| Wylie | e-texts produced with BDRC’s OCR application |
མ་ག་དྷའི་མཁས་པ་ཆེན་པོ་དེ་ཉིད་དང་། མིང་དུ་ཐོས་པའི་དགེ་སློང་བསོད་སྙོམས་པ་སངས་རྒྱས་གྲགསོ་པས། ན་ལེནྡར་བི་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། ཕྱ་གར་སྐད་དུ། ་བཛྲ་ལཱ་ན་མཱུ་ལ་བརྞྞ་གྲྀབྷྱ། བོད་སྐད་དུ། རྡོ་རྗེ་ཐེག་པ་རྩུ་བའི་ལྗང་བྷ་བཅུ་བཞི་པའི་འགྲེལ་པ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཉན་ཐོས་ཀྱི་ལུས་དྲུག་གཙོ་བོར་གྱུར་པའི་སྤང་བྱ་བདུན ་གྱི་མཚན་ཉིད་དང་། བྱང་ཆུབ་སེམས་དཔའི་སྙིང་རྗེ་གཙོ་བོར་གྱུ་ར་བའི་སྤང་བྱ་བཅུའི་མཚན་ཉིད་དང་། གསང་སྔགས་རྣལ་འབྱོར་ཚིན་པོའི་ཐབསོ་དང་ཤེས་རབ་ཟུང་དུ་འཇུག་པ་གཙོ་བོར་གྱུར་པའི་སྤང་བྱ་བཅུ་བཞིའི ་མཚན་ཉིད་དེ། དེ་ལ་གཉིས་ནོ་གཞུང་གཞན་རྣམས་ལས་གསལ་བས་འདིར་མུ་བཤད་དོ།། གསང་སྔགས་རྣལྔ་འབྱོར་ཆེན་པོའི་རྣམ་པར་ཐར་པ་ལ་བལྟོས་ཏེ་བསྟན་པ་ལ། སྤྱིར་ཐོབ་པར་བྱ་བ་དང་། མངོན་པར་རྟོགས་པའི་བྱེ། ་བླག་དང་། བསྲུང་བའི་ཚུལ་ལོ།། དེ་ལ་གཉིས་ནི་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད་དག་ལས་གསལ་བས་འདིར་ལོགས་ཤིག་དུ་མ་བརྗོད་དོ།། བསྲུང་བའི་ཚུལ་ལ་གཉིས་ཏེ། དམ་ཚིག་དང་སྡོམ་པའོ།། དེ་ཉིད་ནི་དམ་བཙོའ ་བིའི་ཡུལ་དང་། སྤོང་བའི་བྱེ་བྲག་གིས་ཏེ། འདི་སྐད་དུ། སྡོམ་པ་སངས་རྒྱས་ཐམས་ཅད་དེ།། ཨེ་ཝ་ལ་ནི་རབ་ཏུ་བཞུགས།། རྒྱུ་ཡིས་ཡུལ་ལས་མི་འདའ་བས།། དམ་ཚིག་ཅེས་ནི་བཤད་པ་ཡིན་ཞེས་གསུངས་སོ།། དེ་བས ་ན་དབང་བཞིའི་བྱེ་བྲག་གིས་དམ་ཚིག་ཀྱང་བཞི་སྟེ། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་དང་དགོངས་པ་ཅན་དང་། མཐར་ཐུག་པའི་བྱེ་བྲག་གིས་སོ།། དེ་དག་ཀྱང་མདོར་བསྡུ་ན་རིགས་ཀྱི་དམ་ཚིག་དང་། རྩ་བ་དང་། ་ཉེས་པ་སྦོམ་པོའོ།། རིགས་ཀྱི་ལ་གཉིས་ཏེ། སྤྱི་དང་། ཁྱད་པར་རོ།། རྩ་བ་ལ་གསུམ་སྟེ། དཔུང་གསུམ་གྱི་དབྱེ་བས་སོ།། སྦོམ་པོ་ལ་གསུམ་སྟེ། ལུས་ལ་སོགས་པའི་བྱེ་བྲག་གིས་སོ།། དེ ་ལ་སྡོམ་པའི་ཚུལ་ཁྲིམས་ལ་སོགས་པའི་སྡོམ་པ་གསུམ་ལ་གནས་ན་སངས་རྒྱས་ཉིད་དམ་རྡོ་རྗེ་འཆང་ཆེན་པོའི་ཐོབ་པོ་ཞེས་འབྱུང་ལོ། དེ་ཡང་རྡོ་རྗེ་རྩེ་མོའི་མངོན་པར་རྟོགས་པའི་སྐབས་ནས་ཇི་སྐད་དུ། བྱང་ཆུབ ་སེམས་འཛིན་གྱུར་ནས་ནི།། ལྷ་གཞན་ལ་ནི་མུ~ཾ་མོས་པས།། དཀོན་མཆོག་གསུམ་ལ་དད་པ་དང་།། དེ་ལ་གཞོལ་ཞིང་འབབ་པ་ཡིས།། གསོད་དང་རྐུན་དང་འཁྲིག་པ་དང་།། བརྫུན་དང་ཆད་ནི་རྣམ་པར་སྤང་།། ཁྱིམ་པོའི་ཚུལ ་དུ་གནས་པས་ཀྱང་།། རིགས་སྔགས་རྒྱལ་པོ་རྟག་ཏུ་བསྩུ་དྲ།། གལ་ཏེ་དྷེརྱཱ་ནཱི་རབྷཱ་བྱཱང་ནཱ།། སྡོམ་པཱ་གསུམ་ལ་གནས་པར་འགྱུར།། སོ་སོར་ཐར་དང་བྱང་ཆུབ་སེམས།། རིགས་འཛིན་རང་གི་སྡོམ་པའོ་ཞེས་གསུངས་པས།། དེ ་དོན་ལ་འཇུག་པར་བྱ་སྟེ། འདིར་དེ་དག་དོང་མི་འགལ་པོ་ན་ཡེ་ཤེས་ཀྱི་བྱེ་བྲག་གོས་ཏེ། རང་བཞིན་པོའི་ཆོས་བཞི་མི་སྤྱད་ཅིང་། བཅས་པ་ལ་ངོ་བཞིན་ཉིད་ཀྱི་ཅན་གྱིས་ཤེས་པས་སྤྱོད་ཅིང་།། དོན་ཆེན་པོ་ཡོད་པའི་ཕྱིར ་དང་།། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པ་ལ་ནི་དངོས་པོ་ལ་འགལ་བ་མེང་པས་ཉེས་བྱས་ལ་སོགས་པར་མི་བཞག་གོ། དེ་ལྟར་རྩ་བའི་དམ་ཚིག་བསྟན་པ་ལ་སྤྱིར་བཏང་བ་ནི་གང་ལ་གནོད་པ་དང་། གང ་གི་བར་དུ་གཅོད་པ་དང་། གང་དྲི་མ་ཅན་དུ་བྱས་པ་སྟེ་དགེ་བའི་རྩ་བ་གསུམ་དང་། དངོས་གྲུབ་གཉིས་དང་། རང་གི་རྒྱུད་དང་། གོ་རིམ་བཞིན་ནོ།། དེ་ལ་དངོས་བཞི་ནི་གཉི་གའི་བར་དུ་གཅོད་ཅིང་ངན་སོང་གསུམ་དུ་ལྟུང་བར་བྱེད་དོ།། འདྲ་བ་ནི ་ཀའི་བར་དུ་ག་ན་སོང་གསྨམ་དུ་ལྷུང་ཡང་། སྡོག་བསྔལ་དྲག་པོ་ལ་སོགས་པ་མ་ཡིན་པ་དང་། འབྲིང་གིས་ནི་གཉི་གའི་བར་དུ་གཅོད་ཀྱང་ངན་སོང་དུ་ལྟུང་བའི་རྒྱུ་དེ་ཁྱད་པར་དུ་མི་བྱེད་པ་དང་། ཆུང་ངུས་ནི་འཇིག་རྟེན་པའི་དངོས་གྲུབ ་ཀྱི་བར་དུ་གཅོད་དོ།། ཡང་སྤྱིར་འགྲོ་བ་ནི་ཉོན་མོངས་དྲུག་པ་དང་། ཉེ་བའི་ཉོན་མོངས་པ་དང་འབྲེལ་པའོ།། ཡང་གཉིས་ཏེ། ལྷན་ཅིག་སྐྱེས་པ་དང་། ཀུན་ཏུ་བརྟགས་པའོ།། ཡང་བདུན་ཏེ། སྦྱོར་བ་དང་། དངོས་གཞི་དང་། ་ཉེས་བྱས་དང་། ཉེས་པ་མེད་པ་དང་། ཕྱོགས་དང་མཐུན་པ་དང་། བསླབ་པར་བྱ་བ་དང་། དྲི་མ་ལས་ལྟུང་བའོ།། ལྡང་པ་ལ་བདུན་ཏེ། དབང་དང་། ཚོགས་དང་། བསྙེན་བསྒྲུབ་དང་། ཚོགས་པའི་མཐུ་དང་། བཟླས་པ ་དང་། སེམས་སུན་འབྱིན་པ་དང་། ཐ་མལ་པ་ལ་བཤགས་པའོ།། ད་ནི་གཞུང་ལོ་འཇུག་པར་བྱ་སྟེ། སློབ་དཔོན་ལ་ནི་བརྙས་པ་དང་ཞེས་སྨོས་པ་ལ་གང་ལས་དབང་བསྐུར་མཆོག་ཐོབ་པ་མེད་པ་དང་། སློབ་དཔོན་གྱིས ་དེ་ཉིད་བསྟན་པ་དང་། དེར་འདུ་ཤེས་པ་དང་། ཉོན་མོངས་པ་དང་འབྲེལ་པའི་སེམས་དང་། ལུས་ངག་ཡིད་ཀྱི་སྦྱོར་བ་བྱས་པ་དང་། གོ་བའི་མ་ཁྱད་པར་ཅན་གྱིས་ཉོན་མོངས་པ་སྐྱེད་པ་དང་། རང་བཞིན་དུ་གནས་པ་དང་། ་དབང་དང་ལྡན་པ་དང་། རྨི་ལམ་ཡིན་པ་དང་། ཡན་ལག་བརྒྱུད་ཀྱིས་ནི་དངོས་གཞི་ཡིན་ལ། སྦྱོར་བ་ནི་ཇི་སྲིད་མ་རྫོགས་པ་དེ་སྲིད་དོ།། གཞན་མ་ཚུང་པ་ལ་ཡན་ལག་གཙོ་བོ་ཡོད་པ་ནི་ཉེས་པ་ཆེན་པོའོ།། ་འབྲིང་དང་ཆུང་ངུ་ཡོད་པ་ལ་ནི་ཉེས་པ་འབྲིང་དང་ཆུང་ངུའོ།། གསུམ་པོ་ལྟ་བུའི་གནས་སྐབས་སུ་ནརི་ཉེས་པ་མེད་དོ།། གཉིས་དང་ཤེན་འདྲ་བ་ནཱི་ཕྱོགས་དང་མཐུན་པའོ།། སློབ་དཔོན་ཐམས་ཅད་ལ་རྡོ་རྗེ་སེམས་དཔར་བལྟའོ།། ཞེས་པ་ནི ་བསླབ་པར་བྱེ་བཱའོ།། རྩ་བ་ནི་དབང་གིས་ལྡང་ངོ་།། ཚིགས་དང་བསྙེན་བསྒྲུབས་མ་གཏོགས་པ་འདིས་ནི་འདྲ་བ་ལས་ལྡང་ངོ་།། གོང་མ་གཉིས་ཀྱིས་ནི་འབྲིང་ལས་ལྡང་ངོ་།། ཐ་མཱ་གཉིས་ཀྱིས་ནི་ཆུང་ངུ་ལས་ལྡང་ངོ་།། དེ་བཞིན་དུ་གཞན ་རྣམས་ལ་ཡོད་ཅི་རིགས་པར་ཤེས་པར་བྱའོ།། བདེ་གཤེགས་བཀའ་ལ་ས་འདས་པ་དང་། ཞེས་སྨོས་པ་ལས། འདིར་ནི་བདེ་བར་གཤེགས་པའི་བཀའ་དང་། རྡོ་རྗེ་འཆང་གི་བཀའ་ཐམས་ཅད་ཀྱང་གདུལ་བྱའི་ཆེད་དུ་ཡིན་ལ། ་དེ་ཡང་འགྲོ་བའི་དོན་ཏུ་སྟེ། དེ་བས་ན་གང་ཟག་བདག་གྲོལ་བའི་དབང་དུ་བྱས་པས་ཐམས་ཅད་ཀྱང་དེར་འདུས་སོ།། རྡོ་རྗེ་འཆང་གི་བཀའ་ཡང་བཞི་སྟེ། ལས་ཀྱི་བྱེ་བྲག་ཐམས་ཅད་བདེ་བར་གཤེགས་པའི་བཀྲའ་དང་། བསྲུང ་བར་བྱ་བ་དང་། བསྒྲུབ་པའི་ཐབས་དང་། འབྲས་བུའོ།། དེ་ལས་འདས་པ་ནི་གཉིས་ཏེ། ལོག་པར་སྤྱོད་པ་དང་། ལོག་པར་སྟོན་པའོ།། དེ་དག་ཀྱང་དགག་སྒྲུབ་ཀྱི་བྱེ་བྲག་གིས་རྣམ་པ་བཞིའོ།། དེ་ལ་ཡན་ལག་ནི་ཐུན་མོང་པ ་གསུམ་དང་། ཉོན་མོངས་པའི་སེམས་དང་ལྡན་པ་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། ལོག་པར་སྤྱོད་པའི་སྦྱོར་བ་བྱས་པ་དང་། ངེས་པ་སྐྱེས་པ་སྟེ་བརྒྱད་ཀྱིས་དངོས་བཞིའོ།། སྟོན་པའི་ཕྱོགས་ལ་ཐ་མའི་གོར་གོ། ་བར་གྱུར་པ་གཞུག་གོ།། ལྡང་བ་ནི་ཚོགས་པའི་མཐུ་མན་ཆུད་དོ་ཞེས་དངོས་གཞི་ལས་ལྡང་ངོ་།། ཤེས་རབ་གསུམ་དང་། ཉོན་མོངས