག་ཤེས་གྱུར་ཀྱང་།། གཞན་ལ་མཱི་སྟོན་ཤིས་ངན་ནཱི།། སྣོད་དུ་གྱུར་པའི་གང་ཟག་ལ།། མན་དཱག་ཤེས་བཞིན་མི་སྟོན་ན།། སྣོད་གྱུར་མང་ལ་མི་སྟོན་རབ།། ཉུང་ལ་མི་སྟོན་ཐ་མ་གཅིག། ཡང་ན་དུས་ཀྱི་གསུམ ་པོ་ནི།། གོང་མ་བཞིན་དུ་ཤེས་པར་བྱ།། ལུང་མི་སྟོན་པའི་དམ་ཚིག་གོ།། དད་པའི་སེམས་ཅན་ཆོས་ཀྱིས་རྒྱུ།། གཞན་གྱི་གདམས་བྱུང་བྱང་ཆུབ་སེམས།། ཐེག་ཆན་སྣོད་དུ་གྱུར་པ་ལ།། གུས་པས་ཆོས་ནི་དྲི་བྱེད་པ།། ལན་མི ་འདེབས་ཏེ་ཡི་གེའི་གདམ།། བྱེད་པ་རབ་བྲིང་གི་ནི།། ལུང་མ་བསྟན་པའི་གཏམ་བྱེད་ཅིང་།། ཐ་མ་ཉན་ཐོས་ཀྱི་ནི་གཏུམ།། དུས་གསུམ་གོང་བཞིན་ཤེས་པར་བྱ།། ལོག་པར་སྟོན་པའི་དམ་ཚིག་གོ། ཉན་ཐོས་ནང་དུ་ཞག་བདུན་འདུག། ་ཐེག་པ་ཆེན་པོའི་ཆོས་ལ་ནི།། ཐོས་པར་གྱུར་ནས་སྐུར་པ་ཡི།། ནང་དུ་ཞག་བདུན་འདུག་ནསྭ་ནི།། སྦྱངས་ནས་སྤོང་བྱེད་ལོ་དུས་སུ།། མི་བཤགས་པ་ནི་རཱུ་བ་ཡི་ནོ།། ཞག་གསུམ་དུ་ནི་གཅིག་ནཱི་ཐ།། དེ་གཉིས་སུ་ནི་གོང་བཞིན་ནོ།། ཡང་ན། ་རིགས་འདྲར་གྱུར་པ་ལ།། གཉིས་པོ་མན་ཆད་བརྩི་བར་བྱ།། ཞག་བདུན་ཉལ་བའི་དམ་ཚིག་གོ།། རྣལ་འབྱོར་ཡེ་ཤེས་མི་ཤེས་པར།། ད་ནི་སྔགས་པ་ཡིན་ཞེས་ཟེར།། རྣལ་འབྱོར་མེད་པའི་ཏིང་འཛིན་གྱིས།། ཚིག་ཙམ་འགའ་ཡི་ང་རྒྱལ ་གྱིས།། སྔགས་བཱས་ཁས་འཆེས་ཡང་གསུ་ཡང་།། ལྀ་དུསཱ་མི་བཤགས་རབ་ཡིན་ནོ།། དེ་བས་ཉུང་ལྟར་ཤིན་ཏུ་ཉུང་།། གཉིས་བློ་ཡིན་པར་ཤེས་པར་བྱ།། མི་ཤྲཱིས་པ་ཡི་དམ་ཚིག་གོ།། སྣོད་མིན་པྲ་ཡི་སེམས་ཅན་ལ།། ཕྱི ་ཡི་ཆོས་བཤད་ཡིན་པ་ལྔ།། གསང་བའི་ཆོས་རྣམས་འཆད་པ་ནི།། ཕྱི་ཙམ་བསྟན་པའི་གང་ཟག་ལ།། གསང་བའི་མིན་ངག་སྟོན་པ་ནི།། ཡང་ཡང་སྟོན་དང་མཽང་ལ་སྟོན།། ལོ་དུས་མ་བཤགས་རབ་ཡིན་ནོ།། གཉིས་པོ་གོང ་བཞིན་ཤེས་པར་བྱ།། དམ་ཚིག་དེ་རྣམས་ཀུན་ལ་ཡང་།། དུས་དང་བསམ་པ་དངོས་པོ་ཀུན།། ཆེ་ཆུང་བྱུང་བར་གྱུར་པ་དང་།། མཉམ་པར་གྱུར་དང་མ་ཚང་རྣམས།། མཁས་པས་བརྟགས་ནས་ཆོ་ག་ནི།། ཆེ་ཆུང་སྟོད་དང་སྨོད ་པར་བྱ།། དེ་ལྟར་མ་ཤེས་གསུམ་དང་དགུ། མུ་དེ་བཟུང་ནས་ལྷག་ཀྱང་བཟང་།། དེ་རྣམས་ནི་དམ་ཚིག་ཉམས་པའི་ཚད་བསྟན་པའོ།། །། མ་ཉམས་པའི་ཚད་བསྟན་པ་ནི།། གོང ་མ་དེ་རྣམས་མ་བྱུང་དང་།། ཡང་ན་སློབ་དཔོན་དཀོན་མཆོག་དང་།། རྡོ་རྗེ་སྤུན་དང་སྡུག་པ་ཡི།། སེམས་ཅན་རྣམས་ཀྱི་དྲོན་དུ་ནི།། རབ་ཏུ་མ་གྱུར་འབྲིང་གི་ནི།། དེ་དག་མན་ཆོད་བྱུང་ནུས་ཡང་།། ཉམས་པར་མི་འགྱུར་བདེ་གཤེགས་གསུང ་ལུས་ལ་ཕན་པར་གྱུར་ནས་ཀྱང་ཀཏིང་འཛིན་གྲོགས་སུ་གྱུར་པ་ནི།། ཉེས་པར་མི་འགྱུར་བདེ་གཤེགས་གསུང་།། སེམས་ཅན་འདུལ་བར་གྱུར་པ་དང་།། སེམས་ཅན་དྲང་པོའི་དོན་དུ་ཡང་།། ཉམས་པར་མི་འགྱུར་བདེ་གཤེགས ་གསུངས།། དེ་རྣམས་ཤེས་རབ་ཟབ་མོ་དང་།། སློབ་དཔོན་ཞལ་གྱི་མན་ངག་ལ།། བརྟེན་ནུས་གནང་བཀག་རིམ་པ་ནི།། མཁས་པ་རྣམས་ཀྱིས་ཤེས་པར་བྱ།། དམ་ཚིག་མ་ཉམས་པའི་ཚད་བསྟན་པའོ།། ། ད་ནི་དམ་ཚིག ་ཉམས་པ་བསྐྲད་པའི་ཆོ་ག་བསྟན་ཏེ།། ཆོ་ག་ཡང་ནི་དགུ་རུ་ཤེས་པར་བྱ།། རབ་ཀྱིས་ལོ་གཅིག་ལ་བསྒོམས་ལ།། ཚོགས་འཁོར་བཅུ་གཉིས་ཕྲག་བཞི་དང་།། སྦྱིན་སྲེག་བདུན་བརྒྱ་ཉི་ཤུ་དང་།། གཏོར་མ་བདུན་བརྒྱ་ཉི་ཤུ་དང་།། དེ ་དུས་རྡོ་རྗེ་སློབ་དཔོན་དང་།། རྡོ་རྗེ་མཆེད་ཀྱང་སྤྱན་དྲངས་ལ།། རྡོ་རྗེ་སློབ་དཔོན་བཀྲོངས་གྱུར་ན།། གཟུགས་བྱ་ཡང་ན་མཆིལ་ལྷམ་གོས།། དེ་རྟེན་ཡང་ན་མིང་གི་ཡི་གེས་བསྐྱེད།། འོད་ཟེར་འཕྲོས་ནས་སློབ་དཔོན་གྱིས།། རྣམ ་ཤེས་བཀུགས་ནས་དེ་ལ་གཟུང་།། ཡི་དམ་ལྷ་འམ་མི་བསྐྱོད་པའི།། གཟུགས་སུ་བལྟས་ལ་དེ་ལ་ནི།། སྐྱེད་རིམ་ཐུན་རེ་བྱེད་པ་དང་།། བཟླས་བརྗོད་འབུམ་ཕྲག་གསུམ་གྱིས་ནི།། ཡི་གེ་འཁོར་ལོའི་འོད་ཟེར་གྱིས།། བདག། ་དང་སློབ་དཔོན་གཉིས་ཀ་ཡི།། ལུས་ངག་ཡིད་ཀྱི་སྒྲིབ་པ་སྦྱོང་།། སྦྱིན་སྲེག་གིས་ཀྱང་དེ་བཞིན་སྦྱང་།། ཚོགས་ཀྱི་འཁོར་ལོའི་མཆོད་པ་ཡིས།། འཁོར་ལོ་འདུ་འཕྲོ་སྦྱང་བ་བྱ།། འཁོར་ལོ་འདུ་འཕྲོས་མཆོད་པའོ།། གཏོར་མ ་དང་པོས་སྦྱང་མཆོད་དང་།། བར་མས་བཀྲུང་ཞིང་སྤོལ་བ་ད་ང་།། ཐ་མས་གནོད་པ་མི་བྱེད་ཅིང་།། བཤགས་པ་རྒྱུན་བྱ་འདུས་བྱས་ཀྱིས།། དགེ་རྩ་ལ་སོགས་གཞན་ཡང་བྱ།། དེ་ལྟར་བྱས་ན་སློབ་དཔོན་ལ།། སླར་ཡང་སྡོམ་པ ་གསུམ་བླངས་ལ།། དཀྱིལ་འཁོར་འཇུག་ཅིང་དབང་བསྐུར་བླང་།། སློབ་དཔོན་མད་འགྱུར་རྡོ་རྗེ་སྤུན།། མཁས་པ་ཉིད་ལཱྀ་བླང་བར་བྱ།། དེ་མེད་ཡི་ངམ་ལྷ་ལ་བླང་།། དེ་ལྟར་བྱོས་ན་དགུ་འགྱུར་ཏེ།། དངོས་གྲུབ་ཀྱང་ནི་ཐོབ་པར་འགྱུར།། ་འབྲིང་དང་ཐ་མ་གཉིས་པོ་ཡང་།། ཕྱེད་ཕྱེད་འདྲེས་ཕྱེད་ཤྲེསཱི་པར་བྱ།། འབྲིང་གི་རབ་ནི་ཟླ་བ་གཅིག། ལྷ་བསྒོམས་སྦྱིན་སྲེག་སུམ་ཅུ་དང་།། གཏོར་མ་སུམ་ཅུ་ཕྲག་གཉིས་དང་།། ཚོགས་འཁོར་གསུམ་དང་བཟླས་བརྗོད་ནི།། ་སུམ་ཁྲི་བཤགས་པ་ཐུན་མཚས་སུ།། འབྲིང་གཽ་འབྲིང་ནི་ཉི་ཤུ་རུ།། ཚོགས་གཉིས་བཟླས་བརྗོད་ཉི་ཁྲི་བྱ།། འབྲིང་གི་ཐ་མ་བཅུ་རུ་སྦྱིན་སྲེག་བྱ།། གཏོར་མ་བཅུ་དང་བཟླས་བརྗོད་ཁྲི།། དེ་དག་ཆོ་ག་བྱེད་པ་ཡང་།། སློབ ་དཔོན་ལ་སོགས་མ་ཚོགས་ཀྱང་།། རྣལ་འབྱོར་གཉིས་ཀྱིས་བོར་ལེན་བྱ།། ཐ་མའི་རབ་འབྲིང་ཞག་བདུན་དུ།། སྦྱིན་སྲེག་གཏོར་མ་བདུན་དང་བཟླས་བརྗོད་སྟོང་།། ཚོགས་འཁོར་གཅིག་དང་བཤགས ་པ་མཐུན།། ཐ་མའི་འབྲིང་ནི་ཞག་གསུམ་དུ།། སྦྱིན་སྲེག་གཏོར་མ་གསུམ་དང་མཆོད་པ་བརྩམ།། བཟླས་བརྗོད་ལྔ་བརྒྱ་བ་ཤགས་པ་བྱཾ།། ཐ་མའི་ཐ་མ་ཞག་གཅིག་ཏུ།། གཏོར་མ་སྦྱིན་སྲག་རེ་རེ་དང་།། བཟླས་བརྗོད་བརྒྱ་དང ་བཤགས་པ་བྱ།། དེ་ལྟར་བྱས་པས་དག་པར་འགྱུར།། ཚེགས་ཀྱི་འཁོར་ལོ་མ་འབྱོར་པས།། སྦྱིན་སྲེག་གཅིག་ཕུལ་བསྐང་པ་ཡིན།། རབ་ཀྱི་གསུམ་གྱི་སྦྱིན་སྲེག་ནི།། སུམ་ཁྲི་ཁྱི་ཉི་ཁྲྀ་རཱི་བྱ།། འབྲིང་གི་གསུམ་གྱི་སྦྱིན་སྲེག་ནི།། ་ལྔ་སྟོང་སྟོང་དང་ལྔ་བརྒྱ་བྱོ།། ཐ་མ་གསུམ་གྱི་སྦྱིན་བསྲེག་ནི།། བརྒྱ་དང་ལྔ་བཅུ་ཉྩི་ཤུ་ལྔ།། དེ་ལྟར་བྱས་པས་དག་པར་འགྱུར།། སྦྱིན་སྲེག་མ་བྱས་རྣལ་འ་བྱོར་པས།། བཟླས་བརྗོད་ཀྱིས་ནི་བྱེ་བར་གསུངས་གསུམ་གྱི་རབ་འབྲིང ་གསུམ་གསུམ་སྟེ། བྱེ་བོ་བདུན་འབུམ་སུམ་འབུམ་དང་།། འབུམ་དང་བདུན་ཁྲི་སུམ་ཁྲི་དང་།། ཁྲི་དང་བདུན་སྟོང་སུམ་སྟོང་དང་།། སྟོང་དང་བདུན་བརྒྱ་སུམ་བརྒྱ་དང་།། དེ་ལྟར་བྱས་པས་དག་པར་འགྱུར།། དེ་ལྟར་མི་འགྲུབ་རྣལ ་འབྱོར་པས།། གཏོར་མོ་ཆེན་པོའི་ཆོ་གས་ཀྱང་།། སྦྱིན་སྲེག་བཞིན་དུ་བསྟན་ནས་སུ།། ཉམས་པ་དག་སྟེ་སྐོངས་པོར་འགྱུར།། སྦྱིན་བསྲེག་བཟླས་བརྗོད་གཏོར་མ་ལས།། བྱུང་བའི་དངོས་གྲུབ་གསུམ་གྱིས་ནི།། དམ་ཚིག ་ཉམས་པར་སྐོངས་པར་འགྱུར།། ཐུན་མོངས་དངོས་གྲུབ་གྲུབ་ནས་ཀྱང་།། བརྒྱུད་པས་མཆོག་ཀྱང་འགྲུབ་པར་གསུངས།། བསྒོམ་པ་ལས་བྱུང་དངོས་གྲུབ་ཀྱི།། དམ་ཚིག་ཉམས་པ་སྐོངས་གྱུར་ན།། དངོས་གྲུབ་གཉིས་ཀ། ་ཐོབ་པར་འགྱུར།། ལྷག་མ་རྣམས་ཀྱི་ཆོ་ག་ནི།། སློབ་དཔོན་རབ་གསུམ་བར་བོར་ནས།། འབྲིང་གི་གསུམ་གྱི་རབ་ཏུ་བསྟན།། ཐ་མ་གསུམ་གྱི་འབྲིང་དུ་བསྟན།། ཐ་མ་རབ་ཀྱི་སྦྱིན་སྲེག་གཅིག། འབྲིང་གི་གཏོར་མ་འམ་བཟླས ་བརྗོད་བྱ།། ཐ་མས་བླ་མའི་མཆོད་པ་བྱ།། བླ་མའི་མཆོད་པའི་མན་ངག་ཀྱང་།། མཎྜལ་གསུམ་མམྲ་གཅིག་བྱས་ལ།། མཎྜལ་མཐར་ཕྱིན་མཛེས་པ་གཱ། མེ་ཏོག་མཛེས་ལྡན་མཆོད་པོ་བསག། ལུས་ཚགས་བགྲོས་པས་པུས་བཙུགས ་ནས།། བདུན་དང་བཅུ་དང་བཅུ་གཉིས་དོང་།། བྱེ་བ་ཆོ་ག་གཞན་དང་མཐུན།། ཁྱད་པར་བདག་གིས་སྡིག་པ་ནི།། འོད་ཟེར་དྲ་བས་བསྡུས་ནས་ནི།། ཕྱུང་ནས་གདུན་གྱི་པང་སྟེངས་སུ།། བླ་མ་ཡི་དམ་དཀོན་མཆོག་དང་།། བདག་གི་འོད་ཟེར་འཁྲུལ ་འཁོར་དང་།། སྡིག་པ་སྦྱོང་ཞིང་བཤགས་པ་བྱ།། ཡང་ན་སྒྱུ་མ་ལྟ་བུའི་སེམས།། དེ་བཞིན་བྱས་པསྔ་དག་པར་འགྱུར།། ཡན་ལག་ཆོ་ག་བསྟན་པ་ནི།། རྩ་བའི་ཐ་མ་གསུམ་པོ་དང་།། གོ་རིམ་བཞིན་དུ་ཤེས་པར་བྱ།། ཁྱད་པར་ཆོ་རིག་སྟན ་པ་ནི།། རྡོ་རྗེ་སྤུན་ནི་བཀུག་གྱུར་ནས།། སྒྲིབ་སྦྱོང་ལྷ་རུ་བསྐྱེ་ད་པ་ལ།། མཆོད་པ་ལ་སོགས་གོང་བཞིན་ནོ།། དེ་བཞིན་འགྱུར་ནའང་གོང་བཞིན་ནོ།། བདེ་གཤེགས་བཀའ་འདས་དུས་སུ་ནི།། གོང་དུ་ཉམས་པ་དེ་ལ་ནི།། སྦྱོང་བ་ལ་སོགས ་བྱ་བ་དང་།། རིགས་ཀྱི་ལྷ་འམ་ཕྱག་མཚན་ནམ?།། ཨཱ་ལི་ཀཱ་ལི་ཕྲེང་བ་ནི།། བསྟིམས་ནས་གྲོང་བཞིན་ཤེས་པར་བྱ།། སེམས་ཅན་བྱམས་སེམས་དམ་ཚིག་ལ།། གང་དུ་སྤངསྔ་པ་དེ་བཀུག་ནས།། དངོས་དང ་བསམ་པ་གཉིས་ཀླས་སུ།། སྦྱང་པ་ལ་སོགས་གྲོང་བཞིན་བྱ།། བྱང་སེམས་སྤོང་བ་དེ་ལ་ཡང་།། ཕྱི་ནང་ཡ་ནི་གཉིས་སུ་བསྟན།། ཕྱི་ནི་གོང་བཞིན་ནང་གི་ནི།། འབ་བ་ར་ཀ་ཏར་མ་ཟིན་པའོ།། དེ་ཡི་སྦྱང་བ་ལ་སོགས་ཀུན།། སྙིང ་ག་གོང་འོག་ལ་བསྟིམས་ནས།། རང་གི་པོ་ཏི་ཁོ་ན་ལ།། གཞན་གྱིས་པོ་ཏི་འམ་དངོས་དེ་ཉིད།། བསམ་དང་དངོས་ལ་སོགས་པ་ནི།། གོང་མ་བཞིན་དུ་ཤེས་པར་བ།། དེ་འོག་སླར་ཡང་སྨིན་པར་བྱ།། ཡང་ན་ཡི་དམ་ལྷ་སོགས་ལ།། ་གོང་བཞིན་ཁྱད་པར་དྲག་གིས་སྤྱད།། ཕུང་པོ་ལྷ་རུ་བསམ་ནས་ནི།། ནང་མཆོད་ནང་གི་སྦྱིན་སྲེག་ནི།། བསམ་ཏེ་སྦྱང་པའི་ཆོ་གུ་བྱ།། རང་བཞིན་ཆོས་ཀྱི་གནས་དེ་རུ།། ཐེ་ཚོམ་ཟ་བའི་དེ་ཉིད་ལ།། རང་བཞིན་དེ་ཉིད་བསམས་ནས ་སུ།། དེ་ཉིད་ལྷ་འམ་ཐིག་ལེ་འམ།། ཡིག་འབྲུ་གཏུམ་མོ་ལ་སོགས་ལ།། རྩང་མཆོད་ལ་སོགས་གོང་བཞིན་བྱ།། སེམས་ཅན་གདུགས་པ་སྦྱངས་པ་དང་།། བླ་ལ་སྤུན་ལ་མཆོད་པར་བྱ།། སྟོང་པའི་དོན་ལ་མོས་པ་དང་།། ་བླ་མ་ཡི་དམ་དབུ་སྟེང་དུ།། ཆོས་སྐུའི་རྟགས་དང་གཙུག་ཏོར་ལ།། ཁྱད་པར་མཆོད་པར་བྱ་བའོ།། སེམས་ཅན་དད་ལྡན་བཀུག་ནས་ནི།། སྦྱོང་བ་ལ་སོགས་བྱས་ནས་ཀྱང་།། དཀྱིལ་འཁོར་སྒྲུབ་ཅིང་དབང་བསྐུར ་དང་།། མན་ངག་ཟབ་མོའི་དོན་བསྟན་པ།། ལྷཪྻ་དམིགས་མཆོད་པ་ལ་སོགས་བྱ།། དམ་ཚིག་ཐམས་ཅད་དྲན་ནས་ཀྱང་།། ཐམས་ཅད་ལྷར་དམིགས་ཁྱད་པར་ནི།། སྤྱད་པར་བྱ་བ་ལ་སོགས་ལ།། རིགས་ལྔ་ཡབ་ཡུམ ་བསམས་ནས་ནི།། མཆོད་ཅིང་སྦྱང་བར་བྱ་བ་ཡིན།། ཤེས་རབ་ཐམས་ཅད་བཟློག་ནས་ནི།། སྦྱང་བར་བྱས་ལ་ལྷ་མོར་དམིགས།། མཆོད་པ་སྣ་ཚོགས་ཁྱད་པར་བསམོ།། བདག་བློ་དང་བཅས་བཀུག་པ་ལ།། སྦྱང་པ་ལ ་སོགས་གོང་བཞིན་བྱ།། ཡང་ན་ཐ་མལཱ་ཞོན་པ་བཟློག། མཁའ་ལ་སོགས་པ་བྱིན་བརླབས་ལ།། ལྷ་ཡི་རྣལ་འབྱོར་བལྟས་ནས་ནི།། ཕན་ཚུན་མཆོད་པས་ཚིམ་པར་བྱ།། ཐ་མལ་ལྕེ་འདི་སྦྱངས་ནས་སུ།། རྡོ་རྗེ་ལྕེ་རུ་བྱིན་བརླབས ་ལ།། གང་བཤད་ལོགས་བབ་ནས་པ་ནི།། སྦྱང་དང་ལྷ་བསམ་ལ་སོགས་བྱ། ཁྱད་པར་རྡོ་རྗེ་འོད་ཟེར་ལས།། བཟླས་ཤིང་མཆོད་པས་ཚིམ་པར་བྱ།། བསྟན་བྱ་ཉིད་ཀྱང་བཀུག་ནས་ནི།། གསོ་ཞིང་སྦྱང་པའི་ཆོ་ག་བྱ།། རྣལ ་འབྱོར་སྤུན་རྣམས་བཀུག་ནས་ནི།། སྦྱང་བ་ལ་སོགས་གོང་བཞིན་ནོ།། སྣོད་ལྡན་སེམས་ཅན་བཀུག་ནས་ནི།། སྦྱང་བ་ལ་སོགས་བྱ་བ་དང་།། གསང་བ་དོ་ངེས་དང་བསམ་པ་ཡིས།། བསྟན་ལ་སོགས་པ་བྱ་བའོ།། དད་ལྡན་ཀུན ་ལོ་གོང་བཞིན་ནོ།། སྦྱོང་བ་ལ་སོགས་དངོས་དང་བསམ།། གཉིས་ཀའི་ཐབས་ཀྱིས་བསྟན་པ་ཡིན།། ཉན་ཐོས་ལ་སོགས་སྐྱོང་བ་དང་།། བདག་ཉིད་སྦྱང་བར་བྱ་བའོ།། རྣལ་འབྱོར་ལྷ་ལ་ནན་ཏན་བྱའོ།། ང་རྒྱལ་ལ་སོགས ་སྦྱང་བའོ།། དེ་ལྟར་ཆོ་ག་བྱས་ནས་ནི།། དམ་ཚིག་ཉམས་པ་སྐོངས་ནས་ཀྱང་།། དངོས་གྲུབ་རྣམ་གཉིས་ཐོབ་པར་གསུངས།། ལས་དང་པོ་ཡི་གང་ཟག་ལ།། རྟོག་པ་སྣ་ཚོགས་དགུར་གྱུར་པས། ་རིག་འཛིན་ས་ནི་མ་ཐོབ་པར།། དམ་ཚིག་ཉམས་པ་འབྱུང་འགྱུར་བས།། བསྐང་བའི་ཆོ་ག་མ་བྱས་ན།། ངན་སོང་གསུམ་དང་རྡོ་རྗེ་ཡི།། དམྱལ་བ་དག་ཏུ་ལྟུང་བར་འགྱུར།། བསྐྱལ་པ་གྲངས་མེད་གནས་ནས་ནི།། དེ་ནས ་བསྐལ་བར་ཚ་གྲང་མྱོང་།། དེ་ནས་བྱོལ་སོང་ཡི་དགས་སུ།། ཡུན་རིང་གནས་ནས་བརྒྱ་ལམ་ན།། སེམས་ཅན་གླེན་ལྐུགས་ལ་སོགས་སུ།། ཡུན་རིང་གནས་ནས་ཐ་མར་ནི།། སྔོན་གྱི་དགེ་བའི་ས་བོན་གྱིས།། བད་གཤེགས ་ཐུགས་རྗེས་ཕྲད་པ་དང་།། དེ་རུ་དམཾ་ཚིག་ཉམས་གྱུར་ན།། སློར་ཡང་ཐུར་ལ་ལྟུང་བར་འགྱུར།། མ་ཉམས་གྱེན་དུ་འགྲོ་བར་འགྱུར།། དེ་བས་ནན་ཏན་ཆེར་བསྐྱེད་ཅིང་།། དམ་ཚིག་སེ་ཡ་འབུམ་སྡེ་ནི།། ལུང་རྒྱུ་དྲ་ཀུན་ལའང ་གསལ་བས་ན།། ཤེས་རབ་ཅན་གྱིས་བླང་བར་བྱའོ།། འདི་ནི་བློ་དམན་དོན་དུ་གསུངས།། ཐེག་པ་ཆེན་པོ་སྣོད་པ་དང་།། ཁྱེད་པར་གསང་སྔགས་སྨོད་པ་ནི།། བསྐལ་པ་མཐའ་ཡི་བར་དུ་ཡང་།། ལྕེ་ལ་ཕུར་བུས ་འདེབས་ཤིང་ཁྲོ་ཆུ་ལྡུང་།། དེ་བས་གསང་སྔགས་འདི་ལ་སྨད་པར་མི་བྱའོ།། རྒྱུད་རྣམས་ཀུན་དང་མི་འགལ་ཙམ་དུ་ནི།། དཔེར་ན་ས་གཞི་ལྟ་བུའི་དམ་ཚིག་འདི།། སྒྲུབ་དང་སློབ་དཔོན་རྣམས་ལ་བསྟན་པས་སུ།། མྱུ་གུ ་ལྷུ་བུའི་སངས་རྒྱས་གྲུབ་པར་ཤོགྶས། རིན་ཆེན་ཕུག་གི་ཡང་གཏེར་དུ།། སྙིང་པོས་དམ་ཚིག་ཉམས་པ་ལ།། བསྐང་པའི་ཆོ་ག་མི་ཤེས་པས།། མཁའ་འགྲོ་མ་ཡི་ནད་ཀྱིས་བཏབ།། དེ་ལ་སློབ་དཔོན་ཆེན་པོས་སུ།། ་རྡོ་རྗེའི་སྟོང་གླུའི་བཤགས་པ་ཡིས།། མཁའ་འགྲོ་མ་ལ་བཤགས་ནས་ཀྱང་།། མཁའ་འགྲོ་མ་ཡི་རྒྱུད་ཀུན་ཏུ།། ཆོ་ག་ཟབ་མོ་སྦས་པ་ལ།། ཡང་ནས་ཡང་དུ་གསོལ་བཏབ་པས།། མཁའ་འགྲོ་མ་ཡིས་ཆོས ་བསྟན་ཏེ།། དྲི་ནི་སློབ་དཔོན་ཆེན་པོ་ཡིས།། བདག་གིས་རྣ་བར་བརྒྱུད་པ་འདི།། ཕྱི་ནས་རྣལ་འབྱོར་དོན་ཆེན་དུ།། བདག་གིས་རིམ་པར་བཀོད་པ་ཡང་།། བདེ་གཤེགས་མཁའ་གྲོས་བཟོད་པར་བཞེས།། སློབ ་དཔོན་ཆེན་པོ་སྙིང་པོ་ཞབས་ཀྱིས་མཛད་པ།། སློབ་དཔོན་བྷ་བི་པིའི་གདམས་ངག་མངོན་པར་བཀོད་པ་རྫོགས་སོ།། ་