| Wylie | e-texts produced with BDRC’s OCR application |
པ་བྱམས་པའི་དཔལ་གྱིས་བལྔ་ཡུལ་གུ་ལང་གསེར་ཁང་དུ་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སིདྡྷི་སདྨ་རྒེ་ནི་རྣ་ལཾ་ཏེ་སད་ན་རྣ་ལ། བོད་སྐད་དུ། གྲུབ་པ་དམ་པའི་ལམ་ངེས་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག ་ལ་ཕྱོག་འཚལ་ལོ།། ཁ་སཪྵ་ཎི་འཇོག་རྟེན་དཔལ།། ཐུགས་རྗེ་ཆེན་པོ་སྟོན་པའི་མཐུས།། གདུལ་དཀའི་རང་སེམས་འདུལ་བ་ལ།། སྙིང་པོ་བླ་མེད་རྣམ་གསུམ་ཐོབ།། ཀྱེ་མའོ་འཛམ་གླིང་སྐྱེ་བོ་ཉིན།། འགྲོ་བའི་གཤེས་གཉེན་འདི ་སྐད་སྨྲ།། གང་ཞིག་འཆིང་བར་བྱེད་པའི་རྒྱུ།། དེ་ཉིད་གྲོལ་བར་བྱེད་པའི་ལམ།། སྡུག་བསྔལ་རྒྱ་མཚོ་སྒྲོལ་བའི་གྲུ།། ཐུབ་པའི་བསྟན་པ་རིན་པོ་ཆེ།། དེ་ཡི་ངོ་བོ་ལམ་དང་ཐབས།། ཤེས་གཉེན་ཀུན་དག་རི་གདམས་པ ་ཡིན།། ཨེ་མའོ།། མི་ལུས་རིན་ཆེན་རྙེད་པར་དཀའ།། རྙེད་དཀའི་དལ་འབྱོར་སྤྲིན་ལྟར་གཡོ།། འཁོར་བ་ཐམས་ཅད་སྡུག་བསྔལ་ཏེ།། རང་སེམས་མྱ་ངན་འདས་པ་ཡིན།། རྒྱ་མཚོར་བྱིང་བས་རྙེད་པའི་གྲུ།། ཆུ་རྒྱུན་དྲག་པོའི་དང་འ་དང་ནི།། དུག ་ཅན་སྦྲུལ་གྱི་ཚད་བཞིན་དང་།། སྟོན་གྱི་ན་མཁའི་གུང་བཞིན་ནོ།། ལོངས་སྤྱོད་ཅི་འདྲ་ཁྱིམ་གྱི་སྒྲ།། བཤེས་པ་ཅི་འདྲ་ཚོང་ཁང་མི།། རང་ལུས་ཅི་འདྲ་སྦྲུལ་གྱི་ལྤགས།། ཚེ་སྲོག་ཅི་འདྲ་རི་གཟར་ཆུ།། ཀྱེ་མིའོ་མི་རྟག་སྲིན་པོ་ཡི།། ཁུར ་ཆུད་མ་གྱུར་དེ་སྲིད་པར།། གྲོགས་དག་སྲིད་པ་རུ་བཟློག་ལ།། སྒྲིམ་པར་གྱིས་ཤིག་བཞིན་བཟང་དག། སྒྱུ་མའི་གྲོང་ཁྱེར་ཡངས་པ་ན།། རྨི་ལམ་སྐྱེས་བུ་ལོངས་སྤྱོད་པ།། སེམས་ཉིད་བརྟེན་ཅིང་འབྲེལ་པར་འབྱུང་།། སྣང་སེམས་དེ་ལྟར ་ཤེས་པར་བྱ།། ལྟོས་ཤིག་ལུས་ནི་ཆུ་ཤིང་འདྲ།། ངག་ནི་བྲག་ཆ་མཁའ་འདྲ་ཡིད།། རྡུལ་ཙམ་དམིགས་པ་ཡོད་མིན་ན།། བུ་དག་གང་ལྔ་སུ་ཞིག་འཆིང་།། ཡུ་བུ་ཐམས་ཅད་དྲ་སྙམ་དང་།། དཱའོ་སྙམ་དང་གཞན་སྙམ་དང་།། གཞན་གྱིའོ་ཞེས ་ལོག་རྟོག་པ།། འདི་དག་ཇི་ལྟར་གང་དུ་དོགས།། ཇི་ལྟར་རྨི་ལམ་བུ་ཤི་བ།། བུ་ཉིད་མེད་ན་དེ་ཤི་ཡང་།། བདེན་པར་ཡོད་པ་མ་ཡིན་པ།། དེ་བཞིན་ཡུ་བུའི་འཛིན་པ་ཡང་།། ཆོས་ཀུན་རྨི་ལམ་འདྲ་བའི་ཕྱིར།། ཟས་གོས་ནོར་དང་གྲོགས་བཤེས་དགྲ། ་སྣ་ཚོགས་སྣང་བ་འདི་དག་ཀུན།། སྒྱུ་མ་ཡི་ནི་རྟ་གླང་བཞིན།། གང་ཤར་སོར་བཞག་དྲན་པ་ཡིན།། དྲན་པ་རང་གྲོལ་བྲལ་བ་སྟེ།། བྲལ་བ་རོ་མཉམ་ལྷུན་གྱིས་གྲུབ།། སྙིང་པོའི་གསེལ་ལམ་རྣམ་པ་གསུམ། ཨཱི་ཐི། མི་ཏཱ་ཛེ་ཀིས་མཛད་པ་པཎྜི་ཏ་དེ ་ཉིད་དང་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སྭ་ཙིཏྟ་ཡོ་གི་གརྦྷཱ་ཀ་ཏོ་བ་དེ་ཤ། བོད་སྐད་དུ། རྣལ་འབྱོར་པ་རང་གི་སེམས་མདུད་པ་འགྲོལ་བའི་མན་ངགྲ། བཅོམ་ལྡན་འདས་འཕགས ་