་པའི་སེམས་དང་། ཡུལ་དེ་གོང་མོ་ལྟ་བུ་ཡིན་པ་དང་། དེར་འདུ་ཤེས་པ་དང་སྦྱོར་བ་བྱས་པ་དང་། ་གློ་བའམ་ཉོན་མོངས་པ་ཁྱད་པར་ཅན་བསྐྱེད་པ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ།། དེ་ནི་ཚོགས་ཀྱི་འཁོར་ལོས་ལྡང་ངོ་།། གཞན་ནི་སྔ་མ་བཞིན་ནོ།། ཆོམ་ཀུན་གྱི་གནས་ཀྱི་གྲོགས་སྟོབས་ཙུན་ལྟ་བུར ་རྡོ་རྗེ་སྤུན་ཀུནྡ་ལ་ལྟའོ།། ཞེས་པ་ནི་བསླབ་པོར་བྱ་བའོ།། བྱམས་བྱ་ཆེན་པོ་སྤོང་བ་དང་ཞེས་པ་ལ་སེམས་ཅན་ཤིན་ཏུ་སྡུག་བསྔལ་དང་ལྡན་པ་ལ་བཏེང་སྙོམས་དང་ལྡན་པ་དང་། དེར་འདུ་ཤེས་པ་དང་། བགྲོད་དུ་རུང་བཱ་ན་ཡོད་པར་མཐོང ་བ་འམི་མ་ཐོས་པ་དང་། ཉོན་མོངས་པའི་སེམས་དང་། ཐུན་མོངས་པ་གསུམ་དང་། བདྲུག་ལྔ་མཐུ་ཡོད་པ་དང་། དྲི་གོངས་པ་མ་ཡིན་པ་དང་། བདེ་བའི་སྦྱོར་བྱ་འདོར་བ་སྟེ་བཅུས་དངོས་གཞིར་འགྱུར་རོ།། ཚོགས་པའི་མཐུ་མན་ཆད ་བཞིས་དེ་ལས་ལྡང་ངོ་།། སེམས་ཅན་ཐམས་ཅད་ལ་ཕ་མ་ལ་སོགས་པ་དང་། བདག་ཉིད་ཀྱི་བར་དུ་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ།། བྱང་ཆུབ་སེམས་ནི་འདོར་བ་དང་ཞེས་པ་ནི་དངོས་པོར་འཛིན་པ་དང་ཞེན ་པ་སྟེ། སྤོང་བའི་གདམས་ངག་མི་ཚོལ་བ་དང་། གཉེན་པོ་མཱི་བསྟེན་པ་དང་། ཡང་དང་ཡང་དུ་འདོར་བ་དང་། དེའི་དབང་གི་ཉེས་པ་ལ་སྦྱོར་བའོ།། ཡན་ལག་གི་གྲངས་ནི་སྒྱུ་མ་བཞིན་ནོ།། བདེ་བའི་སྦྱོར་བ ་དོར་བ་ཞེས་པ་ནི། སྡུག་བསྔལ་དང་བྲལ་བའི་སྦྱོར་བ་འདོར་བ་ཞེས་བཞག་གོ། ལྡང་བ་ནི་སྔ་མ་བཞིན་ནོ།། མ་རྒལ་བ་བསྒྲལ་བར་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་བསླབ་པར་བྱ་བའོ།། ལྷའི་བདག་ཉིད་ཕུང་པོ་སྨོད་ཞེས་པ་ནི། ལྷར ་མི་བསྒོམ་པ་དང་། འབྲལ་བར་འདོད་པ་དང་། དེ་ལས་གཞན་དུ་བསྒོམ་པའོ།། ཡན་ལག་ནི་ཐུན་མོང་བ་བཞི་དང་། ཡུལ་དེ་དང་དེ་ལྟ་བུ་ཡིན་པ་དང་། དེར་འདུ་ཤེས་པ་དང་། གོང་མ་གསུམ་གླང་ཡང་རུང་བ་སྟེ། བདུན་གྱིས་དངོས ་བཞིའོ།། ལྡང་བ་ནི་བསྙེན་གྲུབ་ཀྱིས་སོ།། ལུས་ལ་མཚན་དང་དཔེ་བྱེད་ལ་སོགས་པ་བསམ་པོར་བྱའོ།། ཞེས་བྱ་བ་ནི་བསླབ་པར་བྱ་བའོ།། ཐེག་པ་གསུམ་ལཾ་སྨོད་པ་དང་ཞེས་བྱ་བ་དང་། གཉི་ག་དང་། རྣལ་འབྱོར་གྱི་རྒྱུད་དང་། ་གསང་བའི་ཐེག་པ་གསུམ་པོ་རྣལ་འབྱོར་མ་དང་། ཐབས་དང་ཟུང་དུ་འཇུག་པའོ།། སྨོད་པ་ནི་གཞུ་བཞིན་མ་སྨྲྀ་སྣ་པའོ།། ཐུན་མོངས་བཞི་དང་། ཡུལ་ཁྱད་པར་ཅན་དང་། དོར་འདུ་ཤེས་པ་དང་། མི་མཐུན་པོའི་སྒྱུ་ར་བ་བྱས ་པ་དང་། ཡང་དག་པའི་སྦྱོར་བ་ལོག་པ་སྟེ་བརྒྱད་ཀྱིས་དངོས་གཞིའོ།། ཚོགས་པའི་མཐུ་མན་ཆད་བཞིས་ལྡང་ངོ་།། མེད་ན་མི་འབྱུང་འབྱུང་བའི་ལམ་གསུམ་དུ་ཤེས་པར་བྱའོ།། ཞེས་པ་ནི་བསླབ་པར་བྱའོ།། ཡང་དག་ཆོས་ལ་ཡོད ་གཉིས་ཟ་ཞེས་པ་ལ་བསྲུང་བ་དང་། སྒྲུབ་པ་དང་། ཐོབ་པ་དོན་དམ་པའི་རང་བཞིན་ལ་ཡིད་གཉིས་ཟ་བ་སྟེ། ཐུན་མོངས་པ་བཞི་དང་། དོན་དམ་པ་དག་པ་དང་འབྲེལ་པ་དང་། དེར་འདུ་ཤེས་པ་དང་། མེད་དམ་སྙམ་པའི་བློ་གཉིས ་དང་། འདི་ལ་མ་དད་པ་དང་གཏང་སྙོམས་སུ་དོར་བ་སྟེ་དགུས་དངོས་གཞིའོ།། ལྡང་བ་ནི་སྔ་མ་བཞིན་ནོ།། ཆོས་ཐམས་ཅད་ལ་ཚུལ་གཅིག་ཁོ་ནས་ཤེས་པར་བྱའོ་ཞེས་བྱ་བ་ནི་སློབ་པར་བྱ་བའོ།། ཆོས་ལ་གཉིས་སུ་འབྱེད་པ ་ཞེས་པ་ནི་ཆོས་རྣལ་འབྱོར་ཆེན་པོ་ལ་སོགས་པའི་གྲུབ་པའི་མཐའ་ལས་གྲགས་པའི་སྐྱེད་པ་དང་རྫོགས་པའི་ཆ་ཤིན་ཏུ་ཕྲ་བ་ཕྱི་རོལ་པའི་གྲུབ་པའི་མཐར་འཆུད་ཅིང་འཛིན་པའམཾ། སངས་རྒྱས་པའི་གྲུབ་པའི་མཐའ་ལ་བཟང ་དྲན་འབྱེད་པའམ་སྟོན་པ་སྟེ། ཐུན་མོང་པ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། མི་མཐུན་པའི་སྦྱོར་བ་བྱས་པ་དང་། གཞན་གྱིས་གོ་བ་དང་། དགོངས་པ་མ་ཡིན་པོ་སྟེ་དགུས་དངོས་གཞིར་འགྱུར་རོ།། ་ཚོགསོ་བའི་མཐུ་མན་ཆད་བཞིས་ལྡང་ངོ་།། ལམ་ལ་བྱེ་བྲག་མེད་པར་བསླབ་པར་བྱ་ཞིང་བདེན་པར་སྨྲ་བར་བྱ་བའི།། གདུགོས་ལོ་བྱམས་དང་ཆགས་བྲལ་དང་ཞེས་པ་ལ། འདིར་སངས་རྒྱས་ཀྱི་བསྟེན་པ་འཇིག་པར་བྱེད་པ ་དང་། སུན་འབྱིན་པ་སྟེ། སྟོབས་དང་ལྡན་པ་དང་། བཙོས་བཅོམ་པའོ།། དེ་དག་ཆོས་དང་ཟང་ཟིང་གི་འབྲེལ་པ་དང་བྲལ་བར་བྱ་བ་སྟེ། དེ་ལས་གཞན་དུ་བྱེད་པ་ནི་ཉེས་པའོ།། ཐུན་མོང་པ་བཞི་དང་།། ཡུལ་ཁྱད་པར་ཙན་དང་། ་དེ་ལྟར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། དགོངས་པ་མ་ཡིན་པ་དང་། གཞན་གྱིས་གོ་བསྟེ་དགུས་དངོས་གནའོ།། ལྗང་བུ་ནི་སྒྱུ་མ་བཞིན་ནོ།། རྡོ་རྗེ་སློབ་དཔོན་སྤྱོད་པ་དང་།། དཀོན་མཆོག ་གསུམ་ལ་གནོད་བྱེད་པ། འབད་པས་བསད་པར་བྱ་བ་ཡིན་ཞེས་པ་ནི་བསླབས་པར་བྱ་བའོ།། ཆགས་བྲལ་བ་ནི་སྙིང་རྗེ་དང་བྲལ་བའོ།། སྐལ་མིན་གས་དེ་བ་སྟོན་པ་དང་ཞེས་འབྱུང་བ་ལ་ཐུན་མོང་པ་བཞི་པ་དང་། རུང་བར་མ ་བྱས་པའི་ཡུལ་དང་། དེར་འདུ་ཤེས་པ་དང་། དོག་གི་སྦྱོར་བ་བྱས་པ་དང་། དབང་དང་འབྲེལ་ཞིང་ཟབ་པ་དང་། རྒྱ་ཆེ་བ་བརྗོད་པ་དང་། དགོངས་པ་མ་ཡིན་པ་དང་། གོ་བ་སྟེ་བཅུས་དངོས་གཞིའོ།། ལྡང་བ་ནི་སྔ་མ་བཞིན་ནོ།། ་འོད་ན་གསང་བའི་སྣོད་དཀོན་པར་བཉྩའོ་ཞེས་པ་ནི་བསླབ་པར་བྱ་བྱའོ།། དད་ལྡན་སམསྠཱ་ནི་སྨྱན་འབྱིནྡ་དང་ཞེས་འབྱུང་བ་ལ་ཐུན་མོང་བ་བཞི་དང་། ཡུལ་རུང་བར་གྱུར་པ་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ ་དང་། དྲག་གི་སྦྱོར་བ་བྱས་པ་དང་། གོ་བ་སྟེ་དགུས་དངོས་གཞིའོ།། ལྒང་བ་ནི་སྔ་མ་བཞིན་ནོ།། ཆོས་ཀྱི་སྦྱིན་པས་སེམས་ཅན་ཐམས་ཅད་ཚིམ་པར་བྱའོ་ཞེས་བྱ་བ་ནི་བསླབ་པར་བྱ་བའོ།། དམ་ཚིག་ལས་ནི་ཇི་བཞིན་རྙེད ་མི་བསྟེན་ཞེས་བྱ་བ་ནི་ཐུན་མོང་བཞི་དང་། རྫས་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། ཚོགས་ཀྱི་འཁོར་ལོའི་དུས་དང་། དགོངས་པ་མ་ཡིན་པ་དང་། གཞན་གྱིས་གོ་བ་སྟེ་དགུས་དངོས་བཞིའོ།། ལྡང་བ་ནི་ཚོགས ་ཀྱི་འཁོར་ལོས་སོ།། སྤྱོད་པ་ཐམས་ཅད་དང་མཐུན་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ།། ཤེས་རབ་རང་བཞིན་ཅན་སྨོད་པ་ཞེས་བྱ་བ་ནི་དམ་ཚིག་དུས་སུ་རུང་བ་གཟུངས་སུ་བྱས་པ་འམ་ཡོན་ཏན་དང་ལྡན་པའོ།། ་སྨོད་པ་ནི་སྐྱོན་བརྗོད་པའོ།། ཐུན་མོངས་པ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། གོང་ཡང་རུང་བས་གོ་བར་བྱས་པ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིའོ།། ་ལྡིང་བ་ནི་བསྙེན་བསྒྲུབ་ལ་སོགས་པས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་དམིགས་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ།། །། དེ་དག་ཀྱང་བསྡུ་ན་གསུམ་དུ་འདུ་སྟེ། བྱང་ཆུབ་སེམས ་འདོར་བདེ་གཤིག་ས་བཀའ་འདས་དང་།། བྱམས་སྤོང་ཐེག་གསུམ་སྤྱོད་དང་ཆོས་ཡིད་གཉིས་ཐུགས་ཀྱིའོ།། སློབ་དཔོན་བརྙས་དང་ལྷ་ཉིད་ཕུང་པོ་སྨོད།། དམ་ཆོག་མ་བསྟེན་ཤེས་རབ་སྨོད་པ་རྣམས། སྐུའིའོ།། ་མི་བསྔགས་བརྗོད་དང་ལྡན་སེམས་སུན་འབྱིན།། གདུག་ལ་ཆག་སྡེ་བྲལ་ཚྭས་གཉིས་གསང་བ་སྟོན།། གསུང་གིའོ།། གཞན་ཡང་རྣ་བའི་དངོས་གཞིའི་ཡིན་ལག་མ་ཚང་བ་ལས། སྦོམ་པོ་ལ་སོགས་པ་གསུམ་གྱི་བྱེ ་བྲག་གིས་རྣམ་པ་དུ་མར་འགྱུར་བ་བསྟན་པ་ལས། འདིར་དེ་དང་མི་འདྲ་བའི་ཉེས་པ་སྦོམ་པོར་བསྟན་པར་བྱ་སྟེ། དམ་ཚིག་དང་ནི་མི་ལྡན་པའི།། རིག་མ་བསྟེན་པར་དགའ་བ་དང་།། ཞེས་འབྱུང་བ་ལ་ཐུན་མོང ་པ་བཞི་དང་།། ཡུལ་དམ་ཚིག་མྱེད་པ་དང་། དེར་འདུ་ཤེས་པ་དང་། སྦྱོར་བ་བྱས་པ་དང་། ཉམས་སུ་མྱོང་བ་སྟེ་བརྒྱད་ཀྱིས་དངོས་གཞིར་འགྱུར་རོ།། ལྡང་བ་ནི་གཉེན་སྒྲུབ་མནྟ་ཆད་ཀྱིས་སོ།། ་མའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་པ་ནི་བསླབ་པར་བྱ་བའོ།། ཚོགས་ཀྱི་འཁོར་ལོར་བརྩོད་པ་དང་། ཞེས་པ་ནི་ཐུན་མོང་པ་བཞི་དང་། བླ་མ་འམ་རྡོ་རྗེ་སྤུན་གྱི་ཚོགས་པ་དང་། སྒྲུབ་པ་འམ། དམ་ཚིག་གི་དཀྱིལ་འཁོར ་གྱི་ནང་དུ་ཞུགས་པའི་དུས་དང་། དེར་འདུ་ཤེས་པ་དང་། ངག་གི་སྦྱོར་བ་བྱས་པ་དང་། དགོངས་པ་མ་ཡིན་པ་སྟེ་བཅུས་དངོས་གཞིར་འགྱུར་རོ།། ལྟུང་བ་ནི་ཚོགས་ཀྱིས་སོ།། བག་ཡོད་པར་བྱ་ཞེས་པ་ནི་བསླབ་པར་བྱ། ་བའོ།། སེམས་ཅན་དང་དྲང་ལྡན་པ་ལ། དམ་ཆོས་གཞན་དུ་སྟོན་པ་དང་། ཞེས་བྱ་བ་ལ་ཐུན་མོང་པ་བཞི་དང་། སེམས་ཅན་སྣོད་དུ་གྱུར་པ་དང་། དེར་འདུ་ཤེས་པ་དང་། གཞན་སྟོན་པའི་ངག་གིས་སྦྱོར་བ་བྱས་པ་དང་། གོ ་བ་དང་། དགོངས་པ་མ་ཡིན་པ་སྟེ་དགུས་དངོས་གཞིར་འགྱུར་རོ།། ལྡང་བ་ནི་བཟློས་པ་ལ་སོགས་པས་སོ།། བདེན་པར་སྨྲ་བར་བྱའོ་ཞེས་པ་ནི་སླབས་པར་བྱ་བའོ།། ཉན་ཐོས་དག་ཏུ་རློམ་བྱེད་པའི།། ནོང་དུ་ཞོག་བདུན་གནས ་པ་དང་།། ཞེས་པ་ལ་འདིར་སྐུར་པ་འདེབས་པ་དང་། མི་མོས་པ་ཡིན་པར་བཟུང་ངོ་།། ཞག་བདུན་ནམ་དྲུག་ཏུ་འགྲོན་པར་དུ་གནས་ཤིང་རང་གི་སྤྱད་པ་མི་བྱེད་པ་ན་ལུང་དང་ཡུལ་ཆོས་ཉིད་ཡིན་པའི་ཕྱིརོ།། དེ་ལས་འདས་པ ་ནི་དུས་ཀྱི་སྒྲུབ་པར་ཚང་པའི་ཕྱིར་རོ།། ཁ་ཅིག་ནི་ཡོན་ཏན་བདུན་དང་ལྡན་པའི་ལྷའི་རྣལ་འབྱོར་ཅན་ཞག་གཅིག་ཀྱང་གནས་པར་མི་བྱའོ་ཞེས་འཆད་དོ།། དེ་ཡང་འདི་ལྟ་སྟེ། དཀྱིལ་འཁོར་ཚོགས་དང་སྦྱིན་བསྲེག་དང་། ་མཆོད་དྲང་ག་ཏོར་མ་གློ་རིམ་དང་།། དེ་ཉིད་དང་ནི་བདུན་དུ་བསྟན།། ཞེས་འབྱུང་བའི་རྣལ་འབྱོར་པའོ།། འདིར་ཡང་ཐུན་མོང་པ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། ཞག་བདུན་བཟླས་པ་དང་། དགོངས ་མ་ཡིན་པ་སྟེ་བརྒྱད་ཀྱིས་དངོས་བཞིར་འགྱུར་རོ།། ལྡང་བ་ནི་ཚོགས་ཀྱི་འཁོར་ལོས་སོ།། གཅིག་བུར་གནས་པར་བྱའོ།། ཞེས་པ་ནི་བསླབ་པར་པ་བའོ།། སྦྱོར་བ་ངེས་པར་མ་བྱས་པའི།། སྐལ་མིན་གསང་བ་སྒྲོག་པ ་དང་ཞེས་པ་ནི་དམ་ཚིག་ཐོབ་ཀྱང་ཕུན་སུམ་ཚོགས་པ་མ་ཡིན་པ་དང་། དེ་དང་མི་ལྡན་པ་ལ་བྱའོ།། ཐུན་མོང་པ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པོ་དང་། དབང་དང་འབྲེལ་པའི་གསང་བ་དང་། ངག་གི་སྦྱོར ་བ་བྱས་པ་དང་། གོ་བ་དང་དགོངས་པ་མ་ཡིན་པ་སྟེ་བཅུས་འགྱུརརོ།། ལྡང་བ་ནི་བཟླས་པ་ལ་སོགས་པས་སྔོ།། བརྒྱད་བརྟགས་པོར་བྱའོ།། ཞེས་པ་ནི་སླབ་པར་བྱའོ།། གང་ཞིག་ཕྱག་རྒྱ་མི་མཁས་པས།། ལུས་ཀྱི་ཕྱག་རྒྱ་སྟོན་པ ་དང་ཞེས་པ་ལ།། ཐུན་མོང་པ་བཞི་དང་། ཡུལ་ཁྱད་པར་ཅན་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། མཐོང་བ་སྟེ་བརྒྱད་ཀྱི་དངོས་གཞིར་འགྱུར་རོ།། ལྡང་བ་ནི་གཉེན་སྒྲུབ་ཀྱིས་སོ།། ཤིན་ཏུ་སྤོ་བར་བྱའོ། ་ཞེས་པ་ནི་བསླབ་པར་བྱ་བའོ།། བསྙེན་སོགས་དག་པར་མ་བྱས་པར།། དཀྱིལ་འཁོར་ལས་ལ་འཇུག་པ་དང་ཞེས་པ་ལ། ཐུན་མོང་པ་བཞི་དང་། དགུ་པར་མ་བྱས་པ་དང་། དེ་འདུ ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། སྦྱོར་བ་དང་ཞུགས་པཾ་སྐྱེ། དགུས་དངོས་གོཞིར་འགྱུར་རོ།། ལྡང་བ་ནི་བསྙེན་སྒྲུབ་ཀྱིས་སོ།། མཚན་མ་ཐོབ་ནས་འཇུག་པ་བྱོའོ་ཞེས་པ་ནི་བསྒྲུབ་པར་བྱ་བའོ།། ་སྡོམ་པ་གཉིས་ཀྱི་བཅས་པ་ལས། དགོས་པ་མེད་པར་འདའ་བ་དང་། ཞེས་པ་ལ་ཐུན་མོང་བ་བཞི་དང་། ལྟུང་བའི་ཡུལ་ཡིན་པ་དང་། དེར་འདུ་ཤེས་པ་དང་། དགོངས་པ་མ་ཡིན་པ་དང་། སྦྱོར་བ་དང་། དེ་དག་ལས ་འདྲེས་པ་སྟེ་དགུས་དངོས་གཞིར་འགྱུར་རོ།། ལྡང་བ་ནི་བཟླས་པ་ལ་སྩོགས་པསོ་སོ།། སྡོམ་པ་གསུམ་ལ་གནས་པར་བྱའོ།། ། བླ་མ་ལྔ་བཅུ་པའི་ཉེས་པོ་ནི་ཅི་རིགས་པར་བཅུ ་བཞི་པའི་ནང་དུ་འདུས་པར་རིག་པར་བྱའོ།། ། སློབ་དཔོན་ཆེན་པོ་དང་ལེ་ལཀྵཱཾ་ཀ་རེའི་ཞལ་ནས་མཛད་པ། རྩ་བའི་ལྟུང་བ་བཅུ་བཞི་པའི་འགྲེལ་པ་རྫོགས་སོ།། ་