CLOSE WINDOW

GT1301: dpal rnal 'byor bdun gyi lam rnam par nges pa
Wyliee-texts produced with BDRC’s OCR application

གིས་ཞུས་པའི་དོན་དུ་གསུངས་པ།། ཕྱག་རྒྱ་ཆེན་པོ་ཚིག་ཆོད་ཀྱི་དོ་ཧཱ། གནུབས་ལོ་ཙཱ་བས་བསྒྱུར་བའོ།། ། རྒྱ་གླར་སྐད་དུ། ཤྲཱི་སཔྟ་ཡཽ་ག་མཱ་ར་ག་པི་ནི་ཤྩ་ཡ། བོད་སྐད་དུ། དཔལ་རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ངེས ་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། འཇིག་རྟེན་མགོན་ལ་ཕྱག་འཚུལ་ཏེ།། དེ་ཡི་ཞལ་གྱི་བཀའ་དྲིན་གྱིས།། གདུལ་དཀའི་རང་སེམས་འདུལ་བ་ལ།། སྙིང་པོའི་མིན་ངག་རྣམ་བདུན་ཐོབ།། ཀྱེ་འོ་གཞིན་བཟང་བ ་ལ་ཉོན།། ཐོག་མེད་འཁོར་བའི་འཁོར་ལོ་འདིར།། ཁྱེད་ཅག་གང་གི་འཁོར་གྱུར་པ།། ཨོཾ་མའོ་དེ་ཉིད་དེའི་རྒྱུ།། གདོད་ནས་རྣམ་གྲོལ་རང་གི་སེམས།། གང་ཕྱིར་ཐམས་ཅད་རང་གི་ངང་།། འཆིང་དང་གྲོལ་བར་འགྱུར་བའི་ཕྱིར།། འདི་ན ་འཆིང་བ་གང་ཡང་མེད།། འཆིང་བ་གང་ཡིན་དེ་གྲོལ་བའོ།། གྲོལ་བའི་ལམ་ནི་མཁས་པར་རིག། ཀྱེ་ཀྱེ་ཨེ་མའོ་ཨེ་མའོ།། སྡུག་བསྔལ་རྒྱ་མཚོ་སྒྲོལ་བའི་གྲུ།། རྒྱལ་བའི་བསྟན་པ་རིན་པོ་ཆེ།། འདི་ཡི་ངོ་བོ་བྱང་ཆུབ་སེམས།། དེ་ཡི་ངོ་བོ ་སྟོང་པ་ཉིད།། དེ་དབྱེར་མེད་པ་ལམ་ཡིན་ནོ།། འགྲུབ་པ་ཚད་མེད་རྣམས་ཀྱི་བདུག། བསྐུལ་བ་བསྒྱུར་བ་སྤྲོ་བ་དང་།། དྲན་དང་བྲལ་བ་ལྷུན་གྱིས་གྲུབ།། གཉུག་མ་འོད་གསལ་བྱང་ཆུབ་སེམས།། མི་རྟག་སྡུག་བསྔལ་བདག་མེད་ཀྱི།། སྲིད ་ལ་ཆགས་མེད་བསྐུལ་བར་བྱ།། ཕྱི་ནང་གསང་བའི་རྣམ་ངག་གིས།། སྣང་སེམས་ཡེ་ཤེས་པ་སྒྱུར་བར་བྱ།། རྟེན་འབྲེལ་སྟོང་ཉིད་སྙིང་རྗེ་ཡིས།། འཁོར་འདས་འགྲོ་བའི་དོན་རབ་སྤྲོ།། གང་ཤར་སོར་བཞག་དྲན་པ་ཡིན།། དྲན་པ་རང་གྲོལ ་བྲལ་བ་སྟེ།། བྲལ་བ་རོ་མཉམོ་ལྷུན་གྱིས་གྲུབ།། གང་ཤར་ངོ་བོ་མ་བཅོས་པ།། གཉུག་མའི་དེ་ཉིད་ཡུལ་དབང་གིས།། སྣ་ཚོགས་འགྱུ་བ་སྟོང་པ་ནི།། སེམས་ཉིད་ཟབ་མོའི་འོད་གསལ་ཡིན།། འོད་གསལ་གང་ཡིན་ཏེ་ཡི་རོ།། བརྩེ་ཆེན ་རབ་འབྱམས་བྱང་ཆུབ་སེམས།། དེ་ཡི་འབྲས་བུ་རྫོགས་སངས་རྒྱས།། དཔལ་ལྡན་འཇིག་རྟེན་དབང་ཕྱུག་ཞལ་བླ་མའི་མཐུ་ཡིས་འཛམ་གླིང་གི། མིག་བྱིན་གྲོགས་པོའི་མིང་ཅན་ལ།། ངལཱ་སོའི་མན?་དྲག་རྣམ་པ་བདུན།། དཔལ ་རྣལ་འབྱོར་རྣམ་པ་བདུན་གྱི་ལམ་རྣམ་པར་ངེས་པ།། རྣལ་འབྱོར་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲ་ཨ་ནིནྡའི་ཐུགས་ཀྱི་འཁོར་ལོ་དམ་པ།། བཀྲ་ཤིས་ཀྱི་ཚོང་དུས་ཆེན་པོ་དཔལ་མགུར་མོ་རིན་པོ་ཆེའི་གླིང་དེ། དགེ་བའི་བཤེས ་གཉེན་ཆེན་པོ།། རྒྱུ། འགྲེ། ལན། ལོ།། བྷྱོ་ག་ཤྭེནྡྲ། དྲུག་གི་དོན་དུ་མཛད་པའི་བསྟན་བཅོས།། དེ་ཁོ་ན་ཉིད་རྣལ་དུ་མཚན་པའི་མན་དག་རྫོགས་སོ།། ། ཛྲ་རྫོགས་མདད་པད་རྒྱ་དདུ་ཆུ་ན ་བསྒྱུར་བའོ།། བྷ་གར་སྐད་དུ། ས་མྦྷ་དྷི་ཨ་བྷི་ཥེ་ཀ་བོད་སྐད་དྷཱ། ཏིང་ངེ་འཛིན་གྱི་དབང་བསྐུ་རཱ་ག་དངལ་ལྡན་འཇིག་རྟེན་དབང་ཕྱུག་འཁོར་ལོས་སྒྱུར་བ་ཕྱུག་འཚལ་ལོ།། གང་ཞིག་དཔལ་ལྡན་བདུད་བཞི་དགུ་བཅོམ ་