CLOSE WINDOW

GT1292: ting nge 'dzin gyi tshogs kyi le'u
Wyliee-texts produced with BDRC’s OCR application

བརྩམ་པ་དུས་ཀྱི་གཏམ་ཞེས་བྱ་བ།། པདྨ་ལའི་མཁས་པ་དཔལ་ངེས་པར་སྦྱངས་པ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་བྲམ་ཟེ་བྷ་ལོ་ལ་གདམས་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ་སུ་མཱ་དྷི་སཾ་བྷ་ར་པ་རི་བརྟ། བོད་སྐད་དུ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ།། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། དང་པོ་སྙིང་རྗེའི་སྟོབས་ལས་བྱུང་།། རྫོགས་པའི་བྱང་ཆུབ་སེམས་བརྟན་བྱ།། སྲིད་པའི་ལོངས་སྤྱོད་བདེ་མ་ཆགས།། ་ངས་སུ་འཛིན་ལ་རྒྱབ་ཀྱིས་ཕྱོགས།། དད་སོགས་ནོར་ནི་ཕུན་སུམ་ཚོགས།། བླ་མ་སངས་རྒྱས་དང་མཉམ་གུས།། དེས་བསྟན་དམ་ཚག་སྤྱོད་པ་ནི།། ཡོངས་སུ་བསྐང་ལ་རབ་ཏུ་བརྩོན།། བུམ་པ་གསང་བའི་དབངོ་སྐུ་ར་བ།། བླ་མའི ་དྲིན་གྱིས་ཡོངས་སུ་ཐོབ།། ལུས་དགུ་སེམས་ནི་རྣམ་དག་པའོ།། བསྒྲུབ་པ་པོ་དེ་དངོས་གྲུབ་སྡོང་།། ཏིང་འཛིན་ཡན་ལག་ལས་བྱུང་པོའི།། ཚེགས་ནི་ཡོངསུ་རྫོགས་པ་ལས།། མྱུར་དུ་དངོས་གྲུབ་ཐོབ་འགྱུར་བ།། དེ་ལྟར་གསང ་སྔགས་ཚུལ་གནས་ཡིན།། ཏིང་ངེ་འཛིན་ཡན་ལག་ཉམས་གྱུར་ཅིང་།། དེ་ཡི་མི་མཐུན་ཕྱོགས་གནས་ན།། སྐྱེ་བ་བྱེ་བ་སྐྱོང་གིས་ཀྱང་།། ཏིང་འཛིན་རབ་ཏུ་གྲུབ་མི་འགྱུར།། ཏིང་ངེ་འཛིན་ནི་རབ་གྲུབ་ཕྱིར།། གསང་བསྔགས་སྤྱོད ་གནས་རྣལ་འབྱོར་པས།། དེ་ལས་གཞན་པའི་སེམས་སྤངས་ཏེ།། གཡེངས་མེད་བརྩོན་པས་འབད་པར་བྱ།། ཏིང་ངེ་འཛིན་གྱི་ཡན་ལག་དང་།། མི་མཐུན་ཕྱོགས་གང་ངེས་བྱའི་ཕྱིར།། ཏིང་འཛིན་ཡན་ལག་མི་མཐུན་ཕྱོགས།། ་དེ་ནི་མདོར་བསྡུས་ནས་བཤད་བྱ།། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་།། ལོངས་སྤྱོད་རྣམས་ལོ་བལྟོས་མེད་ཉིད།། བཟོད་ལྡན་དམ་བཅའ་བརྟན་པོ་དང་།། སྐྱེ་བོ་འོདུ་འཛི་རྣམ་པར་སྤོང་།། ལུས་དང་ངག་ཡང་ལས་རྣམས ་ལ།། ཤེས་བཞིན་དང་ནི་ལྡན་པ་དང་།། སངས་རྒྱས་སྐུར་འདོགས་དྲན་པ་ཡི།། ལུས་ཀྱི་རྗེས་དྲན་ཡང་དག་ལྡན།། དུས་གང་དུ་ནི་གང་བྱ་བའི།། རྗེས་དྲན་དེ་ལ་བརྟན་པ་དང་།། སྒྲིབ་པ་ལྔ་ནི་སྤྱང ་བ་དང་།། ཟས་ཀྱི་ཚེད་རིག་སྤྱོད་ལམ་རན།། འཇིག་རྟེན་ཆོས་ནི་ཐམས་ཅད་ལ།། རྟག་ཏུ་སེམས་ནི་བཏང་སྙོམས་དང་།། ཡོ་བྱད་བསྙུངས་འདི་ཡན་ལག་སྟེ།། གོ་བཟློག་པ་ནི་མི་མཐུན་ཕྱོགས།། ཏིང་ངེ་འཛིན་ཚོགས་ལེའུ་བཀོད་པའི ་བསོད་ནམས་དེས།། འགྲོ་བས་ཏིང་འཛིན་རྡོ་རྗེ་ལྟ་བུ་ཐོབ་པར་ཤོག། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། སློབ་དཔོན་མཁས་པོ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛོད་པ་རྫོགས་སྷོ།། ་རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཞུ་ཆེན་གྱི་ལོ་ཙཱ་བས་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ལོ་ཀ་ཨ་ཏི་ཏ་སཔྟ་ཀ་བི་དྷི། བོད་སྐད་དུ། འཇིག་རྟེན་ལས ་