CLOSE WINDOW

GT1300: rnal 'byor pa rang gi sems mdud pa 'grol ba'i man ngag
Wyliee-texts produced with BDRC’s OCR application

ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སྭ་ཙིཏྟ་ཡོ་གི་གརྦྷཱ་ཀ་ཏོ་བ་དེ་ཤ། བོད་སྐད་དུ། རྣལ་འབྱོར་པ་རང་གི་སེམས་མདུད་པ་འགྲོལ་བའི་མན་ངགྲ། བཅོམ་ལྡན་འདས་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཨེ་མའོ།། གདོན་ནས་མ་སྐྱེས་པ།། འཁོར་དང་འདས་པའི་བྱེད་རྒྱུ་ཅན།། གཞན་མིན་རང་གི་སྙིང་དབུས་གནས།། བླ་མའི་ཞལ་ལས་ཤེས་པར་འགྱུར།། ཀྱེ་འོ་གཞིན་བཟང་ང་ལ་ཉོན།། ། ་གང་གིས་འཆིང་བར་བྱེད་པའི་རྒྱུ།། དེ་ཉིད་གྲོལ་བར་བྱེད་པའི་ལམ།། འདི་ན་འཆི་བ་གོང་ཡང་མེད།། རྨི་ལམ་གྲོང་ཁྱེར་ཡངས་པ་ན།། སྒྱུ་མའི་སྐྱེས་བུ་ལོངས་སྤྱོད་པ།། ལོང་སྤྱོད་དུས་ན་ལོང་སྤྱོད་མེད།། སྣང་སེམས་དེ་ལྟར་ཤེས་པར་བྱ།། སྣ་ཚོགས ་སྣང་བ་རང་གི་སེམས།། དེ་ནི་སྤྲུལ་པའི་ཚོགས་འདུས་བཞིན།། རང་སེམས་དབང་པོའི་གཞུ་འདྲ་བ།། གཉུག་མ་འོད་གསལ་ལྷུན་གྱི་གྲུབ།། གང་ཤར་ཐམས་ཅད་དེ་ཡིན་ཏེ།། དེ་ནི་གང་དུའང་མ་ཤར་པའོ།། དེ་ཕྱིར་གང་སྐྱེས་དེ་མོ་སྐྱེ་སི།། མ ་སྐྱེས་པ་ཉིད་སྐྱེ་བའི་ཚུལ།། མེ་ལོང་གཟུགས་དང་པི་ཝཾ་སླ།། དགེ་སློང་སྤྲུལ་པ་རྫུ་འཕྲུལ་བཞིན།། ཡོད་དང་མེད་དང་སྐྱེ་འགག་དང་།། འགྲོ་འོང་མཚན་ཉིད་རྟོགས་པར་གྱིས།། སྒྱུ་མ་ཡི་ནི་རྟ་གླང་ལྟར།། སྣང་བརྟེན་ཅིང་འབྲེལ་པར་འབྱུང་།། ། ་དཙྪེ་སྟོན་རྗེ་མ་པར་བཞིནཱ་དུ།། འོད་གས་པ་ཆོས་གསུམ་སྦྱར་བྱར་བྱ།། ཨེ་མའོ།། རྣལ་འབྱོར་རྒྱལ་པོ་ཆེ།། ཨེ་མའོམ་བཅིངས་མ་གྲོལ་དུའོ།། ཨེ་མཱ་རོ་མ་སྤངས་ལྡན་གྱིས་གྲུག།། སྱེ་རའོ་ཨེ་མའོ་བདེ་བ་ཆ། ་རྟོག་འགྲོ་ལ་རང་དབང་དུ།། སྙིང་རྗེ་ཆེན་པོའི་དབང་གིས་ནི།། དམིགས་མེད་རྣམ་ཀུནྡོ་ཡོངས་རྫོགས་བྱ།། བསོད་ནམས་ཡེ་ཤེས་ཕུན་ཚོགས་འགྱུར།། རླུང་གི་སེམས་ཀྱི་མདུད་པ་དགྲོསྨཻ་བའི་གདམས་པ་རྫོགས་སོ།། ་བླ་མ་མ་ཏྲི་ཨཱ་ནནྟ་ཞེས་བྱ་བ་སྦས་པའི་སངས་རྒྱས་དེ་ཉིད་བོད་ཡུལ་ཁ་བ་ཅན་གྱི་མཐིལ་བཀྲ་ཤིས་ཀྱི་ཚོང་ངུས་ཆེན་པོ་འགུར་མོ་རིན་པོ་ཆེའི་གླིང་དུ་བྱིན་པའི་ཚེ།། མདོ་སྔགས་ཀྱི་བདག་པོ་ཆེན་པོ།། རྒྱ། འབྲེལ་ལཱཾ། ལོ། དྲོ། གཤེན་དྲུག ་གིས་ཞུས་པའི་དོན་དུ་གསུངས་པ།། ཕྱག་རྒྱ་ཆེན་པོ་ཚིག་ཆོད་ཀྱི་དོ་ཧཱ། གནུབས་ལོ་ཙཱ་བས་བསྒྱུར་བའོ།། ། རྒྱ་གླར་སྐད་དུ། ཤྲཱི་སཔྟ་ཡཽ་ག་མཱ་ར་ག་པི་ནི་ཤྩ་ཡ། བོད་སྐད་དུ། དཔལ་རྣལ་འབྱོར་བདུན་གྱི་ལམ་རྣམ་པར་ངེས ་