CLOSE WINDOW

GT1304: rin po che 'khor lo'i dbang gi man ngag gi rim pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། རཏྣ་ཙཀྲ་ཨ་བྷི་ཥེ་ཀ་ཨུ་བ་དེ་ཤ་ཀྲ་མ། བོད་སྐད་དུ། རིན་པོ་ཆེ་འཁོར་ལེའི་དབང་གི་མན་ངག་གི་རིམ་པ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། རྣལ་འབྱོར་དབང་ཕྱུག་བདེ་ཆེན་པོ།། དཀྱིལ ་འཁོར་སྒྱུ་མ་ལ་གནས་ཤིང་།། དང་པོ་གཉིས་གསུམ་བཞི་པ་ཡི།། མན་ངག་རྫོགས་ལ་ཕྱག་འཚལ་འདུད།། མཐོང་བའི་ཆོས་ལ་ས་རབ་ནོན།། དབང་དང་མན་ངག་འབྲེལ་བཙོས་པའི།། རྒྱུད་རྣམས་ཀུན་ལ་རབ་འཇུག་པ།། ཨིནྡྲ་བྷཱུ་ཏི ་བདག་གཱི་བཤད།། ཐབས་དང་ཤེས་རབ་ལ་སོགས་རྒྱུད།། ཕྱི་ནང་སྦས་དང་མཐར་ཐུག་པའི།། དབང་གི་རིམ་པ་ངོ་བོ་རུ།། རྡོ་རྗེ་བདག་པོས་ཡང་དག་བཤད།། དེ་བས་རྒྱུད་ཀུན་དབང་ཡིན་པས།། མན་ངག་ཅན་གྱིས་ཤེས་པར་བྱ།། ་རྒྱུད་ཀྱི་ཚིག་ལ་རབ་གོམས་ཤིང་།། སྨྲ་བའི་ཚིག་ལ་མེ་རྨོངས་ཀྱང་།། དབང་དང་མན་ངག་མ་ཐོ་བ་པ།། དེ་དག་ངལ་བ་དོན་མེང་ཡིན།། དབང་དང་མན་ངག་འདོད་པ་ཡིས།། རང་སྲོག་ལུས་དང་རྫས་རྣམས་ཀྱིས།། བླ་མ་སློབ་དཔོན་མཉེས ་བྱས་ལ།། ཐབས་ལ་མཁས་པས་འདོད་པ་བླང་།། མན་ངག་ཐོབ་པའི་སྐྱེས་པུས་ཀྱང་།། སྲོག་ལུས་བཏང་བར་ཕངས་པ་ལྟར།། མན་ངག་དམ་པ་དྲེ་བས་ཕངས།། དེ་བས་བཙལ་ཐབས་མཁས་པར་བྱ།། བླ་མའི་དྲིན་ལན་མི་ཤེས་ཤིང་།། ་མན་ངག་ཕྱལ་བར་སྤེལ་བ་དང་།། ཐོས་ནས་མེ་མོས་མི་བསྒོམ་ན།། མཐོང་བའི་ཆོས་ལ་དམྱལ་ཚོགས་འཚེང་།། བླ་མའི་དྲིན་ལན་མི་བརྗོད་ཅིང་།། མན་ངག་བཙལ་བའི་ཐབས་མཁས་པ།། མོས་ཤིང་བསམ་གཏན་མཆོག ་གཞོལ་བ།། རྒྱལ་སྲས་ཀུན་གྱི་ནང་ན་མཆོག། དབང་བསྐུར་རིམ་པ་ཡང་དག་པའི།། གནས་དང་དུས་དང་སློབ་དཔོན་དང་།། སློབ་མི་དང་ནི་གླེང་གིཞི་དང་།། དཀྱིལ་འཁོར་དག་དང་དེར་འཇུག་རིམ།། དབའི་བསྐུར་རིམ ་དང་རྣམ་གྲངས་དང་།། བསྐུར་བའི་གནས་དང་ཐབས་དག་དང་།། སྒྲིབ་བྱང་ཚད་དང་ས་ནོན་དང་།། དེ་འབྲེལ་མན་ངག་རིམ་པ་དང་།། རྟགས་དག་དང་ནི་བརྡ་དག་དང་།། རྫས་དག་དང་ཡང་དགོས་པའི་དོན།། ནུས་པའི་ཚད་དང་འབྲས་བུ་སྟེ།། རྣམ ་པ་ཉི་ཤུས་མངོན་པར་བརྗོད།། དེ་དག་ཀུན་གྱི་མཚན་ཉིད་དང་།། བུམ་པའི་དབང་དང་གསང་བའི་དབང་།། གསུམ་པ་ཤེས་རབ་ཡེ་ཤེས་དབང་།། དེ་ལྟར་དེ་བཞིན་ཡང་བཞིས་བཤད།། རྒྱུད་རྣམས་ཀུན་གྱི་ཚིག་དོན་རྣམས།། མ་ལུས་འདིར ་ནི་འདུས་པ་ཡིན།། དང་པོར་བུམ་དབང་གླང་གཞི་ནས།། ཡང་དག་བརྩམས་ཏེ་བདག་གིས་བཤད།། ཀྱེ་འོ་ཤཱཀྱ་སེང་གེ་ལ།། བལྟམ་ཚེ་ཀླུ་རྒྱལ་དགའ་སོགས་པས།། བུམ་པའི་ཆུ་ཡིས་ཁྲུས་བྱས་དང་།། མངོན་པར་རྫོགས་པར་བྱང ་ཆུབ་ཆེ།། ས་ཡི་ལྷ་མོས་བུམ་པ་ཡང་།། བཀྲ་ཤིས་བརྗོད་ནས་ཕྱག་ཏུ་ཕུལ།། འཁོར་ལྟོས་སྒྱུར་རྒྱལ་རྒྱུད་འབྱུང་བ།། སྤྱི་བོར་དབང་བསྐུར་གླེང་གཞི་ཡིན།། གནས་ནི་རི་སོགས་ཡུལ་ཁམས་དང་།། སྒྲུབ་ཁྱང་གནས་དུང་མཎྜལ་ས།། ་བཀྲ་ཤིས་ཡིད་དགའ་རྗེས་མཐུན་པར།། སོ་སོ་རྒྱུད་ལས་གསུངས་པ་ཡིན།། དུས་ནི་བླ་མས་གནང་བ་ཡིན།། སློབ་མ་དད་པ་ཡོད་པ་དང་།། དམ་ཆོས་འབྱུང་དང་སྒྲུབ་པ་དང་།། དགོས་པ་ཕུན་སུམ་ཚོགས་པ་སྟེ།། རྣམ་པ་བཞིར ་ནི་བརྗོད་པ་ཡིན།། སློབ་དཔོན་ཡོན་ཏན་ཀུན་ལྡན་ཞིང་།། དབང་དང་དམ་ཚིག་ལྡན་པ་དང་།། རྐྱེན་ཐུབ་ས་བོན་གཟི་བརྗིད་ཆེ།། སྙིང་རྗེར་ལྡན་ཞིང་སློབ་ལ་བརྩོན།། རིགས་ཅན་ཀུན་གྱིས་བསྐུར་བའི་ས།། དབང་མཆོག་བསྐུར་བར་གསུངས་པ་ཡིན།། ་སློབ་མ་དད་པར་ལྡན་པ་དང་།། སློབ་དང་སྒྲུབ་ལ་དགའ་བ་དང་།། རྩ་བའི་སྔགས་ཟློས་བྱེད་པ་དང་།། སྔགས་རྒྱུད་དག་ལ་དགའ་སེམས་དང་།། གཞན་ཡང་ཚེ་ཕྱི་དོན་འདྲོན་དང་།། གཞན་ཡང་གླེགས་བམ་མཆོད་རྟེན་སོགས།། ཞལ་སྤྲོས་རིགས ་པ་ཅི་དང་ནི།། གཞན་ཡང་ཚེ་འཕོས་ཆེད་དུ་སྟེ།། རྣམ་པ་འདི་དག་རྒྱལ་བས་གསུངས། དེ་རེ་ལ་ཡང་གླེང་གཞི་དག། རྒྱུད་རྣམས་ཀུན་ལས་རྒྱས་པར་བསྟན། 9། དཀྱིལ་འཁོར་སློབ་མ་རབ་འབྲིང་མཐའ།། ཏིང་འཛིན་མེ་ཏོག་རྡུལ་མཚོན ་རིམ།། གཞན་ཡང་ལུགས་འབུར་གཟོ་བྲིས་དང་།། གླེགས་བམ་མཆོད་རྟེན་བླ་མ་སོགས།། དེ་ཀུན་སྤྱན་སྟར་བུམ་དབང་ནི།། བསྐུར་དུ་རུང་བར་བདེ་གཤེགས་གསུངས།། དེ་དག་སོ་སོའི་ཆོ་གའི་རིམ།། སོ་སོའི་རྒྱུད་ལས་གསལ་བར་བྱ།། རྡུལ ་ཚོན་ལ་སོགས་བྱེད་པའི་ཚེ།། ས་ནི་དག་པར་བྱ་བ་དང་།། བགེགས་གསལ་བ་དང་། གཟུང་བ་དང་། བུཾ་པིའི་སྟ་གོན་བྱ་བ་དང་།། ལྷ་དང་སློབ་མ་ཡོ་བྱད་རྣམས།། ཇི་ལྟར་སྟ་གོན་བྱ་བ་དང་།། སྔོན་དུ་བསྙེན་པའི་རིམ་པ་དང་།། ཐིག་གདོབ་པ ་ཡེ་ཆོ་ག་དང་།། ཚོན་རྩི་ངག་ནི་དགྱེ་བ་དང་།། རྒྱན་རྣམས་བཀོད་དེ་མཆོད་པ་དང་།། ཡེ་ཤེས་དབབ་དང་མཆོད་སོགས་དང་།། ཇི་ལྟར་གྲགས་པའི་ཆོ་གས་བྱ།། གང་ཟག་དང་པོས་རང་གིས་བྲི།། གཉིས་པ་གསུམ་པས་ཕབ་སྟེ་བྲི།། བཞི་པས་ཡིད ་ཀྱི་བྱུ་བ་ཡིན།། ལུགས་མྱ་ལ་སོགས་དེ་སྦྱིན་ནོ།། ཡང་ན་སློབ་མ་ངྒ་དང་སྟུ་།། ཡང་ན་མས་པར་དབྱུང་དུ་གསུངས།། དེར་འཇུག་པའི་རིམ་པ་ནོ།། ཀླ་ཤྠ་ས་ཤིང་ཀླང་བ་དང་།། དག་པའི་ཆུས་རོག་གཙང་བྱས་ཟག ་ཐུནུ་མོང་སྡོམ་གནས་སོམས་བསྐྱེད་པ།། སྒོར་བཀུག་མེ་ཏོག་སྦྱིན་བྱ་ཞིང་།། གདོང་གཡོགས་གསོལ་བཏབ་སྷོ་བསྐྱེད་དེ།། ཀུན་བྱང་ཆུ་ཡིས་གསོལ་དག་བྱ།། སྒྱིང་ལ་རྡོ་རྗེར་དེར་གླེཞན་བསྒོམ།། ཡོལ་བྱས་རླུང་དུ་དྲངས་ནས་སུ།། ་བསྐོར་བ་ཕྱག་འཚལ་གསོལ་བ་གོང་བ།། མནའི་དམ་ཚིག་ཆོ་ག་སྦྱིན།། ཐུན་མྱོང་བསྲུངས་པའི་དམ་ཚིག་དབོག། ཕྱེ་ཡི་དབབ་པའི་དམ་ཚིག་གིས།། ཕྱི་རོལ་རྡོ་རྗེ་འཛིན་པ་དབབ།། ཕྱི་རི་མེ་ཏོག་ཕྲེང་དོར་རོ།། ཕྱིའུ་རང་གི་ལྷ་ཡང་སྦྱིན།། ་ལྷུང་བའི་མཚན་མ་ཤེས་བྱ་བསྒོམ།། ཤ་མིག་དག་འགྱུར་སྔ་ལྷས་སུ།། ཅི་མཐོང་དྲི་བའི་ཆོ་གྲ་བྱ།། དེ་ནས་ཤའི་མིག་ཕྱེ་སྟེ།། གཟུགས་བརྙན་དཀྱིལ་འཁོར་བསྟན་པར་བྱ།། དེ་ཀུན་རྒྱུད་ནས་རྒྱས་པར་གསུངས།། དཀྱིལ་འཁོར་མཐོང ་བྲེའི་འོག་ཏུ་ནི།། དབང་གི་མཽཎྜལ་གནས་སུ་བཞག། མགོ་ལ་མེ་ཏོག་ཕྲེང་བརྟགས་པ།། ལྷ་ཡི་དབང་སྟེ་དང་པོར་བཤད།། ཆུ་དང་དབུ་རྒྱན་རྡོ་རྗེ་དང་།། དྲིལ་བུ་མིང་དང་རྣམ་པ་ལྔ།། སློབ་མ་རེག་པའི་དབང་ཞེས་བྱ།། དེ་ནས་སེང་གེའི་ཁྲི ་སྟེང་དུ།། རིག་བྱེད་སློབ་དཔོན་དབང་སྦྱར་བྱ།། གོང་མ་བསྟན་པར་བྱ་བའི་ཕྱིར།། རྡོ་རྗེ་དྲིལ་བུ་བརྟུལ་ཞུགས་གཉིས།། ཕྱག་རྒྱ་དམ་ཚིག་གསུམ་པ་ཡིན།། དབུགས་དབྱུང་བ་དང་ལུང་བསྟན་པ།། ཕྱིར་མི་ལྡོག་སོགས་རིམ་པ་ཡིན།། དེ ་ཀུན་བུམ་པའི་དབང་ཡིན་ཏེ།། དེར་ཡང་བུམ་ཁྲུས་བྱེད་ཕྱིར་རོ།། གཞན་ཡང་དབང་གི་རྣམ་གྲངས་ནི།། སོ་སོའི་རྒྱུད་ཀྱི་རྗེས་འབྲངས་ཏེ།། ཇི་སྐད་གསུངས་པ་དེ་ཤེས་བྱ།། བུམ་པའི་དབང་ལ་རྣམ་གསུམ་སྟེ།། ཕྱི་དང་ནང་དང་སྦས་པའོ།། ། ་ཕྱི་ལ་ཐུན་མོང་ཁྱད་པར་ཏེ།། ཐུན་མོངས་ཕྱེ་བྱའི་རྒྱུད་དང་མཚུངས།། དེ་མཚུངས་བུམ་པའི་བཅུད་ནང་དུ།། མི་འཆི་བཅུ་ཕྱེད་དག་དང་ནི།། བཏུང་བ་སྣམ་པོས་གང་བྱས་པ།། ཁྱད་པཪྵ་བུམ་པ་ཞེས་གསུངས།། ནོང་གི་སློབ་དཔོན་བླ་མའི ་སྒོ། བུམ་པའི་ནོང་ནས་འབབ་པའི་ཆུས།། སློབ་མའི་སྤྱིར་བླུགས་སེམས་བསྐུལ་བྱེད།། སྦས་པའི་བུམ་པ་བདེ་ཆེན་གནས།། སྟོང་ཕྲག་བདུན་ཙུའི་རྩ་ལམ་ནས།། ཐུགས་ཀའི་ཡེ་ཤེས་སེམས་དཔའ་ལ།། ལྷ་ཡི་ཆུ་ཡིས་ཁྲུས ་བྱས་པ།། སྦས་པའི་ཐབས་ཀྱི་བུམ་པའོ།། ཕྱག་རྒྱ་མ་ཡིས་བུམ་པ་ནས།། སེམས་ཀྱི་ཆུ་དང་མཚལ་ཆེན་སེམས།། ཐབས་ཀྱི་གསང་བའི་ནོར་བུ་ལ།། དག་པའི་ཆུ་ཡིས་ཁྲུས་པ།། སྦས་པའི་ཤེས་རབ་བུམ་པར་བཤད།། དེ་ནས་བུམ ་པའི་དབང་ལ་ཡང་།། དབང་རྣམ་བཞིར་ནི་ངོས་གསུངས་ཏེ།། བུམ་པའི་བུམ་པ་ཐུན་མོང་སྟེ།། གསང་དབང་ཁྱད་པར་བུམྦྷ་པའོ།། ཤེས་རབ་ཡེ་ཤེས་སྦས་པ་གཉིས།། དེ་ལྟར་རྣམ་གསུམ་བུམ་ཡང་།། ཡོད་མེད་མཐའ་ལས་ཡང ་ངག་གྲོལ།། བུམ་པའི་དབང་ནི་བཞི་པ་ཡིན།། དེའི་གནས་སྤྱི་བོར་བུམ་བརྟན་བྱེ།། ཕྱི་ཡི་སྤྱི་བོར་ཆུ་ཡིས་ཁྲོས།། ནང་གི་སྤྱི་བོར་ཚངས་པའི་སྒོར།། སེམས་འབེབས་སྦས་པ་སེམས་ཕྱིར་འབེབས།། དབང་བསྐུར་བའི་ཐབས་མཆོག ་ནི།། སློབ་མས་བསྒོམས་ནས་བཟེད་པའི་ཚུལ།། མཉེས་པའི་བླ་མས་སྦྱིན་པར་མཚུངས།། བསམ་མཐུན་བདེ་ཐབས་དམ་པའོ།། ཕྱི་ནང་སྨྲས་པའི་བུམ་པ་ཡིས།། སྲོག་གཅོད་བརྐུ་དང་ལོག་པར་གཡེམ།། ལུས ་ཀྱི་ཉེས་གསུམ་བྱང་བས་ན།། ལུས་ཀྱི་དྲི་མ་དག་པར་བཤད།། ཉོན་མོངས་སྒྲིབས་དང་ཤེས་བྱའི་སྒྲིབ།། ས་བཅུ་དག་གིས་བྱུང་བར་གསུངས།། དཀྱིལ་འཁོར་མཐོང་བས་ཚོགས་ཀྱི་ལམ།། ཕྲེང་བས་མོས་སྤྱོད་སྦྱོར་ལམ་ངག། ཆུ ་དང་དབུ་རྒྱན་ས་དང་པོ།། མཐོང་ལམ་རྣམ་པར་དག་པར་གསུངས།། རྡོ་རྗེ་དྲིལ་དང་བདག་པོ་ཡིས།། ས་གཉིས་པ་ནས་བརྒྱད་པའི་བར།། བསྒོམ་ལམ་རྣམ་པར་དག་པར་བཤད།། བརྟན་པར་བྱེད་པས་འབྲས་བུ་ལམ།། སོ་བཅུ་དག་པར་རྒྱལ་བས ་གསུང་དེ་ལྟར་དབང་ཐོབ་སློབ་མ་ལ།། བླ་མས་མན་ངག་དྲིན་སྦྱིན་བྱ།། དཀྱིལ་འཁོར་བྲི་བ་ལ་སོགས་པའི།། སློབ་དཔོན་སྤྱི་ཡཱི་ལས་དག་དང་།། བསྐྱེད་པའི་རིམ་པའི་མན་ངག་དང་།། ཞི་སོགས་བྱ་བའི་ལས་དག་དང་།། ཐུན་མོང་སྒྲུབ་སོགས ་མུན་ངག་སྦྱིན།། ཐུན་མོང་བུམ་སོགས་ཕྱི་རྒྱུད་སྦྱིན།། ཁྱད་པར་ནང་གི་དེ་བཞིན་ནོ།། ནང་གི་བུམ་པའི་དབང་རྫོགས་ན།། བདེན་པོ་གཉིས་ཀྱི་མན་ངག་བསྟན།། སྦས་པའི་བུམ་པའི་དབང་ཐོབ་ནས།། སྦས་པའི་ཀུན་རྫོབ་སྤྱོད་གསུམ་བསྟན།། མདོར་ན ་ཇི་བཞིན་སྒོ་དང་ནི།། དགོངས་མ་ཡིན་དང་བཀྲི་དོན་དང་།། ཚིག་གི་དོན་དང་ཡན་ལག་དོན།། ཚོགས་ལ་བཤད་རིམ་གནས་པར་བཤད།། ཡདངོས་གྲུབ་མྱུར་བའི་རྟགས་དང་ནི།། སོ་ཤིང་དོར་དང་རྨི་ལམ་དང་།། ཅི་མཐོང་དྲི་དང་མེ་ཏོག་དོར།། དབབ་པ ་དག་ལས་ཤེས་པར་བྱ།། 5ཕྱི་ཡི་སྨྲས་པའི་ངག་བརྡ་དང་།། ལྔ་བསྡུས་ཕྱག་རྒྱ་དེ་ལ་བསྟན།། འདྲི་བས་དགེ་སློང་གསང་ཕྱིར་བསྟན།། དབང་རྫས་ངག་གི་ཁྱབ་པར་ནི།། མགོ་ལ་འདོགས་པའི་མེ་ཏོག་ཕྲེང་།། སྤྱི་བོར་དག་པའི་ཆུ་ཡིན་ནོ།། ། ་དེ་ཡང་བུམ་པའི་བྱེ་བྲོག་ལོས།། རིན་ཆེན་དང་ནི་ཐོད་སོགས་ཕྲེང་།། མགོ་ལ་བཅིངས་པའི་དབུ་རྒྱན་ཡིན།། དཔྲལ་བར་རིགས་དང་རྗེས་མཐུན་པའི།། རྟ་གོས་ཀྱི་རྡོ་རྗེ་དེ་སྦྱིན་བྱ།། དྲིལ་བུ་ཁ་ཡ་ཐང་ཀཱར་སྦྱིན།། མཱིང་ཁུ་དབང་རྫས་ངག ་པའི་མཚན།། དམ་ཚིག་རྡོར་དྲིལ་ལག་ཏུ་སྦྱིན།། གསྦྱོར་གསིལ་སྒྲ་དང་བཅས་པའོ།། ཕྱག་རྒྱའི་བདག་པོའི་ཕྱག་རྒྱར་བསྒོམ།། དབུགས་དབྱུང་བ་དང་ཡོན་ཏན་བརྗོད།། ལུང་བསྟན་པ་ལ་ཆོས་གོས་དབྱིབ་སོ།། ཕྱིར་མི་ལྡོག་ལ་དེ་ཉིད ་བསྟན།། གཞན་ཡང་ཞར་ལ་འོངས་པར་རྫས།། བཅོད་པན་མེ་ལུང་དུང་དང་ནི།། གསེར་བྱས་ཐུར་མ་ལ་སོགས་པའི།། སོ་སོའི་རྒྱུད་ཀྱི་རྗེས་འབྲངས་ཏེ།། ཇི་ལྟར་འབྱུང་བ་དེ་བཞིན་བྱ།། དེ་ལས་གཞན་པའི་ཐུན་མོང་དང་།། རིན་ཆེན་བདུན ་དང་ཉེ་བའི་བདུན།། བཀྲ་ཤི་ས་བརྒྱད་དང་ཉེར་བརྒྱད་སོགས།། བྱ་བའི་རྒྱུད་དང་གཉིས་ཀ་དོང་།། རྣལ་འབྱོར་རྒྱུད་ལས་གང་བསྟན་པ།། རྣལ་འབྱོར་བླ་མའི་གནས་སྐབས་སུ།། རྫོགས་པར་ཡོད་ཅེས་རྒྱལ་བས་གསུངས།། 2དབང་བསྐུར ་བླ་མའི་དགོངས་པ་ཡང་།། སྤྱི་དང་ཁྱད་པར་ཤེས་བྱ་སྟེ།། མཁོའ་དང་མཉམ་པའི་ཡེ་ཤེས་ལས།། སྙིང་རྗེ་སློབ་མ་ལ་བསྐྱེད་དེ།། བུ་ཡི་འདུ་ཤེས་ཉེར་བཞག་ནས།། བྱམས་སེམས་དགའ་སེམས་བཏང་སྙོམས་སེམས།། རྩེ་གཅིག ་སྤྱི་ཡི་དགོངས་རྒྱུད་ཡིན།། ཁྱད་པར་སོ་སོའི་དགོངས་པ་སྟེ།། མེ་ཏོག་ལྷ་དང་བཅས་པ་དེ།། སློབ་མ་དེ་ལ་ཐིམ་པར་བསམ།། རྒྱུད་རྣམས་སོ་སོའི་རྗེས་མཐུན་པའི།། ལྷ་དང་ལྷ་མོ་ཇི་ལྟ་བས།། བདུད་རྩིའི་བུམ་པས་དབང ་བསྐུར་བ།། ཆུ་ཡི་དགོངས་པའོ་ཡེ་ཤེས་ལྔའི།། རྟགས་སུ་སྐུ་ལྔ་རྫོགས་བྱས་པ།། དབུ་རྒྱན་ཧཱུཾ་ལས་རྡོ་རྗེ་བསྐྱེད།། དེ་འོག་རྒྱུད་ལྔ་བྱང་བྱ་སྟེ།། ཡེ་ཤེས་ལྔར་གྲུབ་རྡོ་རྗེའོ།། ཤེས་རབ་དབྱངས་ཀྱིས་ངག་སྒྲིབ་སྦྱངས།། དྲིལ་བུའོ་མིང་གི་བདག་པོ་ཡི།། ་དངོས་གྲུབ་རྗེས་སུ་འཛིན་པར་བཤད།། ཡང་ན་ཕྲེང་བའི་ཡིད་དམ་རྒྱལ་བྲིའོ་དབང་།། ཆུ་ཁམས་མི་སྐྱོང་རྣམ་པར་དག། དབུ་རྒྱན་རིན་ཆེན་མཉམ་ཉིད་དེ།། རྡོ་རྗེ་ཀུན་རྟོག་འོད་དཔག་མེད།། དྲིལཱ་བུ་བྱཱ་སྒྲུབ་གདོན་མི་ཐཱ།། མིང་ནི་ཆོས་དབྱིངས་སྣང་མཛད ་སྐུ།། རྡོ་རྗེ་བརྟུལ་ཞུགས་སེམས་ངག་བྱེད།། དྲིལ་བུ་ངག་ནི་རྣམ་དག་སྟེ།། ཕྱག་རྒྱ་དམ་པ་ཚིག་ལུས་དག་པའོ།། ཡང་ནཱ་རྡོ་རྗེ་ཐབས་ཀྱི་ངོ་བོ་སྟེ།། དྲིལ་བུ་དེ་བཞིན་ཤེས་རབ་སྦྱངས།། གཉིས་མི་དྲྀ་ཕྱག་རྒྱ་དམ་ཚིག་འདོད།། གཟིངས་བསྟོད་པས། ་ནི་ལུང་བསྟེན་ནོ།། ཇི་སྐད་བསྒོ་བ་བཀའ་ཡིན་ནོ།། ཡོན་ཏན་བརྗོད་པས་དབུགས་ཕྱུང་བས།། དེ་ཁོ་ན་ཉིད་ཀྱིས་ཕྱིར་མི་ལྡོག། གཞན་ཡང་རྒྱུད་ཀྱི་རྗེ་འབྲངས་ཏེ།། ཇི་ལྟའི་དགོངས་རྒྱུད་དེ་དྲང་དེས།། སློབ་མ་རྣམས་ནི་ཡོངས་སྨིན་བྱ།། ་ནུས་པའི་ཚད་ནི་རྣམ་པ་ལྔ།། དྲི་མ་འཁྲུད་དང་སྒྲིབ་བྱང་དང་།། ལས་བྱེད་པ་དང་འབྲས་བུ་ལ།། མངོན་དུ་ཕྱོགས་དང་བདུད་བཞི་ནི།། འཇོམས་པའི་ནུས་པས་བརྗོད་པ་སྟེ།། ཕྲེང་བས་མི་ངག་དྲི་མ་དང་།། མོས་པའི་སྤྱོད་པས་སྒྲིབ་པོ་འཁྲོ།། འདོད ་ལཱུ་མཱཉེས་པའི་ལས་ཡིན་ཏེ།། འབྲས་བུ་མཐོང་བའི་ལ་མཾ་ལ་ཕྱོགས།། ཡི་དམ་དངོས་གྲུབ་ཉེ་བ་ཡིན།། བཟུང་འཛིན་ཕུང་པོས་བྱེདུད་རྣམས་བཅོམ།། ཆུ་དང་དབུ་རྒྱན་གྱི་ནུས་པ།། འཁོར་འདས་དྲིལན་གཉིས་འ་ཁྱཱ། ཀྵས་ནི་དང་པོའི་སྒྲིབ་པ་དག། ལས ་ནི་རྡོ་རྗེ་རིན་ཆེན་གྱིས།། རིགས་ཀྱི་ང་རྒྱལ་བྱེད་པ་ཡིན།། འབྲས་བུ་བསྒོམ་ལམ་ཕྱོགས་པ་དང་།། རྡོ་རྗེ་དང་ནི་རིན་ཆེན་གྱི།། ཐུན་མོང་དངོས་གྲུབ་འགྲུབ་པ་ཡིན།། ཉོན་མོངས་པ་ཡི་བདུད་རྣམས་བཅོམ།། རྡོ་རྗེ་དྲིལ་བུ་བདག་པོ་ཡིས།། གཡེང ་བཱ་ལྔ་ཡིས་དྲི་མ་འཁྲུ།། ས་གཉིས་པ་ནས་བརྒྱད་པ་ཡཱི།། བར་གྱི་སྒྲིབ་པ་སྦྱངས་པ་ཡིནཱཾ།། པདྨ་ལས་དང་སངས་རྒྱས་ཀྱི།། རིགས་ཀྱི་ང་རྒྱལ་ལོས་བྱེད་ཡིན།། འབྲས་བུ་མཐར་ཕྱིན་ལ་ཕྱོགས་ཤིང་།། གསུམ་པོའི་མཐུན་མོང་གྲུབ་པ་ཡིན།། ་འཆི་བདག་བདུད་བཅོམ་ཚེ་ལ་དབང་།། བརྟན་བྱེད་དབང་གི་རིམ་པ་ཡས།། གཡེང་བ་ཕྲ་མོའི་དྲི་མ་འཁྲུ། ས་བཅུའི་སྒྲིབ་པ་དག་པར་བྱེད།། ལས་ནི་བརྟན་པར་བྱེད་པ་སྟེ།། བརྟུལ་ཞུགས་ཀྱིས་ནི་མེ་ཏོག་བརྟན།། ཆུ་དང་དབུ་བརྒྱན་དམ་ཚིག་གིས།། ་བུམ་པར་བརྟན་པར་བཀའ་སྩལ་གྱིས།། རྡོ་རྗེ་དྲིལ་བུ་ལུང་བསྟན་གྱིས།། དབུགས་ཕྱུང་བས་ནི་བདག་པོའོ།། ཡང་ནི་ཀུན་གྱིས་ཐམས་ཅོད་དོ།། སངས་རྒྱས་ས་ལོ་མངོན་ཕྱོགས་དང་།། དངོས་གྲུབ་བརྟན་བྱེད་འབྲས་བུའོ།། ལྷ་ཡི་བདུད་གཅོད་བུམ ་པ་ཡིན། འབྲས་བུ་བཞིནི་མེ་ཏོག་ལའོ།། རྒྱུ་མཐུན་ཆུ་དང་དབུ་རྒྱན་གྱིས།། རྡོ་རྗེ་དྲིལ་བུ་རྣམ་སྨིན་ཡིན།། སྐྱེས་བུ་བྱང་བ་མིང་གིས་ཏེ།། བསྟན་པ་དྲི་མེད་འབྲས་བུ་སྟེ།། ཡང་ན་འབྲས་བཞི་བརྟན་བྱོང་པའོ།། རྒྱུད་ལས་གསུངས་པར་ཡོན ་ཏན་ནི།། བསམཱ་ཡས་ཇི་སྙེད་བསྟན་པ་ཀུན།། དབང་གི་འབྲས་རབ་ཡིན་པར་གསུངས།། འབྲས་བུ་ཡོད་དང་རྒྱུ་འབྱུང་སྟེ།། དབང་ཐོབ་རྒྱུ་ནི་ཡོན་ཡིན་ཏེ།། ཇི་ལྟར་རྒྱུད་ལས་གསུངས་པ་ཡིན།། ལས་ཀྱི་དང་པོར་དབང་བྱ ་བ། དང་པོའི་དབང་དུ་གསུངས་པ་ཡིན།། གཉིས་པ་གས་བ་བཤད་བྱ་སྟེ།། ཀྱེའོ་སྟོན་པ་རྡོ་རྗེ་འཛིན།། འདོད་ཆགས་ཆེན་པོའི་ཏིང་འཛིན་གྱིས།། འཁོར་རྣམས་བསྡུ་བ་རྣམས་མཛད་ནས།། ཡུལ་གྱི་གསང་བའི་དཀྱིལ་འཁོར་དུ།། གསང ་བ་བྱང་ཆུབ་སེམས་རབ་བསྐུར།། དེ་ལྟར་དཔལ་འདུས་ལ་སོགས་པའི།། རྒྱུ་རྒྱལ་ཀུན་ལ་གྲགས་པ་རྣམས།། གླེང་བཞི་ཞེསུ་རྣམ་པར་བཤད།། ཌཱགནས་ནི་བུད་མེད་དཀྱིལ་ཡིན་ཏེ།། ལྷན་ཅིག་སྐྱེས་དུང་ཞིང་སྐྱེས་དང་།། སྔགས་སྐྱེས ་བ་ཞེས་གྲགས་པ་ལ།། སྨེ་ཤ་ཅན་དང་མཐུ་ཆེན་དང་།། གར་མཁན་གཙོ་གླགས་མཁན་ལ་སོགས།། སོ་སོའི་རྒྱུད་ལས་གྲགས་པ་ཡི།། ཇི་ལྟར་རིགས་ཀྱི་རྗེས་མཐུན་པའི།། ཤེས་རྒྱུད་སྦྱངས་ཤིང་ཡོན་ཏན་ལྡན།། བྱིན་གྱིས་བོརླབས ་པའི་གནས་བྱ་སྟེ།། སངས་རྒྱས་གཙོ་བོའི་ཡུམ་དུ་བཟུང་།། བུམ་པའི་དབང་རྣམས་རྫོགས་པ་དང་།། རཱག་ཏ་འབབ་པའི་དུས་དང་ནི།། བླ་མ་ཡུམ་གྱིས་གནང་བ་ནི།། གཉིས་པའི་དུས་སུ་རྣམ་པར་བརྟག། སློབ་དཔོན་རྣམ་པ་གསུམ་དུ ་ཤེས།། དང་པོ་ཐབས་མཆོག་ཡབ་ཀྱིས་ཏེ།། གཉིས་པ་གསང་བའི་གསུངས་མ་ལའོ།། གསུམ་པ་གཉིས་སུ་མེད་པས་བྱའོ།། སློབ་མ་བུམ་དབང་རྫོགས་པ་དང་།། སྙིང་པོ་བཟླས་པས་བྱེད་པ་དང་།། བརྟུལ་ཞུགས་དམ་ཚིག་འདོད ་བྱས་བྱའོ།། དཀྱིལ་འཁོར་ལུས་སུ་གསུངས་པ་དང་།། དཀྱིལ་འཁོར་བྷ་གྲར་བསྟན་པའོ།། དེ་ཡང་ལུས་ཀྱི་དཀྱིལ་འཁོར་དང་།། ལྷ་ཡི་མཚན་ཉིད་ཤེས་བྱ་སྟེ།། ལུས་ནི་འདོམ་གྲང་གྲུ་བཞི་པའོ།། ཡང་ན་གྲུ་བཞི་འབྱུང་བ་བཞི།། སྟེང ་འོག་གཡས་གཡོན་སྒོ་བཞིའོ།། ཚེན་སྣ་ཁྭ་དོག་སྣ་ལྔའོ།། ཡང་ན་བདུད་རྩི་རྣམ་པ་ལྔ།། རྩ་ནི་ཐིག་གི་རང་བཞིན་ཏེ།། ཀ་བ་བརྒྱད་ནི་རྐང་བརྒྱད་དོ།། ཡན་ལག་རྟ་བབས་མཚན་ཉིད་དེ།། སོ་སན་པ་སྤུ་ཏཱ་ར་བརྒྱད།། སྙིང་ནི་དབུས་ཀྱི་ལྟེ་བ ་སྟེ།། རྒྱུད་གང་དང་ནི་རྗེས་མཐུན་སྦྱར།། ལྷ་ཡི་ཕུང་པི་ལྔ་གཙོ་བོ།། འབྱུང་བ་ལྷ་མོར་ཤེས་པར་བྱ།། ཁམས་དང་སྐྱེ་མཆེད་མང་པོ་ཀུན།། སེམས་དཔའ་སེམས་མར་རབ་ཏུ་གྲགས།། བུད་མེད་དཀྱིལ་འཁོར་དུ་གསུངས་ཏེ།། བྷ་ག ་གཞལ་ཡས་བརྩེགས་པར་བསྟེན།། དེ་ལ་བཟུང་བའི་ཆོ་ག་དང་།། སྦྱང་དང་བརྟན་དང་བྱིན་བརློབས་དང་།། རྒྱན་དང་ལྡན་ཞིང་བདུག་པས་བདུག། ཕྱི་ནང་ཁྲུས་བྱས་ལྷ་རྣམས་དབབ།། ཚོགས་ཀྱི་འཁོར་ལོས་མཆོད་བྱས་ལ།། ལྷ་རུ་ཉེ་བར ་བརྟག་པར་བྱ།། དེ་ལ་ཆང་ཡང་དྲང་བར་བྱའོ།། དེ་ལ་འཇུག་པའི་རིམ་པ་ཡང་།། བུམ་པའི་བྱ་བ་ཡང་བྱ་སྟེ།། ཡོལ་བྱས་བར་དུ་བཅད་ནས་ནི།། གསོལ་གོང་བཱ་དཾ་ཡི་དོ་ཡང་དག་པ།། མེ་ཏོག་བྱིན་ཏེ་དྲངས་ནས་སུ།། དཀྱིལ་འཁོར ་བསྐོར་ནས་ཕྱག་གསུམ་བཙལ།། ནང་གི་དམ་ཚིག་བརྟུལ་ཞུགས་སྦྱིན།། དེ་བཞིན་དབབ་པ་ཡང་བྱས་ནས།། མེ་ཏོག་དོར་ཏེ་མཐོང་བ་དྲི།། ལྷ་དང་ཆོས་ཀྱི་ཚིག་ཕྱེ་སྟེ།། ལུས་ཀྱི་དཀྱིལ་འཁོར་རྫོགས་པར་བསྟན།། ལེགས ་བར་མཐོང་བའི་འོག་ཏུ་ནི།། མདུན་ན་གནས་པ་དེ་ཉིད་ལ།། གསང་བའི་དབང་གིས་སྦྱོར་བྱས་ཏེ།། དམ་ཚིག་འཁོར་ལོ་དྲུག་རིམ་གྱིས།། ཁུ་བ་ཕྱུང་སྟེ་དབང་བསྐུར་བྱ།། དཀར་དམར་སྤེལ་བ་ཕྲེང་བའི་དབང་།། ཤུ ་ཀླུ་ཞེས་ཏེ་ཆུ་ཡི་དབང་།། ཚངས་སྒོར་མི་བསྐྱོད་དབུ་རྒྱན་དབང་།། ལྕེ་ལ་རྡོ་རྗེ་དེ་རྡོ་རྗེ།། རྡོར་བུམ་ཧཱུཾ་སྒྲ་དྲིལ་བུའི་དབང་།། ཨ་འོ་སུ་ཁ་མིང་གི་དབང་།། དམ་ཚིག་ལྕེས་ལེན་བརྟུལ་ཞུགས་དབང་བལྟ་བར་མི་བྱ་ལུང་བསྟན་དབང་།། ལོང ་སྤྱོད་རྩར་སྦྱར་ཕྱིར་མི་ལྡོག། བདེ་བས་བདེ་ཐོབོ་དབུགས་དབྱུང་བའོ།། འདི་ཀུན་གསང་བར་བསྟན་པས་ན།། གསང་བའི་དབང་ཞེས་བསྟན་པ་ཡིན།། གསང་བ་ལ་ཡང་གསུམ་དུ་སྟེ།། ཕྱི་དང་ནང་དང་སྦས་པའོ།། ག་བུར་ཙན་དན་བཅུ ་ཕྱེད་བཅསོ།། སྦོམ་པོ་དང་ནི་དབང་མོའི་རྩེས།། སློབ་མའི་ཁ་རུ་དབབ་པའི་ཕྱིའོ།། སློབ་མའི་དུས་ཉིད་མནན་བྱས་ཏེ།། ཁ་ཡི་ཐད་ཀར་གཉིས་སྦྱར་ནས།། ར་ག་ཨ་ཏ་ར་འབབ་པ།། བེའུ་འདྲར་རྡོ་རྗེ་བཞི་པའི་ཐབས།། པུང་འདྲར་པདྨ ་ལྕེས་ལེན་པ། ཤེས་རབ་ནཱང་གི་གསང་བའི་དབང་།། སློབ་མ་རང་གི་ལྟེ་བོ་ཅན།། རྡོ་རྗེ་པདྨ་འདུས་པས་གསུངས།། རྡུལ་དང་མུན་པ་སྙིང་སྟོབས་ཏེ།། འོག་སྒོའི་ཁ་རུ་རབ་འབབ་པ།། སྦས་པའི་གསང་བའི་དབང་དུ་གསུངས།། ་གསང་བའི་དབང་ལ་ཡང་བཞི་སྟེ།། རྡོ་རྗེ་དང་ནི་པདྨ་ནས།། དྲི་མེད་ཆུ་འབབ་བུམ་པའི་དབང་།། ཡང་ན་གོང་གི་རིམ་དེ་ཉིད།། ཟླ་བ་ཉི་མ་ལྕེ་ལ་རེག། དེ་ནི་གསང་བ་གཉིས་པ་སྟེ།། བདེ་ཆེན་ལམ་སྦྱངས་གསུམ་པའོ།། ཐབས་དང་ཤེས ་རབ་གཉིས་མེད་པ།། ཡེ་ཤེས་ཆེན་པོ་བཞི་པའོ།། དེ་ནས་དག་གི་ལམ་ཡིན་ཏེ།། ལྕེ་ཡི་པདྨ་ཞེས་བྱ་བ།། ཕྱི་དང་ནང་དང་སྦས་པའི་ལྷའོ།། ཕྱི་ཡི་པདྨ་ངག་གི་ལམ།། ནང་དུ་ཙིཏྟར་དེ་ཤེས་བྱ།། སྦས་པ་ལྟེ་བའི་པདྨ་ལའོ།། འཐབས་ནི ་གཙོ་གཟུངས་སློབ་མར་བཅས།། ལུས་ངག་སེམས་ལ་དྲི་མེད་ཅིང་།། དེ་ནི་མི་ཕྱེད་མཐུན་པ་ཡིནི།། ངག་གི་སྒྲིབ་པ་དེ་བྱང་ནས།། ངག་ནི་ཤིན་ཏུ་སྦྱངས་པ་སྟེ།། སངས་རྒྱས་ས་ནི་དང་པོ་ནོན།། དེ་ཡི་མན་ངག་གསང་བའོ།། ཨདགོངས་པའི ་དྲོན་དང་ངེས་དོན་དང་།། ཇི་བཞིན་མེད་དང་སྤྲས་པ་ཡི།། དོན་རྣམས་ངེས་པར་བསྟན་པར་བྱ།། སློབ་མ་དཀྲི་བའི་དོན་བསྟན་བྱ།། དེ་ནི་མ་ཧཱ་ཡོ་ག་ཡིན།། ཐབས་དང་ཤེས་རབ་རྟགས་སུ་སྦྱར།། ནང་གི་སྦས་པའི་ངག་བརྡ་དང་།། སྦྱོར་བ་ཡི ་ནི་བརྡ་རྣམས་དང་།། རིམ་གྱིས་མཁའ་འགྲོའི་བརྡ་སྐད་སྟན།། སྦོམ་པོས་ཁྲོ་མོ་མནན་པ་ནི།། ལག་བརྡ་འདྲི་ན་ཤེས་པར་བྱ།། རྫས་ནི་ཟླ་བ་ཉི་མ་དང་།། བཅུ་ཕྱེད་རྫས་ཀྱི་རྣམ་པ་ཡིས།། ལོང་སྤྱོད་བྱ་ཡི་དོར་མི་བྱའོ།། ཇི་སྙེད་སངས་རྒྱས ་ཐམས་ཅད་ཀུན།། གཙོ་བཟུངས་ཞལ་དུ་ཐིམ་པ་ལས།། སྐུ་ཡིས་དབུས་སུ་ཐིམ་པཱ་དང་།། བདེ་བའི་འབྲུ་ཚོགས་གསལ་བློའི་རྒྱུན།། རྡོ་རྗེའི་ལམ་ནས་པདྨོར་འཁྱིལ།། ཤུ་ཀྲ་རཀྟ་འདྲེས་པ་ནི།། ཡབ་ཡུམ་བདེ་བའི་ངང་དུ་གསལ།། ཇི ་ལྟར་ཆུ་ལ་ཆུ་བཞག་ལྟར།། ཐིམས་པས་སེམས་གྱུར་དེ་གོངས་པའི་དོན།། ནུས་པའི་ཚད་ཀྱང་དེ་བཞིན་དུ།། ཇི་སྙེད་ངག་གི་དྲི་མ་འཁྲུ།། བུད་དྷའི་སར་སྒྲིབ་ཤིན་ཏུ་ངག། ཤེས་རབ་ཐབས་ཀྱི་ང་རྒྱལ་བྱེད་།། ཆོས་ཀུན་རོ་གཅིག་ཤེས ་པར་ནུས།། སངས་རྒྱས་ས་ནི་མངོན་དུ་ཐོབ།། ཐབས་ཀྱི་ཕྱག་རྒྱས་ཕུང་པོ་འཇོམས།། ཉོན་མོངས་ཤེས་རབ་མ་ཡིན་ཏེ།། འཆི་བདག་གཉིས་སུ་མེད་པ་ཡིས།། སེམས་འཕྲོས་པས་ནི་ལྷ་ཡི་བདུད།། འཇོམས ་པ་གསང་བའི་ནུས་པའི་ཚང་།། ཐབས་ནི་སྐྱེས་བུ་བྱེང་པའི་འབྲས།། ཤེས་རབ་དྲི་མོད་འབྲས་བུར་བཤད།། རྒྱུ་མཐུན་ཁུ་བའི་ངོ་བོ་ཡིན།། ལྕེས་ལེན་རྣམ་པར་སྨིན་པར་གསུངས།། ཡབ་ཡུམ་མཉེས་པར་མཆོད་བྱ་བ།། དབང་ཐོབ ་པ་ཡི་རྒྱུ་ཡིན་ནོ།། དེ་ནས་གསུམ་པ་བཤད་བྱ་སྟེ།། ཀྱེ་ཥོ་དཔལ་ལྡན་འདུས་སོགས་ལས།། སྔགས་ཀྱི་སྤྱད་པ་སྤྱོད་པའི་ཚེ།། འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས།། སྔགས་དང་དུས་དང་རྒྱལ་བ་ལས།། བསླང་སྟེ་སྦས་པའི ་དོན་བསྟེན་པ།། དེ་ལྟ་བུ་ཡི་གླེང་གཞིའོ།། ལུས་ཀྱི་ངོ་བོ་དགོན་ལྔས།། བྱང་ཆུབ་སེམས་ཀྱི་གནས་བཅས་པ།། བདེ་བའི་སྟན་ཡང་གནས་སུ་བཤད།། དུས་ནི་དབང་གཉིས་རྫོགས་པ་དང་།། བླ་མས་གནང་དང་རིག་མར་ལྡན།། དེ་ཡི་སློབ་དཔོན ་ཕྱི་དང་ནང་།། ཕྱི་ཡི་བླ་མའོ་ནང་ཅིག་མ།། སློབ་མ་དབང་གཉིས་རྫོགས་པ་དང་།། སྦས་པའི་དོན་ལ་ཡིད་མོས་དང་།། ཉེ་བའི་སྙིང་པོ་ཟློས་པར་བྱའོ།། གཉིས་པ་གསུམ་པ་བཞི་པ་ལ།། གླེགས་བམ་ལ་སོགས་བྱ་བ་མིན།། ཚེ་འཕོས་པའང ་དེ་བཞིན་མིན།། སེམས་ཀྱི་དཀྱིར་དཀྱི་ལོར་མཆོག། དེ་ལ་བཟུང་བར་གནང་བ་ཡིན།། རིག་མ་བཟུང་དང་སྟ་གོན་དང་།། སྦྱང་དང་སེམས་བསྐྱེད་བྱོན་བརླབས་དང་།། དབང་བསྐུར་བླ་མས་བྱ་བ་ཡིན།། ལོ་གྲངས་བཅུ་གཉིས་བཅུ་དྲུག་དང་།། ་ཉི་ཤུ་ཉི་ཤུ་ལྔ་ལོན་པ།། ལྷན་ཅིག་སྐྱེས་པའི་བུ་མོ་དང་།། སྲིང་མོ་གྲོགས་མོ་མ་ཡིན་ཏེ།། དེ་སེམས་སྦྱང་བ་མཆོག་ཡིན་ནོ།། ཡང་ན་ལྷ་ཡི་ལུང་བསྟན་པའི།། ཞིང་སྐྱེས་མ་ནི་རུང་བ་ཡིན།། སྔགས་སྐྱེས་བཟླས་དང་སྒོམ་ལྡན་པའི།། རྣལ་འབྱོར ་མ་ནི་སོ་སོ་མིང་།། དཀྱིལ་འཁོར་ལྷོར་བཅས་སྔོན་དང་འདྲ།། སྦས་པའི་དཀྱིལ་འཁོར་བཞི་པོ་ལོ།། རྩ་ཡི་འདབ་མ་གནས་ནས་སུ།། པདྨའི་སྣང་འདྲའི་ཡི་གེ་རྣམས།། རྒྱུད་ལས་གསུངས་པོ་བརྟག་པར་བྱ།། གཡས་དང་གཡོན་དང ་དབུ་མ་ཡི།། རྩ་གསུམ་མཚན་ཉིད་ཤེས་བྱ་སྟེ།། དཀྱིལ་འཁོར་སྦྱོར་བ་མཆོག་ཡིན་ནོ།། མེ་ཏོག་བཀྲམ་པའི་མཎྜལ་དུ།། ག་བུར་ལ་སོགས་དྲིས་བྱུགས་ཏེ།། ཆོས་གོས་རྒྱན་ཆས་ལྡན་པར་བྱ།། དེ་ལོ་ཚོགས་ཀྱི་སྟོན་མོ་དབུལ།། ་ཆང་ཡང་དྲང་བ་བྱས་ནས་ནི།། རང་ཡང་མོས་པའི་ལྷ་རུ་བསྒོམ།། འཁོར་ལོ་བཞི་ཡང་དེ་དང་འདྲ།། རྡོ་རྗེ་པདྨོ་རྣམ་གཉིས་ཀྱང་།། རྒྱུད་ལས་བྱུང་བ་ཅི་བཞིན་དུ།། བླ་མས་བྱིན་བརླབས་ཚུལ་བཞིན་བྱ།། འཇུག་པའི་ཚུལ་ནི་དབེན་པ་རུ་ཀ། ་ཡོལ་བྱས་བར་དུ་བཅད་ནས་ནི།། འཇུག་པར་གསོལ་བ་གདུབ་པར་བྱ།། ངོ་ཡང་བཀབ་ནས་དྲང་བར་བྱ།། བརྟུལ་ཞུགས་སྡོམ་པ་བྱིན་པ་དང་།། ཡེ་ཤེས་དབབ་པ་དེ་བྱས་ཏེ།། བུད་མེད་རྣམས་ནི་ཀུན་ལ་ཡང་།། རབ་ཏུ་དགའ་བའི་སེམས ་བསྐྱེད་དེ།། བསྐོར་བ་ལན་གསུམ་བྱས་ནས་ནི།། ཡིད་ཀྱི་མེ་ཏོག་གཏོར་ནས་ཀྱང་།། མོས་པས་ཕྱག་ཀྱང་བརྩལ་བར་བྱ།། ཤེས་རབ་སྤྱན་དང་སངས་རྒྱས་སྤྱན།། ཕྱེ་སྟེ་མཚན་དང་དཔེ་བྱད་ནི།། མར་མེའི་འོད་ལ་བསྟན་པར་བྱ།། ལུས ་ཀྱི་དཀྱིལ་འཁོར་དང་པོར་བསྟན།། དེ་ནས་སེམས་ཀྱི་དཀྱིལ་འཁོར་ནི།། འཁོར་ལོ་རྣམ་བཞི་ལེགས་པར་བསྟན།། དཀྱིལ་འཁོར་མཐོང་བའི་འོག་ཏུ་ནི།། དབྱུང་གི་རིམ་པ་བརྩམ་པར་བྱ།། ཆགས་པའི་གླུ་དང་དགའ ་བའི་གར།། རོལ་པའི་བརྡ་རྣམས་མཚོན་པར་བྱ།། ཆགས་པའི་མཚན་ཉིད་ཕྲེང་བའི་དབང་།། ཆུ་འབྱུང་མཚན་ཁྲུས་ཆུ་ཡི་དབང་།། བག་ཙུམ་སྐྲ་བཟུང་དབུ་རྒྱན་དབང་།། པདྨར་རྡོར་བཅུག་རྡོ་རྗེའི་དབང་།། ངོ་གཉིས་བསྐྱོད་པ་དྲིལ་བུའི ་དབང་།། དམ་ཚིག་ཧ་སྐད་མིང་གི་དབང་།། དེ་དོག་བསྟན་པ་སར་འབྱུང་བ།། བལྟས་པས་དགའ་བོ་རྡོ་རྗེ་ཡི།། བརྟུལ་ཞུགས་དབང་དུ་དེ་བརྗོད་དོ།། བགང་པ་དྲིལ་བུའི་བརྟུལ་ཞུགས་སོ།། འཁྱུད་པ་དམ་ཚིག་ཕྱག་རྒྱ་ཡིན།། ཁྭ་ཕྱུད་པ་ནི ་དབུགས་ཕྱུང་བ།། ཀུ་ཚ་གཉ་མ་ལུང་བསྟན་ཡིན།། པདྨར་བཙུམ་བྱས་ཕྱིར་མི་ལྡོག། དེ་ཡང་གསུམ་པ་ལ་ཡང་གསུམ། ཕྱི་དང་ནང་དང་སྦས་པའོ།། ཤེས་རབ་ཡེ་ཤེས་དབང་ཞེས་བྱ།། རིག་མ་གཏང་བའོ་རིམ་པ་ནི།། ཕྱི་རོལ་ཤེས ་རབ་ཡེ་ཤེས་ཡིན།། ཤེས་རབ་ལ་བསྟེན་བདེ་བ་ཡཱི།། ཡེ་ཤེས་སྐྱེ་ཕྱིར་དེ་སྐད་དོ།། ཤེས་རབ་རང་སེམས་ཡེ་ཤེས་ལས།། བདེ་བ་འགྲོག་པ་བདེ་ཆེན་པོ་འམ།། ཤེས་རབ་འཁོར་ལོའི་རྩ་ལྡམ་དུ།། བདེ་བའི་ཡེ་ཤེས་འབབ་པས་ན།། ་བདེ་བ་མྱོང་བ་ནང་གི་བཤད།། དམིགས་སུ་མེད་པའི་ཤེས་རབ་ལོས།། སྐད་ཅིག་ཡེ་ཤེས་བྱུང་ནས་ནི།། སེམས་དང་ལུས་ཀྱི་བདེ་ཐོབ་པ།། སྦས་པ་ཤེས་རབ་ཡེ་ཤེས་སོ།། འདི་ལ་ཡང་ནི་དབང་བཞི་ཚང་།། ལྷ་སྦྱིན་བརྡ་ཕྲང་ལ་སོགས ་བ།། བུམ་པའི་དབང་དུ་འདོད་པ་ཡིན།། བད་དང་རྡོ་རྗེ་ཕྲད་སོགས་པ།། གསུམ་པ་གསང་བའི་དབང་ཡིན་ནོ།། ཞུ་སྟེ་བདེ་བ་བབས་པ་ནི།། གསུམ་པ་ཡི་ནི་གསུམ་པ་ཡི།། དགའ་བྱད་བདེ་བྱེད་བཞི་པར་འདོད།། དེ་ནི་གསུམ་པའི་རྣམ་གྲངས་ཡིན།། ་བསྐུར་བའི་གནས་ནི་སྙིང་ལ་སྟེ།། སེམས་ཀྱིས་ལེན་པར་བྱེད་པས་སོ།། བུད་མེད་སྒྱུ་མ་ལ་བརྟེན་ཏེ།། བདེ་དེ་དང་པོ་སེམས་ཀྱིས་མྱོང་།། དེ་འོག་ལུས་ཀྱིས་མྱོང་བ་ཡིན།། སྐལ་པ་མེད་པའི་སེམས་ཅན་ལ།། རྩ་འགོགས་པས་ན་ཚྭ་ཤེས་མྱོང་། ་དེས་མཚོན་བདེ་བ་རྙེད་པ་དང་།། ཐུན་དང་ཞག་དང་ལོ་ཡི་བོར།། ཇི་སྲིད་བསྐལ་པའི་བར་དུ་ནི།། སངས་རྒྱས་བདེ་ཆེན་ཐོབ་པར་འགྱུར།། བདེ་གཤེགས་ཡོན་ཏན་བསམ་ཡས་ཐོབ།། ཐབས་ཀྱི་དམ་པ་ཆོ་ག་ཡིན་ནོ།། 1སེམས་ཀྱི་སྒྲིབ་པ ་ཀུན་བྱང་སྟེ།། ཐམས་ཅད་ཀུན་མཁྱེན་ཡེ་ཤེས་ལྡན།། 2སངས་རྒྱས་ས་གཉིས་ནོན་པ་སྟེ།། རྡོ་རྗེ་འཛིན་པའི་སཱ་ཞེས་ཟེར།། དེ་དང་འབྲེལ་པའི་མན་ངག་ནི།། སེམས་ཀྱི་རང་བཞིན་འོད་གསལ་བ།། སེམས་ཀྱི་རིག་པས་བརྟན་གྱུར་ན།། ་བཟུང་འཛིན་གཉིས་ཀྱི་ལམ་འགོག་པས།། ལས་ཀྱི་མདུང་པ་གྲོལ་བར་འགྱུར།། བྱང་ཆུབ་སེམས་ཀྱི་འོད་ཟེར་གྱིས།། བསོད་ནམས་རླུང་ལས་བསྐྱོད་པ་ན།། ཡེ་ཤེས་ཆེན་པོ་འབར་བྱས་ཏེ།། བདེ་ཆེན་གནས་ནས་ཞུ་ནས་སུ།། འཁོར ་ལོ་བཞི་ལ་འབབ་པ་ན།། དགའ་བ་རྣམ་བཞི་རིམ་པར་སྐྱེད།། ཏིལ་གྱི་འབྲུ་བཞིན་བདེས་པ་གང་བ།། བདེ་བ་ཆེན་པོའི་སྐུ་ཞེས་བྱ།། དེ་ཡི་ལས་ཀུན་བྱེད་པ་ནི།། རྩ་བ་ལྔ་དང་ཡན་ལག་ལྔའི།། རླུང་བཅུའི་རྩོལ་བས་བྱེད་པ་ཡིན།། དེ་ལྟའི ་ཚུལ་དུ་བསྟན་པ་ནི།། སྟེང་གི་སྒོ་ལ་བརྟེན་པ་ཡི།། མན་ངག་རིམ་པ་དེ་ལ་བསྟན།། ཡང་ན་དེ་ལ་བརྟེན་པ་ནི།། དང་པོར་རླུང་གི་དེ་ཉིད་བསླབ།། དེ་ནས་རླུང་དང་འདྲེས་པ་ཡི།། སྔགས་ཀྱི་དེ་ཉིད་བསླབ་པར་བྱ།། རླུང་དང་སྔགས ་ནི་རབ་སྦྱོར་བས།། དབུགས་ཀྱི་འབྱུང་འཇུག་མཚན་ཉིད་ཅན།། རྡོ་རྗེའི་བཟླས་པ་བསླབས་པར་བྱ།། དེ་ཡི་སེམས་ཀྱིས་དམིགས་པ་དང་།། སྒྱུ་མ་ལྟ་བུའི་ཏིང་འཛིན་ནས།། འོད་གསལ་བ་ཡི་གནས་ཐོབ་ནས།། གཉིས་མེད་ཡེ་ཤེས་ཐོབ་འགྱུར། ་བའི།། སྟོང་གི་མན་ངག་བསླབ་པར་བྱ།། འོག་གི་སྒོ་ལ་བརྟེན་པ་ནི།། རྡོ་རྗེ་པདྨར་སྦྱོར་བ་ལས།། བཱ་སྐྱོད་པའི་རླུང་གིས་དྲོང་བསྐུལ་བས།། སྲ་མ་ཀ་ནི་བདེ་བསྐྱོད་དེ།། ཤུ་ཀྲ་སུ་ཀའི་རང་བཞིན་ཅན།། འཁོར་ལོ་བཞི་ལ་བརྒྱུད་ནས་ཀྱང་།། བད ་བསྐྱོད་གནས་སུ་སྦྲུལ་འཁྱུད་དེ།། གསང་བའི་པདྨོར་མ་སྤྲོས་པར།། ཏིལ་འབྲུ་ལྟ་བུར་གང་བ་ནི།། བདེ་བ་ཇི་སྲིད་བསྐལ་པའི་བར།། རབ་ཏུ་དགའ་བའི་བདེ་བས་མྱོང་།། ཡེ་ཤེས་ཆེན་པོས་གནས་པའི་ཚེ།། སངས་རྒྱས་སེམས་ཅན་ཐམས ་ཅད་དང་།། མཚན་མར་བཏགས་པ་ཐམས་ཅད་ཀུན།། བདེ་ཆེན་ཉིད་ལས་གཞན་མ་ཡིན།། བདེ་ཆེན་ཉིད་ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱིས་མ་བརྙེས་སོ།། རང་སེམས་ལས་སུ་རུང་བའི་རྟགས།། ཕྱི་ཡི་ཡུལ་ལ་སྣང་བ་ནི།། ་དང་པོར་སྨིག་རྒྱུ་ལྟ་བུ་དང་།། གཉིས་པ་དུ་བ་ལྟ་བུ་དང་།། གསུམ་པ་གློག་གི་རྣམ་པ་དང་།། བཞི་པ་མར་མེ་ལྟ་བུ་དང་།། ལྔ་པ་ན་མཁའ་འདྲ་བའོ།། རླུང་དང་རྩ་དང་འཁོར་ལོ་དང་།། སྐད་ཅིག་དགའ་བཞིའི་རྣམ་པ་ཀུན།། ངག་བརྡ་ཇི་ལྟར ་གྲགས་པས་བརྗོད།། སྦོམ་པོ་ཕྲ་མོ་མཉམ་སྦྱར་བ།། དབང་གསུམ་ཐོབ་པའི་ལག་བརྡ་ཡིན།། གསུམ་པ་ཡི་ནི་རྫས་ངག་ནི།། རང་དང་རིག་ཏུ་བཅས་པ་ཡི།། དྲི་ཆེན་ཆུ་དང་རཀྟ་དང་།། ག་པུར་མང་སའི་ཤེལ་སོགས་རྫས།། འཇིགས ་བ་མེད་པར་བཟའ་བར་བྱ།། བུད་མེད་རྣམས་ནི་སྤྱད་པར་བྱ།། དེ་ཡི་གཟུགས་ལྟ་སྒྲ་ནི་མཉན།། དྲི་དག་ཀྱང་ནི་བསྣམ་པར་བྱ།། གསང་བའི་པདྨར་ཙུམ་པ་བྱ།། གླང་པོའི་ལག་པས་གཡན་པ་བླང་།། དུང་གི་ཕུར་པས་གདབ་པ་དང་།། འདར ་འདའ་ཡ་བཅུ་བཟུང་བར་བྱ།། མདོར་ན་རིག་ལ་སྣང་བའི་རྫསཽ།། 9དེ་ཀུན་དགོངས་པ་བསྟན་པ་ཡང་།། སྤྲུལ་པ་ཆོས་དང་ལོངས་སྤྱོད་དང་།། བདེ་བ་ཆེན་པོའི་འཁོར་ལོ་བཞི།། མགྲིན་དང་གསང་བའི་འཁོར་ལོ་གཉིས།། སྦས་པ་ཡིན་ཏེ་རྣམ ་པ་དྲུག། ལྟེ་བ་སྙིང་ཀ་རྐན་དང་ནི།། སྤྱི་བོ་དག་ལ་རིམ་པ་སྟེ།། སྦས་པ་མགྲིན་པ་གསང་བར་གནས།། དྲུག་ཅུ་རྩ་བཞི་བརྒྱད་དང་ནི།། བཅུ་དྲུག་གསུམ་ཅུ་རྩ་གཉིས་ནི།། རྩ་ཡི་གྲངས་ཏེ་འདབ་མ་ཡིན།། ཀ་ནས་བརྩམས་ནས་ས་ཡི ་པབཱར།། གཡས་དང་གཡོན་དུ་མཉམ་སྦྱར་བ།། དྲུག་ཅུ་རྩ་བཞི་སྤྲུལ་པའོ།། ཀ་སོགས་དང་པོ་ཆོས་སྐུ་བརྒྱད།། ལོངས་སྤྱོད་ཨ་ལི་བཅུ་དྲུག་ཡིན།། བདེ་ཆེན་ཨ་ལི་མཉམ་སྦྱར་གཉིས།། ཨ་དང་ཧཱུཾ་དང་ཨོཾ་དང་ཧཾ།། སྤྲུལ་ཆོས་ལོང་སྤྱོད ་བདེ་ཆེན་དབུས།། འཁོར་ལོ་ཆགས་པ་དམར་པོ་སྟེ།། ཡིག་འབྲུ་དཀར་པོ་སེམས་རང་བཞིན།། སྦྲུལ་དང་ལོང་སྤྱོད་ཤེས་རབ་ལ།། ཆོས་དང་བདེ་ཆེན་ཐབས་སུ་བཤད།། ཀཱ་ལི་ཐབས་ལ་ཨཱ་ལི་ནི།། ཤེས་རབ་དེ་ཕྱིར་འཁོར་ལོ་བཞི།། ཤེས ་རབ་ཐབས་ཀྱི་སྦྱོར་བ་དང་།། ཐབས་ལ་ཐབས་ཀྱི་སྦྱོར་བ་དང་།། ཤེས་རབ་ཤེས་རབ་སྦྱོར་བ་དང་།། ཐབས་ལ་ཤེས་རབ་སྦྱོར་བ་སྟེ།། རྣམ་པ་བཞི་ནི་གསུངས་པ་ཡིན།། ཐབས་དང་ཤེས་རབ་གཉིས་མེད་པ།། ་སྦས་པའི་འཁོར་ལོ་རྣམ་པ་གཉིས།། མགྲོན་འོག་དཀྱིལ་འཁོར་ལྷ་གྲངས་བཞིན།། ཙིཏྟ་ཏི་ལ་ཀ་དེ་བཞིན།། པདྨ་དྲུག་ལ་དེ་ལྟར་གནས།། ལྷ་རེའི་བྱང་ཆུབ་སེམས་སུ་བཤད།། གསང་བ་བདེ་སྐྱོང་སྦུབས་སུ་ནི།། སངས་རྒྱས་རིན ་ཆེན་གབུ་རྩེ་ལ།། དབུས་སུ་མི་ཤིགས་ཡི་གཱ་ཧཱ།། རེའུ་མིག་ལྔ་བཅུའི་ཡི་གེ་ནི།། ཀཱ་ལཱི་རྣམས་ལ་ཨཱ་ལིས་བསྐོར།། འབྱུང་བཞིའི་ཡི་གེ་གྲཱ་ནཱ་གནས།། བདེ་བསྐྱེད་པ་ཡི་ཡི་གེར་བཤད།། རླུང་དཀྱིལ་གཞུ་འདྲ་གསང་བ་རགནས།། ་དེ་སྣང་མེ་ནི་གྲུ་གསུམ་པ།། རླུང་གིས་མེ་བསྐྱེད་ལྟེ་དབུས་ལངས།། སྤྲུལ་པའི་ཡི་གེ་སྲེགས་ནས་སུ།། ཆོས་ཀྱི་ཡི་གེ་ཡང་བསྲེགས་ནས།། ལོངས་སྤྱོད་ལན་གསུམ་བསྐོར་བྱས་ཏེ།། གླིང་བུ་སྦྱིན་ཕྲག་གཡས་ཕྱུང་ནས།། བདེ་ཆེན ་འཁོར་ལོར་ཕྱིན་ནས་བཞུ།། བདུད་རྩི་འགྲོགས་ཏེ་སྔར་ལམ་དུ།། ལོང་སྤྱོད་ཆོས་དང་སྤྲུལ་པ་ཡི།། འོག་རྣམས་ལ་བརྟན་ཡིག་རྣམས་གླསོས།། སྤུ་ཡི་ཉོག་མ་ཁྲི་ཡི་ཆ།། ལྟེ་བའི་དབུས་ནས་འགྲོ་དང་འོང་།། མགྲི་ན་པའི་འཁོར་ལོར ་སོང་ནས་སུ།། ལྷ་རྣམས་ཀུན་གྱི་སེམས་བཞུ་ནས།། བདེ་སྐྱོད་གནས་སུ་ཕྱིན་པ་དང་།། ཨཱ་ལི་ཀཱ་ལི་ལ་ཐིམ་སྟེ།། ཀཱ་ལི་འབྱུང་བིའི་ཡི་གེ་ལ།། འབྱུང་བ་ལྷ་ལ་ཐིམ་པ་དང་།། མ་སྤོས་བར་དུ་བདེ་ཆེན་སྐུ།། པདྨར་སྤྲོས་ནས ་ལོ་སྤྱོད་སྐུ།། ཕྱོགས་བཅུར་སྤྲོས་པས་སྤྲུལ་སྐུ་ཡིན།། སླར་འདུས་ཆོས་ཀྱི་སྐུ་རུ་གསལ།། དེ་ནི་གསུམ་པའི་དགོངས་པའི་དོན།། ནུས་པའི་ཚད་ཀྱང་དེ་བཞིན་ཏེ།། དེས་ནི་སེམས་ཀྱི་དྲི་མ་འཁྲུ།། རྡོ་རྗེ་འཛིན་པའི་སྒྲིབ་པ་དག། ཕྱག་རྒྱ ་བསྟེན་པའི་ལས་དང་ནི།། བོ་སྐྱིད་ཐོབ་པར་ནུས་པ་ཡིན།། 8་འབྲས་བུ་རྡོ་རྗེ་འཛིན་པ་སྟེ།། རང་གི་རེག་པས་རིག་པ་འཛིན།། བདེ་ཆེན་ཉོན་མོངས་བདུད་བཅོམ་སྟེ།། ལོངས་སྤྱོད་གནས་སུ་ཕུང་པོའི་བདུད།། དྷརྨ་ཙཀྲར་ལྷ་བདུད་བཅོམ ་སྤྲུལ་པར་འཆི་བདག་བདུད་བཅོམ་སྟེ།། དགའ་བཞིས་བདུད་བཞི་རྣམ་པར་འཇོམས།། དམ་ཚིག་འཁོར་ལོར་ཕུང་པོ་འཇོམས།། པདྨར་རྡོར་བཅུག་ཉོན་མོངས་འཇོམས།། རྡོ་རྗེ་པད་བསྐྱོད་ལྷ་བདུད་འཇོམས།། བདེ་བ་འབབས་པས་འཆི ་བདག་འཇོམས།། པདྨ་ཆེན་རྣམ་སྨིན་འབྲས་བུ་སྟེ།། ལོངས་སྤྱོད་རྒྱུ་མཐུན་འབྲས་བུར་བཤད།། དྲི་མང་འབྲས་བུ་ཆོས་སུ་སྟེ།། སྐྱེས་བུ་བྱེད་པ་སྤྲུལ་པའོ།། ཡང་སྤྲུལ་རྒྱུ་མཐུན་འབྲས་བུ་སྟེ།། ཆོས་ཀྱི་འཁོར་ལོ་རྣམ་པར་སྨིན།། ལོངས ་སྤྱོད་སྐྱེས་བུ་བྱེད་པ་ཡིན།། བདེ་ཆེན་འཁོར་ལྷོ་དྲི་མེད་པའོ།། ཡང་དམ་ཚིག་འཁོར་ལོ་རྒྱུ་མཐུན་པ།། རྡོ་རྗེ་པདྨ་སྦྱོར་སྐྱེས་བུ་བྱད།། བདེ་བ་བབས་པས་རྣམ་སྨིན་ཡིན།། ཆགས་དང་བྲལ་བ་དྲི་མ་མེད།། འབྲས་བུ་རྣམ་པ་བཞི་རུ ་གསུངས།། བླ་མ་རིག་མ་མཉེས་མ་ནི།། དེ་ནི་དབང་ཐོབ་རྒྱུར་བཤད་དོ།། ཡང་། འབྲས་བུ་དགའ་བ་བཞི་བསྐྱེང་བྱེད།། ལྷ་སྦྱིན་བརྡ་ཕྲད་བུམ་པའི་དབང་།། དེ་ཡི་འབྲས་བུ་དགའ་བ་བསྐྱེད།། བག་ཙུམ་སྐྲ་བཟུང་དབུ་རྒྱན ་དཔུང་།། དེ་ཡི་འབྲས་བུ་རབ་དགའ་སྐྱེད།། པདྨར་རྡོར་བཅུག་རྡོ་རྗེའི་དབང་།། དེ་ཡི་འབྲས་བུ་མཆོག་དགའ་བསྐྱེད།། རྡོ་རྗེ་པད་བསྐྱོད་དྲིལ་བུའི་དབང་།། དེ་འབྲས་ལྷན་ཅིག་དགའ་བ་སྐྱེད།། དམ་ཚིག་ཧ་སྐད་མིང་གི ་དབང་།། བདེ་བ་ཆེན་པོ་སྐྱེད་པར་བྱེད།། ངོ་བོ་འབྲས་བུ་དབྱེར་མེད་དོ།། ཤེས་རབ་ལ་ནི་བརྟེན་ནས་སུ།། གཉིས་མེད་ཡེ་ཤེས་བསྐྱེད་པས་ན།། ཤེས་རབ་ཡེ་ཤེས་དབང་ཞེས་གྲགས།། རིམ་པ་ཐ་མ་བཤད་བྱ་སྟེ།། ཀྱེ་འོ་དཔལ་ལྡན་འདུས ་སོགས་པར།། འཁོར་གྱི་བྱང་ཆུབ་སེམས་དཔའ་ཡིསོ།། གསང་བའི་ཡི་གེ་མཐོང་བ་ཡི།། སྐལ་པ་བདག་ཅིག་མེད་ཅེས་དུས།། སྟོན་པས་ཡི་གེ་རྣམ་དག་ཅེས།། ཡི་གེ་ལས་དབེན་མཚན་ཉིད་གུ་སྤངས།། བཞི་པའི་གླེང་བཞིར་ཤེས་པར་བྱ།། ་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནི།། བདེ་བར་གཤེགས་པའི་ཐུགས་ལ་གནས།། ཆོས་ཀུན་སེམས་ལ་གནས་བཅས་ཏེ།། སེམས་ནི་ཡེ་ནས་རྣམ་པར་དག། དེ་ཕྱིར་ཆོས་ཀུན་རྣམ་པར་དག། དེ་ནི་གནས་ཀྱི་བླ་མར་གསུངས།། རདུས ་གསུམ་གཅིག་སྐྱེ་ཁྱད་མེད་ཅིང་།། གང་དུ་དུས་གསུམ་དབྱེར་མེད་པ།། དེ་ནི་བླང་དོར་མེད་པའི་དུས།། མཆོག་ནི་བླ་མར་དེ་རང་གསུངས།། སློབ་དཔོན་མ་མཐོང་སེམས་ཉིད་མཐོང་།། རང་སེམས་བླ་མར་སྣང་བའི་ཕྱིར།། ཀུན་གྱི་སློབ་དཔོན ་བསྐལ་པ་བཟང་།། གཉིས་མེད་སློབ་དཔོན་དམ་པའོ།། འགྲོ་ཀུན་དབྱིངས་ལས་སྐྱེས་པས་ན།། རྡོ་རྗེ་སེམས་དཔའི་སྤུན་ཡིན་ཏེ།། བསམ་གྱིས་མི་ཁྱབ་ཡུལ་སློབ་པ།། རྒྱལ་བའི་སྲས་ཀྱི་དམ་པར་བཤད།། སངས་རྒྱས་ཀུན་གྱི་བྱང་ཆུབ་སེམས།། བླ་ན་མེད ་བར་ཐུགས་ཆུང་བ།། གཉིས་སུ་མེད་པའི་ཡེ་ཤེས་གང་།། དེ་ནི་དཀྱིལ་འཁོར་སྙིང་པོར་གསུངས།། འདི་ཡི་གཞུང་ཐོས་མིག་ཕྱེ་བ།། དཀྱིལ་འཁོར་མཐོང་བ་དོན་རྟོགས་ཡིན།། རྟོགས་ནས་གོམས་བྱེད་འཇུག་པ་སྟེ།། མངོན་དུ་གྱུར་པ་དངོས ་གྲུབ་ཡིན།། གཉིས་མང་ཡེ་ཤེས་དབང་འགྱུར་བས།། མྱ་ངན་འདས་དང་འཁོར་བ་ལ།། ཇི་ལྟར་འདོད་པར་དབང་བསྒྱུར་བས།། རིག་པ་རང་དབང་མཆོག་ཏུ་བཤད།། འདི་དབང་ཐོབ་པའི་རྣལ་འབྱོར་ནི།། བསྒྱུར་བའི་དབང་ལ་ཐོགས་པ་མེད།། ཇི ་སྙེད་ཐེག་པ་རབ་འབྱམས་གྱིས།། དབང་བསྐུར་རྣམ་གྲངས་ཇི་སྙེད་ཀུན།། གསང་བའི་དབང་དུ་གསུངས་པ་སྟེ།། ཡང་དག་པ་ཡི་གྲངས་ལས་འདས།། མཉམ་པ་ཡེ་ཤེས་ཆེན་པོ་ཉིད།། གཅིག་དང་དུ་མེ་ལས་གྲོལ་ཕྱིར།། གནས་དང་གནས ་མིན་དམིགས་དབྱེ་མེད།། སྒོ་གསུམ་དབྱེ་བ་རྡུལ་ཙམ་མེད།། གཉིས་མེད་ཡེ་ཤེས་ཆེན་པོ་ལས།། སྒྱུ་འཕྲུལ་དྲ་བ་མི་འགོག་ཕྱིར།། ཐབས་དང་ཐབས་བྱུང་ཐབས་བསམ་ཡས།། ཐབས་ཀྱི་ནང་ན་མཆོག་ཏུ་གསུངས།། རང་རིག་ཡེ་ཤེས་རྒྱལ ་བ་ཉིད།། ཁམས་གསུམ་འཁོར་བ་ཉིད་ཡིན་ཕྱིར།། འདི་ལ་སྒྲིབ་དང་མི་སྒྲིབ་ཅེས།། མཉམ་པའི་རྒྱལ་པོས་ཡོངས་མ་གསུངས།། སྒྲིབ་པ་ཉིད་ནི་བྱང་ཆུབ་ལ།། འཁོར་བ་ཉིད་ནི་མྱ་ངན་འདས།། དབྱེ་བ་མེད་པའི་ས་མཆོག་གིས།། ས་ཡི་ཁྱད ་བར་ཟིལ་གྱི་གནོན།། ཐམས་ཅད་ས་ཉིད་ཡེ་ཤེས་དང་།། བརྗོད་པའི་ཐ་སྙད་ཡུལ་ལས་འདས།། རང་བཞིན་གྱིས་ནི་འོད་གསལ་ཞིང་།། རྫོགས་པ་ཆེན་པོའི་མཐར་ཐུག་པ།། མན་ངག་ཀུན་གྱི་མཆོག་གི་མཆོག། དེ་བསྒྲུབ་ཐབས་སུ ་གསུངས་པར་ཟད་།། དཔེར་ན་གླང་པོ་རྙེད་གྱུར་ན།། གླང་པོའི་རྗེས་ནི་མཱི་བཙལྔ་ལྟུར།། རང་རིག་ཡེ་ཤེས་མངོན་སུམཱ་ན།། མཚན་མའི་རྟགས་ནི་འཁྲུལ་པའི་གཞི།། ཡང་དགྲ་དོན་ནི་བརྡ་ལས་འདས།། མཚོན་བར་བྱ་བའི ་ཡུལ་མིན་ཡང་།། མཛུབ་མོས་ཟླ་བ་བསྟན་པ་ལྟར།། བརྡ་ཡི་སྒོ་ནས་འཇུག་པ་ཡིན།། སྣང་དང་སྲིད་པ་ཇི་སྙེད་པ།། སྐུ་གསུང་ཐུགས་ཀྱི་རྫས་ཡིན་པས།། ལྷག་པར་སྤང་བར་བླང་དང་བྲལ།། ཡེ་ཤེས་རྗེས་ཀུན་ལས་གྲོལ་བཤད།། རང་གི་དོན་ལ ་མངོན་སུམ་ན།། རང་རིག་ཁོ་ན་ཙམ་དུ་ཟང་།། རང་རིག་དེ་ཡང་འདི་སྙམ་ཞེས།། བརྗོད་པའི་ཐ་སྙད་རྣམས་དང་བྲལ།། འདི་ནི་དགོངས་པའི་མཆོག་ཏུ་གསུངས།། རིག་པ་རང་དབང་གྱུར་པ་ནི།། སྲིད་པ་གསུམ་ན་འགྲན་ཟླ་མེད།། འོག་མ་རྣམས ་ཀྱི་གཉེན་པོར་ཆེ།། ནུས་པ་མང་པོའི་བྱེ་བྲག་ལྡན།། རྒྱུ་དང་འབྲས་བུ་དབྱེར་མེད་པས།། རྒྱུ་འབྲས་ཐ་སྙད་ཡོངས་ཀྱིས་བྲལ།། རྒྱུ་ཡི་ནང་ནའང་མཆོག་ཡིན་ཏོ།། འབྲས་བུའི་ནང་ནའང་དེ་མཆོག་གོ།། དབང་གསུམ་བྱེ་བྲག་ལས་གྲོལ་ཕྱིར།། བཞི་པའི ་དབང་ཞེས་གྲགས་པ་སྟེ།། རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་གསང་།། ཐམས་ཅད་མཁྱེན་པར་འདྲི་བརྗོད་དོ།། འོན་ཀྱང་ཀུན་མཁྱེན་མ་ཐོབ་པར།། དེ་ཉིད་ཉེ་བར་མངོན་མི་འགྱུར།། འོན་ཀྱང་འདི་ཡི་དབྱེ་བ་ཡིས།། དེ་ཉིད་ཐོབ་བྱར་གནས་སུ་འགྱུར།། ་དེ་བས་རིམ་པ་མཆོག་ཡིན་པས།། སྒྲུབ་པ་རྣམས་ཀྱིས་ནན་ཏན་བྱའོ།། སློབ་དཔོན་རྣམས་ནི་མ་མཉེས་ཤིང་།། དབང་རྣམས་རིམ་གྱིས་མ་བགྲོད་པར།། སྔགས་སྤྱོད་སྒྲུབ་པ་རྩོམ་བྱེད་ན།། དེ་འབྲས་མེད་ཅིང་ངན་སོང་ལྟུང་།། དབང་རྣམས ་བགྲོད་པ་མ་བྱས་པར།། ཐུགས་ཐུབ་ར་ཆོད་སེམས་ཀྱིས་ནི།། གང་དག་མན་ངག་རིམ་བསྟན་ན།། འཕུང་བྱེད་གཉིས་ཀ་དམྱལ་བར་ལྟུང་།། དེ་ཡི་སྔགས་ཀྱི་དམ་ཚིག་ཅེས།། སྨྲ་བྱེད་ལྕེ་ལ་ཞིང་རྨོ་ཞིང་།། མནར་མེད་གནས་སུ་ཉེ་བར ་འཁོར།། དབང་མ་བགྲོད་པའི་གང་ཟག་དག། གལ་ཏེ་འདྲི་བས་དགེ་སློང་ཡང་།། གཏམ་གྱི་རིགས་ཙམ་ཡང་མི་བརྗོད།། དེ་བརྗོད་ཉེས་པའང་བརྗོད་མི་ལང་།། རིམ་པ་རྫོགས་ཤིང་སྣོད་ཅན་ལ།། འདྲི་ཞིང་གླེང་སློང་བྱེད་པ་ན།། དེ་ལ་དེ་དོན ་མ་བསྟན་ན།། དེ་ཡང་ཉེས་པའི་གནས་སུ་འགྱུར།། གང་ཞིག་དབང་གི་རིམ་པ་ནི།། བླ་མ་གཞན་ལས་རྫོགས་བླངས་ལ།། མན་ངག་གི་རིམ་པ་ནི།། བླ་མ་གཞན་ལས་བླང་དུ་རུང་།། དབང་དང་མན་ངག་མ་བགྲོད་པརོ།། གླེགས་བམ་ལ ་བརྟེན་ཤེས་རབ་ཀྱིས།། གང་ཞིག་མན་ངག་རིམ་རྙེད་ན།། དེ་ནི་སྔོན་སྦྱངས་འཕྲོ་བ་ཅན་ནོ།། དེས་ཀྱང་བླ་མ་དག་པ་ལ།། དབང་གི་རིམ་པ་བགྲོད་པར་གཅེས།། རྣམ་སྨིན་ཤེས་རབ་སྦྱངས་པའི་མཐུས།། ལུས་ངག་རྟོག་པ་སྦྱངས་པ་དང་།། ་རིན་ཆེན་འཁོར་ལོའི་མན་ངགྲ་འདི།། དབང་མ་བགྲོང་ལ་བསྟན་གྱུར་ནོ།། བདག་ཀྱང་ཕུང་ལ་གཞན་ཡང་བརླག། དེ་བས་གཞན་དུ་བསྟན་མཱི་བྱ།། བདག་གིས་བརྩམས་པའི་མནོ་ངག་འདི།། རིམ་པ་ཚུལ་བཞིན་བྲིས་པོ་ཡིས།། འགྲོ ་ཀུན་གསང་སྔགས་སྣོད་ལྡན་ཏེ།། ཚེ་འདི་ཉིད་ལ་བྱང་ཆུབ་ཤོག། རིན་ཆེན་འཁོར་ལོའི་དབང་གི་མན་ངག་གི་རིམ་པ། སློབ་དཔོན་ཨིནྡྲ་བྷ་ཏིའི་ཞལ་སྔ་ནས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨ་བྷི་ཥེ ་