| Wylie | e-texts produced with BDRC’s OCR application |
མི་ཁྱབ་པ་ཞེས་བྱ་བ། སློབ་དཔོན་འཕགས་པོ་ལྷས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཡཾ་ག་ལཀྵ་ཎ་ས་ཏྱེ།། བོད་སྐད་དུ། རྣལ་འབྱོར་གྱི་མཚན་ཉིད་བདེན་པ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག ་འཚལ་ལོ།། ཕྱོགས་བཅུ་དུས་ཀུན་གྱི་སངས་རྒྱས་དང་།། ཆོས་དང་དགེ་འདུན་ཚོགས་བཅས་ལ།། ཐལ་སྦྱར་གུས་པས་ཕྱག་འཚལ་ནས།། རྣལ་འབྱོར་བསྒོམ་པའི་མན་ངག་འདི།། རིན་ཆེན་སྣ་ཚོགས་ཚོགས་པ་ལྟར།། རྣལ ་འབྱོར་པ་རྣམས་སྒྲོལ་བའི་ཕྱིར།། མདོར་སྡུས་ནས་ནི་བཤད་པར་བྱ།། ནམ་གྱི་ཆ་སྨད་གྲཝ་ཉིད་ལས་སང་།། བདག་མ་གཏོགས་པའི་སེམས་ཅན་ལ།། ཐོག་མ་ཉིད་དུ་སྙིང་རྗེ་སྒོམ།། དེ་ནས་བདག་ཉིད་ལ་ལྟས་ནས།། དིང་གི ་ཉིན་ཞག་འདི་ལ་ནི།། སློང་པོའི་སེམས་ཅན་དག་ལ་ནི།། ཅི་སྲིད་འོངས་ཀྱང་སེར་སྣ་ཡི།། དྲི་མས་མི་གོས་ཉིད་དུ་བྱ།། གལ་ཏེ་བསླབ་པ་ལས་འགལ་བའི།། ཡིད་ལ་རྒྱུ་བ་ཕྲ་མོ་ཡང་།། བསམ་པ་ཉིད་དུ་མི་བྱ་ན།། ངག་དང་ལུས ་ཀྱི་སྨོས་ཅི་དགོས།། བདག་ལ་དི་རིང་ཁྲོ་བ་དང་།། བརྡེག་པ་ལ་སོགས་འབྱུང་བར་ཤོག། དེས་ཀྱང་འཁྲུག་པར་མི་བྱ་ཡི།། ལེ་ལོ་བྱུང་ན་ཤེས་བཞིན་གྱིས།། མགོ་ལ་མེ་འབར་བཞིན་དུ་དོར།། བདག་གི་འགྲོ་འམ་ཉལ ་འདུ་གི་རུང་།། སྤྱོད་ལམ་ཇི་ལྟར་གནས་འདུག་ཀྱང་།། ཡིད་ནི་ལྷའི་ང་རྒྱལ་དང་།། སྐད་ཅིག་ཙམ་ཡང་མི་འབྲལ་བར།། རང་ཉིད་ཡིན་པར་རྟག་ཏུ་བསམ།། འཁོར་བ་མྱ་ངན་འདས་པ་ཡི།། ཤེས་དང་ཤེས་བྱ་བ་དག ་གིས་ནི།། དི་རིང་ཉིད་ནས་བདག་གིས་བརྟགས།། བསྟོད་དང་སྨད་པ་གྲགས་མ་གྲགས།། གཞན་དག་ཇི་ལྟར་ཟེར་ཡང་ནི།། དེ་ཉིད་བྲག་ཅ་ལྟ་བུར་དང་།། འོན་པ་ལྟ་བུ་བདག་གིས་བྱ།། ཆགས་པའི་གཟུགས་སྒྲ་དྲི་རོ་རེག ་འདོད་ཡོན་ལྔ་ལ་གང་དུ་ཡང་།། རྣམ་ཤེས་འཕྲོ་བའི་ཡུལ་བྱུང་ཡང་།། ངག་དུ་མཐོན་བར་དུ་བཟློག། གཟུགས་སུ་སྣང་རྣམས་སྐུ་ཉིད་ཡིན།། སྒྲ་རྣམས་གསུང་དུ་བདག་ཉིད་བརྟག། སེམས་ཅན ་བྱང་ཆུབ་རྒྱུ་ཡིན་ཕྱིར།། དེ་ཡི་ཤེས་པ་ཡེ་ཤེས་ཡིན།། སེམས་ཅན་ཇི་ལྟར་མཐོང་གྱུར་ཀྱང་།། དེ་དག་ཉིད་ལ་བློ་ཕྱག་བྱ།། འདི་དག་ཉིད་ལ་བརྟེན་ནས་བདག། སངས་རྒྱས་ཉིད་དུ་འགྲུབ་པས་ན།། དགེ་བའི་གཤེས་གཉེན་དམ་པ ་ཡིན།། མང་པོ་ཚོགས་པར་གྱུར་པ་ན།། རོ་དང་དུར་ཁྲོད་འདུ་ཤེས་སྐྱེད།། གྲོང་དུ་འཇུག་པར་བྱེད་པ་ན།། བརྩོན་ར་ཁྲི་མོན་འདུ་ཤེས་བསྐྱེད།། རྒྱལ་པོའི་ཕོ་བྲང་འགྲོ་བ་ན།། ངན་འགྲོ་ནད་དང་འཆིང་བ་དང་།། གཡངས་ས ་ཆེན་པོའི་འདུ་ཤེས་སྐྱེད།། གལ་ཏེ་བུད་མེད་ཚོགས་མཐོང་ན།། མི་གཙང་རྫས་ནི་སུམ་ཅུ་དང་།། འཁོར་བའི་ལམ་འདྲེན་ཡིན་པར་བསམ།། ཉེ་དུ་ཕ་མ་བུ་ཚ་རྣམས།། དེ་ལ་ཆགས་སྤངས་བཏང་སྙོམས་སམ།། དགྲ ་རྣམས་མཐོང་ན་འདི་དོག་གི། བཟོད་རྫོགས་བྱང་ཆུབ་ཡིན་པར་བསམ།། བདག་གི་ལོངས་སྤྱོད་རྫས་ལ་ཡང་།། འདིར་ནི་བརྩོད་པའི་རྒྱུ་དང་ནི།། ཕྱི་མར་ངན་འགྲོར་ཁྲིད་པར་བསམ།། བདག་ལ་བསྟོད་པ་བརྗོད་ན་ཡང ་འདི་ནི་ང་རྒྱལ་འཕེལ་བྱེད་པས།། ངན་འགྲོར་ཁྲིད་པར་བྱེད་པ་ཡིན།། གལ་ཏེ་སྨོད་པ་བྱུང་ན་ཡང་།། འདི་ལ་བཟོད་བསྒོམ་བྱང་ཆུབ་ཡང་།། མཚན་མ་རྫོགས་པར་རབ་ཏུ་བསམ།། གནས་ལ་ཞེན་པ་བྱུང་གྱུར་ན།། རྨི ་ལམ་གྲོང་ཁྱེར་ཇི་བཞིན་དུ།། རྣལ་འབྱོར་པ་ཡིས་རབ་ཏུ་སྒོམ།། བདག་གིས་དེང་གིས་ཉིན་ཞག་ལ།། ངག་ལས་བཟླས་བརྗོད་ཁ་དོན་བྱ།། ཀླག་སོགས་བསླབ་ལས་མི་འགལ་བར། དི་རིང་བདག་གིས་སྨྲ་བར་བྱ།། ་ལུས་ཀྱི་གཡོ་བ་ཐམས་ཅད་ཀྱང་།། མཆོད་དང་སྐོར་པཱ་ལ་སོགས་པ།། ངལ་སོ་དོན་ཡོད་ཉིད་དུ་བྱ།། རྣམ་རྟོག་གཉེན་པོར་མ་སྔ་མས་ནི། ཚིག་དུ་བརྗོད་པས་ཅི་ཞིག་འགྲུབ།། དེ་བས་རྣམ་པ་ཐམས་ཅད་དུ།། གཉེན ་པོའི་དཔུང་ཚེགས་བསྐྱེད་ནས་ནི།། ཉོན་མོངས་རྣམས་ནི་དཔྱིས་ཕྱིན་བྱ།། བཟའ་བཏུང་ཞིམ་པོ་ཟ་བོའི་ཚེ།། རོ་ལ་ཞན་པ་སྤང་བྱེ་ཞིང་།། མི་གཙང་རྒྱུ་ལས་བྱུང་བ་དང་།། ཐ་མར་མི་གཙང་འགྱུར་བར་བསམ།། རེག ་བྱ་འཇམ་པོར་ཚོར་བའི་ཚེ། རེག་བྱ་ཇི་བཞིན་ཡིན་པར་བསམ།། འདིར་མང་སྨོས་པ་ཅི་ཞིག་དགོས།། གང་དུ་ཉོན་མོངས་འཕེལ་བ་ཡི།། ཁྱིམ་པའང་རབ་ཏུ་བྱུང་ཡང་རུང་།། དེ་དག་རབ་ཏུ་སྤང་བྱ་ཞིང་།། ཉོན་མོངས་རྣམ ་པོར་མི་འཕེལ་བའི།། སྒྲུབ་པའི་གྲོགས་མཆོག་གང་ཡང་རུང་།། དེ་དག་བརྟེན་པ་མིག་ལྟར་བྱ།། བདག་ནི་དེ་རིང་ནས་བརྩམས་ཏེ།། བྱང་ཆུབ་སྙིང་པོར་མཆིས་བར་དུ།། རྟག་ཏུ་རབ་ཏུ་བྱུང་བ་དང་།། ཚངས་པར ་སྤྱོད་པ་ཉིད་དུ་བྱ།། ཉིན་མཚན་དུས་ལས་མ་ཡོལ་བར།། ཐུན་མཚམས་གསུམ་དུ་བསྒོམ་པོར་བྱ།། སྲོག་དང་རྩོལ་བ་བཀག་པ་དང་།། རླུང་མེད་པ་ཡི་མར་མེ་ལྟར།། རྟག་ཏུ་སྤྲོས་བྲེལ་བསྒོམ་པར་བྱ།། དེ་ནས ་ལྗང་ཚེ་ང་རྒྱལ་གྱིས།། མཚན་དང་དཔེ་བྱད་སྐུར་ལྡན་པའི།། ལྷ་ཡི་ང་རྒྱལ་བརྟན་པོར་བསམ།། མཚན་མོའི་ཐུན་ལ་བབ་པའི་ཚེ།། བདེ་གཤེགས་ཇི་ལྟར་གཟིམས་པ་ལྟར།། འཇིག ་རྟེན་རྟོགས་སྤངས་བདག་ཉིད་ཉལ།། མདོར་ན་ཆོས་རྣམས་ཐམས་ཅད་ཀུན།། རྨི་ལམ་ལྟ་བུར་བརྟག་པར་བྱ།། རྣལ་འབྱོར་བསྒོམ་རྣམས་གཙོར་བྱའི།། ལུས་ངག་དགེ་བ་བཙོར་མི་བྱ།། ཆོས་སྤྱོད་རྣམ་བཅུ་ལ ་སོགས་ལ།། ཉོན་མོངས་པས་ནི་མ་ཡངས་པར།། བསྒྲིམས་ནས་བདག་གིས་འབད་པས་བསྒྲུབ།། རྟག་ཏུ་འོ་ཆི་བསམ་མ་ཚོགས་སྨོས།། དངོས་པོ་ཅི་ལའང་མ་ཆགས་པར།། སྤྱོད་ལོམ་ཇི་ལྟར་གནས་ཀྱང་བསྒོམ།། ་བསྟོད་ནམས་སེམས་ཅན་ཀུན་ལ་བསྔོ།། བྱང་ཆུབ་བཟང་པོ་བདག་གིས་ནི།། རྣལ་འབྱོར་བསྒོམ་པ་བརྩམས་པ་ཡི།། དགེ་བྱ་ཟླ་ཟེར་དྲི་མང་ངེས།། བདག་དང་འགྲོ་བ་མ་ལུས་པས།། དཔལ་ལྡན་རྡོ་རྗེ་འཆང་འགྲུབ ་ཤོག། རྣལ་འབྱོར་གྱིས་མཚན་ཉིད་བདེན་པོ། མཁས་པ་ཆེན་པོ་དཔལ་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། པྲདྡྷོ་ཏཱཏྨ་གཾ་བྷོ་ཤཱི་པཱ་རི ་