| Wylie | e-texts produced with BDRC’s OCR application |
རྒྱ་གྲར་སྐད་དུ། བཛྲཱ་ཡཱ་ན་མཱ་ལ་པ་ཏི་སཾ་གྲ་ཧ། བོད་སྐད་དུ། རྡོ་རྗེ་ཐེག་པ་རྩ་བའི་ལྟུང་བ་བསྡུས་པ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུནྡ་དང་བླ་མཱ་ཡི།། ཞབས ་ཀྱི་པདྨར་རབ་བཏུང་དེ།། རྩ་བའི་ལྟུང་བ་བཅུ་བཞི་ནི།། རྒྱུད་ལས་གསུངས་པ་བཤད་པར་བྱ།། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས།། དངོས་གྲུབ་སློབ་དཔོན་རྗེས་འབྲངསོ་གསུངས།། དེ་བས་དེ་ལ་བསྙད་པ་ནི།། རྩ་བའི་ལྟུང་བ་དང་། ་པོར་བཤད།། བདི་གཤེགས་བཀྲའ་ལས་འདས་པ་ནི།། ལྟུང་བ་གཉིས་པ་ཡིན་པར་གསུངས།། ཁྲོས་པོས་རྡོ་རྗེ་སྤུན་གྱི་ནི།། ཉེས་པ་བརྗོད་པ་གསུམ་པ་ཡིན།། སེམས་ཅན་རྣམས་ལ་བྱམས་པ་སྤོང་།། བཞི་པ་ཡིན ་པར་རྒྱལ་བས་གསུངས།། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས།། དེ་སྤོང་བ་ནི་ལྔ་པ་ཡིན།། རང་དྲམ་གཞན་གྱི་གྲུབ་པའི་མཐའ།། ཆོས་ལ་སྨོད་པ་དྲུག་པ་ཡིན།། ཡོངས་སུ་མ་སྨིན་སེམས་ཅན་ལ།། གསང་བ་སྒྲོག་པ་བདུན ་བྱ་ཡིན།། ཕུང་པོ་སངས་རྒྱས་ལྔ་བདག་ཉིད།། སྨོད་པར་བྱེད་པ་བརྒྱུད་པ་ཡིན།། རང་བཞིན་དག་པའི་ཆོས་རྣམས་ལཱ།། སོམ་ཉི་ཟ་བཱི་དགུ་པ་ཡིན།། གདུག་ལ་རྟག་ཏུ་བྱིམས་ལྡན་པ།། བྱེད་པ་དེ་ནི་བཅུ་པར་འདོད།། ཆད ་སོགས་མ་ཡིན་ཆོས་རྣམས་ལ།། བརྟགས་པ་ལས་ནི་བཅུ་གཅིག་པ།། སེམས་ཅན་དང་དང་ལྡན་པ་ཡི།། སེམས་སུན་འབྱིན་པ་བཅུ་གཉིས་པོ།། དམ་ཚིག་ཇི་བཞིན་རྙེད་པ་དོག། མི་བསྟེན་པོ་དེ་བཅུ་གསུམ་པ།། ཤེས ་རབ་རང་བཞིན་བུད་མེད་ལ།། སྨོད་པར་བྱེད་པ་བཅུ་བཞི་པ།། འདི་དག་རྣམ་པར་སྤངས་པ་ཡི།། སྔགས་པས་དངོས་གྲུབ་ཉེ་བར་འཐོབ།། གཞན་དུ་དམ་ཚིག་ལས་ཉམས་ན།། ཉམས་པས་བདུད་ཀྱི་བཟུང་འགྱུར ་ཏེ།། དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་།། ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། དེ་བས་ང་རྒྱལ་བཅོམ་ནས་ནི།། རང་གི་འཁྲུལ་པ་ཤེས་བྱས་ལ།། ཅི་འབྱོར་པ་ཡིས་བླ་མ་ལ།། ཐེབ་པའི་སྤྱན་སྔར་མཆོད་བྱས་ནས།། གསུམ་ལྷ་སྐྱབས་འགྲོ ་ནས་བརྩམས་ཏཾ།། བྱང་ཆུབ་སེམས་སོགས་སྡོམ་པ་དག། གལྷོ་ཏེ་བདག་ལ་ཕན་འདོད་ན།། སྔགས་པས་འབད་དེ་བླང་བར་བྱ།། རྡོ་རྗེ་ཐེག་པའི་རྩ་བའི་ལྟུང་བ་བསྡུས་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགསོ།། ་