| Wylie | e-texts produced with BDRC’s OCR application |
གྱིས་དབང་བསྐུར་རྫོགས་སྷོ།། ། པཎྜི་ཏ་དེ་ཉིད་དང་། གནུབས་ལོ་ཙཱ་བས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། བྷ་ར་ཝ་ཤ་མཱ་ན། བོད་སྐད་དུ། ཕ་རོལ་དབང་དུ་བྱ་བ། འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན ་པ་ལ་ཕྱག་འཆིལ་ལོ།། ཤིན་ཏུ་སྙིང་རྗེས་ནོན་པའི་ཡིང་།། ལུས་ཅན་མྱ་ངན་འདས་པ་ལ།། བསམ་པ་ཐག་པས་འགྲོན་གཉེར་བ།། དེ་ཡིས་ཕ་རོལ་བསྡུ་བ་བཤད།། ན་མེ་ལངས་མུན་པས་སླེབས་པ་དང་།། གཉིས་དུ་ཉེ་དང་སད་པའི་དུས།། དགའ ་དང་གདུང་བ་སྐྱེས་པ་ནས།། དེ་ཡི་ཆོ་ག་སྤྱན་རས་གཟིགས།། བདག་གིས་ལུས་གུང་ལྷ་ཡིན་ཏེ།། ངག་ནི་ཡི་གེ་བཞི་ཉིད་དོ།། རྣམ་པར་རྟོག་དང་མི་རྟོག་སེམས།། སྙིང་རྗེ་ཆེ་དང་སྟོང་པ་ཉིད།། མཱིག་གཉིས་ཉི་ཟླ་འབར་བ་དང་།། ལྕེ་སྟང་ཨ་ཀའི ་ཕྲེང་བས་བརྒྱན།། ལྟེ་བ་མེ་ཐབ་འཁྱིལ་བའི་དབུས།། དཔལ་ལྡན་འདོད་པའི་ལྷ་མོ་ཡི།། མི་གང་དབང་དུ་བྱ་བ་དེའི།། སྨིན་ཕྲག་སྙིང་དང་ལྟེ་བའི་དབུས།། དགའ་དང་དད་དང་གདུང་བ་ཉིད།། ཐིག་ལེ་པདྨོ་ཨ་ཡི་གཟུགས།། བྱམས་པ་ཡི་གེ ་ཡི་རྒྱུན།། བདག་གི་སྤྲུལ་པ་ལས་སྐྱེས་རེག། རབ་ཏུ་མི་བཟོད་སྙིང་རྗེ་ཅན་དགའ་བའི་བལྟ་བས་རྣམ་པར་གནུ།། བཏང་སྙོམས་ཚད་མེད་བློ་གྲོས་ཆེ།། ཡི་གེ་ལྔ་བརྗོད་པདྨོ་འབྱེད།། ཨོཾ་ཨཱཿཧྲཱིཿཛ་ཧཱུཾ། ་འབུམ་ཕྲག་ལྔ་རབ་མ་ཡེངས་དང་།། ལྷག་བསམ་བར་ཆད་སྤོངས་བསྙེན་བསྒྲུབ།། བདེ་གཤེགས་རིང་བསྲེལ་སྐུ་ཁྲུས་སོགས།། བརྩེ་ལྡན་རྣམས་ཀྱིས་སྔགས་ཆུར་བཅས།། མེ་ཏོག་དམར་པོས་གདོང་བཀྲུས་ལ།། ་དཀྱིལ་སྦྲང་རྩི་ལྡན་བསྔགས་བརྗོད།། ཨོཾ་ཨཱཿཧྲཱིཿལོ་གཱ་ནྡྷ་ཐཱ་མཱ་ཧཱ་ཀ་རུ་ཎི་ཀཾ་ཧོ་ས་མྦྷ་ཧེ། ཆེ་གྲི་མོའི་ཙིཏྟ་མ་ཧཱ་ཙ་ལ་ཙི་ལ་པྲ་ཙ་ལ་པྲ་ཙ་ལ་ཛེཿཛཿཛཿབློ་གྲོས་བཟང་པོ་སྙིང་རྗེས་མྱོས་གྱུར་པ།། སྐྱེ་བོ་འདི་དག་ཐབས་གང ་འཕྲིན་ལས་ཀྱིས།། བདེ་བར་རུང་ན་བདག་ཅིར་གྱུར་སླའོ་ཞེས།། ཉིན་མཚན་རྟག་ཏུ་ཡིད་བྱེད་མི་འབྲལ་ན།། རྣལ་འབྱོར་རྒྱལ་པོ་བརྟགས་པ་འདིས།། ཞག་གསུམ་དྲུག་གམ་དགུ་ཉིད་ན།། ལྕགས་ཀྱུས་བཞུས་པའི་ཡལ་ག ་ལྟར།། གདོན་མི་ཟ་བར་དེ་དབང་འགྱུར།། ཕ་རོལ་དབང་དུ་བྱ་བ་གནུབས་ལོ་ཙཱ་བས་བསྒྱུར་བའོ།། །། བཀྲ་ཤིས་བདེ་ལེགས་དང་ལྡན་པར་གྱུར་ཅིག། ་