| Wylie | e-texts produced with BDRC’s OCR application |
བཎྜི་ཏ་ཛ་ག་ཏ་མི་ཨ་ནནྡ་དང་བུདྡྷ་ཤྲཱི་ཛྙཱ་ནཱི་དང་ལོ་ཙཱ་བཱ་བྱམས་པ་དཔལ་གྱིས་བསྒྱུར་བའོ།། །། རྒྱ་གར་སྐད་དུ། ཤྲཱི་བྲནྡྷ་བི་མུ་ཀ་ཏ་ཤཱསྟྲ། བོད་སྐད་དུ། དངལ་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས།། བཅོམ་ལྡན་འདས ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། གང་ཞིག་མ་རྟོགས་རྟོགས་དཀ། རྀ་རྟོགས་ན་དེ་ཉིད་དུས།། འཚོང་བ་མི་ཟང་ཤིན་ཏུ་གྲོལ་དཀའ་གྲོལ་འགྱུར་བ།། བདག་དང་གཞན་དོན་ཕུན་སུམ་ཚོགས་རྫོགས་པའི་སངས་རྒྱས་ལམ།། ་ངོ་མཚར་དེ་ནི་འགྲོ་བ་བསྐུལ་ཕྱིར་བདག་གིས་བཤད།། གྱད་ཀྱི་ནོར་བུ་ལ་སོགས་བཞིན།། སྙིང་པོ་དེ་ནི་གཞན་མིན་གནས།། གང་ཕྱིར་ཐམས་ཅད་རང་གི་རང་།། འཆིང་དང་གྲོལ་བྱར་འགྱུར་བའི་ཕྱིར།། འདི་ན་འཆིང་བ་གང ་ཡང་མེད།། འཆིང་བ་གང་ཡིན་དེ་གྲོལ་བའོ།། དེ་ནི་སྟོང་དང་རྟེན་འབྲེལ་འཇུག། དེ་ཕྱིར་འཕོངས་པས་མི་རྟོགས་སོ།། དམན་དང་ལོག་པའི་བཤེས་གཉེན་གྱིས།། ཟིན་གྱུར་བསོད་ནམས་བརྩོན་འགྲུས་ཞན།། སྦྱངས་སྟོབ ་བློ་གྲོས་ཆུད་པ་ཡི།། སྐྱེ་བོ་རྣམས་ཀྱི་སྣ་རྟོགས་དཀའ་བོ།། རྟོགས་ལྡན་སྙིང་བརྩེ་མན་ངག་མཁས།། བཤེས་གཉེན་དམ་པ་བཙལ་བུར་བྱ།། དེ་ནི་སོགས་ལུས་ལོངས་སྤྱོད་སོགས།། རྣམ་ཀུན་དྲི་མེད ་གུས་པས་བསྟེན།། ཇི་སྲིད་བདག་སེམས་བརྟུན་གྱུར་པ།། དེ་སྲིད་ལུས་ངང་གྲིབ་མ་བཞིན།། དེ་ཡི་རྗེས་སུ་བསྟན་པ་ནི།། རྟེན་འབྲེལ་སྟོང་ཉིད་བདུད་རྩིའི་ཆུ།། སྐོམ་པས་གདུངས་ལ་ཆུ་བསིལ་བཞིན།། དགའ་འགུ་མི་ཟད་དང་བས ་བཏུང་།། ལམ་གཞན་ཕུན་ཚེགས་ངེས་འབྱུང་མིན།། དེ་ཤེས་ཐབས་དང་ཤེས་རབ་ཡིན།། དེ་ནི་ཆོས་སྒོ་ཀུན་གྱི་སྒོ།། རྟོག་ས་དཀའ་རྟོགས་བྱེད་དམ་པའི་ལམ།། ཇི་ལྟར་རྟེན་འབྲེལ་ཙམ་ཉིད་ཕྱིར།། དེ་ནི་ཇི་ལྟར་སྟོང་མ་ཡིན།། གང ་ཕྱིར་སྟོང་པ་ཉིད་ཡིན་ན།། དེ་ནི་མཁའ་ལྟར་འགག་མེད་ཕྱིར།། ཅི་ཕྱིར་རྟེན་ཅིང་འབྲེལ་མི་འབྱུང་།། དེ་ཕྱིར་དེ་གཉིས་གཉིས་མ་ཡིན།། དེ་ལ་རྟོན་འབྲེལ་ཇི་ལྟ་བུ།། དེ་ཡི་སྟོང་ཉིད་གང་ཞེ་ན།། ཉོན་ཅིག་འདི་ལྟར་སྣང་བའི་དངོས།། ་དབང་པོའི་གཞུ་ལྟར་རབ་གསལ་བ།། སྣ་ཚོགས་བདེ་དང་སྡུག་བསྔལ་སོགས།། འདི་དག་རང་འབྱུང་རྒྱུ་མེད་མིན།། རྒྱུ་གཞན་མ་ཡིན་མ་ངེས་མིན།། མུངར་སྒྱུར་ཁ་ལ་རང་རྒྱུ་ཡིན།། སེམས་ཉིད་རྟེན་ཅིང་འབྲེལ་བར་འབྱུང་།། ་ཇི་ལྟར་མཁའ་ལ་སྤྲིན་བཞིན་ནོ།། ཀྱེ་མ་སྲིད་པའི་ནགས་ཚལ་དུ།། སྡུག་བསྔལ་ལོ་འབྲས་ཆེར་ལྷགས་ཤིང་།། ཉེས་པར་སྤྱད་པའི་ཡལ་ག་ཅན།། འཛིན་པའི་མེ་ཏོག་རབ་གསལ་བའོ།། དེ་རྒྱུ་ཆགས་སྡང་ཚུལ་མིན་སྡོང ་བདག་ཏུ་ལྟ་བའི་རྩ་བརྟན་ཏེ།། མི་ཤེས་པགས་ཆགས་བཅས་དྲོད་གཤེར།། ས་ཆེན་འབྱུང་བ་ལས་བསྐྱེད་པའོ།། མཁའ་ལ་སྣོད་ཀྱི་འཇིག་རྟེན་ལྟར།། ཨེ་མའོ་རྟེན་མེད་རྟེན་གྱུར་པ།། རྟེན་འབྲེལ་བརྟེན་པ་རྣམས་ཀྱི་མཆོག། རེ ་ཞིག་རྟེན་ནི་མ་གྲུབ་ན།། བརྟུན་པ་ཇི་ལྟར་རྣམ་གཞག་རུང་།། བདག་མེད་དེ་ལྟ་བདེན་མིན་ན།། དེས་བསྐྱོད་ཆགས་སོགས་ལས་རྣམས་སོགས།། གླང་དུ་ཇི་ལྟར་ངེས་པར་བྱ།། དེ་མ་གྲུབ་ན་སྡུག་བསྔལ་གང་།། དེ་མྱོང་ཉིད་ཀྱང ་སུ་ཞིག་བརྗོད།། ཇི་ལྟར་སྡོང་པོའི་རྩ་ཕྱུང་ན།། བཅད་པའི་བྱ་བ་གྲུབ་པ་ལྟར།། གཞིར་གྱུར་བདག་རྟོགས་རྣམས་བཟློག་པས།། མཁས་པ་དེ་བཞིན་སྲིད་པ་ཞིག། བསྲོགས་བཅད་བརྡར་བས་གསེར་སོགས་བཞིན།། འདི་ལྟར ་བདག་དང་གཞན་པ་ཞེས།། བྱ་བ་ཇི་ལྟར་རྟེན་དང་གནས།། ངོ་བོ་མཚན་ཉིད་བརྟག་པར་བྱོས།། དེ་ལ་ལུས་དག་རླུང་དང་ཡིད།། ཕྱི་ནང་པར་སོགས་འདི་དག་ནི།། ནམ་ཡང་རྟེན་བྱེད་གནས་གྱུར་པ།། སུས་ཀྱང་ངེས་པར་མི་ནུས་སོ།། ། ་གང་ཕྱིར་བདག་དེ་སྣང་རུང་ནི།། དམིགས་གྱུར་དམིགས་པ་མེད་པའི་ཕྱིར།། མི་སྣང་སེམས་དང་སེམས་མིན་སྨོས།། སེམས་ནི་རང་བཞིན་སྟོང་བདག་ཉིད།། སེམས་མིན་མི་བརྟག་རྟེན་འབྲེལ་བ་དག། རྣམ་པར་དཔྱད་ན་སྤྲོས ་མེད་དོ།། རྟག་ལ་བྱེ་བ་འགལ་བའི་ཕྱིར།། གང་ན་ཅི་འདྲ་བདག་བསྟོན་བྱོས།། མདོར་ན་འདིར་མང་སྨྲ་མི་བྱ།། བདག་དེ་རང་གི་སྒོ་གསུམ་ལས།། གཞན་ན་འདིར་གནོད་ཅི་ཞིག་བྱས།། མཚོན་གྱིས་རྨ་ལྟར་ཉེས་པ་ཡང་།། བྱིས ་བ་རྣམས་ཀྱི་རང་བརྟགས་དང་།། ལོག་སྲེད་སྐྱེ་བོའི་བརྩོད་པར་ཟད།། གཞན་མིན་དེ་དག་རྣམ་དབྱུང་ན།། ཇི་ལྟར་གང་ཞིག་བདག་ཏུ་འགྱུར།། དེ་མིན་དེ་རྟེན་དེ་གནས་གང་།། གང་ཡང་འདི་དག་དེ་རྟེན་དང་།། ་དེ་གནས་ཕྱོགས་ཀྱང་རྣམ་དཔྱད་ཀྱིས།། ཚུལ་འདིས་བདག་དངོས་བདག་མཚན་ཉིད།། སྒྱུ་ལྟར་ལེགས་གྲུབ་བསྟན་པ་ཡིན།། ལྟོས་ཤིག་ཚུལ་འདི་ཆུ་ཤིང་འདྲ།། ངག་ནི་བྲག་ཅ་མཁའ་འདྲ་ཡིད།། རྡུལ་ཙམ་དམིགས་པ་ཡོད་མིན ་ན།། འདི་ལ་ཇི་ལྟར་བདག་ཏུ་བརྟག། ཕྱི་ནི་ཕྱི་རོལ་ནང་ཡང་གཞན།། དེས་ན་བར་ཡང་དེ་བདག་མིན།། གང་ཡང་དེ་ནི་དཀར་སོགས་དང་།། རིང་དང་ཐུང་དང་སྦོམ་དང་ཕྲ།། འཐུགས་དང་སྲབ་ཅེས་བྱ་ལ་སོགས།། མཚན ་ཉིད་ངེས་པར་ནུས་མ་ཡིན།། ཅི་སྟེ་ཤིང་ལ་འཁྲིལ་ཤིང་བཞིན།། དེ་ནི་ཀུན་གཞི་འམ་བག་ཆགས་ལ།། བརྟེན་དེ་མི་མངོན་གནས་ཤེ་ན།། སྣང་དང་མི་སྣང་རྣམ་དཔྱད་དང་།། དེ་ཉིད་སེམས་དང་སྙོམས་མིན་ཞེས།། སྔར ་བཞིན་བརྟགས་པ་མཚུངས་པར་འགྱུར།། འོན་ཏེ་སེམས་ནི་གང་ཡིན་པ།། དེ་ཉིད་བདག་ཅེས་བྱ་ཞེ་ན།། སེམས་ནི་དམིགས་མེད་འོད་གསལ་ཕྱིར།། ད་ནི་བདག་དེ་བདག་མེད་འགྱུར།། ཨེ་མའོ་ཤིན་ཏུ་རྟོགས་དཀའི་གནས།། ་ཨེ་མའོ་ཨི་མ་ཤིན་ཏུ་རྨད།། ཨེ་མའོ་མཁས་པས་ཤེས་པར་རུང་།། ཨེ་མའོ་ཤེས་བྲལ་ཤེས་པའི་དབྱིངས།། དེ་ལྟར་འགྲོ་བ་འདི་ན་བདག། མེད་ཀྱང་ང་དང་ང་ཡི་ཞེས།། གཟུང་དང་འཛིན་པས་བསླབས་པ་ཡི།། སྐྱེ་བོ་སྨྱོས ་པ་འདི་དག་ཅི།། འོན་ཀྱང་འཇིག་རྟེན་ལོག་པས་མིག། བསྒྲིབས་ནས་བཟུང་དང་འཛིན་པ་ནི།། ཇི་ལྟར་སྣང་བ་ཇི་བཞིན་གཞག། སྣང་ལ་སྣང་ལྟར་རབ་ཆགས་སྲིད།། སྡུག་བསྔལ་འཁོར་ལོས་སྒྱུར་བའི་རྒྱུ།། བདག་ཅག་དེ་ལས ་འའ་མིན་ནམ།། གལ་ཏེ་བདག་ཉིད་མ་གྲུབ་ཀྱང་།། དེ་འཛིན་ཉིད་དུ་བདེན་ཞེ་ན།། འདི་ཉིད་ཨེ་མའོ་འགྲོ་ཀུན་གྱི་ལོག་པར་འཆིང་བ་མི་ཟད་པས།། མགོ་ལ་མེ་ཤོར་བསྒྲིམ་པ་བཞིན།། རེངས་པར་མྱུར་དུ་ལྡོག་པར་བྱ།། གྲོགས་དག ་འདི་ལྟར་མངོན་སུམ་དུ།། ཡང་དག་རིགས་པའི་མིག་ཉིད་ཀྱིས།། བདག་དེ་མ་གྲུབ་དེས་ན་འདིར།། གཞན་ཞེས་བྱ་བའང་ཡོད་མིན་ན།། ཡུ་བུ་ཐམས་ཅད་ང་སྙམ་དང་།། ངའོ་མཉམ་དང་གཞན་མཉམ་དང་།། གཞན་གྱིའོ་ཞེས ་ལོག་རྟོག་པ།། འདི་དྲག་ཇི་ལྟར་གང་དུ་དོགས།། དཔེར་ན་རྨི་ལམ་བུ་ཤི་བ།། བུ་ཉིད་མེད་ན་དེ་ཤི་ཡང་།། བདེན་པར་ཡོད་པ་མ་ཡིན་པ།། དེ་བཞིན་ཡུ་བུའི་འཛིན་པ་ཡང་།། ཨེ་མའོ་ཤིན་ཏུ་ངོ་མཚར་གནས།། གང་ཞིག ་གཅིག་ཉིད་རྟོགས་པ་ཡིས།། ཐམས་ཅད་རྣམ་པར་གྲོལ་འགྱུར་བ།། འདི་ལྟ་ཐེ་ཚོམ་སུ་ཞིག་སྐྲག། འཁོར་དང་མྱ་ངན་འདས་པའི་ཆོས།། ཕུང་པོ་ཁམས་དྲང་སྐྱེ་མཆེད་སོགས།། ཐེགས་གསུམ་ཐེག་གསུམ་ངེས་འབྱུང། ་ལམ།། མ་ལུས་བདག་མིན་བདག་གིས་མིན།། བདག་མེད་སྟོང་པའི་མཚན་ཉིད་དེ།། མེད་ཕྱིར་མེད་ལ་མེད་ཉིད་དུ།། ཚུལ་བཞིན་ངེས་པར་བྱས་པ་ལ།། ཀྱེ་མོ་ཁྱོད་ལ་སྐྱོན་ཅི་ཡོད།། གང་གང་བདག་དང་བདག་གི ་ཞེས།། འཛིན་པའི་འཆིང་བ་ཐམས་ཅད་ཀྱང་།། ཕྱི་མིན་ནང་མིན་པར་ཡང་མིན།། དེ་བཞིན་ལུས་ངག་ཡོད་མ་ཡིན།། དེ་དག་ལས་མིན་དེར་གནས་མིན།། དེ་བཞིན་ཆགས་དང་སྡང་སོགས་ཀྱི།། མ་ལུས ་ཡིད་ལ་བྱེད་པ་ཡང་།། དཔྱད་ན་རེ་ཞིག་གང་ལ་གང་།། གང་དུ་གང་གིས་ཆགསོ་པ་དང་།། སྡང་བར་འགྱུར་བ་འང་ག་ལ་ཡོད།། གཟུགས་སྡུག་སྒྲ་སྙན་དྲི་ཞིམ་དང་།། རོ་མཱ་ངར་རེག་འཇམ་ཡིད་བདེའི་རྐྱེན།། འདི་དག་གང་གིས་དེ་ཤེས་ལ།། ཅི ་ཞིག་ཕན་བརྟགས་འབྲེལ་པ་ཡོད།། དེ་ཤེས་པས་ཀྱང་དེ་དག་ལ།། ཆགས་དང་རབ་ཏུ་ཆགས་འགྱུར་གང་།། དེ་ནི་ཕྱི་ནང་པར་དག་དང་།། ལུས་སོགས་དངོས་པོ་གང་ཞིག་ཡིན།། དེ་མིན་དེ་ལས་དེ་བརྟེན་དང་།། སྐྱེས་དང་གནས་དང་འགག་འགྱུར། ་བྱ།། སྒྱུ་མ་ཡི་ནི་རྟ་གླང་ལྟར།། དོན་དུ་གྲུབ་པ་ཡོད་མ་ཡིན།། གང་གིས་བདག་ལ་བརྙས་སོགས་དང་།། སླད་སོགས་བརྡེག་སོགས་བྱས་པའི་རྒྱུ།། སྡང་དང་རབ་སྡང་སེམས་འབྱུང་བ།། འདིའང་སྔར་བཞིན་བདག་སེམས་དང་།། གང་ཡང་ཕ ་རོལ་དེ་ཡི་སེམས།། མཁའ་འདྲ་མཚན་མ་མེད་པ་ཡིན།། དེ་བཞིན་གཞན་དེའི་ངག་ཉིད་དང་།། ལུས་ནི་དྲི་སྨྲ་ཤིང་ལྟ་བུ།། ཡིན་ན་སྒྱུ་མས་སྒྱུ་མ་ཡི།། རྒྱལ་ལྟར་དེས་འདིར་བདག་གནོད་གང་།། བདག་གིའང་དེ་བཞིན་དྲག་དང་ལུས།། དེ་ལྟར ་ལུས་ཅན་ཐམས་ཅད་ཀྱིའང་།། མཚུངས་ཕྱིར་འདི་དག་སྐྱེ་བ་དང་།། གནས་དང་འགག་འགྱུར་མི་དམིགས་སོ།། གང་ཕྱིར་ཕན་ཚུན་འབྲེལ་མེད་ཕྱིར།། དཔྱད་ན་ཐམས་ཅད་སྤྲོས་མེད་ཕྱིར།། ཡུལ་དུས་རྣམ་ཀུན་དྲི་མེད་ཕྱིར།། མཁའ ་ལ་འཕུར་བའི་བྱ་རྗེས་བཞིན།། དེ་ལྟར་སྟོང་པའི་སྤྱོད་ཡུལ་འདིར།། རྨི་ལམ་དགྲ་དང་འཇའ་བཞིན་དུ།། གང་ལ་གང་ཞིག་ཇི་ལྟར་ཆགས།། དེ་བཞིན་སྡང་བའང་གྲང་དུ་དོགས།། ཕཱ་དང་མ་དང་ཆུང་མ་བུ།། གཉེན་དང་བཤེས་པ་དེ་བཞིན ་སྒྲ།། སྒྱུ་མཛོ་བཞིན་དེ་བཞིན་པས།། འཛིན་པ་ཐམས་ཅད་གཅིག་པར་བྱ།། དེ་ཉིད་ཀྱིས་ནཱ་ཆ་གས་སོགས་ཀྱིས།། ལས་བྱེད་དེ་ཡང་ཇི་ལྟ་བུ།། ཡང་ཡང་ཤེས་རབ་བརྟན་པོ་ཡིས།། སྐྱེ་ཁས་པས་སྔར་བཞིན་རྟག་པར་བྱོས།། དེ་ཕྱི ་བད་དང་སྡུག་བསྔལ་ཡང་།། བམ་པོས་རྣམ་པར་མྱོང་མིན་ལ།། རིག་ལ་དངོས་པོ་ཡོད་མིན་ཏེ།། ཐོག་མང་དུས་ནས་ལོག་སྦྱངས་པ།། འཁྲུལ་པས་འཛིན་པ་ཉི་ཚེ་བ།། དེ་ཡང་དངོས་པོ་མེད་པ་ཉིད།། དེ་ལྟར་མད་ལ་མོད་ཉིད་དུ།། བློ ་བཟང་རྣམས་ཀྱིས་གོམས་བྱས་ན།། བརྙེས་པས་གཉེན་ལ་དག་བཞིན་དུ།། མི་བཟང་འཆིང་བས་བཅིངས་པ་དེ།། སྦྲུལ་མདུདོ་རང་གིས་གྲོལ་བ་བཞིན།། ངེས་པར་རྣམ་པར་གྲོལ་བར་འགྱུར།། རྣམ་གྲོལ་རྣམ་གྲོལ་ལས་བྱུང་བའི།། ་འབྲས་བུ་ལྷན་གྱི་གྲུབ་པ་གོང་།། དོན་གཉིས་ཕུན་ཚོགས་ངོ་མཚར་བ།། དེ་ནི་བུམ་པ་བཟང་པོ་བཞིན།། །། དངུལ་འཆིང་བ་རྣམ་གྲོལ་གྱི་བསྟན་བཅོས།། རྒྱ་གར་གྱི་སློབ་དཔོན་ཆེན་པོ་གྲུབ་པ་བརྙེས་པའི་དངལ་ནི་སྐུ ་ལདས་མཛད་པ་རྫོགས་སྷོ།། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏཱན་ནྟི་ཞལ་སྔ་ནས། ཁ་ཆེའི་བཎྜི་ཏ་ཆེན་པོ་བུདྡྷ་ཤཱི་བྷ་དྲས་གཏན་ལ་ཕབ་ནས། བོད་ཀྱི་ཁོ་ཆུང་གནུབས་ཚུལ་ཁྲིམས་ཤེས་རབ་ཀྱིས ་བསྒྱུར་དནརྒྱག་སྐད་དུ། བྷྲཱུ~ཾ་པྲདྡྷ་དམནསས་པད་ཀྲཱནཱ་མྱ། བོ་སྐ་སྨྲ། སྣོད་རྣམ་དག་གི་མན་ངག་ཅེས་བྱུ། བཅོམ་ལྡན་འདས་ཤཱུཙྪ་སེང་གེ་ལ་ཕྱུག། འཚུལ་ལོ།། རྨི་ལམ་སྨ་བཱརཱརྫྫ ་