| Wylie | e-texts produced with BDRC’s OCR application |
དཔལ་གྱིས་ཞུས་ཏེ་དག་པར་གྱིས་སོ།། །། རྒྱ་གར་སྐད་དུ། བཛྲ་ཡ་ན་མཱུ་ལ་པ་ཏི། བོད་སྐད་དུ། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བྱ། འཇམ་དཔལ་གཞོ་ནི་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། ཀུན་ནས་དང་བས་བླ་མ་ཡ། ་ཞབས་ཀྱི་པདྨ་ལ་བཏུད་དེ།། རྩ་བའི་ལྟུང་བ་བཅུ་བཞི་ནི།། རྒྱུད་ལས་གསུངས་བྷྲཱུཾ་བཤད་པར་བྱ།། གྷ་ངྐ་ཕྱིར་རྡོ་རྗེ་འཛིན་པ་ཡཾས།། དངོས་གྲུབ་སློབ་དཔོན་རྗེས་འབྲངས་གསུངསོ།། དེ་བས་དེ་ལ་བརྙེས་པ་ནི།། རྩ་བའི་ལྟུང་བ ་དང་བོར་བཤིད་། ཁ་གཤེགས་བཀར་ལས་འདས་པ་ནི།། ལྟུང་བ་གཉིས་པ་ཡིན་པར་བཤད།། རྡོ་རྗེ་སྤྲིན་ལ་ཁྲོས་པས་ནི།། ཉེས་པ་བརྗོད་པ་གསུམ་པོ་ཡིན།། སེམས་ཅན་རྣམས་ལ་བྱམས་པ་སྤོང་།། བཞི་པ་ཡིན་པར ་རྒྱལ་བར་གསུངས།། ཆོས་ཀྱི་རྩུ་བ་བྱང་ཆུབ་སེམས།། དེ་སྦྱོང་བ་ནི་ལྔ་པ་ཡིན།། རང་ངམ་གུནན་གྱི་གྲུབ་པའི་མཐའ།། ཆོས་ལ་སྨོད་པ་དྲུག་པ་ཡིན།། ཡོངས་སུ་མ་སྨིན་སེམས་ཅན་ལ།། གསང་བ་སྒྲོག་པ་བདུན ་པ་ཡིན།། ཕུང་པོ་སངས་རྒྱས་ལྟ་བདག་ཉིད།། དེ་ལ་སྨོད་བྱེད་བརྒྱད་པ་ཡིན།། རང་བཞིན་དག་པའི་ཆོས་རྣམས་ལ།། སོམ་ཉི་ཟ་བ་དགུ་པ་ཡིན།། གདུག་ལ་བིརྟག་ཏུ་བྱམས་ལྡན་པར།། བྱེད་པ་དེ་ནི་བཅུ་པར་འདོད།། མིང་སོགས་བྲལ་བའི ་ཆོས་རྣམས་ལ།། དེར་རྟོག་པ་ནི་བཅུ་གཅིག་པ།། སེམས་ཅན་དད་དང་ལྡན་པ་ཡི།། སེམས་སུན་འབྱིན་པ་བཅུ་གཉིས་པ།། དམ་ཚིག་ལས་ནི་ཇི་བཞིན་རྙེད།། མི་བརྟེན་པ་དེ་བཅུ་གསུམ་པ།། ཤེས་རབ་རང་བཞིན་བུད་མེད་ལ་ཉེ། སྨོད་པར ་བྱེད་པ་བཅུ་བཞི་པ།། སྔགས་པས་འདི་དག་སྤངས་ན་ནི།། དངོས་གྲུབ་ངེས་པར་འཐོབ་པར་འགྱུར།། གཞན་དུ་དམ་ཚིག་ལས་ཉམས་ན།། ཉམས་པས་བདུད་ཀྱིས་བཟུང་བར་འགྱུར།། དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་།། ཐུར་དུ ་བལྟས་ཏེ་དམྱལ་བར་འགྲོ།། དེ་བས་ང་རྒྱལ་བཅོམ་ནས་ནི།། བདག་ཉིད་མ་འཁྲུལ་ཤེས་པར་བྱ།། མཉམ་པར་བཞག་པས་བླ་མ་ལུ།། ཅི་འབྱོར་པ་ཡིས་མཆོད་པར་བྱ།། གསུམ་ལ་སྐྱབས་འགྲོ་ནས་བརྩམས་ཏེ།། བྱང་ཆུབ་སེམས ་སོགས་སྡོམ་པ་ནི།། གལ་ཏེ་བདག་ལ་ཕན་འདོད་ན།། སྔགས་པས་འབད་དེ་བཟུང་བར་བྱ།། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་རྫོགས་སོ།། །། ཡན་ལག་དམ་ཚིག་ཅེས་བྱ་བ།། དམ་ཚིག་དང་ནི་མི་ལྡན་པའི།། ་