| Wylie | e-texts produced with BDRC’s OCR application |
བསྒྱུར་དནརྒྱག་སྐད་དུ། བྷྲཱུ~ཾ་པྲདྡྷ་དམནསས་པད་ཀྲཱནཱ་མྱ། བོ་སྐ་སྨྲ། སྣོད་རྣམ་དག་གི་མན་ངག་ཅེས་བྱུ། བཅོམ་ལྡན་འདས་ཤཱུཙྪ་སེང་གེ་ལ་ཕྱུག། འཚུལ་ལོ།། རྨི་ལམ་སྨ་བཱརཱརྫྫ ་ར་མེད།། སྱཱ་མཱ་ལཱ་བ་འི་སྤྲིན་དོན་མྱེད།། ནམཁར་ལྟ་བཱ་མ་ཚན་ཉིད་བྲ་ལ། ཆོས་ན་རང་བཞིན་སྟོད་གས་པ་པར། ང་གནས་མེང་བྱུང་ཆུབ་སེམས།། རྒྱ་ཆེན་སེམས་ཅན་དོརྒྱལ་མཁསོ།། ཚོགས་གཉིས་དབྱེར་མཽ་ལམ ་མཆོག། སྟེ་ཉིད་སྙིང་རྗེའི་སྙིང་པོ་སྒོམ།། ལྟ་སྤྱོད་རྣམ་ངག་གི་མན་ངག་ཅེས་བྱ་བ་ཁ་ཆེའི་རིགས་ཀྱི་པཎྜི་ཏཱ་ཆེན་པོ་དཔལ་ཆོས་ཀྱི་རྗེ་ཤཱཀྱ་ཤྲཱི་བྷ་དྲིའི་ཞལ་སྔ་ནས་མཛད་པ་རྫོགས་སྷོ།། ། མཁས་པ་ཆེན་པོ་དེ་ཉིད ་ཀྱི་སྤྱན་སྦྱར་ལོ་ཙཱ་བ་བྱམས་པའི་དཔལ་གྱི་ཁྲོ་ཕུ་བཟོང་ལུང་དུ་བསྒྱུར་བའོ།། ། རྒྱུ་གར་སྐད་དུ། ཙིཏྟ་རཏྣ་བི་ཤོ་དྷཱ་ནཱཾ་མརྒ་ལཾ། བོད་སྐད་དུ། སེམས་རིན་པོ་ཆེ་སྦྱང་བའི་ལམ་འབྲས། རྗེ་བཙུན་མི་ཕམ་མགོན་པོ་ལ་ཕྱག ་འཚལ་ལོ།། རྙེད་དཀོའི་དལ་འབྱོར་མྱུར་དུ་འཇིག། ལས་དང་དེ་འབྲས་སྡུག་བསྔལ་ཡིན།། དེ་སྤོང་ཤེས་རབ་སྙིང་རྗེ་བསྒོམ།། སྐྱེས་གསུམ་ལམ་གྱིས་དོན་གསུམ་འཐོབ།། དམ་པ་གསུམ་གྱིས་བསོད་ནམས་བསགས།། རྒྱ་ཆེན་ཐབས ་ཀྱིས་ཡང་དག་སྤེལ།། ཤེས་རབ་ཟབ་མོས་རྣམ་དག་བྱ།། ཟུང་འཇུག་བསྔོ་བས་རྒྱས་གདབ་བོ།། ཁ་ཆེའི་རིགས་ལས་བལ་ཡུལ་དུ་སྐུ་འཁྲུངས་པའི་པཎྜི་ཏ་ཆེན་པོ་དཔལ་ལྔ་རིག་པའི་མཆོག་བུད་དྷ་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས་གསུངས་པ། ་སེམས་རིན་པོ་ཆེ་སྦྱང་བའི་ལམ་འབྲས་ཞེས་བྱ་བ་རྫོགས་སོ།། ། མཁས་པ་ཆེན་པོ་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བལ་ཡུལ་ཡཾ་འགལ་གྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། ་རྒྱ་གར་སྐད་དུ། བནྡྷ་བི་མུཀྟོ་པ་དེ་ཤ་ནཱ་མ། བོད་སྐད་དུ། འཆིང་བ་རྣམ་གྲོལ་གྱི་མན་ངག་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། ཀྱེ་འོ་གང་གིས་འཆིང་བར་བྱེད་པའི་རྒྱུ།། དེ་ཉིད་གྲོལ་བར ་བྱེད་པའི་ལམ།། འདི་ན་འཆིང་བ་གླེང་ཡང་མེད།། འཆིང་བ་གང་ཡིན་དེས་གྲོལ་བའོ།། འདོད་ཆགས་བདེ་བ་ཆེན་པོར་དག། ཞེ་སྡང་འོད་གསལ་མེ་ལྕེ་འབར།། གཏི་མུག་རྣམ་པར་མི་ཏོག་ཉིད་།། དུག་གསུམ་སྐུ་གསུམ ་ལྷུན་གྱིས་གྲུབ།། འཆིང་བ་རྣམ་གྲོལ་གྱི་མན་ངག་ཅེས་བྱ་བ་རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛ་ག་ཏ་མི་ཏཱ་ཨ་ནནྡའི་ཞལ་སྔ་ནས་གསུངས་པ་རྫོགས་སོ།། ། རྣལ་འབྱོར་གྱི་དབང་ཕྱུག་དེ་ཉིད་ཀྱི་སྤྱན་སྔར་ལོ་ཙཱ ་པ་བྱམས་པའི་དཔལ་གྱིས་བལྔ་ཡུལ་གུ་ལང་གསེར་ཁང་དུ་བསྒྱུར་བའོ།། ། རྒྱ་གར་སྐད་དུ། སིདྡྷི་སདྨ་རྒེ་ནི་རྣ་ལཾ་ཏེ་སད་ན་རྣ་ལ། བོད་སྐད་དུ། གྲུབ་པ་དམ་པའི་ལམ་ངེས་པ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག ་ལ་ཕྱོག་འཚལ་ལོ།། ཁ་སཪྵ་ཎི་འཇོག་རྟེན་དཔལ།། ཐུགས་རྗེ་ཆེན་པོ་སྟོན་པའི་མཐུས།། གདུལ་དཀའི་རང་སེམས་འདུལ་བ་ལ།། སྙིང་པོ་བླ་མེད་རྣམ་གསུམ་ཐོབ།། ཀྱེ་མའོ་འཛམ་གླིང་སྐྱེ་བོ་ཉིན།། འགྲོ་བའི་གཤེས་གཉེན་འདི ་