| Wylie | e-texts produced with BDRC’s OCR application |
དཔལ་བདེ་མཆོག་གི་རྒྱ་ཆེར་བཤད་པ་ཚིག་དོན་རབ་ཏུ་གསལ་བ་ཞེས་བྱ་བ།། དཔལ་བདེ་མཆོག་མཁའ་འགྲོ་ལ་ཕྱག་འཚལ་ལོ།། ཀུན་འགྲོ་ཀུན་སྙིང་ནམ་མཁའི་དབུས་གྱུར་མཆོག་ཞི་བ།། ཧེ་རུ་ཀྵ་དཔལ ་མཆོག་ཏུ་མྱ་ངན་འདས་པ་དེ་ཉིད་དངོས།། ཐབས་དང་ཤེས་རབ་ལས་བྱུང་རབ་གསོལ་མཉེ། བར་འབར་བའི་འོད།། ཉིན་གཞན་ཕུན་ཚེགས་བདེ་མཆོག་ཞབས་བཏུད་དེ་ཉིད་བཤད་པར་བྱ།། འགྲེལ་པ་དག་གིས་རྒྱུད་རྒྱལ་ནི།། མ་ལུས ་རྣམ་པར་མ་བཀྲོལ་ཞེས།། རྩ་བའི་རྒྱུད་ལས་བདག་གིས་ནི།། གཏམ་དུ་དྲིས་པ་བཞིན་དུ་ཐོས།། བདག་ནི་ཞིབ་ཏུ་བློ་དམན་ཡང་།། བླ་མས་བྱིན་གྱིས་བརླབས་པ་དང་།། བཤད་རྒྱུད་ཡང་དག་རྟོགས་པ་ཡི།། དེ་དོན་རྩེ་མོ་ཕྱིར་ཉེས་པ་མེད།། ་རྒྱུད་ཀྱི་བརྗོད་པར་བྱ་བ་ནི་གང་།། དགོས་པའི་དགོས་པ་ནི་གང་ཞིག། དེ་ནས་ཞེས་བྱ་བ་ནས་བཀའ་སྩལ་ཏོ།། ཞེས་བྱ་བའི་བར་གྱིས་བརྗོད་པར་བྱེད་པའི་རྒྱུད་ཡིན་ལ།། དེ་ནས་བརྗོད་པར་བྱ་བ་ནི་རྒྱུའི་རྒྱུད་དང་འབྲས་བུའི་རྒྱུདང་།། དེ་ལ་རྒྱུའི ་རྒྱུད་ནི་ལེའུ་ཉི་ཤུ་རྩ་དྲུག་པ་ལས་སྟོན་པའི་གང་ཟག་རྣམ་པ་གསུམ་མོ།། ཐབས་ཀྱི་རྒྱུད་ནི་བསྐྱེད་རྫོགས་གཉིས་སོ།། འབྲས་བུའི་རྒྱུད་ནི་སྐུ་གསུམ་མོ།། དེ་ལ་གཙོ་བོར་ཐབས་ཀྱིས་རྒྱུད་གསུངས་པ་ནས་དེ་བརྗོད་པར་བྱ་སྟེ། དེ་ལ་ལེ ་དང་པོའི་ཚོགས་བཅང་གཅིག་གིས་རྒྱུད་ཀྱི་དགོས་པ་བསྟན་ཏོ།། ཚིག་བཅང་ཕྱེད་ཀྱིས་མཚོན་བསྟན་ཏོ།། ཚིགས་བཅད་ཕྱེད་དང་གཉིས་ཀྱིས་ནི་རྒྱུད་ཀྱི་གླེང་གཞི་སྟན་ཏོ།། ཚིགས་བཅད་གཉིས་ཀྱིས་ལུས་མདོར་གཞག་བསྟན། ་ལེ་རུ་དང་པོའི་ལྷག་མས་ནི་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་ཕོ་ཉའི་གཙང་སྦྲ་གནས་དང་བཅས་པ་མདོར་བསྟན་པའོ།། ལེའུ་གཉིས་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་ཏོ།། ལེའུ་གསུམ་པས་སློབ་མ་དབང ་བསྐུར་བ་བསྟན་ནོ།། ལེའུ་བཞི་པས་ལྷ་དགོད་པ་བསྟན།། དེ་ལྟར་ལེའུ་གསུམ་གྱིས་བསྐྱེད་པའི་རིམ་པ་བསྒོམ་པ་གསུངས་སོ།། ལེའུ་ལྔ་པས་རྐང་པ་བརྒྱད་པའི་གསལ་བྱེད་བཏུ་བ་བསྟན།། ལེའུ་དྲུག་པས་དཔའ་བོ་དྲུག་གི་སྔགས་བཏུ་བ ་བསྟེན།། ལེའུ་བདུན་པས་རྐང་པ་བརྒྱད་པའི་དབྱངས་ཡིག་བཏུ་བ་བསྟན། ལེའུ་བརྒྱད་པས་སྙིང་པོ་བཞི་དང་གོ་ཆའི་ལྷ་མོ་དྲུག་གི་སྔགས་བཏུ་བ་བསྟན།། ལེའུ་དགུ་པས་རྩེ་བའི་སྔགས་ཀྱི་ཕྲིན་ལས་ལྔ་བཅུ་བསྟན།། ལེའུ་བཅུ་པས ་སྙིང་པོ་སྔགས་ཀྱི་མཆོག་དང་འཇིག་རྟེན་པའི་སྔགས་གྲུབ་པ་བསྟན། ལེའུ་བཅུ་གཅིག་པས་དངོས་གྲུབ་ཀྱི་ཁ་ཟས་སྐྱེ་བ་བདུན་པ་བསྟན།། ལེའུ་བཅུ་གཉིས་པས་ཉེ་བའི་སྙིང་པོའི་ཕྲིན་ལས་བསྟན།། ལེའུ་བཅུ་གསུམ་པས་གོ་ཆའི ་སྔགས་ཀྱི་ཕྲིན་ལས་བསྟུན།། དེ་ལྟར་ལེའུ་ལྔ་པ་ནས་བཅུ་གསུམ་པའི་བར་གྱིས་སྐྱེས་པའི་རིམ་པའི་བཟླས་པ་བསྟན་ཏོ།། ལེའུ་བཅུ་བཞི་པས་དངོས་གྲུབ་ཀྱི་དཀྱིལ་འཁོར་ཚོགས་ཀྱི་འཁོར་ལོ་བསྟན།། ལེའུ་བཅོ་ལྔ་པ་ནས་ཉི་ཤུ ་ལྔའི་བར་གྱིས་ཚེགས་ཀྱི་འཁོར་ལོའི་ཡན་ལག་བསྟན་ཏོ།། ལེའུ་བཅོ་ལྔ་པས་དོག་བྱེད་ཀྱི་ལྷ་མོའི་བརྡ་བསྟན། བཅུ་དྲུག་པས་དག་བྱེད་ཀྱི་ལྷ་མོའི་བརྡའི་མཚན་ཉིད་བསྟན།། བཅུ་བདུན་པས་དབང་གི་ལྷ་མོའི་མཚན་ཉིད ་མཚན།། བཅོ་བརྒྱད་པས་དཔའ་བོའི་ལྷ་མོའི་མཚན་ཉིད་བསྟན།། བཅུ་དགུ་པས་དཀའ་བསྒོ་བའི་མཚན་ཉིད་བསྟན།། ཉི་ཤུ་པས་དབང་གི་ལྷ་མོའི་བརྡ་བསྟན།། ཉི་ཤུ་རྩ་གཅིག་པས་དཔའ་བོའི་ལྷ་མོའི་མཚན་ཉིད་དང་། རྩ་གཉིས ་པ་ལས་བཀས་གནང་བའི་ལྷ་མོའི་བཛྲ་དང་། རྩཝ་གསུམ་པ་ལས་ཀུན་སྤྱོད་མའི་མཚན་ཉིད་དང་། རྩ་བཞི་པ་ལས་དེའི་བརྡ་དང་།། རྩ་ལྔ་པ་ལས་ལྷ་མོ་ལྔའི་ལུས་ལ་དཔའ་བོ་དང་དཔའ་མོ་དགོད་པའི་སྔགས་སོ།། ལེའུ་ཉི་ཤུ་རྩ་དྲུག ་པ་ནས་རྩ་དགུའི་བར་གྱིས་ལེའུ་དང་པོའི་རྫོགས་རིམ་རྒྱས་པར་བཤད་པོ་ལས།། རྩ་དྲུག་པས་རྒྱུ་དང་ཐབས་དང་འབྲས་བུ་གསུམ་བསྟན།། རྩེ་བདུན་པས་སྦྱོར་བ་དང་དངོས་གཞི་དང་རྗེས་གསུམ་གཏན།། རྩ་བརྒྱད་པས་རྫོགས་པའི་རིམ ་བའི་གཞན་དོན་བསྟན།། རྩཝ་དགུ་པས་དབང་བཞི་པ་བསྐྲུན།། ལེའུ་སུམ་ཅུ་པས་བསྐྱེད་པའི་རིམ་པ་བསྲུང་བའི་འཁོར་ལོ་བསྟན་ཏོ།། སུམ་ཅུ་རྩ་གཅིག་ནས་བཞི་བཅུ་པའི་བར་གྱིས་དངོས་གྲུབ་ལེན་པའི་རྒྱུ་བ་དང་མི་རྒྱུ་བའི་འཁོར ་བསྟན།། བཞི་བཅུ་རྩ་གཅིག་པ་ནས་ལྔ་བཅུའི་བར་གྱིས་དངོས་གྲུབ་ལེན་པའི་གསང་སྔགས་ཀྱི་འཁོར་ལོ་བསྟན་ཏོ།། ལེའུ་ང་གཅིག་པས་བསྐྱེད་པའི་རིམ་པ་སྒོམ་པའི་ཐབས་བསྟན་ཏོ།། དེ་ལྟར་ན་ལེའུ་ལྔ་ནི་རྫོགས་པའི ་རིམ་པ་ཡིན་ལ། ལེའུ་བཅུ་གསུམ་ནི་བསྐྱེད་པའི་རིམ་པ་ཡིན་ལ།། ལེའུ་བཅུ་གཉིས་ནི་གཉིས་ཀའི་ཡན་ལག་ཚིགས་ཀྱིས་འཁོར་ལོ་ཡིན་ལ།། མཚན་མ་ཐོབ་ནས་དངོས་གྲུབ་ལེན་པ་ནི་ལེའུ་ཉི་ཤུ་ཡིན་ལ།། ཐབས་ཀྱི ་སྐོང་བ་ནི་ལེའུ་ང་གཅིག་པ་ཡིན་ནོ།། དེ་ལྟར་ན་ཐབ་དང་འབྲས་བུ་བཅས་པ་ནི་བརྗོད་པར་བྱ་བ་ཡིན་ལ། ཐོས་བསམ་བསྒོམ་གསུམ་གྱིས་ཁོང་དུ་ཆུད་པ་ནི་དགོས་པ་ཡིན་ལ། མཚན་མ་ཐོབ་ནས་དངོས་གྲུབ་གསུམ ་བསྐྱེད་པ་ནི་དགོས་པའི་ཡང་དགོས་པ་ཡིན་ནོ།། འབྲེལ་པ་ནི་དེའི་བདག་ཉིད་དང་ཐབས་དང་ཐབས་ལས་འབྱུང་བའོ།། དེའི་བསྡུས་པའི་དོན་ནི་ཐབས་དང་བསྒྱུར་བའི་ཆོ་ག་དང་དངོས་གྲུབ་ལེན་པའི་ཁ་བསྐུང་བའོ།། བསྐྱེད་རྫོགས ་གཉིས་ནི་ཐབས་ཡིན་ལ།། ཚོགས་ཀྱི་འཁོར་ལོ་ནི་བསྒྱུར་བའི་ཆོ་ག་ཡིན་ལ།། རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་ནི་འབྲས་བུ་དངོས་གྲུབ་ལེན་པ་ཡིན་ལ། ལེའུ་ང་གཅིག་པ་ནི་ཁ་བསྐྲད་པའི་མང་ངག་གོ།། ད་ནི་ཡན་ལག་གི་དོན་བརྗོད་པར ་བྱ་སྟེ། རྩ་བའི་རྒྱུད་ལེའུ་འབུམ་པ་དང་།། རྒྱུད་ཕྱི་མ་ཤློ་ཀ་འབུམ་པ་རྫོགས་པའི་རྗེས་ལ་ལེའུ་ང་གཅིག་པ་སྟོན་པར་བཞེས་ནས་དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། དེ་ཡང་དཔའ་བོ་དང་དཔའ་མོ་བརྗོད་ཀྱིས་མ ་ལང་བས་ཕྱག་འཚལ་ནས་བདུད་རྩི་རྣམ་པ་ལྔས་མཆོད་དེ་བསྟོད་གསོལ་བ་བཏབ་པའི་རྗེས་ཐོགས་ལ། དེ་ནས་ཞེས་བྱ་བ་ལ་སོ་གསུངས་པ་ཡིན་ནོ།། དེ་ཡང་ཐོགས་མར་རྒྱུད་ཀྱི་བརྗོད་བྱ་སྟོན་པ་ད་ཞེས་ནས། གསང་བ ་བཤད་བྱ་བ་ཞེས་པ་གསུངས་ཏེ། གསང་བའི་དོན་ནི་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ།། བསྐྱེད་པའི་རིམ་པའི་གསང་བ་ནི་གཉིས་ཏེ། དཔའ་བོ་གཅིག་པུ་བསྒོམ་པ་དང་། དཀྱིལ་འཁོར་གྱི་འཁོར ་ལོ་བསྒོམ་པའོ།། དེ་ཅིའི་ཕྱིར་གསང་བ་ཡིན་ཞེ་ན། དཔལ་མཆོག་དང་པོ་ལས་ཡེ་ཤེས་སེམས་དཔལ་སྙིང་གྲར་བཅུག་པས་ན་གསང་བ་གསུངས་པའི་ཕྱིར་རོ།། རྒྱུད་རྡོ་རྗེ་རྩེ་མོ་ལྔས་ཀྱང་། གསང་ཆེན་ཐེག་པ་འདི་རུ་ནི།། ་ཞུགས་པས་གང་དང་གང་ཡིན་པ། རྒྱལ་བའི་གནས་ཀྱིས་ཐོབ་འགྱུར་ཞེས་གསུངས་སོ།། རྫོགས་པའི་རིམ་པ་ནི་ཕྱག་རྒྱ་བྲན་དང་ཐབས་བཞི་དང་ལྡན་པས་གསང་བའོ།། ཅིའི་ཕྱིར་གསང་བ་ཡིན་ཞེ་ན། ཚངས་པ་ང ་ཁྱབ་འཇུག་དང་དབང་ཕྱུགས་ཆེན་པོ་དང་ཉན་ཐོས་དང་རང་རྒྱལ་བ་རྣམས་ཀྱིས་མ་གོམས་པར་བདེ་བ་སྟོང་པ་ཉིད་མི་རྟོགས་པའི་ཕྱིར་རོ།། དེ་ཡང་འདི་ཉིད་ལས། ལྷ་དང་མི་ཡི་བདེ་བ་ནི།། བསྡུས་བྱས་རྡོ་རྗེ་འཛིན་པ ་ཡི། བཅུ་དྲུག་ཆར་ཡང་མི་འཕོད་དོ་ཞེས་གསུངས་པ་དང་། ཁ་སྦྱོར་ལས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་ཡུལ་ཡིན་པས་ན་གསང་བ་ཞེས་གསུངས་སོ།། བཤད་བྱ་བ་ཞེས་བྱ་བ་ནི་སྒྲའི་དགས་པ་བསྟན ་པ་སྟེ། སྔོན་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ཁོང་དུ་ཆུད་པ་ཡིན་ཡང་། ད་ལྟར་རྣལ་འབྱོར་པ་རྣམས་ཀྱིས་རྟོག་པའོ།། ངོར་བརྗོད་པར་ཇི་ལྟར་ཇི་ལྟར་ཡིན་ཞེ་ན། མདོར་བསྡུས་པ་སྟེ་རྒྱས་པར་མིན་ཞེས་བྱ་བ་གསུངས་ཏེ། ་རྒྱུད་ལེའུ་འབུམ་པ་ལས་འདིར་བསྡུས་པ་དང་། ཤློ་ཀ་འབུམ་པ་ལས་མདོར་བསྡུས་པས་ན་རྒྱས་པར་མིན་པ་སྟེ་ལྟོས་ས་གཉིས་ནས་ཕྱི་མིའི་ཕྱི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། བརྗོད་པར་བྱ་བ་དེ་ཉིད་གསལ་བར་བསྟན ་པ་ནི་ཧེ་རུ་ཀླུ་དཔལ་ཡང་དག་སྦྱོར་ཞེས་བྱ་བ་གསུངས་ཏེ། མཚན་ཉིད་པ་སྐུ་གསུམ་གྱི་རང་བཞིན་ཡིན་ཡང་དེའི་རྒྱུ་བསྐྱེད་རྫོགས་ཀྱི་ཐབས་ལ་དཔལ་ཧེ་རུ་ཀ་ཞེས་བྱ་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བརྡ ་བཏགས་པ་ཡིན་ནོ།། ཡང་དག་སྦྱོར་ཞེས་བྱ་བ་ནི་ཤེས་རབ་སྟོན་ཏོ། དངོས་ཀྱི་ཡུམ་ས་བཅུ་གཅིག་པའི་སྟོང་པ་ཉིད་ཤེས་རབ་ཡིན་ལ། དེའི་རྒྱུའི་བསྐྱེད་རྫོགས་གཉིས་ཀྱི་ཤེས་རབ་ལ་བཙུན་མོ་ཞེས་བརྡ་བཏགས་པ་ཡིན་ནོ།། ཐབས ་ནི་དུ་ཤེས་རབ་ནི་དུ་ཞེ་ན། བསྐྱེད་པའི་རིམ་པའི་དཔའ་བོ་གཅིག་པུ་དང་། དཀྱིལ་འཁོར་འཁོར་ལ་རྫོགས་པའི་ཐབས་དང་ཤེས་རབ་དང་། རྫོགས་པའི་རིམ་པོའི་ལས་ཀྱི་ཕྱག་རྒྱུ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཕྱག་རྒྱ ་ཆེན་པོའི་ཐབས་དང་ཤེས་རབ་བོ།། དེའི་མཚན་ཉིད་ཕྱིས་བཤད་པར་བྱའོ།། ཡང་དག་སྦྱོར་ཞེས་བྱ་བ་ནི་མཉམ་པར་སྦྱོར་བའི་དོན་ཡིན་ཏེ། ཇི་ལྟར་ན་མཉམ་པར་སྦྱོར་བའི་དོན་ཡིན།། རྣམ་པར་རྟོགས་པའི་རང་བཞིན་བརྒྱད་བཅུ་དང ་བྲལ་བའི་བདེ་བ་རྟོགས་པ་མངོན་སུམ་དུ་སྐྱེ་བ་དང་། ཆོས་ཀྱི་དབྱིངས་སྟོང་པ་ཉིད་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་མཐོང་བས་ཡུལ་ཇི་ལྟ་བ་བཞིན་གྱི་རྣམ་པར་ཤེས་པ་སྐྱེས་པས་མཉམ་པར་སྦྱོར་ཞེས་བྱའོ།། ས་བཅུ་གཅིག་པའི་ཡེ ་ཤེས་ཀྱི་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་མཉམ་པར་སྦྱོར་བ་ནི་འདིར་མ་ཡིན་ནོ།། དགོས་པའི་དགོས་པ་གང་ཞེ་ན། འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་རྣམས་ཀྱི་འདོང་བའི་དོན་ནི་འཇིག་རྟེན་པའི་དངོས ་གྲུབ་འདོད་པའི་ཁམས་ཀྱི་ཡོན་ཏན་དང་། ཐུན་མོང་གི་དངོས་གྲུབ་བསམ་གཏན་དང་།། གཟུགས་མེད་ཀྱི་ཏིང་ངེ་འཛིན་དང་།། མཆོག་གི་དངོས་གྲུབ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་སོ།། སངས་རྒྱས་ཀྱི་གཞན ་དོན་སྐུ་གཉིས་ཀྱི་མཛད་པ་ནི་འདིར་རྒྱུའི་སྐབས་ཡིན་པས་བརྗོད་པ་མི་བྱའོ།། དགོས་པ་དེ་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་ཐུན་མོང་ཡིན་ན་བདེ་བར་གཤེགས་པས་ད་ལྟར་གྱི་རྒྱུད་གང་ཞིག་གསུངས་པ་སྙན་དུ་བྱང་ཆུབ་སེམས་དཔའ ་རྣམས་རྟོག་པ་ལ། མཁའ་འགྲོ་མ་ཡི་དྲ་བ་སྡོམ་ཞེས་མཚན་གསུངས་པ་ཡན་ནོ།། མཚན་ནི་རྡོ་རྗེའི་ཚིག་ཡིན་པས་བརྗོད་བྱ་རྣམ་པ་གསུམ་དུ་གྱུར་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་སའི་སྙིང་པོས་དབྱིབས་སུ་རྟོགས་པ་དང་། ་སྤྱན་རས་གཟིགས་ཀྱིས་སྔགས་སུ་རྟགས་པའི།། དབྱིབས་ནི་རྩའི་འཁོར་ལོ་ལ་བྱང་ཆུབ་སེམས་ཕབ་པས་དགའ་བ་བཞི་སྡོམ་པའོ།། སྔགས་ནི་དབུགས་འབྱུང་རྔུབ་ཀྱི་འཁོར་ལོ་སྲོག་ཨ་བདྷཱུ་ཏཱིར་བཅུག་པས་མི་རྟོག་པའི ་སྡོམ་པའོ།། ཆོས་ཉིད་སྟོང་པ་ཉིད་ལ་སྒྱུ་མའི་ཡེ་ཤེས་སྐྱེས་ནས་བདེ་བ་ཆེན་པོར་སྡོམ་པའོ།། ཅིའི་ཕྱིར་ཕྱི་མའི་ཕྱི་མ་ཡིན་ཞེ་ན། ལེའུ་འབུམ་པ་ནི་རྩ་བའི་རྒྱུད་ཡིན་ལ། ཤློ་ཀ་འབུམ་པ་ན་མཁའ་དང་མཉམ་པའི་ཕྱི་མ་ཡང ་ལེའུ་ལྔ་བཅུ་རྩ་གཅིག་པ་ནི་ཕྱི་མའི་ཕྱི་མ་ཡིན་པས་སོ།། སྤྲུལ་པའི་སྐུ་ཅིའི་ཕྱིར་བདེ་མཆོག་མ་ཡིན་ཞེ་ན། དེ་ནི་བརྗོད་པར་བྱེད་པ་མ་ཡིན་ཏེ། ལ་ལ་གཟུགས་ཀྱི་རྣམ་པར་རྟོག་པས་ཆོས་སྟོན་པ་དང་། ལ་ལ་སྒྲའི་རྣམ ་པར་རྟོགས་པས་ཆོས་སྟོན་པའི་ཕྱིར་རོ།། དེ་ལ་གཟུགས་ཀྱི་རྣམ་པར་རྟོག་པ་ལ་མོས་པ་ལ་ལྷའི་སྐུ་བསྒོམ་པ་དང་། སྒྲའི་རྣམ་པར་རྟོགས་པ་ལ་མོས་པས་སྔགས་ཟློས་པས་བཅྡོཾས་མ་ཡིན་ཏེ། ་རྡོ་རྗེ་མཁའ་འགྲོ་ལས། རང་བཞིན་རྟོགས་པའི་ཕྱིར། ཕྱི་རོལ་བཅོས་མ་རབ་ཏུ་སྦྱར་ཞེས་གསུངས་པས་སོ།། སྟོན་པ་ནི་སུ་ཞིག། གནས་ནི་གང་དུ། དུས་ནི་ནམ་གྱིས་ཚེ་འཁོར་ནི་སུ་དག་དང་། ཆོས་ནི་ཅི་ཞིག་བསྟན་སྙམ ་པ་ལ་བཅོམ་ལྡན་འདས་ཉིད་ཀྱིས་གླེང་གཞི་གསུངས་པ་ནི་གསང་བ་མཆོག་གིས་དགྱེས་པ་ན་ཞེས་པ་ནས་མཁའ་འགྲོ་དྲ་བའི་སྡོམ་པ་ཡིན་ཞེས་བྱ་བའི་བར་གྱིས་གསུངས་སོ།། དེ་ལ་གསང་བ་ནི་དགའ་བའི་གནས་སོ།། ་མཆོག་ནི་མཆོག་དགའ་གནས་སོ།། དགྱེས་པ་ནི་ལྷན་ཅིག་སྐྱེས་དགའི་གནས་སོ།། ཛམྦུའི་གླིང་གྲུ་གསུམ་ན་བཞུགས་པའོ།། ཐམས་ཅད་བདོག་ཉིད་ནི་གཅིག་སྟེ། གདུལ་བྱའི་འཁོར་དྲག་པོ་འཇིགས་བྱེད་དང་།། ་པའི་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། སྒྲོལ་པའི་འཁོར་རིགས་ལྔའི་དཔའ་བོ་དཔའ་མོ་དང་། སྡུས་པ་པོའི་འཁོར་ལྕང་ལོ་ཅན་གྱི་བདག་པོའོ།། རྟག་ཏུ་བཞུགས་ཞེས་བྱ་བ་གཉིས་ལྡན་གྱི་དུས་སུ་དྲུག ་འཇིགས་བྱེད་གཏུལ་བའི་ཚེའོ།། བཞུགས་ཞེས་བྱ་བ་ནི་གནས་དང་སྦྱར་ན་སངས་རྒྱས་ཀྱི་ཞིང་དུ་སྟོན་པ་ཡིན་ལ། སྟོན་པ་དང་སྦྱར་ན་དབང་བྱས་པ་དང་ལོངས་སྤྱོད་པའི་མཛད་པ་རྣམས་དང་ལྡན་པར་སྟོན་པ་ཡིན་ནོ།། ་མཁའ་འགྲོ་ཀུན་དངོས་སེམས་དཔའ་ནི་ཞེས་བྱ་བ་ནི་སྤྲུལ་པའི་སྐུ་སྟེ་འབྲས་བུའི་ཧེ་རུ་ཀ་ཞེས་བྱ་བའི་དོན་ཏོ།། མཁའ་འགྲོ་ནི་གཉིས་རྟོག་པ་མེད་པའི་ཞི་གནས་ཀྱི་ན་མཁའ་བསམ་གཏན་བཞི་དང་གཟུགས་མེད་པར་འགྲོ་བ་དང་གཟུང ་འཛིན་དང་བྲལ་བའི་ལྷག་མཐོང་སྟོང་པ་ཉིད་ཀྱི་ནམ་མཁའ་སྟེ་ས་བཅུ་གཅིག་ཏུ་འགྲོ་བའོ།། ཀུན་ཞེས་བྱ་བ་ནི་བསམ་གཏན་དང་གཟུགས་མེད་པའི་ཏིང་ངེ་འཛིན་ཐོབ་པ་ནི་འཇིག་རྟེན་གྱི་མཁའ་འགྲོ་ངུར་ཁྲོད་བརྒྱད་ན་གནས་པ་ཀུན ་ནཱ་མ།། ས་བཅུ་གཅིག་རྟོགས་པའི་འཇིག་རྟེན་ལས་འདས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་ལོའི་དབུས་ན་བདག་པོ་འབྲས་བུ་ཧེ་རུ་ཀ་ནི་གཙོ་བོ་ཡིན་པས་དངོས་ཞེས་བྱའོ།། སེམས་ནི་སྙིང་རྗེའི་དབང་གིས་རྒྱ་ཆེ ་བའི་སེམས་ཅན་ལ་དམིགས་པའམ། ཤེས་རབ་ཀྱི་དབང་གིས་ཟབ་པའི་ཆོས་ཉིད་ལ་གཟིགས་པས་ན་སེམས་དཔའོ།། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག་ཅེས་བྱ་བ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ།། རྒྱུའི་ཧེ་རུ་ཀའོ།། རྡོ་རྗེ ་ནི་ས་བཅུ་གཅིག་པའི་སྟོང་པ་ཉིད་དེ་དེ་ལ་སེམས་དཔའ་ནི་དག་པའི་འཇིག་རྟེན་པའི་ཡེ་ཤེས་ཏེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་བས་ན་དཔའ་བའོ།། སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་རོ་གཅིག་པས་ན་བདེ་མཆོག་ནི་ཇི་སྙེད ་པ་འམ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་སོ།། འདི་ནི་རང་འབྱུང་བཅོམ་ལྡན་དཔལ་ཞེས་བྱ་བ་ནི་ཆོས་ཀྱི་སྐུ་སྟེ་བདེ་བ་ཆེན་པོའི་ཡེ་ཤེས་སོ།། རང་འབྱུང་ནི་སེམས་རང་རིག་འོང་གསལ་ཉམས་སུ་མྱོང་བའི་རྒྱུ་རྐྱེན་ལ་སྐྱེས་པ་ཡིན་གྱི ་རྒྱུ་རྐྱེན་ལས་མ་སྐྱེས་པས་ན་རང་འབྱུང་ངོ་།། བདུད་བཞི་བཅོམ་པས་ན་བཅོམ་ལྡན་འདས་སོ།། ཉོན་མོངས་དང་ཤེས་བྱའི་སྒྲིབ་པའི་བག་ལ་ཉལ་སྤངས་པས་ན་དཔའ་བོའོ།། མཁའ་འགྲོ་དྲ་བའི་སྡོམ་པ་ཡིན་ཞེས ་བྱ་བ་ནི་བཤད་པའི་ཆོས་ཏེ་སྤྲུལ་པའི་སྒོ་དཔའ་བོ་དང་དཔའ་མོའི་དྲ་བའི་སྡོམ་པ་འམ་དབྱིབས་དང་སྔགས་དང་ཆོས་ཀྱི་བདེ་མཆོག་ཡིན་པས་ན་སྡོམ་པའོ།། ཕུན་སུམ་ཚོགས་པ་ལྔའི་གླེང་བཞི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་སུམ ་དུ་གྲུབ་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་དགོས་པ་ཅི་ཡོད་ཅེ་ན་འདི་ནི་དགོངས་པོས་བཤད་པ་ཡིན་ཏེ། སཱི་སྙིང་པོས་དབྱིབས་སུ་གོ་བ་དང་། སྤྱན་རས་གཟིགས་ཀྱིས་སྲེགས་སུ་གོ་བ་དང་། འཇམ་དཔལ་གྱིས་ཆོས་སུ་གོ་བའོ།། ་དེ་ལ་དབྱིབས་ནི་ལས་ཀྱིས་ཕྱག་རྒྱ་དཀྱིལ་འཁོར་བྷ་ག་ནི་གནས་ཡིན་ལ་དེ་ཡང་མཚན་ཉིད་གསུམ་སྟེ། དགའ་བ་འབྱུང་བས་གསང་བ་དང་། མཆོག་དགའ་འབྱུང་བས་མཆོག་དང་། ལྷན་ཅིག་སྐྱེས་དགའ་འབྱུང་བས་ན་དགྱེས་པའོ།། ཐམ ་ཅད་བདག་ཉིད་འཁོར་ལོ་སྟེ་རྩ་དྲུག་ཅུ་རྩ་བཞིའོ།། རྟག་ཏུ་བཞུགས་ནི་དགའ་བ་བཞིའི་དུས་སོ།། སྐུ་གསུམ་ནི་ལྐོག་མ་དང་སློང་ག་དང་ལྟེ་བར་ཕྱིན་པའི་བདེ་བའི།། སྟོན་པ་དེས་བཤད་པའི་འཁོར་ལོ་བཞི་ཁྱབ་པ་ནི་འཁོར་རོ།། སྔགས ་ནི་དཀྱིལ་འཁོར་གྱི་ལུས་ཀྱི་གནས་ནི་དབུགས་འབྱུང་རྔུབ་གསུམ་གྱི་མཚན་ཉིད་དང་ལྡན་པས་གསང་བ་མཆོག་གིས་དགྱེས་པ་ནའོ།། ཐམས་ཅད་བདག་ཉིད་ནི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་རྒྱའོ།། རྟག་ཏུ་བཞུགས་ནི་རླུང་གཉིས ་འགོག་པའི་དུས་ནི་སྲོག་ཨ་བ་དྷཱུ་ཏིར་ཆུད་པའོ།། སྟོན་པ་པོ་ནི་རྩཝ་གསུམ་གྱི་རླུང་དབུས་སུ་ཆུད་པའི་མི་རྟོག་པ་སྐྱེས་པའོ།། དེ་བཤད་པའི་ཆོས་ནི་དབུགས་ཉི་ཁྲི་ཆིག་སྟེང་དྲུག་བརྒྱའི་དྲུ་བ་སྡོམ་པ་ལས་སྐྱེས་པའོ།། དེ་ལ་ཆོས ་ཀྱི་དབང་དུ་བྱས་ན་ཕྱག་རྒྱ་ཆེན་པོའི་ཆོས་ཀྱི་དབྱིངས་ཀྱི་གནས་སོ།། དེ་ཡང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་མཚན་ཉིད་དང་ལྡན་པས་གསང་བ་མཆོག་གི་དགྱེས་པ་ནའོ།། ཐམས་ཅད་བདག་ཉིད་ནི་བྱང་ཆུབ་ཀྱི ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ།། རྟག་ཏུ་བཞུགས་ནི་བསམ་གྱིས་མི་ཁྱབ་པའི་དུས་ཏེ། ཤེས་རབ་ཡེ་ཤེས་ཡུལ་གྱི་སྟོང་པ་ཉིད་དང་དབང་བཞི་པ་ཡུལ་ཅན་གྱི་སྟོང་པ་ཉིད་མཐོང་བའི་དུས་སོ།། རྟག་ཏུ་བཞུགས་ནི་སེམས་འོད་གས ་བའི་རང་བཞིན་གྱིས་གནས་པའོ།། སྟོན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ་གོང་བུའི་གཟུགས་ལས་འདས་བསྒྱུར་བ་སྤྲུལ་པའི་སྐུ་དང་དངོས་པོ་མེད་པ་ཡིན་ཞེས་གསུངས་པས་ལོངས་སྤྱོང་རྫོགས་པའི་སྐུ་དང་། དེ་ཡང་བསམ ་གྱིས་མི་ཁྱབ་པ་ཞེས་གསུངས་པས་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་སྟོན་པ་དེས་བཤད་པའི་སེམས་ཀྱི་བདེ་མཆོག་གི་དྲ་བ་སྡོམ་པའོ།། དེ་ལྟ་བས་ན་སྟོན་པའི་གླེང་གཞི་བཤད་པ་ལས་ཀྱི་ཕྱག་རྒྱ་ཚགས་ལམ ་བསྒོམ་པ་དང་། ངམ་ཆོག་གི་ཕྱག་རྒྱ་གྲོལ་བའི་ལམ་བསྟན་པ་དང་། ཕྱག་རྒྱ་ཆེན་པོ་བསྒོམ་པ་རང་ལྷག་པར་གནས་པའི་ལམ་བསྟན་པའོ།། བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ཐིག་ལེ་ལས་དཀྱིལ་འཁོར་བྷ་གིལ ་དབང་དུ་བྱས་ནས་འབྱུང་བ་བཞིའི་རྩིའི་དབུས་སུ་ནམ་མཁའི་རྩ་གནས་སུ་བཤད་པས་འབྱུང་བ་ལྔ་དང་སྦྱར་བ། དཀྱིལ་འཁོར་ལུས་ཀྱི་དབང་དུ་བྱས་ནས་རླུང་ལྔ་སྟོན་པ་དང་། དཀྱིལ་འཁར་ཆོ་ས ་དབྱིངས་ཀྱི་དབང་དུ་མཛད་ནས་ཡི་གེ་བཅུ་དྲུག་གི་ཀུན་བརྟགས་པ་དང་གཞན་དབང་གི་སྣང་བ་སྤངས་པའི་ཡོངས་སུ་གྲུབ་པོའི་འོད་གསལ་བའི་སྣང་བ་བཤད་པས་སྟོང་པ་ཉིད་བཅུ་དྲུག་མཚོན་པ་ཡིན་པས་བཤད་པའི་རྒྱུད་ཀྱི ་དོན་ལ་རྨོངས་པར་མི་བྱའོ།། དེ་ལྟར་གླེང་གཞི་བཤང་ནས་རྒྱུད་ཀྱི་ལུས་མདོར་བཞག་པར་བཞེད་པ་ནི་སྒྲའི་ཚུལ་ལ་ངེས་འབྱུང་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྒྲ་ནི་རླུང་དབུས་མ་ལས་འབྱུང་བའི་ཡི་གེ་ཧཱུཾ་ངོ་།། ་དེ་ནས་བྱུང་བ་ནི་ལྷ་དྲུག་བཅུ་རྩ་གཉིས་ཏེ། སྤྲུལ་པ་ལས་འབྱུང་དཔའ་བོ་རྣམས།། ཡན་ལག་དྲུག་ཅུ་སེམས་ཀྱི་སྤྲུལ།། དག་པའི་ཆོས་ཀྱི་སྤྲུལ་པ་ནི།། ཕག་མོའི་གཟུགས་སུ་བསྟན་པ་ཡིན།། ཞེས་གསུངས་པའི་ཕྱིར་རོ།། ་དམ་ཚིག་སྤྱོད་པ་ནི་རྟེན་གྱི་གང་ཟག་རྣལ་འབྱོར་པའོ།། སྤྱོད་ཡུལ་ནི་ལྷའི་འཁོར་ལོའོ།། དེ་ཡང་ཇི་ལྟ་བུ་བསྒོམ་པར་བྱ་ཞེ་ན།། ཐོག་མོ་དབུས་མཐར་རྣམ་པར་བཞེས་ཞེས་བྱ་བར་གསུངས་ཏེ། ཐོག་མ་ནི་གནས་པའི ་རྣལ་འབྱོར་པ་ཚད་མེད་བྱིན་གྱི་བརླབས་པ་དང་ཚོགས་བསོགས་པ་དང་། སྟོང་པ་ཉིད་ལ་གནས་པའི་རྣལ་འབྱོར་རོ།། དབུས་ནི་ལྡང་བ་འཇུག་པ་ཡོངས་སུ་རྫོགས་པའི་བྱིན་གྱིས་བརླབས་པ་དང་དབང་བསྐུར་བ་དང་མཆོད ་པའི་རྣལ་འབྱོར་ཏིང་ངེ་འཛིན་ཏེ་རྣམ་པ་གསུམ་མོ།། མཐར་ཉེ་བར་བསྡུ་བ་དང་ཀུན་ཏུ་སྤྱོད་པ་སྟེ་ལྡང་བའི་རྣལ་འབྱོར་རོ།། རྣམ་པར་གནས་ཞེས་བྱ་བ་ནི་རྣལ་འབྱོར་རྒྱུད་ལ་སྦྱོར་བ་དངོས་གཞི་རྗེས་འཇུག་དགེ་བར་གནས་པའོ།། ་དེའི་ཕན་ཡོན་ཅི་ཞིག་ཅེ་ན། འཇིག་རྟེན་གསུམ་དུ་རྙེད་བཀའ་ཞེས་བྱ་བ་གསུངས་ཏེ། ས་བླ་དོང་ས་འོག་དང་ས་སྟེང་གསུམ་དུ་ཡེ་ཤེས་སེམས་དཔའ་ལུས་ལ་འཇུག་པ་དང་འཆི་པཱི་ཆེ་ཡེ་ཤེས་སེམས་དཔའ་ལ་ཕར་འཇུག་པ་རྙེད་པ་དཀའ་བའོ།། ་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་ཟབ་མོའི་རྫོགས་པའི་རིམ་པའི་དབང་དུ་མཛད་ནས་སྒྲ་ནི་ཨ་བ་དྷཱུ་ཏཱིའི་རླུང་ཡིན་ལ། འབྱུང་བ་ནི་དགའ་བ་བཞིའི་ཤེས་པ་ཡིན་ལ། དམ་ཚིག་སྤྱོད་པ་ནི་མཆེད་བཅུ་གཉིས་བདེ་བས་ཁྱབ་པ་ཡིན་ལ ་སྤྱོད་ཡུལ་ནི་བདག་བྱིན་གྱིས་རློབ་པའི་ལམ་ལས་ཐམས་ཅད་བདེ་བས་ཁྱབ་པར་རྟོགས་པ་ཡིན་ནོ།། རི་ང་རིག་འོད་གསལ་གྱི་བདེ་བ་དེ་དུས་ཐམས་ཅད་དུ་གནས་པས་ན་ཐོག་མ་དབུས་མཐར་ཡང་དག་གནས་ཞེས་གསུངས་པ་ཡིན ་ནོ།། དེ་ལ་དབང་བཞི་པའི་དུས་ཀྱི་ཚེ་མངོན་སུམ་དུ་རྟོགས་པ་ནི་འཇིག་རྟེན་གསུམ་དུ་བརྙེད་པར་དཀའ་བ་ཡིན་ནོ།། དེ་ཡང་ཐབས་གང་གིས་རྟོགས་པར་བྱ་ཞེས་ན། ཤེས་རབ་ཐབས་ཀྱིས་སྦྱོར་ཅི་བཞིན་ཞེས་པས་ཕྱག་རྒྱ་བཞི་ལས ་བདེ་བ་སྟོང་པ་ཉིད་དུ་རྟོགས་པར་བྱའོ།། ཞེས་གསུངས་པས་བཤད་པའི་རྒྱུད་ལ་རྨོངས་པར་མི་བྱའོ།། རྫོགས་པའི་རིམ་པའི་དབང་དུ་མཛད་ནས། ཐབས་དང་ཤེས་རབ་སྦྱོར་བ་བཞིན།། སྔགས་བཟླས་བསམ་གཏན་ལ ་སོགས་ལྡན།། ཞེས་བྱ་བ་གསུངས་ཏེ། བདེ་བ་རྟོག་པ་མེད་པ་ལྷན་ཅིག་སྐྱེས་པ་དང་།། བདེ་བ་སྟོང་པ་ཉིད་དུ་ཤེས་པ་དོན་གྱི་ལྷན་ཅིག་སྐྱེས་པ་གཉིས་གྲུབ་པར་བྱེད་པའི་ཐབས་ནི་ཤེས་རབ་ཕྱག་རྒྱ་གཞི་དང་ཐབས ་བཞི་སྟེ། དེ་ཡང་ཕྱག་རྒྱ་བཞི་ནི་ལས་ཀྱི་ཕྱག་རྒྱ་ནི་ལོ་བརྒྱད་ནས་ཉི་ཤུ་རྩ་བཞིའི་བར་གྱི་བུད་མེད་ཀྱི་ཨ་བ་དྷཱུ་ཏཱིའི་ནམ་མཁའི་རྩའི་རེག་བྱའོ།། ཆོས་ཀྱི་ཕྱག་རྒྱ་ནི་འདོད་པའི་ཡོན་ཏན་ལྷོ་ཡིད་དུ་མི་འོང་བ་དང་། བར་མ་སྤངས་པའི ་གཟུགས་སྡུག་པ་དང་སྒྲ་སྙན་པ་དང་དྲི་ཞིམ་པ་དང་རེག་བྱ་རྣམས་ཀྱི་ཡིད་དུ་འོང་བའོ།། དམ་ཚིག་ཕྱག་རྒྱ་ནི་ས་དང་ཆུ་དང་རླུང་སྤངས་པའི་རླུང་མེའི་དྲོད་ཅན་ནོ།། ཕྱག་རྒྱ་ཆེན་པོ་ནི་རྗེས་སུ་དཔག་པ་དང་ལུང་གིས་བསྟན་པ་དང ་ལྐོག་ཏུ་གྱུར་པ་མ་ཡིན་པ་ཆོས་ཉིད་མངོན་སུམ་གྱིས་རྟོགས་པའོ།། ཐབས་ནི་འཁྲུལ་འཁོར་གྱིས་བྱང་ཆུབ་ཀྱི་སེམས་འཛིན་པར་ནུས་པའི་རྣལ་འབྱོར་པའི་ཕྱིའི་ལུས་ཀྱི་དབང་པོ་མངོན་སུམ་ལས་ཀྱི་ཕྱག་རྒྱའི་ཐབས་སོ།། ་ཆོས་ཀྱི་ཐབས་ནི་ཡུལ་ལྔ་ཡིད་དུ་འོང་བ་ལས་སྐྱེས་པའི་བདེ་བ་ཡིད་ཀྱི་མངོན་སུ་མོ།། དམ་ཚིག་ཕྱག་རྒྱའི་ཐབས་ནི་ནང་གི་རེག་བྱ་བདེ་བ་སྐྱེས་པའི་ལུས་ཀྱི་དབང་པོ་མངོན་སུམ་མོ།། ཕྱག་རྒྱ་ཆེན་པོའི་ཐབས་ནི་རང་རིག་པའི ་མངོན་སུམ་གྱིས་ཆོས་ཉིད་མཐོང་བའི་རྣལ་འབྱོར་པའི་མངོན་སུམ་མོ།། སྦྱོར་ཇི་བཞིན་ནི་དགའ་བ་གསུལ་རང་བཞིན་བརྒྱད་བཅུ་དང་བྲལ་ནོས་རྟོགས་པ་མེད་པའི་རྣམ་པར་ཤེས་པ་དང་། བདེ་བ་སྟོང་པ་ཉིད་ཤེས་པའི་འོད ་གསལ་བའི་ཡེ་ཤེས་སོ།། ཡུལ་ཇི་ལྟ་བ་བཞིན་དུ་མངོན་སུམ་གྱི་ལམ་གྱིས་རྟོགས་པས་ན་སྦྱོར་ཅི་བཞིན་ནོ།། སྔགས་བཟླས་ནི་དབུགས་འབྱུང་རྔུབ་ཨ་བ་བྷཱུ་ཏཱིའི་བཅུག་པའོ།། བསམ་གཏན་ནི་རྟོག་མེད་ཀྱིས་མཐོང་བའི་སྟོང ་ཉིད་དེ་སྣང་བའོ།། སོགས་ནི་བླ་ན་མེད་པའི་སྦྱིན་སྲེག་དང་མཆོད་སྦྱིན་དང་སློབ་དཔོན་ནོ།། དེ་ཡང་ཁ་སྦྱོར་ལས་འབྱུང་རྔུབ་འཁོར་བས་བཟླས་པ་ཡིན། སྒྲོ་མ་པ་སོ་སོར་སྣང་བ་ན། སློབ་དཔོན་སེམས་ཀྱི་རྒྱལ་པོ་ཡིན།། ཨེ་བཾ་ལ ་སོགས་གང་གསུངས་པའོ།། ཞེས་གསུངས་སོ།། སྦྱོར་གཉིས་ཆོ་གའི་ཡེ་ཤེས་ནི་མཚན་ཉིད་ཀྱི་ཐེག་པ་ལྟར་གོམས་པ་འམ་དུ་བྱེད་པ་མ་ཡིན་པ་ཕྱག་རྒྱ་བཞིའི་རྒྱུ་རྐྱེན་བསགས་པ་ལས་བྱུང་བའི་ཡེ་ཤེས་བླ་མའི་མན་ངག་མངོན ་སུམ་གྱིས་གཞན་དོན་གྱིས་སྐྱེས་པས་ན་ཆོ་གའི་ཡེ་ཤེས་སོ།། རྒྱུད་ལས་གསུངས་པ་ཞེས་པ་ནི་ལེའུ་འབུམ་དང་ཤློ་ཀ་འབུམ་པ་ལས་སོ།། མཉམ་པར་གྱིས་ཞེས་བྱ་བ་ནི་སྡུས་པ་པོ་ལག་ན་རྡོ་རྗེ་ལ་སེམས་རྩེ་གཅིག་པས་ཉོན ་ཅིག་པའོ།། དེ་ལྟར་ཚིགས་སུ་བཅད་པ་གཉིས་ཀྱིས་ལེའུ་ལྔ་བཅུ་རྩ་གཅིག་གི་ལུས་མདོར་བཞག་གསུངས་ནས། ད་ནི་ལེའུ་དང་པོ་རྫོགས་པའི་རིམ་པའི་མདོར་བསྟན་གནས་དང་བརྙས་པ་བརྒྱས་པར་བཤད་ནས། དབུགས་འབྱུ ་བར་མ་མཆོག་དང་དྲིའི་ཞེས་བྱ་བ་གསུངས་ཏེ། དང་པོ་སྣོད་ཅིག་ཏུ་ཟ་བ་ཚོགས་ཀྱི་འཁོར་ལོ་བསྟེན་པའི་རྫས་དང་། དབུགས་འབྱུང་བྱང་ཆུབ་ཀྱི་སེམས་དང་། བར་མ་རང་འབྱུང་གི་ཁྲག་དང་། མཆོག་ཤ་ཆེན་པོ་དང་། དྲི་ནི ་བཤང་བ་དང་དྲི་ཆུ་ནི་གཅི་པ་དང་། བཅས་པ་ནི་རྟ་དང་གླང་པོ་དང་ཁྱི་དང་། པ་ལང་དང་མི་ཏེ་ལྔའོ།། དེ་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ནས་རིགས་ལྡིའི་རང་བཞིན་ཅན་གྱིས་རོ་རྡོ་རྗེ་མར་སྐྱེས་པའོ།། ་རྣལ་འབྱོར་པས་དུས་རྟག་ཏུ་ཁྱད་པར་རིགས་ལྡན་རྣམས་ནི་མཆོད་པར་བྱའོ།། ཞེས་བྱ་བ་ནི་ཐུན་བཞི་འམ་དུས་དྲུག་དུ་ཚོགས་ཀྱི་འཁོར་ལོའི་ལྷ་མཆོད་པར་བྱའོ།། རྣལ་འབྱོར་པ་ནི་རྟེན་གྱི་གང་ཟག་གོ། དུས་རྟག་ཏུ་ཞེས་པ་ནི་རྒྱུད ་མི་འཆད་པར་དུས་དྲུག་གོ། ཁྱད་པར་ནི་རྟོག་པ་མེད་པའི་ཤེས་རབ་རོ་མྱང་བའི་རིགས་ལྡན་ནི་ལྷ་དྲུག་ཅུ་རྩ་གཉིས་སུ་བསྐྱེད་པའོ།། མཆོད་པ་ནི་ནང་དུ་འཁོར་ལོ་བཞི་པ་ལ་དཀྱིལ་འཁོར་བཞི་བསྒོམ་པ་དང་། ལུས་ཀྱི་དཀྱིལ་འཁར ་དང་ལྔ་ལ་ནང་གི་སྦྱིན་སྒེག་དབུལ་བའོ།། ཚོགས་ཀྱི་འཁོར་ལོ་དེ་ཡང་གཉིས་སུ་གྱུར་ཏེ་བདུད་རྩི་ལྔའི་རརྭ་རྡོ་རྗེ་མ་ལ་ཡིད་ནོང་དུ་ཆུད་པ་ཡིས་བདེ་བ་རྟོག་མེད་ཀྱི་འདོད་པའི་དངོས་གྲུབ་བསྒོམ་པ་འམ། གལ་ཏེ་ཡིད་ཕྱིར་བྱུང་ན་དུས ་དྲུག་ཏུ་རིགས་ལྡན་དཀྱིལ་འཁོར་ལ་སྦྱིན་སྲེག་གི་མཆོད་པའོ།། རོ་འབའ་ཞིག་གིས་ཚོགས་ཀྱི་འཁོར་ལོ་བྱ་བའམ་ཞེ་ན། ཕོ་ཉ་ལྷན་ཅིག་སྐྱེས་དངོས་གྲུབ།། མཆོག་དང་འབྲིང་དང་ཐ་མ་སྟེ་ཞེས་བྱ་བ་གསུངས་ཏེ། ཕོ་ཉ་ནི ་མཚན་ཉིད་དང་ལྡན་པའི་བུད་མེད་དགེ་བསྙེན་མའི་སྡོམ་པ་དང་བྱང་ཆུབ་སེམས་དཔའི་སྡོམ་པ་དང་སྔགས་ཀྱི་དབང་བསྐུར་ཐོབ་པའོ།། དེ་བཞི་ནི་ས་བཞིར་བྱས་ནས་རྣལ་འབྱོར་པའི་ལོངས་སྤྱོད་བྱ་ཞེས་གསུངས་སོ།། ལྷན་ཅིག ་སྐྱེས་པའི་དངོས་གྲུབ་ནི།། གོམས་པ་ལས་བྱུང་མ་ཡིན་པ།། བདེ་བ་རྟོག་མེད་རྒྱུ་རྐྱེན་ཚོགས་པ་ལས་སྐྱེས་པའི་དགའ་བ་བཞི་ནི་ལྷན་ཅིག་སྐྱེས་པའི་དངོས་གྲུབ་པོ།། མཆོག་ནི་ལས་ལ་སྐྱེས་པ་སྟེ་སྐྱེ་བ་སྔ་མར་གསང་སྔགས་ཀྱི་སྒོམ་པ ་གོམས་པའི་ཚོགས་ལ་དང་སྦྱོར་ལམ་མཐོང་ལམ་སྒོམ་ལམ་ཐོབ་པའི་བྱང་ཆུབ་སེམས་མའོ།། འབྲིང་ནི་ཞིང་སྐྱེས་ཏེ་གནས་ཉི་ཤུ་རྩ་བཞི་དང་ཡུལ་དབུས་སུ་སྐྱེས་པ་དང་དབ་ངོ་བོ་ཚང་བ་དོང་ལས་ཀྱི་མཐའ་མ་ལོག་པས་དགེ ་བ་ལ་འཇུག་པ་དང་། སྔགས་ཀྱི་བསྟན་པ་དད་པ་ལ་དང་། བསྟན་པ་དང་ཕྲད་པ་སྟེ་བདག་གི་འབྱོར་པ་ལྔ་དང་ལྡན་པའོ།། ཐབས་ནི་སྔགས་ལས་སྐྱེས་མཱ་སྟེ་རྡོ་རྗེ་སློབ་དཔོན་གྱི་ཕྱག་རྒྱར་གྱུར་པས་མ་དང་། རང་དང་ལྷན་ཅིག་དབང་བསྐུར ་བའི་སྲིང་མོ་དང་། རང་གི་དབང་བསྐུར་བའི་བུ་མོ་དང་། སློབ་མས་དབང་བསྐུར་བའི་ཚེ་མོ་དང་། རང་གི་སྒོམ་པའི་ཡན་ལག་ཏུ་གྱུར་པ་ཕོ་ཉ་མཱའོ།། ཚིག་དེ་རྣམས་ནི་རེག་བྱ་རྡོ་རྗེ་མ་ཡིན་ལ་དེ་ལ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག ་བྱ་དང་ལྡན་པས་ཚོགས་ཀྱི་འཁོར་ལོའི་ཡུལ་ནི་འདོད་པའི་ཡོན་ཏན་ལྔ་ཡིན་ནོ།། ཞེས་བསྟན་ཏོ།། ཡིད་ནི་ནང་དུ་ཆུད་པ་ཡིས།། འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་བྱ་བ་ལ་ཡིད་ནི་རྣམ་པར་རྟོགས་པའོ།། ནང་དུ་ཆུད་པ ་ནི་སྲོག་ཨ་བ་དྷཱ་ཏཱི་ར་ཆུད་པས་འདོད་ཡོན་ལྔ་ལ་ཤེས་པ་རྟོག་པ་མེད་པར་སྐྱེས་པའོ།། འདོད་པའི་དངོས་གྲུབ་ནི་བདེ་བ་རྟོག་པ་མེད་པ་བསམ་གཏན་གྱི་སྡོམ་པ་མི་གཡོ་བའི་ལས་སོ།། གལ་ཏེ་རྟོག་པ་སྐྱེ་བར་གྱུར་ན་ཇི་ལྟར ་བྱ་ཞེ་ན། རང་རྫས་ཐིག་ལེས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མཆོད་པར་བྱ་ཞེས་བྱ་བ་གསུངས་ཏེ། དགའ་བྲལ་དུ་སོང་བྱང་ཆུབ་ཀྱི་སེམས་ཀྱིས་ཕུང་པོ་ལྔའི་སངས་རྒྱས་དང་། དབང་པོ་དྲུག་གི་བྱང ་ཆུབ་སེམས་དཔའ་དང་། འབྱུང་བ་ལྡིའི་ཡུལ་ལ་མཆོད་པར་བྱའོ།། ཡུལ་ལ་མཆོད་པར་བྱའོ།། དེ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་རྣམས་ལྔ་དགའ་བྲལ་དུ་སོང་ན་གཟུགས་རྡོ་རྗེ་མ་ལ་སོགས་པས་ཕྱི་དང་ནང་གི་དཀྱིལ་འཁོར ་ལ་མཆོད་པར་བྱའོ།། དེ་སྐད་དུ་ཡང་མཉམ་སྦྱོར་ལས།། ལྷ་ལ་དམིགས་པ་བྱེད་པ་དག། རྣལ་འབྱོར་གཟུགས་བརྙན་རང་བཞིན་ཏེ།། རང་གི་དམ་ཚིག་བདག་སྦྱོར་བ།། མི་འགྱུར་དམ་པ་གྲུབ་པར་འགྱུར།། གཟུགས་བརྙན ་ལུགས་མ་ལ་སོགས་པ། རྣལ་འབྱོར་འབྱུང་བར་མི་འགྱུར་ཀྱང་།། བྱང་ཆུབ་སེམས་ལ་རབ་བརྩོན་ནོ།། དེ་ལས་རྣལ་འབྱོར་ལྷར་འགྱུར་རོ།། ཞེས་གསུངས་སོ།། ཡང་ན་རྣམ་པར་རྟོག་པས།། ལས་ཀྱི་ཕྱག་རྒྱ་སྤངས་པ་ཡི།། འགྲོ། ་བའི་ལམ་ལ་ཇི་ལྟར་ཡིད་།། ནང་དུ་ཆུད་པར་བྱ་ཞེ་ན།། མཐོང་བ་དང་ནི་རེག་པ་དང་།། ཐོས་པ་དང་ནི་དྲན་པ་ཡིས།། ཞེས་བྱ་བ་གསུངས་ཏེ། མཐོང་བ་གཟུགས་རྡོ་རྗེ་མ་ནས་རེག་བྱ་རྡོ་རྗེ་མའི་བར་དུ་ཐོས་པས་སྒྲ་རྡོ་རྗེ་དང་། དྲན་པ་ཆོས ་ཀྱི་རྡོ་རྗེ་མ་ལས་རྨོངས་པ་དྲན་པ་འདུ་བྱེད་སྔོན་ཉམས་སུ་མྱོང་བའི་དོན་ཏོ།། དེ་ལ་ཡིད་ནང་དུ་ཆུད་པ་རྟོག་པ་མེད་པ་སྐྱེས་པས་རྟོག་པ་ལས་གྲོལ་བར་འགྱུར་བ་འམ། ཡིད་ཕྱིར་བྱུང་ནས་རྟོག་པ་སྐྱེས་ན་དང་བའི་དད་པས་གཟུགས ་རྡོ་རྗེ་མ་ལ་སོགས་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཆོད་པ་བྱེད་པ། དེ་ལྟར་གྲོལ་བའི་ལམ་འདི་ལ་ཡང་ཐེ་ཚོམ་མེད་པར་མཆོད་པར་འགྱུར་རོ།། དེའི་ཕན་ཡོན་གསུངས་པ་ནི་ཡིད་ནང་དུ་ཆུད་པས་རྣལ་འབྱོར་པ་ཉིད་བསྟོད ་ནམས་མཆོག། དག་བྱེད་སྡིག་པ་འཇིག་བྱེད་པ། བསོད་ནམས་མཆོག་ནི་རྟོག་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་དགུའོ།། དག་བྱེད་ནི་རྒྱུ་ཀུན་འབྱུང་དག་པའོ།། སྡིག་པ་འཇིག་པ་ནི་སྡུག་བསྔལ་གྱི་བདེན་པ་ཟད་པའོ།། གལ་ཏེ་ཡིད ་ཕྱིར་འབྱུང་བ་ལ་བསོད་ནམས་ཀྱི་ཚོགས་སུ་གྱུར་པ་ནི། གསང་སྔགས་ཟློས་པའི་བཟླས་བརྗོད་དང་། བསམ་གཏན་གྱིས་ཀྱང་འགྲུབ་པར་འགྱུར། ཞེས་བྱ་བ་གསུངས་ཏེ། གསང་སྔགས་ཟློས་པའི་དུས་དྲུག་ཏུ་རིས་དྲུག་གི་བཟླས ་པ་ཟློས་པའོ།། བཟླས་བརྗོད་ནི་དབུགས་འབྱུང་རྔུབ་ཀྱི་བཟླས་པའོ།། བསམ་གཏན་ནི་རྡོ་རྗེ་སེམས་དཔའ་རྣམ་སྣང་དང་པདྨ་གར་དབང་དང་། ཧེ་རུ་ཀ་དང་རྡོ་རྗེ་ཉི་མ་དང་རྟ་མཆོག་གི་ཏིང་ངེ་འཛིན་བསྒོམས་ནས་དུས་དྲུག་དུ་བདུད ་རྩི་རྣམ་པ་དྲུག་མྱངས་ན་གྲུབ་པར་འགྱུར་རོ།། ཀྱང་ཞེས་པ་ཡིད་ནང་དུ་ཆུད་པ་ལས་ཕྱིར་འབྱུང་བ་ཡང་བསོད་ནམས་ཀྱི་ཚིགས་སུ་འགྱུར་བའོ།། དེ་སྐད་དུ་ཡང་རྡོ་རྗེ་མཁའ་འགྲོ་མས།། ཐོ་རངས་དགུན་སྨད་གྱུར་པ་ན།། ་དཔྱིད་དང་དབྱར་ནི་ཉིན་ཆ་གཉིས།། ཉོན་ཕྱེད་མཁས་པས་སོས་ཀ་སྦྱར།། སྲོང་ནི་དེ་བཞིན་སྟོན་ཀ་སྟེ། དགུན་སྟོང་མཚན་ཕྱེད་ཆ་ཡིན་ནོ་ཞེས་གསུངས་སོ།། རྡོ་རྗེ་འདི་རྣམས་ཀྱི་རང་བཞིན་ཤེས་པར་བྱས་ལ་རྡོ་རྗེ་སེམས ་དཔའ་ལ་སོགས་པ་དང་། སྦྱར་བར་བྱ་སྟེ། རྡོ་རྗེ་སེམས་དཔའ་དགུན་སྨད་དེ།། རྣམ་པར་སྣང་མཛད་ཐུབ་པ་སྤྱོང་།། དེ་བཞིན་རྟ་མཆོག་སོ་ག་སྟེ། དགུན་ནི་སྦྱར་ནཱ་ཧེ་རུ་ཀ། རྡོ་རྗེ་ཉི་མ་སྟོན་ཀ་ལ།། པདྨ་གར ་དབང་དགུན་སྟོང་ངོ་།། སོ་ག་མར་མེ་བཟའ་བྱ་སྟེ། དེ་བཞིན་དུ་ནི་དབྱར་ཀ་ཆུ། སྟོན་གྱི་དུས་སུ་མར་ཁུ་སྟེ།། དེ་བཞིན་དགུན་སྟོང་མེ་ཏོག་གོ། ཀྱེ་ཧོ་དགུན་སྨད་ག་པུར་ཏེ། དེ་བཞིན་དཔྱིད་ནི་གཞི་མཉམ་མོ།། དེ་རྣམས་སྨན་ནི་ཆེན་པོ་སྟེ། དུས ་ཏུ་ནི་ཡོངས་ཤེས་བྱའོ།། དུས་མཆོག་འདི་དང་མཉམ་མེད་། སྦྱོར་བ་ཀུན་གྱི་དམ་པ་ཡིན།། རང་བཞིན་དེ་རྣམས་རྫོགས་པར་ནི།། ནམ་ཞིག་རྣལ་འབྱོར་པ་གྱུར་ན།། རྣལ་འབྱོར་མ་རྣམས་མཉེས་འགྱུར་ཏེ། རྣལ་འབྱོར་མཁའ ་འགྲོ་མ་སྡུད་པའོ་ཞེས་གསུངས་པས་སོ།། སོ་ག་ས་དང་དབྱར་དང་སྟོན་ཀ་དང་དགུན་སྟོང་དང་དགུན་སྨད་དང་དུས་དྲུག་ནི་རིས་དྲུག་གི་འདོད་པའི་ལྷ་ཀུན་གསལ་བར་བྱས་ལ། འདོད་པའི་ཡོན་ཏན་ལྔས་དྲན་པའི་བདེ་བ་དང ་ལྡན་པ་ལས་ཕྱིར་འཕྲོད་པའི་བསོད་ནམས་ཀྱི་ཚོགས་བསགས་པར་བྱའོ།། དངོས་གྲུབ་ཀྱི་རྒྱུ་གང་ཞེ་ན། ཤན་ཏུ་མཉམ་གཞག་སྒྲུབ་པ་པོས།། དམ་ཚིག་རྟག་ཏུ་བསྐྱང་བར་བྱ་ཞེས་བྱ་བ་གསུངས་ཏེ། ཤིན་ཏུ་མཉམ ་གཞག་ནི་རྣལ་འབྱོར་པ་སེམས་རྩེ་གཅིག་པའོ།། དམ་ཚིག་ནི་རིག་པའི་དབང་བསྐུར་བའི་རིགས་ལྔའི་དམ་ཚིག་བཅུ་བཞི་དང་ཕྱིར་མི་ལྡོག་པའི་དབང་གི་སྡོམ་པ་རྡོ་རྗེ་སློབ་དཔོན་སྨོད་པ་ནས་ཤེས་རབ་བུད་མེང་སྨོང་པའི ་བར་དུ་བཅུ་བཞི་དང་གསང་བའི་བཞི་དང་། ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་བརྒྱད་དེ། བཞི་བཅུ་དུས་དྲུག་ཏུ་དྲན་པས་བརྟག་ཏུ་བསྐྱང་བར་བྱའོ།། བཞི་བཅུ་དེ་ཁོ་ན་བསྐྱོང་ངམ་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱི་སྲུང་བ་ཡིན་ཏེ། ཀུན་རྫོགས ་བྱང་ཆུབ་ཀྱི་སེམས་བདེ་བ་རྟོག་མེད་བསམ་གཏན་གྱི་སྡོམ་པ་དང་། དོན་དམ་པ་བྱང་ཆུབ་སེམས་བདེ་བ་སྟོང་པ་ཉིད་ཤེས་པ་ཟག་མེད་ཀྱི་སྡོམ་པའོ།། དྲན་པས་ནི་དོམ་ཚིག་བསྲུང་བ་ཡིན་ལ།། དམ་ཚིག་གིས་ནི་བྱང་ཆུབ་ཀྱི་སེམས ་བསྲུང་བ་ཡིན་ནོ།། གལ་ཏེ་ཉམས་ན་ཅི་ཞེ་ན། དམ་ཚིག་ཉམས་ཉམས་པ་དཀྱིལ་འཁོར་དུ། དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར་ཞེས་བྱ་བ་གསུངས་ཏེ། དམ་ཚིག་བསྲུང་བའི་སེམས་མེད་པས་ཉམས་ན་དབང་བསྐུར་ནི་མི་ཐོབ་པ་དང་། ་ཉོན་མོངས་པའི་དབང་གིས་དམ་ཚིག་ཉམས་ན་དངོས་ཐོབ་པར་མི་འགྱུར་བའོ།། འདི་སྐད་སྟོན་པ་ཡིན་ཏེ། དྲིའི་ཐིག་ལེ་དང་མེ་ཏོག་གི་ཚེ་མ་བུ་དང་ཡིག་འབྲུ་དང་ཕྱག་མཚན་དང་ལག་པའི་ཕྱག་རྒྱ་ཆེན་པོ་གཟུགས་བརྙན་གྱི་དཀྱིལ་འཁོར ་བཞག་ནས་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་དང་། རྣལ་འབྱོར་པ་ཉི་ཤུ་རྩ་ལྔའི་རང་བཞིན་དུ་བསྐྱེད་ནས་རང་རང་གི་གནས་སུ་རང་རང་གི་ཕྱག་རྒྱ་དང་། སྒོམ་པ་དང་བཟླས་པ་དང་ངག་གི་བརྡ་དང་ལུས་ཀྱི་བརྡ་དང་བཅས་པས་འདོད ་པའི་ཡོན་ཏན་ལྔ་ལ་རྒྱུ་རྐྱེན་ཚོགས་པ་ལས་ལུས་བདེ་བ་དོང་ཡིད་བླའི་བསམ་གཏན་གྱིས་ཏིང་འཛིན་པསྐྱེས་པའམ། གལ་ཏེ་རྟོག་པ་བྱུང་ན་དད་པ་དང་བའི་སེམས་ཀྱིས་ལྷའི་འཁོར་ལོ་ལ་ནང་གི་སྦྱིན་སྲེག་དབུལ་བར་བྱའོ།། ་ཡང་ན་མཁའ་འགྲོ་ལས་བྱུང་བ་ལྟར་གོ་ཆ་དྲུག་གི་ལྷར་སྐྱེས་པར་བྱའོ།། ཡང་ན་རྒྱུད་བླ་མ་ནས་བྱུང་བ་བཞིན།། མཁའ་སྤྱོད་བྱ་ཡི་གཟུགས་ཅན་གྱིས།། ཐུགས་ཀྱི་འཁོར་ལོ་བསྒྲུབ་པ་དང་།། ས་སྦྱོང་མི་གཟུགས ་ཅན་གྱིས། གསུང་གི་འཁོར་ལོ་སྒྲུབ་པ་དང་།། ས་འོག་དུས་འགྲོའི་གཟུགས་ཅན་གྱི་བོང་བུའི་རྣམ་པས་སྐུའི་གྲུབ་པ་བསྒྲུབ་པར་བྱའོ།། འཇིག་རྟེན་པའི་ལུས་དང་ངག་གི་སྤྱོད་ལམ་དོར་ནས་ལུས་ངག་གི་བརྡ་བྱ་བ་ཡིན་ཏེ། དེ་སྐད་དུ་ཡང་མཉ ་ར་ལས།། དེ་ནས་ཁྲུས་བྱས་དྲི་ཞིམ་ལུས།། ཅི་འདོད་པ་ཡི་གོས་ངང་རྒྱན།། སྣ་ཚོགས་གོས་ནི་བསྒོམས་ནས་ཀྱང་།། མེ་ཏོག་ཕྲེང་ལྡན་ཁ་དྲི་ཞིམ།། གང་གི་ལྷ་དང་འདྲི་བ་ཡི།། བུད་མེད་དག་ནི་ལེགས་བསྒྲུབས་ལ།། སྐལ་བཟང་ངདག་ནི ་ཕྱག་རྒྱས་མཚན།། ཚོགས་ཀྱི་འཁོར་ལོ་བརྟགས་པར་བྱ་ཞེས་གསུངས་སོ།། དེ་ལྟར་ཚོགས་ཀྱི་འཁོར་ལོ་བཤད་ནས་ཞི་བའི་བཏུང་བ་བཤད་པར་བྱས་ཏེ། བཅིང་སྒྲ་མཚན་དང་ག་པུར་བཅས། ཙན་དན་མེར་དུ་སྦྱར་བ་ནི་ཞེས་བྱ་བ ་གསུངས་ཏེ། གསང་བའི་དབང་བསྐུར་བའི་ཡུལ་རྡོ་རྗེ་མར་སྟོན་པ་ཡིན་ནོ།། དེ་ཡང་གང་ཞེ་ན་སྦྲང་རྩི་སྟེ་གཅི་བ་དང་། མཚལ་ཏེ་རང་བྱུང་དང་། ག་ར་ཏེ་བྱང་ཆུབ་སེམས་དང་། མར་ཏེ་ཤ་ཆེན་པོ་དང་། ཙན་དན་ཏུ་བཤང་བ་དང་། སྦྱར ་པའི་ཤ་ལྔ་དང་བསྲེས་ནས་རོ་མཉམ་པར་བྱས་པའོ།། དེ་གང་དུ་བཞག་ཅེ་ན། ཚོགས་ཀྱི་ནང་དུ་བཞག་པར་བྱ་ཞེས་གསུངས་ཏེ། ལྷ་དྲུག་ཅུ་རྩ་གཉིས་ཀྱི་དབུས་ཐོད་པ་བཞིའི་གན་སུའོ།། ལྷ་དེ་རྣམས་ཇི་ལྟ་བུ་ཞེ་ན། ཐམས་ཅད་རྡོ ་མཚན་མ་འཛིན་ཞེས་བྱ་བ་གསུངས་ཏེ། དཔྲལ་བར་རྡོ་རྗེ་ཕྲེང་བས་རྒྱུན་པའོ།། དེ་ཇི་ལྟར་མྱང་བར་བྱ་ཞེ་ན།། སྦོམ་པོ་མཐའ་ལྷག་རྩེ་སྦྱར་བསྭཱ་ཞེས་བྱ་བ་གསུངས་ཏེ། མཐེ་བོང་དང་སྲིན་ལག་གཉིས་ཀྱིས་ལྕེའི་སྟེང་དུ་རོ་བཞག་པར་བྱའོ།། ་དེ་ཇི་ལྟར་ཤེས་པས་ཞི་བའི་བཏུང་བར་འགྱུར་ཞེ་ན། རྣལ་འབྱོར་རིག་པས་རྟག་ཏུ་དཔྱད་ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་བསམ་གཏན་གྱི་བདེ་བོའོ།། རིག་པ་ནི་ལྕེའི་དབང་པོ་མངོན་སུམ་གྱིས་དགའ་བ་བཞིའི་བྱེ་བྲག་རྟོགས་པ་དང་། ་དེ་ཡང་བདུད་རྩི་ལྡིའི་རོ་ལ་དང་པོར་སྐྱེས་པའི་བདེ་བའི་རང་བཞིན་དགའ་བ་དང་། མཆོག་དགའ་ཡད་བདེ་བ་ལྷན་ཅིག་སྐྱེས་དགའ་སྐྱེས་པའི་རྗེས་ལ་བླ་མའི་མངོན་སུམ་གྱི་གཞན་དོན་གྱི་རོའི་སྟོང་པ་ཉིད་རྟོགས་པ་རྣལ་འབྱོར་གྱིས ་མངོན་སུམ་སྐྱེས་པ་ནི་རྟག་ཏུ་དཔྱད་ཅེས་བྱ་བ་ཡིན་ཏེ། ཁ་སྦྱོར་ལས་ཀྱང་རྣམ་ཤེས་དང་ནི་ཡེ་ཤེས་ཀྱི།། ཡུལ་གྱི་རིག་པ་རྟག་ཏུ་དཔྱད་ཅེས་བྱ་བ་གསུངས་སོ།། དེ་ལྟར་ན་ལྕེའི་དབང་པོའི་མངོན་སུམ་དང་། རྣལ་འབྱོར་གྱི་མངོན ་སུམ་གྱི་རང་བཞིན་བརྒྱད་བཅུ་དང་བྲལ་བའི་རོའི་སྟོང་པ་ཉིད་ཉམས་སུ་མྱོང་བ་ནི་ཞི་བའི་བཏུང་བ་ཞེས་བྱའོ།། གླང་ན་བཞི་ལས་ཚོགས་ཀྱི་དབུས་ནི་ལུས་ཀྱི་དཀྱིལ་འཁོར་ཡིན་ལ་རྡོ་རྗེའི་མཚམས་འཛིན་པ་ནི་ཁ་སྦྱར་བ་ཡིན་ལ། ་སྦོམ་པོ་ནི་གསང་བའི་རྡོ་རྗེ་སྲིན་ལག་གི་པདྨ་དེ་སྦྱར་བ་ལས་འབྱུང་བའི་བྱང་ཆུབ་ཀྱི་སེམས་རྣལ་འབྱོར་པས་རིག་པ་ནི་ཞི་བའི་བཏུང་བ་ཡིན་ནོ་ཞེས་གསུངས་ཏེ། གཞན་གྱི་དོན་སློབ་མ་དབང་བསྐུར་བའི་དོན་དུ་གསུངས་པས ་བཤད་པ་རྒྱུད་ལ་རྨོངས་པར་མི་བྱའོ།། དེ་ལྟར་ཤེས་པ་རྟོག་པ་མེད་པར་གྱུར་པས་ཞི་བའི་བཏུང་བ་མྱངས་ན་དངོས་གྲུབ་རྟག་པ་ཐོབ་པར་འགྱུར་ཞེས་གསུངས་ཏེ། ཞི་བའི་བཏུང་བ་ནི་རི་བོང་འཛིན་ལས་རྩ་བཞི་པ་ཞེས་གྲགས ་པས་སྐྱེས་པ་སྐར་མ་རྒྱལ་དང་གཟའ་ཕུར་བུ་ལ་བཏུས་ནས་པ་རེ་ཎ་སིའི་རིག་བྱེད་ཀྱི་གནས་སུ་བང་གི་ཅན་གྱི་པགས་པ་ལ་སྔགས་སྟོང་རྩ་བརྒྱད་བཟླས་ན་བརྡུངས་ཏེ་དེའི་ཆུ་འཐུངས་ན་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་པོ། ་ཞེས་རིག་བྱེད་ཀྱི་གཞུང་ནས་བྱུང་བས། དེ་པེ་དེ་བཞིན་དུ་བདུད་རྩི་ལྔའི་རོ་ལས་ཤེས་པ་རྟོག་མེད་སྐྱེས་ནས་ཆོས་ཀྱི་སྐུ་ཐོབ་པར་འགྱུར་རོ།། གལ་ཏེ་ཤེས་པ་རྟོག་མེད་སྐྱེས་ནས་དེ་བསོད་ནམས་ཀྱི་ཚིགས་སུ་གྱུར་པ་ནི། འདི་ནི་མི ་འཆི་བཅུ་ཕྱེད་གྱུར། དངོས་གྲུབ་ཐམས་ཅད་འཇུག་བྱེད་ཡིན་ཞེས་བྱ་བ་གསུངས་ཏེ། མི་མཆི་བཅོཾ་ཕྱེད་ནི་བདུད་རྩི་ལྡེའི་དྲི་མ་མེད་པའི་དེ་ཁྭ་ཉིད་དང་། འདོད་པའི་དབང་ཕྱུག་གི་དེ་ཁོ་ན་ཉིད་དང་། ཚེ་འཕེལ་བའི་དེ་ཁོ་ན་ཉིད་དུ་གྲུབ ་པས་ན་དངོས་གྲུབ་ཐམས་ཅད་གྲུབ་ཅེས་བཤད་དོ།། དེ་ལྟར་འཚོ་བའི་གཏུང་བ་བཤད་ནས་ད་ནི་འཕོ་བའི་གཙང་སྦྲ་བཤད་པར་བྱས་ཏེ་མཆོད་བཞི་དེ་བཞིན་རྣལ་འབྱོར་མ། དབང་གཉིས་སྙོམས་པར་འཇུག་པ་ཡི་ཞེས་བྱ། ་བྱ་གསུངས་ཏེ། མཆོང་བཞི་ནི་དཔེས་སྟོན་པ་ཡིན་ཏེ།། དུང་ཅན་མ་དང་པདྨ་ཅན་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་དང་། ཡིད་དུ་འོང་བའི་ཡུལ་མཆོས་ཀྱིས་ཕྱག་རྒྱ་དང་། སྦྱོར་བ་ལེགས་པའི་གཏུམ་མོ་མེ་དྲོད་ཅན ་དང་། མངོན་སུམས་ཀྱིས་མཐོང་བའི་སྟོང་པ་ཉིད་ཀྱི་ཕྱག་རྒྱ་ཆེན་པོ་ལས་བདེ་བ་ཟག་པ་མེད་པ་དེ་བཞིན་དུ་ཐ་མལ་པ་ལས་ཀྱི་ཕྱག་རྒྱ་རི་རྣལ་འབྱོར་མ་ལས་བསྟན་བསྒྲུབ་བཞིས་སྦྱངས་པའི་ས་བཅུ་གཉིས་ཀྱི་ཕ་རོལ་མེ་རླུང་གཉིས་ཀྱི་ཆུ ་རོལ་ན་དབུས་མ་ན་མཁའི་རླུང་དང་ཁ་སྦྱར་ནས་བདེ་བ་རྟོག་པ་མེད་པ་ནི་རྒྱུ་རྐྱེན་ཀྱི་ཚོགས་པ་ལས་སྐྱེས་ལ་བླ་མའི་གདམས་ངག་མངོན་སུམ་གྱི་གཞན་དོན་ལ་ནི་རེག་བྱ་སྟོང་པོ་ཉིད་དུ་རྟོགས་པས་རྣལ་འབྱོར་པའི་མངོན་སུམ་སྐྱེ་སྟེ། ་དེ་ཉིད་ཟག་པ་མྱེད་པའི་བདེ་བ་ཤེས་རབ་མི་ཤེས་ཡིན་པས། དབང་གཉིས་སྙོམས་པར་འཇུག་པཱ་ལི། སྙོམས་པར་འཇུག་པའང་དེ་ཉིད་འཛིན།། ཞེས་བྱ་བ་གསུངས་ཏེ། སྙོམས་པར་འཇུག་པ་དང་པོས་ནི་རྟོག་པ་མེད་པ་ཞི་གནས ་སྐྱེས་ལ། སྙོམས་པར་འཇུག་པ་གཉིས་པས་ནི་རེག་བྱ་ཡུལ་གྱི་སྟོང་པའི་དེ་ཁོ་ན་ཉིད་འཛིན་ཅིང་རྟོགས་པའོ།། འབྱུང་བ་བཞི་ཡི་དབུས་མ་ནམ་མཁའི་རྩ་དང་སྤྲས་པ་ལས་ཇི་ལྟར་བདེ་བ་སྐྱེས་ཞེ་ན། མཉམ་སྦྱོར་ལས། སྒྱུ་མ་དག ་ནི་ཐམས་ཅད་ལས། བུད་མེད་སྒྱུ་མ་ཁྱད་པར་འཕགས་ཞེས་གསུངས་ཏེ། དེ་ལ་སྟོང་པ་ཉིད་ཇི་ལྟར་རྟོགས་ཤེ་ན། བླ་མས་སློབ་མའི་སྣ་དྲུང་དུ།། རབ་ཏུ་འབད་དེ་བཀླག་པར་བྱ་ཞེས་གསུངས་པས། བླ་མའི་ཚིག་གིས་སྟོང་པོ་ཉིད ་ལས་དྲན་པའི་ངེས་པ་དྲངས་ནས་ཨ་ས་མ་ས་མ་ཞེས་བྱས་ངེས་པའི་ཤེས་པ་མངོན་སུམ་གྱི་བློས་གར་བྱེད་ནི་མན་ངག་ཡིན་ནོ།། དེའི་ཕན་ཡོན་ནི་ལྷ་དང་མི་ཡི་བདེ་བ་ནི། བསྡུས་བྱས་རྡོ་རྗེ་འཛིན་པ་ཡི། བཅུ་དྲུག་ཆར་ཡང་མི ་པོད་དོ་ཞེས་གསུངས་ཏེ། ལྷ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པའོ།། བསམ་གཏན་གྱི་བདེ་བ་ཡི་ནི་མཁས་པ་རྣམས་ཀྱིས་རྗེས་དབང་གི་སྟོང་པ་ཉིད་རྟོག་པའི་ཡིད་བདེ་བ་བསྡུས་ཀྱང་མངོན་སུམ་གྱི་བྱུག་པ་མེད་པ ་འདི་ཉིད་ཀྱི་བཅུ་དྲུག་ཆར་ཡང་མི་ཕོད་པའོ།། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས་རྩ་བཅུ་དྲུག་པ་སྟོན་པའི་ཁམས་དྲུག། གཏུམ་མོ་དྲོད་ཀྱིས་གཞུ་ནས་བདེ་བ་ཟག་པ་མེད་པ་གཅིག་ཏུ་བྱས་ཤེས་པས་བསྒྲིལ་བ་ནི་རྩེའི་སྐུད་པ་གཅིག ་གིས་བདེ་བ་སྟོང་པ་ཉིད་རྟོགས་པའི་ཆར་ཡང་མི་ཕོད་པའོ།། དེ་ལྟར་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དྲང་ཕོ་ཉའི་གཙང་སྦྲ་བཤད་ནས། རི་སུལ་ཚང་ཚོང་ཕུག་རྣམས་དང་། ཆུ་བོ་དག་གི་ངོགས་ངག་དང་། གདོང་ནས ་གྲུབ་པའི་དུར་ཁྲིད་དུ། དྭེར་ནཱི་དཀྱིལ་འཁོར་བྱི་བར་བྱ།། ཞེས་བྱ་བ་གསུངས་ཏེ། སྒྲ་ཇི་བཞིན་པའི་གནས་གཞི་ནི་བུམ་པའི་དབང་བསྐུར་བས་གཟུགས་བརྙན་གྱི་དཀྱིལ་འཁོར་གྱི་རྟེན་ཡིན་ནོ།། དབྱིབས་ཀྱི་དབང་དུ་བྱས་ན་རི ་སྤེལ་ནི་བདེ་བ་ཆེན་པོའི་འཁོར་ལོ།། ཚང་ཚིང་ཕུག་ནི་ལོངས་སྤྱོད་ཀྱི་འཁོར་ལོ།། ཆུ་བོའི་ངོགས་ནི་ཆོས་ཀྱི་འཁོར་ལོ།། དུར་ཁྲོད་ནི་སྤྲུལ་པའི་འཁོར་ལོ་སྟེ་ལུས་ཀྱི་དཀྱིལ་འཁོར་རོ།། སྔགས་ཀྱི་དབང་དུ་བྱས་ན་རྀ་ནཱི་ལྔ་བཅུ ་གཉིས་མ་ཆེང་ཚིང་ཕུག་ནི་བཅུ་དྲུག་མ་དང་། ཆུ་བོའི་ངོགས་ནི་ཉི་ཤུ་མ་དང་། དུར་ཁྲོད་ནི་རྩ་བཞི་མ་སྟེ་བྷ་གིའི་དཀྱིལ་འཁོར་རོ་ཆོས་ཀྱི་དབང་དུ་བྱས་ནས་རི་བོ་ནི་སྟོང་པ་ཉིད་དང་། ཕུགས་ནི་མཚན་མ་མེད་པ་དང་། ཆུ་བོའི ་ངོགས་ནི་སྨོན་པ་མེད་པའོ།། དུར་ཁྲོད་ནི་འོད་གསལ་ཏེ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་རོ།། དེ་སྐད་དུ་ཡང་རྒྱུད་བླ་མ་ལས།། དཀྱིལ་འཁོར་ལུས་ཞེས་བྱ་བ་དང་།། དཀྱིལ་འཁོར་བྷ་ག་ཞེས་སུ་བཤད།། དཀྱིལ་འཁོར་ཆོས་ཀྱི་དབྱིང ་ཡིན་ཏེ། རྣམ་པ་གསུམ་དུ་ངེས་པ་ཡིན། ཞེས་གསུངས་སོ།། ལེའུ་དང་པོའི་རྣམ་པར་བཤད་པའོ།། ། དེ་ལྟར་རྫོགས་པའི་རིམ་པ་བཤད་ནས་བསྐྱེད་པའི་རིམ་པའི་འཁོར་ལོ་གསུངས་པ་ནི། དེ་ནས་ལྕི་བ་མ་ལྷུང་བ་ཞེས ་བྱ་བ་ལ་སོགས་པས་བསྟན་ཏེ། དེ་ལ་ལེའུ་གཉིས་པས་ནི་སློབ་དཔོན་གྱི་ལས་བཤད་པ་དང་ལེའུ་གསུམ་པས་སློབ་མའི་ལས་བཤད་པ་དང་། ལེའུ་བཞི་པས་ལྷ་དགོད་པ་བཤད་ནས་བསྐྱེད་པའི་རིམ་པར་གྱུར་པ་ཡིན་ནོ།། དེ་ལ་ཐོག ་མར་གཙང་སྦྲ་གསུམ་གྱིས་རྫོགས་པའི་རིམ་པའི་བསྙེན་པ་བྱས་ནས་ཡང་ན་ཕྱིས་འཆད་པར་འབྱུང་བའི་བསྙེན་པ་ལས་བལྟོས་ནས་བསྐྱེད་རིམ་གྱིས་བརྟེན་པ་མ་གསུངས་སོ།། དེ་ཡང་རྒྱུད་བླ་མ་ལས་གཙང་སྦྲ་གསུམ་གྱི་བསྙེན ་པ་བྱས་ནས་དཀྱིལ་འཁོར་བྲི་ཞེས་གསུངས་སོ།། སའི་ཚེ་གཙོའི་ཕྱིར་མ་གསུངསོ་ཞེ་ན། བཤད་པའི་རྒྱུད་ལས་བལྟོས་པ་འམ་སྦྱང་མི་དགོས་པའི་དབང་དུ་མཛད་པ་ཡིན་ནོ།། བསྙེན་པ་དང་སའི་ཆོ་གའི་རྗེས་ལ་དཀྱིལ་འཁོར ་མཚན་ཉིད་བཤད་པར་བཞེས་ནས་པ་ཡི་ལྕི་བ་ལྷུང་བས།། དཀྱིལ་འཁོར་ས་ནི་ལེགས་ནས་དཀྱིལ་འཁོར་པར་བྱུག་ཅེས་གསུངས་ཏེ། བའི་རྣམ་པ་ལྔས་བྱུགས་པའི་རྒྱུད་སྡེ་བཞིའི་ཐུན་མོང་ཡིན་ནོ།། ཁྱད་པར་དུ་རྣལ་འབྱོར། ་མའི་རྒྱུད་ལ་དུར་ཁྲོད་ཀྱི་ཐལ་བ་དང་བདུད་རྩི་རྣམ་པ་ལྔས་བྱུགས་ནས་དཀྱིལ་འཁོར་རྩོམ་པར་བསྟན་ཏོ།། དུར་ཁྲོད་ཀྱི་ཐལ་བ་དང་མི་གཙང་བས་ཅི་ཞིག་བྱེད་ཅེ་ན། ཤི་བ་དང་མ་ཤི་བ་དང་གཙང་བ་དང་མི ་གཙང་བར་རོ་མཉམ་པར་སྟོན་པར་བྱེད་པ་ཡིན་ནོ།། དཀྱིལ་འཁོར་གྱི་མཚན་ཉིད་བཤད་ནས།། ཚོན་གྱི་མཚན་ཉིད་བཤང་བར་བཞད་ནས།། དུར་ཁྲོད་དུ་ནི་ཀུན་སྤྱོད་པ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་སྤྱོད་པ་ནི་མཉམ་པར ་སྤྱོད་པ་སྟེ་རིན་པོ་ཆེ་དང་ཚོན་རྩི་དང་དུར་ཁྲོད་ཀྱི་རྫས་ལ་དབྱེ་བ་མེད་པའོ།། རོ་བསྲེགས་པའི་སོལ་བའི་ཕྱེ་མ་དང་ཞེས་བྱ་བ་ནི་རུས་པའི་ཕྱེ་མ་དཀར་པོ་དང་། སོལ་བའི་ཕྱི་མ་ནག་པོ་དུར་ཁྲོད་སོ་ཕག་ལྡན་པའི་ཞེས་བྱ་བས་མ་ཚོས་པ་ལས་སེར ་པོ་དང་། ཚོས་པ་ལ་དམར་པོའོ།། ལྗང་གུའི་རུས་པ་དང་ཚོན་ལྗང་གུ་བསྲེས་པའོ།། དཀྱིལ་འཁོར་བཟང་པོ་བྲི་བར་བྱ་ཞེས་བྱ་བ་ནི་དྲག་པོ་འཇིགས་བྱེད་ཞེ་སྡང་ཆེན་པོས་འདུལ་བས་ན་བཟང་པོའོ།། སྙིང་སྟོབས་རྡུལ་དང་མུན་པས་ཀྱང་། ་གང་ཕྱིར་སེམས་ཅན་དོན་འགྱུར་བས། དེས་ན་འདི་ནི་བཟང་པོ་སྟེ། བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའི་ཞེས་གསུངས་པའི་ཕྱིར་རོ།། དེ་ལྟར་ཚོན་གྱི་མཚན་ཉིད་བསྟན་ནས།། སློབ་དཔོན་གྱི་མཚན་ཉིད་སྟོན་པཱ་ནི། སློབ་དཔོན ་མཚན་ཉིད་ཐམས་ཅད་པ།། ཡང་དག་ཤེས་ཤིང་རྒྱུད་ཤེས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚན་ཉིད་ཐམས་ཅད་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའོ།། ཡང་དག་ཤེས་ནི་རྒྱུད་སྡེ་བཞིའི་ལྟ་བ་ཤེས་པའོ།། ་རྒྱུད་ཤེས་པ་ནི་རྒྱུད་སྡེ་བཞིའི་སྤྱོད་པ་ཤེས་པའོ།། ངག་གི་མཚན་ཉིད་ནི་དཔལ་ལྡན་ཁྲག་འཐུངས་གསང་སྔགས་ཤེས་བྱ་བ་གསུངས་ཏེ། སྔགས་ནི་སྙིང་པོ་ནས་གནོད་མཛེས་ཀྱི་བར་གྱི་སྔགས་བཅུ་གཅིག་གོ། སེམས་ཀྱི ་མཚན་ཉིད་ནི་ཁྲོ་མེད་སྙིང་རྗེ་ཅན། གཙང་ཞིང་བལྟུང་བས་མ་གོས་པ་དང་། མཁས་པ་དེ་ཉིད་བཅུ་ཤེས་པ་སྦྱོར་ཤེས་ཞིག་ནས་ཤེས་པ་དང་། ཡེ་ཤེས་ལྷག་མཐོང་ཤེས་པ་དང་། ཕ་རོལ་འགྲོ་ཞེས་བསྐྱེད་རིམ་གྱི་རྟགས་གསུམ་དང་རྫོགས ་རིམ་གྱི་རྟགས་ལྔ་དང་ལྡན་པའོ།། ལུས་ཀྱི་མཚནི་ནི་ཐོད་པ་ལྔས་སྤྱི་བོར་བརྒྱན་པ་ན། ཐལ་བ་བྱུགས་པའི་བར་གྱིས་ཕྱག་རྒྱ་དྲུག་དང་ལྡན་པ་དང་། གོ་ཆ་དྲུག་བཀོད་པས་གུག་སྐྱེས་ཀྱིས་བརྒྱན་པོ་དང་། རུས་པའི་ཕྲེང་བ་ཚངས་ཕྱིའི་སྐུང ་པ་དང་། དུམ་བུ་གཅིག་པ་ལ་བྱས་པ་སྟི་གཙུག་གི་ནོར་བུ་དང་། རུས་པའི་ཕྲེང་བའི་ངོ་ཤལ་དང་། ལེགས་པ་གཡོན་པས་ཁ་ཊྭཱཾ་ག་དང་སྣམས་པ་སྟེ། སློབ་དཔོན་གྱི་མཚན་ཉིད་བཅུ་དྲུག་པོ་འདི་དག་གིས་ཉེ་བར་མཚོན་པ་ཡིན་ནོ།། དེ་ལྟར ་སློབ་དཔོན་གྱི་མཚན་ཉིད་བཤད་ནས་དཀྱིལ་འཁོར་བསྒྲུབ་པ་བསྟེན་པ་ནི་བདག་ཉིད་དཔལ་ཧེ་རུ་ཀཱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དང་པོ་བསྐྱེད་རིམ་གྱིས་བསྙེན་བསམ་གཏན་གྱི་འཁོར་ལོ་བཤད་པར་བཞེད་ནས་བདག་ཉིད་དཔལ་ཧེ་རུ་ཀར་བྱས ་ནས་དེའི་འོག་ཏུ་ནི་དཔལ་ཧེ་རུ་ཀ་དྲན་ཞེས་བྱ་བ་ལ་གསུངས་ཏེ་ཇི་ལྟར་ཧེ་རུ་ཀར་བྱ་ཞེ་ན། ལེའུ་ལྔ་བཅུ་རྩ་གཅིག་པ་ནས་བྱུང་བ་ལྟ་རོ་དེ་བཅུ་བཞིའི་ཚུལ་གྱིས་བསྐྱེད་པ་འམ་ཡང་ན། གནས་དང་ལྡང་བ་ཉིད་དང་ནི།། འཇུག་དང་ཡོངས་སུ ་རྫོགས་པ་དང་། བྱིན་གྱིས་བརླབས་དང་དབང་བསྐུར་དང་།། ཏིང་ངེ་འཛིན་མཆོད་པ་ཉེ་བར་བསྡུ་ཞེས་གསུངས་པས། ལྷ་བསྐྱེད་ནས་དྲོའི་འོག་ཏུ་དཔལ་ཧེ་རུ་ཀ་དྲན་པར་སྒོམ་པ་དང་། སྒོམ་བུས་སྐྱོ་མཐུན་བཞིར་སྙིང་གར ་འཁོར་ལོ་བཀོད་པ་ཉེ་བར་བསྡུ་བ་དང་། ཚམ་ངམ་གྱི་སྔགས་ཀྱིས་སྲུངས་ལ་ལྡང་བར་བྱའོ།། དེ་ལྟ་བུས་མཚན་མ་དང་གྲངས་དང་དུས་ཀྱི་བསྙེན་པ་བྱས་ནས་སའི་ཆོ་ག་ཟིན་པའི་རྗེས་ལ། སྟ་གོན་གྱི་ཆོ་ག་བཤད་ནི་དེ་ལྟོར་བདག་ཉིད་གོ་བགོས ་ནས། ར་བ་རྣམས་ནི་ཕྱོགས་སུ་དགོད་ཅེས་བྱ་བ་གསུངས་ཏེ། དེ་ལྟར་བྱ་བ་ནི་སྔ་མ་བསྟེན་པའི་ཆོ་ག་ལྟར་སྔོན་འགྲོའི་རྣལ་འབྱོར་ལྔ་དང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱི་རྣལ་འབྱོར་བྱས་ནས་སའི་ལྷ་མོའི་ཆོ་ག་བྱས་ནས་སྦྲུལ་འཁོར་ལོ ་སྙིང་གར་བཀོད་དེ་མིག་དང་རྐང་པ་བྱིན་གྱིས་བརླབས་ནས་ཁྲའི་བསྟོད་པོས་བསྟོད་ཅིང་བགེགས་ལ་བཀའ་བསྒོས་ནས་བགེགས་ཉེ་བར་ཞི་བའི་ཆོ་ག་བྱ་བ་ནི་དེ་བདག་ཉིད་ཅེས་བྱ་བ་སྒྲིའི་དོན་ཡིན་ནོ།། གོ་བགོས་ནས་ཞེས་བྱ་བ་ནི་བགེགས ་ཉེ་བར་ཞི་བའི་ཐོག་མར་གོ་ཆ་བགོ་བོར་བྱའོ།། དཔའ་བོ་དང་དཔའ་མོ་སྟངས་སྟབས་བྱས་པའི་རྗེས་ལ། བཛྲ་ཛ་ར་ཧཱུཾ་ཞེས་བྱ་བས་ར་བ་ནམ་མཁའི་ཕྱོགས་སུ་དགོད་པ་དང་། བཛྲ་མེ་དི་བན་དྷ་ཧཱུཾ་ཞེས་པས་སྣ་ཚོགས་རྡོ་རྗེའི་ཚེ་ན་ཆ་བྱ་བ་དང ་བཛྲ་པྲ་ཀ་ར་ཧཾ་ཞེས་བྱ་བས་འཁོར་ལོ་ལྟར་ཟླུམ་པོ་བདག་ཉིད་ཀྱི་རྡོ་རྗེ་ར་བ་མཚོན་ཆ་མཉམ་པོར་དགོད་པ་དང་། ཤཽ་ར་ཛཱ་ལཾ་ཧཱུཾ་ཧྲཾ་ཧཱུཾ་ཞེས་པས་སྟོང་དུ་རྡོ་རྗེ་བླ་རེའོ།། འོག་ཏུ་མདིའི་དྲ་བ་བྱ་བ་དང་། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུ~ཾ་ཞེས ་པས་མེ་འོད་ཀྱི་ཕྲེང་བ་བསྐོར་བའི་དབུས་ན་མཚོན་ཆ་འདྲ་བ་བྱས་པས་བསྐོར་བའི་དེའི་ཕན་ཡོན་ནི་དེ་ལྟར་གོ་ཆ་བགོད་པ་ལྔ་སུམ་ཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་བྱན་གྱིས་ཀྱང་གཞིག་པར་མི་ནུས་པའོ།། དེའི་རྗེས་ལ་དྲིའི་ཐིག་ལེ་བྱས ་ནས་ལྷ་ལྷག་གནས་བྱ་བ་དང་། ངེས་བརྗོད་ལས་བྱུང་བ་བཞིན་དུ་བུམ་པ་ལྷག་པར་གནས་པ་དང་། ཕྱི་དང་ནང་གི་སྦྱིན་སྲེག་ལྷག་པར་གནས་པ་དང་། གཏོར་མ་ལྷག་པར་གནས་པ་དང་། སློབ་མ་ལྷག་པར་གནས་པ་ནི་རྡོ་རྗེ་མཁའ ་འགྲོ་ལས་ཁ་བསྐང་བར་ཤེས་པར་བྱའོ།། དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ་སྐར་མ་རྒྱལ་དང་གཟླ་བུའི་ཞལ་སྔ་བསྟན་པའི་གནས་ཡིད་དང་ཐུན་པར་དབང་ཐོབ་པའི་རྣལ་འབྱོར་པས་སྒྲུབ་པའི་གྲོགས་པོ་དང་བཅས་བདུད་རྩི་རྣམ ་པ་ལྡིའི་རི་ལུ་ཁར་བཅུག་ནས་སྔོན་དུ་བསྙེན་པ་བྱས་པ་ཡིན་ཏེ། དེ་ཡང་ཐོག་མར་མཆོད་པ་རྣམ་པ་ལྔ་བྱིན་གྱིས་བརླབས་ནས་རྡོ་རྗེ་དྲིལ་བུ་བཟུང་ནས་ཅོད་པན་དང་རྒྱན་བརྟགས་ནས་སྟོང་གཡོགས་དང་སླད་གཡོགས་བགོ་སྟེ ་ཚད་མེད་པའི་རྣལ་འབྱོར་དང་། བྱིན་གྱིས་རློབ་པའི་རྣལ་འབྱོར་དང་། བསྲུང་བའི་རྣལ་འབྱོར་དང་། ཚོགས་སོག་པའི་རྣལ་འབྱོར་དང་། སྟོང་པ་ཉིད་ཀྱི་རྣལ་འབྱོར་ཏེ་སྦྱོར་བ་ལྔ་དང་། དངོས་བཞིའི་ཏིང་ངེ་འཛིན་རྣམ་པ་གསུམ་དང་། ལྔ ་རྣལ་འབྱོར་གྱི་ཉེ་བར་བསྡུ་བ་དང་། ཀུན་དུ་སྤྱོད་པ་བྱེད་ཅིང་མཚན་མ་དང་དུས་དང་གྲངས་ཀྱི་བསྙེན་པ་བྱའོ།། པིར་རྗེས་ལ་རྡོ་རྗེ་མཁའ་འགྲོ་དང་ངེས་པར་བརྗོད་པ་ལས་བྱུང་བ་བཞིན་དུ་སའི་ཆོ་ག་བྱའོ།། གཉུག་མར་གནས་པ ་སའི་ཆར་མྦྷ་བཞིན་དུ་སྦྱོར་བ་དང་། དངོས་བཞི་རྗེས་བསྒོམས་ལ་དཀྱིལ་འཁོར་མ་གཏོགས་པའི་སྔོན་དུ་བསྒྲུབ་པའི་གྲོགས་པོའི་མཚན་བརྒྱ་རྩ་བརྒྱད་པས་བསྟོད་ཅིང་རང་ཉིད་ཁྲོ་བོའི་ང་རྒྱལ་བསྒོམས་ལ། ་སའི་ལྷ་མོའི་ཆོ་ག་རྣམ་སྣང་སྒྱུ་དྲི་ནས་འབྱུང་བ་བཞིན་དུ་བྱ་ཞིང་རྡོ་རྗེ་མཁའ་འགྲོ་མ་བཞིན་དུ་དཀྱིལ་འཁོར་ན་མཁའ་ལ་འདོགས་པའམ་རྩ་བའི་རྒྱུད་འདི་ཉིད་བཞིན་དུ་དཀྱིལ་འཁོར་སྙིང་གར་དགོད་པར་བྱའོ།། དེའི་རྗེས་ལ་དཀྱིལ ་འཁོར་གྱི་སྟེང་དུ་འདུག་ལ་ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་བྱ་བ་དང་། ཁྲོ་བོའི་བསྟོད་པ་བྱ་བ་དང་། བགེགས་ལ་བཀའ་བསྒོ་བ་བྱ་བ་དང་། ལྷག་པ་དང་མ་ཚང་པ་ཁ་བསྐང་བའི་ཕྱིར་སྐོར་བ་ལན་བདུན་བྱ་བ་དང་། ལྟ་བས་བགེགས་བསལ ་བ་དང་། དཔའ་བོ་དང་དཔའ་མོའི་སྟངས་སྟབས་བྱ་བ་དང་། གནོང་མཛེས་ཀྱི་འཁོར་ལོས་བསྲུང་བའི་འཁོར་ལོ་བྱ་བ་དང་། ཕུར་བུས་བཏབ་ནས་དྲིའི་ཐིག་ལེ་བྱ་བ་དང་། ལྷ་ལྷོག་པར་གནས་པར་བྱ་བ་དང་། རྩ་བའི་རྒྱུད་ནས་བཤད ་འི་རྣམ་པ་དགུ་འམ། བཤད་པའི་རྒྱུད་ནས་བྱུང་བའི་བུམ་པ་དྲུག་ལ་ལྷག་པར་གནས་པར་བྱ་འམ། ནང་གི་སྦྱིན་སྒེག་ཚོགས་ཀྱི་འཁོར་ལོ་དང་། ཕྱི་རོལ་གྱི་སྦྱིན་སྒེག་གླང་ཡང་རུང་བས་ལྷག་པར་གནས་པར་བྱ་བ་དང་། ་སྦྱོར་དང་མཁའ་འགྲོ་ལྟར་གཏོར་མ་ལྷག་པར་གནས་པར་བྱ་བ་དང་། དེ་ཉིད་བསྡུས་པའི་རྒྱུད་དང་། རྡོ་རྗེ་མཁའོ་འགྲོ་ལྟར་སློབ་མ་ལྷག་པར་གནས་པོའི་ཆོ་ག་བྱའོ།། འདིའི་ཆོ་ག་རྒྱ་ཆེར་ནི་ཡིད་འོང་ཕྲེང་བ་བལྟ་བར་བྱའོ།། ་དེ་ལྟར་ལྷག་པར་གནས་པ་བྱས་ནས་ཕྱི་དེ་ནང་པར་ཉི་མ་འཆར་ཀར་དཀྱིལ་འཁོར་ན་མཁར་བཏེག་ལ་ཐིག་གདབ་པར་བྱའོ།། དེ་ལྟར་བདག་ཉིད་རབ་སྲུངས་ཤིང་།། སྔགས་དང་ཕྱག་རྒྱས་རྣམ་བརྒྱན་ནས།། དངོས་གྲུབ་ཐམས་ཅད ་རབ་སྟེར་བའི།། དཀྱིལ་འཁོར་འཇིགས་པ་བྲི་བར་བྱ།། ཞེས་བྱ་བ་ན་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་ལས་མདོར་བསྟན་པ་ཡིན་ནོ།། དེ་ལྟར་བདག་ཉིད་རབ་བསྲུངས་ཞེས་བྱ་བ་ནི་སྟ་གོན་གྱི་ཆོ་ག་རྫོགས་ནས་དཔྱིད་དེ ་ན་བར་ཆུད་མེད་པའི་རྣལ་འབྱོར་དང་། བྱིན་གྱིས་བརླབས་པའི་རྣལ་འབྱོར་དང་། བསྲུང་བའི་རྣལ་འབྱོར་དང་། ཚོ་གས་སོག་པའི་རྣལ་འབྱོར་དང་། སྟོང་པ་ཉིད་ཀྱི་རྣལ་འབྱོར་བྱས་ནས་དང་པོ་སྦྱོར་བའི་དང་དཀྱིལ་འཁོར་རྒྱལ ་མཆོག་གི་ལྷར་བསྐྱེད་དེ་ལས་ཀྱི་ཕྱག་རྒྱ་མཆོག་གི་དུས་སུ་གོ་ཆ་དྲུག་གིས་སྔགས་ཀྱིས་ལྷར་སྐྱེས་པ་དང་། ཡེ་ཤེས་སེམས་དཔའ་གཞུག་པ་དང་། དབང་བསྐུར་ཞིང་ཏིང་འཛིན་བསྒོམས་ནས་ཕྱག་རྒྱ་དྲུག་གིས་རྣམ་པར ་བརྒྱན་པས་དངོས་གྲུབ་ཐམས་ཅད་སྟེར་བའི་དཀྱིལ་འཁོར་ཐིག་གང་བ་ཅིང་བྲི་བར་བྱའོ།། དེ་ནོས་སེམས་མེད་སྲད་བུ་ཞེས་བྱ་བ་ནི་རོའི་རས་ཀྱི་སྐུད་པ་ལས་བྱིས་པའི་བསྲང་བུའོ།། རུ་ཏི་ར་ཚོན་པོ་ཞེས་བྱ་བ་ནི་མཚོན་པ ་ཡིན་ཏེ།། བདུད་རྩི་ལྔ་དང་ལྡན་པའི་ཚན་གྱིས་ཁ་བསྒྱུར་བར་བྱའོ།། དཔལ་ལྡན་ཁྲོག་འཐུང་གྲོང་ཁྱེར་མཆོག། དཀྱིལ་འཁོར་འཇིགས་པའོ་ཐིག་གདབ་བྱ།། ཞེས་བྱ་བ་ནི་ཐིག་གདབ་པའི་ཆོ་ག་མདོར་བསྟན་པའོ།། ་ཁྲུ་བཞི་པའམ་ཁྲུ་བརྒྱད་པ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མའི་ཚད་དེ་བར་མ་ཁྲུ་དྲུག་པ་ཡང་གཟུང་བར་བྱའོ།། དེ་ཉིད་ཉེ་བར་མཚོན་པ་ཡིན་པས་ཅི་ནུས་པར་བྱ་ཞེས་བྱ་བའི་དོན་ཏོ།། ཟུར་བཞི་སྒོ་བཞི་པ་རྟ་བབས ་བཞིས་རྣམ་པར་བརྒྱན་པ་གོ་སླའོ།། སྔགས་པས་ཉིས་འགྱུར་རྣམ་དཔྱད་ཅིང་ཞེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་ཉིས་འགྱུར་གྱིས་ཚད་ངོ་།། མཁའ་འགྲོ་དྲ་བའི་བདེ་མཆོག་མཆོད་ཅེས་བྱ་བ་ནི་ཐིག་གདབ་པའི་རྟེན་གྱི་དཀྱིལ་འཁོར་ལ ་མཆོད་པ་འམ་ཐིག་གི་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔོས་མཆོད་པོའོ།། པིའི་དབུས་སུ་པདྨ་ནི།། འདེབ་བཅས་ལྟེ་བ་འབར་དང་བཅས།། གེ་སར་ཡང་དག་ལྡན་པར་བཞག་ཅེས་བྱ་བ་ནི།། ཡེ་ཤེས་ཀྱི་འཁོར་ལོ ་རྟེན་བྱི་བར་བསྟན་ཏེ་པདྨ་འདབ་མ་བརྒྱད་པའི་ས་གཞི་ནི་སེར་པོའོ།། ཤར་གྱི་པདྨ་འདྲ་བ་སྔོན་པོ་ལྷོ་སེར་པོ་ནུབ་དམར་པོ་བྱུང་ལྗང་གུ་མཚམས་ནི་ཕྱེད་ཀྱི་མདོག་ཅན་ནོ།། རིན་པོ་ཆེའི་ཕྲེང་བས་བསྐོར་བའོ།། ཐུགས་ཀྱི་འཁོར་ལོ་ནག ་ཁས་བརྒྱད་པ་བཀ་བ་བརྒྱད་དང་ལྡན་པ་རྡོ་རྗེའི་ཕྲེང་བས་བསྐོར་བའོ།། གསུངས་གི་འཁོར་ལོ་རྩིབས་བརྒྱད་དམར་པོ་ཀ་བེ་བརྒྱད་དང་ལྡན་པ་པདྨའི་ཕྲེང་བས་བསྐོར་བའོ།། སྐུའི་འཁོར་ལོ་རྩིབས་བརྒྱད་དཀར་པོ་ཀ་པ་བརྒྱད ་དང་ལྡན་པ་ཁོར་ལོའི་ཕྲེང་བས་ཡོངས་སུ་བསྐོར་བའོ།། དམ་ཚིག་གི་འཁོར་ལོ་ནི་སྒོ་བཞི་དང་ལྡན་པ་རིན་པོ་ཆེ་ལྔའི་རྩིག་པ་ལོ་ཁྱེར་རྟ་བེབས་དང་བཅས་པ་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་རྡོ་རྗེ་དྲ་བ་དང་མེ་འོད་ཀྱིས་བསྐོར་བའོ།། ་དེ་ལྟར་རྟེན་གྱི་དཀྱིལ་འཁོར་བསྟན་ནས་བརྟེན་པ་ལྷ་དགོད་པ་ནི། ལྟེ་བར་དགོད་བྱ་དཔའ་བོ་ནི། ཞེས་བྱ་བ་གསུངས་ཏེ། ལུགས་སུ་བླུགས་པ་འམ་འབུར་དུ་བརྐོས་པ་འམ་རི་མོར་བྲིས་པ་ཅི་རིགས་པས་དགོད་པར་བྱའོ།། དཔའ ་བོ་ནི་བདུད་བཞི་ལས་རྒྱལ་བའི་འབྲས་བུའི་ཧ་རུ་ཀའོ།། འཇིགས་བྱེད་དྲག་པོའི་གཟུག་ཅན་ཞེས་བྱ་བ་ནི་གར་གྱི་ཉམས་དགུ་དང་ལྡན་པའོ།། དེ་ཡང་ཞི་བའི་སྐུ་ནི་མཚན་དང་དཔེ་བྱད་དང་ལྡན་པའོ།། རྒྱས་པའི་སྐུ་ནི་རྒྱན་ཐམས་ཅད ་ཀྱི་རྣར་པར་བརྒྱན་པའོ།། དབང་གི་སྐུ་ནི་འོད་ཟེར་དམར་པོ་འཕྲོ་བའོ།། མངོན་སྤྱོད་ཀྱི་སྐུ་ནི་སྒེག་པ་དང་དཔའ་བ་དང་འཇིག་སུ་རུང་བ་སུའི་ཉམས་དང་། རྒོད་པ་དང་གཤེ་བ་དང་རྔམ་པོ་གསུང་གི་ཉམས་དང་། སྙིང་རྗེ་དང་ཞི་བ་དང ་མཚར་ཐུགས་ཀྱི་ཉམས་ཏེ་དེ་དང་ལྡན་པའི་འཇིགས་བྱེད་ཆེན་པོའི་གཟུགས་ཅན་ནོ།། དེའི་མཚན་ཉིད་ཕྱིས་རྒྱས་པར་བཤད་པར་བྱའོ།། མདངས་དང་ལྡན་ཞིང་རབ་ཏུ་འབར་ཞེས་བྱ་བ་ནི་བསྐལ་པའི་མ་ལྟར་བཟི་བརྗོད་ཆེ་བའོ།། ཧ་ཧ ་ཞེས་བྱ་སྒྲ་ཆེར་བཞད་ཅེས་བྱ་བ་ནི་ཞལ་གཡས་པ་ཚངས་པ་འདུལ་བས་བཞད་པ་དང་རྒྱབ་མས་ཚོགས་བདོག་འདུལ་བས་མཆེ་བ་གཙིགས་པས་གཤེ་བ་དང་། ཞལ་གཡོན་པས་ལྷ་མ་ཡིན་རྒྱལ་པོ་སྒྲ་གཅན་འཛིན་འདུལྟ་བས་ཚངས ་པའི་མགོ་བོ་ཞལ་ཏུ་སྟོབས་ཅིང་རྔབ་པའོ།། ཞལ་བདུན་མ་ནི་སྒེག་པའི་ཉམས་ཅན་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ།། ཐོད་པའི་ཕྲེང་བ་རྒྱན་དང་ལྡན་ཞེས་བྱ་བ་ནི་སངས་རྒྱས་ལྔའི་ཅོང་པནི་ལ་ཐོད་པ་ལྔས་མཛེས་པར་བྱས ་པའོ།། གཟང་པོའི་སྤྱན་གསུམ་ནི་སྨིན་མའི་དབུས་ན་སྤྱན་མངའ་བ་གསུམོ།། ཞལ་བཞི་མངའ་བ་ནི་བཤད་ཟིན་པའི་ཉམས་བཞི་དང་ལྡན་པ། སྔོན་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ཞལ་བཞི་པ་ཕྱག་བཅུ ་གཉིས་སྟོན་པར་བཞེད་ནས་གཉིས་ཀྱིས་གླང་པོ་ཆེ་དཀར་པོའི་པགས་པ་བསྣམས་པ་དང་།། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུས་འཁྱུད་པ་དང་། སྨིན་མ་བཟང་པོ་རྡོ་རྗེ་འབྱེས་ཞེས་བྱ་བ་ནི་སྨིན་མ་རྡོ་རྗེའི་འཁྱོག་པ་དང་འདྲ ་བ་ཡོད་བའོ།། ཕྱག་དང་པོ་རྡོ་རྗེ་བསྣམས་པས་ནི་གཡས་ཀྱི་ཕྱག་མཚན་ལྷག་མ་བཞི་ཉེ་བར་མཚོན་པ་ཡིན་ཏེ། ཅང་ཏེའུ་དང་གྲི་གུག་དང་དགྲ་སྟ་དང་རྩེ་གསུམ་པ་བསྣམས་པའོ།། ཕྱག་ན་ཁ་ཊྭཱ~ཾ་ག་བསྣམས་ཤིང་ཞེས་བྱ་བ། ་གཡོན་པའི་དབུས་མ་ཁ་ཊྭཱཾ་ག་བསྟིམས་པས་བཞི་ཉེ་བར་མཚོན་པ་ཡིན་ཏེ། དྲིལ་བུ་དང་ཨ་པཱ་ལ་དང་ཞགས་པ་དང་ཚངས་པའི་མགོ་བོ་བསྣམས་པའོ།། བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན་ཞེས་པས་ནི་མི་མགོ་ལྔ་བཅུའི ་དོ་ཤལ་ཅན་ནོ།། གཡས་པ་བརྐྱང་བའི་རྣམ་པས་བཞུགས་ཤིང་འཇིགས་བྱེད་དང་དུས་མཚན་མནན་པའི་ལེའུ་ལྔ་བཅུ་རྩ་གཅིག་པར་བཤད་པས་གོ་བར་དགོངས་ནས་མཱ་གསུངས་པ་ཡིན་ནོ།། དེ་ལྟར་བཅོམ་ལྡན ་འདས་བཤད་ནས་དེའི་ཡུལ་གྱི་མཚན་ཉིད་བཤད་པ་ནི། དེ་མདུན་གནས་པའི་ལྷ་མོ་ནི།། རྡོ་རྗེ་ཕག་མོ་ཞེས་བྱ་བ་གསུངས་ཏེ། མདུན་ནས་འཁྱུད་པའི་ཚུལ་གྱིས་བཞུགས་པའི་སྐུ་མདོག་དམར་མོ་ལྷ་མོ་རྡོ་རྗེ་དབྱིངས་ཀྱི ་དབང་ཕྱུག་མ་ཡིན་ཡང་དྲག་པོ་འཇིགས་བྱེད་ལ་རྡོ་རྗེ་ཕག་ཞེས་གྲགས་སོ།། རབ་འཇིགས་ཞེས་བྱ་བ་ནི་ཞལ་ཅུང་ཟད་མཆེ་བ་གཙིགས་པའོ།། རབ་འཇིགས་འཇིགས་བྱེད་ཆེ་ལ་ཕྱོགས་ཞེས་བྱ་བ་ནི་འཇིག་བྱེད་དུས་མཚན ་འདུལ་བའི་བཅོམ་ལྡན་འདས་འཁྱུད་བའོ།། སྤྱན་གསུམ་དྲག་པོའི་གཟུགས་ཅན་ཞེས་བྱ་བ་ནི་སྐུ་མདོར་ངམར་མོ་སྤྱན་གསུམ་པ་གཡོན་བརྐྱང་བའི་དྲག་པོའི་གཟུགས་ཅན་ནོ།། དེའི་ཕྱག་གཡོན་པ་ནི་ཀཱ་པ་ལ་ཁྲག་གིས་པ་རྐང ་བ་བསྣམས་པའོ།། ཞལ་ནས་རུ་ཏེ་ར་འཛག་པོ་ནི་གསུང་རབ་ཡན་ལག་བཅུ་གཉིས་གསུངས་པའི་རྟགས་སོ།། ལྷོ་དང་ལྷ་མིནི་མི་བཅས་པ་ཞེས་བྱ་བ་ནི་ཕྱག་གཡས་གྲི་གུག་བསྣམས་པས་ལྷ་དང་དྲི་ཟ་དང་གནོད་སྤྱནི་དང་སྲིན་པོ ་དང་ཀླུ་དང་ལྷ་མ་ཡིན་དང་མིའམ་ཅི་བརྒྱད་དང་བཅས་འཇོམས་པའི་ཕྱིར་སྡིགས་མཛུབ་མཛད་པའོ།། མཁའ་འགྲོ་མ་ནི་ཉི་ཤུ་བཞི་ཞེས་བྱ་བ་ནི་ཐུགས་ཀྱི་འཁོར་ལོ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སྔོན་མོ་བརྒྱད་དང་། ་གསུང་གི་འཁོར་ལོ་དམར་མོ་བརྒྱད་དང་། སྐུའི་འཁོར་ལོ་དཀར་མོ་བརྒྱད་དེ་གྲི་གུག་དང་ཀ་པཱ་ལ་བསྣམས་པ་ཕྱག་གཉིས་པ་ཕྱག་ལྔས་བརྒྱན་པའོ།། རྡོ་རྗེ་ཕག་མོའི་རག་ལྔ་འབྱུང་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞིས་མཚོན་པའོ།། ་ཕྱོགས་དང་ཕྱོགས་ཀྱི་མཚམས་དང་ཞེས་བྱ་བ་ནི་ཕྱོགས་ནི་ནང་གི་ཡེ་ཤེས་ཀྱི་ལྷ་མོ་བཞི་དང་སྒོམ་བཞིའོ།། མཚམས་ནི་གཤིན་རྗེ་བརྟན་མ་ལ་སོགས་པའོ།། འཁོར་ལྀ་ལྟེ་བར་མཆོད་པ་བྱ་ཞེས་བྱ་བ་ནི་གཞལ་ཡས་ཁང་གི ་དབུས་དཀྱིལ་འཁོར་གྱི་འཁོར་ལོ་བྱ་བ་ཡིན་ནོ།། དེ་བཞིན་འདིར་ནི་དཔའ་བོ་ཡང་ཞེས་བྱ་བ་ནི་ཐུགས་དང་གསུངས་དང་སྐུའི་དཔའ་བོ་ནག་པོ་དང་དམར་པོ་སྟེ་ཞལ་གཅིག་པ་ཕྱག་བཞི་པ་རྡོ་རྗེ་དང་དྲིལ་དུ ་ཅང་ཏིའུ་དང་ཁ་ཊྭཱཾ་ག་བསྣམས་པའོ།། སྒྲུབ་པོ་གལ་ཏེ་དངོས་གྲུབ་འདོད་ཅེས་བྱ་བ་ནི་དངོས་གྲུབ་ལེན་པའི་ཚེ་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པས་གཉིས་མེད་དཔའ་བོ་མཆོད་པར་བྱ་ཞེས་བྱའོ།། འདི་རྗེས་འཇུག་རྣལ་འབྱོར། ་པའི་དབང་དུ་མཛདེ་ནས་གཟུགས་བརྙན་བྲི་བ་གསུངས་པ་ཡིན་ནོ།། སྔོན་ནས་སངས་རྒྱས་ཀྱིས་སྤྲུལ་པའི་འཁོར་ལོས་སྐུའི་སྒོ་ནས་ཆོས་སྟོན་པར་མཛད་པའི་ཚེ་ནི་བྱང་ཆུབ་སེམས་དཔའ་སིའི་སྙིང་པོས་ཐོད་པའི་ཕྲེང་བའི ་སངས་རྒྱས་ལྔ་ནི་འབྱུང་བ་ལྔའོ།། སྤྱི་གཙུག་གི་རྩ་ལྔ་དང་སྤྱན་གསུམ་གྱི་རྩ་གསུམ་དང་ཞལ་བཞི་ལྐོག་མའི་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་བཞི་དང་། ཕྱག་བཅུ་གཉིས་ཀྱི་རྩ་བཅུ་གཉིས་དང་། ཕྱག་དྲུག་གིས་དབང་པོ་དྲུག་གི ་རྩཝ་དང་། གཡས་བརྐྱང་བས་བཤང་གཽ་ཅི་གཉིས་ཀྱི་རྩ་མཚོན་པས་མ་འོངས་པའི་རྣལ་འབྱོར་པས་རྩ་བའི་འཁོར་ལོ་བསྒོམ་མོ་ཞེས་སྟོན་པ་ཡིན་ནོ།། སྤྱན་རས་གཟིགས་དབང་ཕྱུག་གི་དབང་དུ་བྱས་ན་ཐོད་པ་ལྔའི་སྤྱི་གཙུག ་གི་འཁོར་ལོའི་རླུང་ལྔ་མཚོན་པ་དང་། སྤྱན་གསུམ་རླུང་གསུམ་དང་། ཞལ་བཞི་ནི་ལྐོག་མའི་རླུང་བཞི་དང་། ཕྱག་བཅུ་གཉིས་ཀྱི་ལྐོག་མའི་རླུང་གཉིས་དང་། ཕྱག་རྒྱ་དྲུག་ནི་དབང་པོ་དྲུག་གི་རླུང་དང་། ཞབས་གཉིས་ཀྱིས ་གཤང་གཅི་གཉིས་ཀྱི་རླུང་འགོག་པའོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱི་དབང་དུ་བྱས་ནཐོས་པ་ལྡན་ཡེ་ཤེས་ལྔ་དང་། ཞལ་བཞི་ནི་ཡེ་ཤེས་བཞི་དང་། སྤྱན་གསུམ་རྣམ་པར་ཐར་པའི་སྒྲ་གསུམ་དང་། ་ཕྱག་བཅུ་གཉིས་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་དང་། ཕྱག་དྲུག་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། ཞབས་གཉིས་སྲིད་པ་དང་ཞི་བ་ལ་མི་གནས་པ་དང་། སྟག་གི་བླུགས་པ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དང་བྲལ་པ ་དང་། མི་མགོ་ལྔ་བཅུ་རྩ་གཅིག་ནི་འདུ་བྱེད་ལྔ་བཅུ་རྩ་གཅིག་རྣམ་པར་དག་པའོ།། དེ་སྐད་དུ་ཡང་ཁ་སྦྱོར་ལས་བཤད་པས་ཐེ་ཚོམ་མི་བྱའོ།། བུམ་པ་བཞི་ནི་ཡེ་ཤེས་བཞི་དང་སྟོང་པ་ཉིད་བཞི་དང་། ཆོས་ཀྱི་དབྱིངས ་ཀྱི་སྣང་བ་དང་། སོ་སོར་རྟོགས་པའི་ཡེ་ཤེས་གསུང་གི་འཁོར་ལོ་སྣང་བ་དང་། མེ་ལོང་ལྟ་བུ་སྐུའི་འཁོར་ལོ་སྣང་བ་དང་། ཕྲིན་ལས་ཀྱི་འཁོར་ལོ་བྱ་བ་ནཱན་ཏན་གྱི་འཁོར་ལོ་དང་། རྩིག་པ་ལྔ་ཡེ་ཤེས་ལྔར་སྣང་བ་སྒོ ་བཞི་བསམ་གཏན་བཞིར་སྣང་ཞིང་རྟ་བབས་བཞིར་སྲུང་བ་དང་། དུར་ཁྲོད་བརྒྱད་ནི་སངས་རྒྱས་ཀྱི་ཞིང་ཁམས་བརྒྱད་དུ་སྣང་བ་དང་། ཤིང་བརྒྱད་བྱང་ཆུབ་ཀྱི་ཤིང་བརྒྱད་དང་། ཀླུ་བརྒྱད་ཡོན་གྱི་བདག་པོ་བརྒྱད་དང ་ཕྱོགས་སྐྱོང་བརྒྱད་རྣམ་པར་གཟིགས་ལ་སོགས་པའི་སངས་རྒྱས་བརྒྱད་དང་། ཕོ་ཉ་བརྒྱད་ཉན་ཐོས་བརྒྱད་དང་། སྤྲིན་བརྒྱད་མྱ་ངན་འདས་པའི་ཚུལ་སྟོན་པའི་རང་རྒྱལ་བ་བརྒྱད་དང་། ཚིག་པ་དང་མ་ཚིག་པ་ལ་སོགས ་པ་སངས་རྒྱས་ཀྱི་ཞིང་བརྒྱད་དེ། དེ་ལྟར་རྣམ་པར་གཟིགས་ལ་སོགས་པའི་མཚན་ཉིད་ཐིག་པའི་ཆོས་ཀྱི་འཁོར་ལོ་བརྒྱད་ཀྱི་མཐའ་བསྐོར་བའི་དབུས་ན་འཁོར་ལོ་བདེ་མཆོག་བཞུགས་པ་ནི་བསྟན་པའི་སྙིང་པོ ་མངོན་སུམ་གྱི་ལམ་ཡིན་པས་ས་བཅུ་གཅིག་པ་ལ་ཐམས་ཅད་ཀྱང་མངོན་སུམ་གྱི་ལམ་འཁོར་ལོ་བདེ་མཆོག་ཏུ་སངས་རྒྱས་སོ་ཞེས་བྱ་བའི་དོན་ཡིན་ནོ།། རྡོ་རྗེ་ར་བ་ནི་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མེ་འོད་ནི་ཉོན ་མོངས་པ་དང་ཤེས་བྱའི་སྒྲིབ་པ་བསྲེག་གོ་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་ལྷ་དགོད་པའི་ཆོ་ག་བསྟན་ནས་དཀྱིལ་འཁོར་བཏེག་ནས་སྟ་གོན་གྱི་ལྷ་དབབ་པ་བསྲེས་ཏེ། རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་ལན་བདུན་སྐོར་བ་བྱས་ནས་ལྷག་པ་དང་མ ་ཚང་བ་བསྐང་བྱའོ།། ཞེས་བྱ་བ་ནི་ལྷག་མའོ།། ད་ནི་བུམ་པ་གཞུག་པ་བྱ་བ་ཡིན། དེ་ནས་བུམ་པ་བྱ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བུམ་པའི་རྒྱུ་རིན་པོ་ཆེ་འམ་ས་ལ་བྱས་པ་ཁ་གྱེད་པ་གསུས་པ་ལྔ་བ་མགྲིན་པ་ཕྲ་བ ་མཆུ་འཕྱང་བ་ཆོ་ག་བྱ་ཞེས་བྱ་བའི་དོན་ཏོ།། རྩ་བ་ལ་སོགས་ནག་ནོག་མེད་ཅེས་བྱ་བ་ནི་ལེག་པར་བཀྲུས་ནས་དྲིས་བྱུགས་པའོ།། མུ་ཏིག་གསེར་དང་རིན་ཆེན་དང་། བྱི་རུ་དངུལ་དང་ཟངས་མ་སྟེ། ཞེས་བྱ་བ་ནི་རིན་པོ་ཆེ་ལྔ་དང ་འབྲུ་ལྔ་དང་སྨན་ལྔ་དང་ལྡན་པའི་བུམ་པའི་སྟེང་དུ་བཟའ་བ་ཀུན་བཀང་བའོ།། སྣོད་ནི་སྟེང་དུ་བཞག་པར་བྱ། ཞེས་བྱ་བ་ནི་བདུད་རྩི་རྣམ་པ་ལྔ་དང་ལྡན་པའི་ཐོད་པའི་སྟེང་དུ་བཞག་གོ། མགྲིན་པ་སྲད་བུས་དཀྲིས་པ་དང་ཞེས་བྱ ་བ་ནི་ཚོན་སྣ་ལྔའི་སྐུད་པ་བཏགས་པའོ།། ཁ་ནི་འདབ་མས་བརྒྱན་པར་བྱ། ཞེས་བྱ་བ་ནི་འབྲས་བུ་དང་ལྡན་པས་ཁ་བརྒྱན་པའོ།། གོས་ཟུང་གིས་ནི་ལེགས་དཀྲིས་པ་ཞེས་བྱ་བ་ནི་བུམ་པ་བརྒྱད་ལ་ཐབས་དང་ཤེས་རབ་གོས་ཟུང ་རེས་དཀྲིས་པའོ།། བརྒྱད་ནི་སྒྲོ་རུ་རྣམ་པར་དགོད་ཅེས་བྱ་བ་ནི་རྒྱལ་བ་དང་བཀྲ་ཤཽསི་དང་དངོས་གྲུབ་དང་རྡུལ་འཕྲུལ་དང་རྒྱལ་བ་དང་རྣམ་པར་རྒྱལ་བ་དང་གྲུབ་པ་དང་བསྲུང་བ་བརྒྱད་སྒོ་བཞི་དང་མཚམས་བཞིར་དགོད་པའི ་གོས་ཟུང་གིས་ནི་ལེགས་བཀྲིས་པའི། བུམ་པ་དགུ་པ་དབུས་སུ་བཞག་ཅེས་བྱ་བ་ནི་གོས་དམར་པོ་དང་ནག་པོས་དཀྲི་བར་བྱའོ།། རྣམ་པར་རྒྱལ་བའི་བུམ་པའོ།། གསེར་རམ་དངུལ་ལམ་རིན་ཆེན་ནམ། མུ་ཏིག་རྣམས ་ཀྱིས་མཛེས་པར་བྱ་ཞེས་པ་ནི་བུམ་པ་རིན་པོ་ཆེ་རྣམས་ཀྱིས་ཕྲ་བཀོད་པ་དང་ལྡན་པའོ།། བུམ་པ་གཅིག་པུ་རིན་པོ་ཆེས་བྱ་འམ་ཞེ་ན།། དཀྱིལ་འཁོར་ཀུན་དུ་རིན་ཆེན་དང་། གསེར་རྣམས་ཀྱིས་ནི་ལེགས་པར་སྤྲས་ཞེས་བྱ་བ ་ནི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མཚན་མ་ཡང་རིན་པོ་ཆེས་མཛེས་པར་བྱས་པའོ།། དེ་ལྟ་བུའི་འཁོར་ལོ་བདེ་མཆོག་གི་གྲོང་ཁྱེར་མཆོག་ཡིད་དུ་འོང་བ་བུམ་པས་མཆོད་ན་དངོས་གྲུབ་ཏུ་གྱུར་པ་ལ་ཐེ་ཚོམ་མེད་དོ།། དེ་ལྟར ་བུམ་པ་བཤད་ནས་དེ་ནི་མཆོད་པའི་རྫས་བྱིན་གྱིས་བརླབ་པ་ནི་བདག་ཉིད་ཀུན་ནས་སྒོའི་དྲིའི་ཆུ་ཡིས་ལེགས་པར་གདབ་ཅེས་བྱ་བ་ནི་ཧཱུཾ་མཛད་ཞལ་བཞི་པའི་སྔགས་ནི་ཀུན་ནས་སྒོ་སྟེ་དེས་མཆོད་པ་རྣམས་བསང་བར་བྱའོ།། ་གལ་ཏེ་དངོས་གྲུབ་འདོད་པས་མེ་ཏོག་དང་བདུག་པ་དང་མར་མེ་དང་དྲི་ཆབ་དང་མར་མེ་བརྒྱ་ནི་དབུལ་བར་བྱ་ཞེས་བྱ་བ་ནི་དབང་པོ་ལྔའི་ཤའི་སྣོད་བརྒྱ་ལྷ་མོར་བསྐྱེད་ཅིང་དབུལ་བའོ།། དེ་ལྟར་བསགས ་ཤིང་བྱིན་གྱིས་བརླབས་ནས་ཐོད་ཕྲེང་གི་ཕྱག་རྒྱ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བར་སྣང་དུ་བྱོན་པ་ལ་མཁའ་འགྲོ་མའི་སྙིང་པོ་རྡོ་རྗེ་མཁའི་འགྲོ་ནས་འབྱུང་བའི་མཚན་བརྒྱ་རྩ་བརྒྱད་པས་སྟོད་ཅིང ་མཁའ་འགྲོ་རྒྱུད་ནས་འབྱུང་བ་བཞིན་དུ་མཆོད་ཡོན་དབུལ་བར་བྱའོ།། སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ལ་ཐུགས་ཀྱི་འཁོར་སྟེང་མཁའ་སྤྱོད་ཀྱི་གནས་སུ་བཞུགས་པ་དང་། ས་སྟེང་གྱི་མཁའ་འགྲོ་མ་གསུང་ལ་བཞུགས་པ་དང་། ་མ་མོ་བཅུ་གཉིས་ཕྱོགས་དང་མཚམས་སུ་བཞུགས་པའོ།། དེ་ནས་དབང་བསྐུར་བའི་གསོལ་བ་བཏབ་ལ་མེ་ལོང་གིས་ངོས་ལ་དྲིའི་ཐིག་ལེ་དང་མེ་ཏོག་ཚོམ་བུ་དཀོད་ལ་སྐུ་ཁྲུས་གསོལ་ཞིང་བདག་ལ་དབང་བསྐུར་བར ་བྱའོ།། དེ་ནས་དཀྱིལ་འཁོར་མཆོད་པར་བྱ་བ་ནི། གལ་ཏེ་དངོས་གྲུབ་མཆོག་འདོད་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དྲི་ལ་སོགས་པ་གྲངས་བརྒྱ་བསྙེད་ཀྱིས་དཔལ་ལྡན་ཁྲག་འཐུང་གི་དཀྱིལ་འཁོར་གྱི་དཔའ་བོ་དང ་དཔའ་མོ་དྲུག་ཅུ་རྩ་གཉིས་ལ་མཆོད་པར་བྱའོ།། དེ་ནས་བསོད་ནམས་ཀྱི་རྗེས་གཟུགས་སྡུག་གུ་དང་སྒྲ་བསྟན་པ་ལ་སོགས་པ་རོ་དང་རེག་བྱ་འབུལ་བར་བྱ་བ་ལས་ཐ་མར་རེག་བྱ་བཤད་པ་ནི། རྒྱལ་མཚན་དམར་དང་དེ ་བཞིན་སེར་སྟེ་བྱ་བ་སྟེ། རྒྱལ་མཚན་ནི་རོའི་གོས་སམ་བདུད་རྩི་ལྔ་དྲུང་དུར་ཁྲོད་ཀྱི་ཐལ་བའི་ཐིག་ལེ་བྱས་པའོ།། དམར་བ་ནི་གསུང་དང་། སེར་བ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་དང་། དཀར་བ་ནི་སྐུ་དང་། ནག་པོ་ནི་ཐུགས་དང་། ་སེར་སྐྱ་ནི་སྒྲོ་མ་རྣམས་དང་། སྣ་ཚོགས་པའི་མཚམས་ཀྱི་ལྷ་མོ་རྣམས་ལ་དབུལ་བར་བྱའོ།། དཀྱིལ་འཁོར་གྱི་རྫས་ནི་མེ་ཏོག་གི་ཕྲེང་བ་ཤར་སྔོ་བ་དང་། ལྷོ་སེར་བ་དང་། ནུབ་དམར་བ་དང་། བྱང་ལྡང་བ་དུ་མ་དང་། བླ་རེ་དང་། ་རྡོ་རྗེ་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་མཚན་པའོ།། བསྲུང་བའི་རྫས་ནི་དར་དང་བཅས་པའི་འདའ་ཤིན་ཏུ་མཛེས་པ་དང་། ཕུར་བུ་བཞི་དང་ཡུངས་ཀར་དང་གུ་གུལ་བཅས་པའོ།། ནང་གི་སྦྱིན་སྲེག་གི་རྫས་ནི་དེ་བཞིན ་བཟའ་བ་བཏུང་བ་ཡིས་ཞེས་བྱ་བ་གསུངས་ཏེ། ཁ་ཟས་རོ་བརྒྱུརྒྱ་བ་དང་རྒུན་ཆང་ལ་སོགས་པའོ།། མཉམ་པར་བཞག་སྟེ་མཆོད་པར་བྱ་ཞེས་བྱ་བ་ནི་བསྒྲུབ་པའི་གླེགས་པོ་དང་བཅས་པ་ཚོགས་ཀྱི་འཁོར་ལོའི་ལྷར་བསྐྱེད ་ལ་ལག་པ་གཡས་གཡོན་དགོང་གཟར་དང་བླུགས་གཟར་གྱིས་ལུས་ཀྱི་འཁོར་ལོའི་ལྷ་ལ་མཆོད་པར་བྱའོ།། དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ་དང་པོར་རེ་ཞིག་ཉི་མ་འཆར་ཀར་དཀྱིལ་འཁོར་ན་མཁར་བཏེག་ལཱ་རས་བ་ལ ་གྱི་སྐུད་པ་ལ་དུར་ཁྲོད་ཀྱི་ཐལ་པས་བྱུགས་ལ་ལེགས་པར་བསྒྲིལ་ལ་དཀྱིལ་འཁོར་གྱིས་ཉིས་འགྱུར་གྱིས་ཚང་དང་ལྡན་པ་ལ་སྙོམས་སུ་སྒོའི་ཉི་ཤུའི་ཆ་དང་ལྡན་པའི་མཚོན་སྣ་ལྔར་ཁ་བསྒྱུར་བ་ལ་ཧཱུ~ཾ་ཨོཾ་ཏྲྀ་ཧཱུ~ཾ་ཨོཾ་ཞེས ་བྱ་བ་བཀོད་ལ་ཞལ་གཅིག་ཕྱག་གཉིས་པ་བསྐྱེད་ལ་མིག་དང་ཐིག་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བཅུག་ལ་མཆོད་པ་ལྔས་མཆོད་ལ། གསེར་ལ་སོགས་པའི་སྤྱོད་དུ་བཞག་ལ་ཨོཾ་བཛྲ་སུ་ཏྲ་མཱ་ཏི ་ཀྲ་མ་ཧཱུཾ་ཞེས་བྱ་བས་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ལྷ་ཐམས་ཅད་ཀྱི་སྔགས་བཟླས་པའི་དྲིའི་ཆུས་བྱུགས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡི་གེ་ཛཿསེར་པོ་མིག་ལ་བཀོད་པའི་ཉི་མ་དང་ཟླ་བ་སོ་སོར་སྣང་བས་དབུས ་དང་སྒོ་ནས་གང་དུ་འོང་བ་ལྟས་ལ། སྒྲུབ་པའི་གྲོགས་མཆོག་ཡི་གེ་ཧུཾ་དང་སྣའི་དབུགས་ཀྱིས་བརྔུབས་ན་གསང་བའི་རྡོ་རྗེའི་ལམ་ནས་ཕྱང་ལ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་ཀྱིས་བཞག་གོ། དེའི་ལག་པར་ཛཿཛཿཞེས་བྱ་བས་ཐིག ་སྐུད་གཏང་ལ་སློབ་དཔོན་ཤར་དུ་ཁ་ལྟོས་ཏེ་སློབ་མས་དྲངས་ལ་ནུབ་ཏུ་ཁ་བལྟས་པས་ཚངས་པའི་ཐིག་དང་པོར་གདབ་པར་བྱའོ།། སློབ་དཔོན་བྱང་དུ་བལྟས་ཏེ་ཚངས་པའི་ཐིག་གཉིས་པ་གདབ་པར་བྱའོ།། སློབ་དཔོན་མེ་རུ་གནས ་བྱང་དུ་བལྟས་ཏེ་ཤར་གྱི་ཐིག་གདབ་པར་བྱའོ།། སློབ་དཔོན་ནུབ་ཏུ་གནས་ནས་ལྷོར་བལྟས་ཏེ་ནུབ་ཕྱོགས་ཀྱི་ཐིག་གདབ་པར་བྱའོ།། ཡང་བསྐོར་ནས་དེ་ཉིད་དུ་འདུག་ལ་ཤར་དུ་བལྟས་ནས་བྱང་དུ་ཐིག་གདབ་པར་བྱའོ།། མེའི་ཕྱོགས ་སུ་འདུག་སྟེ་ནུབ་ཏུ་བལྟས་ཏེ་ལྷོའི་ཐིག་གདབ་པར་བྱའོ།། དེ་བཞིན་དུ་ཁ་ཁྱེར་དང་མཚམས་ཀྱི་ཐིག་གདབ་པར་བྱའོ།། ཚངས་པའི་ཐིག་ནས་བརྩམས་ཏེ་ཆ་བཅུ་བདུན་པ་པཉྩ་ར་གྲའི་ཐིག་དང་།། ཉི་ཤུ་བ་ལ་སྒོ་འགྲམ་གྱི་རྩིག་པ ་དང་། རྩ་གསུམ་པ་ལ་ཡ་ཕུབས་ཀྱི་རྩིག་པ་དང་། རྩ་བཞི་པ་ལ་བཅུ་གཅིག་རྡོ་རྗེ་དང་སུམ་ཅུ་རྩ་གཉིས་ཀྱི་བར་གྱིས་རྟ་བབས་གདུགས་དང་བཅས་པ་རྫོགས་པར་བྱའོ།། སྒོ་འཁོར་ལོའི་བཅུད་ཆལ་སྒོའི་དབུས་ནས་བརྩམས་ནས ་གསུམ་པ་དང་ལྔ་པ་ལ་སྒོ་འཁྱུད་དང་ལོགས་ཀྱི་རྩིགས་པ་བྱའོ།། དེ་ལྟར་ཟུར་བཞི་པའི་ཐིག་རྫོགས་ནས་བདུད་རྩི་འཁྱིལ་པའི་ཕུར་བུ་སྟོང་ཁྲོ་བོ་ལ་སྨད་རྡོ་རྗེ་རྩེ་གཅིག་པ་དབུས་སུ་བཏབ་ལ་དེ་ལ་སྲད་བུཥྚིས་ལྟབ་ཏུ་བཏགས་ནས ་ཚངས་པའི་ཐིག་ནས་བརྣམས་ཏེ་ཆ་གསུམ་ནི་པདྨ་ཆ་གཅིག་ནི་གྲི་གུག་གམ་རིམ་པོ་ཆེས་བསྐོར་བའོ།། དེའི་ཕྱི་རོལ་དུ་ཆ་གསུམ་ནི་འཁོར་ལོ་ཆ་གཅིག་རྡོ་རྗེ་ཕྲེང་བས་བསྐོར་བའོ།། དེའི་ཕྱི་རོལ་དུ་གསུང་གི་འཁོར་ལོ་ཆ་གསུམ་ནི ་པདྨས་བསྐོར་ལ། དེའི་ཕྱི་རོལ་དུ་སྐུའི་འཁོར་ལོ་ཆ་གསུམ་ནི་འཁོར་ལོའི་ཕྲེང་བས་བསྐོར་བའོ།། དེའི་ཕྱི་རོལ་དུ་རྡོ་རྗེ་རང་མེ་འོང་རིམ་པ་གཉིས་ཐམས་ཅད་ཀྱི་མཐའ་ནས་བསྐོར་བར་བྱའོ།། དེ་ལྟར་ཐིག་བཏབ་ནས་བར་ཆད་ཀྱི་བགེགས ་བཟློག་པའི་ཕྱིར་ཕྱོགས་སྐྱོང་ལ་ཕུར་བུས་བཏབ་ལ་ཚེན་དགྱེ་བར་བྱའོ།། ཡོད་ཅིང་འབྱོར་ན་གསེར་ལ་སོགས་པའི་རིན་པོ་ཆེ་འམ་ཡང་ན་བསྲེས་པ་འམ་ཚོན་རྩི་ལས་བྱས་པ་དུར་ཁྲོད་དུ་རུས་པའི་ཕྱེ་མ་ལ་དཀར་པོའོ།། ཐལ་བ་ལས ་ནག་དང་སེར་ཕག་ཆོས་པོ་ལས་དམར་པོ་དང་སེར་པོ་མི་རུས་དང་བསྲེས་པའི་ལྗང་གུ་ལ་རིགས་ལྔའི་ས་བོན་བཀོད་ནས་ལྷར་བསྐྱེད་དེ་ཡེ་ཤེས་སེམས་དཔའ་བཅུགོ་སྟེ་མཆོད་པ་ལྔས་མཆེད་ངོ་། ཨོཾ་བཛྲ་ཙི་ཏྲ་ས་མ་ཡེ་ཧཱུཾ་ཞེས ་བྱ་བས་སྔགས་བརྒྱ་རྩ་བརྒྱད་བཟླས་པས་ཡི་གེ་ཧྲཱི་དང་བཅས་པས་གཟི་བརྗིད་བསྐྱེད་པར་བྱའོ།། དེ་ནས་ཐོག་མར་སློབ་དཔོན་གྱིས་སྒོ་རྣམས་ཕྱེ་ལ་འཁོར་ལོ་བྲིས་ནས་དབུས་ཀྱི་ཕུར་བུ་བུ་ག་བཀང་ལ་དབང་ལྡན ་གྱི་མཚམས་སུ་ཚོན་གྱི་པྲ་བརྟགས་ནས་སློབ་མས་ཀྱང་ཅི་བདེ་བར་བྲི་བར་བྱའོ།། སྔར་བཤད་པ་བཞིན་དུ་འཁོར་ལོ་ལྔ་བཀོང་ལ་ལྷའི་ཡིག་འབྲུ་འམ་ཕྱག་མཚན་ནམ་སྐུ་ཕྱག་རྒྱ་ཆེན་པོར་བཀོད་དེ་ཚོན་སྣ་ལྔའི་རེས་སྔོན་པོ་དང་སེར་པོ ་དུང་དམར་པོ་དང་ལྗང་གུ་དང་དཀར་པོའི་རིམ་པར་བྲིས་ལ་འདོད་ཡོན་གྱིསོ་ས་དམར་པོའོ།། རིན་ཆེན་ཕ་གྲི་དཀར་པོའོ།། དྲ་བ་དྲ་ཕྱེད་ཀྱིས་ནག་པོ། ཤར་དུ་རྟ་བབས་རྡོ་རྗེས་མཚན་པ། ལྷོར་རིན་པོ་ཆེ། ནུབ་ཏུ་པདྨ། བྱང་དུ་སྣ་ཚོགས ་མཚོན་པའི་རྟ་བབས་བྲི་བར་བྱའོ།། དེའི་ལོགས་བརྒྱད་དུ་སྔར་བསྟན་པ་བཞིན་དུ་དུར་ཁྲོད་བརྒྱད་བྲི་བར་བྱའོ།། དེ་ནས་དགོངས་ཀའི་དུས་སུ་དཀྱིལ་འཁོར་གྱི་ས་བཞི་ཀུན་དུ་དྲི་ཉེ་བར་བྱུགས་ལ་བུམ་པ་ལ་སོགས་པའི་རྫས་ཐམས་ཅད ་བསགས་ཏེ། ཕུར་བུ་དང་མདའ་ལ་སོགས་པའི་བསྲུང་བའི་རྗེས་རྣམས་ཀྱིང་བྲིས་ཏེ། རྡོ་རྗེ་སློང་བའི་ཕྱག་རྒྱས་དཀྱིལ་འཁོར་སློང་ལ་སོ་སོའི་སྙིང་པོས་ལྷ་རྣམས་ཕབ་སྟེ་དཀྱིལ་འཁོར་དུ་ཞུགས་ནས་དེ་བཞིན་གཤེགས་པ་ལ་ཕྱག་བྱ ་ཞིང་ཁྲོ་བོའི་བསྟོད་པས་བསྟོད་དེ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བགེགས་བསིལ་ནས་ལྷག་པ་དང་མ་ཚང་བ་བསྐང་པོའི་ཕྱིར་ཡི་གེ་བདུན་པ་ཟློས་ཤིང་ལན་བདུན་བསྐོར་བ་བྱས་ལ། སྔར་ཇི་སྐད་བཤད་པ་བཞིན་དུ། གནས ་དང་ལྡང་བ་ཉིད་དང་ནི། འཇུག་དང་ཡོངས་སུ་རྫོགས་པ་དང་།། བྱིན་གྱིས་བརླབས་དང་དབང་བསྐུར་དང་།། ཏིང་འཛིན་མཆོད་པ་ཞེས་བྱ་བའི་བར་དུ་བྱས་ལ། མཆོད་པ་རྒྱས་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས་སྦྱིན་སྲེག་དང ་གཏོར་མྦྷ་ཡང་བྱའོ།། རྒྱས་པར་ནི་ཡིད་འོང་ཕྲེང་བར་བལྟ་བར་བྱའོ།། ལེའུ་གཉིས་པའི་རྣམ་པར་བཤད་པའོ།། ། དེ་ལྟར་སློབ་དཔོན་གྱི་ལས་རྣམས་རྫོགས་ནས། ད་ནི་སློབ་མ་འཇུག་པ་དང་། དབང ་བཀུར་བའི་ཆོ་ག་བཤད་པར་བྱ་སྟེ།། དེ་ནས་བསྒྲུབ་པོས་དངོས་ཀུན་གྱིས།། ཞེས་བྱ་བ་ནི་སྒྲུབ་པ་པོ་ནི་ལྷག་པར་གནས་པར་བྱས་པའི་སློབ་མའོ།། དངོས་ཀུན་གྱི་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའོ།། དང་པོར་སློབ་དཔོན་མཉེས་པ ་བྱ་ཞེས་བྱ་བ་ནི་སློབ་དཔོན་ད་བསྒྲུབ་པའི་གྲོག་ས་པོ་ལ་འདོད་པའི་ཡོན་ཏན་ལྔས་ཚོགས་ཀྱི་འཁོར་ལོ་བྱའོ།། གྲུབ་འདོད་ཤིན་ཏུ་མཉམ་གཞག་པས།། ཞེས་བྱ་བ་ནི་སློབ་མ་སེམས་རྩེ་གཅིག་པ་དང་བཅས་པའོ།། ཅི་ནུས་པས་ནི་བླ་མ ་མཆོད། ཅེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔས་ཅི་འབྱོར་པའི་ཚོགས་ཀྱིས་མཆོད་པར་བྱའོ།། དེ་ལྟར་ཐོག་མར་སློབ་དཔོན་ཉེས་པར་བྱས་ནས་སློབ་དཔོན་གྱིས་སྒྲུབ་པའི་ཆོ་ག་བྱ་བ་ཡིན་ཏེ། དཀྱིལ་འཁོར་བྲིས་པའི་ནུབ་མོ་དེ་ཉིད ་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་དང་རོ་དང་། རེག་བྱ་རྡོ་རྗེ་མ་དང་རྣམས་ཀྱི་དཀྱིལ་འཁོར་མཆོད་པར་བྱས་ནས་སློབ་མ་དབང་བསྐུར་བར་བྱའོ།། དེ་ཡང་ཇི་ལྟར་བྱ་ཞེ་ན། དྲིལ་སྦྱངས་མེ་ཏོག་སྤོས་ཀྱིས་བརྒྱན།། ཞེས་བྱ ་པ་ལ་སོགས་པ་འདོང་བའི་ཡོན་ཏན་ལྡིའི་གཟུགས་ཀྱི་མཆོད་པ་བྱ་བ་འམ། ཡང་ན་སྔ་དེ་ཉིན་སློབ་དཔོན་གྱི་ལས་ནས་ཕྱི་དེ་ཉིན་སློབ་མ་འཇུག་པར་འདོད་པས་གས་དང་ཕྱག་རྒྱ་ལྔ་ལ་སོགས་ཤེས་རབ་ཡན་ལག་ཕུར་བུ་དྷཱང ་ཞེས་བྱ་བ་གསུངས་པས། ཤེས་རབ་ཀྱི་ཡན་ལག་དང་བཅས་པས་བསྒྲུབ་པར་བྱ་སྟེ། བཅུ་གཉིས་མ་དང་བཅུ་དྲུག་མ་དང་ཉི་ཤུ་མའི་ལས་ཀྱི་ཕྱག་རྒྱ་དང་བཅས་པས་ཚད་མེད་པ་དང་། བྱིན་གྱིས་བརླབས་པ་དང་། བསྲུང་བ་དང་སྟོང་པ་ཉིད་ཀྱི་རྣལ ་འབྱོར་དང་དང་པོར་སྦྱོར་བ་དང་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་བསྒོམས་ལ་སློབ་མ་དབང་བསྐུར་བར་བྱའོ།། དེ་ཡང་ཇི་ལྟར་བྱ་ཞེ་ན། དྲིལ་སྦྱངས་ཞེས་བྱ་བ་སྟེ་དགེ་བསྙེན་གྱི་སྡོམ་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ ་བྱིན་ནས་སྔགས་ཀྱི་ལྷར་བསྐྱེད་པ་ནི་སྦྱངས་པའི་ལུས་ལྷ་མོ་བཅུ་དྲུག་གི་གནས་སུ་དྲིའི་ཐིག་ལེ་བྱས་ཏེ། མེ་ཏོག་གསུམ་བཅུ་རྩ་དྲུག་བཀོད་ལ་སྤོས་ཀྱིས་བདུགས་ཤིང་ལུས་ཀྱི་འཁོར་ལོའི་ལྷ་ཡིས་བརྒྱན་པོར་བྱའོ།། ཤིན་ཏུ་སྒྲ་སྙན་ཞེས་བྱ ་བ་ནི་ལོ་བཅུ་དྲུག་མ་སྟེ་གཟུགས་ཡིད་དུ་འོང་བ་སྒྲ་སྙན་པ་དྲི་ཞིམ་པོ་དང་རོ་དང་རེག་བྱ་ཡིད་དུ་འོང་བ་དང་ལྡན་པས་ཉེ་བར་མཚོན་པས་ན་སྒྲ་བསྟན་ཞེས་བྱའོ།། དྲིལ་བུ་དཀྲོལ་ཞེས་བྱ་བ་ནི་ཨ་བ་དྷཱུ་ཏཱིའི་རྩའི་མིང་ཡིན་ནོ།། སྒྲུབ་པ་པོ་ཡིས་རྡོ ་བརྡུང་ཞིང་། ཞེས་བྱ་བ་ནི་ཉི་ཤུ་མ་སྟེ་ལོངས་སྤྱོད་པའི་བཞིར་གྱུར་པའོ།། དེ་རྣམས་དང་བསམ་གཏན་གྱི་བདེ་བ་དང་ཟག་མེད་ཀྱི་བདེ་བ་སྐྱེ་བར་བྱའོ།། བྱང་རྨུགས་རྒོད་པ་བྱུང་ན་བསྙེན་པོས་བཟློག་པ་བཞིན་དུ་དགའ་བྲལ་དུ་གྱུར་ན། ཧ ་ཞེས་ནི་བརྗོད་པར་བྱ།། ཞེས་བྱ་བ་སྟེ་རླུང་གི་འཁྲུལ་འཁོར་གྱིས་གྱེན་དུ་བཟློག་པའི་ཐ་བས་ཡིན་ནོ།། དེ་ནས་ཆོ་ག་བཞིན་དཀྱིལ་འཁོར་ཞེས་བྱ་བ་ནི་དེ་ལྟར་བསྒྲུབས་ཟིན་པའི་རྗེས་ལ་སློབ་མ་འཇུག་པའི་ཆོ་ག་བསྟན་པ་ནི་དེ་ལྟར་ཆོ་ག ་བཞིན་དཀྱིལ་འཁོར་ཞེས་བྱ་བ་གསུངས་ཏེ། ཆོ་ག་བཞིན་དུ་ལྷ་དྲུག་ཅུ་རྩ་གཉིས་བསྒོམས་པའོ།། དཀྱིལ་འཁོར་ལ་འདོད་པའི་ཡོན་ཏན་ཀུན་དང་ལྡན་པས་དཀྱིལ་འཁོར་ལ་མཆོད་པར་བྱའོ།། རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི་ནང་ན ་གནས་བཞིན་དུ་ལས་ཀྱི་སློབ་དཔོན་གྱི་སློབ་མ་ཡོལ་བའི་རྒྱབ་ཏུ་ཡི་གེ་བདུན་པ་བཟླས་པའི་སྨད་གཡོགས་དང་། ཧཱུཾ་མཛད་བཟླས་པའི་སྟོང་གཡོགས་དང་། རྡོ་རྗེ་གཙུག་ཏོར་བཟླས་པའི་ཟེ་ཀ་བཅིངས་ལ་སྙིམ་པ་མེ་ཏོག་གིས་བཀང ་ནས་ཡོལ་པའི་ནང་དུ་བཅུག་སྟེ་ཀསྟཾ་བྷྱོ་ཞེས་དྲི་བར་བྱའོ།། སློབ་མས་སྐལ་བ་དང་ལྡན་པ་བདག་ལགས་སོ་ཞེས་བརྗོད་པར་བྱའོ།། དེ་ནས་མདུན་རྣམ་པར་དག་པ་བྱས་ལ་སྡོམ་པ་བཟུང་ནས་སྙིང་གར་རྡོ་རྗེ་བཞག་ནས་བྱང་ཆུབ ་ཏུ་སེམས་བསྐྱེད་དེ་དཔའ་བོ་གཅིག་པུའི་ལྷར་བསྐྱེད་ནས་མཆོད་དེ་ཕྱི་རོལ་གྱི་བུམ་པའི་ཆུས་དབང་བསྐུར་བར་བྱའོ།། དེ་ནས་བསྐོར་བ་བྱས་ནས་ཀྱང་། ཤེས་པས་ནོང་གི་འཇུག་པ་སྟོན་ཏེ་ལག་ན་རྡོ་རྗེ་ཐོགས་པའི་སློབ་མས་ཀཱ་ཀཱཾ་སྱེ ་ཧཱུཾ་ཛཿཞེས་བྱ་བས་ཤར་ཕྱོགས་ཀྱི་སྒོ་ནས་འཇུག་པ་དང་། དེ་ནས་བསྐོར་བ་བྱང་ཕྱོགས་ཀྱི་སྒོ་ནས་ཨུ་ལུ་ཀཱ་སྱེ་ཧཱུཾ་ཞེས་པས་གཞུག་པ་དང་། དེ་ནས་བསྐོར་ལ་ནུབ་ཕྱོགས་ཀྱི་སྒོ་ནས་ཨོཾ་ཤཱ་ན་སྱེ་བཾ་ཞེས་པས་བཅིང་བ་དང་། དེ་ནས ་བསྐོར་ཏེ་ལྷོ་ཕྱོགས་ཀྱི་སྒོ་ནུས་ཨོཾ་སུ་ཀ་ཪྵ་སྱེ་ཧོཿཞེས་པས་དབང་དུ་བྱ་བའོ།། དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་བཅུག་ལ་ཨཱ་ཁཾ་བི་ར་ཧོ་ཞེས་སྨྲས་ནས་སློབ་མ་ནམ་མཁའ་དང་མཉམ་པའི་དཀྱིལ་འཁོར་དུ་ཞུགས།། ་ཞེས་བརྗོད་དུ་གཞུག་གོ། དེ་ནས་ལྷའི་ངམ་ཚིག་བསྒྲགས་པ་དང་སློབ་དཔོན་གྱི་ངམ་ཚིག་བསྒྲགས་པ་ནི་ཀྱང་ཞེས་བྱ་བའི་དོན་ཡིན་ནོ།། དེའི་རྗེས་ལ་ཡེ་ཤེས་དབབ་པ་ནི།། སློབ་དཔོན་ཤིན་ཏུ་མཉམ་གཞག་པས་ཞེས་བྱ་བ་སྨོས་ཏེ།། ་སློབ་དཔོན་ཤིན་ཏུ་སེམས་རྩེ་གཅིག་པས་བསྒོ་དབྱེ་བའི་ཕྱག་རྒྱས་སློབ་མའི་སྙིང་ག་དང་རང་གི་སྙིང་ག་ཕྱེ་ནས་རང་གི་སྙིང་གའི་ཟག་པ་མེད་པའི་རྡོ་རྗེ་སློབ་མའི་སྙིང་གར་བཅུག་ལ། ལུས་ཀྱི་འཁྲུལ་འཁོར་དང་ངག་དང་སེམས ་ཀྱི་འཁྲུལ་འཁོར་དང་། རྫས་ཀྱི་འཁྲུལ་འཁོར་གྱིས་དབབ་པར་བྱའོ།། མ་བབས་ན་དབང་བསྐུར་མི་བྱའོ།། གྲོང་ཁྱེར་དམ་པ་དེར་གཞུག་བྱ། ཞེས་བྱ་བ་ནི་སྤྲུལ་པའི་སྐུའི་ཡེ་ཤེས་ཀྱི་ལྷ་དེ་མཐོང་བར་བཞུག་པའོ།། ཡེ་ཤེས་པ་བས ་ནས་སྤྲུལ་པའི་དཀྱིལ་འཁོར་དམ་པ་མཐོང་བར་གྱུར་པ་ཡིན་ནོ།། དེ་ལྟར་གསང་བའི་དཀྱིལ་འཁོར་དུ་འཇུག་པ་སྟོན་པ་ནི། ལྷོའི་ཕྱོགས་སུ་བསྟེན་ནས་སུ།། ཞེས་བྱ་བ་ནི་སློབ་དཔོན་གྱི་གཡོན་ངོས་ནས་འཇུག་པ་ཡིན་ནོ།། དེ་ལ ་སྙིམ་པ་མེ་ཏོག་ངོར་ཞེས་བྱ་བ་ནི་པྲ་ཏཱིཙྪ་ཧོ་ཞེས་པ་བས་དོར་བྱར་བྱའོ།། གང་གི་སྟེང་དུ་བབས་པ་དེ་བླངས་ལ་པྲ་ཏི་གྲིཧྞ་སྟྲྀ་ཏི་ཨ་མ~ཾ་སཏྭ་མ་ཧཱ་བཾ་ལ་ཞེས་བྱ་བས་བོཅིང་བར་བྱའོ།། དེ་ནས་གདོང་གཡོགས་དཀྲོལ་ཞིང་དེ་ལ་རང ་གི་རིགས་སྤྱི་དཀྱིལ་འཁོར་གྱི་ལྷ་བསྟན་པར་བྱའོ།། དེ་ལྟར་ཕྱིའི་འཇུག་པ་ལྔ་དང་ནང་གི་འཇུག་པ་བརྒྱུད་བྱས་ནས་དེ་རྗེས་ལ་དབང་བསྐུ་བར་བྱའོ།། དེ་ནས་སློབང་པན་ལེགས་པར་ན། མཉམ་པར་བཞག་སྟེ་ཕྱག་རྒྱ་མཚང ་ཅེས་པ་ནི་ཨོཾ་སརྦ་ཏ་ཐཱ་གཱ་ཏ་ཨ་ནུ་ར་ག་ཎ་བཛྲཱི་སཱ་བྷཱ་ཨཱཏྨ་ཀཽ། ཙཾ་ཞེས་བྱ་བས་རྗེས་སུ་ཆགས་པའི་ཏིང་ངེ་འཛིན་བསྒོམས་ཏེ་རྡོ་རྗེ་དང་པདྨོ་བྱིན་གྱིས་བརླབས་ནས་སློབ་མའི་ཁ་ནས་བཅུག་ནས་སློབ་མ་ཡུམ་གྱི་མཁོར་གསང་ནས ་གཏོན་ནས་དཔའ་བོ་གཅིག་པུ་ཡབ་ཡུམ་དུ་བསྐྱེད་དེ་ཡེ་ཤེས་སེམས་དཔའ་བཅུག་ནས་གོ་ཆ་བསྐོན་ནས་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་རྡོ་རྗེ་བརྟུལ་ཞུགས་དང་སྔགས་ཀྱི་བརྟུལ་ཞུགས་དང་མཆོད་པ་ལྔའི་བརྟུལ ་ཞུགས་སྦྱིན་པར་བྱའོ།། དེ་ནས་སློབ་མ་ཕྱིར་མི་ལྡོག་པའི་དབང་བསྐུར་བར་བྱའོ།། གསོལ་བ་འདེབས་སུ་བཅུག་ལ། རྡོ་རྗེ་སློབ་དཔོན་སྤྱོད་པ་དང་། ཞེས་བྱ་བཾ་བཅུ་ལ་སོགས་པ་ཕས་ཕམ་པ་བཅུ་བཞི་བྱ་ནི་ནས་སེངྒེའི་ཁྲི་ལ ་བཞུགསོ་ཏེ། ལྷ་དྲུག་ཅུ་རྩ་གཉིས་ལུས་ལོ་བསྐྱེད་དེ་ཡེ་ཤེས་སེམས་དཔའ་བཅུག་པ་དང་གོ་ཆ་བསྐོན་ལ་ཕྱིར་མི་ལྡོག་པའི་རྣམ་པར་རྒྱལ་བའི་བུམ་པས་སྔ་མ་བཞིན་དུ་ཆུ་དང་ཅོད་པན་དང་རྡོ་རྗེ་དང་། བདག་པོ་དང་མིང་དབྱེ་བ ་སྤངས་པ་དང་མེ་ལོང་བསྟོན་པ་དང་ཡེ་ཤེས་དང་མངའ་གཞུ་གཏད་པས་སྦྲུལ་སྐུ་འགྱེད་པའི་སྐུ་དང་། དྲིལ་བུ་གསུང་དང་། མེ་ལོང་བསྟན་པས་ཐུགས་དང་། རྒྱུད་ཐམས་ཅད་ཀྱི་རྗེས་སུ་གནང་པོ་རྣམ་པ་ལྔ་དང་། སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་བརྟུལ་ཞུགས་དང་། ལུང་བསྟན་པ་དང་། གཟེངས་བསྟོད་པ་དང་། དབུགས་དབྱུང་བ་དང་། རྗེས་སུ་གནང་བ་དང་། ཡན་ལག་བཅུ་དང་ལྡན་པ་སྟེ། གཟུགས་བརྙན་གྱི་དཀྱིལ་འཁོར་ལ་བུམ་པའི་དབང ་བསྐུར་བ་ནི་མཉམ་པར་བཞག་པ་སྟེ། ཕྱག་རྒྱ་ཆེར་ཞེས་བྱ་བ་ནི་མདོར་བཤད་པ་ཡིན་ནོ།། ད་ནི་ལུས་ཀྱི་དཀྱིལ་འཁོར་ལ་གསང་བའི་དབང་བསྐུར་བ་ནི། དེ་ནས་བླ་མ་ཕྱི་དེ་ཉིན། ཞེས་བྱ་བ་སྨོས་ཏེ་རྡུལ་ཚོན་གྱི་ལྷ་གཤེགས་སུ་གསོལ ་ནས་ཚོགས་ཀྱི་འཁོར་ལོ་ལ་དབྱེ་སྟེ། གསང་བའི་དབང་བསྐུར་བའི་གསོལ་པ་སློབ་མས་བཏབ་ནས། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ།། ཞེས་བྱ་བའི་སྡོམ་པ་བཞི་ཕོག་ནས་རྒྱུད་ཀྱི་རིམ་དང་སྔགས་ཀྱི་རིམ་པ་དང་ཡེ་ཤེས་ཀྱི་རིམ ་པ་སྒོམ་དུ་བཅུག་ནས།། མཚལ་ཆེན་ལན་གསུམ་བཟླས་པ་ཡི།། དེ་ལ་ཐིག་ལེ་བྱ་བ་ཡིན།། ཞེས་བྱ་བ་ནི་གནས་གསུམ་དུ་བདུད་རྩི་ལྔའི་དྲིའི་ཐིག་ལེ་བྱས་ལ།། མཚལ་ཆེན་དང་ལྡན་པའི་བྱང་ཆུབ་ཀྱི་སེམས་སློབ་མས་རྡོ་རྗེའི་རྩེ་མོ་ལས ་སམ་པདྨའི་རྩེ་མོ་ལས་སམ་སྲིན་ལག་གིས་སམ་དུང་ཚེས་ལས་བླང་བར་བྱའོ།། སློབ་དཔོན་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞལ་ནས་ཞུ་བའི་ཐིག་ལེ་སློབ་མའི་ལྕེ་ལ་ཕཔེ་ནས་རྡོ་རྗེ་མ་ལ་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྐྱེད ་བས་བསམ་གཏན་གྱི་སྡོམ་པ་དང་། བཞི་པའི་རོའི་སྟོང་པ་ཉིད་ཤེས་པས་ཟག་པ་མེད་པའི་སྡོམ་པོ་བསྐྱེད་ནས་ངོ་མཚར་བདེ་བ་ཆེ་ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་གཞུག་གོ། དེ་ནས་དེའི་ཕྱིར་དེའི་ཚོགས་ཀྱི་འཁོར་ལོ་བྱས་ལ ་དཀྱིལ་འཁོར་བྷ་ག་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱའོ།། ཕ་མའི་ཐབས་དང་ཤེས་རབ་ལས་སྒྱུ་མ་ལྟ་བུའི་ལྷར་བསྐྱེད་པས་ཟླ་བ་བཅུ་ས་བཅུ་དང་། ཨ་ཧོ་འདོད་པ་སྔགས་དང་ཁྲུ་མ་ཆོས་གོས་དང་། ཐལ་མོ་སྦྱར་བའི་ཕྱག་རྒྱ་དང་། རྒྱུ་རྐྱེན་གྱི ་ཚོགས་པ་ལས་ལྷུར་བསྐྱེད་དོ།། ཞེས་མེ་ལོང་གི་གཟུགས་བརྙན་བསྟན་ནས་ཤེས་རབ་ཀྱི་དབང་བསྐུར་བའི་གསོལ་བ་འདེབས་སུ་བཅུག་ལ། བླ་མ་དང་ཤེས་རབ་ཀྱི་ཞབས་ལ་ཕྱག་འཚལ་ནས་སྡོམ་པ་བརྒྱད་མནོས་ཏེ། དེ་ཡང་བསྙེན་སྒྲུབ་བཞིས་སྦྱང ་པས་རྫས་དང་མེ་ཏོག་གིསོ་ཐིག་ལེས་བརྒྱན་པའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའི་ཆེད་དུ་བཏང་ལ་འབྱུང་བ་བཞིའི་དབུས་མན་མཁའི་རྩ་དང་རེག་པར་གྱུར་པ་རེག་བྱ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་རྟོགས་པ་ནི་གདོང་ཕྱེ་དཀྱིལ་འཁོར་བསྟན ་ཞེས་བྱ་བ་ཡིན་ནོ།། ངག་གི་ལྷ་གནས་གང་ཡིན་པ། ཞེས་བྱ་བ་ནི་བདེ་བ་སྟོང་ཉིད་ཟག་མེད་ནི་ལྷ་ཡིན་ལ། དེའི་གནས་ནི་དུང་ཅན་མ་དང་པདྨ་ཅན་ནོ།། དེར་དེ་ཡང་དག་བསྟན་པར་བྱ།། ཞེས་བྱ་བ་ནི་སླེབ་མ་དེ་བདེ་བ་སྟོང་པ་ཉིད་ཀྱི་ཚོགས་པ་དེ་སློབ་དཔོན ་གྱི་མངོན་སུམ་གྱི་གཞན་དོན་གྱི་མན་ངག་གིས་སློབ་མ་ལ་ངེས་པ་སྐྱེས་པ་ནི་ཡང་དག་པར་བསྟན་པའོ།། སློབ་མས་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་ལ་ཞི་གནས་ཀྱི་སྒོ་མོ་བརྒྱད་ཁྲོ་བཞི་སྟོང་གི་སྒོ་ནས་ལྷག་མཐོང་སྟོང་པ་ཉིད་བརྒྱད་ཁྲི་བཞི ་སྟོང་གི་མངོན་སུམ་གྱི་ལམ་སྟོན་ཅིང་ཞེས་བརྗོད་ད་དུ་སྣང་བ་སྦྱིན་པོར་བྱའོ།། དེ་ནས་ཉི་མ་འཆར་ཀར་སློབ་དཔོན་ལ་ཡོན་དབུལ་བར་བྱའོ།། དེ་ནས་ཕྱག་འཚལ་པ་དང་བསྐོར་བྱས་ལ་དཀྱིལ་འཁོར་བྷ་ག་དང་བླ་མ་སློབ་དཔོན་ལ་སྔགས་དང ་ཕྱག་རྒྱའི་ཆོས་གས་ཕྱག་བྱའོ།། དེ་ནས་བླ་མ་དག་ལ་ཡོན།། ཞེས་བྱ་བ་ནི་གོ་སླའོ།། དེ་ལྟར་ངེས་པར་བྱ་བ་ནི། སྒྲུབ་པ་པོ་ཡིས་རབ་མཉེས་བྱ་ཞེས་པ་དབང་བསྐུར་བ་ངེས་པར་མཐོང་བའི་རྗེས་ཐོགས་ལ་ངེས་པར་ཡོན ་དབུལ་བར་བྱའོ།། དེ་ནས་དབང་བསྐུར་བའི་ཕན་ཡོན་བསྟན་པ་ནི། དེ་ནས་དེ་ལ་མཁའ་འགྲོ་མ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཁའ་འགྲོ་མ་སུམ་ཅུ་རྩ་གཉིས་དང་། མཁའ་འགྲོ་མ་ལ་སོགས་པ་ཡེ་ཤེས་ཀྱི་ལྷ་མོ་བཞི་དང་། སྒྲུབ ་པ་པོ་ཡིས་ལྷན་ཅིག་ཏུ་དགའ་བ་བཞིའི་ཏིང་ངེ་འཛིན་སྤྱོད་པས་འགྲོ་བ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ།། ཕན་ཡོན་གཉིས་པ་ནི་དབང་བསྐུར་བ་ཁྱད་པར་ཅན་འདི་གྲུབ་ན་འཇིག་རྟེན་གསུམ་པོ་ཐམས་ཅད་ཀྱི་བར་ཆད་བྱ ་བར་མི་བཟློག་ཤིང་མི་སྣང་བ་དང་། ས་འོག་ཏུ་འགྲོ་བ་དོང་ནམ་མཁའ་ལ་རྒྱུ་བ་དང་རྐང་མགྱོགས་དང་བཅུད་ལོན་ལ་སོགས་པ་རྣལ་འབྱོར་པ་ཙམ་གྱིས་དུས་ཐམས་ཅད་དུ་བསྐྱོད་པར་མི་ནུས་སོ།། པནྡྷ་ཡོན་གསུམ་པ་ནི་གཟུགས ་སུ་མ་ཕྱེ་བ་དང་། ནམ་མཁའ་ལ་སོང་ནས་མཁའ་འགྲོ་མ་རྣམས་ལ་དཀའ་སྒོ་ཞིང་ཆད་པས་བཅད་པ་དང་། ཕན་འདོད་དག་ཀྱང་བལྟས་པ་ཙམ་གྱིས་སྐད་ཅིག་གིས་བསྐྱེད་པར་བྱེད་དོ།། གལ་ཏེ་དབང་མ་ཐོབ་ན་དེ་ཅི་ཞིག་ཏུ་འགྱུར་ཞེ་ན། ་སྔགས་པས་དཀྱིལ་འཁོར་མ་མཐོང་བ་ཞེས་བྱ་བ་སྨོས་ཏེ། དབང་མ་ཐོབ་བཞིན་དུ་བསྒོམ་བཟླས་བྱས་ཀྱང་གྲུབ་པར་མི་འགྱུར་བའི་དཔེ་གསུངས་པ་ནི། སྒྲ་སྙན་པ་མྱུར་དུ་རེ་བས་ནམ་མཁའ་ལ་ཁུ་ཚུར་བརྡེག་པ་དང་སྨིག་རྒྱུའི ་ཆུ་འབྱུང་བ་བཞིན་ནོ།། རྒྱུད་ཐམས་ཅད་ལས་ཁྱད་པར་དུ་གྱུར་པར་བསྟན་པ་ནི། རྣལ་འབྱོར་འདི་ནི་མཆོག་རབ་དང་། ཞེས་བྱ་བ་གསུངས་ཏེ། འཁོར་ལོ་བདེ་མཆོག་ཏུ་དབང་ཐོབ་ན་རྒྱུད་བདེ་བཞིའི་སློབ་དཔོན་དུ་གྱུར་པ་དང་། རྒྱུད་སྡེ་བཞིའི་དངོས ་གྲུབ་ཏུ་རུང་བ་ཡིན་ཏེ། དེ་ཡང་ལྷ་ལ་སོགས་པ་དྲག་པོ་འཇིགས་བྱེད་ཉི་ཤུ་རྩ་བཞི་ཟིལ་གྱིས་གནོན་པས་རྒོད་པ་དང་བལྟ་བ་དང་ལག་བཅངས་དང་འཁྱུད་པ་ལ་སོགས་པ་ནི་འདིར་དབང་བསྐུར་བར་གྱུར་པས་ཐམས་ཅད་ཀྱི་བདག་པོར ་འགྱུར་རོ།། གཞན་དུ་དབང་བསྐུར་བས་བདེ་མཆོག་གི་སློབ་དཔོན་དུ་ཅིའི་ཕྱིར་མི་འགྱུར་ཞེ་ན། མངོན་སུམ་གྱི་ལམ་སྟོན་པའི་དཀྱིལ་འཁོར་གྱི་མཆོག་འདི་ནི་སངས་རྒྱས་འང་སྤངས་ལ་སོགས་པ་ཡང་མ་བྱུང་ལ། མ་བྱོན་པའི ་རྒྱལ་བ་བྱམས་པ་ལ་སོགས་པ་ལ་ཡང་འབྱུང་བར་མི་འགྱུར་རོ།། དེ་ལྟར་ན་རྒྱུད་ཐམས་ཅད་ཀྱི་དྲོན་ལ་བདེ་བ་ཚིག་གི་བརྒྱུད་ཀྱི་དོན་གྱིས་ཁྱབ་བམ་ཞེ་ན། བཤད་དང་མ་བཤད་གང་ཅི་ཡང་རུང་། དེ་ཀུན་དཔལ་ལྡན་ཁྲག་འཐུང་གནས ་ཞེས་བྱ་བོ་གསུངས་ཏེ། རྒྱུད་སྡེ་བཞི་བཤད་པ་དང་མ་བཤད་པའི་འཁོར་ལོ་བ་མཆོག་གི་རྒྱུད་ཀྱི་དོན་ཐམས་ཅད་ཀྱི་བརྗོད་པར་བྱ་བ་ནི་སྐུ་གསུང་གཱི་རང་བཞིན་དཔལ་ཧེ་རུཀྵ་བརྗོད་བྱར་བསྟན་པ་ཡིན་ནོ།། ལེའུ་གསུམ་པའི་རྣམ་པར ་བཤད་པའོ།། ། དེ་ལྟར་དབང་བསྐུར་བ་བཤད་ནས།། ད་ནི་ལྷ་དགོད་པའི་ཤེད་པར་བྱ་བ་ནི། དེ་རྣམས་རྣལ་འབྱོར་མི་རྣམས་ཀྱིས།། ས་ལ་རྣམ་པར་རོལ་པ་སྟེ།། ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་མ་རྣམས་ནི ་སུམ་ཅུ་རྩ་བདུན་ནོ།། ས་ལ་རྣམ་པར་རོལ་པ་ནི་དབང་བྱས་པ་དང་ལོངས་སྤྱོད་པ་དང་ཐིམ་པ་གསུམ་གྱིས་གདུལ་བྱ་འདུལ་བའོ།། ཅིའི་ཕྱིར་ལྷ་དགོད་པ་དབང་བསྐུར་བའི་རྗེས་ལ་བཤད་ཅེ་ན། རྡུལ་ཚོན་གྱི་དཀྱི ་འཁོར་དང་བྷ་གཱའི་དཀྱིལ་འཁོར་གསུམ་ལ་ཐུན་མོང་དུ་ལྷ་དགོད་པ་བཤད་པ་ཡ་ནི། དེ་རྣམས་ཀྱི་མཚན་ཉིད་སློབ་མ་འཇུག་པའི་རིམ་པ་དང་སྦྱར་ནས་སྐུའི་འཁོར་ལོ་ནས་བརྩམས་ཏེ་ཐུགས་ཀྱི་འཁོར་ལོའི་བར་དུ་བསྟན་པ་ཡིན། ་སྐུ་དང་ཐུགས་ཀྱི་དབུས་སུ་གནས་པ་ནི། ཕྱི་རོལ་ཇི་ལྟར་དེ་བཞིན་ནང་། ཞེས་བྱ་བ་སྨོས་ཏེ། ཕྱི་རོལ་ནི་གཟུགས་བརྙན་དང་། ནང་གི་ལུས་དང་། གསང་བ་ནི་བྷ་གའོ།། མཁའ་འགྲོ་མ་ནི་ཉི་ཤུ་བཞི་ཞེས་བྱ་བའོ།། སྐུ་གསུང་ཐུགས་ཀྱི ་འཁོར་ལོ་ལ་གཙོ་བོར་བསྟན་པ་ཡིན་ནོ།། འདི་དག་སྔོན་ཉིད་གྲུབ་པ་ཡིནྟ། ཞེས་བྱ་བ་ནི་དཀྱིལ་འཁོར་གསུམ་དུ་དགོད་པའི་ལྷ་ནི་སྔོན་ཉིད་ནས་གྲུབ་པའི་ལྷ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་ལྷོ་དགོད་པ་བསྟན་ནུས་དེའི ་སྔགས་བསྟན་པ་ནི། རང་མིང་བརྗོད་པའི་སྔགས་ལ་ནི། མཐུར་ནི་ཧུཾ་ཧཱུཾ་ཕཊ་དང་སྦྱར་ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གསུམ་ལ་ལྷ་དགོད་པ་བཟླས་པའི་སྔགས་སོ།། རྣལ་འབྱོར་མཆོག་ནི་འདི་མཐོང་ན་ཞེས་བྱ་བ ་ནི་དཔའ་བོ་དང་དཔའ་མོའི་སྔགས་འདི་ནི། གཞན་དག་སྙིང་པོ་མེད་རྩར་མཚུངས་ཞེས་བྱ་བ་གསུངསི་ཏེ། འབྲས་བུ་འདོད་པས་ཕུབ་མ་བརྡུང་བ་བཞིན་ནོ།། ཨོཾ་ནི་ཐམས་ཅད་གསལ་བྱེད་དེ། གྲུབ་པ་འདོད་པ་ཐམས་ཅོང་སྟེར ་ཞེས་བྱ་བ་ཡིན་ཏེ། དངོས་གྲུབ་གསུམ་སྟེར་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལྟར་ལྷ་དགོད་པའི་བཟླས་པ་དག་གི་ཕན་ཡོན་གསུངས་པ་ནི། དཔའ་བོ་ཉིད་འགྱུར་གྲུབ་པ་ནི། ཞེས་བྱ་བ་གསུངས་ཏེ། མཚན་མ་ཐོབ་པའི་བསྙེན་པ་གྲུབ་པའོ།། ་ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། ཞེས་བྱ་བ་ནི་གཟུགས་བརྙན་དང་བྷ་ག་གསུམ་རང་གི་གནས་སུ་མཐོང་བའོ།། དེ་ཤེས་ནས་མངོན་སུམ་གྱི་ལམ་གྱིས་རྟག་ཏུ་སྒོམ་པ་ནི་གདོན་མི་ཟ་བར་འགྲུབ་པར་འགྱུར་རོ་ཞེས་དེ་བཞིན་གབྱེ ་གསུངས་སོ།། འདི་ནི་ཤུགས་ལ་དཔའ་བོ་རྣམས་ཀྱི་སྔགས་བཏུ་པྲ་ཡང་བསྟན་པ་ཡིན་ཏེ། ཡབ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་བཞི་དང་། དཔའ་བོ་དང་དཔའི་མོའི་སྔགས་དང་། གོ་ཆེའི་སྔགས་གཉིས་དང་། རྐང་པ་བརྒྱད་པ ་གཉིས་དང་། གནོད་མ་སེམས་དང་བཅུ་གཅིག་ལ་སྔགས་བཏུ་བའི་ཐབས་རྣམ་པ་བཞི་ཡིན་ཏེ། མིང་མཚན་གྱི་དང་པོ་འཁྲུལ་འཁོར་གྱི་སྒོ་ནས་བཏུ་པ་དང་མིང་གི་སྒོ་ནས་བཏུ་བ་དང་། དབྱངས་དང་གསལ་བྱེད་ཀྱི་སྒོ་ནས་བཏུ ་དང་། ཕྱེད་བཏུད་པའོ།། རྩ་བའི་རྒྱུད་འདིར་ནི་དཔའ་མོ་རྣམས་ཀྱི་སྔགས་མིང་གིས་བཏུས་པ་དང་། རྐང་པ་བརྒྱད་པའི་སྔགས་དབྱངས་དང་གསལ་བྱེད་ཀྱིས་བཏུས་པ་དང་། གོ་ཚེ་གཉིས་ཕྱེད་བོཏུས་པ་སྟེ་བཞི་འདིར་བཏུ་བ་བསྟན ་པ་ཡིན་ནོ།། རཾ་ལ་སྔགས་རེ་ཞིག་དང་པོར་དཔའ་བོ་རྣམས་ཀྱི་སྔགས་མིང་གིས་བཏུ་བ་ཤུགས་ལ་བསྟན་ཏོ།། ལེའུ་བཞི་པའི་རྣམ་པར་བཤད་པའོ།། །། དེ་ལྟར་ལེའུ་གསུམ་གྱིས་ལྷ་བསྒོམས་པ ་བཤད་ནས། བཟླས་པའི་སྔགས་བཏུ་བ་བསྟན་པ་ནི་དང་པོར་རྩ་བའི་སྔགས་བཏུ་བུ་བསྟན་པ་ཡིན་ནོ།། དེ་ལ་སྔགས་བཏུ་བའི་བཞི་ནི།། དེ་ནས་ཐམས་ཅད་ཆོས་འབྱུང་བ་།། སྣ་ཚོགས་ལྟེ་བར་མི་ཤིགས ་དགེ། ཞེས་བྱ་བ་གསུངས་ཏེ། སའི་ཕྱོགས་མཉམ་པར་བའི་རྣམ་ལྔ་བདུད་རྩི་ལྔ་བྱུགས་ལ་མེ་ཏོག་སིལ་མ་བཀྲམྦ་སྟེ། ཆོས་འབྱུང་གྲུ་གསུམ་གྱིས་དབུས་སུ་པདྨ་འདབ་མ་རྒྱད་པ་བྲིས་ལ་དེའི་ལྟེ་བ་ལ་མི་ཤིགས་པའི ་ཡི་གེ་ཨ་དགེ་བ་བྲི་བར་བྱའོ།། བྲིས་ནོ་སྣ་ཆོ་ག་བཞིན་དུ་སྔགས། ཆོས་ཀུན་གཅིག་ཏུ་འདུས་པར་བྱ།། ཞེས་བྱ་བ་ནི་ཡི་གེ་ཐམས་ཅད་ཀྱི་ཕྱི་མོ་དབྱངས་ཡིག་དང་། གསོལ་བྱེད་ལྔ་བཅུ་གསུང་གི་ཆོས་གཅིག་ཏུ་བསྡུས་པ་བྱི་བར ་བྱའོ།། པ་ཏུ་བའི་དོན་བསྟན་པ་ནི་འདིར་སྔགས་ཚིག་ནོ་འདི་ཡིན་ཏེ། ཨཱ་ལི་ཀཱ་ལཱི་མཉམ་བྱས་ནཱ་སྱ།། ཞེས་བྱ་བ་གསུངས་ཏེ། པདྨི་འད་བོ་པརྒྱད་ལ་ཨུ་ལི་གཅིག་དང་ཨཱི་ལཱི་བདུནྱ་བཀོད་པས་མཉམ་པར་འགྱུརརོ།། ་བཞི་བཞི་རཱྀ་ནི་ཤེས་བྱས་ལ། ཞེས་པ་ནི་བཞི་མཉམ་པའི་བྱདེ་མཚན་བརྒྱད་དེ་དེ་བལྟས་པས་ཅི་ཞིག་ཅེ་ན། འདིར་དོན་ཐམས་ཅད་གྲུབ་པར་བྱེད་པ་སྟེ། སྔགས་བཏུ་བ་འདི་ལ་རྟོན་ནས་འཇིག་རྟེན་དང་ཐུན་མོང་དང་། ་མཆོག་གི་དངོས་གྲུབ་གསུམ་བསྐྱེད་པར་མཛད་དེ། དེ་ཡང་རྫོགས་པའི་རིམ་པ་ལུས་ཀྱི་འཁོར་ལོ་དང་སྦྱང་ན་སྒྲ་བརྙན་གྱི་མཚན་ཉིད་བསྐྱེད་པོའི་རྒྱུ་ལྟེ་བ་སྤྲུལ་པའི་འཁོར་ལོ་གྲུ་གསུམ་གྱི་དབུས་ན་རྩ་དྲུག་ཅུ ་རྩ་བཞི་པདྨའི་ལྟེ་བ་འདབ་བརྒྱད་པ་དེ་ལ་ཨཱ་ལིའི་ནང་དུ་འཇུག་པ་དང་། ཀཱ་ལི་ཕྱིར་རྒྱུ་བྱིའི་རཱང་གིས་བརྒྱན་པའི་གནས་དེ་ལ་སློབ་དཔོན་སེམས་ཀྱི་རྒྱལ་པོ་སྒྲ་རྐན་དང་ལྐོག་མ་ལ་སོགས་པ་གནས་བརྒྱུད་ནས་སྔགས་ཀྱི་ཚུལ་དུ ་འབྱུང་བ་ཡིནཱི། ཆོས་འབྱུང་གྲུ་གསུམ་དེ་ཡང་ལུས་ཀྱི་དཀྱིལ་འཁོར་གྱི་དབུས་ཡིན་ནོ།། རྐང་པ་རླུང་དང་ལྟེ་བྱ་མེ་དང་ལྟོ་བ་ཆུ་དང་སྙིང་གས་དང་མགོ་བོ་ནི་མཁའི་དཀྱིལ་འཁོར་གྱི་དབུས་ན་ཡུག་བརྒྱད་ཀྱི་རྐང་པ་དང་ལྡན་པའི ་དབུས་ན་སྒོ་བཞི་པར་ཆེན་པོའི་དཀྱིལ་འཁོར་ལ་སྔགས་བཏུ་བར་བྱའོ།། ཞེས་བྱ་བ་ཤུགས་ཀྱིས་སྟོན་པ་ཡིན་ནོ།། དེ་ལ་བཏུ་བའི་ཐབས་ནི་ལྟ་པའི་ལྔ་པ་ནི་མའོ།། ལྔ་པའི་བཞི་པ་ནཱི་བའོ།། དང་པོའི་གསུམ་པ་ནི་གའོ།། ཉི་ཤུ་རྩ་དགུ ་པ་ནི་ཝའོ།། བཞི་པའི་དང་པོ་ནི་ཏའོ།། མཐར་གནས་པ་ཡི་བཞི་པ་ནི་ཝའོ།། མཐར་གནས་པའི་གཉིས་པ་ནི་རིའོ།། སུམ་བཅུ་པ་ནི་ཤའོ།། ཉི་ཤུ་དྲུག་པ་ནི་ཡའོ།། བརྒྱའི་ཕྱེད་ཀྱི་ཕྱེད་ནི་མའོ།། སུམ་ཅུ་རྩ་གསུམ་པ་ནི་ཧའོ།། དང ་བའི་དང་པོ་ནི་ཀའོ།། མཐར་གནས་པའི་གསུམ་པ་ནི་ལའོ།། དང་པོའི་གསུམ་པ་ནི་གཱའོ།། སུམ་ཅུ་རྩ་གཉིས་པ་ནི་སའོ།། བཞི་པའི་ལྔ་པ་ནཱི་ནའོ།། ལྔ་པའི་བཞི་པ་ནི་བྷའོ།། མཐར་གནས་པའི་དང་པོ་ནི་ཡའོ།། གཉིས་པའི་གསུ ་པ་ནཱི་ཛའོ།། གསུམ་པའི་དང་པ་ནི་ཊའོ།། ལྔ་པའི་ལྔ་པི་ནི་མའོ།། དང་པོའི་དང་པཾ་ནི་ཀའོ།། བཅུ་གཅིག་པ་ནི་ཊའོ།། ཡི་གེ་དྲུག་པ་ནི་ཊའོ།། གསུམ་པའི་དང་པོ་ནིཊའོ།། དང་པོའི་དང་པོ་ནི་ཀའོ།། གསུམ་པའི་དང་པོ་ནི་ཊའོ།། ་ཉི་ཤུ་རྩ་དྲུག་པ་ནི་ཡའོ།། བཞི་པའི་གསུམ་པ་ནི་དའོ།། ཨུཥྨ་ཁིའི་གཉིས་པ་ཥའོ།། དཾ་ཐཱ།། དང་པོའི་དང་པོ་ནི་ཀའོ།། རྩཝ་བདུན་པ་ནི་རའོ།། དང་པོའི་གསུམ་པ་ནི་གའོ།། རྩ་བརྒྱད་པ་ནི་ལའོ།། ལྔ་པ་ཡི་ཡང ་བཞི་པ་བྷ་དང་། སུམ་ཅུ་རྩ་གཅིག་པ་ནི་ཁའོ།། བཅོ་ལྔ་པ་ནི་ཎའོ།། ཉི་ཤུ་རྩ་ལྔ་པ་ནི་མེའོ།། དང་པོའི་གཉིས་པ་ནི་ཁའོ།། ཉི་ཤུ་རྩ་དྲུག་པ་ནི་ཡའོ།། སུམ་ཅུ་རྩ་གཉིས་པ་ནི་སྭའོ།། ཨུཥྨཱ་ཥའི་མཐའ་མ་ནི་ཧཱའོ།། སུམ་ཅུ་རྩ ་གཉིས་པ་ནི་སའོ།། ལྔ་པའི་བཞི་པ་ནི་བྷའོ།། གཉིས་པའི་གསུམ་པ་ནི་ཛའོ།། ལྔ་པའི་བཞི་པ་ནི་བྷའོ།། ཨུཥྨ་ཥའི་གསུམ་པ་ནི་སའོ།། ཉི་ཤུ་བདུན་པ་ནི་རའོ།། ཨཾ་ཏ་སྫའི་དང་པོ་ནི་ཡཱའོ།། ཉི་ཤུ་རྩ་གཅིག་པ་ནི་པའོ།། ་ཨོཾ་ཏསྟྲའི་གཉིས་པ་ནི་རའོ།། སུམ་ཅུ་རྩ་གསུམ་པ་ནི་སའོ།། དེ་བཞིན་ཡི་གེ་དྱ་ཉིད་དང་ཞེས་བྱ་བ་ནི་རང་གི་གཟུགས་ཉིད་བསྟན་པ་དང་བཅོམ་ལྡན་འདས་ཀྱི་ཕྱག་རྒྱའི་ས་བོན་གསུངས་པ་ཡིན་ནོ།། བཞི་པའི་དང་པོ་ནི་ཏའོ།། ཨུཥྚ ་ཥརི་དང་པོ་ནི་ཤའོ།། ཉི་ཤུ་རྩ་བརྒྱད་པ་ནི་ལཱའོ།། དང་པོའི་གཉིས་པ་ནི་ཁཱའོ།། བཞི་པའི་བཞི་པ་ནི་དྷའོ།། ཨཾ་ཏསྠའི་གཉིས་པ་ནི་རའོ།། གསུམ་པའི་ལྔ་པ་ནི་ཎའོ།། དེའི་འོག་ཏུ་ཡི་གེ་བྱཱ་ནི་དཔའ་བོ་བཤད་པའོ།། དང་པོའི ་བཞི་པ་ནི་གྷའོ།། དེ་ནས་དེ་བཞིན་ཞེས་བྱ་བ་ནི་དང་པོའོ།། ཉིད་ཀྱིས་སྒྲས་ནི་ངེས་པར་གཟུང་བ་སྟེ། དང་པོའི་སྡེ་མཚན་བརྒྱད་པ་ནི་ཛའོ།། ཡང་དེ་བཞིན་དུ་ཡང་བརྒྱད་པའོ།། ཞེས་གཞན་དུ་བཤད་དོ།། བཞི་པའི་ལྔ་པ་ནི་ནའོ།། ་ལྔ་པའི་ལྔ་པ་ནི་མྱའོ།། ཉི་ཤུ་རྩ་བདུན་པ་ནི་རའོ།། བཞི་པའི་བཞི་པ་ནི་དྷའོ།། ཉི་ཤུ་རྩཝ་བདུན་པ་ནི་རའོ།། རྩ་བ་དྲུག་པ་ནི་ཡའོ།། རྩ་ལྔ་པ་ནི་མའོ།། སུམ་ཅུ་རྩ་གསུམ་པ་ཧའོ།། བཞི་པའི་བཞི་པ་ནི་དྷེའོ།། ལྔ་པའི་ལྔ་པ་ནི་མའོ།། བཞི ་པའི་བཞི་པ་ནི་དྷའོ།། དང་པོའི་དང་པོ་ནི་ཀའོ།། རྩ་བདུན་པ་ནི་རའོ།། མཐར་གནས་པའི་བཞི་པ་ནི་ཝའོ།། རྩ་གཅིག་པ་ནི་པའོ།། ཨུཥྨཱ་ཁའི་གཉིས་པ་ནི་བཱའོ།། ཉི་ཤུ་རྩ་དྲུག་པ་ཡའོ།། དེ་དག་དཔལ་ཧེ་རུ་ཀའི་གསང་སྔགས་ཀྱི ་རྒྱལ་པོའོ།། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པའི་དཔའ་བོ་སྔགས་ནི་ངེས་བརྗོད་བླ་མར་བཏུ་པར་དགོངས་ཏེ། འདིར་མ་གསུངས་སྔགས་འདི་ནི་ཁ་སྦྱོར་གྱི་རྒྱང་ལས་རིགས་ལྔའི་ཧེ་རུ་ཀའི་ནང་ནས་དོ་ན་ཡོད་པར་གྲུབ་པའི་ཧེ་རུ་ཀའི ་སྔགས་ཡིན་ཏེ། རང་རང་གི་སྡེང་སྔགས་ཡིན།། དེར་སྤྲུལ་པའི་སྐུ་དཔའ་བོ་ཉི་ཤུ་རྩ་བཞི་ཆེར་བགོས་ནས་སྔགས་སུ་བྱས་ནས་པ་ཡིན་གྱི་རང་རང་གི་སྡེ་སྔགས་སུ་བྱས་པས་ནི་ཁཎྜ་ལ་སོགས་པ་ཡིན་ནོ།། རྐང་པ་བརྒྱད་པ་དང ་སྡིགས་འདི་བསྡོམས་པ་ལ་རྩེ་བཱིའི་སྔགས་སུ་འདོགས་ཏེ། དེ་ལ་ཡང་རྐང་པ་བརྒྱད་པ་ཆ་བརྒྱད་དུ་མ་བགོས་ཤིང་སྔགས་འདི་ཚན་ཉི་ཤུ་རྩ་བཞིར་མ་གོས་པའི་ཐོག་མ་ཨོཾ་གཅིག་མཐར་མའ་མར་ཧུཾ་ཧཱུཾ་ཕཊ་ཅིག་དང་བཅས་པ་ལས ་ཐམས་ཅད་བྱེད་ཅེས་པའི་རྩ་བའི་སྔགས་ཡིན་ལ། རྐང་པ་བརྒྱད་པ་ཆ་བརྒྱད་དུ་བགོས་ནས་ཨོཾ་བརྒྱད་དང་ཧཱུཾ་ཕཊ་བརྒྱད་དང་བཅས་པོ་ནི་ཨ་ར་བ་མན་ཏྲ་ཞེས་བྱ་སྟེ་མཆོད་པ་སྤྲུལ་པའི་སྔགས་ཡིན་ནོ།། སྔགས་འདི ་ཆུ་ཉི་ཤུ་རྩ་བཞིར་བགོས་པ་ནི་བསྟོད་པ་དང་བཟླས་པའི་སྔགས་ཡིན་ནོ།། རིག་པའི་རྒྱལ་པོའི་གསང་སྔགས་ཏེ་ཞེས་བྱ་བས་ནི་ཕན་ཡོན་སྟོན་པའོ།། འཇིག་རྟེན་དང་མཆོག་གི་དངོས་གྲུབ་ཐམས་ཅད་གྲུབ་པར་ཡོད ་པ་དང་། བྱ་བ་རྣལ་འབྱོར་གྱི་རྒྱུད་སྔགས་འདིས་འདི་མཆོག་ཏུ་གྱུར་པ་གཞན་ན་མེད་པའོ།། གཞན་དག་སྙིང་པོ་མེད་རྩར་མཚུངས་ཞེས་བྱ་བ་ནི་ཟག་པ་མེད་པའི་ཡེ་ཤེས་འབེབས་པས་ན་སྙེམས་འོད་གསལ་བའི་སྣང་བ་ཡིན་ནོ།། ་བྱ་བའི་ཐ་ཚིག་གོ། ལེའུ་ལྔ་པའི་རྣམ་པར་བཤད་པའོ།། ། དེ་ལྟར་ལེའུ་ལྔ་པས་རྩ་བའི་སྔགས་བཏུ་བཤང་། གོ་ཆེའི་སྔགས་བཏུ་བསྟན་པ་ནི། གཞན་ཡང་ཡི་གེ་ཉི་ཤུ་ཞེས་བྱ་བ་སྨོས་ཏེ། རྒྱུད་བླ་མར་ལྷ་ཉི་ཤུ ་ལྷ་གཉིས་ཀྱི་མིང་མཚན་གྱི་དང་པོ་འཁྲུལ་འཁོར་གྱི་ཡི་གེ་བཏུ་བ་ལ་དགོངས་ནས་འདིར་མིང་ཙམ་ལས་མ་གསུངས་སོ།། སྙིང་པོ་ཡི་གེ་བདུན་ཉེ་སྙིང་ཞེས་བྱ་བ་ལ་སྙིང་པོ་ཚེས་ཀྱི་སྐུ་སྟོན་པ་ཡིན་ལ། ཉེ་བའི་སྙིང་པོ་ནི་ལྗོངས་སྤྱོད ་རྫོགས་པའི་སྐུ་ཡིན་ནོ།། རྩ་བའི་སྔགས་ཀྱི་ཡི་གེ་སྤྲུལ་པའི་སྐུ་སྟོན་པ་ཡིན་ནོ།། ཉེ་བའི་སྙིང་པོ་ནི་རྒྱུད་བླ་མས་ལྷ་བདུན་གྱི་ཡི་གེ་བཏུ་བའི་འཁྲུལ་འཁོར་གྱིས་བསྟན་པས་འདིར་མིང་ཙམ་ལས་མ་བསྟན་པ་ཡིན་པ་ཡིན་ནོ།། ་གོ་ཆིའི་སྔགས་ཕྱེད་བཏུ་བར་བྱ་བ་ནི། ཡ་ཚོགས་བརྒྱད་པའི་སོ་བིན་དང་ཞེས་བྱ་བ་གསུངས་ཏེ། ཡ་ནས་བགྲངས་པའི་སྡེ་མཚན་བརྒྱད་པ་ནི་ཧའོ།། གུག་བསྐྱེད་བཅུ་གཉིས་ཞེས་པ་ནི་དབྱངས་ཡིག་བཅུ་གཉིས་དང་སྦྱར་བས ་ཧབཅུ་གཉིས་སུ་འགྱུར་རོ།། ཡི་གེ་བར་མདོར་བྱས་པ་ནི་རིང་པོ་དྲུག་ཕྱི་མའོ།། ཡན་ལག་དྲུག་ནི་ཧེ་རུ་ཀླུ་ཞེས་བྱ་བ་ནཱི་ཧེ་རུ་ཀ་དྲུག་གི་ས་བོན་ཧཱ་ཐུང་ངུ་དྲུག་ཏུ་གྱུར་པ་ལ་བྱའོ།། དཔའ་བོ་དྲུག་དང་མཉམ་སྦྱོར་བ། ཞེས་བྱ་བ་ནི་སྦྲུས ་དང་མཉམ་པར་སྦྱོར་བ་སྟེ། དེ་ཡང་ཇི་ལྟར་ཡོན་ཞེ་ན། ཨོཾ་ཧ་སྙིང་གོར་ན་མཿཧཾ་མགོ་བོ་བཾ་སྭཱ་ཧཱ་ཧུ་སྤྱི་གཙུག་ཏུ་བཽ་ཁ་ཊ་ཧེ་ཕྲག་པར་དྷཱུ་ཧཱུཾ་མིག་ཏུ་ཕཊ་ཏཱི་ཡན་ལག་ལྔ་ལ་བཀོད་པས་དཔའ་བ་དྲུག་གི་སྙིང་པོར་གྱུར་པས་ན་ཡི་གེ ་གཅིག་ཏུ་ཡང་དག་གནས་ཞེས་བྱ་བ་ནི་སྟེགས་དྲུག་པོ་དང་སྦྱར་བས་ན་ཡང་དག་ལྡན་ཞེས་བྱ་བ་ཡིནོ།། སྒྲུབ་པོས་སྙིང་པར་ཤེས་པར་བྱ། ཞེས་བྱ་བ་ནི་གོ་ཆའི་སྙིང་པོར་གྱུར་པའོ།། དེ་ཡང་ལས་ལཾ་སྦྱར་བའི་ཚེ་ཐམས་ཅད་གསུ ་དུ་འགྱུར་ཏེ། བསྒྱུར་བའི་རིམ་པ་སྤྱིའི་སྐུར་བསྒོམས་སྟོང་གཞིས་ཡན་ལག་གི་བ་དེ་ག་ཆུ་བོགས་ནས་བཀྲིས་པ་བྱཱ་བྦ་ནཱ~ཾ་མཱནྟ་སྟེ་སྤྱུགས་ཞེས་བྱའོ།། འཁམལ་རྩི་བས་དྲིལ་བཀདྷཱ་ནས་འཁྲུལ་ལ་འདྀ་བརྙིང་བ་ནི་མམ ་འཁྲུལ་འཁོར་ཞེས་བྱ་བ་ཟོད་པར་བསྒྲེང་པོའི་ས་བོན་དང་སྨན་ཨ་ག་ཏཱ་ལ་སོགས་པའི་མཚོན་པ་ཟློས་ཅིང་བསྲུང་པོའི་ཆོ་གའི་ལས་བྱེད་པས་ཏྲནྡྷོ་སྟི་སླར་འགྱུར་ཡིན་ནོ།། ལེའུ་དྲུག་པའི་རྣམ་པར་བཤད་པའོ།། ་དེ་ལྟར་ཆོ་གའི་སྔགས་ཀྱི་ཕྱེད་བཏུ་བ་བཤད་ནས། རྐང་པོ་བརྒྱད་པའི་དབྱངས་དང་སྦྱར་བས་པ་ཤིང་བ་ནི། དེ་ནས་དབྱངས་ཡིག་བཅུ་གསུམ་པོ་ཞེས་བྱ་བི་ལ་སོགས་པ་གསུངས་སོ།། དེ་ལ་དབྱངས་ཡིག་བཅུ་གསུམ་པ ་ཨ་འོ། དེ་ཡི་གེཉིས་པ་ནི་མའོ།། དབྱུང་དེ་ཡི་གེ་དང་སྦྱར་བར་བྱ་སྟེ་དེ་བཞིན་དུ་སྦྱར་བར་བྱའོ།། དབྱངས་ཀྱི་བཅུ་གཅིག་པ་ནི་ཏཱའོ།། དབྱངས་ཡིག་བཞི་པ་ནི་ཨཱིའོ།། ཡི་གེ་བདུན་པ་ནི་ཁའོ།། དབྱངས་ཡིག ་བཅུ་གཅིག་པ་ནི་ཨེའོ།། བརྒྱད་པཱ་ནཱི་རའོ།། དབྱངས་ཡིག་གཉིས་པ་ཨཱའོ།། ཡི་གེ་དགུ་པ་ནི་ཤིའི།། དབྱངས་ཡིག་གཉིས་པ་ནི་ཨཱའོ།། བཅུ་གཉིས་པ་ནི་ཧཱའོ།། ཡི་གེ་ཉི་ཤུ་གསུམ་པཱ་ནི་གསལ་བྱེང་རྩ་གསུམྦ་སྟེ་འདི་ཉིད་དུ ་བཏུས་པའོ།། དེ་ལ་དབྱངས་ཀྱི་ཡི་གེ་གཉིས་པ་ནི་ཨཱའོ།། དེ་དང་ལྡན་པ་ནི་བཅུ་བཞི་པ་སྟེ་ཡི་གེ་ལ་དང་སྦྱར་བར་བྱའོ།། ཡི་གེ་བཅི་ལྔ་པ་ནི་གེ་སྟེ་གསལ་བྱེད་བཅོ་ལྔ་པོའོ།། ཡི་གེ་ཉི་ཤུ་པ་ནི་ན་དོང་ལྡན་པ་སྟེ་དབྱངས་ཡི་གསུམ ་པེ་ཨི་དང་སྦྱར་བར་བྱའོ།། དབྱངས་ཡིག་བཅོ་ལྔ་པ་ནི་ཨཱའོ།། བཅུ་དྲུག་པ་ནི་སའོ།། ཡི་གཱི་ཨཾ་གིས་མཛེས་པ་ནི་སམ་མོ།། དབྱངས་ཡི་གེ་གསུམ་པ་ཨོཾ་དང་ལྡན་པ་ནི་བཅུ་བདུན་པ་སྟེ་ནའོ།། དབྱངས་ཡིག་གཉིས་པ་ནི་ཨཱ ་སྟེ། དེས་གཙོ་བོ་བརྒྱད་པ་བྷ་དོང་སྦྱར་བའོ།། དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པའི་ཡི་གེ་ཉི་ཤུ་རྩ་གཅིག་པ་ནི་ཏའོ།། དབྱིངས་ཡིག་ལྔ་པ་ནི་ཨུའོ།། དེ་དང་ལྡན་པ་ནི་ཡི་གེ་ཉི་ཤུ་རྩྩ་གཉིས་པ་ནི་མའོ།། དབྱངས་ཡོག ་བཅུ་གསུམ་པ་ནི་ཨའོ།། དེ་དང་ལྡན་པའི་རྩ་བཞི་པ་ནི་ཏའོ།། སྡེ་མཚོན་དང་པོ་གའི།། དེ་བླངས་ནས་ཉི་ཤུ་ལྔ་པ་ནི་ཧ་དང་སྦྱར་བར་བྱའོ།། སྡེ་ཚན་གསུམ་པའི་དང་པ་ནི་ཏ་སྟེ་དེ་ལ་དབྱངས་ཡིག་གཉིས་པ་ནི་དབྱེ་བར་བྱའོ།། ་ཤུ་རྩ་བརྒྱུད་པ་ནི་དྲའོ།། དེ་བཅོ་ལྔ་པ་སྟེ་ཨ~ཾ་གྷིས་མགྲོར་སྦྱར་བར་བྱའོ།། གསུམ་པའི་དང་པོ་སྟེ་འོག་ཏུ་ར་དང་བྱནས་པ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པ་ལ་ཡི་གེ་ཉི་ཤུ་པ་ཁ་དང་སྦྱར་བའོ།། སུམ་ཅུ་རྩ་གཅིག་པ་ནིར ་སྟེ་དབྱིངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ།། ཡི་གྷེ་སུམ་ཅུ་རྩཝ་གཉིས་པ་ནི་ལའོ།། བཅུ་གསུམ་པ་ནི་ཨོ་སྟེ་དེ་དང་ལྡན་པར་བྱའོ།། ཡི་གེ་སུམ་ཅུ་རྩེ་གསུམ་པ་སྟེ་ག་ནི་ཉི་མ་དང་པོ་དེ་དང་ལྡན་པར་བྱའོ།། ཕྱི་མོ་བཞི ་ཛྷཻཾ.ཽ་སྟེ་ཡི་གེ་ཉི་ཤུ་རྩ་བཞི་པ་བྷཱ་དང་ལྡན་པར་བྱའོ།། ཕྱི་མོ་ལྱ་བ་ནཱི་ཨཱའོ།། སུམ་ཅུ་རྩ་བདུན་པ་ནི་མུ་སྟྲཻ་དུང་སྦྱར་བའོ།། སུམ་ཅུ་རྩ་བརྒྱད་པ་ནི་ཁཱ་སྟི་དབྱིངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱེའོ།། བཞི་བཅུ་རྩོ་གཉིས་པ ་ནི་ས་སྟེ་ས་འོག་ཏུ་སྦྱར་བར་བྱའོ།། བཞི་བཅུ་རྩ་གསུམ་པ་ནི་བྷཱུ་སྟེ་ཡི་གེ་ཝུ་བ་ཨུ་དང་སྦྱོར་བར་བྱའོ།། བཞི་བཅུ་རྣ་ལྔ་པ་ནི་བཱི་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱའོ།། དབྱངས་ཡིག་ལྦུ་པ་ནཱི་ཨུ་སྟེ་བཞི་སྨྱཿ ་རྩཝ་དགེ་བས་དང་སྤྱིར་བར་བྱའོ།། བཞིན་རྩཝ་བདུན་པར་སྟི་དབྱངས་ཡིག་གཉིས་པ་ཨ་དང་སྦྱར་བར་བྱའོ།། ལྔ་བཅུ་རྩ་གཎྜི་ག་པ་ནི་ཤསྟྭཾ་དབྱངས་ཡིག་དྲུག་པ་ཨཱི་དང་སྦྱར་བར་བྱའོ།། ལྔ་བཅུ་རྩ་གཉིས་པ་བ་སྟི་དབྱིངས་ཡིན ་མ་བྱ།། ལཱྀ་ཟིན་རྩ་གི་སུམ་ཟེ་ནི་ཤས་དབྱ་འི་ཡིག་བཅུ་ག་སུམ་པ་ཡོ་དང་མྱུར་བ་བྱའོ།། ལྔ་ཅུ་རྩ་གུ་ཐོན་ཤ་སྟེ་རྒྱ་མ་ཡི་ནི་དྲུག་པ་སྲུ་དང་སྦྱར་བར་བྱེད།། མཐར་ག་རྣས་པར་། ་པ་ནི་ཝ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་དབྱངས་ཡིག་གཙོ་བོ་ལྔ་ཨེ་དང་ལྡན་ཞིང་ལྔ་བཅུ་རྩ་དགུ་པ་དང་སྦྱར་བར་བྱའོ།། དྲུག་ཅུ་རྩ་གཉིས་པ་ནི་དྷ་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་ལྡན་པར་བྱའོ།། དྲུག ་ཅུ་རྩ་གཉིས་པ་ནི་ར་སྟེ་དབྱངས་ཡི་ག་གསུམ་པ་ཨི་དང་སྦྱར་བར་བྱའོ།། དྲུག་ཅུ་རྩ་དྲུག་པ་ནི་ནཱ་སྟི་དབྱངས་ཡིག་བཅུ་གཅིག་པ་ཨོཾ་དང་སྦྱོར་བར་བྱའོ།། དྲུག་ཅུ་རྩ་བདུན་པ་ནི་པི་སྟཽ་དབྱངས་ཡིག་ཨ་དང་སྦྱར་བར་བྱའོ།། དྲུག་ཅུ་རྩ་ལྔ ་པ་ནཱི་གྷའོ།། རྡོ་རྗེ་སེམས་དཔོའི་ནྟིར་སྟི་དེ་དང་ལྡན་པར་ཥཱ་།། དྲུག་ཅུ་རྩ་དྲུག་ཟོནཱི་ཛཾ་སྟེ་དབྱངས་ཡིག་གསུམ་པ་དང་སྦྱར་བར་བྱའོ།། དྷ་ཅུ་རྩ་བདུན་པ་ན་ནི་སྟེ་དབྱངས་ཡིག་གཉིས་པ་ཨཱ་དང་སྦྱར་བར་བྱར།། ཡི་གེ་དྲུག་ཅུ་\ུ0f7fབརྒྱ ་པ་ནི་མེ་སྟེ་དེ་བ་དང་སྦྱར་བར་བྱའོ།། བདུན་ཅུ་རྩེ་གཅིག་ནི་སའོ།། བདུན་ཅུ་རྩ་གཉིས་པ་ནི་ཧ་སྟེ་གཉིས་ཀ་ལ་དབྱངས་ཡོག་གཉིས་པ་སྟེ་མ་དང་སྦྱར་བར་བྱའོ།། བདུན་ཅུ་རྩཝ་ལྔ་པ་ནི་དེ་སྟེ་དབྱིངས་ཡིག་ཨུ་དང་སྦྱར་བར་བྱའོ།། བདུན་རྩ ་རྩ་དགུ་པ་ནོ་མ་སྟེ་དུབྱུངས་ཡིག་གཉིས་པ་དང་ལྡན་ཞིང་རོ་དང་ལྡན་པར་བྱའོ།། བདུན་ཅུ་རྩ་བདུན་པ་ནི་ནཱ་སྟེ། ཏཱ་དང་ལྡན་པར་བྱའོ།། བདུན་ནུ་རྩི་བ་རྒྱད་པ་ནོ་ཀ་སྟེ་དབྱངས་ཡོག་གཉིས་དང་ལྡན་པར་བྱར།། ཡི་གོ་བརྒྱད་ཅུ་རྩ་བཞི་པོ ་མ་སྟེ་དབྱངས་མགོ་བཞི་པའི་མཐའ་དང་སྦྱར་བར་བྱའོ།། བརྒྱད་ཅུ་རྩ་གཉིས་པོ་ནི་ཤ་སྟེ་དབྱངས་ཡིགེ་གཉིས་པ་དང་སྦྱོར་བར་བྱའོ།། ཚི་ག་རེ་རེ་ལ་ཡང་ཨོཾ་དང་ཐ་མར་དུ་ཧཱུ~ཾ་ཕཊ་དང་སྦྱར་བ་ནས་རྩ་བའི་སྔགས་སུ་གྱུར་པས ་མཁས་པས་ཤེས་པར་བྱའོ།། དངོས་གྲུབ་ཀུན་གྱིས་གནས་ཡིན་ཞིང་ཞེས་བྱ་བ་གང་ཟག་འབའ་ཞིག་བསྒོམ་པ་དང་བཟླས་པའི་སྒོ་ནས་དངོས་གྲུབ་ཏུ་འགྱུར་བ་དང་། འཁྲུལ་འཁོར་གྱི་སྒོ་ནས་དངོས་གྲུབ་ཏུ་འགྱུར་བ་དང་། སྨན་གྱི་ཚོགས ་པས་དངོས་གྲུབ་ཏུ་འགྱུར་བས་ན་གནས་ཡིན་ཞིང་ཞེས་བྱའོ།། མཁའ་འགྲོའི་སྙིང་ནི་འཇོམས་པ་ཡིན། ཞེས་བྱ་བ་ནིས་སྔགས་བརྗོད་ནས་བཀའ་བསྒོ་བ་ཙམ་གྱིས་ཇི་སྐད་སྨྲས་པ་བཞིན་དུ་བྱེད་པས་ནི་སྙིང་འཇོམས་པའོ།། དཔལ་ལྷུན ་ཁྲག་འཐུང་ལྷོའི་རོ་རྒྱལ་བཀླགས་པས་གྲུབ་པ་དོན་ཡོད་པ་ཞེས་བྱ་བ་ནི་ཡེ་ཤེས་བབས་པ་ལ་སློབ་དཔོན་གྱིས་སྔགས་ཀྱིས་གནང་བ་བྱིན་ནས་བཟླས་མི་བགོས་པས་དངོས་གྲུབ་ཡིན་ནོ།། ཨོཾ་དང་པོར་སྦྱར་ཞིང་ཧཱུཾ་ཕཊ་ཐ་མར་སྦྱར་བ་ནི་གོ། ་སྒྲའོ།། འཛིན་རྩེ་བའི་སྔགས་ཏེ། སྒྲུབ་པ་ཐམས་ཅད་སྒྲུབ་བྱེང་ཡིན། ཞེས་བྱ་བ་ནི་གང་དང་གང་སྒྲུང་པའི་ཆོ་ག་ཐེ་ཚོམ་མེད་པར་གྱུར་པར་བེན་ག་ནས་སྲུབ་བྱེད་ཡིན་བྱའོ།། བརྣན་པའི་དོན་ནི་འདི་ལྟ་སྟེ། ཀླུང་ནི་རྒྱུན་ལཱསྟྭ~ཾ་བཱ་ཟློག ་ཀྱང་སྲིད་ལ། རཱི་མ་དང་ཟླ་བ་ས་ལ་ལྟུང་ཡང་སྲིད་དེ་གསང་སྡིགས་འདི་ཡིས་མི་འགྲུབ་པར་ཡང་སེ་མ་སྤོང་ངོ་།། ལེའུ་བདུན་པའི་རྣམ་པར་བཤད་པའོ།། ། དེ་ལྟར་རྩེ་བའི་སྔགས་བཏུ་བ་བསྟན་ནས། དེ་ནི་གོ་མ ་མཁའ་འགྲོ་མའི་སྔགས་བཏུ་བ་བསྟན་པར་བྱའོ།། དེ་ནས་རང་གི་བདག་ཉིད་ཀྱི། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་པས་ན་རང་གི་བདག་ཉིད་ཀྱང་ངོ་།། དཔའ་བོ་ཐམས་ཅད་མཉམ་སྦྱོར་བ། ་མཁའ་འགྲོ་མཱའི་དཱ་བ་ཡི།། འཁོར་ལྷོ་བདེ་མཆོག་ཡིན་པར་འདོད།། ཅེས་བྱ་བ་ནི་སྐུ་རྩ་བའི་དྲ་བའི་བདེ་མཆོག་དང་། གསུང་རླུང་གི་དྲ་བའི་བདེ་མཆོག་དང་།། ཐུགས་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་ཀྱི་བདེ་མཆོག ་གསུམ་སྟོན་པར་བྱེད་པ་པོའི་སྙིང་པོ་ནི་དབང་དང་མངོན་སྤྱོད་ལ་བཟློག་ནས་བཟླས་པ་དང་ཞི་བ་དང་རྒྱས་པ་ལ་ལུགས་སུ་འབྱུང་བ་ལྷུང་བཟློས་པའི་སྙིང་པོ་དང་པོའི་ཨ་ཡི་གེ་ཨོཾ་ནི་ཌྷའི་འཾ་ཁར་ལོའི་སྐུའོ།། ཤྲཱི་ནི་རྩ་བའི་འཁོར་ལ ་གསུང་ངོ་།། བཛྲ་ནརྀ་རྩ་བའི་འཁོའི་ཐུགས་སོ།། ཧེ་ཧེ་ནི་གསུང་གི་འཁོར་ལོའི་སྐུའོ།། རུ་རུ་ནི་གསུང་གི་འཁོར་ལོའི་གསུང་།། ཀོ་ནི་རྩི་རླུང་གིས་འཁོར་ལོའི་ཐུགས་སོ།། ཧུཾ་ནི་ཐུགས་ཀྱི་སྐུའོ།། ཧཱུཾ་ནི་ཐུགས་ཀྱི་གསུང་ངོ་།། ཕཊ་ནི་ཐུགས ་ཀྱི་ཐུགས་སོ།། ཚིག་ལྷག་མ་ནི་བདེ་མཆོག་སྟོན་པ་ཡིན་ནོ།། མ་བྱུང་འབྱུང་བར་མི་འགྱུར་རོ།། ཞེས་བྱ་བ་ནི་འོག་མིན་གྱི་ཕོ་བྲང་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དུས་ཐམས་ཅད་དུ་སྟོན་པ་ཡིན་ཡང ་ཛེམྦུའི་གླིང་དུ་སྔར་མ་བྱུང་ཞིང་ཕྱིས་འབྱུང་བར་མི་འགྱུར་པའོ།། ཉེ་བའི་སྙིང་པོ་ཡི་གེ་བདུན་ནི་ས་བཅུ་གཅིག་པའི་ཡན་ལག་བདུན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་སྟོན་ཏོ།། ཡུམ་གྱི་ཉེ་བའི་སྙིང་པོ་གཉིས་པ་འདི་དང ་རྣལ་འབྱོར་མ་དྲུག་གི་མིང་གི་ཡི་གེ་དང་པོ་དང་སྦྱར་ནས་རྣལ་འབྱོར་མ་དྲུག་གི་གོ་ཆའི་སྔགས་སུ་འགྱུར་རོ།། དེ་ལ་སྔགས་ཀྱི་ཡི་གེ་ཨོཾ་དང་ཕྲག་མོའི་མིང་མཚན་གྱི་དང་པོ་བཾ་དང་། ཡི་གེ་གཉིས་པ་ཧཾ་དང་གཤིན་རྗེ་མའི་མིང ་མཚན་དང་པོ་ཡ~ཾ་དང་ཡི་གེ་གཉིས་པ་ཧཱུཾ་དང་། རྨོངས་བྱེད་མའི་མིང་གི་དང་པོ་མྱཾ་དང་ཡི་གེ་བཞི་པ་ཧྲེཾ་དང་། སྐྱོད་བྱེད་མའི་མིང་གི་དང་པོ་ཧཱི་དང་། སྔགས་ཀྱི་ལྦུ་པ་ཧཱུཾ་དང་། སྐྲག་བྱེད་མའི་མིང་གི་དང་པོ་ཧཱུཾ་དང་། སྔགས་ཀྱི་ཕཊ་དང་། གཏུམ ་མོའི་མིང་གཱི་དང་པོ་པཱུཊ་དང་། སྔགས་ཀྱི་དྲུག་པ་ཕཊ་དང་སྦྱར་བ་ནི་རྣལ་འབྱོར་མ་དྲུག་གི་སྔགས་སོ།། དེ་ལྟར་ན་ཡུམ་གྱི་ཉེ་བའི་སྙིང་པོ་གཉིས་པ་རྣལ་འབྱོར་མའི་མིང་དྲུག་གི་ཕྱེད་བཏུས་པ་ཡིན་ནོ།། རྣལ་འབྱོར་མའི་སྙིང་པོ་ཡི ་གེ་བཅུ་གསུམ་པ་ནི་རིང་དོན་ཆོས་ཀྱི་སྐུ་སྟོན་པ་ཡིན་ལ། ཉེ་བའི་སྙིང་པོ་ནི་གཞན་དོན་གཟུགས་ཀྱི་སྐུ་སྟོན་པ་ཡིན་ནོ།། མ་བྱུང་འབྱུང་བར་མི་འགྱུར་རོ།། ཞེས་བྱ་བ་ནི་སྔར་བཤང་ཟིན་ཏོ།། ས་སྟེང་ན་ནི་རོན་ཆེན་བཞི། ཞེས་བྱ ་པ་ནི་ཡབ་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་བཞི་སྟེ་རང་དང་གཞན་གྱི་དོན་རྫོགས་པས་རིན་པོ་ཆེད་པོ་འདྲ་བའི་ཕྱིར་རོ།། སེ་རུ་ཀ་འཐུང་བ་ལས་སངས་རྒྱས་དཀོན་མཆོག་གོ་སྣང་པོ་ཆོས་དཀོན་མཆོག་ཡིན་པས་ན་རིན་པོ་ཆེ་ཤེས ་གསུངས་སོ།། ཕྲེང་པོའི་སྔགས་ཀྱི་དམ་པ་ཞེས་བྱ་བ་ནི་སྔགས་བཟླས་ནས་བསྒྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ།། རིགས་པའི་རྒྱལ་པོ་ཧེ་རུ་ཀ་ཞེས་བྱ་བའི་གསུང་སེམས་འོད་གསལ་བའི་རང་བཞིན་གྱི་སྔགས་ཡིན་ཞེས་སྟོན་པ ་ཡོན་ཏེ། འདུས་པའི་རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་ངོ་བོ་ཉིད། འབྱུང་བ་ལྔ་ཡི་རང་བཞིན་དབུགས།། ཞེས་གསུངས་པའི་ཕྱིར་རོ།། ལེའུ་བརྒྱད་པའི་རྣམ་པར་བཤད་པའོ།། ། དེ་ལྟར་བསྔགས་བཏུས་པས ་ཡི་གེ་ཀུན་ཚོགས་པར་གྱུར་ནས་བཟླས་པ་མཚན་མ་ཐོབ་པ་དང་། སྔར་བཤད་པའི་དཀྱིལ་འཁོར་ཉིད་ལ་དངོས་གྲུབ་བསྒྲུབས་པ་འམ། རྐང་པ་བརྒྱད་ལ་འཁྲུལ་འཁོར་བྲིས་ནས་བསྒྲུབས་པ་འམ། སྨན་གྱི་ཚོགས ་ལས་བསྒྲུབ་པ་ཡིན་པས་དེ་ནས་རྩ་བའི་སྔགས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལམ་མཆོག་རིམ་པ་བཞིན་དུ་ཞེས་བྱ་བ་ནི་འཇིག་རྟེན་དང་ཐུན་མོང་དང་མཆོག་གི་རིམ་པའོ།། དེ་ནི་རྣམ་པར་བཤད་པར་བྱ།། ཞེས ་བྱ་བའི་ལས་ལྔ་བཅུ་པར་ཕྱེ་ནས་སོ།། འཇིག་རྟེན་གསུམ་གང་ཡོད་པ་རྣམས།། ཞེས་བྱ་བ་ནི་དངོས་གྲུབ་གསུམ་མོ།། ཐམས་ཅད་སྐད་ཅིག་གིས་གྲུབ་འགྱུར།། ཞེས་བྱ་བ་ནི་མནྟ་དང་ཏནྟ་དང་ཡནྡྷས་མྱུར་དུ་གྲུབ་པར་འགྱུར ་བའོ། ལས་རྣམས་ཐམས་ཅད་བྱེད་པ་པོ།། ཞེས་བྱ་བ་མི་གཞན་གྱི་དོན་དུ་ཕྲིན་ལས་བྱེད་པའོ།། དེ་ལྟར་མདོར་བསྟན་ནས་བརྒྱས་པར་བཤད་པ་ནི། ལྷ་ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་སྟེ། སྔོན་བཅོམ ་ལྡན་འདས་ཀྱི་གནོད་སྦྱིན་དང་ཀླུ་དང་སྲིན་པོ་དང་ལྷོ་ཡིན་དང་དབང་བྱ་བ་དང་ལོངས་སྤྱོད་པ་དང་ཐིམ་པ་བཞིན་དུ་ལྷ་ཐམས་ཅད་མ་བསྒོམས་པ་དང་བཟླས་པས་བཀའ་བསྒོ་ནས་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི་ཕྲིན་ལས་བྱེད ་པའམ། གང་ཟག་འབའ་ཞིག་འཁྲུལ་འཁོར་དང་གཉིས་ཀ་དབྱེ་བ་འམ། གང་ཟག་ལ་ལོས་སྨན་དང་གསུམ་ཀས་བྱེད་པ་འམ། སོ་སོར་གྲུབ་པ་ཡང་དེ་སྲིང་ངོ་།། དེ་ལ་ལྷ་ཐམས་ཅད་དྲན་པ་ཙམ་གྱིས་གསོད་པ་ནི་རྐང་པ་བརྒྱད ་པའི་སྔགས་ཀྱི་ཐ་མར་མ་རཱ་ཡ་ཕཊ། ཅེས་བྱ་བའང་མཚན་ཐོག་ཐག་བཟླས་པས་སོ།། ཀླུ་ལ་སོགས་པ་ཐམས་ཅད་ཀྱང་དེ་བཞིན་དུ་འགྱུར་བ་ཡིན་ནོ།། གནོད་སྦྱིན་དང་དྲི་ཟ་རྣམས་ལ་ཡང་དེ་ཉིད་ཀྱིས་འགྱུར་རོ།། གལ་ཏེ་ཐམས་ཅད་ལ ་ཐུགས་ཀྱི་འཁོར་ལོའི་བདག་པོ་བསྒོམས་ནས་རྐང་པ་བརྒྱད་པ་བཟླས་པས་སོ།། གནོད་སྦྱིན་སྲིན་པོ་ཐམས་ཅད་ལ་གསུང་གི་འཁོར་ལོ་དང་རྐང་པ་བརྒྱད་པ་བཟླས་པས་སོ།། ཀླུ་དང་ལྷ་མ་ཡིན་ཐམས་ཅད་ལ་སྐུའི་འཁོར་ལོ་ནམ ་མཁའ་ལྡིང་གི་གདོང་ཅན་བསྒོམས་ནས་རྐང་པ་བརྒྱུད་པ་བཟླས་པས་སོ།། སྤྲིན་ཐམས་ཅད་དྲན་པ་ཙམ་གྱིས་བརླག་པར་བྱེད་ཅེས་བྱའོ།། རྒྱུད་བླ་མ་ལས་གསུངས་པའི་ཀླུ་བརྒྱད་འདུལ་བའི་ཆོ་ག་སྟེ་ཆུ་བོ་དང་། རྒྱ་མཚོ་དང་། ་ཁྲོན་པ་དང་རྫིང་བུའི་འགྲམ་རྣམས་སུ་ཀླུ་བརྒྱད་ཀྱི་དཀྱིལ་འཁོར་བྲི་བར་བྱ་སྟེ། པདྨ་འདབ་མ་བརྒྱད་པ་བྲིས་ལ་ཤར་གྱིས་འདབ་མ་ལ་མཐའ་ཡས། བྱང་དུ་ནོར་བགྱིས། ནུབ་ཏུ་འཇོག་པོ།། ལྷར་པདྨ། དབང་ལྡན་དུ་པདྨ་ཆེན་པོ ་མེ་མཚམས་སུ་དུང་སྐྱོང་བདེན་བྲལ་དུ་སྟོབས་ཀྱི་རྒྱུ། རླུང་གི་མཚམས་སུ་མ་དྲོས་པ། དཀར་བ་དང་། སྔོ་བ་དང་། དམར་པ་དང་། ལྡང་བ་དང་། སེར་བ་དང་། དུད་ཁ་དང་། ལྡང་བ་དང་སེར་སྐྱ་དེ་དག་ཀྱང་རིན་པོ་ཆེའི་ཅོད་པནི་དང ་སྦྲུལ་གྱི་མགོ་གདོང་སོ་ཀ་དང་ལྡན་པའོ།། ཀླུ་བརྒྱད་ཐིལ་མི་སྦྱར་རོ།། དེའི་ལྟེ་བའི་དབུས་སུ་བཅོམ་ལྡན་འདས་ནམ་མཁའ་ལྡིང་གི་གདོང་ཅན་ཞལ་མཆེ་བ་གཙིགས་ཤིང་ཞལ་བཞི་པ་ཕྱག་བརྒྱད་པ་ལྔ་པ་བྱ་ཁྱུང་གི་ཞལ་ནི་དམར ་པོ་ཉི་མ་བཅུ་གཅིག་ཀྱི་གཟི་བརྗིད་ཅན་ཕྱུག་དང་པོ་གཉིས་ཀྱིས་རྡོ་རྗེ་བསྣམས་ཤིང་སྡིགས་མཛུབ་མཛད་པ། གཞན་གཉིས་ཀྱིས་ཀླུང་དབང་པོའི་པགས་པ་བསྣམས་པ། གསུམ་པ་གཉིས་ཀྱིས་ལྕགས་ཀྱུ ་དང་ཁ་ཊྭཱཾ་ག་བསྣམས་པ། བཞི་པ་གཉིས་ཀྱིས་མདུང་དང་ཅང་ཏེའུ་ཏིང་འཛིན་པའོ།། ཞབས་བཞིས་ཆུ་ལྷ་ཁྲོ་ཤུགས་དང་ཀླུ་བརྒྱད་ཀྱི་མཇུག་མ་གནོན་བཱིས་ལ་དེའི་མདུན་དུ་རྣལ་འབྱོར་པ་བློ་གྲོས་ཆེན་པོས་དེ་དང་འདྲ་བའི ་བཅོམ་ལྡན་འདིས་བྱ་ཁྱུང་ཆེན་པོ་བསྒོམས་ལ་བྲིས་པའི་དཀྱིལ་འཁོར་གྱི་མདུན་དུ་བསྟེན་པ་འབུམ་བྱའོ།། དེས་མཚན་མ་བྱུང་བ་དང་ལས་ལ་སྦྱར་བའི་ཕྱིར་འོ་མིའི་སྦྱིན་སྲེག་འབུམོ་ཕྱུལ་བས་སྦྱིན་ཐམས་ཅད་འཇིག་པར ་བྱེད་ཅིང་འཆེར་འབེབས་པར་བྱེད་པ་དང་ཆར་ཟློག་པར་ཡང་བྱེད་དོ།། ཡདྨ་ན་རྐང་པ་བརྒྱད་པའི་འཁྲུལ་འཁོར་བྱ་སྟེ། སྔར་བཤད་པའི་ཀླུ་བརྒྱད་དཀྱིལ་འཁོར་གྲོ་ག་འམ་རོས་དཀར་པོ་ལ་བྲིས་ལ་ཕྱི་རོལ་ནས་འཁོར་ལོ་གསུམ ་གྱིས་བསྐོར་ཞིང་དུག་དང་ལན་ཆེ་དང་སྐེ་ཚེ་དང་ཚ་བ་གསུམ་དང་དུར་ཁྲོད་ཀྱི་སོལ་པོས་སྣག་ཆེ་བྱས་ནས་དཔའ་བ་དང་དཔའ་མོ་ཐམས་ཅད་ཀྱི་སྔགས་བྲིས་ཀླུ་བརྒྱད་ཀྱི་བྷིའི་གཥ་ཧཱུཾ་ནཱཾ་ཧཱུཾ་ཞེས་བྱ་བ་དང་། ལྟེ་བར་བཅོམ་ལྡན་འདས ་ཀྱི་སྦྱིན་པར་ཧུཾ་ནཱཾ་ཧཱུ~ཾ་སརྦ་ནཱ་ག་བར་ཥ་མ་ན་ཡཥྚི་ཤཱིགྷྲ~ཾ་ཕ་ཅེས་བྱ་བ་སྤྲོས་པས་འཕྲུལ་འཁོར་གྲོག་མཁར་གྱི་ས་དང་པའི་རྣམ་ལྔ་བསྲེས་པ་ལས་ནོར་བརྒྱད་ཀྱིས་གཟུགས་གདོངས་ཀ་མདུན་དང་ལྡན་པ་མཐོ་གང ་གི་ཚད་ཙམ་བྱས་ལ་པོར་སྙིང་གར་བཅུག་སྟེ། དགུག་པ་ལ་སོགས་པའི་ཆོ་ག་བྱས་ནས་ཀ་རཱ་བཱི་རིའི་བཅུགས་མས་བཀབ་སྟེ་གུ་གུལ་གྱིས་དྲུད་པས་གདུག་ཅིང་རྒྱུན་མི་འཆད་པར་ཆུས་ཁྲུས་བྱའོ།། དེ་ལྟར་བྱས་ནྱཱ་ནྡྷར་འབ ་པར་འགྱུར་བ་དང་མ་བབས་ནི་ཉི་མ་བདུན་པ་ལ་ལུས་དུམ་བུར་བྱས་བུམ་པར་བཙུག་ནས་ཆུ་བོར་བསྒྱུར་ན་ཆང་འབབ་པར་འགྱུར།། ཟློག་པར་བྱེད་ན་སྔ་མ་བཞིན་དུའི་ཁྲུལ་འཁོར་བྲིས་ནོར་རྒྱས་ཀྱི་གཟུགས་བརྙན་གྱི་སྙིང་ག ་བཅུག་སྟེ་ཡུངས་གར་གྱིས་བརྡེགས་པའམ། ཡང་ན་རྡོ་རྗེ་འཛིན་པ་ལ་ཕུལ་པའི་མེ་ཏོག་རྙིང་པ་གུ་གུལ་དང་བསྲེས་པ་བསྲེས་པའི་བདུག་པས་རྩ་བའི་སྔགས་ཟློས་ཤིང་ནམ་མཁའ་ལ་འདུགས་ན་ཟློག་པར་བྱེད་དོ།། རྒྱ་མཚོ ་སྐེམས་པར་བྱེང་ངོ་།། ཞེས་བྱ་བ་ཀླུ་བརྒྱད་གནོན་པའི་ཞལ་ལྔ་པ་མཁའ་ལྡིང་ཧེ་རུ་ཀ་བསྒོམས་ན་མཚན་མ་འབྱུང་བ་དང་རྒྱ་མཚོ་ཆེན་པོའི་དབུས་སུ་འདུག་པར་བསམས་ལ་ཉི་མ་བཅུ་གཉིས་ཀྱིས་གཟི་བརྗོད་དང་ལྡན་པ་གདོན ་མི་ཟ་བར་སྐེམས་པར་བྱེད་དོ།། བེ་དང་ཀའི་ཐོད་པ་ལ་པདྨ་འདབ་མ་བརྒྱད་པི་རེ་རེ་ཞིང་རྐང་པ་བརྒྱད་པའི་སྔགས་བྲིས་ལ་ཚོ་བོ་ལ་ཁ་ཊྭཱཾ་གས་བསྣུན་ན་རྒྱུན་ཕྱོགས་ལས་བཟློག་པར་བྱེད་དོ།། དཔའ་བོ་ཟློག་པར་བྱེད་དོ།། ཞེས ་བྱ་བ་ནི་ཐོག་བབས་པ་སྟེ་ལག་པ་གཡོན་པའོ་ཐིལ་དུ་རྐང་པའི་འཁྲུལ་འཁོར་བསྒོམས་སྡིག་མཛུབ་བྱས་ནི་རྡོ་རྗེའི་ཐོག་ཟློག་པར་བྱེད་དོ།། ས་ག་ཡོ་བི་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཞལ་བཞི་ཕྱག་བཅུ་གཉིས་པ་བསྒོམས ་ནས་ཏྲི་ཤུལ་རྩེ་གསུམ་པ་ལ་ས་བསྣུན་གཡོ་བར་བྱེད་དོ།། ཤིང་ལ་འཛེགས་ཏེ་གང་དུ་འདོད་པ་དེར་འགྲོ་བར་འགྱུར་རོ།། ཞེས་བྱ་བ་ནི་སྔོན་དུ་བསྙེན་པ་མཚན་མ་ཐོབ་པ་དང་རྐང་པ་བརྒྱད་པའི་འཁྲུལ་འཁོར ་རྐང་པ་གཉིས་ལ་བསྒོམས་ཏེ། ན་མཁའ་ལ་སྐས་ལྗང་གི་ཕྲེང་བ་ཡོད་པར་བསྒོམས་ནས་འཇིགས་ནས་གར་འདོད་པ་དེར་འགྲོའོ།། སྔགས་འཕྲོ་བར་བྱེད་ཅེས་པ་ནི་རང་ལ་བྱང་བྱེད་པའི་སྔགས་ཀྱི་འཁྲུལ་འཁོར་གྱི་སྟེང་དུ་རྐ་པ ་བརྒྱད་པའི་འཁྲུལ་འཁོར་དུག་དང་ཁྲག་དང་ལན་ཚྭ་དང་སྐེ་ཚེས་བྲིས་ལ་མནན་ནས་རི་རབ་དང་གསེར་གྱིས་གཞིས་ཀྱང་མནན་ན་སྔགས་འཕྲོག་པར་བྱེད་དོ།། དངོས་གྲུབ་ཐམསོ་ཅད་འཕྲོག་པ་ནི་སྔར་བསྙེན་པ་འབུམ་བྱས་ལ ་མཚོན་མ་ཐོབ་པ་དང་། དངོས་གྲུབ་འདོད་པའི་གཟུགས་བརྙན་བྱས་ལ་དེའི་སྙིང་གརཱ་རྐང་པ་བརྒྱུད་པའི་འཁྲུལ་འཁོར་བཅུག་ནས་སྦྱིན་སྲེག་བྱ་བ་འམ་ཆུ་བོར་དོར་བ་བ་མ་ས་འོག་ཏུ་གཞུག་པར་བྱའོ།། ཁྲག་འདྲེན་པར་བྱེད་ན ་ཞེས་བྱ་བ་ནི་སྤྲ་ཚིལ་གྱི་ལིང་གསེར་བརྒྱད་པ་བྱས་ལ་དོའི་སྙིང་གར་རྐང་པ་བརྒྱད་པའི་འཁྲུལ་འཁོར་ཁྲག་དང་བཅས་པ་གཞུགས་པོར་བྱ་ཞིང་གསང་བའི་གནས་སུ་ཟངས་མིའི་ཁབ་གཅུགས་ན་ཁཱ་ག་འདྲེན་པར་བྱེད་དོ།། སླ་རཾའོ་མས ་ཀྲུས་ན་འཚོ་བར་འགྱུར་རོ།། གཟུགས་བརྒྱ་སྟོང་ཕྲག་དུ་མར་བྱེད་དོ།། ཞེས་བྱ་བའི་མཁའ་འགྲོ་ལས་སྨན་གྱི་རྒྱུད་བཤད་པར་བྱ་སྟེ། མིའི་ཐོད་པར་ཨེ་རཎྜ་དང་སྨྱོ་བྱེད་ཀྱི་ས་བོན་བཏབ་ལ་བཀང་སྟེ་སྐྱེ་གནས་སྨོན་པ་དང་མར་གྱི ་ངོའི་ཉི་ཤུ་དགུ་ལ་དམངས་ཀྱི་བུད་མེད་ཀྱི་ཁྲག་དང་བདུད་རྩི་ལྔས་དེའི་འབྲས་བུ་སྨིན་པ་ན་བསྒོམས་ཏེ་སྲོག་ཆགས་གང་ཡང་རུང་བའི་སྐུ་དང་སྐུད་པ་བྱས་ལ་སྲོག་ཆགས་དེའི་མགུལ་དུ་བཏགས་ན་དེའི་གཟུགས་སུ་འགྱུར་རོ།། འདོད་ན་སྣང་བར ་འགྱུར་ཞིང་མི་འདོད་ན་སྣང་བར་མི་འགྱུར་རོ།། ཞེས་བྱ་བ་ནི་གསེར་ཤིང་གི་ས་བོན་བླངས་ལ་ཉི་ཤུ་དགུ་ལ་ཁྭའི་བྱེད་པའི་ནང་དུ་སྦྲུལ་ནག་པོའི་ཞོག་གིས་བསྒོས་ཏེ་བསྐྱེད་ལ་སྨིན་པ་དང་བླངས་ལ་གང་གི་མགུལ་དུ་བཅིངས་ཤིང་དེ ་མི་སྣང་བར་འགྱུར་ཞིང་དགྲོལ་ན་སྣང་བར་འགྱུར་རོ།། ཁང་བཟང་དང་ཤིང་གི་རྩེ་མོ་ལ་སོགས་པ་ཕྱེ་མར་བྱེད་དོ།། ཞེས་བྱ་བ་ནི་ཞལ་བཞི་ཕྱག་བཅུ་གཉིས་པའི་བདེ་མཆོག་བསྒོམས་ནས་དགྲ་སྟ་ལ་ཡི་གེ་རྐང་པ་བརྒྱད་པའི་འཁྲུལ ་འཁོར་བྲིས་ཏེ་བསྣུན་ན་ཕྱེ་མར་འགྱུར་རོ།། དུད་བདུད་རྩིའི་བྱེད་པ་ནི་ལག་པ་གཡོན་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྐང་པོ་བརྒྱད་པའི་འཁོར་ལོ་བཀོད་ནས་སྣེ་བུག་གཡོན་པོའི་རླུང་གསེ་རཱག་ན་དུག་བདུད་རྩིར ་བྱེད་དོ།། བདུད་རྩི་དྲུག་ཏུ་བྱེད་པ་ནི་བསྐུ་བའི་ཁེ་བོའི་སཾ་བོན་བླངས་པའི་ལ་སྦྲུལ་ནག་པོ་ཞག་གི་བྱུགས་ཏེ་གཟའ་མིག་དམར་གྱི་བཞི་མདོར་ཞག་ལམ་གྱི་བཞི་མདོར་སྦྲུལ་གྱི་ཐོད་པ་ཡང་བཀང་སྟེ་བསྐྱེད་ལ་ངོའི་ཁུ་བོས ་དཔྲལ་བར་ཐིག་ལེ་བྱས་ནི་གཟའ་བཏུང་ལ་བལྟས་པ་ཙམ་གྱིས་དུག་ཏུ་འ་གྱུར་རོ།། ཟླ་བ་ཆུར་བྱེད་པ་ནི་སྨན་ཨ་རྐའི་མེ་སྦར་ལ་པདྨའི་སྣལ་མའི་ཕྱེ་མ་དང་འོ་མས་ལན་མོང་དུ་བྱུགས་ཏེ་སྦྱིན་སྲེག་ཕུལ་བིའི་ཐལ་བས་ཅི ་དྷཱ་ཀའི་ཁུ་བ་དང་སྦྲུས་ཏེ་རི་ལྱཱ་གྲིབ་མ་ལ་བསྙེམས་ཏེ་སོག་མའི་ནང་དུ་བཅུག་ལ་ཆར་གིས་སྣོད་བཀྲུས་ན་འོ་མ་ལྟ་བུའི་ཁ་དོག་ཏུ་འགྱུར་རོ།། གུ་སུ་མའི་ཕྱེ་མ་དང་ཛམྦྷ་བུའི་ཚུབ་དང་འོ་མའི་ནང་དུ་བླུགས་ན་ཆང་འདྲ་བར ་འགྱུར་རོ།། རོ་ཕྲག་པ་ནི་ཚེར་མ་དང་བཅས་པས་པའི་ཤིང་ཀ་རཀྵཱ་ཕྱེ་མ་དང་ན་དང་ཀའི་ཤུན་པའི་ཕྱེ་མ་དང་བསྲེས་པའི་ཕྱེ་མས་གདུགས་ན་དྲི་འཕྲོགས་པར་བྱེད་དོ།། གོང་དུ་འདོད་པ་དེར་ཐོབ་པར་བྱེད་དོ་ཞེས་བྱ་བ་ནི་གེཙྪ་དང་ནང་རང་གཱ ་ཕྱེ་མས་གུ་གུལ་དང་བསྡུས་པས་གླུ་རྩི་ལ་བདུགས་ན་གུ་གུལ་གྱི་དྲི་བྲོ་བར་འགྱུར་རོ།། གླ་རྩི་དང་བསྲེག་པས་གུ་གུལ་བདུགས་ན་གློ་ཌཱིའི་དྲོ་བ་འཕྲོ་བར་འགྱུར་རོ།། ནམ་མཁའ་ལྡིང་གི་མདོག་གིས་འགྲོ་བར་འབྱིན་པར་བྱེད་ཅེས་བྱ་བ་ནི ་ཡནྟ་དང་ཏཱནྡྷཾ་སྤངས་པའི་ཏིང་ངེ་འཛིན་ཐམས་ཅད་བརྟ་ནཱཾ་པི་ཡིན་ཏེ་ནམ་མཁའ་ལྡིང་གི་མདོག་ནི་གསང་བའི་རྡོ་རྗེའོ།། འགྲོ་བ་འབྱིན་པ་ནི་ཁུ་བ་གྱེན་དུ་བཟློག་པོའོ།། ཤའི་དུས་ཀྱི་ལྷ་མོ་དང་ཀུན་སྤྱོད་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་མྱི ་མཉམ་པའི་བདེ་བ་ཐོབ་པའོ།། དེ་ལྟར་བསམ་གཏན་གྱི་བདེ་བའི་ཏིང་ངེ་འཛིན་ཐོབ་ན་མིའི་མཆོག་དེའི་དངོས་གྲུབ་སྔ་མ་ཐམས་ཅད་ཀྱི་དཔལ་བསྡུས་ཀྱང་འཕྲོག་པར་མི་ནུས་སོ།། རྣམ་པ་དེ་ལྟ་བུ་དང་ལྗོན་པའི་དངོས་གྲུབ་ཅེས་བྱ་བ་ནི ་བྱང་ཆུབ་ཀྱི་སེམས་དགའ་བྲལ་དུ་མི་གཏོང་བའི་ཏིང་འཇམ་ཡོང་ན་དངོས་གྲུབ་ཐམས་ཅད་འབྲས་བུ་དང་བཅས་པར་འགྱུར་རོ།། དྲན་པ་ཙམ་གྱིས་གསོད་པར་བྱེད་དེ་ཞེས་བྱ་བ་ནི་རས་སེམ་ཤིང་ཤུན་ལ་ཉི་མའི་དཀྱིལ་འཁོར་གྱིས་དབུས ་སུ་རྐང་པ་བརྒྱད་པའི་འཁྲུལ་འཁོར་བྲིས་ལ་དུར་ཁྲོད་ཀྱི་ཐལ་བ་དང་སོལ་བ་ལས་གཟུགས་བརྙན་བྱས་ཏེ། སྙིང་གར་བཅུག་སྟེ་བསྒྲུབ་བྱ་བཀུག་ནས་མི་རུས་ཀྱི་ཕུར་བུས་སྙིང་གར་བཏབ་ནས་ཆུ་ཚན་བླུགས་ཏེ་དུར་ཁྲོད་ཀྱི་སར་སྦས ་ན་ཉི་མ་བདུན་གྱིས་གསོད་པར་བྱེད་དོ།། སྤྲ་ཚིལ་གྱི་དབུས་སུ་ཟི་དང་ཡེ་ཤེས་བཅུག་ལ་ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ་ལན་སྟོང་ཕྲག་གཅིག་ཏུ་བརྒོད་ནས་འཕངས་ན་གནས་དེར་མི་བསྐྱེད་པར་བྱེད་དོ།། ས་བོན་རྣམ་པར་འཇོམས་པར ་ཞེས་བྱ་བ་ནི་ཏིལ་གྱི་མར་གྱིས་བསྐུས་ལ་རྡོ་རྗེ་རྩེ་གཅིག་པ་ལ་རྐང་པ་སྤྱད་པ་སྟོང་རྩ་བརྒྱད་བཟླས་ནས་བསྣུན་ནི་འཇོམས་པར་བྱེད་དོ།། སེར་བ་འབེབས་པ་ནི་སྒྲ་གཅན་འཛིན་རྒྱུ་བའི་དུས་སུ་རྐང་པ་བརྒྱད་པ་སྟོང་རྩ་བརྒྱད་བཟླས་པའི་ཁྲག ་གི་ཐོད་པ་མེ་ལ་བླུགས་ན་སེར་བ་འབེབས་སོ།། མདུང་རྩེ་གསུམ་པ་སྟོང་རྩ་བརྒྱད་བཟླས་ནས་སྤྱི་བོ་ལཾ་བསྐོར་ན་སེར་བ་ཟློག་པར་བྱེད་དོ།། ལྷ་ཐམས་ཅད་ཀྱི་གཟུགས་བརྟིན་གར་བྱེད་དུ་གཞུག་པ་ནོ་རྐྱང་བཾ་བརྒྱད་པོའི་འཁྲུལ་འཁོར ་ལྷ་རྣམས་ཀྱི་སྙིང་གར་བཅུག་ལ་འོད་མ་གཞུ་ལ་ཀ་ར་བཱི་རཱིཥ་མདའ་འཚལ་ཆེན་གྱིས་བསྐུས་ལོ་ཐུགས་ཀར་འཕངས་ན་ལྷོའི་གཟུགས་བརྙན་གར་བྱེད་པར་འགྱུར་རོ།། ཐོད་པ་ཤ་མེད་པར་བརྟོགས་པ་ནི་སྲིན་ལག་གཡོན་པའི་ཁྲགས ་གཟུགས་བརྙན་བྲིས་ལ་གང་གིས་མིང་དང་སྤེལ་བའི་དེའི་སྙིང་གར་འཁྲུལ་འཁོར་བྲིས་ལ་མིང་ནས་གཟུང་སྟེ་ལན་རེ་ཞིང་རྐང་པ་བརྒྱད་པ་དང་སྤེལ་ནས་བཟླས་ཤིང་ཁྲག་དང་མཉེས་ན་མོད་ལ་འཆི་བར་འགྱུར་རོ།། ས་མ་ལུས ་པ་རྣམས་ལ་ལོངས་སྤྱོད་ཅེས་བྱ་བ་ནི་བ་ལང་གི་ཤ་དང་བཅས་ལ་རྐང་པ་རྒྱུད་པའི་སྔགས་སྟོང་རྩ་བརྒྱད་ཟློས་ཤིང་སྦྱིན་སྲེག་བྱས་ན་རྒྱལ་སྐྱིང་ཐོབ་པར་འགྱུར་རོ།། འདོད་ན་འདུད་པར་འགྱུར། ཞེས་བྱ་བ་ནི་འདོད་པའི ་ལོངས་སྤྱོད་ཀྱིས་སྐྱོན་ཞི་བའི་སྦྱིན་སྲེག་གིས་རྒྱལ་སྐྱིད་ཀྱི་གཡེང་བ་སྡུད་པར་འགྱུར་རོ།། དེ་ལ་སྤྱོད་པ་ཇི་ལྟ་བུས་བྱ་ཞེ་ན། བཅོམ་ལྡན་འདས་ལ་རྐང་པ་བརྒྱད་པ་འདི་ཟློས་པའི་ཚེ་བརྟུལ་ཞུགས་མི་དགོས་སྤྱོད་པ་དང་། སྦྱང་བ་མི་དགོས་ཆོས ་ཐམས་ཅད་ཅི་བདེ་བ་ལས་བྱས་ན་གྲུབ་པར་འགྱུར་རོ།། གལ་ཏེ་ཁྲོས་པས་ལན་ཅིག་བཟླས་པས་འཚོ་བར་འགྱུར་རོ།། ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་མི་རུས་ཀྱི་མྱུ་གུས་དུག་དང་དུར་ཁྲོད་ཀྱི་སོལ་བའི་ཁྲོ་བས་འཁྲུལ་འཁོར་བྲིས་ལ་དབུས ་སུ་མ་ར་མ་ར་ཕཊ་ཅེས་བྱ་བྲི་བྲི་བར་བྱའོ།། དེ་ནས་བསྙེན་པ་འབུམ་བྱས་ལ་དུག་དང་ཁྲག་དང་སྐེ་ཚེ་དང་ལན་ཆེ་དང་ཡུངས་ཀརརཱ་དྭང་རྐང་རྗེས་དང་བསྲེས་པ་ལས་བྱིས་པའི་ལིང་གྲིའི་སྙིང་གར་བཅུག་ནས་ལས་ལ་སྦྱར་བའི་ཚེ་ལན་ཅིག ་བཟླས་ན་འཆི་བར་འགྱུར་ཞིང་། འོ་མས་བཀྲུས་ན་འཚོ་བར་འགྱུར་རོ།། དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་པ་བྱ་ཞེས་བྱ་བ་ནི་ཉི་ཤུ་རྩ་བཞི་དང་དགུ་ལ་རོ་བསྲེགས་པའི་མེ་ལ་ཤིང་ཨརྐ་བསྲེགས་ལ་དྷ་ཏུ་རིའི་ཁྲོ་བོས་མེ་བསད་ལ་དུག ་དང་ལན་ཚྭ་དང་བཅས་པའི་སོལ་བའི་ཁུ་བ་མི་རུས་ཀྱི་སྨྱུ་གུས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྐང་པ་བརྒྱད་པའི་འཁྲུལ་འཁོར་བྲིས་ལ་དུར་ཁྲོད་ཀྱི་ཐལ་བ་ལས་བྱས་པའི་གཟུགས་བརྙན་སོར་བརྒྱད་པའི་སྙིང་གར་མེ་དང ་སྦྲེལ་བའི་འཁྲུལ་འཁོར་བཅུག་ནས་དགུག་པ་ལ་སོགས་པ་བྱས་ནས་གུ་གྲུལ་གྱིས་བདུག་ཅིང་དུར་ཁྲོད་ཀྱི་སོལ་བའི་སྟ་རི་བྱས་ཏེ་ལིང་ག་གཏུབས་ན་དེའི་མོད་ལ་ལྟུང་བར་འགྱུར་ཞིང་འཆི་བར་འགྱུར་རོ།། དུར་ཁྲོད་ཀྱི་ཐབ་པ་ལ ་སྔགས་བཟླས་ཏེ་བསྣུན་ན་དེའི་མོད་ལ་ཤ་ཟས་གཟུང་བར་འགྱུརརོ།། དུར་ཁྲོད་ཀྱི་སོལ་བ་ལ་སྔགས་ལན་ཅིག་བཟླས་ནས་ཞེས་བྱ་བ་ནི་སྔར་བསྟན་པའི་ཤིང་ཨརྐྐའི་ཐེལ་བ་ཉི་ཤུ་རྩཝ་དགུའི་མཚན་མོ་སྦྱང་ལེབ་བམ་རྩིག་པ་ལ་གཟའ་ཆེན ་བོ་བརྒྱད་བྲིས་ལ་སྙིང་གའི་དབུས་སུ་བསྒྲུབ་བྱའི་མིང་སྤེལ་བའི་འཁྲུལ་འཁོར་བཅུག་ལ་བདུད་རྩི་ལྔའི་དུད་པས་བདུག་ཅིང་སྔགས་བཟླས་ན་གཟའ་ཆེན་པོ་བརྒྱད་ཀྱི་གདོན་མི་ཟ་བར་གཟུངས་པར་འགྱུར་རོ།། འོ་མས་བཀྲུས་ན ་འཚོ་བར་འགྱུར་རོ།། ཨ་ཏི་མུཀྟ་ཀའི་ལྕུག་མ་ལ་ལན་ཅིག་བཟླས་པས་ཞེས་བྱ་བ་ནི་ཙན་ངན་དམར་པོའི་རི་ལུ་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་དུར་ཁྲོད་ཀྱི་རས་ལ་རོའི་སེན་རྩི་དང་འག་ཝང་གིས་ཟླ་བའི་དཀྱིལ ་འཁོར་གྱིས་དབུས་སུ་འཁྲུལ་འཁོར་བྲིས་ལ་བཅུག་ནས་དགུ་པ་ལ་སོགས་པ་བྱས་ཏེ། དྲིའི་ཆུས་སྐུ་ཁྲུས་གསོལ་ཞིང་ཨོཾ་ཏི་མྱཀྟའི་ལྕུག་མ་ལ་སྔགས་ལན་བདུན་བཟླས་ཏེ་བསྣུན་པར་བྱའོ།། བསྣུན་པའི་ཚེ་བསྒོམ ་བསྒྲུབ་བྱ་བའི་གཅེར་བུ་སྐྲ་གྲོལ་བ་བྱང་ཆུབ་ཀྱི་སེམས་འབབ་ཅིང་ཁ་དོག་ཉམས་ཤིང་འཇིགས་པས་བ་རྒྱལ་བ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རྔ་མོ་ལ་བསྐྱོན་ནས་རང་གི་རྐང་པའི་དྲུང་དུ་ལྷུང་བར་བསམས་པར་བྱའོ།། ་གསེག་མ་ལ་ལན་ཅིག་བཟླས་ཞེས་བྱ་བ་ནི་མཱིའི་ཐོད་པའི་དུམ་བུ་ལ་བ་བླ་དང་ཡུང་བས་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཁྲུལ་འཁོར་མིང་དང་སྤེལ་བ་བྲིས་ཏེ་དུར་ཁྲོད་དང་ལམ་གྱི་བཞི་མདོར་ཁྲུ་གང་ཙམ ་བསྐོས་ཏེ་སྔ་ཞིང་ཁ་སྦུབ་ལ་གསེག་མ་ལ་བསྔགས་བཟླས་ཤིང་གང་ལ་འདེབས་པ་དེ་རེངས་པར་འགྱུར་རོ།། གང་དུ་ལྟུང་བ་དེར་འགྲོ་བར་འགྱུར་རོ།། ཞེས་བྱ་བ་ནི་ཆུབ་མས་ཁྱེར་བའི་ཤིང་ལོ་ལ་མཆིལ་མ་དང་ཁཱའི་ཁྲག་གི་བྱ ་རོག་གི་སྒོའི་སྨྱུ་གུ་བྱས་ལ་འཁྲུལ་འཁོར་བྲིས་ཏེ་ཆུབ་མ་ཆེན་པོ་གྱེན་དུ་ལྡང་བ་ལ་བསྐུར་ན་བསྐྲད་ཕྱིའི་གནས་དེང་འགྲོ་བར་འགྱུར་རོ།། གུ་གུལ་ཆེན་པོས་བདུགས་ནི་ཞེས་བྱ་བ་ནིར་ཐཱག་གི་རྭ་དང་རླིགས་པ་བཞི་དང་མེའི་ཚོལ ་དང་བཤང་པོ་ཚེ་མཉམ་ལ་ཆང་གིས་སྨྲས་ཏེ་ཨ་བདུགས་ན་སེམས་ཅན་ཐམས་ཅད་ལི་མཁའ་འགྲོ་མ་འབེབས་པར་འགྱུར་རོ།། ལག་པ་གཡོན་པས་ཆང་བཀ་པེ་ལ་གཡོན་པོའི་སྲིན་གར་བཅུག་ནས་ཚིགས་གསུམ་གྱི་གནས ་སུ་ལྕེས་རེག་རིང་བཞིབས་ན་དུས་སུ་ཟིན་པའི་དུག་གསོ་བར་བྱེད་དོ།། མཁའ་འགྲོ་མས་རྒྱས་བཏབ་པ་ལ་ཞེས་བྱ་བ་དུར་ཁྲོད་ཀྱི་རས་ལ་ཤིང་ཨ་ཏི་མུཀྟའི་སྨྱུ་གུས་སྔར་བཤད་པའི་འཁྲུལ་འཁོར་བྲིས་ཏེ་ལྟེ་བའི་དབུས་སུ ་ཨ་གྲུ་གསུམ་བྲིས་ལ་ཟུར་གསུམ་དུ་ཨ་ཨ་ཧཱུཾ་གསུམ་དང་དབུས་སུ་རཀྵ་ཞེས་བྱ་བ་བཞི་མང་དང་སྤེལ་པ་བྲིས་ཏེ་བསྒྲུབ་བྱའི་མགུལ་ཏུ་བཏགས་ལ་པོ་ཆེལ་དུ་རྐང་པ་བརྒྱད་པ་བཟླས་ཤིང་གདོན་གྱི་གཟུགས་བརྙན་བྱས ་པའི་སྙིང་གར་གདོན་གྱི་མིང་བཅུག་ལ་ཆུང་ཡང་དང་ཡང་དུ་བསྣུན་ཞིང་སླར་གདོན་རེངས་པར་འགྱུར་རོ།། ཀ་རཱ་བཱི་རིའི་སྡུག་མ་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་བསྒྲུབ་བྱའི་མིང་དང་སྤེལ་བའི་འཁྲུལ་འཁོར་བྲིས་ལ་བུད་མེད་ཀྱི་རོ ་བསྲེགས་པའི་ཐལ་བ་དང་ཙན་དན་དམེར་པོའི་རྡུལ་དང་བསྲེས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་བཅུག་སྟེ་ཀ་རཱ་བཱི་རཱིའི་ལྕུག་མ་ཁྲུདང་ཡོད་པ་དུར་ཁྲོད་ཀྱི་མེ་ལ་གདུངས་ནས་སྐུར་ཡང་བླངས་ཏེ་སྤྱི་བོ་བ་བསྐོར ་ཞིང་སྔ་མའི་གཟུགས་བརྙན་གྱི་ལྟེ་བར་བསྣུན་ན་མེ་ལ་གང་དུ་འདོད་པ་དེར་འཕོ་བར་འགྱུར་རོ།། དེ་ལ་འཁྲུལ་འཁོར་ནི་འདི་ཡིན་ཏེ་ཨེ་གྲུ་གསུམ་གྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་བྲིས་ལ་དེའི་སྟེང་དུ་འཁོར་ལོ་གསུམ་བྱི་ལྟེ་བར ་སྣ་ཚོགས་རྡོ་རྗེ་རོའི་ལྟེ་བར་པདྨ་འདབ་མ་བརྒྱད་པ་དོའི་ལྟེ་བར་བཅོམ་ལྡན་འདས་ཀྱི་དྷི་བཱཾ་དང་ཡུམ་གྱི་ས་བོན་བཱཾ་པདྨ་འདབ་མ་བརྒྱད་ལ་རྐང་པ་བརྒྱད་པའི་སྔགས་བྲིས་ལ་འཁོར་ལོ་གསུམ་ལ་རླུང་གི་ལྷའི་སྙིང་པོ་བྲིས་ལ ་རྡོ་རྗེ་དང་པདྨ་དང་འཁོར་ལོས་བསྐོར་བ་དང་སྒོ་ནས་མཚམས་སུ་མཁའ་འགྲོ་མའི་སྙིང་པོ་དང་དུར་ཁྱོད་བརྒྱད་ཀྱི་གནས་སུ་རྐང་པ་བརྒྱད་པའི་སྔགས་དང་རྡོ་རྗེ་ར་བ་དང་མེ་འོད་ཀྱི་བར་དུ་ཀ་ར་བཱི་རིའི་སྔགས་བྲི་བར་བྱའོ།། ་དབུས་སུ་བསྒྲུབ་བྱའི་མིང་ཞི་བ་དང་རྒྱས་པ་ལ་སོགས་པ་དང་སྦྲེལ་བའི་མིང་ལ་ལས་བཅུ་གཉིས་བྱེད་པར་འགྱུར་རོ།། པདྨ་འདབ་མོ་བརྒྱད་པེ་རེ་མིག་བརྒྱ་དུ་བྱས་ཤིང་རྡོ་རྗེ་རོལ་པ་ཏའི་འགྲོས་སམ་གཤིན་རྗེ་དབྱུག ་པ་འཆུ་ཥའ་མ་ཡི་དགས་སྲིན་པོའི་གདོང་ངམ་མོ་རིགས་ལྡན་མའི་འཁོར་ལོ་དགོད་པར་བྱའོ་ཞེས་མཁའ་འགྲོ་ལས་གསུངས་སོ།། དེ་ལྟར་ལས་ལྔ་བཅུ་བཤད་ནས་ཕན་ཡོན་སྟོན་པའི་དཔལ་ལྡན་ཁྲག་ཟུང་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། རྐང་པ་བརྒྱད་པའི་སྔགས་མི་ཤེས་པར་དངོས་གྲུའི་འདོད་པ་རྨོངས་པ་འབྲས་འདོད་པ་ཕུབ་མ་བརྡུང་བ་དང་མཚུངས་སོ།། གསེང་སྔགས་འདི་མེད་པར་འཇིག་རྟེན་དང་ཐུན་མོང་གི་དངོས་གྲུབ་གསུམ་མིའི ་རྣལ་འབྱོར་པས་ཐོབ་པར་མི་འགྱུར་རོ།། གསང་སྔགས་འདི་མི་ཤེས་ན་ཞི་གནས་དང་ལྷག་མཐོང་གི་རྣལ་འབྱོར་ཡང་རལ་བ་དོན་མེད་ཅིང་། ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡང་ཐོབ་པར་མི་འགྱུར་རོ།། ཅིའི་ཕྱིར་མི ་འགྱུར་མོ་ཉམ་ན་སྤྲུལ་པའི་སྐུའི་རྐང་པ་བརྒྱད་པ་ཡོན་གཞན་གྱི་དོན་ཡོངས་སུ་ཡོགས་པ་ཡིན་ནོ་ཞེས་དགོངས་སོ།། གསང་སྔགས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་བདེ་བར་གཤེགས་པས་རྒྱུད་སྡེ་བཞིར་གསུངས་པའི་གསང ་སྔགས་ཀྱི་དངོས་གྲུབ་རྐང་པ་བརྒྱད་པའི་སྔགས་དང་ཕྱག་རྒྱའི་དངོས་གྲུབ་དེ་ལྟ་བུའི་འབྲས་བུ་མ་གྲུབ་ན་ཇི་ལྟར་བྱ་ཞེ་ན། བཟླའི་བཏུང་ལ་སོགས་པ་ཞེས་སྨོས་ཏེ་ཚོགས་ཀྱི་འཁོར་ལོས་བསྒྱུར་བའི་ཆོ་ག་བྱས་ནས་བསྒྲུབ་ན ་ཟས་ཀྱི་མཆོག་བཅུད་ཀྱི་ལེན་དང་བཅུད་ལ་སོགས་པོ་དངོས་གྲུབ་ཐམས་ཅད་སྟེ་བར་འགྱུར་ཏེ།། ལེའུ་དགུ་པའི་རྣམ་པར་བཤད་པའོ།། ། རྩ་བའི་སྔགས་ཀྱི་དངོས་གྲུབ་དང་ལས་བཤད་ནས་སྙིང་པོའི་དངོས་གྲུབ ་དང་ལས་བཤད་པ་ནི་དེ་ནས་ཧེ་རུ་ཀ་གཉིས་མེད་ཅེས་བྱ་བ་སྨོས་ཏེ། ཧེ་རུ་ཀ་ནི་རྣམ་པ་གསུམ་སྟེ། སེམས་ཀྱི་འཁོར་ལོ་དང་། ལུས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོའོ།། དེ་དང་གཉིས་སུ་མེད་པའི་སྦྱོར་བ་གང་གི་ཤེས་པ་ཙམ ་གྱིས་སྐུ་གསུམ་གྱི་འབྲས་བུའི་དངོས་དང་། འཇིག་རྟེན་གྱི་དངོས་གྲུབ་ཐེ་ཚོམ་མེད་པས་ན་རཾ་ཤིག་དང་པོར་སྐུ་གསུམ་བཤད་པར་བྱའོ།། དེ་ལྟར་མདོར་བསྟེན་ནས་རྒྱས་པར་བཤད་པ་ནི་ཆོས་ཀྱི་སྐུ་ཡི་སྐུ་ཅན་དུ་ཞེས་བྱ་བ་གསུངས་ཏེ། ་གང་གི་སེམས་ཀྱིས་འཁོར་ལོ་བདེ་མཆོག་བསྒོམས་པའི་སྒྲུབ་པ་པོ་དངོས་གྲུབ་བརྒྱད་ཐོབ་པར་འགྱུར་པ་ནི། ཡེ་ཤེས་ཀྱི་སྐུ་གྲུབ་པ་ཡིན་ནོ།། གང་གི་ཚེ་ལོངས་སྤྱོད་རྫོགས་པའི་སྐུ་ལུས་ཀྱི་དཀྱིལའིཁོར་སྒྲིབ་པ་པོས་བསྒོམས་ན་གྲུབ ་པར་འགྱུར་པ་དེའི་ཚེ་རྒྱུའི་ཧེ་རུ་ཀ་ལོངས་སྤྱོད་རྫོགས་པའི་སྒོ་ཐོབ་པོ།། གང་གི་ཚེ་སྤྲུལ་པའི་འཁོར་ལོ་བདེ་མཆོག་སྤྲུལ་པའི་སྐུའི་རང་བཞིན་དུ་སྒྲུབ་པ་པོས་བསྒོམས་ནས་སྤྲུལ་པའི་སྐུ་ཐོབ་པར་འགྱུར་བ་ཡིན་ནོ།། ཡང་ན་རྫོགས་པའི་རིམ ་པའི་དབང་དུ་བྱས་ནས་དབང་བཞི་པ་ཐོབ་ནས་རིམ་གྱིས་སྟོང་པ་ཉིད་རྟོགས་པས་ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་རྟོགས་ཏེ་བདེ་བ་ཆེན་པོའི་རྒྱས་བཏབ་ནས་བསམ་གྱིས་མི་ཁྱབ་པར་བསྒོམས་པ་དེའི་ཚེ་ཆོས་ཀྱི་སྐུ་ཐོབ་པར ་འགྱུར་རོ།། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་ནས་ལས་ཀྱི་ཕྱག་རྒྱ་ལ་བདེ་སྟོང་རེག་བྱའི་སྟོང་པ་རྟོགས་ནས་གཟུང་བ་རང་བཞིན་མེད་པར་ཤེས་པར་འོད་གསལ་བའི་སྟོང་པ་ཉིད་བསྒོམས་ན་དེའི་ཚེ་ལོངས་སྤྱོད་རྫོགས་པའི ་སྐུར་འགྱུར་རོ།། གསང་བའི་དབང་ཐོབ་ནཱ་རོ་རྡོ་རྗེ་མ་ལ་སྒྱུ་མ་ལ་སྒྱུ་མ་ལྟ་བུར་རྟོགས་པས་ཆོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་སྒྱུ་མ་ལྟ་བུའི་རང་བཞིན་བདག་བྱིན་གྱིས་རློབ་པའི་ལམ་བསྒོམས་ནས་སྤྲུལ་པའི་སྐུའི་རང ་བཞིན་ཐོབ་པར་འགྱུར་རོ་ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱི་བཤད་དོ།། ཡང་ན་རྩིའི་འཁོར་ལོ་བསྒོམས་པས་སྤྲུལ་པའི་སྐུ་དང་། རླུང་གི་འཁོར་བསྒོམས་པས་ལོངས་སྤྱོད་རྫོགས་པའི་སྐུ་དང་། སེམས་ཀྱི་འཁོར་ལོ་བསྒོམས་པས་ཆོས་ཀྱི ་སྐུ་ཐོབ་པོ་ཞེས་ཁ་སྦྱོར་ལས་གསུངས་སོ།། བདག་ཉིད་ཧེ་རུ་ཀར་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས་བྱ་བ་ནི་རྩཝ་གསུམ་གྱི་ཧེ་རུ་ཀར་གྱུར་པ་ལ་ཐེ་ཚོམ་མེད་པའོ།། སྙིང་པོའི་དབུས་སུ་ཇི་ལྟར་འགྱུར་ཞེ་ན། བསྐྱེད་རྫོགས་གཉིས ་བསྒོམ་པ་ལ་སྙིང་པོའི་སྔགས་བཟླས་པས་སྐུ་གསུམ་གྲུབ་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། དེ་ལྟར་མཆོག་གི་དངོས་གྲུབ་བཤད་ནས་འཇིག་རྟེན་གྱི་དངོས་གྲུབ་གསུངས་པ་ནི། གསང་སྔགས་ཀྱི་སྙིང་པོ་འོད་འབྲས་བུ ་བཤད་ནས་སྒྲུབ་པོ་ཉོན་ཞེས་བྱ་བ་ནི་དངོས་གྲུབ་དང་ལས་ཀྱི་ཚོགས་ཉོན་ཅིག་པོའོ།། སྙིང་པོ་བཟླས་པས་དཔག་ཚད་བྱེ་བར་འཕགས་པར་འགྱུར་ཞིང་འགྲོ་བ་དང་འོང་བར་འགྱུར་རོ་ཞེས་བྱ་བ་འདིའི་དོན་ནོ།། རྡོ་རྗེ་མཁའ་འགྲོ་ལས ་ཡུངས་ཀར་ལོ་བགེགས་བསྐྲད་པའི་རོའི་ཁྲག་དང་ཞག་གིས་བསྐུར་བ་ལ་ཉི་ཤུ་བཞིའི་ཞག་སྐར་མ་རྒྱལ་དང་བཟའ་ཉི་མ་འཛོམ་པའི་དུས་སུ་དུར་ཁྲོད་ཀྱི་ས་ལ་ཁྲག་དང་ཞག་གིས་སྤྲས་ཏེ་མིའི་ཐོད་པར་ཡུངས་ཀར་བསྐྱེད་ལ་སྨིན ་པའི་ཚེ་ས་ལ་མ་ལྷུང་བར་དམངས་རིགས་ཀྱི་བུ་མོའི་ལག་པར་བཞག་ནས་དེའི་མར་ཁུ་བཙིར་ལ་མིའི་ཐོད་པར་སྤྲས་ལ་བསྲུང་བར་བྱའོ།། དེ་ནས་འགགས་པའི་རོ་བཙལ་ལ་དཀྱིལ་འཁོར་སྟེང་དུ་རོ་བཞག་ནས་དེའི་སྙིང་གར་དུར་ཁྲོད་བརྒྱད ་ཀྱི་མཁའ་འགྲོ་བཙུག་ནས་ཤ་དང་ཁྲག་དང་ལྡན་པའི་གཏོར་མ་བྱིན་ལ་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ཏེ་དུར་ཁྲོད་བརྒྱད་ཀྱི་བགེགས་ཅན་དྲང་བར་བྱའོ།། དེའི་ཚེ་རོའི་ལུས་ལས་སྣ་ཚོགས་ཀྱི་བགེ་གེས་འབྱུང་བ་དང་། ཧེ་རུ་ཀ་ཕྱག་འབུམ་པ ་བསྒོམས་ལ་བདུད་རྩི་ལྔ་ཆང་དང་ལྡན་པ་དེའི་ལྕེ་ལ་བཞག་ནས། རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། དམ་ཚིག་འདི་ལས་འདས་ན་ནི།། རིགས་རྣམས་མྱུར་དུ་ཐབ་པར་རློག། ཨོཾ་ཧ་ན་ཧ་ན་ས་མ~ཾ་ཡ་ཧཱུ~ཾ་ཕཊ ་ཅེས་བྱ་བ་དང་བཅས་པས་རོའི་ཁར་བླུགས་ལ་སྔར་བཤད་པའི་མར་ཁྲུས་རང་གི་ལུས་པོ་ལ་བྱུགས་རོའི་སྟེང་དུ་ཞོན་ནས་མཁའ་སྤྱོད་ཀྱི་གནས་སུ་ཁྱེར་ཅིག་ཅེས་བྱས་ན་འགྲོ་བ་དང་འོང་བ་ཐམས་ཅད་ཀྱི་མཀའ་བཞིན་བྱེད་པར་འགྱུར་རོ།། ། ་གཟུགས་བརྒྱ་སྟོང་དུ་མར་བྱེད་དོ།། ཞེས་བྱ་བ་ནི་ཡུངས་ཀར་གྱི་ས་བོན་ལ་བྱ་ཏང་ཀའི་ཁུ་བོ་དང་ཁྲག་གིས་བྱུགས་ལ་ཉ་ཕྱིས་ཀྱི་སྣོད་དུ་དུར་ཁྲོད་སྲས་བཀང་ལ། བསྲུང་བ་བྱས་ཏེ་བཙུགས་ནས་ཡོངསུ་སྨིན་པའི་དུས་སུ་འབྲས་བུ་མི ་གཞོན་ནུ་མིའི་ལག་པར་སཽ་ལ་མ་ལྷུང་བར་བཞག་ལ་སྙིང་པོའི་སྔགས་བཟློས་ཤིང་ཁར་བཅུག་ན་བྱའི་གཟུགས་འཛིན་པར་འགྱུར་རོ།། དེ་བཞིན་དུ་ཁྭ་དང་ཅེ་སྤྱང་དང་རྨོ་བྱ་དང་ངང་པ་དང་ཁྱིམ་བྱ་དང་རྟ་དང་བ་ལང་དང་བོང་བུ་དང ་ཁྱི་དང་ཕག་དང་། ལུག་ལ་སོགས་པའི་ཐོད་པར་ས་བོན་བསྐྱེད་ནས་བསྲུང་བ་བྱས་ཏེ་ས་ལ་མ་ལྷུང་བར་དམངས་རིགས་ཀྱི་བུ་མོའི་ལག་པར་བཞག་ནས་སྙིང་པོ་བཟླས་ཤིང་བདག་ཉིད་ཀྱི་ཁར་བཅུག་ན་དེ་དང་དེའི་གཟུགས ་སུ་འགྱུར་རོ།། ཁ་ནས་གཏོན་ན་སྔ་མ་བཞིན་དུ་འགྱུར་རོ།། ཁང་བཟང་དང་ཤིང་དང་ཁྱིམ་རྣམས་ལོ་འཛེགས་ཏེ་ཞེས་པ་ནི་ཟླ་བ་ཡར་གྱི་ངོའི་ཚེས་དགུ་ལ་སྐར་མ་རྒྱལ་དང་བཟའ་ཉི་མ་འཛོམ་པའི་ཞག་བྱོལ་བའམ། མ་དུ་ལུང་ག་གང་ཡང ་རུང་བའི་ས་བོན་བླངས་ལ་མིའི་ཐོད་པར་དུར་ཁྲོད་ཀྱིས་བཀང་ལ་བསྐྱེད་དེ། རྐང་དང་ཐལ་བས་བྱུགས་ཏེ་བསྐྱེད་ལ་སྣོད་བཅུད་ཅན་གྱིས་རྐང་པ་བརྒྱད་པ་བཟླས་པའི་ཆུས་བཅུ་ཞིང་གཤིན་རྗེ་གཤེད་དང་། བགེགས་མཐར་བྱེད་ཀྱི་གཏོར་མ ་བྱིན་སྤྱན་གྱི་སྔགས་ཀྱིས་གཙུགས་ལ། མཱ་མ་ཀཱིའི་སྔགས་ཀྱིས་ཆུ་བླུགས། སྒྲོལ་མས་པུ་ར་མ་གསལ་ལ། གོས་དཀར་མོའི་སྔགས་ཀྱིས་བསྲུངས་པའི་འབྲས་བུ་དེ་སྦྱིན་པའི་ཚེ་ས་བོན་བླངས་ལ་ལྕགས་གསུམ་གྱིས་དཀྲིས་ཏེ་རི ་བྱས་ནས་ཁར་བཅུག་ན་རྣལ་འབྱོར་མ་དང་ལྷན་ཅིག་དཔག་ཚད་བྱེ་བར་འགྲོ་བ་དང་། ནམ་མཁའ་ལ་འགྲོ་ཞིང་འོང་བ་དང་། ཁ་ནས་བཏོན་ནས་སྣང་བར་འགྱུར་ཞིང་མ་གཏོན་ན་མི་སྣང་བར་འགྱུར་རོ།། བྱིས་པ་དང་རྒན་པོ་དང་དྲར་ལ ་བབ་པའི་ཐོད་པར་བསྐྱེད་ན་དེའི་གཟུགས་འཛིན་པར་འགྱུར་རོ་ཞེས་གསུངས་སོ།། འདོད་ན་བྱིས་པ་དང་རྒན་དང་དར་ལ་བབ་པ་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་སྟོན་པ་ཡིན་ཏེ། ས་སྤྱོད་གསུང་གི་དངོས་གྲུབ་སྒྲུབ་པའི་ཚེ ་གསུང་གི་འཁོར་ལོའི་ལྷ་དགུ་བྱིས་པ་འམ་རྒན་པོ་འམ་དར་ལ་བབ་པའི་གཟུགས་སུ་བསྒོམ་ཏེ་ཚོགས་ཀྱི་འཁོར་ལོར་བྱས་ན་དེའི་གཟུགས་འཛིན་པར་འགྱུར་རོ།། འདོད་ན་གླང་པོ་ཆེ་དང་ཞེས་བྱ་བས་འོག་ཏུ་མཁའ་སྤྱོད་སྐུའི་འཁོར ་ལོ་སྒྲུབ་པར་འདོད་པ་དོཥྚི་སྐུའི་འཁོར་ལོའི་ལྷ་དགུ་གླང་པོ་ཆེ་ལ་སོགས་པའི་གཟུགས་སུ་བསྒོམས་ཏེ་ཚོགས་ཀྱི་འཁོར་ལོའི་ངོའི་གཟུགས་འཛིན་པར་འགྱུར་རོ།། འདོད་ན་རྨ་བྱ་དང་ཞེས་བྱ་བས་མཁའ་སྤྱོད་ཐུགས་ཀྱི་དངོས་གྲུབ ་སྒྲུབ་པའི་ཚེ་རྨ་བྱ་དང་ཁྱིམ་བྱ་དང་། ལ་སོགས་པ་གཟུགས་སུ་བསྒོམས་ན་དེའི་གཟུགས་འཛིན་པར་འགྱུར་རོ།། གང་འདོད་པའི་གཟུགས་སུ་བྱེད་དོ་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལ་སོགས་པའི་གཟུགས ་སུཾ་བསྒོམ་ན་ངའི་གཟུགས་སུ་འགྱུར་རོ།། ཚིག་འཕྲོག་པ་དང་ཞེས་བྱ་བ་ནི་མི་རུས་ལས་བྱས་པའི་སོར་བརྒྱད་པའི་ཕུར་བུ་ལ་ཨོཾ་བཛྲ་ཀཱི་ལི་ཀཱ་ལི་ཡ་སརྦ་བནྡྷ་བནྡྷ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་འབུམ་བཟླས་ཏེ་ཙན་དན་དམར ་པོའི་རྒྱུ་ལ་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་གྱི་སྙིང་གར་དུར་ཁྲོད་ཀྱྀ་རསཱ་ལ་རྒྱུ་སྐྱེགྲོས་ཀྱི་ཁུ་བས་འཁྲུལ་འཁོར་བྲི་བར་བྱ་སྟེ། འཁྲུལ་འཁོར་ནི་སྒོ་འཁྱུད་དང་ལྡན་པའི་དབུས་སུ་འདྲ་བ་མ་བརྒྱད་དང་བཅུ་དྲུག་རིམ་པ ་ཀཉིས་སུ་བཀོད་ལ་ལྟོ་བར་བསྒྲུབ་བྱའི་མིང་དང་སྤེལ་བའི་ཡ་བ་ཡུམ་གྱི་སྙིང་པོ་ཧ~ཾ་ཧྲྀ་དགོད་པར་བྱའོ།། ནང་མའི་འདབ་མ་བརྒྱ་ལ་ཨོཾ་ཧེ་ཧེ་རུ་བཞི་དང་བུམ་པ་བཞི་དགོད་པར་བྱའོ།། ཕྱི་རོལ་གྱི་བཅུ་དྲུག་ལ་རུ་ཀཾ་བཛྲ་ཌཱ ་ནཱི་ཛཱ་ལ་སཾ་བ་ར་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་བྱ་བ་བཀོད་ལ། བསྒྲུབ་བྱའི་སྙིང་གར་བཅུག་ནས་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིང་ལ་དགུག་པ་ལ་སོགས་པ་བྱས་ན་སྔར་བཤད་པའི་བུར་བུ་ལྐོག་མར་བཏབ་ན་ཚིག ་འཕྲོག་པཱ་དང་། མག་ཏུ་བཏབ་ན་མཐོང་བ་འཕྲོག་པ་དང་། རྣ་བར་བཏབ་ནཱ་ཐོས་པོ་འཕྲོག་པ་དང་། སྣ་ལ་བཏོ་བ་ན་དྲི་འཕྲོག་དང་། ལྕེ་ལཾ་བཏབ་ན་རོ་འཕྲོག་པར་བྱའོ།། གང་འདོད་པ་དེར་ཁྲག་འདྲེན་པ་ཞེས་བྱ་བ་ན་ཙིན་དན ་དམར་པོའི་རྒྱུ་ལ་བྱས་པའི་ལྟེ་བར་འཁྲུལ་འཁོར་བཅུག་ལ་བུད་མེད་ཡིན་ན་བྷ་ག་ནས་སྐུད་པ་འདོད་པའོ།། སྐྱེས་པ་ཡིན་ན་སྣ་བུག་ནས་སྐུད་པ་གཏོན་ནས་སྐུད་པ་འཐོན་ཞིང་ཐབས་དང་ཤེས་རབ་གཉིས་སུ་མེད་པར ་བསྒོམས་ཏེ་སྙིང་པོའི་སྔགས་ཀྱིས་བཟླས་པ་བྱའོ།། དེ་ནས་ཚ་བ་གསུམ་དང་སྒྲ་ཚུལ་གྱིས་བྱུགས་ལ་སེང་ལྡེང་གི་མེ་མདག་ལ་བདུག་ལ་བདུགས་ན་ངེས་པར་ཁྲིག་འདྲེན་པར་འགྱུར་རོ།། གནོད་པར་བྱེད་ཅེས་བྱ་བ་ནི་སྔ་མ ་བཞིན་དུ་སྙིང་པོའི་འཁྲུལ་འཁོར་བྲིས་ལ་བསྒྲུབ་བྱའི་རྐང་རྗེས་དང་ཙན་དནི་དམར་པོའི་རྒྱུ་ལ་དུར་ཁྲོད་ཀྱི་ཟས་ཀྱི་ལྷག་མ་དང་གཅིག་ཏུ་བྱིས་པའི་ལིང་གིའི་སྙིང་གར་འཁྲུལ་འཁོར་བཅུག་ལ་སྦྱིན་སྲེག་བྱས་ན་ཡང་ཁྲག་འདྲེམ ་པར་བྱེད་དོ།། གནོན་པར་ཡང་བྱེད་དོ།། ལེའུ་བཅུ་པོའི་རྣམ་པར་བཤད་པའོ།། ། དེ་ལྟར་སྙིང་པོ་དང་སྔགས་ཀྱི་ངོངོས་གྲུབ་དང་ལས་བཤད་ནས། དོ་ནི་དངོས་གྲུབ་ཀྱི་ཡན་ལག་གི་རྫས་པོ་ཤད་པར་བྱ་སྟེ། དེ་རྣ ་གཞན་ཡང་སྒྲུབ་པ་པོ།། གང་ཞིག་བསྟེན་པ་ཙམ་གྱིས་ནི། ཞེས་བྱ་བ་ནི་དངོས་གྲུབ་གྲུབ་པའི་ཁ་ཟས་བཤད་པ་ཡིན་ཏེ། གང་ཞིག་བསྟེན་པ་ཙམ་གྱིས་དངོས་གྲུབ་ལ་འཇུག་ཅིང་དངོས་གྲུབ་ཐོབ་པ་ནི་སྐྱེ་བ་བདུན་པའི་འགྲོ་བ ་ཤ་ལ་སོགས་པ་ཡིན་པས་དེའི་ཐབས་བཤད་པར་བྱའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་སྐྱེས་བུ་གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྡུལ་དྲི་ཞིམ་པོ་ནི་སྐྱེ་བ་དང་པོའི་རྟོགས་སོ།། བདེན་བར་སྨྲ་བ ་གཉིས་པའི་རྟགས་སོ།། མིག་མི་འཛུམ་པ་གསུམ་པའོ།། ཁྲོ་བ་མེད་པ་བཞི་པའོ།། ཁའི་དབུགས་དྲི་ཞིམོ་པ་ནི་ལྔ་པའོ།། ངེསོ་བརྗོད་ལས་གསུངས་པའི་གྲཱིབ་མ་བདུན་ནོ།། བ་དུན་པ་དང་པིའི་འགྲོས་ཅན་རྣམས་ཏེ་སྐྱེ་བ ་བདུན་པའི་རྟགས་དེ་རྣམས་ཤེས་ནས་དེ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་གྱིས་བསྟེན་པ་དང་། འཆི་བའི་དུས་ཀྱི་ཚེ་ཁྱེད་ཀྱིས་དངོས་གྲུབ་བདག་ལ་གསོལ་ཅིག་ཅེས་གསོལ་བ་གདེབ་པར་བྱའོ།། དེ་ལ་ཁ་ན་མ་ཐི་བ་མེད་པར ་ཉེ་བ་དང་། དེའི་སྙིང་ག་ན་འགི་བང་ཡོད་པ་བླངས་ལ་དཔལ་ཧེ་རུ་ཀའི་སྙིང་པོ་འམ་ཉེ་བའི་སྙིང་པོ་ལ་སོགས་པ་གང་ཡུ་རུང་བ་བརྒྱ་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་ནམ་མཁའ་ལྔའི་བོར་འགྱུར་ཞིང་དཔག་ཚད་བྱེ་བར ་འགྲོ་བར་འགྱུར་རོ།། སྙིང་གར་ཐིག་ལེ་བྱས་ན་གཞན་གྱི་སེམས་ཤེས་པ་དང་། མིག་ཏུ་ཐིག་ལེ་བྱས་ན་ལྷའི་མིག་ཐོབ་པ་དང་། རྣ་བར་ཐིག་ལེ་བྱས་ན་ལྷའི་རྣ་བ་འབྱུང་བ་དང་། རྐང་པར་ཐིག་ལེ་བྱས་ན་རྐང་མགྱོགས་ཀྱི ་དངོས་གྲུབ་འབྱུང་བ་ལ་སོགས་པ་ནི་རྒྱུད་བླ་མ་ལས་བལྟ་བར་བྱའོ།། དེ་ལྟར་སྟོན་པ་ཙམ་གྱིས་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་ཡེ་ཤེས་དང་ལྡན་པའི་སངས་རྒྱས་སུ་འགྱུར་རོ།། དཔག་ཚད་ཅེས་བྱ་བ་ནི ་སྐྱེ་བ་བདུན་པའི་ཤ་ཟློས་ན་དཔག་ཚིག་ལྔ་བཅུར་འགྲོ་བ་དང་འོང་བར་ནུས་པར་འགྱུར་རོ།། དེ་ནི་འཇིག་རྟེན་གྱི་དངོས་གྲུབ་བོ།། དེའི་སྙིང་ཟོས་ན་བསམ་གཏན་དང་གཟུགས་མེད་ལུས་ཐོབ་པར་འགྱུར་རོ།། ཐུན་མོང་དངོསོ་གྲུའོ།། ་དཔལ་ཧེ་རུ་ཀའི་སྙིང་པོ་དང་ཉེ་བཱི་སྙིང་པོ་ཀཱ་གྷི་ཀྵེ་པའི་ཕྱིར་འཆད་པར་འགྱུར་པ་ལས་བཅུ་གཉིས་པོ་གང་དང་གང་འདོད་པ་དེ་ཐམས་ཅད་ཐོབ་པར་འགྱུར་རོ།། སྤྱོད་པ་དང་བྱ་བ་དང་གཉི་ག་དང་རྡུལ་འབྱོར་གྱི་རྒྱུད་ལ་ནི་སྦྱང་བར ་གནས་པས་དངོས་གྲུབ་ཐོབ་པ་ཡིན་ལོ། འདིར་ནཽ་སྨན་བཅུད་ཀྱིས་ལེན་ནམ་བདུད་རྩི་ལྔ་འམ་སྐྱེ་བ་བདུན་པའི་ཤ་ཟོས་ནས་དངོས་གྲུབ་བསྒྲུབ་པར་བྱའོ།། ཅི་སྐྱེ་བ་བདུན་པའི་ཤ་འབའ་ཞིག་ཟོས་པས་ཐོབ་བིམ་ཞེ་ན། སྐྱེ་བ་བདུན ་པའི་ཤ་དང་ཐོད་པ་སྲུབས་མེད་དང་། ཡིད་བཞིན་ནོར་བུ་བསམ་འཕེལ་དང་། སྨན་བཅུད་ཀྱི་ལེན་དང་། ལས་ཀྱི་ཕྱག་རྒྱ་དུང་ཅན་མ་དང་། པདྨ་ཅན་དང་། རི་དྭགས་ཀྱིས་ཀྱང་བསམ་གཏན་གྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། ལེའུ་བཅུ ་གཅིག་པའི་རྣམ་པར་བཤད་པའོ།། །། དེ་ལྟར་དངོས་གྲུབ་ཀྱི་རྫས་བཤད་ན། ད་ནི་ཉེ་བའི་སྙིང་པོ་བཤད་པར་བྱ་སྟེ། དེ་ནས་ཉེ་བའི་སྙིང་པོ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཉེ་བའི་སྙིང་པོ་ནི་ཆོས་ཀྱི ་སྐུ་དང་ཉེ་བའི་སྙིང་པོའོ།། དངོས་གྲུབ་གསུམ་ངེས་པར་ཐོབ་པའོ།། འཇིག་རྟེན་གསུམ་ན་གང་ཟད་ཅེས་བྱ་བ་ནི་ཁམས་གསུམ་གྱི་ཡོན་ཏན་ཐམས་ཅད་དོ།། དེ་ཀུན་སྐད་ཅིག་གིས་བསྒྲུབ་བཤད་ཅེས་བྱ་བ་ནི་མནྟ་དང་ཏཱནྟྲ་དང་ཡནྟ་གསུམ་དང ་ལྡན་པས་དངོས་པོ་ཡིན་ནོ།། ཨོཾ་ཧཱུ~ཾཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་བཟླས་པ་དང་། འཁྲུལ་འཁོར་སྟོན་པ་ཡིན་ཏེ། བཟླས་པ་ཞལ་བཞི་ཕྱག་བཅུ་གཉིས་པ་བསྒོམས་ནས་བཟླས་པ་བྱའོ།། ཡི་གེ་བདུན་པ་རང་གི་ལྷ་བསྒོམས་ནས ་ཟློ་བའོ།། འཁྲུལ་འཁོར་ནི་དུར་ཁྲོད་ཀྱི་རིས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་པདྨ་འདབ་མ་དྲུག་པ་བྲིས་ལ་དབུས་སུ་ཧཱུཾ་ལྷག་མ་འདབ་མ་དྲུག་ལ་དཀོད་དེ་མཐའ་ནས་རྡོ་རྗེ་ཕྲེང་བས་བསྐོར། དུར་ཁྲོད་ཀྱི་སེན་རྩི་དང་འགྲི་ཝང་དང ་རང་གི་ཁུ་བ་དང་བཅས་པ་བྲི་བར་བྱའོ།། བྲིས་ནས་གསང་སྔགས་བཅུ་པཾ་བཟླས་པས་འཇིག་རྟེན་གསུམ་གྱིས་གཡོ་བར་བྱེད་པའི་རྟོགས་འབྱུང་བར་འགྱུར་རོ།། དེ་ལྟར་མཚན་མ་བྱུང་ནས་ལས་ལ་སྦྱར་བའི་ཚེ་ཅན་དན ་དམར་པོའི་རྡུལ་དང་སྐེ་ཚེ་དང་ཆུ་བོ་ཕར་འགྲམ་ཚུར་འགྲམ་གྱིས་བླངས་ལ་ལྷ་ལ་སོགས་པའི་གཟུགས་བརྙན་བྱས་ཏེ། དེའི་སྙིང་གྲོར་འཁྲུལ་འཁོར་བཅུག་ལ་སྔགས་བཟླས་ན་ལྷ་ནས་བརྩམས་ནས་མི་འམ་ཅིའི་བར་དུ་ཐམས་ཅད ་འགུགས་པར་བྱེད་དོ།། རྒྱ་མཚོ་ངང་ཆུ་བོ་དང་རྫི་ལ་སོགས་པ་སྐེམས་ཤིང་ཞེས་བྱ་བ་ནི་སྔར་བཤད་པ་བཞིན་དུ་ཀླུ་བརྒྱད་ཀྱི་དབུས་སུ་མཁའ་ལྡིང་གི་གདོང་ཅན་གྱི་ཧེ་རུ་ཀ་བསྒོམས་ནས་བ་སྤུའི་བུ་ག་ཐམས་ཅད་དུ་ཡི་གེ་བདུན ་པའི་འཁྲུལ་འཁོར་རྩིབས་དྲུག་ལ་བཀོད་ལ། བསྐལ་པའི་མེ་འབར་བ་ལྟ་བུའི་འོད་ཟེར་གྱི་ཕུང་པོ་དང་ལྡན་པ་བསྒོམས་ནས་རྒྱ་མཚོ་དང་ཆུ་བོར་ཞུགས་ནས་སྐེམས་པར་བསྒོམས་པར་བྱའོ།། གང་དུ་བཟླས་པའི ་གནས་དེར་ཞེས་བྱ་བ་ནི་གནས་གང་དུ་ཡི་གེ་བདུན་པའི་འཁྲུལ་འཁོར་བསྒོམ་པ་དེར་མཁའ་འགྲོ་མའི་གཟུགས་བྱས་ལ་མཁའ་འགྲོ་མ་དགུག་པ་ལ་སོགས་པ་བྱས་ནས་དེའི་མིག་དང་ལག་པ་གཡོན་པའི་སྲིན་ལག་བཙུགས་ནས ་འགུགས་པར་གང་འཕོ་བ་དང་། འགུལ་བར་འགྱུར་པ་དང་། བཀའ་བསྒོ་ན་བསྒྲུབ་པ་པོའི་མངག་གཞུག་བྱེད་པར་འགྱུར་རོ།། འདི་ཆུ་ལ་ཡོངས་སུ་བཟླས་ཏེ་ཞེས་བྱ་བ་ནི་བུམ་པའི་དབུས་སུ་ཡི་གེ་བདུན་པོའི་ཁྲུལ་འཁོར་བཀང་ལ ་སྔགས་བཟླས་ལ་མཆོད་པ་བྱས་ནས་ཆུར་ཞུ་བར་འགྱུར་པ་ལས་རང་གི་མིག་བ་ཀྲུས་ན་སྐྱེ་བ་བདུན་ཤེས་པར་འགྱུརརོ།། ཚེ་ཟས་ཅིང་ཞེས་པ་ནི་དུས་ཇི་ཙམ་ན་འཚོ་བ་དང་། སྲོག་དང་བཅས་པ་འཚོ་བར་འགྱུར་རོ།། ལག་པ་གཡོན ་པའི་སྲིན་ལག་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ནས་ཨཉྫ་ནའི་ཕྱེ་མ་དང་། དུར་ཁྲོད་ཀྱི་རས་ཀྱི་སྡོང་བུ་ཟད་པའི་བདུད་རྩི་ལྔ་དང་བསྲེས་པའི་མིག་ལ་མངོན་པར་བསྡིགས་ཏེ་གཱ་ལ་བལྟས་པ་དེ་མཐོང་བར་འགྱུར་རོ།། མིའི ་ཞེས་བྱ་བ་ནི་མིའི་རོའི་བརྐང་མཐིལ་གྱིས་པགས་པ་དང་། མིའི་ཁྲག་དང་མཉམ་དུ་བཏགས་ལ་འུག་པའི་སྒོ་རྐང་གི་ནང་དུ་ལིག་པུ་མིག་དང་ལྡོང་རོས་དང་འགི་ཝང་དང་གུར་གུམ་དང་རང་གི་ཁྲག་དང་བསྲེས་ཏེ་རི་ལུ་བྱས་ལ་གསེར་དང ་དངུལ་དང་ཟངས་མ་གསུམ་གྱིས་དཀྲིས་ཏེ། ཡང་ལྷག་པར་གནས་པར་བྱས་ལ་ཞེས་བྱ་བ་ནི་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་ཡི་གེ་བདུན་པ་སྟོང་རྩ་བརྒྱད་བཟླས་བསྐར་མ་རྒྱལ་དང་གཟའ་ཕུར་བུའི་དུས་སུ་དུར་ཁྲོད་ཀྱི ་གནས་སུ་དཔལ་ཧེ་རུ་ཀའི་གཟུགས་བརྙན་བྲིས་ལ། དེའི་གནས་སུ་གུ་གུལ་གྱི་དུད་པས་གདུག་མཆོད་པ་འཕུལ་ནས་རང་དཔལ་ཧེ་རུ་ཀཱ་བསྒོམས་པའི་གནས་སུ་བཅུག་ལ་ལག་པ་གཡོན་པས་ཁ་བཀབ་ལ་རྗེས་ཐོགས་ལ་ཡང་ཡི་གེ་བདུན ་པ་བརྒྱ་རྩ་བརྒྱད་བཟླས་ནས་སྤྱོད་པ་རྣམས་མི་སྣང་བར་འགྱུར་ཞིང་། སཾ་སྤྱོད་པ་རྣམས་ལ་གྲིབ་མ་ཡང་མི་སྣང་བར་འགྱུར་ཞིང་། མཁའ་འགྲོ་ལྷ་རྣམས་ཀྱིས་ཀྱང་མཐོང་བར་མི་འགྱུར་རོ།། ཁ་ནས་གཏན་ན་སྣང་བར་འགྱུར་རོ།། རི ་འདི་ནི་རྒྱུད་འདིར་ཡུམ་ཕག་མོ་མོ་ཞུ་བར་དཔའ་བོ་ཉིད་ཀྱི་ཐུགས་རྗེ་དབང་གིས་གསུངས་པ་ཡིན་ནོ།། འགྲོ་བའི་ཐོད་པ་ཤ་མེད་པར་བྱས་ཏེ་མིག་གཉིས་ལ་དྲག་པོའི་གཟུགས་བརྙན་བྲིས་ཏེ་དེའི་སྙིང་གར་ཡི་གེ་བདུན་པོའི་འཁྲུལ ་འཁོར་བཀོད་ལ་སྙིང་པོ་དང་ཉེ་བའི་སྙིང་པོ་བཟླས་ཏེ་རང་གི་སྲིན་ལག་དང་མཉེས་ན་དེའི་ཁྲག་འདྲེན་པར་འགྱུར་རོ།། འགི་བཱ་ལ་བཟླས་ཏེ་ཞེས་བྱ་བ་ནི་འགི་ཝང་ལ་ཡི་གེ་བདུན་པ་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ཏེ་མིག ་གཉིས་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་གང་ལ་བལྟ་བ་དེ་རྒྱས་བཏབ་སྟེ་འགུགས་པར་འགྱུར་རོ།། མཛུབ་མོ་ལ་ཞེས་བྱ་བ་ནི་ལག་པ་གཡོན་པར་ཉི་མའི་དཀྱིལ་འཁོར་དཀོད་ལ། དེའི་དབུས་སུ་ཡི་གེ་བདུན ་པའི་འཁྲུལ་འཁོར་བསམས་ཏེ། ལག་པའི་སོར་མོ་རྣམ་འོད་ཟེར་དུ་བྱས་ལ་གང་ལ་སྡིགས་མཛུབ་བྱས་ན་དེའི་མོད་ལ་ལྟུང་བར་འགྱུར་རོ།། སྔགས་བཟླས་ན་ཞེས་བྱ་བ་ནི་ཉི་མ་ཕྱེད་ན་སེམས་ཁྲོ་བ་དང་བཅས་པས་དུར ་ཁྲོད་ཀྱིས་རས་སམ་ཤིང་ཨརྐའི་འདབ་མ་ལ་མི་རུས་ཀྱི་སྨྱུ་གུས་དུག་དང་ཁྲག་དང་དུར་ཁྲོད་ཀྱི་སོལ་བ་ལ་སོགས་པས་འཁྲུལ་འཁོར་བྲིས་ལ། དུར་ཁྲོད་ཀྱི་ཐལ་བ་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་སྐེ་ཚེ་བྱུགས་ལ་ཡང་དང ་ཡང་དུ་གསོ་བ་བྱས་ནས་ལུས་ཚ་བས་བཏབ་ཏེ་ས་ལ་བཻ་རྒྱལ་བར་འགྱུར་རོ།། དེ་དུར་ཁྲོད་ཀྱི་ཐབ་ཀྱི་འོག་ཏུ་སྦས་ནས་མི་རུས་ཀྱི་ཕུར་བུར་སྙིང་གར་བཏབ་ནས་སྙིང་གར་ཆུ་ཚན་བླུགས་ཤིང་ཡུངས་ཀར་དང་སྐེ་ཚེ་ལ་སྔགས་བཟླས་ཤིང ་བསྣུན་ན་དེའི་མོད་ལ་འཆི་བར་འགྱུར་རོ།། ཚུལ་བཟླས་ཏེ་བཏབ་ན་སླར་འཚོ་བར་འགྱུར་རོ།། སྔགས་བཟླས་ནས་ཞེས་བྱ་བ་ནི་དུར་ཁྲོད་ཀྱི་རས་ལ་ཡུང་བ་དང་ལྡོང་རོས་ཀྱི་འཁྲུལ་འཁོར་བྲིས་ལ་ཙན་དན་དམར་པོའི་རྡུལ་དང་སྐེ་ཚེ་དང ་ལ་ནི་ཚྭ་དང་བསྒྲུབ་བྱའི་རྐང་རྗེས་ཀྱི་ས་དང་ལྕགས་ཕྱེ་དང་བསྲེས་ནས་དགྲ་བོའི་གཟུགས་བརྙན་བྱས་ལ་ལམ་གྱི་མཞི་མདོརོ་སྦས་ན་དགྲ་བོ་སྟོང་ཡང་གནོན་པར་འགྱུར་རོ།། ཚིག་གིས་འགྲོལ་བར་འགྱུར་རོ།། ཞེས་བྱ་བ་ནི་བཏོན་ལ་འོ་མས ་བཀྲུས་ན་དགྲོལ་པོར་འགྱུར་རོ།། སྨེ་ཤ་ཅན་གྱི་ཐལ་བ་ལ། ཞེས་པ་ནི་སྨེ་ཤ་ཅན་གྱི་རོ་བསྲེགས་པའི་ཐལ་བ་ལས་བསྒྲུབ་པར་བྱ་བའི་གཟུགས་བརྙན་བྱས་ལ། གང་གི་མིང་དང་བཅས་པའི་འཁྲུལ་འཁོར་སྙིང་གར་བཅུག་ནས ་སེམས་ཅན་དེ་བ་ལྔ་ཁྱི་ལ་སོགས་པར་བསྒྱུར་ཅིག་ཅེས་བྱ་བ་ནས་ཐལ་བ་ལ་བླུགས་ན་དེ་དང་དེའི་གཟུགས་འཛིན་པར་འགྱུར་རོ།། སྦྱིན་སྲེག་གིས་མེ་ཐལ་བ་ལ་ཞེས་པ་ནི་ཤིང་ཨརྐ་བསྲེགས་པའི་ཐལ་བ་ལ་བྱས་པའི་གཟུགས ་བརྙན་གྱི་སྙིང་གར་འཁྲུལ་འཁོར་བཅུག་ནས་བཟླས་བརྗོད་བྱས་ན་ལྷ་ཉིད་ཀྱིས་ཀྱང་མི་མཐོང་ངོ་།། རྒྱུ་ལ་ལྡན་བདུན་བཟླས་ཏེ་གཏོར་ན་སྦྱང་བར་འགྱུར་རོ།། ཐེག་པའི་ཕྱག་རྒྱ་ཁ་སྦྱར་ཞེས་བྱ་བ་ཁྱི་སྤྱོང་པའི་ཐོད་པ་ཁ་སྦྱར་བའི་ནང ་དུ་སྨྲེ་བྱེད་ལྔ་དང་ལྡན་པའི་ཁྱ་བས་འཁྲུལ་འཁོར་བྲིས་ལ་ཚོན་སྣ་ལྔའི་སྤྱད་པས་བཅིངས་ལ་དུར་ཁྲོད་ཀྱི་སར་སྤྲས་ནཱ་སྐྱོང་བར་འགྱུར་རོ།། སྐྱེ་བ་སྟེང་ལ་བྱས་ཀྱང་སྦྱོང་བར་འགྱུར་རོ།། ཁང་སྟོང་དུ་གུནས་ཏེ་མིའི་ཐོད་པོར་བསྐྱེ ་པའི་ཡུངས་ཀར་ཁ་རརེ་བཅུག་ཅིང་གཙུག་ཕུང་ལ་བཅིངས་ཏེ་མདུད་ནས་སྔགས་བཟླས་ན་མཁའ་འགྲོ་མ་ཐམས་ཅད་བཅིངས་པར་འགྱུར་རོ།། ཁོང་སྟོང་དུ་སོང་སྟེ་ཐོད་པར་བསྐྱེད་པའི་ཡུངས་ཀར་སྠི་བཻར་བཅིངས་ལ་མིག་ཏུ་བགྲོད ་དེ་ཡི་གེ་བདུན་པ་བཟླས་པ་དེའི་སླང་བུ་མོ་སྣང་བར་འགྱུར་རོ།། ཐོད་པ་དང་བཅས་པ་ལ་ཞེས་བྱ་བ་ནི་ཐོད་པའི་འབྲས་བུ་འཁྲུལ་འཁོར་བྲིས་ལ་སྔར་བཤད་པའི་ཡུངས་ཀར་སྟངས་དང་འོག་དང་ཕྱོགས་བཅུར་གཏོར་ན་ལྷ་དང་དྷི ་མཁའ་སྤྱོད་དང་གནོད་སྦྱིན་དང་སྲིན་ས་སྤྱོད་དང་ཀླུ་དང་ལྷ་མ་ཡིན་ས་འོག་ཏུ་སྤྱོད་པ་རྣམས་བཅིང་བར་འགྱུར་རོ།། ཐོད་པ་དང་བཅས་པ་ལ་ཞེས་བྱ་བ་ནི་ཐོང་བའི་ནང་དུ་འཁྲུལ་འཁོར་བྲིས་ལ་ཆུ་བོའི་སྣང་འུག་པར་གཙུག་ན་ཟློག ་པར་འགྱུར་ཞིང་གཏོན་ན་འབབ་པར་འགྱུར་རོ།། རྦ་རླབས་གནོན་ཞེས་བྱ་བ་ནི་རྒྱ་མཚོར་གྲུ་ལ་འགྲོ་བ་དེའི་ཚེ་ཐོད་པ་ལ་འཁྲུལ་འཁོར་བྲིས་ཏེ་ཁ་སྦྱར་ན་རྦ་རླབས་གནོན་པར་འགྱུར་རོ།། ཁ་ཕྱེ་ན་ལྡོག་པར་འགྱུར་རོ།། ་སྟེང་དུ་བལྟས་ཏེ་ཞེས་བྱ་བ་ནི་ནམ་མཁའ་ལ་འཁྲུལ་འཁོར་བསམས་ཏེ་སྔགས་སྟོང་བཟླས་ན་ཆར་ཆེན་པོ་གཅོད་པར་འགྱུར་རོ།། གཞན་གྱི་དཔུང་མངོན་དུ་ཕྱོགས་པ་ན་ཞེས་བྱ་བ་ནི་ལག་པོ་གཡོན་པོའི་མཐིལ་དུ་ལྡོང་རོས་སམ ་ཡང་བཱས་འཁྲུལ་འཁོར་བྲིས་ཏེ་ཁུ་ཚུར་བཅངས་ནས་གཡུལ་འགྱེད་པའི་ཕྱོགས་སུ་བསྟན་ན་རེངས་པར་འགྱུར་པ་དང་། གཡུལ་དུ་ཞུགས་ན་ཚོན་ཚྭ་བརྒྱས་བསྣུན་ཀྱང་། གནོད་པའི་ཚོར་བ་མི་འབྱུང་ངོ་།། མཚོན་གྱིས་གཅོང ་པར་མི་འགྱུར་རོ།། ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་ལས་ལོག་བྱས་འཕེན་པའི་ཚོན་ཆའི་འཁོར་ལོ་དང་། མི་འཕེན་པར་རལ་གྲི་དངའི་ཁྲེལ་འཁོར་གྱི་འཕེན་པ་མེདའ་དང་། འཕངས་ནས་གཟུང་བ་ཞུགས་པ་དང་། སྟོབས་འགྱེད ་བ་རྣམས་ལ་སྨན་ལེགས་མཐོང་ཅེ་སྦྱོང་གིས་བསླུས་ན་འཁོར་ལོས་མི་ཚུགས་པ་དང་། སྨན་ས་ཏས་ལུས་ལ་བསླུས་ན་མངས་མི་ཆུག་པ་དང་། དཱནྟ་ཨུཏྤ་ལས་ལུས་ལ་བསྐུས་ན་ཞགས་པས་མི་ཟིན་པ་དང་། གཞན་གྱིས་མི་ཐུང ་པ་དཀར་པོས་ལུས་ལ་བསླུས་ན་ལག་སྟོབས་ཀྱིས་མི་ཐུབ་པ་དང་། སྨྱོ་བྱེད་ཀྱིས་ལུས་སླུས་ན་རལ་གྲི་ལ་སོགས་པས་མི་ཚུགས་པར་འགྱུརརོ།། སྨན་དེའི་ཁྱད་པར་ཇི་ལྟ་བུ་ཞེ་ན། བྲམ་ཟེའི་ཐོད་པར་རོ་བསྲེགས་པའི་སས ་བཀང་བ་ལ་སྨན་དེ་རྣམས་ཀྱིས་ས་བོན་བདུད་རྩི་ལྔ་དང་། སྨེ་ཤ་ཅན་གྱི་བུ་མོའི་ཁྲག་གིས་བདུགས་ན་ཉི་ཤུ་བརྒྱད་དང་། ཉི་ཤུ་དགུའི་དུས་སུ་ས་བོན་བཏབ་ན་མ་མ་ཀཱའི་སྔགས་ཀྱིས་ཆུ་བླུགས་ལ། སྒྲོལ་མའི་སྔགས་ཀྱིས་གཏོར་མ་ལཱུ ་སོགས་པ་བྱིན་ལ་སྐར་མ་རྒྱལ་དང་གཟའི་ཉི་མ་ལ་མྱིག་གོ་འབྲས་བུ་ས་ལ་མ་ལྷུང་བར་བླངས་ལ། སྨན་གྱི་ཐུམ་བྷུ་དེ་མགུལ་དུ་བཏགས་པ་འམ་འགོལ་བཅིངས་པ་འམ་ལྕི་སྟན་གྱི་ཁྲུ་བས་ལུས་ལ་བསྐུས་ན་མཚོན་གྱིས་ཚུགས་པར་མི ་འགྱུར་རོ།། བིན་དྷ་ར་ག་ཞེས་བྱ་བའི་སྨན་དང་། ཨ་ཀོ་ཀ་ཞེས་བྱ་བའི་སྨན་དང་། པི་ཏ་རོ་ཞེས་བྱ་བའི་སྨན་གསུམ་གྱིས་ཀྱང་ཚོན་ཆེས་མི་འཚུགས་པར་འགྱུར་རོ།། གཞན་ཡང་ནག་པོ་ཆེན་པོ་ཞེས་བྱ་བའི་སྤྲིན་དང་ཁྱུ་མཆོག་གི་རཱ་ལ་ཆགས ་ཞེས་བྱ་བ་དང་བསྐྱེས་ནས་ལུས་ལ་བསྐུས་ཀྱང་མཚོན་གྱིས་ཆུད་པར་མི་འགྱུར་རོ།། རྡོ་རྗེའི་ལུས་ཅན་དུ་འགྱུར་དུ་ཞེས་བྱ་བ་ནི་ནག་ཀྱི་རིས་བལ་བུ་མོ་གཞན་ནུ་མས་སྐྱེས་པ་བསྒྲིལ་ཡི་གེ་བདུན་པ་བཾཟླས་པོའི་མདུད་པ་བདུན་པར ་ཏེ། ལུས་སམ་མགུལ་དུ་བཏོགས་ནཆ་ན་ཆས་མི་འཚོད་པར་རྡོ་རྗེའི་ལུས་སྒྱུ་འགྱུར་རོ།། ལེའུ་བནྡ་གཉིས་པའི་རྣམ་པར་བཤད་པའོ།། ། དེ་ལྟར་ཉེ་བའི་སྙིང་པོ་དངོས་གྲུབ་དང་ལས་བཤད་ནས།། ད་ནི་གྲཱྀ་དྷཱི ་ལས་བཤད་པར་བྱ་བ་མི་དེ་ནས་གོ་མའི་ལས་རྣམས་ནི།། ཞེས་བྱེ་བ་ལོ་སོགས་པ་གསུངས་ཏེ།། མི་ཚའི་ལས་ནི་བདག་དང་གཞན་བསྲུང་བའོ།། དེ་ཡང་ག་ཚེའི་ལྷར་སྒོམ་པའམ་ལྷ་གང་ཡང་འདྲ་བ་ལག་ཆོས་བསྲུང་ཚེ་ཏི ་ངེ་འཛིན་ནམ་འཁྲུལ་འཁོར་རམ་སྨན་གྱི་རྒྱུད་དོ།། དེ་ལ་འཁྲུལ་འཁོར་ནི་ཟླ་བ་འམ་ཉི་མ་གང་ཡང་ཡ་རུང་བའི་དབུས་སུ་པདྨ་འམ་འཁོར་ལོ་རྩིབས་དྲུག་པ་གུར་གུམ་དང་སེན་རྩི་དང་ཁྲག་དང་འགི་ཝང་གི་གྲོ ་ག་ལ་བྲིས་ཏེ་སྐར་མ་རྒྱལ་དང་གཟའ་ཉི་མའི་དུས་དུ་སུ་སུ་བྲིས་ནེས་འབར་བའམ་སྔར་བསྟན་པ་རྣམས་ཀྱིས་ལུས་ལ་བསྐུ་བའོ།། འཇིག་རྟེན་གསུམ་ན་གང་ཡོད་པ། ཞེས་བྱ་བ་ནི་ས་འོག་དང་ས་བླ་དང་ས་སྟེང་ན་ཡོད་པའི་ཡོན ་ཏན་ནི་ཡིད་ལ་འདོད་པ་ཀུན་བྱེད་པ་ཞེས་བྱ་བའི་ཕྱིས་འཚོང་པར་གྱུར་པའི་ལས་བཅུ་གཉིས་སོ།། གོ་རིམ་བཞིན་དུ་བཤད་པར་བྱ་བ་ནི་འཁྲུལ་འཁོར་དང་དངོས་གྲུབ་དང་ལས་རྣམས་རྒྱུ་འབྲས་ཡིན་པས་གོ་རིམ་བཞིན ་དུ་རྟོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ།། དེ་ལ་གོ་ཆ་ཟློས་བཞིན་དུ་ཞེས་བྱ་བ་ནི་སྔར་བཤད་པའི་འཁོར་ལོ་རྩིབས་དྲུག་པ་དཔའོ་བོ་དྲུག་གི་ས་བོན་དཀོད་ལ། དབུས་སུ་འཇམ་པའི་དབྱངས་ཀྱི་ས་བོན་བཀོད་ནས ་འཁྲུལ་འཁོར་གྱི་མཐའ་མོ་ལ་མདུད་ནས་ལམ་དུ་ཞུགས་ན་སེངྒེ་དང་གླང་པོ་ཆེ་དང་སྦྲུལ་དང་མེ་དང་རྐུན་མ་དང་ཆུ་བོ་དང་རྒྱལ་པོའི་ཆང་པ་དང་ཡི་དགས་ཀྱི་འཇིགས་པ་ལ་སོགས་པ་མེ་འབྱུང་ཞིང་མི་སྣང་བར་འགྱུར་རོ།། ་གོ་ཆ་ཟློས་བཞིན་དུ་རྒྱལ་པོའི་ཕྲོ་བང་དུ་ཞེས་པ་ནི་སྔ་མའི་འཁྲུལ་འཁོར་སྙིང་ག་རོང་ལག་པ་གཁོན་པོར་བྲིས་ལ་སྡིགས་མཛུབ་བྱས་ནས་སླས་ཀྱི་ནང་དུ་ཞུགས་ན་གང་འདོད་པ་དེར་བྱུང་ནས་འགྲོ་བར་འགྱུར་རོ།། ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ཞེས་པ་ནི་ནྱ་གྲོ་དྷའི་འབྲས་བུ་གོ་བོས་ཟོས་པའི་བྱ་ཐལ་བླངས་ལ་མིའི་ཐོད་པར་རོ་བསྲེགས་པའི་སྲས་བཀང་སྟེ་སྐར་མ་རྒྱལ་གྱི་ཞག་སྤྱན་གྱིས་སྔགས་བཟླས་ཤིང་ས་བོན་བཙུགས་ལ་མུ ་མ་ཀཱིའི་སྔགས་བཟླས་ཤིང་བདུད་རྩི་ལྔས་བཅུས་ལ་འདབ་མ་གཉིས་ཙམ་ཐོད་པའི་ཚེ་གོས་དཀར་མོའི་སྔགས་ཀྱིས་བསྲུང་ཞིང་སྒྲོལ་མའི་སྔགས་ཀྱིས་བླངས་ལ་ལྕོགས་གསུམ་གྱིས་དཀྲིས་ནས་མཆོད་པ་ཆེན་པོ་བྱས་ཏེ ་གོ་ཆེའི་སྔགས་བཟླས་ན་ཁར་བཅུག་ན་ལྷ་རྣམས་ཀྱིས་ཀྱང་མི་མཐོང་བར་འགྱུར་རོ།། གོ་ཆའི་སྔགས་ཟློས་པའི་ལག་པས་ཞེས་པ་ནི་དུར་ཁྲོད་ཀྱི་རིས་ལ་སྨན་པ་རི་ཙི་ཏི་ཀའི་ཁུ་བས་བླངས་ལ་ལྡོང་རོས་དང་ཡུངས་པའི་ཁྲོ་བས ་ཨ་ཤོ་ཀའི་སྨྱུ་གུས་གོ་ཆའི་འཁྲུལ་འཁོར་བྲིས་ནས་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་དུར་ཁྲོད་ཀྱི་ཐལ་བས་གཟུགས་བརྙན་བྱས་ལ་འཁོར་ལོ་སྙིང་གར་བཅུག་ལ་མེ་ཏོས་སེར་པོས་གཏོར་ཞིང་ལག་པ་གཡོན་པ་མནན་ལ ་བརྒྱ་རྩ་བརྒྱད་བཟླས་ཏེ་གང་ཞིག་མིང་ནས་བཟུང་བ་དེའི་སྙིང་གར་ལྷག་པ་རེག་ནི་གདུང་བཞིན་དུ་རེངས་པར་འགྱུར་རོ།། ཞིང་གསུམ་ཅུ་རྩ་གསུམ་པས་ཀྱང་བསྐྱོད་པར་མི་ནུས་སོ།། སྔགས་བཟླས་ཤིང་རྐང་པས་བསྣུན ་མཐར་པར་འགྱུར་རོ་ཞེས་བྱ་བ་ནི་འོ་མས་བསྐུས་ཤིང་རྐང་པའི་མཐིལ་དུ་འཁྲུལ་འཁོར་གྱི་སྔགས་བཟླས་ཏེ་བཀོད་ན་དེ་རེག་ནས་ཐར་པར་འགྱུར་རོ།། རང་གི་ཁྲག་གིས་ཞེས་བྱ་བ་ནི་རང་སྲིན་ལག་གི་ཁྲག་གིས་མི་རུས ་ཀྱི་སྨྱུ་གུ་དང་ཐོད་པ་ཤ་མེད་པར་བརྟོགས་ལ་གཟུགས་བརྙན་བྲིས་པའི་སྙིང་གར་འཁྲུལ་འཁོར་བཀོད་ནས་ཁྲག་གིས་མཉེས་ན་ཁྲག་འདོན་པར་བྱེད་དོ།། གང་གིས་ཁྱིམ་དུ་ཞེས་བྱ་བ་ནི་དུར་ཁྲོད་ཀྱིས་གནས ་སུ་དགྲ་བོའི་ཁང་པ་དང་མཐུན་པར་བྲིས་ལ་དགྲ་བོ་ལི་ར་ཁོར་དང་བཅས་པ་ཐམས་ཅད་ཀྱི་གཟུགས་བརྙན་འཁོར་དང་བཅས་པའི་ཁང་པའི་ནང་དུ་བྲིས་ནས་ཐམས་ཅོད་སྙིང་གར་འཁྲུལ་འཁོར་དཀོད་དེ་རང་ཉིད་དང་དཔལ་ཧེ་རུ་ཀ ་བསམས་ལ་གོ་ཆའི་སྔགས་ཟློས་ཤིང་སྟང་སྟབས་སྟོང་གིས་དགྲ་བོའི་གཟུགས་པ་ཉན་ཐམས་ཅད་མཉེས་ན་ཐམས་ཅད་རིམས་ཀྱིས་བཏབ་པར་འགྱུར་རོ།། ཆུ་ལ་ལན་བདུན་བཟླས་ཏེ། ཞེས་བྱ་བ་ནི་གོ་ཆའི་སྔགས་བཟླས་ཤིང ་འོ་མས་བཀྲུས་ན་འཚོ་བར་འགྱུར་རོ།། གང་གིས་གདོང་ལ་བལྟས་ཏེ་ཞེས་བྱ་བ་ནི་དགྲ་བོའི་རྐང་རྗེས་ལ་བྱས་པའི་གཟུགས་བརྙན་ལས་བྱས་པའི་ཁར་དུར་ཁྲོད་ཀྱི་རས་ལ་དུག་གིས་བྲིས་པའི་འཁྲུལ་འཁོར་བཅུག་ནས་ཁྲོ་བོའི་ལྟ ་བས་བལྟས་ཤིང་དོའི་སྔགས་བཟླས་ན་ཚིག་འཕྲོག་པ་དང་འགུགས་པར་འགྱུར་རོ།། ཆུ་བོ་དང་རྫིང་བུར་གནས་ཏེ་ཞེས་བྱ་བ་ནི་ཆུ་ལྷའི་གཟུགས་བརྙན་བྱས་ལ་དེའི་སྙིང་གར་འཁྲུལ་འཁོར་བཅུག་ནས་ཆུ་ལྷོའི་ཅོད་པན་དེ་བཞིན ་གཤེགས་པ་ལྷའི་གཟུགས་སུ་བསམས་ནས་ཆུའི་སྟེང་དུ་ཆགས་མཐང་ལ་ཇི་ལྟ་བཞིན་དུ་ཆུ་ལ་ཡང་འགྲོ་བར་འགྱུར་རོ།། ཆུ་ལ་ཡང་ཞུགས་ན་ཆུ་བོ་གཡོ་བ་མེད་པའི་རྒྱ་མཚོ་བཞིན་དུ་བརྟན་པར་འགྱུར་རོ།། ལག་པ་གཉིས་ཀྱི ་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་འཁྲུལ་འཁོར་བྲིས་ལ་འཁྲུལ་འཁོར་གྱི་དབུས་སུ་བུད་མེད་ཆེ་གེ་མོ་ཝ་ཤཾ་མ་ར་ཡ་སྭཱ་ཧཱ་ཞེས་བྱ་བ་བྲིས་ལ་ལག་པ་གཉིས་ཉིད་བཞིན་དུ་ལན་སྟོང་བཟླས་ན་རྣལ་འབྱོར་མ་རྣམས་དབང ་དུ་འགྱུར་རོ།། རྣལ་འབྱོར་མ་སྣ་ཚོགས་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་ལྷ་མེ་སུམ་ཅུ་རྩ་བདུན་གང་ཡང་རུང་བ་ཝ་ཤ་མ་ར་ཡ་ཧེ་ཞེས་མིང་དང་སྤེལ་ནས་དབུས་སུ་བྲིས་ནས་ལག་པ་གཉིས་མཉེས་ན་ཐམས་ཅད་དེའི་དབང་དུ་འགྱུརརོ།། ་སྐར་མ་རྒྱལ་ཞེས་བྱ་བ་ནི་རྡོ་རྗེ་མཁའ་འགྲོ་ལས་སྦྲུལ་གྱི་རྒྱལ་པོ་བསྟེན་ནས་སྦྲུལ་དཀར་ནག་གི་རི་མོ་མཚོན་རྣོན་པོས་སོ་སོར་ཕྱེད་ནས་བཅད་ལ་རས་བལ་གྱི་ས་བོན་ལས་བསྐུས་ཏེ་རཱས་བལ་གྱིས་ཞིང་སར་སྐར་མ་རྒྱལ་གྱི་ཉིན ་པར་སྤྱན་གྱི་སྔགས་ཀྱི་བཅུག་པ་དང་། དེ་བཞིན་དུ་རིག་པོ་ཡང་ཟླ་བ་མར་གྱི་འི་སྐར་མ་རྒྱལ་ལ་སྤྱན་གྱི་སྔགས་ཀྱིས་རས་བལ་གྱི་ས་བོན་བསྐྱེད་པ་དང་མཱ་མ་ཀཱིའི་སྔགས་བ་ཟླས་པའི་དཀར་མོའི་ཞག་དང་ཤིའོ།། ཡོར་དེ་བསྐྱེད ་པ་བཅུ་བཞི་ནག་པོའི་ཤ་དང་ཁྲག་གིས་མར་ངོ་ལ་བསྐྱེད་པ་བཅུས་བཅལ། གོས་དཀར་མོའི་སྔགས་ཀྱིས་བསྲུངས་ལ་སྨིན་པའི་ཚེ་འབྲས་བུ་གཉིས་བླངས་ལ་དཀར་པོ་བསྐྱེད་པ་ནི་རྒྱལ་རིགས་ཀྱི་བུ་མོ་དཀར་མོ་ཐག་ཏུ་གཞུགས ་པ་དང་། མར་ངོ་ལ་བསྐྱེད་པའི་དམངས་རིགས་ཀྱི་བུ་མོ་སྔོན་མོས་འཐག་ཏུ་གཞུག་པ་དང་། རས་ཡུག་གྲུབ་པའི་ཚེ་གུ་གུལ་དང་སྦྲུལ་དཀར་ནག་གི་ཤའི་དུད་པས་བདུག་ཅིང་སྟོང་ཕྲག་བཅུ་བཟླས་ནས་སྟོང་གཡོགས་དང་སྨད ་གཡོགས་བྱས་ཏེ། དེ་གྱོན་པའི་ལུས་དཔག་ཚད་སྟོང་དུ་སོང་ན་ལམ་ཁར་དགུན་མ་ལ་མི་སྣང་བར་འགྱུར་བ་དང་། རྒྱ་མཚོའི་མཐར་ཐུག་པར་སོང་ན་འཛམྦུའི་གླིང་པ་རྣམས་ཀྱིས་མཐོང་བར་མི་འགྱུར་བ་དང ་རིག་འཛིན་གྱི་དངོས་གྲུབ་ཐོབ་ནས་རས་དེ་ལུས་ལ་གྱོན་ན་འོག་མིན་གྱི་མཐར་ཐུག་པར་སྟེང་དུ་འགྲོ་བར་འགྱུར་རོ།། དེ་ལྟར་འཇིག་རྟེན་གྱི་དངོས་གྲུབ་བཤད་ནས། དངོས་གྲུབ་བསྟན་པས་ཏིངེ་འཛིན་གང་དང་ལྡན་པས་འགྲུབ་པར ་འགྱུར་ཞེ་ན། དཔའ་བོ་གང་དང་གང་ལམ་གྱུར།། དེ་དང་དེ་ཡི་ངོ་བོར་བྱ།། མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས།། ཐམས་ཅད་སངས་རྒྱས་རང་བཞིན་འགྱུར།། ཞེས་བྱ་བ་གསུངས་ཏེ། དབང་ཐོབ་པའི་རྣལ་འབྱོར་གསུམ་གྱི་དབང ་དུ་བྱས་ནས་ཏིང་ངེ་འཛིན་གསུམ་དུ་འགྱུར་ཏེ། དེ་ལ་བསྐྱེད་པའི་རིམ་པ་དབང་ཐོབ་ནས་དཔའ་བོ་དྲུག་སེམས་དཔའ་དྲུག་ཏུ་བསྐྱེད་ནས་གང་དང་གང་ལམ་དུ་གྱུར་པའི་གཟུགས་ལ་སོགས་པ་ནས་དེ་དང་དེའི་ངོ་བོར་ཏཽ་གཟུགས་རྡོ་རྗེ་མ ་ལ་སོགས་པ་ལྷ་མོ་རྣམས་ཀྱི་ངོ་བོར་བྱའོ།། མཉམ་པར་བཞག་པའི་གནས་སྐབས་ན་ཡང་གཟུགས་རྡོ་རྗེ་མ་ལ་སོགས་པོ་མཆོད་པར་བསྒོམ་པ་ནི་མཆོག་ཏུ་མཉམ་པར་བཞག་པའི་སྦྱོར་བས་འགྱུར་ཏེ། དངོས་རྗེས་རོ་ཉམས་པའི་ཕྱིར ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་འགྱུར་རོ།། གསང་བའི་དབང་བསྐུར་བ་ཐོབ་པའི་དབང་དུ་བྱས་མིག་གི་དབང་པོ་ལ་སོགས་པ་གང་དང་གང་ཤེས་པ་རྟོག་པ་མེད་པར་སྐྱེས་པོ་དེའི་ལམ་དུ་གྱུར་པའི་ཡུལ་གཟུགས་ལ་སོགས ་པ་རྣམས་དགའ་བ་དང་མཆོག་དང་ལྷན་ཅིག་སྐྱེས་དགའི་ངོ་བོ་བདེ་བ་དེའི་ངོ་བོར་བྱས་ཏེ། མཉམ་པར་བཞག་པའི་གནས་སྐབས་ན་ཡང་གཟུགས་ལ་རང་བཞིན་བརྒྱད་བཅུ་དང་བྲལ་བ་ནི་དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ ་རྣམས་ལ་ཡང་དགའ་བ་གསུམ་གྱི་ངོ་བོར་མོ་ཆོག་ཏུ་མཉམ་པར་བཞག་པའི་སྦྱོར་བ་ཡིན་ནོ་ཅིའི་ཕྱིར་ཞེ་ན། དངོས་རྗེས་མཉམ་པའི་ཕྱིར་རོ།། དེ་ན་རྣལ་འབྱོར་པ་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་འགྱུར་རོ།། ཤེས་རབ ་ཡེ་ཤེས་ཀྱི་དབང་ཐོབ་པས་མིག་ལ་སོགས་པའི་དབང་པོ་གང་དང་གང་ཡིན་པ་སྟོང་པར་ཤེས་ནས་ལམ་དུ་གྱུར་པའི་ཡུལ་རྣམས་སྟོང་པ་ཉིད་དེ་དང་དེའི་ངོ་བོ་བྱས་ཏེ། ཐམས་ཅད་དེར་དགའ་བའི་རང་བཞིན་བདེ་བ་ཆེན་པོའི་བདག ་ཉིད་རྒྱས་བཏབ་པའི་མཉམ་པར་བཞག་པའི་ཚེ་ཡང་བདེ་བ་ཆེན་པོའི་རང་བཞིན་དུ་ཤེས་པ་ནི་མཆོག་ཏུ་མཉམ་པར་བཞག་པའི་སྦྱོར་བ་ཡིན་ཏེ། དངོས་རྗེས་བདེ་བ་ཆེན་པར་རོ་མཉམ་པའི་ཕྱིར་རོ།། དེ་ནས་དངོས་པོ་ཐམས་ཅད ་སངས་རྒྱས་ཀྱི་རང་བཞིན་དུ་རྟོགས་པར་འགྱུར་རོ།། དེ་སྐད་དུ་ཡང་བདེ་བར་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས།། ཆོས་རྣམས་ཐམས་ཅད་དེ་བཞིན་གཤེགས་དང་འདྲ་ཞེས་གསུངས་པའི་ཕྱིར་རོ།། འགྲོ་བ་འདི་ཀུན་སངས་རྒྱས ་ལྔ་བདག་ཉིད།། གར་མཁན་བཟང་དང་རི་མི་མཁན་བཟང་ལྟར། གང་དུ་བདེ་བ་ཞེས་བྱ་གཅིག་བུ་ཉིད།། གཅིག་པུའི་ཉམས་ཀྱི་དུ་མའི་གར་མཛད་དེ། ཞེས་གསུངས་པ་དང་། ཀླུང་ཉིད་དང་བར་འགྱུར་བ་ལ། ཉ་དག་མྱུར་དུ ་འཕར་བ་ལྟར།། དེ་བཞིན་སྟོང་གསལ་རང་རིག་ལས།། སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར་ཞེས་གསུངས་སོ།། དེས་ན་ནམ་གྱི་ཚེ་གོ་ཆའི་ལས་ཀྱི་ཆོ་ག་རྣམས་བྱ་ཞེ་ན། ཤིང་ཡོང་འདུའི་ཁུ་བཅུད་བླངས་ལ་ཞེས ་བྱ་བ་གསུངས་ཏེ། ཕྱིས་འཆད་པར་འགྱུར་བའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཤིང་ཡོངས་སུ་ཞེས་བྱ་བ་རྩ་ཨ་བ་དྷཱུ་ཏིའི་ཁུ་བཅུད་ཀྱིས་གྱེན་དུ་བཟློག་པའི་ཕྱིར་ཡི་གེ་ཧཱུཾ་གིས་རླུང་གིས་གྱེན་དུ་བཟློས་པའི་བཟླས ་བརྗོད་སྟོང་བྱས་ལ་གང་ལ་བྱང་ཆུབ་སེམས་ཀྱི་ཐིག་ལེར་བྱོས་པའི་བྱང་ཆུབ་ཀྱི་སེམས་མི་ལྟུང་བར་ཤིང་བཞིན་དུ་གནས་པར་འགྱུར་རོ།། དེའི་ཚེ་བསམ་གཏན་དང་པོའི་བདེ་བ་ཐོབ་པ་ཡིན་པས་ན་ལས་གང་བྱས་ཀྱང་གྲུབ་པར ་འགྱུར།། ཆུ་ལ་བཟླས་ཏེ་གཏོར་ན། ཞེས་བྱ་བ་ནི་དགའ་བྲེལ་དུ་གྱུར་པའི་ཐ་ཚིག་གོ། འདི་དག་གླང་པོའི་རྐང་རྗེས་ཞེས་བྱ་པ་ནི་ལས་ཀྱི་ཕྱག་རྒྱའི་རྩ་ཨ་བ་དྷཱུ་ཏིའི་དགའ་བྲལ་དུ་བྱང་ཆུབ་སེམས་ནི་རྡུལ་ཏེ། རླུང་གྱེན་དུ་བཟློག་པ ་ཕྱིར་ཡི་གེ་ཧཱུཾ་གིས་རླུང་འདྲེན་པའི་བཟླས་བརྗོད་སྟོང་བྱས་ལ་ལས་ཀྱི་ཕྱག་རྒྱ་ཨ་བ་དྷཱུ་ཏིའི་ནམ་མཁའི་རྩ་བསྐྲུན་པ་དེ་གླང་པོ་ཆེ་ལྟར་བྱང་ཆུབ་ཀྱི་སེམས་དགའ་བྲལ་དུ་མི་འགྱུར།། དུས་དེའི་ཚེ་ལས་གང་བྱས་པ་ཐམས་ཅད་འགྲུབ ་པར་འགྱུར་རོ།། ལྡེའུ་བཅུ་གསུམ་པའི་རྣམ་པར་བཤོད་པའོ།། ། དེ་ལྟར་བསྐྱེད་པའི་རིམ་པ་ལེའུ་བཅུ་གསུམ་པའི་རྣམ་པར་བཤད་པ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པ་སྒྲུབ་པའི་ཡན་ལག ་མཚན་མ་འབྱིན་པའི་དངོས་གྲུབ་ལེན་པ་དང་ཉམས་པ་གསོ་བ་དང་། གསུམ་གྱི་དོན་ཕྱིར་ཚོགས་ཀྱི་འཁོར་ལོ་བཤད་པར་བྱས་ཏེ་དེ་ནས་རྣལ་འབྱོར་བོང་བུའི་བདག་ཅེས་བྱ་བ་གསུངས་ཏེ། དྲིའི་ཐིག་ལེ་དང་མེ་ཏོག་བཀོད་པ་དང ་ཡིག་འབྲུ་དང་ཕྱག་མཚན་དགོད་པའི་ཕྱག་རྒྱ་དང་སྐུ་ཕྱག་རྒྱ་ཆེན་པོ་དགོད་པའི་དཀྱིལ་འཁོར་ལ་མ་གཏོགས་པའི་མའི་རྣལ་འབྱོར་པ་དང་། རྣལ་འབྱོར་མ་ལྷའི་རྒྱན་དང་ཁ་དོག་དང་ཆུ་བྱས་དུ་བྱས་ནས་སྒྲུབ་པ་ནི་ཚོགས་ཀྱི ་འཁོར་ལྀ་ཞེས་བྱའོ།། དེ་སྐད་དུ་ཡང་མཉམ་སྦྱོར་ལེས་ཞེས་གསུངས་སོ།། དེ་ཡང་ཇི་ལྟར་བྱ་ཞེ་ན། བོང་བུའི་རྣལ་འབྱོར་བདག། ཅེས་བྱ་བ་ནི་ས་འོག་ཏུ་སྤྱོད་པ་འདུལ་བའི་ཕྱིར་བོང་བུའི་ཧེ་རུ་ཀ་དུད་འགྲོའི་གཟུགས་ཀྱིས་རྣམ་པར ་སྣང་མཛད་སྤྲུལ་བཱི་སྐུ་གཟུགས་བརྙན་གྱི་འཁོར་ལོའི་ཆ་བྱད་དུ་བྱའོ།། གལ་ཏེ་ས་སྤྱོད་འདུལ་ན་མིའི་གཟུགས་ཀྱི་ཆ་བྱད་ཅན་གྱི་སྤྲུལ་པའི་སྐུའི་གཟུགས་བོནྡན་བྱའོ།། མཁའ་སྤྱོད་འདུལ་ན་མཁའ་ལྡིང་གི་གཟུགས་ཅན་གྱི་སྤྲུལ ་པའི་སྐུའི་གཟུགས་བརྙན་གྱི་ཚོགས་ཀྱི་འཁོར་ལོ་བྱའོ་ཞེས་ཀུན་སྤྱོད་ལས་གསུངས་པའི་ཕྱིར་འདི་ལ་ཐེ་ཚོམ་མི་བྱའོ།། ཡིད་ཀྱི་གཟུགས་ལྕེ་འཇུག་པའི་ཕྱིར་ཞེས་བྱ་བ་ནི་རྣལ་འབྱོར་པའི་ཡིད་ཀྱི་ཤུགས་ཀྱི་སྤྲུལ་པའི་སྐུའི་ཚེ་བྱད ་ལ་འཇུག་པར་བྱ་བའི་ཕྱིར་རོ།། དུས་ནམ་གྱི་ཚེ་གང་གིས་སྒྲུབ་པ་པོ་འགྲུབ་པའི་ཞེས་བྱ་བ་སྨོས་ཏེ། སྒྲུབ་པ་པོ་བོང་བུའི་ཧེ་རུ་ཀ་ལ་སོགས་པ་མཐོང་བའི་ཚེ་རངོ་དོན་ཕུན་སུམ་ཚོགས་པ་དང་གཞན་དོན་ཕུན་སུམ་ཚོགས ་པའི་འཕྲིན་ལས་གྲུབ་པར་འགྱུར་རོ།། སྒྲུབ་པ་དེ་ནི་བཤད་པར་བྱ་ཞེས་བྱ་བ་ནི་ཞི་གནས་མངོན་སུམ་དུ་བསྐྱེད་པའི་ཐབས་ཀྱི་འཁོར་ལོ་ནི་སྒྲུབ་པའི་ཐབས་བཤད་པར་བྱའོ།། དེ་ལྟར་མདོར་བསྟན་ནས་བརྒྱས་པར་བཤད་པ་ནི།། ་རྣལ་འབྱོར་མ་ནི་ལ་མའི་གཟུགས།། དེ་བཞིན་དུ་ནི་མཁའ་འགྲོ་མ།། ཁཎ་ཌ་རོ་ཧའི་གཟུགས་ཅན་ཞེས་བྱ་བ་ནི་མཁའ་འགྲོ་མ་ནི་བོང་བུའི་གདོང་ཅན་དང་ལཱ་མ་ནི་སེདྡྷེའི་གདོང་ཅན་དང་། ཁ་ན་ཊཱ་རོ་ཧ་ནཾ་གདོང་ཅན་དང་། གཟུགས་ཅན ་མ་ནི་མཁའ་ལྡིང་གདོང་ཅན་ནོ།། ཐོད་པ་དང་མདུང་རྩེ་གསུམ་པ་དང་ཁ་ཊྭཱཾ་ག་བསྣམས་པ་ཕྱག་བཞི་པ་རོའི་གདན་ལ་བཞུགས་པ་སྒོ་བཞི་དང་མཚན་མ་དང་རྒྱན་དང་གོས་དང་ཆ་བྱང་ཇི་ལྟ་བ་བཞིན་དུ་བྱའོ།། ཐུགས་ཀྱི་འཁོར་ལོ་ཇི་ལྟར་བྱ ་ཞེ་ན། དཔའ་བོ་དང་དཔའ་མོ་ཐམས་ཅད་རྡོ་རྗེ་དང་དྲིལ་བུ་བསྣམས་པ་མཁའ་ལྡིང་གྲི་གདོང་ཅན་ནོ།། གསུང་གི་འཁོར་ལོ་ཐམས་ཅད་པདྨ་དང་དྲིལ་བུ་བསྣམས་པ་རྨ་བའི་གདོང་ཅན་ནོ།། སྐུའི་འཁོར་ལོ་ཐམས་ཅད་འཁོར་དང་དྲིལ་བུ ་བསྣམས་པ་སེངྒེའི་གདོང་ཅན་ནོ།། གཤིན་རྗེ་བསྟན་མ་ལ་སོགས་པ་བཞི་ནི་མེ་ཧོའི་གདོང་དང་ཤ་བ་དང་སྟག་དང་གཟིག་གི་གདོང་ཅན་ནི།། སྒོ་མ་ཁཱ་གི་དོང་ལ་སོགས་པ་ཉིད་ཡིན་ནོ།། སྐུ་མདོག་ནི་ཕྲིན་ལས་བཅུ་གཉིས་ཀྱིས་དབང་གིས ་གདོང་བཅུ་གཉིས་སུ་འགྱུར་བའམ། ཡང་ན་མཁའ་སྤྱོད་སྒྲུབ་པའི་ཚེ་ཐམས་ཅད་ནག་པོ་ས་སྤྱོད་ཀྱི་ཚེ་ཐམས་ཅད་དམར་པོ་ས་སྤྱོད་སྒྲུབ་པའི་ཚེ་ཐམས་ཅད་དཀར་པོར་བྱའོ།། མཁའི་འགྲོ་མ་བརྒྱད་གྲི་གུག་དང་ཀ་པཱ་ལ་དང ་ཙཅང་ཏིའུ་དང་ཁ་ཊྭཱཾ་ག་བསྣམས་པའི་ཕྱག་བཞི་མའི་གཙོ་བོ་ཧེ་རུ་ཀ་ཇི་ལྟ་ཞེ་ན། དཔའ་བོ་རྣམས་ཁྲག་གི་མཁའ་འགྲོ་རྩེ་གསུམ་ལག་ན་ཕྱོགས་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་དང་དྲིལ་བུ་དང་རྩེ་གསུམ་དང་ཁ་ཊྭཱཾ་ག་བསྣམས་པ་ཕྱག ་བཞི་པ་བསྒོམ་པའམ་ཡང་ན་ཞལ་བཞི་ཕྱག་བཅུ་གཉིས་པ་ཞལ་གསུམ་བོང་བུའི་གདོང་པར་སྣང་བར་བསྒོམ་པར་བྱའོ།། དེ་ཡང་ཆོ་ག་ཆོ་གང་གོས་བསྒྲུབ་པར་བྱ་ཞེ་ན། དེ་ཡང་གོས་དང་ཕྱག་རྒྱ་ལྡེ་ལ་སོགས།། ཤེས ་རབ་ཡན་ལག་ཕུར་བུ་།། སྒྲ་སོགས་སྟོང་པ་སྔོན་འགྲོ་བ། ཞེས་བྱ་བ་ལ་སོགས་པ་དེ་ཉིད་བཅུ་བཞིའི་ཚུལ་གྱིས་བསྒོམ་པར་བྱའོ།། དེ་ལྟར་འདོད་པའི་ཡོན་ཏན་ལྷོ་སོགས་ཀྱི་འཁོར་ལོའི་རྣལ་འབྱོར་གྱི་བསམ་གཏན ་གྱི་ཏིང་ངེ་འཛིན་ཐོབ་ནས་འབྲས་བུ་མངོན་པར་ཤེས་པ་སྐྱེ་བར་འགྱུར་བ་ནི་ཚེ་ཟད་པ་དང་ཚེ་རིང་པོ་བསྒྲུབ་པ་ཉིད་ལ་སྣང་བ་ཡིན་ཞེས་བྱ་བ་སྨོས་ཏེ་འཆི་འཕོ་བ་དང་སྐྱེ་བ་འཕོས་པས་ཡིན་ནོ།། སྔོན་གྱི་གནས་རྗེས་སུ ་དྲན་པ་འདི་ནི་བོང་འདྲ་རྣལ་འབྱོར་པ་འདི་བོང་བུ་འདྲ་བར་བལྟ་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ཏཾ། འགྲོ་བ་རིས་དྲུག་གི་གནས་གང་དང་གང་ནས་འཆི་འཕོས་པ་དེ་དང་དེའི་གཟུགསུ་ང་ལྟར་སྣང་བར་འགྱུར་རོ།། ་ད་ལྟར་གྱི་རྟགས་འདི་ལས་སྐྱེ་བ་སྔ་མ་དཔག་པ་ཡིན་ན་སྐྱེ་བ་སྔ་མ་གླང་པོ་གླང་པོ་ཆེ་ལས་འཕོས་ཀྱང་གླང་པོའི་གཟུགས་སུ་མཐོང་བ་ཡིན་ནོ།། གང་དང་གང་གིས་སྐྱེ་བ་ནི་ཞེས་བྱ་བ་ལ་སོགས་པ་ནི་འགྲོ་བ་རིས་དྲུག་གིས ་གཟུགསུ་སྣང་བ་འགྲོ་བ་རིས་དྲུག་གིས་དཔོག་པའོ།། འདི་ནི་གྲུབ་པའི་སྐྱེས་བུར་འགྱུར།། ཞེས་བྱ་བ་ནི་མངོན་པར་ཤེས་བྱ་དང་ལྡན་པ་སྟེ་ལྷའི་མིག་དང་རྣ་བ་དང་གཞན་གྱི་སེམས་ཤེས་པ་དང་ཟག་པ་ཟད་པའི་མངོན ་པར་ཤེས་པ་དང་ལྡན་པའོ།། སྐྱེ་བ་བདུན་གྱིས་རིམ་པ་ཡིས་ཞེས་བྱ་བ་ནི་བསྒྱུར་བའི་ཆོ་ག་དང་སྐྱེ་བ་བདུན་པའི་ཤ་ཁོ་ན་མ་ཐོ་བ་མེད་པ་དེ་ཡིས་གཏོར་མ་དང་ཚོགས་ཀྱི་འཁོར་ལོ་བྱའོ།། དེ་མ་བྱས་པ་ཅིར་འགྱུར་ཞེ་ན། སྒྲུབ་པ་པོ་ནི ་འགྲུབ་པར་འགྱུར་ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་དཔའ་ཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་བསྐྱེད་པའི་དེ་བཞིན་དཔག་ཚད་སྟོང་ཕྲག་ནི་ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་པར་ཤེས་པས་དཔག་ཚད་སྟོང ་གི་སྟངས་སུ་སྐད་ཅིག་ལ་མྱུར་བར་འགྲོ་བར་འགྱུར་རོ།། རྣལ་འབྱོར་སྔགས་མཆོག་དམ་པ་སྟེ་ཞེས་བྱ་བ་ནི་རྫོགས་པའི་བོང་བུའི་ཧེ་རུ་ཀ་སྟོན་པ་ཡིན་ཏོ།། དེ་སྐད་དུ་ཡང་གདན་བཞི་ལས། གཡས་དང་གཡོན་གྱི་ངོས་གཉིས་ནི།། ཉི་མ་ཀྵ ་བུ་རབ་ཏུ་བཤད།། ཆུ་ཤིང་མེ་ཏོག་ལྟ་བུ་ནི།། དེ་བའི་དབུས་ནས་གྲོལ་བར་གནས།། བ་ལང་མིག་རྗེས་པདྨ་ནི།། བོང་བུའི་རྣམ་པར་ཤེས་པར་བྱ་ཞེས་གསུངས་པས།། གཡས་པ་རཱ་ས་ནཱ་དང་གཡོན་པར་ལ་ལ་ནཱ་ནི་རྩེ་སྲུབ་ཐག་ཡིན ་ཤིང་དབུས་མ་ཨ་བ་དྷཱུ་ཏཱི་བསྲུབ་ཤིང་ཡིན་ཏེ། ལྟེ་བ་ཁྲག་གིས་ཐིག་ལེ་གཙུབས་གཏན་ཡིན་པས་མི་ཤིགས་པ་ནམ་མཁའི་རླུང་གཡས་གཡོན་གྱི་རླུང་གིས་བསྲུབས་ན་རླུང་མེའི་དྲོད་ཙམ་དུ་གྱུར་པ་ཡིན་ནོ།། དེས་ན་གཡས ་གཡོན་གྱི་རླུང་ལ་སྔགས་མཆོག་དམ་པ་སྟེ་ཞེས་བྱའོ།། མཁའ་འགྲོ་མ་ནི་སྤྱིར་བསྒྲུབ་ཅེང་བྱེད་ཅེས་བྱ་བ་ནི་མགོ་བོ་ན་མཁའི་དཀྱིལ་འཁོར་དུ་འགྲོ་བས་ལྟེ་བའི་གཏུམ་མེ་དྲོད་ལ་མཁའ་འགྲོ་མ་ཞེས་བྱའོ།། སྦྱོར་གྲུབ་བྱེད་ཅེས་བྱ་བ ་ནི་གཡས་གཡོན་གྱི་རླུང་བསྲུབས་པའོ།། རྣལོ་འབྱོར་མཚན་མ་གང་འཟློས་ན་ཞེས་བྱ་བ་ནི་ས་ཚུ་ལ་ཐིམ་པས་དུ་བ་ལྟ་བུ་དང་། ཆུ་མེ་ལ་ཐིམ་པས་སྨྱིག་སྒྱུ་ལྟ་བུ་དང་། མེ་རླུང་ལ་ཐིམ་པས་སྤྲིན་བུ་མི་ཁྱེར་ལྟ་བུ་དང་། རླུང་རྣམ ་པར་ཤེས་པ་ལ་ཐིམ་པས་སྒྲོན་མ་ལྟ་བུའོ།། རྣམ་པར་ཤེས་པ་ན་མཁའ་ལ་ཐིམ་པས་ན་མོ་མཁའ་ལྟ་བུའི་རྟགས་མཐོང་ནས་གང་ཟློས་པ་ཞེས་པ་ནི་སྲོག་ཨི་བ་དྷཱུ་ཏཱའི་ཆུང་པོའོ།། ཟླ་བ་གཅིགས་ནི་གྲུབ་པར་འགྱུར་ཞེས ་བྱ་བ་ནི་གཏུམ་མོ་བསྐྱབས་ཤིང་འཁོར་ལོ་བསྲུབས་པའི་ཐབས་ཀྱིས་སོ།། གསང་བའི་རྒྱུད་ནི་འདིའོ།། སྙིང་པོ་ཤིན་ཏུ་དགར་བ་ཡིན། ཞེས་བྱ་བ་ནི་གཡོན་གྱི་རྩའི་སྣ་བ་ལང་གིས་རྨིག་རྗེས་ལྟ་བུའི་རྩིའི་ནང་ནུས་སྲོག་དྲང་རྩོལ ་བ་གཉིས་ཨ་བ་ཛྙཱ་ཏཱིར་ཆུད་པ་ནི་གསང་བརྒྱུད་ཅེས་བྱའོ།། དེ་ལས་བྱང་ཆུབ་ཀྱི་སེམས་ཕབ་པས་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགེའི་རྟོག་པ་མེད་པ་སྐྱེས་པ་ནི་ཤིན་ཏུ་དགེ་བའོ།། གང་ཞིག་དེ་ནས་ཤེས་པ་ནི། ་ཞེས་བྱ་བ་ལ་སོགས་པ་རྩ་གསུམ་གྱི་རླུང་ཨེ་བ་ཛྙཱ་ཏཱིར་བཅུག་པས་རྣམ་པར་རྟོག་པའི་རྐྱེན་མ་ཚང་བས་རླང་ཨ་བདྷ་ཏཱིར་ཆུད་པའི་ཆེ་རྟོག་མཽད་སྐྱེས་པ་དེའི་ཚེ་སྒྲིབ་པོ་རྣམ་པར་སྤངས་ནས་འདས་པ་དང་མ་འོངས་པ་ལ ་སོགས་པ་དུས་གསུམ་དུ་ཤེས་པར་འགྱུར་རོ།། དེ་ཡང་གདན་བཞི་ལས་མི་གཡོ་རྣམ་པར་མི་འཁོར་བ།། རྣམ་པར་མི་འབྱུང་གང་ཡང་མེད།། སློབ་པ་ལྔ་ན་རྣམ་སྤངས་པ།། རང་ཉིད་ཧེ་རུ་ཀར་གསལ ་འགྱུར་ཞེས་གསུངས་སོ།། དེ་འདིར་རྣལ་འབྱོར་པ་ཉིད་དུ། མོད་ཅེས་བྱ་བ་ནི་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་རྒོད་མའི་ཁ་ཞེས་བྱ་བ་པ་ལང་གི་རྨིག་རྗེས་ལྟ་བུའི་རླུང་བཅུག་ན་བྱང་ཆུབ་ཀྱི་སེམས་བདེ་བ་རྟོག་མེད་སྐྱེ་བ ་ལ་ཐེ་ཚོམ་མེད་དོ།། འདི་ཉིད་ནི་མཁའ་འགྲོ་དྲ་བའི་བདེ་མཆོག་ཡིན་ཞེས་བྱ་བ་ནི་དངོས་གྲུབ་སྒྲུབ་པའི་ཚོགས་ཀྱི་འཁོར་ལོ་བདེ་མཆོག་ཡིན་ནོ།། ལེའུ་བཅུ་བཞི་པའི་རྣམ་པར་བཤད་པའོ།། །། དེ་ལྟར་ཚོགས་ཀྱི་འཁོར ་ལོ་བཤད་ནས། ང་ནི་སྒྲུབ་པའི་ཡན་ལག་ལས་ཀྱི་ཕྱག་རྒྱ་སྟོན་པ་ནི། དེ་ནས་སྡོམ་པ་ཐམས་ཅད་ལཱ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐུ་གསུང་ཐུགས་ཀྱི་འཁོར་ཐམས་ཅད་སྒྲུབ་པའི་ཡན་ལག་ཡེ་ཤེས་ལས་སྐྱེས་པ་དང་། གནས ་ལས་སྐྱེས་པ་དང་། སྔགས་ལས་སྐྱེས་པ་གསུམ་གྱིས་སྒྲུབ་པར་བྱ་བ་ཡིན་ཏེ། ཕོ་ཉས་ལྷན་ཅིག་དངོས་གྲུབ།། མཆོག་དང་འབྲིང་དང་ཐ་མ་སྟེ།། ཞེས་བྱ་བ་གསུངས་སོ།། དེ་ཡང་འཇམྦུའི་གླིང་གནས་ཉི་ཤུ་རྩ་བཞི་ནས ་སྤྲུལ་པའི་སྐུ་རྒྱུན་མི་འཆད་པར་ཞུགས་པས་རྣལ་འབྱོར་པ་གདུལ་བྱ་དུས་ལ་བབ་པར་གཟིགས་ན་ཡེ་ཤེས་ལས་སྐྱེས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བུད་མེད་ཀྱི་གཟུགས་སུ་བྱོན་ནས་ཞི་གནས་དང་ལྷག ་མཐོང་དགའ་བ་བཞིའི་ཏིང་ངེ་འཛིན་སྟོན་པར་མཛད་པ་འམ། ཡང་ན་གནས་ཉི་ཤུ་རྩ་བཞིར་སྐྱེས་པ་དབང་པོ་ཚང་བ་ལ་སོགས་པ་བདག་གི་འབྱོར་པ་དང་ལྡན་པས་བདེ་བའི་ཏིང་ངེ་འཛིན་སྒྲུབ་པར་འགྱུར་པ་འམ། དབང་བསྐུར་བ་འམ། ་དབང་བསྐུར་བ་ཐོབ་པ་སྔགས་ཀྱི་རྣལ་འབྱོར་མས་ལུས་ཀྱི་འཁྲུལ་འཁོར་གྱི་ཨོཾ་པ་དྷ་ཏཱི་ར་སད་ནས་བསམ་གཏན་དང་གཟུགས་མེད་ཀྱི་བདེ་བ་སྐྱེས་པར་གྱུར་པས་ན་དང་པོ་ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱི་མཚན་ཉིད་ཤེས ་ནས་ཡན་ལག་དང་ཉིང་ལག་གི་བརྫུ་དང་། ཡི་གེ་དང་ཚིག་གི་བརྡ་དང་མིག་དང་ཆུའི་བརྡས་སྒྲུབ་པའི་ཡན་ལག་གི་བྱང་ཆུབ་སེམས་དཔའ་དེ་ཤེས་པར་བྱའོ།། དེ་ཡང་དུ་བ་ལས་ནི་མེར་ཤེས་ཤིང་།། མཆུ་བསྒྱུར་ལས་ནི་ཆུ་ཡིན ་ཏེ། བྱང་ཆུབ་སེམས་དང་བློ་ལྡན་གྱིས།། རིགས་ནི་མཚན་མ་རྣམས་ལས་ཤེས།། ཞེས་གསུངས་སོ།། རྒྱུ་མཚན་དེ་བས། གང་ཞིག་བརྡར་ནི་ཤེས་འགྱུར་ཏོ།། བརྡ་དྲུག་ཤེས་པས་དེ་ཉིད་ཀྱིས།། དེ་གྲུབ་པ་ནི་ཞེས་བྱ་བ་སྟེ་དང་བརྡ ་དང་སྤྱོད་ལམ་ཤེས་པ་དེས་ཐུགས་རྗེ་ཆེན་པོ་དང་ལྡན་པའི་སྤྲུལ་པའི་སྐུའི་རྣལ་འབྱོར་མ་རྙེད་ནས་ལས་ཀྱི་ཕྱག་རྒྱའི་རྒྱུ་རྐྱེན་ཚོགས་པ་དེ་ལས་ཏིང་ངེ་འཛིན་སྒྲུབ་པར་ཐེ་ཚོམ་མེད་པར་ཤེས་པར་བྱའོ།། དེ་ལྟར་མདོར་བསྟན་ནས ་རྒྱས་པར་བཤད་པ་ནི། ད་ཞེས་བྱ་བ་སྐྱེས་བུར་བཤད་ཅེས་བྱ་བ་གསུངས་ཏེ། ལེའུ་ལྔ་བཅུ་པ་ནི་དག་བྱེད་ཀྱི་རྔ་ཡིན་ལ་བཅུ་དྲུག་པ་ནི་ངག་བྱེད་ཀྱི་ལྷ་མོའི་མཚན་ཉིད་དོ།། དེ་ལས་དང་པོར་དག་བྱེད་ཀྱི་ལྷ་མོའི་བརྡ་སྟོན་པ་ལ ་དབང་དང་དཔའ་མོ་དང་བཀས་པནང་བ་དང་ཀུན་གྱི་སྤྱོད་བརྡ་ལྔ་བསྟན་པ་ཡིན་ནོ།། ཅིའི་ཕྱིར་བརྡ་ལྔ་སྟོན་ཅེ་ན། དག་བྱེད་ཀྱི་ལྷ་མོ་ནི་དུང་ཅན་མ་དང་རི་དགས་ཅན་ཡིན་པས་སེམས་གཟུང་བ་དང་བས་དབང་བསྐུར་བ་དང་ཚོགས ་ཀྱི་འཁོར་ལོ་དང་བཀས་གནང་བ་དང་ཁམས་བཏང་བ་ཀུན་དུ་སྤོང་པ་ཡིན་ནོ།། དེ་ལ་དང་པོར་དབང་བཀུར་པའི་བརྡ་སྟོན་ཏེ། དང་ཞེས་བྱ་བ་ནི་དབང་བསྐུར་བའི་སྐྱེས་བུའི་ཕྱག་རྒྱའོ།། དེ་ཞེས་བྱ་བ་དབང་བསྐུར་བའི་བུད་མེད་ཀྱི་ཕྱག་རྒྱའོ། ་སྤུ་ཞེས་བྱ་བ་འཁྱུད་པར་སྟོན་པའོ།། སུ་ཞེས་བྱ་བ་དབང་བསྐུར་བའི་བཟའ་སྟོན་པའོ།། མ་ཞེས་བྱ་བ་རྡོ་རྗེ་སློབ་དཔོན་དབང་སྟོན་པའོ།། ལས་ཞེས་བྱ་བས་རང་གིས་ལས་ཀྱི་ཕྱག་རྒྱའོ།། པི་ཞེས་བྱ་བ་རང་དང་དུས་མཉམ ་དུ་དབང་བསྐུར་བའི།། སྲི་ནི་གསང་བའི། ལུ་ནི་རང་གིས་དབང་བསྐུར་བའོ།། སྲི་ནི་གསང་བའི་དབང་བསྐུར་བའོ།། རང་བྱུང་ནི་ཁྲག་གོ། སྔོན་ནི་གསང་བའི་དབང་བསྐུར་བའི་ཞི་བོའི་བཏུང་བའོ།། པི་ཞེས་བྱ་བ་སྨན་སྣ་བརྒྱ་རུ ་བརྒྱད་བཟླས་དུ་བསྐོལ་བའི་ཐུག་པའོ།། ཧྲི་ཞེས་བྱ་བ་ཤྭ་ལྔའོ།། བྷ་ཞེས་བྱ་བ་དབང་བསྐུར་བའི་ཚེ་ཁ་ཟོས་འབྲས་ཆན་ལ་སོགས་པའོ།། ནུ་ཞེས་བྱ་བ་ཤེས་རཱ་བ་ཡེ་ཤེས་ཀྱི་དབང་བསྐུར་བའོ།། འདི་ཙམ་གྱིས་ནི་བརྡ་བསྟན་ཏོ།། ་དག་བྱེད་ཀྱིས་ལྷ་མོའི་བརྡ་སྟོན་ཏོ།། པི་ཞེས་བྱ་བ་ནི་སེམས་འཛིན་པའི་གནས་སུ་འཁྲིད་པའོ།། དུ་ཞེས་བྱ་བ་ནི་སྐྱེ་བ་བདུན་པའི་རོ་ཁ་ཟས་སུ་ཟ་བའོ།། དི་ཞེས་བྱ་བ་ཡུམ་རྡོ་རྗེ་ཕག་མོའི་རིགས་སོ།། ད་ཞེས་བྱ་བ་སྒྲོལ་མའི ་འོཿཧྲི་ཞེས་བྱ་བ་སངས་རྒྱས་སྤྱན།། ཀུ་ཞེས་བྱ་བ་མཱ་མ་ཀཱི་ཧ་ཞེས་བྱ་བ་གོས་དཀར་མོ།། ཛ་ཞེས་བྱ་བ་ཡེ་ཤེས་ཀྱི་ལྷ་མོ་གཉིས་དང་བྱིན་པ་གཉིས་ཀྱི་འཁྱུད་པའི་སེམས་འཛིན་པའོ།། ད་ནི་དཔའ་བོ་ལྷ་མོའི་བཤད་པར་བྱ་སྟེ། ་ཐོག་མ་ཐང་པོའི་ཆེ་བ་ཞེས་བྱ་བ་ཕྱག་འཚལ་སྟོན་ལ། སོ་ཞེས་བྱ་བ་ཕྱག་འཚལ་བའི་ལྡན་ནོ།། ནི་ཞེས་བྱ་བ་ཤ་ལ་སོགས་པའི་བཟའ་བའོ།། བྱོ་ཞེས་བྱ་བ་བདུད་རྩི་ལྔར་བྱིན་གྱིས་བརླབས་ནས་བཟའ་བའོ།། བྷི་ཞེས་བྱ་བ ་རྡོ་རྗེ་ཆུང་བྱིན་གྱིས་བརླབས་པའོ།། ག་ཞེས་བྱ་བ་དབང་བསྐུར་བཱ་ལ་བགྲོད་པར་བྱ་བ་ཡིན་གྱི་མ་བསྐུར་བ་ལ་དམ་ཚིག་དང་རིག་མ་སྟོན་པར་དགའ་བ་དང་ཞེས་བྱ་བའི་མཉེས་པར་བྱུང་བས་བགྲོད་པར་མི་བྱའོ།། ད་ནི་བཀས ་བརྡུང་བའི་ལྷ་མོའི་མཆོད་པའི་ལྷ་མོ་སྟོན་ཏེ། ཀ་ཞེས་བྱ་བ་ནི་རིགས་ལྔའི་ལྷ་མོ་སོ་སོར་འདོད་པར་བྱའོ།། ས་ཞེས་བྱ་བ་སྐྱེས་པ་གཞན་གྱི་གམ་དུ་མི་འགྲོ་བའོ།། ར་ཞེས་བྱ་བ་ནི་བདག་པོ་མེད་པ་དང་མཆོད་པའི་ཕྱག ་རྒྱའོ།། ད་ནི་ཀུན་སྤྱོད་མ་སྟེ་དུ་ཞེས་བྱ་བ་ནི་གཟུགས་འཚོང་བའོ།། སུ་ཞེས་བྱ་བ་ནི་རྒྱས་པ་ལ་དད་པའོ།། ན་ཞེས་བྱ་བ་ན་མུཾ་སྟེགས་པ་ལ་དད་པའོ།། ས་ཞེས་བྱ་བ་དབང་བསྒྱུར་བ་ཐོབ་པའོ།། ཨ་ཞེས་བྱ་བ་ནཱི་དད་པས ་ངེས་པའོ།། ན་ཞེས་བྱ་བ་ནི་དད་པ་མེད་པས་མ་འོངས་པའོ།། སོ་ཞེས་བྱ་བ་ནི་ཡིད་དུ་འོང་བའི་ཡུལ་དུ་གྱུར་པའོ།། ཡི་གེ་རེ་རེའི་བརྡ་འདི་དག་ཚོར་བ་སྡུག་བསྔལ་བཏིང་སྙོམས་པ་ནས་ཚོར་བ་བདེ་བ་སྒོམ་ཞིང ་རྟོགས་པ་མེད་པ་མངོན་སུམ་གྱི་ལམ་ལ་དད་པ་ལ་མ་སྦྱིན་པར་བྱའི་མ་དད་པ་ལ་མི་སྦྱིན་པ་དང་། གྲོལ་བའི་ལམ་པ་ལ་ཡང་མ་ཡིན་ནོ་ཞེས་ཤེས་པར་བྱའོ།། ལེའུ་བཅོ་ལྔ་པའི་རྣམ་པར་བཤད་པའོ།། ་ད་ནི་སེམས་འཛིན་པའི་ངག་བྱེད་ཅི་ལྷ་མོའི་མཚན་ཉིད་བཤད་པར་བྱ་སྟེ། དེ་ནས་བཟའ་དང་བཟའ་མིན་བྱ། ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱ་ཡིད་དུ་འོང་བ་གཟུགས་སྡུག་ཀུན་མིག་གིས་བཟའ་བར་བྱའོ།། སྒྲ་བསྟན་པ་རྣ་བའི་དང་། དྲི་ཞིམ ་བོ་སྣ་དང་། རོ་ཞིམ་པོ་ལྕེའི་དང་། ནམ་མཁའི་རྩིའི་དང་རེག་པ་ལུས་ཀྱི་བཟའ་བར་བྱའོ།། ལོངས་སྤྱོད་པར་བྱའོ།། བཟའ་བར་མི་བྱ་བ་ནི་ཡིད་དུ་མི་འོང་བའོ།། དེ་རབ་ཏུ་བཤད་པར་བྱ་ཞེས་བྱ་བ་ནི་དག་ཀྱི་ལྷ་མོ་བཤད་པར་ཞེས ་པའོ། མི་ཐུབ་ཟླ་བ་དང་འབར་བའི་ཞལ་སྔ་ནས་བཟའ་བར་བྱ་བ་ནི་གནས་ཉི་ཤུ་རྩ་གཞི་ན་གནོས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐུ་དང་། དེ་རྣམས་ལ་འདོད་པའི་ཡོན་ཏན་གྱི་གཟུགས་ཀྱི་ཞི་གནས ་དང་ལྷག་མཐོང་གིས་ཆོས་སྟོན་པས་བཞུགས་པ་ལ་ལས་དང་པོ་པའི་རྣལ་འབྱོར་པས་མཚན་ཉིད་མ་རྟོགས་པས་མཚན་ཉིད་བརྟགས་ནས་སྤྲུལ་པའི་སྐུའི་ལྷ་ཡེ་ཤེས་ཀྱི་ལྷ་མོ་དེ་དང་སྙོམས་པར་ཞུགས་པས་མེ་ལོང་གི ་གཟུགས་བརྙན་ལ་དེ་ཉིད་མཐོང་བ་བཞིན་དུ་འདོད་པའི་ཡོན་ཏན་ལྔ་ཆར་སྟོང་པ་ཉིད་མཐོང་བར་གྱུར་པས་དེའི་མཚན་བསྟན་པ་ཡིན་ནོ་ཞེའོ།། རིན་ཆེན་རྡོ་རྗེའི་ཞལ་སྔ་ནས།། ཕོ་ཉས་ལྷས་ཅིག་སྐྱེས་དངོས་གྲུབ། མཆོག་དང ་འབྲིང་དང་ཕ་མ་ཞེས་གསུངས་པས། མཆོག་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐུའི་ཡེ་ཤེས་ཀྱི་ལྷ་མོ་ཡང་ཡིན་ལ་གནས་ཉི་ཤུ་རྩ་བཞིར་སྐྱེས་པ་དབང་པོ་ཚང་བ་ལས་ཀྱི་མཐའ་མ་ལོག་པ་ནི་འབྲིང་པོ་ཡིན་ནོ།། ་སྡོམ་པ་གསུམ་ལ་གནས་ཤིང་དབང་བསྐུར་པ་ཐོབ་པ་ནི་སྔགས་ལས་སྐྱེས་པ་སྟེ་ཐ་མ་ཡིནོ།། དེ་དག་གསུང་རབ་མཚན་ཉིད་སྡོམ་ནས་སྟོན་པ་ནི་ཡེ་ཤོས་ཀྱི་ལྷ་མོ་ཁོ་ན་ཡིན་ཞེས་མི་བྱའོ།། དེ་གསུམ་ཆར་ལས་ཀྱང་ཞི་གནས ་རྟོགས་པ་མེད་པ་དང་། ལྷག་མཐོང་སྟོང་པོ་ཉིད་ཀྱི་ཡེ་ཤེས་སྐྱེའོ།། སྒྲུབ་པ་མཆོག་ཏུ་དམ་ཚིག་ལ་གནས་པ་ཞེས་བྱ་བ་ནི་ཆགས་པའི་ལམ་བསྒོམ་པའི་རྟེན་གྱི་གང་ཟག་གོ། གཟའ་བྱ་རྗེས་གནང་ཕན་སྤྱོད་པ་ཞེས་བྱ་བ་ནི ་མཚན་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་དེ་སློབ་དཔོན་གྱིས་རྗེས་སུ་གནང་ནས་ཞི་གནས་དང་ལྷག་མཐོང་གི་ཤེས་པ་སྐྱེ་བ་ལ་ཕན་འདོགས་པར་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་ཆོས་འཕགས་བཞིན་དུ་བསམ་གཏན་དང་ཟག ་མེད་ཀྱི་ཏིང་ངེ་འཛིན་སྐྱེ་བའི་ཕྱོག་རྒྱ་དེ་རབ་ཏུ་སྦྱིན་པར་བྱའོ།། དེ་དང་རྣལ་འབྱོར་པས་ཅི་ཞིག་བྱ་ཞེ་ན། ཡུལ་ལྷོ་དང་དཔའ་བོའི་ཤེས་པས་ལས་ཀྱི་ཕྱག་རྒྱའི་ཡུལ་དང་གཉིས་སུ་མེད་པར་བྱ་བའི་རྣལ་འབྱོར་པ་དེ་བླང་བྱ ་དང་དོར་བྱའི་རིགས་ཀྱི་བྱེ་བྲག་ཤེས་པར་བྱའོ།། དེས་ཅིར་འགྱུར་ཞེས་ན་གང་གིས་ཤེས་པ་ཙམ་གྱིས་ནི་ཞེས་བྱ་བ་གསུངས་ཏེ། འཆོས་པ་མཽ་བཤོས་གཉེན་ལ་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱིས ་ས་ས་ལ་སེམས་བསྐྲད་པ་དུ་པ་རྣམས་ཀྱིས་རྣམས་པ་ནགས་པལས་ད་སྨྲ་སྨྲ་པ་གྱུར།། ན་ཏུ་སུ་ས་ན་ཀྱང་བ་དྨ། བྷྱོ་དྡྷ ་ཤེས་བུད་མེད་པདྨ་ནཱ་སྒྱོ་དཀ་པ་ཞིང་ཞེས་བྱ་བ་གསུངས་ཏེ།། ཡེ་ཤེས་ལས་སྨྱོས་པཱ་དང་ནིང་སྟེས་དང་སྔགས་སྐྱེས་ཀྱི་དག་བྱེད་ཀྱི་སྦྱི་མ་མཚན་ཉིད་སྡོམ་ནས་བཱ་ཤྱཱད་བ་ཡིན་ཏེ། དེ་མཚན་ཉིད་གསུམ་སྐྱེ། ཁྱུ་དག་དབྱུ ་སྨྱུང་ལམ་གྱི་མཚོན་ཉིད་དེ།། ཁ་དོག་མོན་དཀར་བ་དང་། དབྱིབས་ནི་མིག་དཀྱིས་རིང་བ་དང་། གོས་དཀར་བ་ལྀ་དགྲའ་བ་དགའ་བ་དང་། ཙནྡ་དན་སྟེར་བའི་དྲི་ཡོད་དང་། དཀོན་མེཆོག་གསུམ་ལ་དང་པོ་ནཱི་རིན་པོ་མོའི་རིགས ་ཀྱི་བུད་མེད་དོ།། བུད་མེད་གང་ཞིག་ཁ་དོག་སེར་བ་དང་། དམར་སེར་གྱིསྟེ་གྱོས་ལ་དགའ་བྱ་དང་། ཛཱ་ཏི་ཙེམ་པ་ཀྭའི་དྲི་ཡོད་པ་དང་། དེ་ཡང་དྲུཀོན་མཆོག་གསུམ་བསྟན་པ་བཟང་པོའི་རྗེས་སུ་འགྲོ་བ་ནི་པདྨའི་རིགས་སོ།། བུད ་མིད་གང་ཞིག་ཁ་དོག་སྔོ་བསངས་ནི་གོས་སྔོན་པོ་ལ་དགའ་བ་ཨཱ་ཏྤ་ལའི་དྲི་ཡོད་པ་དཔའ་བོ་བྱང་ཆུབ་སེམས་དཔའི་རྗེས་སུ་འབྲེང་བའི་ཧེ་རུ་ཀའི་རིགས་སོ།། བུད་མེད་གང་ཞིག་མདོག་བཀར་བ་སྐྱོང་ལམ་པདྨའི་ཊཱིའི་དྲི་ཡོད ་ཐུགས་ཀྱི་འཁོར་ལོའི་དཔའ་བོ་བླ་མ་སྟེ་མི་བསྐྱོད་པའི་རིགས་སོ།། བུད་མེད་གང་ཞིག་དྲུ་མར་བ། གོས་དམར་པོ་ལ་དགའ་བ་མ་ལི་ཀ་དང་ཨུཏྤ་ལའི་དྲི་ཡོད་པ་དེ་ནི་རྡོ་རྗེ་ཕག་མོའི་རིགས་སོ།། བུད་མེད་གང་ཞིག་ཁ་དོག་ལྗང ་སེར་གོས་དཀར་པོ་ལ་དགའ་བ་མགོ་ལ་པདྨའི་དྲི་ཡོད་པ་ནི་དོན་ཡོད་གྲུབ་པའི་རིགས་སོ།། བུད་མེད་གང་ཞིག་ཁ་དོག་དམར་ཞིང་གོས་དམར་བ་ལ་དགའ་བ་ག་པུར་གྱི་དྲི་དང་ལྡན་པ་ནི་རྣམ་པར་སྣང་མཛད་ཀྱི་རིགས་སོ།། དེ་ལྟར་ན་རྣལ ་འབྱོར་པ་བདུན་པོ་དེ་དག་ནི་གཡོན་པ་ལ་སྤྱོད་པ་བདེ་བ་ལམ་དུ་བྱེད་པ་ལ་རྟག་ཏུ་དགའ་ན་རྣལ་འབྱོར་མ་བདུན་གྱི་རྟགས་ཇི་ལྟ་བུ་ཞེ་ན། རྟག་བདུན་གྱི་ཁ་དོག་ཅན་ནོ།། འདི་རྣམས་ཀྱི་སྟོན་པའི་ཡི་གེ་རྣམས་ཀྱང་ཁ་དོག་དྲུག་ཏུ་དབྱེ་བ ་ཡིན་ནོ།། རང་གི་ཕྱག་རྒྱའི་ཚེ་བ་ཞེས་བྱ་བ་ནོ་རིས་དྲུག་གིས་ཕྱག་རྒྱ་རྡོ་རྗེ་དང་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་འཆུང་བའོ།། ཚ་རིགས་བདུན་པ་ཆོས་ཀྱི་དབྱིངས་ཕག་མོ་ཡིན་པས་ཁྱབ་པར་བསྟན་ཏོ།། ངག་གི་རྟགས་ཇི་ལྟ་བུ་ཞེ་ན། རང ་རིགས་ལས་བྱུང་ཚིག་ཏུ་སྨྲ། ཞེས་བྱ་བ་གསུངས་ཏེ། རིས་དྲུག་གིས་ས་བོན་གྱི་ཡི་གེ་དང་མཐུན་པའི་སྐད་འབྱིན།། གཡོན་ལས་འགྲོ་བའི་བུད་མེད་གང་། ཞེས་བྱ་བ་ནི་དབང་བློསྐུར་བའི་ཚེ་བདེ་བ་ལ་མོས་པའོ།། རྣལ་འབྱོར་མ་ཡང ་གཡོན་པ་རྟགས། ཞེས་བྱ་བ་ནི་དབང་བསྐུར་བའི་རྣལ་འབྱོར་མུར་གྱུར་ནས་བདེ་བ་སྒོམ་པ་སྟེ་སེམས་ཀྱི་རྟགས་སོ།། དེ་ལྟར་ཐུན་མོང་གི་རྟགས་བཤད་ནས་ཐབས་ཀྱི་མཚན་ཉིད་ནི་ལག་པ་གཡོན་གྱིས་ཤེས་རབ་མ་ལ་མཆོད་པ་དང ་མིག་གཡོན་པས་ཤེས་རབ་ལ་བལྟ་བ་དང་། བདེ་བ་བསྐྱེད་པའི་གཏམ་སྨྲ་བ་དེ་ནི་ལས་ཀྱི་ཕྱག་རྒྱའི་དམ་ཚིག་དང་ལྡན་པར་བཤད་དོ།། དེ་ཅིའི་སྒོམ་ཞེ་ན། རིགས་ཀྱི་ས་བོན་རབ་ཏུ་བསྒོམ། ཞེས་བྱ་བ་སྨོས་ཏེ། ཤེས་རབ་ཀྱིས ་བོནྡ་སྒོམ་པའི་རིགས་ཀྱི་བྱ་བ་དེར་མི་བྱ་བ་ནི་བཙུནྡྲ་པ་ན་དང་བཙུམ་ཤ་ན་ལ་སོགས་པའི་བྱ་བ་དང་ལྡན་པའི་རང་བརྟགས་གསུངས་པ། སྤོང་བ་མིན་ཞེས་བྱ་བ་ནི་ཐབས་ཀྱི་ཏིང་ངེ་འཛིན་མི་སྤོང་བའོ།། རང་གི་མཚན ་ཉིད་ཇི་ལྟ་བུན་ན། རང་གི་རིགས་ཀྱི་རིག་པ་ཟླས། ཞེས་བྱ་བ་སྨོས་ཏེ། ལྷ་མོ་རིགས་པ་ཟློས་པའོ།། ལུས་ཀྱི་མཚན་རྟིང་ཇི་ལྟ་བུ་ཞེ་ན། ཤེས་རབ་ལ་འདུད་པ་དང་། ལྷ་མོ་ཕྱག་འཚལ་བའི་སྒྲ་ཀུན་དུ་སྨྲ་བ་དེ་ནི་ངེས་པར་རྣམ་པར་ཤེས་པ་དང་། ་ཡེ་ཤེས་ཀྱི་མཐར་ཕྱིན་པའི་བདེ་བར་འགྲོ་བའོ།། རྣལ་འབྱོར་པའི་མཚན་ཉིད་པ་ནི་དགའ་བ་དང་པོ་སྣ་ཚོགས་ཀྱི་དུས་སུ་མཐེ་བོང་ས་ལ་རི་མོ་འབྲི་བ་དང་། འདིར་འཇོག་པ་དང་ཟུར་གྱིས་བལྟ་ཞིང་ལག་པ་སྟོན་པའོ།། མཆོག་དགའ ་མཆོག་རྣམ་པར་སྨིན་པའི་དུས་སུ་རང་གི་རིགས་པའི་ཐབས་དྲན་པ་དང་། ཁུར་བའམ་ཀོསྐོ་འམ་སྣར་ཐལ་མོ་སྟོན་པོའོ།། ལྷན་ཅིག་སྐྱེ་དགའ་མཚན་ཉིད་དང་བྲལ་བའི་དུས་སུ་ཟུར་གྱིས་བལྟ་ཞིང་ཨ་ན་ཧིའི་སྔགས་ཟློས་པ་དང་། ་རིགས་པ་ལ་བལྟ་ཞིང་ངེས་ཅི་འགྱུར་ཞེ་ན། བདེན་པར་སྨྲ་བའི་རྣལ་འབྱོར་པ་ཞེས་བྱ་བ་སྟེ། དོན་རིམ་པའི་བདེན་པ་སྟོན་པའི་རྣལ་འབྱོར་མའོ།། ལེའུ་བཅུ་དྲུག་པའི་རྣམ་པར་བཤད་པའོ།། །། དེ་ལྟར་དག་བྱེད་ཀྱི ་ལྷ་མོ་བཤད་ནས་དབང་གིས་ལྷ་མོ་བཤད་པ་ནི།། དེ་ནས་རྙེད་དཀའི་རྣལ་འབྱོའ་མ་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དང་གནས་དང་སྔོགས་ལས་སྐྱེས་པའི་ལྷ་མོ་བྱང་ཆུབ་ཀྱི་སེམས་དུས་མཉམ་དུ་འབྱིན་པ་ནི་རྙེད་པར་དཀའ་བའོ།། ་དེ་བཞིན་མཁའ་འགྲོ་མ་རྣམས་ཀྱི་ཞེས་བྱ་བ་ནི་ཞི་གནས་ཀྱི་ནམ་མཁའ་དང་ལྷག་མཐོང་གི་ནམ་མལ་འགྲོ་བའི་ཕྱག་རྒྱའོ།། དེ་ལྟར་ཅི་ཞིག་བྱེད་ཅེ་ན། བདུད་རྩི་ལྔ་རྣམས་ཡང་དག་འབྱུང་ཞེས་བྱ་བ་སྨོས་ཏེ། སློབ་མའི་ཁར་བྱང་ཆུབ་སེམས་ཀྱི ་བདུད་རྩི་འབེབས་པའོ།། དེ་ཡང་དུ་ཡིན་ཞེ་ན། རྒྱུད་འབུམ་པ་ལས་བདུན་དུ་གསུངས་ཏེ། སངས་རྒྱས་སྤྱན་དང་ཉེ་བའི་སྔགས་ཕྱག་རྒྱས་སྤྱན་དྲང་སྒྲོལ་མ་དང་ཉེ་བའི་སྒྲོལ་མ་དང་། གོས་དཀར་མོ་དང་། ཉེ་བའི་གོས་དཀརི་མོ་དང་། མཱ་མ ་ཀཱི་འབའ་ཞིག་དང་བདུན་ཏེ། དེ་རྣམས་ལ་ཞི་པའི་གཟུགས་སུ་བཤད་པས། ཡ་མི་ནི་དྲང་སྐྲག་བྱེད་མ། འོད་ལྡན་མ་དང་འཇིགས་གཟུགས་ཅན། ཀུན་སྤྱོད་ཚེ་ཟ་བ་སྱེ་ར། མཁའ་འགྲོ་མ་ནི་རྣམ་པ་བདུན། ཞེས་གསུངས་སོ།། དེ ་མདོར་བསྡུས་པའི་མཚན་ཉིད་རྒྱུད་ཕྱི་མ་ད་ན་མཁའ་དང་མཉམ་པའི་རྒྱུད་དུ་བཤད་པ་ནི།། གཟུགས་ཅན་མ་དང་ཙུམ་བི་ཀ། ལཱ་མ་ཡོངས་སུ་གྱུར་བྱིས་བཅས་མ། མི་ལྡོག་ལྷ་མོ་ཨེ་ཧྲཱི་ཀ། ཞེས་བྱ་བ་གསུངས་ཏེ། བཅུང་ཞིག་ཁྲོ་བོའི ་ཆ་བྱད་སྟོན་པ་ནི་གཟུགས་ཅན་མ་དང་། ཉེ་བའི་གཟུགས་ཅན་མ་དང་། ལཱ་མ་དང་ཉེ་བའི་ལཱ་མ་དང་། ཁཎ་ཌ་རོ་ཧ་དང་ཉེ་བའི་ཁཎ་ཌ་རཽ་ཧ་དང་མཁའ་འགྲོ་མ་འབའ་ཞིག་གོ། དོན་ལས་ཀྱི་མཚན་ཉིད་ལེའུ་ལྔ་བཅུ་རྩ་གཅིག་འདིར་བཤད ་བ་ནི་རྣལ་འབྱོར་པ་ལ་མངོན་པར་ཞེན་པས་བལྟ་བ་དང་། སྨིན་མ་འདེགས་ཤིང་གར་བྱེད་པ་དང་། སྔར་བཞིན་ཁྲོ་བ་ལས་ཕྱིས་དེ་ཞིག་ནས་འཛུམ་པ་དང་། གཟུགས་ཅན་མ་སྟེ་སངས་རྒྱས་སྤྱན་གྱི་མཚན་ཉིད་དོ།། དཔའ་བོ་དང ་གཉིས་སུ་མེད་པ་ལ་དགའ་བ་དང་། བྱིས་པ་སྡུག་ཀྱང་རུང་མི་སྡུག་ཀྱང་རུང་བྱིས་པས་འཁྱུད་ཅིང་འོ་བྱེད་པ་ནི་བཙུ་མ་བི་ཀཱ་སྟེ་ཉེ་བའི་གཟུགས་ཅན་མུ་སྟེ། རྒྱལ་རིགས་གཉིས་སོ།། ཟུར་གྱིས་བལྟ་ཞིང་ཁྲོ་གཉེར་དང་སྦྱིན་རྩཝ ་བསྒྱུར་ཞིང་སྡིགས་མཛུབ་བྱེད་པ་དང་། མ་རུངས་པས་དབུག་མི་འབྱིན་པ་ལྟར་བྱེད་པ་ནི་ལཱ་མ་སྟེ་རྗེའུའི་རིགས་སོ།། ཕོག་ལ་སོགས་པའི་སྲོག་ཆགས་རྣམས་འཇིགས་པར་བྱེད་པ་ནི་ཉེ་བའི་ལཱ་མ་སྟེ་རིགས་གཉིས་ཡིན་ནོ།། ཤིན་ཏུ་རྒུད ་པ་དོང་སླར་གནས་ནས་སོང་ནས་ཕྱིར་མི་ལྡོག་པ་ཁཎ་ཌ་རོ་ཧ་སྟེ་བྲམ་ཟེའི་རིགས་སོ།། ཡིད་ཀྱིས་ཀུན་ཏུ་སྦྱོར་བས་སྙོམས་པར་འཇུག་པ་དང་། རྐང་པ་མ་མ་ཀཱིས་རེག་ན་མི་འཚོ་བ་ནི་ཁཱཎ་ཌ་རོ་ཧ་དང་ཉེ་བའི་ཁཎྜ་ཌ་རོ་ཧྭའི་རིགསོ།། ་མཁའ་འགྲོ་མ་ནི་འདིར་ཤེས་པ་ནི་དམོངས་རིགས་མཐའ་ཡས་ཡིནི་མཚན་ཉིད་རྒྱ་ཆེར་མ་བཤད་དོ།། དེས་ཙ་ཞིག་བྱེད་སྙམ་ན། དབང་པོའི་དབང་སོགས་ཡིན་པར་འདོད། ཅེས་བྱ་བ་ནི་དབང་བསྐུར་བ་དང་ཚོགས་བྱེད་པ་དང་། ་མཆོད་པ་བྱེད་པ་དང་། ཁམས་ལྟ་བ་དང་བཞི་ཀཪྵ་བཏུས་པའི་དེ་དག་ནི་ཁྱིམ་དུ་ཅི་ཞིག་འགྲོ་ཞེ་ན། གཟུགས་ཅན་མོས་ཐོད་པ་ཉེ་བའི་གཟུགས་ཅན་མོས་དགྲ་སྟ། ལཱ་མས་མཆེ་བ་ཉོ་བའི་ལ་མྱས་རེལ་གྲི། གོས་དཀར་མོས་དགྲ ་སྟ། ཉེ་བིའོ་གོས་དཀར་མོས་རྡོ་རྗེ། མཁའ་འགྲོ་མས་ནི་འགྲོ་བ་ཡིན་ན་མི་ཐུབ་ཟླ་བ་དང་འབའ་བ་མའི་ཞལ་སྔ་ནས་ནི་སྐུའི་འཁོར་ལོའི་བརྩོན་འགྲུབ་ཆེན་མོ་ནས་བརྩམས་ནས་ཐུགས་ཀྱི་འཁོར་ལོའི་བར་རབ་ཏུ་མ་མའི་བར་དུ ་ཉི་ཤུ་རྩ་བཞི་ཡོད་པ་ལ། རིས་དྲུག་དང་སྦྱར་ན་རྡོ་རྗེ་སེམས་དཔའ་ལ་བཞི། ཉེ་བའི་གཟུགས་ཅན་མ་ལ་རྣམ་པར་སྣང་མཛད་ལ་བཞི། ཙུམ་བི་ཀ་དང་པདྨ་གར་གྱི་དབང་ཕྱུག་ལ་བཞི། ལཱ་མ་དང་དཔལ་ཧེ་རུ་ཀའི་བཞི་ལ་ཡོངས་འགྱུར ་མཱ་དང་། རྡོ་རྗེ་ཉི་མའི་བཞི་ལས་བྱས་བཅོས་མ་དང་། རྟ་མཆོག་གི་བཞི་ལ་མི་ལྡོག་པ་བཞིས་བྱས་ཏེ། དེ་ལྟར་ཉི་ཤུ་རྩ་བཞི་ཡིན་ལ་ཧཾ་ཨེ་ཧི་ཀ་ནི་རྡོ་རྗེ་ཕག་མོའི་རིགས་ཡིན་ནོ་ཟེར་རོ།། ཡེ་ཤེས་ཀྱི་ལྷ་མོ་ཁྱོ་ན་བཤད་པ་ནི་མ ་ཡིན་གྱི་ཞིང་སྐྱེས་དང་སྔགས་སྐྱེས་ཀྱང་བཤད་པ་ཡིན་ཏེ། མི་ལྡོག་པ་ནི་ཞེས་བྱ་ཏེ། སྒྲུབ་མ་ནི་བར་ནི་དེ་བཤངོ་།། ཞེས་གསུངས་པའོ།། ལས་དང་པོའི་རྣལ་འབྱོར་མེའི་བྱེ་བྲག་ཀྱང་བཤད་པ་ཡིན་ནོ།། ལེའུ་བཅུ་བདུན ་པའི་རྣམ་པར་བཤད་པའོ།། ། དེ་ལྟར་དབང་གི་ལྷ་མོ་བཤད་ནས། དོ་ནི་ཚིགས་ཀྱི་འཁོར་ལོ་བཤད་པར་བྱ་སྟེ། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་གསུངས་པ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པའི ་ཡན་ལག་ནི་དབང་བསྐུར་བ་ལས་གཞན་ནོ།། མཁའ་འགྲོ་མ་རྣམས་ཀྱི་མཚན་ཉིད་ཅེས་བྱ་བ་ནི་ཕྱིས་མཆོད་པའི་ལྷ་མོ་བརྒྱད་ཀྱི་མཚན་ཉིད་དོ།། དེ་རྣམས་ཀྱི་མཚན་ཉིད་ཤེས་ནས་མཁའ་འགྲོ་མའི་དམ་ཚིལ་གནས་པས་བདེ་བ ་རྙེད་པར་འགྱུར་རོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། དམར་ཞིང་སེར་བའི་བུད་མེད་གང་ཞེས་བྱ་བ་སྨོས་ཏེ། ཁ་དོག་དམར་ཞིང་སེར་བ་དང་། སྤྱོད་ལམ་པདྨའི་དྲི་གཏོང་དང་། དབྱིབས་ཀྱི་ལྷ་ལྟར་ཞི་བ་དང ་རྣལ་འབྱོར་པ་ཞེན་པས་བཱལྟ་བ་ལ་སོགས་པའི་མཚན་ཉིད་ཅན་ནི་གསུང་སྣང་བ་མཐའ་ཡས་ཀྱི་རིགས་ཅན་ནོ།། སྨིན་མ་སྦྱངས་ནང་རྩེ་གསུམ་ཡོད་ཅེས་བྱ་བ་ནི་མོ་གསུམ་པའི་དབྱིངས་ལ་ཁྭ་དག་སྔོ་སྐྱལ་སོགས ་པའི་མཚན་ཉིད་ཅན་ནི།། ཐུགས་མི་བསྐྱོད་པའི་རིགས་སོ།། གང་གི་དཔྲལ་བར་རྩེ་གསུམ་པ། ཞེས་བྱ་བ་ནི་དཔྲལ་བར་རྩེ་གསུམ་པའི་དབྱིབས་དང་། ཁྭ་དོགས་དམར་སེར་ལ་སོགས་པའི་མཚན་ཉིད་ལ་སོགས་པའི་མཚན་ཉིད ་དང་ལྡན་པ་ནི་སྒྲོལ་མ་སྟེ་ཧེ་རུ་ཀའི་ལོ་མའི་རིགས་སོ།། འཁོར་ལོ་གང་གིས་དཔྲལ་བ་འམ། ཞེས་བྱ་བ་ནི་དབྱིབས་དང་ཁེ་དོག་སྔོན་པོ་དང་འང་བའི་མཚན་ཉིད་དང་ལྡན་པ་ནི་རྣམ་པར་སྣང་མཛད་ཀྱི་རིགསོ།། གང་ཞིག་མིག ་སྨན་ནགས་ལྟར་ཞིང་ཞེས་བྱ་བའི་ཁ་དོག་ལྔས་ནི་དཀར་ཞིང་མཐོང་བ་དང་། ཞེས་བྱ་བ་ནི་དབྱིབས་ལ་སོགས་པའི་མཚོན་ཉིད་དང་ལྡན་པ་ནི་ཡུམ་རྡོ་ཕག་མོ་རིགས་སོ།། སེར་ཞིང་སེར་བའི་ཁ་དོག་འདྲི་བར་སྣང་ཞེས་བྱ་བིའི་ཁ་དོག་དང་། ་མིག་མི་གཡོ་ལ་སོགས་པའི་དབྱིབས་དང་ལྡན་པའི་ཁཎ་ཌ་རོ་ཧའི་རིགས་སོ།། གང་ཞིག་རྟག་པར་ཤ་ལ་དགའ།། ཞེས་བྱ་བ་སྐྱེད་ལམ་དང་མིག་སྨན་ལ་སོགས་པའི་མཚན་ཉིད་དང་ལྡན་པ་ནི་མཁའ་འགྲོ་མོའི་རིགས་སོ།། ་སྤྲིན་གྱི་མདོག་འདྲའི་བུད་མེད་གོང་ཞེས་བྱ་བའི་ཁ་དོག་དང་། སོ་ནི་མི་མཉམ་པར་གནས་ཤིང་ཞེས་བྱ་བའི་དབྱིབས་དང་། རྟོག་གདུག་པ་ཡི་ལས་ལི་དགའ།། ཞེས་བྱ་བ་ལ་སོགས་པའི་སྤྱོད་ལམ་དང་ལྡན་པ་ནི་གཟུགས ་མའི་རིགས་སོ།། མཁའ་འགྲོ་མ་ཡི་ཚོགས་འདི་དག། ཅེས་བྱ་བ་རིགས་གསུམ་ཡབ་ཡུམ་ལྔའི་ཚོགས་སོ།། ཞེས་བྱ་བ་ཅིའི་ཕྱིར་གསུངས་ཤེ་ན། སྒྲུབ་པ་པོ་ལ་ཕན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚོགས་ཀྱི ་འཁོར་ལོ་ལ་ཕན་པའི་ཕྱིརརོ།། ལེའུ་བཅོ་བརྒྱད་པའི་རྣམ་པར་བཤད་པའོ།། ། ཚོགས་ཀྱི་འཁོར་ལོའི་ལྷོ་མོ་བཤིང་ནས་མེ་ཚང་པའི་ལྷ་མོ་བ་བདྨོ་པ་ནི། དེ་ནཱས་གཞན་ཡང་བཤཱ་བྱཱ་བ་ཞེས་བྱ་བ ་གསུངས་ཏེ། དཔའ་བོས་ལྷ་མོ་ལས་གཞན་ཡང་བཀའ་སྩལ་གནང་བས་མཆོད་པ་བྱེད་པའི་ལྷ་མོ་བཤད་པར་བྱའོ།། རྣམ་པར་སྣང་མཛད་ལ་སོགས་པའི་རིགས་ཅན་གྱི་ལྷ་མོ་དེའི་རིགས་ཀྱི་རྣལ་འབྱོར་པོ་ལ་མཆོད་པའི ་ཡན་ལག་ཏུ་བཀྲུས་གནང་བ་ཡིན་ནོ།། སྒྲུབ་པ་པོ་ཡིས་ལཱ་མ་ཡིན།། ཞེས་བྱ་བ་ནི་མཆེད་པིའི་ཕྲིན་ལས་བྱེད་པའི་སྒྲོལ་མའི་རིགས་ཀྱི་ལྷ་མོ་ནི་ལཱ་མའོ།། དེ་ཡང་རིགས་ཀྱི་བྱེ་བྲག་གིས་ལྔ་ཡོད་པས་མཚན་ཉིད་ཀྱི་ནི ་ཁྱད་པར་དང་། ཞེས་བྱ་བ་སྨོས་ཏེ།། དེ་ཡ་ཁ་དོག་གིས་མཚན་ཉིད་ཀྱི་ཁྱད་པོར་དང་། དབྱིབས་ཀྱི་མཚན་ཉིད་ཀྱི་ཁྱད་པར་དང་། སྤྱོང་ལམ་གྱི་ཁྱད་པར་དང་། ཟླ་མཚན་འབྱུང་བའི་ཁྱང་པཱར་དང་བཅས་པའི་ཕྱག་རྒྱུ་དང ་ཕྱག་རྒྱའི་ཡན་ལག་གི་ཁྱད་པར་གྱིས་ཡན་ལག་གི་ཚིག་ཤེས་པར་བྱའོ།། དེ་ལྟར་མདོར་བསྟན་བརྒྱད་པར་བཤད་པ་ནི། བུད་མར་གང་ཞིག་བཞིན་ཟླུམ་ཞིང་སྨ་ར་དང་སྨིན་མ་རིང་བ་དབྱིབས་ཀྱི་མཚན་ཉིད་དོ།། གོས ་གཅེང་འདོད་སེམས་བཞི་པ་དང་། བདེན་པར་སྨྲ་བ་དང་དམ་པའི་ཆོས་ལ་དགའ་བ་ནི་སྤྱོད་ལམ་གྱི་མཚན་ཉིད་དོ།། དེའི་ཡན་ལག་གི་ཕྱག་རྒྱ་ནི་རྣལ་འབྱོར་པས་མཐེ་ཆུང་དང་། མཐེ་བོང་གཉིས་སོ་སོར་བསྒྲིབས ་ལ་སོར་མོ་རྣམས་བརྐྱང་བ་ནི་པདྨའི་ཕྱག་རྒྱའོ།། ལག་པ་གཡོན་པས་ཁ་སྦུག་ཏུ་བྱས་པ་ལ་གཡས་པ་དེའི་སྟེང་དུ་ཁ་སྦུབ་ནས་གཡོན་པའི་སོར་མོའི་བར་དུ་གཡསྨི་སོར་མོ་བཞག་པ་ནི་རུས་སྦྲུལ་གྱི་ཕྱག་རྒྱའོ།། དེའི་ལན་དུ་རྣལ་འབྱོར། ་མས་པདྨའི་ལན་རི་རིགས་ཀྱི་འཛིན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱ་སྟེ། གཡོན་པའི་ཁུ་ཚུར་ནུ་མ་གཡོན་པའི་སྟེང་དུ་བཞག་པ་ནི་རུས་སྦལ་གྱི་ལན་དུ་རྡོ་རྗེ་ཁུ་ཚུར་པུས་མོའི་སྟེང་དུ་བཞག་པ་ནི་བྱམས་པའི་ཕྱག་རྒྱའོ།། ་ཆེས་བཅུ་ལ་ཟླ་མཚན་འབྱུང་བ་དང་། སྤྱོད་ལམ་ཁྱིམ་དུ་པདྨ་བྲི་བའོ།། དེ་ལྟར་རྡོ་རྗེ་རིགས་ཀྱི་ལཱ་མ་བཻཤང་པ་ནི་མཆུ་རིང་ཞིང་མིག་དཀྱུས་རིང་བ་ནི་དབྱི་བསོ།། དམར་སེར་ནི་ཁ་དོག་གི། ཕྱུག་པ་ལ་སོགས་པ་ནི་ཡོན་ཏན་ནོ།། ་རརིང་མིན་ཐུང་མ་ནི་ནི་དབྱིབས་སོ།། སྣ་ཚོགས་པའི་གོས་ལ་དགའ་བ་ནི་སྤྱོད་ལམ་མོ།། དཔྲལ་བར་རི་མོ་གསུམ་ཡོད་པ་དང་། སྐྲ་མཚམས་གྱེན་དུ་བལྟ་སྔ་ནི་དབྱིབ་སོ།། རྒོད་ཅིང་དགའ་བ་ལ་སོགས་པ་ནི་སྤྱོད་ལམ་མོ།། དེ་ལ་རྣལ ་འབྱོར་པས་མཛུབ་མོ་གཡོན་པ་བསྒྲེང་བ་མདུང་གི་ཕྱག་རྒྱ་བསྟན་པ་དང་རྐང་གཡོན་པ་བསྐུམ་པའི་གར་བསྟན་ནས་རྣལ་འབྱོར་མས་ལན་དུ་བལྟན་པོ་གཡོན་པའི་མདུང་ནི་ཕྱག་རྒྱ་བྱེད་པ་དང་། གཡོན་པ་བསྐོར་ནས ་འགྲོ་བ་ནི་ཕྱག་རྒྱའི་ལན་ནོ།། བཅུ་བཞི་དང་ཆུས་བརྨྨ་སཱ་ནི་བདྨ་མཚན་གྱི་དུས་སོ།། ཁྱིམ་དུ་མདདུ་རྩེ་གསུམ་པ་བྲི་བ་ནི་སྤྱོད་ལམ་མོ།། འཇིག་རྟེན་དབང་ཕྱུག་གཽ་ལྷྭ་མྦྷ་སྟོན་པ་ནས་ལས་ཀྱི་རིགས་ཀཱི་ལ་མྦྷ་སྟོན་པའི་བར་མཁུར་ཚོས་དུས་སུ། ་ཁུང་བུ་སྣང་བ་ནི་དབྱིབས་སོ།། དམར་སེར་ནི་ཁ་དོག་གོ། སྐྲ་ང་ཁྱིལ་པ་ནི་དབྱིབས་སོ།། དཔྲལ་བ་དར་གྱིས་བཅིངས་པ་ནི་སྤྱོད་ལམ་མོ།། དཔྲལ་བར་རི་མོ་གཅིག་ཡོད་པ། མགྲིན་པ་རིང་བ་ནི་དབྱིབས་སོ།། གོས་དམར་པོ་དགའ ་བ་ནི་སྤྱོད་ལམ་མོ།། གཡས་པའི་ཁུ་ཚུར་གྱི་མཛུབ་མོ་བསྒྲེང་ནས་མདུང་གི་ཕྱོག་རྒྱ་བྱ་བ་དང་། གཡོན་པའི་པུས་མོའི་ཐང་ཀོར་ཁ་ཐུར་དུ་བྱ་བ་ནི་དྲིལ་བུའི་ཕྱག་རྒྱ་བསྟན་པའོ།། རྣལ་འབྱོར་པསུ་གཡོན་ནས་ལྡོག་པ་ནི་ལན་ཡིན་ནོ།། ་ལས་ཀྱི་ལཱམ་བསྟན་ནས་ཧེ་རུ་ཀའི་ལམ་བསྟན་པ་ནི་ཐུང་ཞིང་འབྱིན་པ་སྦོམ་པ་ནི་དབྱིབས་སོ།། གོས་སེར་ལོ་དགའ་བ་ནི་སྤྱོད་ལམ་མོ།། བུད་མེད་དེ་གཡས་པའི་ཁུ་ཚུར་གྱི་གུང་མོ་བསྐྱོང་བ་ནི་རྡོ་རྗེའི་ཕྱག་རྒྱའོ།། གཉིས་པ་དུས ་ཀྱི་ཕྱག་རྒྱ་ནཱི་སར་མཱཾ་ཐམས་ཅངྒ་ཀྲྀ་རྣ་མ་གརྦྷ་མཱ་པའོ།། རྣལ་འབྱོ་མས་གཡོན་ནས་ཡོངས་སུ་ལྡོག་པ་ནི་ཕྱག་རྒྱའི་ལན་ནོ།། བཅུ་བཞིནི་ཐ་མཚན་འབྱུང་བའི་དུས།། ཁྱིམ་དུ་རྡོ་རྗེ་འབྲི་བོ་ནི་སྤྱོད་ལམ་མོ།། ཧེ་རུ་ཀའི་ལམ་ལ་ནི་ས ་ཀུན་ལ་སྤུ་ཡོད་པ་ནི་དབྱིབས་སོ།། མིག་ནག་ཅིང་སེར་བ་ཁ་དོག་གོ།། སྦོམ་པ་ལ་སོགས་པ་ནི་དབྱིབས་སོ།། གླུ་མཁས་པ་ནི་སྤྱོད་ལམ་མོ།། སྤྲིན་གྱི་མདོག་ཅན་ནོ་དེ་རྣལ་འབྱོར་པས་ལག་པའི་སོར་མོ་བཅུ་བརྐྱང་ནས་ཀླུའི་ཕྱག ་རྒྱུ་བསྟན་པ་ནི་ཁུ་ཚུར་གཡོན་ནས་མཛུབ་མོ་བསྒྲེང་བ་མདུང་གི་ཕྱག་རྒྱ་བསྟན་པར་བྱའོ།། རྣལ་འབྱོར་མས་གཡོན་ནས་ལྡོག་པ་ནི་ཕྱག་རྒྱའི་ལན་ནོ།། ཚེས་བཅུ་གཅིག་ནི་ཟླ་མཚན་འབྱུང་བའི་དུས་སོ།། ཁྱིམ་དུ ་རྡོ་རྗེ་འབྲི་བ་སྤྱོང་ལམ་མོ།། ལེའུ་བཅུ་དགྲཱྀ་བའི་རྣམ་པར་བཤད་པའོ།། ། དེ་ལྟར་ལྷ་མོ་གསུམ་གྱི་བརྡའི་མཚན་ཉིད་བསྟན་ནས། ད་ནི་ལྷ་མོ་གསུམ་གྱི་བཛྲ་བསྟན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ། ཞེས་བྱ ་གསུངས་ཏེ། དེ་ལ་དང་པོ་དབང་གི་ལྷ་མོའི་བརྡ་བསྟན་ཏེ། མཁའ་འགྲོ་གཡོན་གྱི་གྲཝ་རྣམས་ཏེ། ཞེས་བྱ་བ་ནི་ཡེ་ཤེས་དང་གནས་དང་སྔགས་ལས་སྐྱེས་པས་སོ།། གཡོན་གྱི་བདེ་བ་ནི་ཞི་གནས་ཀྱི་བདེ་བ་དང་། ལྷག་མཐོང་སྟོང་པ ་ཉིད་བསྒོམ་པ་བརྡའོ།། ཐོད་པ་ཅི་ཡིན་ཞེ་ན། སྤུན་དང་སྲིང་མོར་ཤེས་པའོ།། ཁ་སྦྱར་ངར་མཉམ་སྦྱོར་ལས་བརྡ་འདི་རྣམས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིན་པས་ཐ་མལ་པའི་སྤྱོད་ལམ་བཞག་ནས་ཟག་པ་མེད ་པའི་སྤྱོད་ལམ་ལམ་ལ་འཇུག་པ་ཡིན་ནོ།། ཞེས་གསུངས་སོ།། རྒྱུད་འདིར་སྦྱོར་བའི་དུས་སུ་སྤྱན་དང་སྲིང་མོར་ཤེས་པར་བྱ་བ་བརྡ་དང་། རྡོ་རྗེས་བཞི་ཚེ་དེ་བཞིན་གཤེགས་པའི་བརྡ་བྱེད་པ་དང་གཉིས་ཀ་ཡིན་པར་ཤེས་པར ་བྱའོ་སོ་དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤང་པ་ནི་ལག་པ་གཡོན་པའི་སྟོན་པ་ཕྱག་འཚལ་པའི་སྲིན་ལག་སྟོན་པས་ཕྱག་འཚལ་བ་ལ་སོགས་པའི་ལན་དུ་སྟོན་པ་ནི་སྦྱོར་བའི་ཚེ་ནའོ།། ངོ་ཤེས་པར་བྱེད་པ་དང་། དངོས ་གཞི་ཟག་ཅེས་ཀྱི་སྤྱོད་པ་བཏུལ་ནས་ཟག་མེད་ཀྱི་སྤྱོད་པ་ལ་འཇུག་པ་ཡིན་ནོ།། ལྷག་མ་ནི་གོ་སླ་བས་མ་བཤད་།། ལེའུ་ཉི་ཤུ་པའི་རྣམ་པར་བཤད་པའོ།། ། དེ་ལྟར་དབང་གི་ལྷ་མོའི་བརྡ་བསྟན་ནས། ཚོགས་ཀྱི་འཁོར་ལོ ་དཔའ་བོའི་ལྷ་མོའི་བརྡ་བཤད་པ་ནི། དེ་ནས་ཡང་དག་ཕྱག་རྒྱ་ཡིས། མཚན་ཉིད་ང་ཡིས་བཤད་པར་བྱ།། ཞེས་བྱ་བ་སྨོས་ཏེ། ལག་པའི་ཕྱག་རྒྱའི་མཚན་ཉིད་ནི་སྦྱོར་བའི་ཚེ་ན་ངོ་ཤེས་པར་བྱེད་པའམ་དངོས་གཞིའི་ཚེ་སངས་རྒྱས་ཀྱི་སྤྱོད་ལམ ་སྟོན་པའོ།། དངོས་གཞི་དེ་ལྟར་བྱས་ཀྱང་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། གསང་བ་འམ་ནི་དོན་ཆེན་ལོ།། ཕྱག་རྒྱ་འདི་ནི་སྦྱར་བར་བྱའོ།། ཞེས་གསུངས་པས། དངོས་གྲུབ་ལྷ་ལས་ལེན་པའམ་རྣལ་འབྱོར་མ་ལས་ལེན་པ་གཉིས་སུ་ཤེས་པར ་བྱས་ཏེ། དངོས་གྲུབ་ལྔ་ལས་ལེན་པ་ནི་ལྷའི་སྙིང་གར་བཅུ་བཅུག་པས་རྣལ་འབྱོར་མངོན་སུམ་བསྐྱེད་པའི་བྱིནི་རླབས་ཀྱིས་ལོམ་སྟོན་པ་ཡིན་ལ། རྣལ་འབྱོར་མ་ལས་དངོས་གྲུབ་ལེན་པ་ནི་སྟོང་ཉིད་ཀྱི་ལམ་མངོན་སུམ་དུ་རྟོགས ་པོས་མངོན་སུམ་གྱི་ལམ་ཡིན་ནོ།། དེ་ལྟར་མདོར་བསྟན་ནས་བརྒྱས་པར་བཤད་པ་ནི། བུད་གང་སྤྱི་གཙུག་ལ་རེག་པ་ཞེས་བྱ་བ་སྨོས་ཏེ། བུད་མེད་གང་ཞིག་ཡེ་ཤེས་དང་ཞིང་དང་སྔགས་ལས་སྐྱེས་པས་སོ།། དེ་སྤྱི་གཙུག་ལ ་རེག་པའི་ཁོ་མོ་རྩ་ཨ་བ་དྷཱུ་ཏིའི་ནམ་མཁའི་རྩ་ཡོད་པས་སྟོན་པ་ཡིན་ནོ།། ཕྱག་རྒྱའི་ལན་དུ་མགོ་བོ་དེ་ལ་བསྟན་པར་བྱ། ཞེས་བྱ་བ་ཁོ་བོའི་བདེ་བ་ནི་སྟོང་པ་ཉིད་རྟོགས་པར་འདོད་ཅེས་སྨྲ་བ་ཡིན་ནོ།། དེ་ལྟ་བུ་གང་ཞིག་དཔྲལ་བར ་སྟོན་པ་ལ་སྩོགས་པ་ཐམས་ཅད་ནི་ན་མཁའི་རྩ་སྟོན་པར་ནུས་སོ་ཞེས་པ་ཡིནྡ་ལ། རྩ་ལྔས་ཆོས་སྟོན་པ་ལ་སོགས་པ་ལན་གྱི་ཕྱག་རྒྱ་ཐམས་ཅད་ནི་བདེ་བ་སྟོང་པ་ཉིད་མངོན་སུམ་དུ་སྒོམ་ཞེས་སྟོན་པ་ཡིན་ནོ།། ་བརྡ་མི་འདྲ་བ་མང་པོ་ནི་ཚོགས་ཀྱི་འཁོར་ལོའི་རྣལ་འབྱོར་མ་སུམ་ཅུ་རྩ་བདུན་གྱི་ཁྱད་པར་རོ།། ལེའུ་ཉི་ཤུ་རྩ་གཅིག་པའི་རྣམ་པར་བཤད་པའོ།། ། དེ་ལྟར་དཔའ་བོའི་བསྟན་ནས།། བཀས་གནང་བ་མཆོད་པའི་ལྷ་མོའི ་བརྡ་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་གསུངས་ཏེ། ཡན་ལག་ཇི་བཞིན་ཆོ་ག་བཞིན།། ཞེས་བྱ་བ་ནི་ཉིང་ལག་གི་སོར་མོའི་བརྡའོ།། དགོས་ཅི་ཞིག་ཅེ་ནི། སྤྱན་དང་སྲིང་མོར་ཤེས་པར་འགྱུར་པའོ།། དེ་ལྟར་མདོར ་བསྟན་ནས་རྒྱས་པར་བཤད་པ་ནི། སོར་མོ་གཅིག་སྟོན་པ་ནི་ཕྱག་འཚལ་བྱའོ།། དེ་གཉིས་སྟོན་པ་ནི་ཕྱག་འཚལ་བའི་ལན་ནོ།། འདི་ནི་རྣལ་འབྱོར་ཀུན་གྱི་ཞེས་བྱ་བ་ནི་ངག་བྱེད་ཀྱི་དབང་གིས་ལྷ་མོ་དང་དཔའ་བོའི་ལྷ་མོ་བཀའ་བསྒོ་བ ་བསྐྱེད། དེ་འོག་མ་ལུས་ཀུན་སྤྱོད་མ་ཞེས་བྱ་བ་ན་རིགས་ལྔའོ།། ཐུན་མོང་གི་ཕྱག་འཚལ་བ་དང་དེའི་ལན་ཡིན་ནོ།། མཛུབ་སོར་གཉིས་བཀུག་མིག་གཽ་རྒྱ་ཞེས་བྱ་ནི་ཨ་བ་དྷྲྀ་ཏཱི་ཁ་འབྱེད་ཞེས་སམ་ཞེས་དྲིས་པ་ཡིན་ནོ།། སྔགས་པས ་གང་ལ་དེ་བསྟན་ཏེ། ཞེས་བྱ་བོ་མི་མཆོད་པའི་ལྷ་མོ་སུམ་བཅུ་རྩ་བདུན་པོའོ།། དོར་ཕྱག་རྒྱའི་ལན་དུ་མཛུབ་སོར་གཉིས་བཀུག་ནས་དེ་ནས་བཻརྩམས་ཏེ་ཇི་སྲིད་འོ་ཚེའི་བར་དུ་བསྟན་པ་ནི་བདེ་བ་མི་ཉམས་པ་ལ་དབང་ཐོབ་པར་ཐེ་ཚོམ ་མེད་དོ།། རྡོ་རྗེ་ཕག་མོ་ལྟ་བུ་གང་ཞིག་གུང་མོ་སྟོན་པར་བྱེད་ན་རྣལ་འབྱོར་པས་མཛུབ་མོ་བསྟན་པར་བྱའོ།། གང་ཞིག་སྲིན་ལག་སྟོན་པ་ནི་རབ་ཏུམ་མོ།། དེ་ནས་བརྩམས་ཏེ་གང་ཞིག་དཔྲལ་བ་སྟོན་པ་ཞེས་བྱ་བ་ཐ་མར་བསྟན་པ་ནི ་ཤིང་གྲིབ་མའི་བཛྲའོ།། དེའི་ལན་ལྱཱ་ནས་བརྣམས་ཏེ་ལྟེ་བའི་བར་དུ་བསྟན་པ་ནི་དཔའ་མོའི་བརྡ་སྟེ། ཐུགས་ཀྱི་འཁར་ལོ་ལ་བསྟན་པ་བཞིན་དུ་སྐུ་དང་གསུང་ལ་སོགས་པ་ལས་སྟོན་པ་ཡིན་ནོ་ཞེས་བསྒོ་བར་བྱ་བའི་ཕྱིར་འདི་ནི་རྣལ་འབྱོར ་མ་ཀུན་གྱི་རིམ་བཞིན་ཡན་ལག་ཕྱག་རྒྱུ་ཡིས་ཞེས་བྱ་བ་སྨོས་ཏེ། ཐུགས་ཇི་ལྟ་བ་བཞིན་དུ་གསུང་དང་སྐུ་དང་དམ་ཚིག་མཁའ་འགྲོ་མ་ལས་ཀྱང་གི་རིམ་བཞིན་དུ་ཡན་ལག་ཕྱག་རྒྱ་ཡིན་ནོ།། འདི་དག་རྟགས་བསྟོན་གསོང་བ་པཱ་ཞེས་བྱ་བ ་ནི་ཆགས་པའི་ལམ་གསང་བ་བ་རྣལ་འབྱོར་མོར་བརྫིའི་རྟགས་ཤེས་ནས་ཡང་དག་ལྦུ་བ་གྲུབ་པར་འགྱུར་ཞེས་བྱ་སྟེ། ས་བཅུ་གཅིག་གི་ཡེ་ཤེས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ།། རྣལ་འབྱོར་པ་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་དང་བར ་ཡང་མི་ཤེས་ལ་རྣལ་འབྱོར་མུ་དབང་བསྐོར་བ་ཐོབ་ཀྱང་མི་ཤེས་ན་ཇི་ལྟར་རིས་དྲུག་གི་བདག་ཉིད་དུ་ཤེས་པར་བྱོ་ཞེ་ན། རྡོ་རྗེ་མཁའ་འགྲོ་ལས་ལྷའི་འཁོར་ལོ་བྲེས་ལ་མེ་ཏོག་འཕང་པ་འམ་ལོག་པས་རེག་པ་འམོ། ཡི་གེའི་སྡེ་ཚན་ལྔར ་བྱས་ལག་པ་རེག་པ་འམོ། མེ་ཏོག་འཕངས་ན་དེའི་རིགས་སུ་ཤེས་པར་འགྱུར་རོ།། ཡི་གེ་དེ་ཡང་གང་ཞེས། ཨ་རིང་ཐུང་གཉིས་དང་སྡེ་ཚན་ལྔའི་དང་པོ་ལ་རྡོ་རྗེ་ཡི་གེ་བདུན་གྱི་དེ་བཞིན་གཤེགས་པའི་རིགས་སོ།། ཨི་ཨཱི་གཉིས་དང ་སྡེ་ཚན་གྱི་དང་པོ་འོག་གཉིས་དང་། མཐར་གྱིས་དང་། འོག་གཉིས་དང་དགུ་ནི་རིན་པོ་ཆེའི་རིགས་སོ།། ཨུ་ཨཱུ་དང་སྡེ་ཆེན་གྱི་གསུམྦ་མཐར་གནས་ཀྱི་གཉིས་དང་དགུ་ནི་པདྨའི་རིགས་སོ།། ཨེ་ཨཻ་གཉིས་དང་སྡེ ་ཚན་གྱི་བཞི་པ་ལྔ་དང་དྲོད་དང་མཐར་གནས་ཀྱི་ཐ་མ་གཉིས་ནི་ལས་ཀྱི་རིགས་སོ།། ཨོཾ་ཨཻ་དང་ཨཾ་ཨཿདང་ཐ་དབྱངས་བཞི་དང་སྡེ་ཆེན་གྱི་ཐ་མ་ལྔ་ནི་མཐར་གནས་ཀྱི་དང་པོ་གཉིས་པ་བདུན་ནི་རྡོ་རྗེའི་རིགས་སོ།། ལས་དང་པོ་པས ་གཞན་རྟོགས་པའོ།། ལེའུ་ཉི་ཤུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། །། དེ་ལྟར་དགྲ་བྱེད་དང་དཔའ་བོ་དང་བཀས་གནང་བའི་མཚན་ཉིད་ཀྱི་ལེའུ་བཞི་དང་བཛྲའི་ལེའུ་བཞི་བསྟན་ནས་ཀུན་སྤྱོད་ཀྱི་མཚན ་ཉིད་བསྟན་པར་བྱ་བ་ནི། དེ་ནས་གཞན་ཡང་བཤད་བྱ་བ།། ཞེས་བྱ་བ་གསུངས་ཏེ། མཁའ་འགྲོ་མ་ཡི་མཚན་ཉིད་དེ། ཞེས་བྱ་བ་གསུངས་ཏེ། མཁའ་འགྲོ་མའི་ཀུན་སྤྱོད་མའི་རིགས་ཏེ་ལྔའོ།། གླང་གིས་རིགས་ན་ཕོ་ཉ་མོ ་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཤེས་ནས་ཕོ་ཉ་མོའི་ལས་ཀྱི་ཕྱག་རྒྱ་བསྒྲུབ་པའོ།། དཔའ་བོའི་སྲིང་མོར་ཤེས་པར་འགྱུར་བའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། དམ་ཚིག་ཅན་གང་རྗེས་ཆགས ་པས་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་མ་བསྒྲུབ་པའི་ཆོ་ག་སྟོན་པ་ཡིན་ནོ།། རྣལ་འབྱོད་པ་དམ་ཚིག་ཅན་གང་རྣལ་འབྱོར་མ་ཅན་གང་ཡིད་དུ་འོང་བ་ལ་རྗེས་སུ་ཆགས་པའོ།། དེ་ཇི་ལྟར་སྒྲུབ་ཅེ་ན། རྣལ་འབྱོར་ལོ་བརྒྱད་པ ་བཞི་ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི་ཏིང་ངེ་འཛིན་གྱི་ལོ་ཏོག་བསྐྱེད་པའི་ས་པ་ཞེས་བྱ་བ་ནས་རྣལ་འབྱོར་པའི་ལུས་ཀྱི་འཁོར་ལོ་སྡོམ་པ་མཆོད་པར་བྱའོ།། གསང་བ་འདུས་པ་ཁ་སྦྱོར་ལས། མིའི་བུད་མེད་མ་ཉིད་ན་མཁའི ་བརྡ་སྟོན་པའི་ཕྱིར་དུད་འགྲོ་སྟོནྡ་པར་བྱའོ་ཞེས་གསུངས་པ་སྟེ་སྒྲའི་མཁའ་ལས་གྲངས་ནས་འཁོར་བའི་འགྲོ་མ་ལས་ཕ་རོལ་ཏུ་རྒལ་བར་བྱེད་པའི་ལམ་གྱི་ཕྱག་རྒྱ་ཀུན་སྤྱོང་མ་འདི་ལ་བཤོད་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལ་རྡོ་རྗེ ་ཉིད་དུ་འགྲོ་སྟེ། ཞེས་གསུངས་པའི་ཕྱིར་ཀུན་སྤོང་མ་ལ་བྱོལ་སོང་གི་ལམ་ཞེས་བྱའོ།། སྒྲུབ་པ་བཤད་ནས་ཐུན་མོང་གི་རྟགས་བསྟན་པ་ནི་གཽ་བཟླས་པ་ནི་ཞེས་བྱ་བ་སྨོས་ཏེ། མིག་ཕབ་ནས་ཟུར་མིག་བལྟ་བའོ།། བཞིན་རྣམ་པར ་འགྱུར་པ་ནི་ཆགས་པས་ཁྱབ་པས་བདེ་བའོ།། རྟག་ཏུ་བཞིན་གྱི་སྨིན་མ་གཡོ།། སྣ་ཚོགས་མྱུར་དུ་ཤེས་བྱ་བ། ཞེས་བྱ་བ་ནི་དགའ་བའི་དུས་མཚོན་པ་ཡིནོ།། རྣམ་པར་སྨིན་པ་དང་རྣམ་པར་སྤྱོད་པ་དང་མཚན་ཉིད་བྲལ་བའི་ཤུགས ་ཀྱིས་གོ་བར་འགྱུར་རོ།། དེ་བཞིན་མཁའ་འགྲོ་འགྱུར་བའོ།། ཞེས་བྱ་བ་ནི་གར་གྱི་ལྷ་མོ་བཞིན་དུ་འདི་ཡང་མཁའ་འགྲོ་མྱིའི་རིགས་སུ་འགྱུར་བར་ཤེས་པར་བྱའོ།། དེ་ལྟར་སྒྲའི་རིགས་བཤད་པ་ནི་རྣམ་འགྱུར་འཁོར་བ.རོ་ཞེས ་བྱས་ཏེ། ཞེས་བྱ་བ་གསུངས་ཏེ། བཞིན་བསྒྱུར་ཞིང་ངག་གི་དཀྱིལ་འཁོར་བསྐུལ་བ་དང་། རི་མོ་གསུམ་དང་དཔྲལ་བ་ན་ཡོད་པ་ནི་སྐུའི་རིགས་སུ་ངེས་པར་གྲོལ་པ་ལའོ།། ཐུགས་ཀྱི་མཁའ་འགྲོ་མ་གལ་ཏེ་ལྡེག་པར་གྱུར་ན། ་ཞེས་བྱ་བ་ལ་གལ་ཏེ་བསྡམ་པར་གྱུར་ན། སྔར་བཤད་པའི་རྟོག་མེད་བསྐྱེད་པའི་ཏིང་ངེ་འཛིན་ལ་སྤྱོད་པ་གཏད་པས་དེའི་རྣམ་པར་འཇིག་པ་ཇི་བཞིན་པར་འགྱུར་བ་སྟེ་རྡོ་རྗེ་ལྟ་བུའི་སྐད་གསལ་པོར་སྨྲ་བ་ཡིན་ནོ།། གསུང ་གི་རིགས་ནི་སྒྲ་ཁུ་བྱུགས་ལྟར་གསལ་བ་ཡིན་ནོ།། དེ་ཀུན་སྤྱོད་པ་ལ་རིགས་ལྔ་སྟོན་པ་ནི་ཁྱིམ་དུ་རྡོ་རྗེ་མེ་ལོང་འབྲིན་ན་མཁའི་རྩ་ཡོད་པས་སྙོམས་པར་འཇུག་པ་སྔར་སྟོན་པས་ཐུགས་ཀྱི་རིགས་དང་། རལ་གྲི་མེ་ལོང་བཅས་པས་རིན་པོ ་ཚེའི་རིགས་དང་། རྒྱལ་མཚན་མེ་ལོང་དང་བཅས་པས་པདྨོའི་རིགས་དང་། མདུང་མེ་ལོང་དང་བཅས་པས་སྐུའི་རིག་ས་དང་། མེ་ལོང་ཁ་སྦྱོར་འདྲ་བའི་མཚན་ཉིད་འདི་དག་དང་ལྡན་པའི་མཁའ་འགྲོ་མ་ཀུན་སྤྱོད་མ་རྣམས་ཀྱི་ནང་ནས ་མཆོག་ཡིན་པར་ཤེས་པར་བྱའོ།། ལེའུ་ཉི་ཤུ་རྩ་གསུམ་པའི་རྣམ་པར་འདྲ་བའོ།། ། དེ་ལྟར་ཀུན་སྤྱོད་མའི་མཚན་ཉིད་བཤད་ནས་དེའི་བརྡ་བཤད་པ་ན། དེ་ནས་ཡང་དག་བཤང་བྱ་བ། ཞེས་བྱ་བ་གསུངས ་ཏེ། སྒྲུབ་པ་པོའི་བརྡ་རྣམས་བྱས་པས་སྤྱན་དང་སྲིང་མེར་ཤེས་པར་འགྱུར་བ་ནི་ཤེས་པའོ།། དེ་ལྟར་མདོར་བྱ་སྙན་ནས་རྒྱས་པར་བཤད་པ་ནི་པོ་ཏང་གི་ཞེས་བྱ་བ་ལ་སོགས་པས་གསུངས་པ་ཡིན་ནོ།། ཁ་སྦྱོར་ལོས་དངོས་གྲུབ་སྒྲུབ་པའི ་ཆེ་བཟིབ་བ་དང་བཅསོ་པའི་སྤྱོད་པ་བཏུལ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བརྡར་གྱུར་པའི་སྤྱོད་པ་ལ་ཞུགས་པ་དང་དངོས་གྲུབ་ལེན་པའི་ཐབོས་སུ་གསུངས་ས།། ཅིའི་ཕྱིར་ཐབས་ཡིན་ཞེ་ན། ཟག་པ་མེད་པའི་བཛི་ཡིན ་པའི་ཕྱིར་རོ།། ཐོག་མར་ཕྱག་འཚལ་ནས་ག་མུ། དང་ལུམ་པ་ཞེས་འགྲོའི་སྟོན་པ་དང་། དེ་ཧི་ཞེས་བྱ་བ་ནས་བརྩམས་ཏེ་ཨ་མྲྀ་ཏ་ནའི་བར་གྱིས་དབང་བསྐུར་བའི་རྟགས་དང་། ས་ག་མོ་ནས་ཞེས་བྱ་བའི་བར་གྱིས་ཚོགས་ཀྱི་འཁོར་ལོ་ཡན ་ལག་གཱི་བརྡའོ།། ཀུ་ཏྱཱ་ཞེས་བྱ་བ་ནས་ཨ་ན་ཏ་ཞེས་བྱ་བའི་བར་གྱིས་མཆོད་པའི་ཡན་ལག་གོ། ཤ་ནས་ཞེས་བྱ་བ་ནས་པརླ་ལི་བ་ཞེས་བྱ་བ་གྱིས་ཁམས་ལྡང་བའི་ཡན་ལག་གོ། ལེའུ་ཉི་ཤུ་རྩ་བཞི་པའི་རྣམ་པར་བཤད་པའོ།། ་དེ་ལྟར་ལེའུ་ལྔས་ལྷ་མོའི་བརྡ་བཤད་ནས། ལྷ་མོ་དང་རྣལ་འབྱོར་པའི་ལུས་ལ་ལྷ་དགོད་ནས་མཆོད་པ་བྱ་བ་ནི། དེ་ནས་དོན་ཀུན་འདོད་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དངོས་གྲུབ་ཀྱི་དོན་ཐམས་ཅད་སྐྱེས་པའི་རྩ་བའི་སྔགས་སོ།། ་བྱ་བྱེད་པ་ནི་ཡི་གེ་སྭ་ཏུ་བའི་ཚེ་མི་གསལ་བ། རྣལ་འབྱོར་པ་མོས་པ་དམན་པའི་སེམས་ཅན་རྨོངས་ཤིང་མི་ཤེས་ངང་ཚུལ་བས་རྩ་བའི་གསང་སྔགས་གསལ་བར་གསུངས་པའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་དཔའ་བོ ་དྲོང་རྣལ་འབྱོར་མའི་ལུས་ལ་དགོད་པའི་སྔགས་ཡི་གྷོ་བཏུ་བའི་ཚེ་མི་གསལ་གསུངས་པ་ནི་འདི་ཡིན་ཏེ། ན་མོ་བྷཱ་ག་ཝཱ་ཏེ་ཞེས་བྱ་བ་ལ་སོགས་པའོ།། རྐང་པ་བརྒྱད་པ་ངེས་བདུད་རྩི་ལྔ་དང་ཅང་ཏེའུ་དང་ཆང་དང་འཁྱུད་པའི་ལྷ་མོ་དང་བརྒྱད ་ཀྱིས་མཆོད་པ་ཡིན་ནོ།། ཀ་ར་ཀ་ར་ཞེས་བྱ་བ་ལ་སོགས་པ་དང་དཔའ་བོ་ཉི་ཤུ་རྩ་བཞི་དགོད་པ་དང་སྐུ་གསུང་ཐུགས་ཀྱི་དཔའ་མོ་སུམ་ཅུ་རྩ་བདུན་དགོད་པར་བྱའོ།། ཧཱུཾ་དང་ཕཊ་ཀྱི་མཚམས་མ་ཕྱེ་བའི་རྩ་བའི་སྔགས་འདི་ནི་རྣམ་འབྱོར ་མ་ལ་ཡེ་ཤེས་འབེབས་པས་ན་གསང་བའི་ཚིག་གི་ལེལུ་ཞེས་བྱ་བར་གསུངས་ཏེ། རྣལ་འབྱོར་མ་བསྒྲུབ་པའི་ཆོ་གའོ།། ལེའུ་ཉི་ཤུ་རྩ་ལྔ་པའི་རྣམ་པར་བཤད་པའོ།། ། དེ་ལྟར་ཚོགས་ཀྱི ་འཁོར་ལོ་དང་ཞི་བའི་བཏུར་བ་དང་ཕོ་ཉའི་གཙང་སྦྲ་ནི་ས་འོག་དང་ས་སྟེང་དང་ས་བློ་གསུམ་ན་རྙེད་པར་དགའ་བའོ།། ཡང་ན་འོ་དོང་པ་དང་གཟུགས་དང་གཟུགས་མེད་པར་རྙེད་པར་དགའ་བས་ན་ཡོད་མིན་ལེའུ་བཅུ་གཉིས་བཤད་ནས། ་ལེའུ་དང་པོ་རྫོགས་པའི་རིམ་པའི་རྒྱས་པར་བཤད་པ་བསྟན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ།། གཞན་ཡང་འཇིག་རྟེན་ནི། གསུམ་པོ་དག་ནི་ཡོད་མིན་པའི་ཞེས་བྱ་བ་ནི་སྐྱེད་པའི་རིམ་པ་ལས་གཞན་པ ་ཚོགས་ཀྱི་འཁོར་ལོ་དང་ཞི་བའི་བཏུང་བ་དང་པོ་ཉའི་གཙང་སྒྲ་ནི་ས་འོག་དང་ས་སྟོང་དང་ས་བླ་གསུམ་ན་རྙེད་པར་དཀའ་བའོ།། ཡང་ན་འོད་འདོད་པ་དང་གཟུགས་དང་གཟུགས་མེད་པར་རྙེད་པར་དཀའ་བས་ན་ཡོད་མིན ་བ་ཞེས་བྱའོ།། ཤྲཱི་ཧེ་རུ་ཀྭའི་སྔགས་ཤེས་ན་ཞེས་བྱ་བ་ནི་ཡིད་སྐྱོབ་པར་བྱེད་པའི་གསང་སྔགས་ཏེ། གཙང་སྒྲ་རྣམ་པ་གསུམ་མོ།། གསུང་སྔགས་ཐམས་ཅད་ཡོངས་དོར་བ། ཞེས་བྱ་བ་ནི་སྤྱོད་པ་དང་བྱ་བ་དང་གཉིས་ཀ ་དང་རྣལ་འབྱོར་ཀྱི་རྒྱུད་ཀྱི་སྔགས་ཐམས་ཅད་ཡོངས་སུ་འདོར་བའོ།། དེ་ལྟར་མདོར་བསྟན་ནིས་རྒྱད་རྒྱད་པར་བཤིད་པ་ནི། རི་མ་དང་རིམ་མིན་ཟློག་པ་ཡིས།། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རིམ་དང་རིམ་ལས་ཟློག ་པ་ཡིས།། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། རིམ་དང་རིམ་ལས་ཟློག་པ་གང་ཞིག་ཡིན་ཞེ་ན། ཕོ་ཉ་ནི་ཕྱག་རྒྱ་བཞི་སྟེ། ལས་དང་ཆོས་དང་དམ་ཚིག་དང་ཕྱག་རྒྱ་ཆེན་པོའོ།། དེ་དག་གང་མཚན་ཉིད་ནི་རིམ་དང་རིམ་དང་རིམྦ་ལས ་བཟློག་པའོ།། ཆགས་པའི་ལམ་པའི་ལས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ན་གཡས་བསྐོར་དང་གཡོན་པ་སྐོར་གྱིས་དགོད་པའོ་ནི་རིམ་དང་རིམ་ལས་བཟློག་པའོ།། གྲོལ་བའི་ལམ་པའི་དབང་དུ་བྱས་པའི་ཆོས་དང་དམ་ཚིག་གི་ཕྱག ་རྒྱ་ནི་དབུགས་ཕྱིར་རྒྱུ་བ་དང་ནང་དུ་འཇུག་པའི་རིམ་དང་རིམ་ལས་བཟློག་པའོ།། རང་ལྷག་པར་གནས་པའི་ལམ་པའི་དབང་དུ་བྱས་ནས་སྒྱུ་མ་ལྟ་བུ་དང་སྟོང་པ་ཉིད་ནི་རིམ་ལས་ཟློག་པོའོ།། མཚན་ཉིད་དེ་དག་དང་ལྡན ་པའི་ཕོ་ཉ་མོ་རྣམས་ནི་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་སྐྱེ་བའི་རྒྱུར་ཡང་དག་གནས་ཞེས་བྱའོ།། དེས་འབྲས་བུ་ཅིར་འགྱུར་ཞེ་ན། འོག་དང་སྟེང་གྲུབ་རྟག་ཏུ་སྟེར་ཞེས་བྱ་བ་སྨོས་ཏེ། འོག་ནི་སྐུའི་དངོས ་གྲུབ་པོ།། སྟེང་ནི་ཐུགས་ཀྱི་དངོས་གྲུབ་བོ།། སྟེང་ནི་སྒྲས་འཕངས་པས་སྤྱོད་གསུམ་གྱི་དངོས་གྲུབ་ཀྱང་འགྲུབ་པའོ།། རྟག་ཏུ་སྟེར་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་རྒྱུ་ནུས་པ་ཐོགས་མེད་ཡིན་པས་འབྲས་བུ་སྐྱེ་བར་གདོན་མི་ཟའོ།། ་དངོས་གྲུབ་ཐམས་ཅད་ཇི་ལྟར་སྟོར་བར་འགྱུར་ཞེ་ན། བདག་གི་ཕོ་ཉ་མོ་ཀུན་འགྲོ་ཞེས་གསུངས་ཏེ། དངོས་གྲུབ་གསུམ་ལེ་ཁྱབ་པས་ན། ཀུན་འགྲོའོ།། ཕོ་ཉ་མོ་དེ་ཀུན་གྲུབ་སྟེ་ཞེས་བྱ་བ་ནི་ཁྱོ་བོ་པའི་རྒྱུ་ཡིན་པ ་དེས་ན་དངོས་གྲུབ་གསུམ་སྟེར་བར་འགྱུར་རོ།། དེ་ལྟར་བསྒྲུབས་པའི་འབྲས་བུ་བཤད་ནས་དད་པའི་འབྲས་བུ་ནི་མཐོང་དང་དེ་བཞིན་རེག་པ་དང་ཞེས་བྱ་བ་སྨོས་ཏེ། གྲོལ་ལམ་པའི་བྱང་ཆུབ་སེམས་དཔའ་ཡིད ་དུ་འོང་བའི་གཟུགས་མཐོང་བ་ནས་བརྩམས་ཏེ། སྒྲ་ཐོད་པ་དང་དྲི་བསྣམས་པ་དང་རོ་མྱངས་པ་དང་ཡིད་དུ་འོང་བའི་རེག་བྱའི་བར་དུའོ།། དེ་ཡང་ཆགས་པའི་ལམ་པའི་དབང་དུ་བྱས་ནས་ཙུམ་པ་ན་དང་རྟག་ཏུའི་ཁྱུད་ཅེས་བྱ་བ་སྨོས ་ཏེཿཁ་ལ་ཁས་རེག་དང་འཁྱུད་པ་དང་སྙོམས་པར་ཞུགས་པ་ལ་སོགས་པས་ན་མཁའི་རྩཝའི་རེག་བྱ་ཡུལ་དུ་བྱས་པའོ།། རྣལ་འབྱོར་གནས་པའི་ཁྱད་པར་ཉིད་ཅེས་བྱ་བ་ནི། པོ་ཉའི་ལམ་པའི་རྣལ་འབྱོར་དང་གྲོལ་བའི་ལམ་དང་རང ་ལྷག་པར་གནས་པའི་རྣལ་འབྱོར་པའོ།། སྔགས་ཀྱི་ཁྱད་པར་ནི་ཕྱག་རྒྱའི་དབྱེ་བས་གསལ་བ་བཞིར་པད་པའོ།། ཇི་སྲིད་རྣལ་འབྱོར་ཚོགས་རྣམས་ནི་ཞེས་བྱ་བ་ནི་ཆགས་པའི་ལམ་དང་གྲོལ་བའི་ལམ་དང་རང་ལྷག་པར་གནས ་པའོ།། ཐམས་ཅད་དངོས་གྲུབ་བྱེད་པར་བཤད་ཅེས་བྱ་བོ་ནི་ཕྱག་རྒྱ་གསུམ་གྱིས་བསམ་གཏན་གྱི་ཏི་ངེ་འཛིནི་མངོན་སུམ་དུ་བསྐྱེད་པ་དང་ཕྱག་རྒྱ་ཆེན་པོ་ཟག་པ་མེད་པ་ལྷག་མཐོང་ཐོབ་པས་ན་ཐམས་ཅད་དངོས་གྲུབ་བྱེད་པར་བཤད་ཅེས ་གསུངས་སོ།། དེ་ལྟར་གྲུབ་པའི་འབྲས་བུ་དང་དང་པོའི་འབྲས་བུ་གཉིས་བཤད་ནས། ད་ནི་རྒྱུ་སྟོན་པ་ཡིན་ཏེ། བདེ་བོ་ཀུན་ལ་སྦྱིན་བྱ་ཡནི། ཞེས་བྱ་བ་ནི་ཞི་གནས་བདེ་བ་དང་ལྷག་མཐོང་སྟོང་པ་ཉིད་མང་ནི་སུམ་དུ་བྱེད་པར་སྦྱིན ་པར་བྱ་ཞེས་ས་བོན་སྟོན་པ་ཡིན་ནོ།། གཞན་དུ་ནེམ་ཡང་མ་ཡིན་ནོ།། ཞེས་བྱ་བ་ནི་རྣམ་བཅད་སྟོན་པ་ཡིན་ཏེ།། གཞན་རྣམ་པ་བདུན་ཏེ་སྡེ་སྣོད་གསུམ་ལ་གནས་པའི་གོམས་པ་ལམ་དུ་བྱེད་པ་དང་། རྒྱུད་སྡེ་བཞི་ལ་བསྐྱེད་པའི ་རིམ་པའི་དབང་ཐོབ་པ་རྣམས་ལ་ནམ་ཡང་སྦྱིན་པར་བྱའོ།། བདེ་ཅན་ཀུན་ཞེས་བྱ་བ་གང་ཡིན་ཞེ་ན་མ་དང་ཞེས་བྱ་བ་སློབ་དཔོན་དབང་དུས་གཅིག་ཏུ་བསྐུར་བ་དང་། སྲིང་མོ་ནི་རང་དང་ལྷན་ཅིག་ཏུ་དབང་བསྐུར་བའོ།། བུ་མོ་ནི་རང ་གིས་དབང་བསྐུར་བའོ།། ཆུང་མ་ནི་བླ་མས་བནང་བའོ།། དེ་རྣམས་ཤུགས་ཀྱི་རྡོ་རྗེ་སློབ་དཔོན་དང་བདག་ཉིད་དང་རང་གིས་དབང་བསྐུར་བའི་སློབ་མ་དང་། རྣལ་འབྱོར་མ་ལ་ལྟོས་ཏེ་རྣལ་འབྱོར་པ་རྣམས་ཀྱང་མཚན་པ་ཡིན་ནོ།། ་གང་ཞིག་རྟག་ཏུ་སྔགས་སྦྱིན་ཞེས་བྱ་བ་ནི་ཡང་སྐྱོབ་པར་བྱེད་པ་དེའི་སྔགས་དེའི་ས་དབང་བྱིན་པ་རྣལ་འབྱོར་པ་དེ་རྣམས་ཀྱི་གཙང་སྦྲ་གསུམ་པོ་དེ་ཉིད་མངོན་སུམ་གྱི་ལམ་གྱི་ཆོ་གར་བཤད་དོ།། དེ་ལྟར་རྟེན་གྱི་གང་ཟག་བཤད་ནས ་ད་ནི་ཐབས་སྟོན་པ་ནི་དེ་ནས་རྣལ་འབྱོར་རྒྱུད་དུ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་རྒྱུད་ནི་ཕྱི་མིའི་ཕྱི་མ་འདི་ཉིད་སྟོན་ཏེ། ཐབས་ཀྱི་རྒྱུད་ལྷ་དང་ཤེས་རབ་ཀྱི་ཆུང་བཞི་ལས་གོས་དཀར་མོའི་རྒྱུད་ཡིན་པའི་ཕྱིར་རོ།། ་རྙེད་ཀའི་དམ་ཚིག་ང་ཡིས་བཤད་ཅེས་བྱེ་བ་ནི་བསམ་གཏན་དང་པོའི་ཏིང་ངེ་འཛིན་དངོས་སུ་བསྐྱེད་པའི་ཐབས་ནི་ཚོགས་ཀྱི་འཁོར་ལོ་ཡིན་པས་ངེས་བཤད་པ་ཡིན་ནོ།། སྐྱེས་པ་བུད་མེད་གཡོན་ནས་འགྲོ་ཞེས་བྱ་བ ་ནི་ཞི་གནས་བདེ་བ་དང་། ལྷག་མཐོང་མངོན་སུམ་མོ།། འདོད་པའི་དངོས་གྲུབ་སྟེར་བར་བྱེད། ཅེས་བྱ་བ་ནི་ཞི་གནས་དང་བངདེ་བ་མངོན་སུམ་དུ་བསྐྱེད་པའོ།། རིགས་ལྡན་རྣམས་ནི་མཆོད་པར་བྱ་ཞེས་ལེའུ ་དང་པོ་རང་དུ་གསུངས་པ་བཤད་པར་བཞེད་ནས། ཁྱིམ་དང་ཞིང་དུ་རྣམ་གནས་པ། ཞེས་བྱ་བ་ནི་ཁྱིམ་ཡེ་ཤེས་ཀྱི་འཁོར་ལོ་ནི་ཁྱིམ་མོ།། སྐུ་གསུང་ཐུགས་ཀྱི་འཁོར་ལོ་ནི་ཞིང་ངོ་།། དེ་སྐད་དུ་ཡང་ཀུན་སྤྱོད་ལས། ཁྱིམ་ལྔ་དང་ནི་ཡུལ ་རྣམས་དང་། ཞེས་གསུངས་སོ།། ཤིན་ཏུ་རིང་ཡང་ཤེས་པར་འགྱུརརོ། ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་དང་སྤྱོད་ལམ་དང་བརྡ་རྣམས་གསུམ་གྱི་གནས་ཉི་ཤུ་རྩ་བཞིར་སྐྱེས་ཀྱང་ཕན་ཚུན་རྣལ་འབྱོར་པར་ཤེས་པར་འགྱུར་རོ།། དེ་ལྟར ་ཚོགས་ཀྱི་འཁོར་ལོ་བཤད་ནས་ཞི་བའི་བཏུང་བ་བཤད་པ་ནི། ཧེ་རུ་ཀཱ་ལས་སྦྱོར་གཞན་མེད་ཅེས་བྱ་བ་གསུངས་ཏེ། རོ་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུར་རྟོགས་པ་ནི་ཧེ་རུ་ཀ་ལོ་སྦྱོར་བའོ།། གཞན་མེད་ཅེས་བྱ་བ་ཞི་བའི་བཏུང་བ་ལས ་གཞན་མེད་པའོ།། སློབ་དཔོན་རྣལ་འབྱོར་མ་ཉིད་ཡིན་ཞེས་བྱ་པ་ནི་ཞི་བའི་བཏུང་བའི་རྒྱུ་ཚོགས་པ་ཡིན་པས་ན་སློབ་དཔོན་ཞེས་རྫོགས་པ་ཡིན་ནོ།། རྒྱུད་འདི་རྣམས་སུ་བསྒྲུབ་པ་པོ།། ཞེས་བྱ་བོ་ནི་ཞི་བའི་བཏུང་བ་བསྒོམ་པའི ་རྣལ་འབྱོར་པའོ།། ལེགས་པར་གྱུར་པ་ཉིད་ཡིན་ཏེ། ཞེས་བྱ་བཾ་ནི་རང་བཞིན་བརྒྱད་བཅུ་དང་བྲལ་བའོ།། བརྙས་མི་བྱ་ཞིང་སྤང་མི་བྱ་ཞེས་བྱ་བ་ནི་བདེ་བ་སྒྱུ་མ་ལྟ་བུར་རྟོགས་པའི་རྒྱུ་ཡིན་པས་ལུས་ངག་གིས་བརྙས་པར ་མི་བྱུ་ཞིང་སེམས་ཀྱིས་སྤང་བར་མི་བྱའོ།། ཐོས་པ་ཡིས་ནི་མཆོད་པར་བྱ་ཞེས་བྱ་བ་ནི་བྷྱོ་ར་བའི་ཚེ་ན་འདོད་པའི་ཡོན་ཏན་ལྔས་མཉེས་པར་བྱའོ།། དེ་བཞིན་ཞི་བའི་བཏུང་བ་བཤད་ནས་ཕོ་ཉའི་གཙང་སྦྲ་བཤང་བ་ནི། ཀཱུ་ཀ ་ལ་སོགས་རྒྱུད་པོ་ནི་ཞེས་བྱ་བ་གསུངས་ཏེ། པོ་ཉའི་གཙང་སྦྲའི་ཐོགས་མར་ཟག་པ་མེད་པའི་སྡོམ་པ་གསུངས་ལ་ཀཱ་ཀ་ལ་སོགས་པ་ལྷ་མོ་བརྒྱད་ཀྱི་སྲུང་བར་བྱེད་པ་ཡིན་ནོ།། ཀཱ་ཀ་ལ་སོགས་པ་བརྒྱད་ནཱི་རྣམ་རྒྱལ་ལ་སོགས ་པ་བརྒྱུད་ཡིན་པས་དྲིས་བསྲུང་བ་ཡིན་ཏེ་དེ་ཡང་རྒྱུད་བླ་མི་ལས། རྣམ་རྒྱལ་ལ་སོགས་ཁྲོ་བོ་རྣམས། ཀཱ་ཀ་ལ་སོགས་ཡང་དག་སྤྲུལ།། ཞེས་གསུང་སོ།། མོས་དང་ངང་པ་འཕེལ་བྱེད་པ་ཞེས་བྱ་བ་ནི་རྣམ་ཤེས་ལ་མོས ་པ་འཕེལ་བ་དང་ཡེ་ཤེས་ལ་ངང་པ་འཕེལ་བའོ།། རྟགས་པར་དངོས་གྲུབ་རྣམས་ཀྱི་རྒྱུ། ཞེས་བྱ་བ་ནི་ཕྱིས་འབྱུང་བའི་དམ་ཚིག་བརྒྱ་དོ།། དམ་ཚིག་རྣམས་ཀྱང་སྦྱོད་པའོ།། ཞེས་བྱ་བ་ནི་དམ་ཚིག་སྲུང་བ་ལ་མཁའ་འགྲོ་མ ་བརྒྱུད་ཀྱི་བསྲུང་བའོ།། དེ་ལྟ་བུའི་བདུད་འཇོམས་པའི་མཁའ་འགྲོ་མ་བརྒྱང་བཤང་ནས་ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་བཤད་པ་ནི་ལྷ་མོ་གཉེན་དང་ཀུན་སྦྱོར་བ།། ཞེས་བྱ་བ་སྨོས་ཏེ། དང་པོ་རྣམ་བཅས་ཀྱི་ད ་ཚིག་གན་སྨོས་པ་ནི་ལྷ་མོ་གའི་མངས་མི་བསྐུར་བའོ།། དེ་དག་པ་ཀུན་དུ་སྦྱོར་བ་ནི་བསྙེན་བསྒྲུབ་མ་བྱས་པ་སྦྱོར་བའོ།། དམ་ཚིག་པ་མི་ལྡན་པཚེ།། ཚིགས་མ་བསྙེན་པར་དགའ་བ་དེ་། ཤིས་བཤད་པོ ་དབ་བསྐུར་བ་དང་སྙོམས་པར་མི་སྦྱར་བ་དང་། འདོད་ལ་ཆགས་པར་འགྱུར་བ་དང་། ཞེས་བྱ་བ་ནི་དབང་བསྐུར་བ་ཡིན་ཡང་རང་བཞིན་བརྒྱད་ཅུ་དང་ལྡན་པའོ།། གཉིས་མེད་ཅེས་བྱ་བྲན ་གཟུང་འཛིན་གཉིས་དང་བྲལ་བའི་གཉིས་མེད་དུ་མ་ཤེས་པའོ།། གཟུགས་མེད་ཅེས་བྱ་བ་ནི་དགའ་བྲལ་དུ་སོང་བའོ།། དེ་ལས་བཟློགས་པ་ཡོངས་གཅོད་བཤད་པ་ནི་དམ་ཚིག་སྤྱོད་པ་སྤྱད་པ་དང་ཞེས་བྱ་བ་ནི་དམ་ཚིག ་དང་ལྡན་པ་ལ་སྦེད་པ་ནི་སྙོམས་པར་འཇུག་པའོ།། བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར།། ཞེས་བྱ་བ་ནི་རང་བཞིན་རང་བཞིན་རྒྱད་བཅུ་དང་བྲལ་བའོ།། ཚངས་པར་སྦྱོང་དང་དེ་བཞིན་བཞི་ཞེས་བྱ་བ་ནི་གཟུང་འཛིན་དང་བྲལ་བའོ།། ་གསལེ་བ་ཟག་པ་མེད་པ་བསྲུང་བས་ནི་བཞིའོ།། ཁྲི་མེང་རྒྱུན་གྱིས་ཀུན་སྤྱོད་པ་ཞེས་བྱ་བ་ནི་དགའ་བྲལ་དུ་མི་འགྲོ་བའི་གསུང་བའི་ཀུན་དུ་སྤྱོད་པའོ།། འདི་རྒྱུད་དམ་ཚིག་ཀུན་སྤྱོད་ཡིན་ཞེས་བྱ་བ་ཡིན་ཤེས་རབ ་ཤེས་ཀྱི་དབང་བསྐུར་བའི་དམ་ཚིག་གོ། དེ་སྒྲུབ་པ་ལ་གནས་པཱ་རྣམས་ཀྱིས་དམ་ཚིག་ཏུ་ཤེས་པར་བྱའོ།། རི་ལྟར་དམ་ཚིག་བཤད་ནས་རྒྱུད་ནས་རྣམས་ཀུན་གྱི་ཐུན་མོང་སྟེ་ཞེས་བྱ་བ་ནི་ཕ་ཉ་གཅོང་སྒྲ་དངོས་བཤད་པ་ཡིན། ་སྟོང་པ་ཉིད་མངོན་སུམ་རྟོགས་པ་འདི་སྤྱོད་པ་དང་བྱ་བ་དང་གཉིས་ཀའི་རྣལ་འབྱོར་པ་རྣམས་ཀྱི་མངོན་སུམ་དུ་ཐུན་མིང་དུ་གནང་བ་ཡིན་པས་གནོད་པར་བྱེད་པའི་གཏན་ཚིག་མེད་པར་གཞོམ་པར་མི་བྱ་ཞོང་གདགས་པར་མ ་བྱའོ།། དེ་ཇི་ལྟར་བསྒོམ་ཞེ་ན། དད་པ་ཉིད་ཀྱི་བླང་བྱ་ཡི། ཞེས་བྱ་བས་ཏེ་མཁའི་རྒྱུ་དང་ཚོགས་པ་ལས་བདེ་བ་རྟོག་པ་མེད་པའི་ངེས་པའི་ཤེས་པ་འདྲེན་པས་གུས་པར་བླང་བའོ།། མིག་གིས་མཐོང་བ་དང་རྣ་བ་དང་སྣ་དང་ལྕེ་དང ་ལག་པས་མ་ཡིན་ནོ།། གྷསང་བྱའང་ནིམ་བསྦྱིན་ཅིང་། ཞེསཽ་བྱཱ་བྷ་འཛིན་གྲོལ་བའི་ལམ་པ་ལ་མི་གནས་ལུས་ཀྱི་བར་གྱིས་ཆོས་ཀྱི་ཕྱག་རྒྱ་ལས་དབང་ཐོབ་པ་ཡིན་ཡང་། རེག་བྱ་རྡོ་རྗེ་མའི་གསང་བ་འདི་མ་བསྟེན་ཅིང་རབ་ཏུ ་སྡུས་པ་ཡིན་མ་ཅིའི་ཕྱིར་གྲོལ་བའི་ལམ་པ་ལ་མོ་བསྟན་ཞེ་ན། རྗེ་ལྡན་མཐེའིའུ་ཆུང་བསྐྱོད་པར་ནི། ཞེས་བྷཱ་བ་སྨོས་ཏེ། བློ་ལྡན་མཚོགས་པའི་ལམ་པའོ།། མཐེའུ་ཆུང་བསྐྱེང་པོ་ནི་རྣཐ་མའི་སྒོ་སྤྱད་པའོ།། ཕ་ཉི་མ་རྣམས ་ཡང་དག་གནས། ཤེས་བྱ་བ་ནི་དུང་ཅན་དང་པདྨ་ཅན་དང་རི་རགས་ཅན་རྣམས་ལས་ཀྱི་ཕྱག་རྒྱར་ཡང་དག་པར་གནས་པའི།། དེ་ལྟར་ཐབས་བཤད་ནས་ཞར་ལྕེ་བི་སྐྱེང་རྫོགས་གཉིས་ཀའི་རྒྱུའི་རྒྱུད་བཤད་པ་ནི་དགེ་དང ་མ་དྲུག་འདྲེས་པ་སྟེ་ཞེས་བྱེ་བ་གྷསངྱས་ཏེ། དག་པི་ནི་བསྐྱེང་བའི་རིམ་པ་བསྒོམ་པའོ།། མོ་དག་ཚངས་པར་སྤྱོང་དང་དེ་བཞིན་བཞི་ཞེས་བྱ་བ་གཟུང་འཛིན་དང་བྲལ་བའོ།། གསལ་བ་ཟག་པ་མེད་པ་གིསུང་བས་ན་བནར།། ཁ་མེད ་རྒྱན་གྱིས་ཀུན་སྦྱང་པ་ནི་བད་རྩི་རྣམ་པ་ལྔ་ལ་ལོངས་སྤྱབ་པའི་རྫོགས་པའི་རིམ་པ་བསྒོམ་པའོ།། འདྲེས་པ་ནི་བསྲུང་རྫོགས་པནས་བསྒོམ་པའོ།། མཉེས་བྱེད་རྣམ་པར་དག་པ་དང་གསལ་བྱེད་ཅེས་བྱ་བ་གསུངས་ཏེ། ཡོམ ་ཏན་དང་ལྡན་པའི་མི་གསུམ་མོ།། ལེའུ་ཉི་ཤུ་རྩ་དྲུག་པའི་རྣམ་པར་བཤད་པའོ།། །། དེ་ལྟར་ལེའུ་དང་པོའི་འབྲས་བུ་དང་རྒྱུད་དང་ཐབས་རྣམ་པ་གསུམ་གྱི་སྒོ་ནས་བཤད་ནས། ད་ནི་སྦྱོར་བ ་དང་། དངོས་གཞི་དང་། འཇུག་རྣམ་པ་གསུམ་གྱི་སྒོ་ནས་བཤད་པར་གཞིང་ནས། དེ་ནས་རྣལ་འབྱོར་སྤྱོད་པ་བརྟུལ་ཞུགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣལ་འབྱོར་པ་ནི་གཙང་སྒྲ་གསུམ་བསྒོམ་པའོ།། སྤྱོད་པ་ནི་གཙད ་སྒྲ་རྣམ་གསུམ་གྱིས་སོ།། བརྟུལ་ཞུགས་ནི་གཙང་སྒྲ་གསུམ་ནི་དངོས་བཞིའོ།། སྦྱོར་བ་ནི་མཆོད་པར་ཤེས་པའི་བྱའོ།། བསྐྱེད་པའི་རིམ་པ་ལ་ཡང་བཚེང་པ་དང་བཏུ་ལོ་ཞུགས་ཡང་ན་རྫོགས་པའི་རིམ་པ་དང་ཁྱད་པར་ཅི་ཡོད ་ཅེ་ན། ཕོ་ཉ་མོ་རྣམས་རབ་བསྒྲུབ་བྱེད་ཅེས་བྱ་བ་གསུངས་ཏེ། ཕྱག་རྒྱ་བཞི་དང་བྱང་ཆུབ་སེམས་བཅས་པའི་བདེ་བའི་དབང་པོ་དང་། བདེ་བ་བསྐྱེད་པའི་རྒྱགས་རྒྱུའི་རྐྱེན་དང་། སློབ་དཔོན་གྱི་གདམས་ངག་དྲན་པར་བྱེད་པ་མཚུང ་པ་དེ་མ་ཐག་པའི་རྐྱེན་ལས་བསམོ་གཏན་གྱི་སྡོམ་པ་རྣམ་ཤེས་དང་དང་ཟག་པ་མེད་པའི་སྡོམ་པ་ཡེ་ཤེས་པས་རབ་སྒྲུབ་བྱེད་ཅེས་བྱའོ།། མྱུར་དུ་འགྲུབ་ཅེས་བྱ་བ་ནི་མངོན་སུམ་དུ་རྟོག་པར་བྱེད་པ་མིན་ཏེ། འབྲས་བུ་ཡོད་ཅེས ་བྱེད་པ་ཡིས་ཅེས་གསུངས་པའི་ཕྱིར་རོ།། ཕོ་ཉ་རྣམས་ཀྱིས་ཚོགས་ཐམས་ཅད་ཤེས་པར་བྱའོ།། ཞེས་བྱ་བ་ནི་གཙང་སྒྲ་གསུམ་ལོ་སྦྱོར་བ་དང་། དངོས་གཞི་དང་འཇུག་གསུམ་དུ་ཕྱེ་བ་ནི་ཚིག་ཐམས་ཅད་དོ།། དེ་ལྟར་མདོར ་བསྟན་ནས་རྒྱས་པར་བཤད་པ་ལ་དང་པོ་མཆོད་པ་བསྟན་ནས། ཡུལ་དང་ཡུལ་དུ་ཉེ་བར་སོང་ཞེས་བྱ་བ་སྨོས་ཏེ། གནས་ཉི་ཤུ་རྩ་བཞིར་རྣལ་འབྱོར་པ་དེ་རབ་ཏུ་སོང་ཞིང་སྒྲུབ་པའོ།། ཁ་ཅིག་ནི་རྒྱུད་བླ་མ་ལས་བཤད་པའི་སྦྱངས་པའི་ཡོན་ཏན ་གྱི་འཁོར་ལོ་སྤྱོད་པར་སྒོ་པ་ཡིན་ལ། དེའི་ཡན་ལག་ཏུ་གནས་ཉི་ཤུ་རྩ་བཞིར་བསྒྱུར་ཞིང་རྣལ་འབྱོར་མ་འཆོལ་བ་ཡིན་ནོ་ཞེས་ཟེར་རོ།། དེ་ནི་རིགས་པ་མ་ཡིན་ཏེ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལས་ལངས་པོའི་ཚེ་ཕྱོགས་ལས་རྣམ ་པར་རྒྱལ་བ་དོང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བྱའོ།། ཞེས་ཁ་སྦྱོར་ལས་གསུངས་པ་དང་འགལ་བ་དང་། རྡོ་རྗེ་མཁའ་འགྲོ་ལས་ཀྱང་། བཅོས་མའི་སྒོམ་པ་སྤང་བར་བྱ།། བཅོས་མིའི་བཟླས་པ་སྤང་བར་བྱ།། དེ་ལ་སོགས་པའི་བཅོས་མ་ཀུན། ་རྣལ་མའི་སྦྱོར་བའི་ཚུལ་ལྀ་མིན་ཞེས་གསུངས་པས་སྦྱོར་བའོ་ཡོན་ཏན་གྱིས་ལྷར་བསྐྱེད་པའི་དོན་མེདདོ།། འོ་ནཱ་ཡུལ་དེར་ཅིའི་ཕྱིར་རྒྱུ་སྙམ་ན། ཕོ་ཉའི་གཟུགས་སུ་མཚོན་པ་ཡིན་ཞེས་གསུངས་ཏེ། ཁ་དོག་དང་དབྱིབས་དང་སྤྱོད་ལམ་གྱིས ་མཚོན་པ་དང་པརྡ་གསུམ་གྱིས་མཚོན་པའོ།། དེ་ཤེས་པས་འབྲས་བུ་ཅི་འགྲུབ་ཅེ་ན། ཕོ་ཉ་རལ་གྲིའི་སོ་འདྲ་ཞིང་།། དག་བྱེད་བསོད་ནམས་འཕེལ་བྱེད་ཡིན། ཞེས་གསུངས་ཏེ། ངག་བྱེད་ནི་རང་བཞིན་བརྒྱད་བཅུ་དང་བྲལ་པོའོ།། བསོད ་ནམས་འཕེལ་བ་ནི་ལྷག་མཐོང་ཡེ་ཤེས་སྐྱེས་པའོ།། དེ་བཞིན་ཕོ་ཉར་ལེགས་འདྲེས་པས་ཞེས་བྱ་བ་ནི་དེ་བཞིན་དཔེ་བྲལ་གྱི་སོ་འདྲ་བ་ལ་བསྙེགས་སོ།། རལ་གྲི་དྲ་བ་སྤུ་ཞེ་ན། ལོགས་འདྲེས་པས་ཞེས་བྱ་བ་སྨོས་ཏེ། ཐམས་ཅད་ལས ་ནི་སེམས་བསྡུས་ནས། ནང་གི་བདག་ཉིད་དབྱེ་བྱེད་པས།། གནས་པའི་ལུས་ཀྱི་རེག་བྱ་ནི།། ཐོག་མིའི་བློ་ནི་ལྷན་སྐྱེས་ཡིན།། ཞེས་བཤད་པས་རང་བཞིན་བརྒྱད་ཅུ་དང་བྲལ་བ་ལེགས་པར་འདྲེས་པའོ།། སྒྲུབ་པ་པོ་ཡིས ་དངོས་གྲུབ་ལོ་ཨ་བྱ་བ་ནི་ཕྱག་རྒྱ་བཞི་དང་སྦྱོར་བ་ལས་དངོས་གྲུབོ་གསུམ་ཐོབ་པའོ།། གོམས་པ་མི་དགོད་སམ་ཞེ་ན།། བཟླས་བརྗོད་བསམ་གཏན་མེད་པར་ཡང་།། མྱུར་བ་ཉིད་དུ་གྲུབ་པར་འགྱུར།། ཞེས་བྱ་བ་སྨོས་ཏེ། དཔེར་ན ་བཀྲུ་སྨན་གྱི་ཚོགས་པ་ལས་ནད་འབྱིན་པ་བཞིན་དུ་བཟླས་བརྗོད་དང་བསམ་གཏན་མེད་རྣམ་ཤེས་དང་ཡེ་ཤེས་ནི་རྒྱུ་ཚོགས་པ་ལས་སྐྱེའོ།། དེ་ལྟར་ཤེས་པའི་འབྲས་བུ་དང་། སྒྲུབ་པའི་འབྲས་བུ་དང་། མྱུར་བའི་འབྲས་བུ་གསུམ ་བཤད་ནས། ཐབས་བཤད་ནས་སྔོགས་དང་ཕྱག་རྒྱས་བསྒྲུབ་པའོ།། མཆོད་པ་ཉིད་ལ་རབ་ཏུ་འཇུག་ཅེས་བྱ་བ་གསུངས་ཏེ། སྔགས་ནི་བསྐྱེད་པའི་རིམ་པའི་ལྷས་ལྷ་དགོད་པ་དང་། རྫོགས་པའི་རིམ་པའི་དབུགས་འབྱུང་འཇུག ་འཁོར་བའོ།། ཕྱག་རྒྱ་ནི་བསྐྱེད་པའི་ཕྱག་རྒྱ་མཚན་དང་།། རྫོགས་པའི་རིམ་པའི་ཕྱག་རྒྱ་བཞིའོ།། མཆོད་པ་ནི་གཙང་སྒྲ་གསུམ་གྱི་སྦྱོར་བས་རྣམ་པ་སྣ་ཚོགས་དང་རྣམ་པར་སྨིན་པ་ལ་འཇུག་པའོ།། དེ་ལས་གཞན་པའི་མཆོད ་མེད་དེ། ཞེས་བྱ་བ་ནི་ཞི་གནས་དང་ལྐོག་མཐིང་སྒྲུབ་པའི་མཆོད་པའོ།། དེ་ལྟར་བསྟན་བཅོས་ནི་ང་ཡིན་ཞེས་བྱ་བ་ནི་འཇུག་བསྡུ་བ་སྟེ་མངོན་སུམ་གྱི་ལམ་བསྟན་པའི་སྙིང་པོ་ཡིན་ནོ།། རྒྱལ་པོ་ནི་མི་ལ་ཁུར་གྱིས་དགེ་སློང ་སེངྒེ་མ་བསད་ཀྱི་བར་མཚན་ཉིད་ཀྱི་ཐེག་པ་ལ་ཡང་མངོན་སུམ་གྱི་ལམ་ཡོད་པ་ཡིན་པ་ལས་བསད་ནས་བསྟན་པའི་སྙིང་པོ་ནུབ་པ་ཡིན་ནོ།། གསང་སྔགས་ཀྱི་ཐེག་པ་ལ་ནི་ཞི་གནས་དང་ལྷག་མཐོང་གི་ལམ་མངོན་སུམ ་ཡོད་པས་བསྟན་པའི་སྙིང་པོ་མ་ནུབ་པ་ཡིན་ནོ།། འོ་བསྟན་པའི་སྙིང་པོ་ཡོད་པ་ཡིན་ན་གསང་བ་འདུས་པའི་ལེའུ་བཅུ་བདུན་པོ་ལས་མར་མེ་མཛད་ནས་འདུ་སྲུངས་ཀྱི་བར་དུ་མ་གསུངས་སོ།། ཞེས་བྱ་བའི་དོན་ཅི་ཡིན་ཞེ་ན། ་ལས་དང་པོ་རྣལ་འབྱོར་མ་རྟོགས་པ་ལ་དགོངས་པ་ཡིན་ནོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་དུས་ཐམས་ཅད་མངོན་སུམ་གྱི་ལམ་གྱི་ཆོས་ཀྱི་རྫོགས་པར་ལོངས་སྤྱོད་ཅིང་ཉམས་སུ་མྱོང་བའི་ཕྱིར་དགེ་སློང ་མ་སེངྒེའི་རྣམ་པ་ལས་བྱང་ཆུབ་སེམས་དཔའ་ལ་ཕྱག་ན་རྡོ་རྗེ་མཐུ་བོ་ཆེ་རྡོ་རྗེ་རྒྱན་ཞེས་བྱ་བ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ།། ཞེས་གསུངས་སོ།། ཕོ་ཉ་དང་སྦྱར་བའི་མཆོད་པ་བཤད་ནས། རྣམ་པར་ཉིད་པ་དགའ ་བྲལ་གྱི་གཉེན་པོར་སྤྱོད་པ་བསྟེན་པ་ནི་ཕོ་ཉི་ལམ་ལོ་དགའ་བས་ཀྱང་ཞེས་བྱ་བ་གསུངས་ཏེ། ཆགས་པའི་ལམ་པའི་སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན་ཞེས་བྱ་བ་ནི་དགའ་བྲལ་དུ་འགྲོ་བའི་དགོས་པའི་རོ་མཉམ་གྱི་སྤྱོད་པ ་སྒོམ་པའོ།། དེ་ཡོང་གང་ཡིན་ཞེ་ན། ཚོགས་ཀྱི་འཁོར་ལོ་སྤྱོད་པ་སྟེ། རིག་སྔགས་ཕྱག་རྒྱར་ཡང་དག་ལྡན།། ཞེས་བྱ་བ་ནཱ་ཞི་བ་དང་རྒྱས་པ་ལ་སོགས་པའི་སྔགས་དང་ལག་པ་གཡས་གཡོན་དགང་གཟར་དང་བླུགས ་གཟར་དུ་བྱས་པའི་ཕྱག་རྒྱ་དང་ལྡན་པའི་བདུད་རྩི་ལྔའི་ཁ་ཟས་ལ་རྟག་ཏུ་སྤྱད་པར་བྱའོ།། ཁ་ཟས་འབའ་ཞིག་དང་ཚོགས་ཀྱི་འཁོར་ལོ་བྱེད་དམ་ཞེ་ན། སྒྲུབ་པ་པོ་ནི་ལེགས་པ་རུ།། མཉམ་པར་བཞག ་པས་རིགས་རྣམས་ནི།། ཀུན་ལ་ཉེ་བར་སྦྱང་བྱ་ཞིང་།། ཞེས་བྱ་བ་གསུངས་ཏེ། ལེགས་པར་མཉམ་པར་བཞག་པ་ནི་རང་བཞིན་བརྒྱད་བཅུ་དང་བྲལ་བའོ།། རིགས་རྣམས་ཀུན་ནི་གཟུགས་ནས་རེག་བྱའི་བར་དུ་ཡུལ་ལྔ་ལ ་དགའ་བ་བཞི་ཉེ་བར་ལོངས་སྤྱོད་ཅིང་རྟོག་པ་མེད་པའི་ཤེས་པ་སྐྱེས་པའི་དུས་སུ་གཟའ་བ་མ་ཡིན་བླང་ངོར་དུ་མི་བརྟགས་གོ། དེ་ལྟར་ཚོགས་ཀྱི་སྤྱོད་པ་བཤད་ནས།། ཞི་བའི་བཏུང་པ་བཤད་པ་ནི་དོན་ངམ་དུ་ནི་དབྱེར་མེད ་ཅེས་བྱ་བ་གསུངས་ཏེ། དོན་དོམ་བདེ་བ་རྟོག་པ་མེད་པ་སྒྱུ་མ་ལྟ་བུ་ཤེས་པ་ནི་དབྱེར་མེད་པའོ།། ཕོ་ཉ་མོ་གཉིས་གྲུབ་པར་ཞེས་བྱ་བ་ནི་གསང་དང་ཤེས་རབ་ཡེ་ཤེས་ཀྱི་སྒྲུབ་པའོ།། དངོས་གྲུབ་ཆོ་ག་ལ་སྤྱོད་པ་ནི་གསང་བའི ་དབང་བསྐུར་བའི་དུས་སུ་ཕོ་ཉ་གཅིག་པུ་ཁོ་ན་ཡིན་ཞེས་བྱ་བ་ནི་བདུད་རྩི་ལྔ་འབྱིན་པའི་ཡུམ་མོ།། རབ་བདག་ཉིད་ཅེས་བྱ་བ་ནི།། མཆོག་གི་དངོས་གྲུབ་དང་པོ་ཡིས། དངོས་གྲུབ་ནི་སྒྲུབ་པ་དག་ཀྱང་ཉེ་བ་དང་ཞེས་བྱ་བ་ནི ་འཇིག་རྟེན་གྱི་དངོས་གྲུབ་དང་ཉེ་བའོ།། བླ་མའི་རྒྱུད་པསཽ་ཐོབ་པའི་དབང་བསྐུར་པ་དང་། ཡིད་སྐྱོབ་པར་བྱེད་པའི་སྔགས་ཀྱི་ཏིང་འཛིན་དང་ལྡན་པ། ཕོ་ཉ་རྣམ་གསུམ་ཡང་དག་བཤད་ཅེས་བྱའོ།། དེ་ལྟར་གསང་བའོ་དབང ་བསྒྱུར་བའི་སྤྱོད་པ་བཤད་ནས་ཕོ་ཉིའི་གཙང་སྦྲའི་སྤྱོད་པ་བཤད་པ་ནི་དང་པོའི་ཕོ་ཉིའི་རྣལ་འབྱོར་པའི་མཚན་ཉིད་བསྟན་ཏོ།། ཕྱག་རྒྱ་ལེགས་སྦྱོར་དང་ཚུལ་ནི་ཞེས་བྱ་བ་ནི་རང་བཞིན་བརྒྱད་བཅུ་དང་བྲལ་བའི་རྟོག་པ་མེད་པའི ་ང་ཚུལ་ཅན་ནོ།། ཆགས་མེད་སྟོང་དང་ཞེས་བྱ་བ་ནི་ཚོགས་མེར་ནི་བདེ་བའི་རོ་མྱང་བའོ།། ཚུལ་ཁྲིམས་ལྡན་ཞེས་བྱ་བ་ནི་སྡོམ་པ་གསུམ་ལ་གནས་པའོ།། ཡེ་ཤེས་རྒྱུ་སྐྱེས་ཡང་དག་རྫོགས་ཞེས་བྱ་བ་ནི་སྐྱེ་བ་སྔ་མ་གོམས ་པར་བྱས་པའོ།། རྫོགས་པའོ་རིམ་པའི་སྦྱོང་རིམ་སྒོམ་པ་མ་ཡིན་ཞིང་། བསྐྱེད་པའི་རིམ་པ་ལ་ཐུན་བཞིར་ལྷའི་སྐུར་བསྒོམ་པ་ནི་དངོས་གཞི་ཡིན་པས་འབྲེལ་པ་མེད་པ་མ་ཡིན་ནོ།། དེ་ལྟར་རྟེན་གྱི་གང་ཟག་བཤད་ནས་ཐབས ་བསྟན་པའི་ལུས་ཀྱི་བྱ་བ་ཀུན་བྱས་ནས་ནི་རྒྱུད་ཀྱི་རིམ་པ་འཁོར་ལོ་བཞི་དང་རྩ་གསུམ་མཛད་པ་ཡིན་ནོ།། ལུས་ལས་ཤིན་ཏུ་མཚོན་ཆ་ཞེས་བྱ་བ་ནི་སྔགས་ཀྱི་རིག་པ་རླུང་མེའི་དྲོད་ཅན་ཉི་ཤུ་རྩ་བཞི་བསྲེགས་པས་ན ་མཚན་ཆའོ།། ལུས་ལ་གནོས་པ་ཀུན་དུ་སྤྱད་ཅེས་བྱ་བ་ནི་ཡེ་ཤེས་ཀྱི་རིམ་པ་འཁོར་ལོ་བཞི་ལ་བྱང་ཆུབ་ཀྱི་སེམས་བབ་པའོ།། དག་བྱེད་བྱས་པའི་ལུས་ཀྱང་ནི་ཞེས་བྱ་བ་ནི་གསང་བའི་རིམ་པ་དགའ་བ་དང་མཆོག ་དགའ་དང་ལྷན་ཅིག་སྐྱེས་པ་དགའ་བ་ལས་འོངས་པའི་དོག་བྱེད་རེག་བྱའི་སྟོང་པ་ཉིད་སྒོམ་པའོ།། རྟག་ཏུ་སྔགས་ནི་བརྗོད་པར་བྱ་ཞེས་བྱ་བ་ནི་སྲོག་ཨ་བ་དྷཱ་ཏཱིའི་ཆུང་པས་ངག་བྱེད་ཀྱི་ལུས་བརྟན་པར་གྱུར་པའོ།། རྣལ་འབྱོར ་སྔགས་རྣམས་ངེས་བསྟེན་ཞིང་ཞེས་བྱ་བ་ནི་ཚོགས་དྲུག་གི་རླུང་ཨ་ན་བའི་ནང་དུ་གསུངས་པའོ།། མཚོན་ཆ་རྣམས་ནི་བསྒོམ་མི་བྱ། ཞེས་པ་ནི་དབང་པོ་དྲུག་གི་རྩ་ལ་བྱང་ཆུབ་ཀྱི་སེམས་ཕབ་ནས་བདེ་བ་རྟོག ་མེད་སྐྱེས་པ་ནི་མཚོན་ཆ་ཡིན་ལ། དེ་ལ་གོམྱོས་པར་མི་བྱ་བ་ནི་ལུས་དང་ཡང་བདེ་བ་དགའ་བྲལ་དུ་མི་འགྱུར་བའོ།། བྲམ་ཟེ་ས་ར་པའི་ལུགས་ཀྱི་ཐེག་ལེ་གཉིས་ཤོར་བ་དང་གཉིས་ལུས་པའི་མཚམས་སུ་བདེ་བ་སྟོང་པ་ཉིད ་རྟོགས་པའི་ངེས་པའི་ཤེས་པ་བསྐྱེད་པར་འདོད་མོད་ཀྱི་མཚོན་ཚེ་རྣམས་ནི་བསྒོམ་མི་བྱ་ཞེས་གསུངས་པས་མཆོག་གི་རྒྱུད་དང་འགལ་བ་ཡིན་ནོ།། དམ་ཚིག་ཅན་ལ་ཁྲོ་མི་བྱ་ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས ་བདེ་བ་རྟོག་པ་ཟག་མེད་ཀྱི་རྟེན་ཡིན་པར་ཤེས་བཞིན་དུ་ཉན་ཐོས་ཀྱི་ཐེག་པའི་རྗེས་སུ་འབྲངས་ནས་མི་གཙང་བའི་རྫས་ཡིན་པར་སྨོད་པ་དང་། འཇིག་རྟེན་པའི་རྗེས་སུ་འབྲངས་ནས་མི་ཚངས་པར་སྤྱོད་པ་ཡིན་ནོ།། ཞེས་སེམས ་པའི་བློས་ལས་ཀྱི་ཕྱག་རྒྱ་ལ་སྨོས་པར་མི་བྱའོ།། མངོན་པར་བརྩོན་ལས་འདའ་མི་བྱའོ།། ཞེས་བྱ་བ་ནི་ཁ་སྦྱོར་ལས་གསུངས་པ་བཞིན་དུ་རྒྱུའི་ཚོགས་པ་བརྟེན་བྱའོ།། དེ་དང་ལྷན་ཅིག་བདེ་བར་བྱ།། ཞེས་བྱ་བ་ནི་ཚིགས་ཀྱི ་འཁོར་ལོའི་ལྷ་མོ་བདེ་བ་དང་བསམ་གཏན་གྱི་བདེ་བ་སྒོམ་པའོ།། གྲོལ་བའི་དོན་དང་ཞེས་བྱ་བ་ནི་ངག་བྱེད་ཀྱི་ལྷ་མོ་དང་ཟག་མེད་ཀྱི་བངོ་བ་སྒོམ་པའོ།། དེའི་དོན་དང་ཞེས་བྱ་བ་ནི་བདེ་དང་གྲོལ་བའི་དམ་ཚིག་སྤྱད་པའོ།། ་འདི་དང་གཅིག་སྤྱད་བྱ་ཞེས་བྱ་བ་ནི་གཞན་ཡུལ་དབྱུང་བྱེད་ལྟར་ལུས་པོ་ཙམ་གྱིས་མ་ཡིན་པ་དང་། འཕྲུལ་དགའ་ལྟར་རྒོད་པ་དང་། དགའ་ལྡན་ལྟར་ལག་བཅངས་དང་། མཚེ་མ་ལྟར་འཁྱུད་པས་ནི་ཡིན་པའི་ས་ལ་སུམ་ཅུ་རྩ ་གསུམ་པའི་བཞིན་དུ་བསམ་གཏན་གྱི་རྒྱུའི་ཚོགས་པ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་ཏོ།། དེ་ལྟར་རྣམ་པར་ཉིད་པ་དགའ་བྲལ་གྱི་གཉེན་པོ་སྤྱོད་པ་བཤད་ནས། དངོས་བཞི་ལ་མཚན་ཉིད་དང་བྲལ་བའི་དུས་སུ་ཕྱིའི་ལུས ་ངག་གི་བརྟུལ་ཞུགས་བཤད་པ་ནི། མཚན་མོ་རྟག་པར་ན་མཁའོ་གོས་ཞེས་སྨོས་ཏེ། རྟོག་པ་དང་བྲལ་བྱའོ།། གནག་དང་དམྱུར་བར་རྟག་གྱུར་བྱ། ཞེས་བྱ་བའི་འབྲས་བུའི་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོའི་ཁ་དོག་གོ། སྲོག ་ཆགས་ཡན་ལག་ལས་བྱུང་གྱོན། ཞེས་བྱ་བ་ནི་གླང་པོ་ཆེ་དང་སྔགས་གི་པགས་པའི་གཟུགས་བརྙན་བགོས་པའོ།། བདེ་བ་འདོད་པས་བདེ་ཐོབ་འགྱུར།། ཞེས་བྱ་བ་ནི་བསམ་གཏན་གྱི་བདེ་བ་ལུས་བདེ་བ་འདོད་པ་དང ་ཕྱིའི་བརྟུལ་ཞུགས་ཧེ་རུ་ཀའི་ཆ་བྱད་ཀྱིས་བོད་པ་གྲུབ་པར་འགྱུར་རོ།། མཆོད་ཕྱིར་ཐོགས་ནི་ཡོངས་སྤངས་གཙང་། ཞེས་བྱ་བ་ནི་བསྐྱེད་པའི་རིམ་པའི་ཕྱག་མངའ་བས་གཅིག་མེད་ཀྱང་ལུས་དགྲ་ཡིད་གསུམ་གྱི་ཞེན་པ ་སྤོངས་ནི་ཡོངས་སྤངས་གཙང་བའོ།། ཤྲཱི་ཧེ་རུ་ཀའི་བྱིན་གྱིས་བརླབས། ཞེས་བྱ་བ་ནི་ཤྲཱི་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།། ཧེ་ནི་རྒྱུ་དང་བྲལ་བས་ན་ལུས་སྟོང་པར་བྱིན་གྱིས་བརླབས་པའོ།། རུ་ནི་བཀོད་པ་དང་བྲལ་བས ་ན་ངག་མཚན་མ་མེད་པར་བྱིན་གྱིས་བརླབས་པའོ།། ཀ་ནི་གང་དུ་མི་གནས་པས་ནི་སེམས་སྨོན་པ་མེད་པར་བྱིན་གྱིས་བརླབས་པའོ།། བསྐྱེད་པའི་རིམ་པའི་མཆོད་ཕྱིར་ཐོགས་སྤངས་ནས་ཕྱིའི་བརྟུལ ་ཞུགས་ལ་རྒྱན་པ་ཡིན་ནམ་ཞེ་ན་ཕྱག་རྒྱ་ལྔ་དང་ཡང་དག་ལྡན་ཞེས་བྱ་བ་སྨོས་ཏེ། སྤྱི་གཙུག་གི་ནོར་བུ་དང་། རྣ་རྒྱན་དང་། མགུལ་བརྒྱན་དང་། ལག་གདུབ་དང་། ཚངས་བསྐུར་རྣམས་ནི་རུས་པའི་རྒྱན་དང་ལྡན་པའོ།། དུས་ཀུན་དུ་ནི་ཡང ་ངག་སྤྱད།། ཅེས་བྱ་བ་ནི་བསྐྱེད་པའི་རིམ་པ་ལྟར་དངོས་གཞི་ལ་ཏིང་འཛིན་བསྒོམས་ནས་ལྡང་བའི་ཚེ་སྲུད་པ་མ་ཡིན་པ་དངོས་དང་རྗེས་ཀྱི་སྤྱོད་ལམ་ཐམས་ཅད་དུ་ཕྱག་རྒྱ་ལྔའི་རྒྱན་དང་ལྡན་པའོ།། ཕྱག་རྒྱ་ལྔ་གང་ཞེ་ན། མགུལ ་རྒྱུན་གཽ་དུ་བུ་རྣ་རྒྱན་དང་། སྤྱི་བོ་ནར་བུས་རྣམ་པར་བརྒྱན།། མཆོད་ཕྱིར་ཐོགས་དང་རྣམ་པ་ལྔའོ།། ཐལ་བ་དང་དྲུག་གོ། ཀུན་དུས་ཀུན་དུ་ནི་རྣམ་པར་གནས། ཞེས་བྱ་བ་ནི་དཔའ་བོ་གཅིག་པུ་དང་རྒྱལ་མཚན་དང་གྱི་སྤྱོད་པའི ་སྤྱོད་ལམ་རྣམ་པ་བཞིའི་དུས་ཐམས་ཅད་དུ་རྣམ་པར་གནས་པ་སྟེ། ཚོགས་དྲུག་གི་རྟོག་པ་མེད་པ་མཚོན་པར་བྱེད་པའི་ཕྱག་རྒྱ་དྲུག་རྣར་གནས་པའོ།། ལས་དང་པོ་པས་ཇི་ལྟར་བྱ་ཞེ་ན། མཚན་མོ་བརྟན་པར་བསལ་བྱ་ཞིང ་ཉོན་མོ་གསང་བ་ཉིད་དུ་བྱ། ཞེས་བྱ་བ་སྨོས་ཏེ། མཚན་མོའི་ཚིགས་ཀྱི་འཁོར་ལོའི་དུས་སུ་གསལ་བར་བྱ་ཞིང་། ཉིན་པར་འཇིག་རྟེན་པ་ལ་གསང་བའི་སྦ་བར་བྱ་བ་ཡིན་ནོ།། དེ་ལྟར་ཚོགས་ཀྱི་འཁོར་ལོ་དང་ཞི་བའོ་བཏུང་བ ་དང་པོ་ཉའི་གཙང་སྦྲ་གསུམ་གྱི་ལུས་དང་ངག་གི་ཕྱིའི་བཏུལ་ཞུགས་བཤད་ནས་གཙུད་སྐུ་གསུམ་གྱི་སེམས་ཀྱུ་གསང་བའི་བརྟུལ་ཞུགས་ནི། ཐ་དངད་ཡེ་ཤེས་ཤིན་ཏུ་དམས་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་ལ་མ་དད་པར་ཤེས་པས ་འདོད་པའི་ཡོན་ཏན་ལྔ་ལ་ངང་པར་སྣང་བ་དང་། ཞི་བའི་བཏུང་བ་ལ་གཟུང་འཛིན་གྱི་གཉིས་སུ་སྣང་བ་དང་། ཕོ་ཉིའི་གཙང་སྦྲ་ལ་གཟུང་འཛིན་གཉིས་སུ་ཐ་དད་པར་སྣང་བའི་ཤེས་པ་ནུབ་པར་བྱས་པ་ནི་སྦས་པའོ།། རབ་ཏུ་ཞི་ཞིང ་དབང་པོ་དུལ། ཞེས་བྱ་བ་ནི་རྣམ་ཤེས་ལ་རང་བཞིན་བརྒྱད་བཅུ་དང་བྲལ་བས་ན་བཞི་པའོ།། ཡེ་ཤེས་ལ་གཟུང་འཛིན་གཉིས་དང་བྲལ་བས་ན་རལ་པ་ཐུལ་བའོ།། གཙང་སྦྲ་གསུམ་དུ་བྱ་ཞིང་ཞེས་བྱ་བ་ནི་ཉོན་མོངས་པ་དང ་ཤེས་བྱའི་སྒྲིབ་པ་དག་པས་ན་གཙང་སྦྲ་སྟེ། དེ་ཡང་ཞི་གནས་སྟོང་པས་དབྱེན་པ་དང་། སྒྱུ་མ་ལྟ་བུ་དང་དངོས་པོ་འཛིན་པས་དབེན་པ་དང་། སྟོང་པའི་ཡེ་ཤེས་གཉིས་སུ་སྣང་བས་དབེན་པས་ན་རྣམ་པ་གསུམ་མོ།། རང ་གྲི་རྒྱུན་བཞིན་རྣམ་པར་གནས་ཞེས་བྱ་བ་ནས་ནི་རང་ནི་ཤེས་པ་རྟོག་པ་མེད་པའོ།། རྒྱུན་ནི་དང་པ་རྟོག་པ་མེད་པ་བཞིན་ཕྱིས་ཀྱང་རྒྱུན་ཡང་རྣམ་པར་གན་བ་ནི་ནན་ཤིན་འོ།། དེ་སྐད་དུ་ཡང་། དོན་དམ་སྙིང་པོ་ལས། མངོན་སུམ་རྒྱུན ་ནི་བསྲིངས་པ་ལས། བསྒོམ་པ་ཞེས་ནི་བཤད་པ་ཡིན་ཞེས་བཤད་དོ།། རིགས་དང་རིགས་མིན་ངོར་མི་བལྟ། ཞེས་བྱ་བ་ནི་ཤེས་པ་རྟོག་པ་མེད་པ་སྐྱེས་པའི་ཚེའོ།། སེམས་པའི་རྣམ་པར་རྟོག་པ་དང་བས་རིགས་ཡིད་དུ་འོང ་བ་དང་། རིག་མིན་ཡིད་དུ་མི་འོང་བ་དང་བཏང་སྙོམས་སུ་མི་འཛིན་པས་ན་ངོར་མི་བལྟ་ཞེས་བྱའོ།། ཤེས་པ་རྟོག་པ་མེད་པ་གསང་བའི་བརྟུལ་ཞུགས་ལ་ཕྱག་རྒྱ་རྣམ་པ་ལྔར་འཛིན་པ་ཡོད་དམ་ཞེ་ན། སྤྱི་གཙུག་བཅིངས ་པ་ཡང་ཞེས་གསུངས་ཏེ། གོས་དང་ཕྱག་རྒྱ་ལྔ་ལ་སོགས་པའི་བླང་དེར་གྱི་རྣམ་པར་རྟོག་པ་ཡང་མེད་དོ།། དེ་ལྟར་ན་ཕྱག་རྒྱ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། རིགས་དྲུག་གི་རང་བཞིན་ཅན་དུ་ཕྱག་རྒྱ་དྲུག་བསྒོམས་པ་བསྐྱེད་པའི་རིམ་པ ་དང་། མཆེན་བཅས་ཀྱི་རྫོགས་རིམ་གྱི་དུས་སུ་ཚོགས་དྲུག་གི་ཤེས་པ་རྟོག་མེད་པར་དྲན་པའི་ཕྱག་རྒྱ་དྲུག་དང་དངོས་གཞི་མཚན་མེད་ཀྱི་རྫོགས་རིམི་གསང་བའི་བརྟུལ་ཞུགས་ཀྱི་ཚེ་ཕྱག་རྒྱ་དྲུག་རྣམ་པར་བསྒོམ་པོ་ཡིན་ནོ།། དེ་ཡང ་མཁའ་འགྲོ་ལས་རྣལ་མའི་ལམ་ནི་བརྟེན་ནས་ནི། ཐམས་ཅད་བྱས་ཀྱང་རྣམ་པར་གྲོལ། ཞེས་གསུངས་སོ།། གཙང་སྦྲ་གསུམ་པོ་དེ་ཡང་གང་ཞེ་ན། ཕོ་ཉྫ་དང་ཟླ་བ་དང་སྣོད་གཅིག་ཏུ་ཟ་བའོ།། རེག་བྱ་རྡོ་དྷཱི་མ་ལ་སྟོང་པ་ཉིད ་མངོན་སུམ་གྱིས་བསྒོམས་པས་ན་དང་པོ་ཡིན་ནོ།། ཟླ་བ་ལ་ནི་བརྡུར་རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུར་རྟོག་པས་ན་བར་མ་ཡིན།། སྣོད་གཅིག་ཏུ་ཟླ་བ་ནི་ཞི་གནས་ཀྵི་ཏིང་ངེ་འཛིན་སྐྱེས་པས་ན་ཐ་མ་ཡིན་ནོ།། དེ་ལྀ་ཨནྡྲ་དྲཱ་བྷཱུ་ཏིའི་ཞལ་སྔ ་ནས་ཟླ་བ་ལྟ་བུའི་མན་ངག་དང་། སྐར་ཁུང་ལྟ་བུའི་མན་ངག་དང་སེངྒེ་ཕྲུ་གུ་ལྟ་བུའི་མན་ངག་དང་ཞེས་གསུངས་པ་ཡིན་ནོ།། དེ་ལ་ཟླ་བ་ཚེས་པ་ནི་འདོད་པའི་ཡོན་ཏན་ལྔ་ལ་ཚོགས་ཀྱི་འཁོར་ལོ་བྱེད་པའི་ཚེ་བདེ་བར་མཚོན་ནས ་ཚེས་བཅོ་ལྔའི་ཟླ་བ་བཞིན་དུ་ཆོས་ཐམས་ཅད་ལ་བསམ་གཏན་གྱི་བདེ་བ་རྒྱས་པར་བྱེད་པ་ཡིན་ནོ།། སྐུར་ཁུང་ལྟ་བུན་རོ། རྡོ་རྗེ་མ་ལ་སྒྱུ་མ་ལྟ་བུའི་གསང་བརྟོལ་ནས་ཕྱི་རོལ་གྱི་ཞིམ་མཁའ་བཞིན་ཆོས་ཐམས་ཅད་ལ་སྒྱུ་མ་ལྟ་བུ་བཞིན ་དུ་རྟོགས་པ་ཡིན་ནོ།། སེངྒེ་ཕྲུ་གུ་ལྟ་བུ་ནི་རེག་བྱ་རྡོ་རྗེ་མ་ལ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་ནས་སེང་གེའི་ཡན་ལག་ལ་སྨད་པས་རི་རིགས་ཐམས་ཅད་སྐྲག་པར་བྱེད་པ་བཞིན་དུ་ཆོས་ཐམས་ཅད་ཀྱི་སྟོང་ཉིད་རྟོགས་པར་འགྱུར་བ་ཡིན་ནོ།། ་དེ་ཡང་རྒྱལ་པོའི་རྒྱུ་ཡུལ་ལྔས་རིག་བྱའི་སྟོང་པ་ཉིད་རྟོགས་ན་ཚེས་ཐམས་ཅད་ཀྱི་སྟོང་ཉིད་རྟོགས་པར་འགྱུར་རོ།། ལྷ་མོ་དང་དཔའ་མོའི་ཞལ་ནས་གཙང་སྦྲ་གསུམ་ལྗགས་ཀྱུ་ལྟ་བུའི་མན་ངག་ཡིན་ཏེ། དེ་ཡང་ཁམས་གསུམ ་འཁོར་པའི་རྒྱ་མཚོ་ལྟ་བུ་ཡིན་ལ། བདེ་བ་རྟོག་པ་མེད་པ་ནི་ཉ་ལྟ་བ་ཡིན་ལ། གཙང་སྦྲ་རྣམ་གསུམ་གྱིས་ལྕགས་ཀྱུས་གཟུང་ནས་བདེ་བ་ཆེན་པོའི་སྐམས་ལ་འབྱིན་པ་ཡིན་ནོ།། ཞེས་བཤད་དེ།། པདྨ་རྡོ་རྗེའི་ཞལ་སྔ་ནས་གཙང ་གསུམ་ནི་ན་མཁའ་ལྕེ་བྲྀ་མནྟི་ཏ། རྩ་གསུམ་བྷི་སྠཱ་གསང་བའི་རྡོ་རྗེ་ནོར་བུ་བྷཱ་གར་བི་སྙིང་པོ་ལ། གཡོན་པ་ལ་ལ་ནཱ་རི་རྱཱ་དྷ་གིས་ནི་དགུར་བྲལ་གྱི་བང་བ་ཉམས་ནས། ཁམས་གསུམ་འཁོར་བའི་རྣམ་པར་རྟོག་སྡེ་བསྐྱེད་པྟཱ ་གཡོས་པས་མས་ནའི་རླུང་གིས་གྱེན་དུ་ཞིག་པའི་ཚེ་བྱང་ཆུབ་ཀྱི་སེམས་སེཾན་རྗེ་བཙུག་པས་འདོད་པོའི་དབང་ཐུ་ན་ཀཱ་མི་ཏཏྟ་ད་། ཚེ་འཕེལ་བ་བ་ཤ་ཏདྷ་དང་ཞེས་བྱ་བར་འགྱུར་རོ།། དབུས་མེ་ཨ་བི་དྷཱུ་ཏཱིའི་རླུ་མིས ་བྱང་ཆུབ་ཀྱི་སེམས་ཨ་བདྷཱུ་ཏཱིའི་ཆུང་པའི་ཚེ་མི་ཟད་པ་བསམ་གཏན་གྱི་བདེ་བ་ནཻ་རཉྫ་ན་ཏྲཏྟ་ཞེས་བྱ་བར་འགྱུར་རོ།། དེ་ལ་སྟོང་པ་ཉིད་ཀྱི་རྒྱས་བཏབ་པས་ཟག་པ་མེད་པའི་བདེ་བ་བར་མ་ཏཏྟ་ཞེས་བྱ་བར་འགྱུར་རོ།། དེ་ཡང ་དཀར་དམར་གོས་ནི་གསལ་ནས་ཀྱང་། སྲོག་ནི་ན་མཁར་ཆུད་འགྱུར་ན། བདེ་བ་མི་ཟད་རྟོག་པ་མེད།། བདེ་བ་ཆེན་པོར་སྐྱོ་བར་འགྱུར།། ཞེས་བཤད་དོ།། དཀར་དམར་གོས་ནི་གཡས་གཡོན་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་གནས་པའི་ཆགས ་པས་ཆགས་བྲལ་སྤངས་པའི་བསམ་གཏན་གྱི་བདེ་བ་བསྐྱེད་ནས་བདེ་བ་ཆེན་པོའི་རྒྱས་བཏབ་ནས་དབུས་མ་ཡང་འདོར་བ་ཡིན་ནོ།། དེ་ཡང་མཉམ་སྦྱོར་ལས། ཆགས་པ་མ་ཡིན་ཆགས་བྲལ་མིན།། དབུས་མ་ཡང་ནི་མི་དམིགས ་སོ།། ཞེས་གསུངས་སོ།། རི་ཆེ་ཆེན་རྡོ་རྗེའི་ཞལ་སྔ་ནས། ཨ་ས་མ་ས་མ་ཞེས་བྱ་བ་སྟེ་མི་མཉམ་པ་དང་མཉམ་པ་ཉིད་ཀྱི་མན་ངག་ཡིན་གྱི་དེ་ཡང་མངོན་སུམ་གྱི་ཤེས་པ་ལ་ངེས་པར་འདྲེན་པ་བླ་མའི་ཡན་ངག་གིས་བྱས་ནས་མངོན ་སུམ་གཞན་ལས་ངེས་པར་འགྱུར་ཏེ། གང་ལ་རྟོག་པ་མེད་པ་སྐྱེས་ཀྱང་སྣང་ལ་ངེས་པས་ན་སོ་སོར་བརྟགས་མིན་ཡིན་ནོ།། གཟུང་དང་འཛིན་པར་ངེས་པར་ལྷག་པ་ནི་ཆོས་དང་གང་ཟག་བདག་གི་རང་བཞིན་གཟུང་བ་དང་འཛིན ་བའི་རང་བཞིན་ཡིན་ནོ།། མངོན་སུམ་བདེ་བ་རྟོག་པ་མེད་པར་སྐྱེས་པ་ལ་ངེས་པའི་ཤེས་པ་འདྲེན་ནུས་པ་ནི་མངོན་སུམ་རང་ལས་ངེས་ཡིན་ལ། གང་ལ་མ་ངེས་པ་དེ་ཡིས་གཙང་སྦྲ་རྣམ་པ་གསུམ་གྱི་རྒྱུའི་ཚོགས་པས་བདེ་བ ་རྟོག་པ་མེད་པའི་ངེས་པར་འདྲེན་པ་འམ་བླ་མའི་མངོན་སུམ་གྱིས་ངས་འདྲེན་པ་ནི་མངོན་སུམ་གཞན་ལས་ངེས་པ་ཡིན་ནོ།། དེ་ཡང་བདེ་བ་རྟོག་མེད་རང་དང་གཞན་ལས་ངེས་པའི་བསམ་གཏན་གྱི་ཏིང་ངེ་འཛིན་ལ་སྟོང་པ་ཉིད་རང་དང ་གཞན་ལས་ངེས་པ་འདྲེན་པ་ནི་ས་དང་པོའི་ཡེ་ཤེས་ཡིན་ནོ།། དེ་ལྟར་ན་གཙང་སྦྲ་འདི་དག་ཏུ་བསྐྱངས་པས་གཙང་མ་དག་པའི་རིམ་ཐོབ་ནས་ཞེས་བྱ་སྟེ་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་སྐྱེས་པའོ།། དངོས་གྲུབ་གང ་ལས་འབྱུང་མི་འགྱུར།། ཞེས་བྱ་བ་ནི་ཅིའི་ཕྱིར་འབྱུང་བ་འི་འགྱུར་ཏེ། གདོན་མི་ཟ་བར་འབྱུང་བར་འགྱུར་རོ།། དེ་ལྟར་གསང་བའི་བརྟུལ་ཞུགས་དང་ཕན་ཡོན་དང་པོ་བསྟན་ནས་ཕན་ཡོན་གཉིས་པ་རྒྱུད་ཐམས་ཅད་ཀྱི་དངོས ་གྲུབ་འགྲུབ་པ་ནི་དེ་ཉིད་བསྡུས་པ་དང་བ་མཆོག་དང་ཐམས་ཅད་གསང་བ་དང་དཔལ་མཆོག་དང་པོ་དང་རྡོ་རྗེ་འཇིགས་འཇིག་བྱེད་ལ་གསུངས་པའི་བཟླས་པ་དང་བརྟུལ་ཞུགས་དང་ཡོད་པ་ལ་སོགས་པས་གྲུབ་པ་ནི་འདིར་ག ་སྒྲ་གསུམ་གྱི་བསམ་གཏན་གྱི་ཏིང་ངེ་འཛིན་གྱིས་སྐད་ཅིག་གྲུབ་པར་འགྱུར་རོ།། དེ་ལྟར་ཕན་ཡོན་གཉིས་པ་བཤད་ནས། གྲོལ་བའི་ལམ་པའི་ཕན་ཡོན་གསུངས་པ་ནི། རྣལ་འབྱོར་ལམ་པ་དགའ་བས་ཀྱང་། ཞེས་བྱ་བ ་གསུངས་ཏེ། རྣལ་འབྱོར་ལམ་ཆོས་དང་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་གྲོལ་བའི་ལམ་ཡིན་པས་ཕྱག་རྒྱ་དེ་ཉིད་ལ་བརྟེན་ནས་གཙང་སྦྲ་འདི་ཡང་ཡག་པར་སྤྱོད་པའོ།། གྲོལ་བའི་ལམ་པ་དེའི་བསོད་ནམས་ཇི་ལྟ་བུ་ཞེ་ན། ་གཙང་སྒྲ་ལས་བྱུང་བའི་ཡོན་ཏན་རྒྱ་མཚོ་ཆེན་པོ་དེ་ནི་གང་ཟག་སྟོང་ཕྲག་དུ་མས་ཁ་སྟོང་ཕྲག་དུ་མའི་སྒོ་ནས་ཡོན་ཏན་པརྗོད་ཀྱི་མི་ལང་པའོ།། ཡོན་གཏན་གསུམ་པ་བཤད་ནས་མཆོད་པའི་ཡོན་ཏན་ནི།། ་དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ།། ཞེས་སྨོས་ཏེ། དཔལ་བདེ་མཆོག་གི་རྣམ་ཤེས་དང་ཡེ་ཤེས་ཀྱི་རང་བཞིན་ནོ།། རྣམ་དག་མཚན་ཉིད་དང་ནི་ཀུན་སྒྲུབ་པ་ལ་ནི་རང་བཞིན་བརྒྱད་བཅུ་དང་བྲལ་བའོ།། བདེ་བ་བསོད་ནམས་ཆུ ་འཐུངས་པའི། ཤེས་པ་ནི། བྱང་ཆུབ་ཀྱི་སེམས་བཟློག་པའོ།། དག་བྱེད་སྡིག་པ་འཇིགས་བྱེད་ཡིན། ཞེས་པ་ནི་རྣམ་ཤེས་ཀྱི་བསམ་གཏན་གྱི་སྡིག་པ་དག་ཅིང་སེམས་ཀྱིས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འདག་པའོ།། དེ་ལྟར ་ཆགས་པའི་ལམཱ་པའི་ཕན་ཡིན་བཞི་པ་བསྟན་ནས། ལྔ་པ་ཆོས་ཀྱི་ཕྱག་རྒྱའི་ཕན་ཡོན་བསྟན་པ་ནི། རེག་པ་དང་ནི་སྨྲས་པས་ཀྱང་། སྔསྡིག་པ་ཀུན་ལས་གྲོལ་བར་འགྱུར། ཞེས་བྱ་བ་གསུངས་ཏེ། སྨྲ་བ་རྣ་བས་ཐོས་པ་ནས་རེག ་པ་ལུས་ཀྱི་མྱོང་བའི་བར་གྱིས་ཆོས་ཀྱི་ཕྱག་རྒྱ་ལ་དམིགས་ན་སྡིགས་པོ་གྲོལ་བར་གྲོལ་བར་འགྱུར་ཞིང་མིག་གི་ཡུལ་གཟུགས་སུ་དག་ཅིང་སྐྱོན་མེད་པའོ།། གཟུགས་ལ་རྟོག་པོ་དང་བྲལ་བའི་བདེ་བསྐྱེད་ནས་གང་ཞིག་སྤྱོད་པའོ། ་ཞེས་བྱ་བ་སྨོས་ཏེ། མཆོག་གི་དངོས་གྲུབ་བདེ་བར་གཤེགས་པའི་ས་བཅུ་གཅིག་པའི་བདེ་བར་གཤེགས་པ་ཐོབ་པ་དང་། རིགས་སུ་བསྐྱེད་པའི་ལྷའི་རྒྱལ་པོར་འགྱུར་ཏེ། དངོས་གྲུབ་འབྲིང་དང་མིའི་རྒྱལ་པོར་གྱུར་པའི་དངོས ་གྲུབ་པ་མ་ཡིན་ནོ།། དེ་ལྟར་བརྟུལ་ཞུགས་ཕན་ཡོན་དང་བཅས་པ་བཤད་ནས། ཚོགས་ཀྱི་འཁོར་མོའི་གཏོར་མ་བཤད་པ་ནི། དེ་ལྟར་རྟག་ཏུ་མཆོད་བྱས་ནས་ཞེས་བྱ་བ་སྨོས་ཏེ། མཆོད་པ་ནི་གཙང་སྦྲ་གསུམ་གྱིས་མཆོད་པའོ།། ་དད་པ་ཡིས་ནི་མཆོད་པ་སྦྱིན།། ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་མོས་པ་ཡིས་ཀྱི་དད་པ་དང་། དེའི་བསྟན་པ་གསུངས་ལ་བ་དད་པས་འཁོར་གསུམ་དག་པའི་གཏོར་མི་བཏང་བར་བྱའོ།། ཛཱ་བཞིན་ཆོ་གོའི་སྦྱོར་བ་ཡིས། ་ཞེས་བྱ་བ་ནི་ཚོགས་ཀྱིའཁོར་ལྷོའི་དུས་སུ་བདག་ཉིད་རྣལ་འབྱོར་པས་བཞིས་ལྷུར་བསྐྱེད་པ་དང་ཅི་འབྱོར་པའི་རྫ་ས~ཾ་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་དང་། རཾ་ལས་མོའི་དཀྱིལ་འཁོར་དང་། དེའི་སྟེང་དུ་སུམ་ལས་བསྐྱེད་པའི ་ཐོང་པའི་སྐྱེས་བུ་དང་། ཡི་གེ་ཀཱཾ་ལས་བསྐྱེད་པའི་ཐོད་པ་སྟོང་གསུམ་ཚད་ཙམ་བསམས་ལ་བདུད་རྩི་ལྟོ་བ་ཡི་གོང་བུ་ཡི་གེ་ལྔ་དང་། ཨོཾ་ཨཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཐ་མ་ལ་པོའི་ཁ་ཟས་དག་ཅིང་ལྕེའི ་ཁ་ཟས་སུ་ཞུ་བ་དང་། ཡེ་ཤེས་ཀྱི་བདུད་རྩིས་གང་བར་བྱས་ལ་བརྟན་པར་བྱེད་པའི་སྔགས་འདིས། ཨོཾ་ཨཱ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྷ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་ལན་ལྷའི་བར་དུ་བྱིན་གྱིས་བརླབས་ལཱ། དེའི་མདུན་དུ ་ཨ་གྲུ་གསུམ་གྱི་དབུས་སུ་བུམ་ལས་གཞལ་ཡས་ཁང་བསྐྱེད་ལ། དབུས་སུ་བཅོམ་ལྡན་འདས་འབྱུང་པོ་ཐམས་ཅད་འདུལ་བར་བྱེད་པའི་ཕྱག་ཏུ་བུམ་པ་བསམས་ལེ། དེའི་ཤར་དུ་ནག་པོ།། བྱང་དུ་རུ་དྲ་ཆེན་པོ།། ནུབ་ཏུ་ལྷས་བྱིན ་ལྷོར་ནག་པའོ།། དབང་ལྡན་དུ་གཅིག་པ། མེའི་མཚམས་སུ་མི་བསྲུན་པ།། བདེན་བྲལ་དུ་དགའ་བ་ལས་འདས།། རླུང་དུ་ལོག་འདྲེན་ཏེ་ཐམས་ཅད་ཀྱང་ཞལ་གཅིག་པ་སྤྱན་གསུམ་པ། ཕྱག་བཞི་པ། དྲི་གུག་དང་ཐོད་པ ་ཁཱ་ཊྭཱཾ་ག་དང་མདུང་རྩེ་གསུམ་པ་བསྣམས་པའོ།། གནག་པ་དང་སེར་བ་དང་དམར་པ་དང་དཀར་བའི་མདོག་ཅན། མཚམས་ནཱ་གནས་པ་ཡིད་འཕྲོག་པའི་གཟུགས་གཉིས་པ་ཤར་ཕྱོགས་ཀྱི་ནག་པོ་ཆེན་པོ་ལ་ཙ་མུཎྜི་དང་། དྲག་མོ་དང ་མི་སྡུག་པ་དང་། དཀའ་ཟློག་པ་བཞིས་བསྐོར་བའོ།། བྱུང་གི་རུང་ལ་རྒྱལ་བ་དང་། རྣམ་རྒྱལ་དང་། མི་ཐུབ་མ་དང་། གཞན་གྱིས་མི་འཐུབས་མས་བསྐོར་བའོ།། ནུབ་ཀྱི་ལྷས་བྱིན་ལ་བཟང་མོ་དང་། ནག་ཙོམ་མ། ནག་སྦོམ་མ་དང་། ་རྣལ་འབྱོར་མ་རྣམས་ཀྱིས་བསྐོར་བའོ།། ལྷོར་ནག་པོ་ལ་དབང་མོ་དང་། ཟླ་བ་མོ་དང་། དྲག་མོ་དང་། སྡང་བ་མོ་རྣམས་ཀྱི་བསྐོར་བའོ།། དབང་ལྡན་དུ་གཙིགས་པ་ལ་འཕྱང་མོ་དང་། དབང་ཕྱུག་མ་དང་། སྐམས་པོ་ཆེ་དང་། མྱུར་མེ་མ ་རྣམས་ཀྱིས་བསྐོར་བའོ།། མེ་མཚམས་ཀྱི་མི་བསྲུན་མ་ལ་འཇོམས་མ་དང་། གྲོང་ཁྱེར་དང་གཟུགས་དྲག་མོ་དང་། གཟུགས་ཚན་མ་དང་བཞིས་བསྐོར་བའོ།། བདེན་བྲལ་དུ་དགའ་བ་ལས་འདས་པ་ལ་མཚ་བ་ཅན་དང་། གཙིགས་མ ་དང་ཐོང་འཕྲེང་དང་། ཁ་ཊྭཱཾ་ཅན་རྣམས་ཀྱིས་བསྐོར་བའོ།། རླུང་དུ་ལོག་འདྲེན་ལ་རལ་གྲི་ཅན་དང་། དགྲ་ལྷ་ཅན་དང་། རྡོ་རྗེ་ཅན་མ་དང་། གཞུ་ཅན་མ་རྣམས་ཀྱིས་བསྐོར་བའོ།། པོ་ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་བསྐོར ་བ་ལ་ཕྱོགས་སྐྱོང་བརྒྱད་དང་། ཕོ་ཉ་བརྒྱད་དང་། ཀླུ་བརྒྱད་དང་། སྤྲིན་བརྒྱད་དང་། མཁའ་འགྲོ་བརྒྱད་དང་། མ་མོ་བརྒྱད་ཀྱིས་བསྐོར་བར་བསམས་ལ། ཞི་བ་ལ་ཐམས་ཅད་དཀར་པོ།། རྒྱས་པ་ཐམས་ཅད་སེར་པོ།། དབང་ཐམས་ཅད་ཀྱང ་དམར་པོ།། མངོན་སྤྱོང་ཐམས་ཅད་ནག་པོ།། ལྷ་མོ་སུམ་ཅུ་རྩ་གཉིས་ནི་ཐམས་ཅད་ཀྱང་གྲི་གུག་དང་ཀ་པཱ་ལཱ་བསྣམས་པ། དུར་ཁྲོད་བརྒྱད་ཀྱི་ཕྱོགས་བསྐྱོང་བ་ནི་ཤར་དུ་རྡོ་རྗེ། ལྷོར་རལ་གྲི། བྱང་དུ་དབྱུག་པ་ཐོགས་པ་དང་། མཚམས ་བཞི་རྡོ་རྗེ་རྩེ་གསུམ་པོ་དང་། གྲི་དང་། བ་དཱན་དང་། མདུད་རྩེ་གསུམ་པ་ཐོགས་པ། ཕྲིན་ལས་བཞིའི་མདོག་ཅན་ནོ།། ཨ་རལླི་ཧི་ཞེས་བྱ་བ་སྔགས་དང་སྐྱེ་གནས་ཀྱི་ཕྱག་རྒྱས་སྦྱིན་དྲངས་པ་ལ་མཆོད་པ་འབུལ་ལོ།། དེ་ལྟ་བུའི་མགྲོན་བསམས ་ནས་དུས་ནམ་གྱི་ཚེ་མཆོད་ཅེ་ན། མར་གྱིས་ངོ་ཆེས་བཅུ་དང་། ཟླ་བ་ཡང་ངོར་མ་གྱུར་པ། མྱུར་དུ་འབད་པས་མཆོད་བྱ་སྟེ། ཞེས་བྱ་བ་གསུངས་ཏེ། ཚེས་བཙུ་ནི་ཞག་དང་པོ་ལ་གནས་ཀྱི་ལྷ་མོ་དང་། གཉིས་པ་ལ་ཉེ་བའི་གནས་ཀྱི་སྙིང ་པོ་དང་། གསུམ་པ་ལྔ་ཞིང་དང་། བཞི་པ་ལ་ཉེ་བའི་ཞིང་དང་། ལྔ་པ་ལ་ཚན་དི་ད་དང་། དྲུག་པ་ལ་ཉེ་བའི་དོ་ཧ་དང་། བདུན་པོ་ལ་འདུས་དང་། བརྒྱད་པ་ལ་ཉེ་བའི་འདུས་དང་། དགུ་པ་ལ་དུར་ཁྲོད་ཀྱི་དང་། བཅུ་པ་ལ་ཉེ་བའི་དུར་ཁྲོད ་ཀྱི་ལྷོ་ཆུང་བར་གྱུར་པའི་ཆེ་མཆོད་པར་བྱའོ་ཞེས་མཆོད་པར་བྱ་ཞེ་ན། རྡོ་རྗེ་ལྷ་མོ་མྱོས་ཤས།། ཞེས་བྱ་བ་སྨོས་ཏེ། ལོ་བཅུ་དྲུག་མ་ལྷ་མོ་དང་། ཤ་དང་ཆང་གིས་སོ།། སུ་ཞིག་ལ་ཞེ་ན། སྐྱེ་བོ་དད་པས་མཚང་བྱ་ཞིང་། ཞེས་བྱ ་པ་སྟེ་ཚོགས་ཀྱི་འཁོར་ལོ་ལྷ་མོ་ལའོ།། ཅི་ཞིག་སྒོམ་ཞིང་ཞེ་ན། ཧེ་རུ་ཀ་དཔལ་ལོ།། ཏིང་ངེ་འཛིན་ཇི་ལྟ་བུ་ཞེ་ན། མངོན་པར་དགའ་བ་ཞི་གནས་དང་། གུས་པའི་སེམས་ལྷག་མཐོང་གི་ཏིང་ངེ་འཛིན་གྱིསོ།། ་དེ་རྣམས་ལ་གནས་མཆོག་གི་འཕྲོག་ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་བྱས་ནས་དངོས་གྲུབ་གཞན་གྱིས་འཕྲོག་པར་མི་ནུས་པའོ།། སྤྱོད་ལམ་ཇི་ལྟ་བུ་ཞེ་ན། མཚན་མོའི་བརྟུལ་ཞུགས་ཅན་གཏོར་མ་སྐྲ་གྲོལ ་གཅེར་བུར་གྱུར་པས་སྦྱིན་པ་ཞེས་བྱ་བ་གསུངས་སོ།། ཕན་ཡོན་ཇི་ལྟ་བུ་ཞེ་ན། ཤྲཱི་ཧེ་རུ་ས་བདག་ཉིད་སྦྱོར་བས།། རྣལ་འབྱོར་མ་མི་མཉེས་པར་འགྱུར།། ཞེས་བྱ་བ་གསུངས་ཏེ། དཔལ་ཧེ་རུ་ཀའི་སྦྱོར་བ་དང་ལྡན་པས ་རྡོ་རྗེ་ཐལ་མོ་གྱོན་དུ་ཁ་ཕྱེ་ལ་ཨོཾ་ཁ་ཁ་ཁཱ་ཧ་ཞེས་བྱ་བ་ལ་ནས་ས་ཧཱ་ཡི་ཀཱ་བྷ་བནྡྷ་ཞེས་བྱ་བའི་བར་དུ་བསྔོ་ཞིང་མགྲོན་རྣམས་ཀྱི་ལྕེ་ལ་རྡོ་རྗེ་རྩེ་ལྔ་པའི་སྦུ་གུས་གཏོར་མ་འཐུང་བར་བསམ་པར་བྱའོ།། ལེའུ་ཉི་ཤུ་རྩ་བདུན ་པཱའི་རྣམ་པར་བཤད་པའོ།། །། དེ་ལྟར་རང་དོན་ཕུན་སུམ་ཚིགས་པ་བསྟན་ནས་གཞན་དོན་ཕུ་ན་སུམ་ཚོགས་པ་བསྟོན་པ་ནི། དེ་ནུས་མཆོད་པ་རྣམ་དག་པ། ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མཆོད ་པའི་སྒྲིབ་པའི་མཆོད་པ་སྟེ་གཙང་སྒྲ་རྣམ་པ་གསུམ་མོ།། རྣམ་དག་པ་ཞེས་བྱ་བ་ནི་རང་བཞིན་བརྒྱད་ཅུ་དང་བྲལ་བའོ།། སྤྲུལ་པ་ལས་འབྱུང་དཔའ་བོ་རྣམས།། ཞེས་བྱ་བ་ནི་མཆོད་པའི་ཡུལ་ལྷ་མོ་དྲུག་ཅུའོ།། དེ་བཞིན ་དུ་བདག་ཉིད་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཡང་མཆོད་པའོ།། སངས་རྒྱས་ཀུན་སོགས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་འབུམ་པའི་གཟུགས་སུ་སྣང་བའོ།། ་སོགས་ཞེས་བྱ་བ་ནི་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མའོ།། བསྲོས་བཅས་ཞེས་བྱ་བ་ལ་སྲས་ནི་དཔའ་བོ་ཉི་ཤུ་རྩ་བཞིའོ།། བཅས་ཞེས་བྱ་བ་ནི་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གོ། དཔའ་བོ་ཀུན་དང ་རྣལ་འབྱོར་མོ།། ཞེས་བྱ་བ་ནི་སྔར་སྲས་བཅས་ཞེས་བྱ་བའི་རྒྱས་པར་བཤད་པའོ།། བརྟན་པ་དང་གཡོ་བ་ཞེས་བྱ་བ་ནི་བརྟན་པ་ནི་གཞལ་ཡས་ཁང་ངོ་།། གཡོ་བ་ནི་བརྟེན་པ་ལྷའི་འཁོར་ལོའོ།། ཟླ་འདུས་པ་ལ་གནས་པས། ་ཞེས་བྱ་བ་ནི་མཁའ་འགྲོ་མཆོད་པའི་ཡུལ་དེ་རྣམས་ལ་གཙང་སྦྲ་གསུམ་གྱི་མཆོད་པའོ།། མཆོད་པའི་ཡུལ་གྱི་ལྷ་དེ་ཇི་ལྟ་བུ་ཡིན་ཞེ་ན། སྤུན་དང་སྡུག་པ་མཆོད་པ་ཡིས།། ཞེས་བྱ་བ་སྨོས་ཏེ། དྲིའི་ཐིག་ལེ་དང་མེ་ཏོག་གི ་ཆོམ་བློ་དང་ཡིག་འབྲུ་དང་ཕྱག་མཚན་ལག་པའི་ཕྱག་རྒྱ་དང་སྐུ་ཕྱུག་རྒྱ་ཆེན་པོ་བཀོང་བ་རྣམས་སྤངས་ནས་དཔའ་བོ་དང་དཔའ་མོར་ལྟུང་བསྒོམ་པའི་ལྷའི་འཁོར་ལོ་སྟེ་སྤྱན་ནི་དཔའ་བོ་ཉི་ཤུ་རྩ་བཞི་དང་སྡུག་པ་ནི་ལྷ་མོ་སུམ་ཅུརྩ ་དྲུག་གོ། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ཐོག་མར་རྟེན་གྱི་གང་ཟག་སྟོན་པ་ལས་དེ་ཡང་དངོས་པོར་དོར་བྱའི་གང་ཟག་བསྟན་པ་ནི་སྤྱན་དང་བུ་དང་ལྷན་ཅིག་ཏུ་ཞེས་བྱ་བ་སྨོས་ཏེ། སྤུན་ནི་འཇིག་རྟེན་དུ ་གྲགས་པའོ།། བུ་ནི་རིགས་རྒྱུད་བསྲུང་བའོ།། དེ་དང་ལྷན་ཅིག་ཏུ་འཇིག་རྟེན་པའི་བདེ་བ་དང་། འཇིག་རྟེན་པའི་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་བདག་ཉིད་འབྱུང་བས་རང་ལ་བརྙས་པར་འགྱུར་བའི་ཕྱིར་སྔགས ་ཏེ་ཚོགས་ཀྱི་འཁོར་ལོ་དང་། དེ་བཞིན་དུ་ཕྱག་རྒྱ་ནི་ཞི་བའི་བཏུང་བ་དང་། ཡེ་ཤེས་ནི་ཕོ་ཉའི་གཙང་སྦྲ་སྟེ་དེ་རྣམས་ལ་བསྟན་པར་མི་བྱའོ།། སུ་ལ་བསྟན་པར་བྱ་ཞེ་ན། དགེ་བྱེད་ཟས་ལ་སྤྱོད་པ་ནི།། རྟག་ཏུ་དམ་ཚིག་སྦྱང ་བྱས་འགྱུར། ཞེས་བྱ་བ་སྨོས་ཏེ། དགེ་བྱེད་ཟས་ནི་ཚོགས་ཀྱི་འཁོར་ལོ་འདོད་པའི་ཡོན་ཏན་ལྔའོ།། རྟག་ཏུ་དམ་ཚིག་བྱེད་པ་ནི། གཟོའ་བར་བྱེད་པའི་དམ་ཚིག་སྟོ་རང་བཞིན་བརྒྱད་བཅུ་དང་བྲལ་བས་འདོད་པའི་ཡོན་ཏན་ལྔ་ལ་སྦྱོང ་བའོ།། གསང་སྔགསོ་སུ་ལིའང་བསྟན་མི་བྱ། ཞེས་བྱ་བ་ནི་ཞི་བའི་བཏུང་བ་མི་བསྟུན་པའོ།། མན་ངག་རྣམས་ནི་ཉམས་མི་བྱཱ། ཞེས་བྱ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་མན་ངག་གོ། གཙང་སྒྲ་གསུམ་པོ་དེ་སྦྱིན་པ ་བྱས་པའི་གནས་ཇི་ལྟ་བུ་ཞེ་ན། དམ་ཚིག་རྣམས་ལ་ཅི་རིགས་པར་ཞེས་བྱ་བ་སྨོས་ཏེ། རིག་པའི་དབང་བསྐུར་བ་ལ་དཔའ་བོ་གཅིག་པུ་སྦྱིན་པ་དང་། ཕྱིར་མི་ལྡོག་པའི་དབང་བཀུར་བ་ལ་དཀྱིལ་འཁོར་གྱི་འཁོར་ལོ་སྦྱིན་པ་དང་། ་གོསང་བའི་དབང་བསྐུར་པོ་ཐོབ་པ་ལ་མི་ཟབ་པའི་རྫོགས་པའི་རིམ་པ་པོསྟནི་པ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཟབ་པ་ལོ་ཟབ་པའི་རྫོགས་པའི་རིམ་པ་ནི་ཅི་རིགས་པ་ཞེས་བྱ་བའོ།། མན་ངག་སྦྱིན་པོར་བྱ་ཞེས་བྱས ་ན་མངོན་སུམ་གྱིས་གཞན་དོན་གྱི་བདེ་བ་སྟོང་པ་ཉིད་ལ་ངེས་པར་འདྲེན་པའི་ཐབས། བླ་མས་སློབ་མ་རྣ་དྲུང་དུ། རབ་ཏུ་འབད་དེ་བཤད་པར་བྱ་ཞེས་བྱ་བ་གསུང་པ་ཡིནོ།། དེ་ལྟར་བླང་བྱ་དང་དོར་བྱའི་རྟེན་གྱི་གང་ཟག་བསྟན་། ་སྦྱོར་བའི་མཆོད་པ་གཞན་ལས་བཤད་པ་ནི། ཕོ་ཉ་མ་རྟོགས་གཞན་དག་ལ་ཞེས་བྱ་བ་སྨོས་ཏོ། དབང་མ་བསྐུར་བ་དང་བསྙེན་སྒྲུབ་བཞིས་མ་སྦྱངས་པའོ།། འདོད་ལ་རྨོངས་པས་བགྲོང་མི་བྱ་ཞེས་བྱ་བ་ནི་འདོད་པའི་རྣམ ་པར་ཤེས་པ་ལ་ཞེན་པོའོ།། རྨོངས་པ་ནི་ཡེ་ཤེས་ལ་རྨོངས་པའོ།། བགྲོང་མི་བྱ་ནི་རྣམ་ཤེས་དང་ཡེ་ཤེས་ལའོ།། སེམས་པའི་རྣམ་པར་རྟོག་པ་མི་བྱའོ།། དེ་ལྟར་དོར་བྱའི་ཕོ་ཉ་བསྒྲུབ་པ་མདོར་བསྟན་ནས་སྦྱང་བྱ་མདོར ་བསྟན་པའོ།། ཕོ་ཉ་མོ་ཞེ་ན་རྟག་ཐར་པ།། ལྔ་པ་ཡིས་ཀྱང་ལོངས་སྤྱོད་བྱ། ཞེས་བྱ་བ་ལ་ཕོ་ཉ་ལས་རྟག་ཏུ་ཞེན་པ་ལས་གྲོལ་བ་དང་། བྱང་ཆུབ་སེམས་དཔའི་ཆོས་འཕྲོགས་བཞིན་དུ་གཟུང་འཛིན་གཉིས་ལས་འདས ་པའི་ལོངས་སྤྱོད་བྱ་བའོ།། བླང་བྱའི་མདོར་བསྟན་ནས། དོར་བྱའི་རྒྱས་པར་བཤད་པོ་ནི། སྐྱེ་གནས་དམན་ལ་མི་གནས་ལ། བསྙེན་བཀུ་རུ་ཉིད་ནི་བྱེ་བ་མིན། ཞེས་བྱ་བ་སྨོས་ཏེ། སྐྱེ་གནས་དམན་པ་ནི་དབང་བསྐུར་བ་ཐོབ ་པ་དང་། བསྟེན་བསྒྲུབ་བཞིས་མོ་བསྤངས་པའོ།། མི་གནས་པའི་འདོད་ཆགས་ཀྱི་ཞེན་པ་མེད་པའོ།། བསྙེན་བཀུར་བྱ་བ་མ་ཡིན་པ་ནི་རྨོངས་པར་ཕྱག་འཚལ་བ་ལ་སོགས་པ་གོས་པས་མི་བྱ་བའོ།། བླང་བར་བྱ་བའི ་རྒྱས་པར་བཤད་པ་ནི། མ་དང་སྲིང་མོ་བུ་མོ་དང་། ཆུང་མ་ཕོ་ཉ་མོ་ཉིད་གནས་ཞེས་བྱ་བ་སྨོས་ཏེ། སྔར་བསྟན་པའི་སྔགས་སྐྱེས་རྣམས་སོ།། གུན་སྒྲ་བྱ་བ་དེ་དང་གཙང་སྒྲ་རྣམ་པ་གསུམ་སྤྱོད་པ་ལ་གནས ་པའོ།། ཕོ་ཉ་མ་རྟོགས་པ་ལ་བརྟེན་པས་ཉེས་པ་ཅིར་འགྱུར་སྙམ་ན། དཀའ་ཐུབ་ཉེས་པས་ཟད་པར་འགྱུར་ཞེས་བྱ་བ་གསུངས་ཏེ། བསམ་གཏན་དང་གཟུང་འཛིན་གྱི་དཀའ་ཐུབ་གཟུང་འཛིན་གྱི་རྣམ་པར་རྟོགས་པ་སྐྱེད་པ་ཟད ་པར་འགྱུར་རོ།། བླང་བར་བྱ་བས་འབྲས་བུ་ཇི་ལྟར་འགྱུར་བ་ནི། འཁོར་ལོ་འམ་དེ་བཞིན་གྲུབ་པ་ཡི། ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་གྱི་འཁོར་ལོ་ཚོགས་ཀྱི་དངོས་གྲུབ་བམ། དེ་བཞིན་དུ་འཇིག་རྟེན་དང་མཆོག་གི་དངོས ་གྲུབ་བོ།། མཆོག་དང་ཐ་མོ་ལྷན་ཅིག་གུས་ཞེས་བྱ་སྟེ། མཆོག་ཡེ་ཤེས་ལས་སྐྱེས་པའོ།། ཐ་མ་ནི་སྔགས་ལོས་སྐྱེས་པའོ།། ཤུགས་ཀྱི་བར་མ་གནས་ལ་སྐྱེས་པ་ཡང་བསྡུའོ།། ལྷན་ཅིག་འགུགས་ཞེས་བྱ་བ་ནི། སྒོག ་བ་དྷཱུ་ཏཱིར་ཆུང་བའོ།། དེ་ལྟར་རྫས་རྣམས་དྲིས་པ་མོན་ཞེས་པ་ནི་བྱང་ཆུབ་ཀྱི་སེམས་དགའ་བྲལ་མ་བཏང་བས་བདེ་བ་རྟག་པ་མེད་པ་བསམཱ་གཏན་གྱིས་སྡོམ་པོར་ངེས་པའོ།། ཡད་ནི་ནང་དུ་ཆུད་པ་ཡིས། འདོད་པའི་ངོས ་གུཧཱུ~ཾ་བིདྷཱུབ་པར་བྱནས་བྱའི་ཅི་ཤིང་བ་ཡིན་ནོ།། དེ་ལྟར་སྦྱི་ཆོས་མི་ཆོང་པ་བཤད་ནས། དངམ་གཞི་བརྟུལ་ཞུགས་པ་མང་པ་ནི། འཇིག་རྟེན་ལ་རྟག་གཡོན་ནས་སྤྱོད།། ཅེས་བྱི་འི་སྨོམི་ཏེ། པདྨ་རྡོ་རྗེ་ལ་ར། ་འཇིག་རྟེན་ནི་མཆོག་ཏུ་གྱུར་པའི་འཇིག་རྟེན་གྱི་ཚོགས་ཀྱི་འཁོར་ལོ་གཡོན་ནས་སྤྱོད་པ་ནི་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྒོམ་པའོ།། རྐང་པ་གཡོན་པ་སྔོན་དུ་དོར། ཤེས་བྱ་བ་ནི་ཤེས་རབ་ལ་ལ་ནཱ་ལས་བྱང་ཆུབ ་ཀྱི་སེམས་ཕབ་པའོ།། ལག་པ་གཡོན་པ་ཡོངས་སུ་བསྒྱུར། ཞེས་བྱ་བ་ནི་ཐབས་ཀྱི་ལ་ལ་ནཱ་ལས་བྱང་ཆུབ་ཀྱི་སེམས་འབེབས་པའོ།། གཡོན་གྱི་ཕྱེད་ལ་རབ་མཆོད་བྱེད། ཅེས་བྱ་བ་ནི་ལྷ་མོ་སུམ་བཅུ་རྩ་དྲུག ་དཀྱིལ་འཁོར་གྱི་ཕྱེད་ཡིན་པས་དགའ་བ་བཞིས་མཆོང་པོའོ།། ལུས་ཀྱི་གཡོན་ནི་རྣམ་པར་གྱི་ཡོན།། ཞེས་བྱ་བ་ནི་གཡོན་པ་ལ་ལ་ནཱིའི་བྱང་ཆུབ་ཀྱི་སེམས་ཕབ་འཁོར་ལོ་བཞི་ལ་ཁྱབ་པའོ།། གཡོན་གྱི་ཡིས་ནི ་ཚིམ་དང་ཟ། ཞེས་བྱ་བ་ནི་གཡོན་པ་ལ་ལ་ནཱ་ནཱས་ཕབ་ནས། གཡས་པ་ར་ས་ནཱིའི་རླུང་གིས་བཟློག་ནས་ཟ་བ་ནི་འདོད་པའི་དབང་ཕྱུག་གི་དངོས་གྲུབ་དང་བཅུད་ཀྱིས་ལེན་གྱིས་དངོས་གྲུབ་ཏུ་འགྱུར་རོ།། བརྟུལ་ཞུགས ་མཱ་ཉམས་བརྟུལ་ཞུགས་རྫོགས།། ཅེས་བྱ་བ་ནི་དབུས་མ་ཨ་བ་དྷཱ་ཏཱིའི་རླུང་དང་སྒྲོགས་ནས་བྱང་ཆུབ་ཀྱི་སེམས་གྱེན་དུ་ཟློགས་པས་བསམ་གཏན་དང་ཟས་ཀྱི་སྡོམ་པའི་བརྟུལ་ཞུགས་རྫོགས་པའོ།། སྒྲུབ་པ་པོས་ནི་དམ ་ཚིག་བརྩོན་ཞེས་བྱ་བ་ནི་སྒྲུབ་པ་པོ་བརྟུལ་ཞུགས་སྤྱོད་པའི་ཚེ་ཡེ་ཤེས་ལས་སྐྱེས་པ་དང་། ཞིང་ལས་སྐྱེས་པ་སྔགས་ལས་སྐྱེས་པའི་དམ་ཚིག་བསྒྲུབ་པ་ལ་སོགས་པའོ།། དམ་ཚིག་རིགས་ལས་སྤྱོད་པ་དང་། ཞེས ་བྱ་བ་ནི་དུང་ཅན་དང་པདྨ་དང་རི་དགས་ཅན་དང་། ལྷན་ཅིག་ཏུ་ཟས་སྤྱོད་པར་བྱེད། ཅེས་བྱ་བ་ནི་མཆོག་དགའི་དུས་ཡིན་ཏེ། དགའ་བ་ཐབས་ཀྱི་རང་བཞིན་ཏེ། མཆོག་དགའ་ཤེས་རབ་རང་བཞིན་ནོ།། ཞེས་གསུངས ་པའི་ཕྱིར་རོ།། རིགས་ལྔ་རུ་ནི་ཀུན་སྤྱོད་པ། ཞེས་བྱ་བ་ནི་སྐྱེད་པའི་རིམ་པར་ལྷོའི་འཁོར་ལོར་གནས་པའོ།། རིགས་ནི་རྣམ་པ་བཞི་རུ་བསྒྲགས། ཞེས་བྱ་བ་ནི་རྒྱལ་རིགས་ལ་སོགས་པ་བཞིའོ།། དེ་ལྟར་བསྟན་བཅོས་ལས ་གྲགས་པའི་རིགས་ལྔ་དང་། འཇིག་རྟེན་པ་ལས་གྲོགས་པོའི་རིགས་རྣམ་པ་བཞིའོ།། གཙང་སྦྲ་གསུམ་ལ་གནས་པ་བདེ་བ་ཆེན་པོའི་རིགས་གཅིག་ལ་གནས་པའོ།། རྣལ་འབྱོར་སྒྲུབ་ཕྱིར་རྟག་ཏུ་བསྐྱེད། ཅེས་བྱ་བ་ནི། ་གཙང་སྦྲ་གསུམ་གྱིས་དངོས་གྲུབ་ཀྱི་བརྟུལ་ཞུགས་ལ་སྤྱོད་པའོ།། དེ་ལྟར་བརྟུལ་ཞུགས་བཤད་ནས། རྗེས་ཀྱི་སྤྱོད་པ་བཤད་པ་ནི། བ་ལང་ཤ་དང་ཏཱ་ཤ་དང་། མི་དང་ཁྱི་ཤཽ་སྣ་ཚོགས་པ་ཞེས་བྱ་བ་ནི་བདུད་རྩི་ལྔ ་དང་དཔའ་པོ་ལྔའི་སྲེག་རྫས་སོ།། དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། ཞེས་བྱ་བ་ནི་མེ་ལྷ་ལྷར་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་བསྐྱེད་ལ་སྦྱིན་སྲེག་གིས་མཆོད་ནས་སངས་རྒྱས་ཀྱང་ངེས་པར་འཇིག་པར་འགྱུརརོ།། ་དེ་ལྟར་ཕྱིའི་སྦྱིན་སྲེག་བཤད་ནས།། དེ་བཞིན་དཔའ་བོ་རྣམས་ཀྱི་ཟས།། ཞེས་བྱ་བ་ནི་ནང་གི་སྦྱིན་སྲེག་བསྟན་པ་ཡིན་ཏེ། ལུས་ཀྱི་དཀྱིལ་འཁོར་དང་ནང་གི་འཁོར་ལོ་བཞིའི་གནས་སུ་ལྷའི་འཁོར་ལོ་བཀོད་ལ་ཞི་རྒྱས ་ལ་སོགས་པའི་སྔགས་དང་། ལག་པ་གཡས་གཡོན་དང་དགང་གཟར་དང་བླུགས་གཟར་གྱི་མཚན་དུ་ཡང་དག་པར་ལྡན་པས་ཤྲཱི་ཧེ་རུ་ཀ་སྤྲུལ་པའི་འཁོར་ལྔ་དང་སྤྲུལ་པ་ཡིན་ནོ།། བསྟན་བཅོས་ཀུན་རྣམས་མཚོན།། ཞེ་སྣ་བྱ་བ་ནི། ་གཞི་དང་ཐབས་དང་འབྲས་བུ་གསུམ་རྒྱུད་གཞན་ལས་ཁ་བཀང་ལ་རྟོགས་པར་བྱ་བ་ཡིན་ནོ།། དྲི་ལྟར་ནང་གི་སྦྱིན་སྲེག་བཤད་ནས། གཟུངས་ནི་རྟག་ཏུ་བསྲུང་བྱ་ཞིང་། ཞེས་བྱ་བ་ནི་གྲོལ་བའི་ལམ་པའི་བསང་བའི་སྦྱིན་སྲེག་སྟེ། ་གཟུངས་ནི་རླུང་མེའི་དྲོད་ཅན་ནོ།། རྟག་ཏུ་བསྲུང་བའི་འཁོར་ལོ་བཞི་ལ་བྱང་ཆུབ་ཀྱི་སེམས་འཛིན་པའོ།། ལས་རྣམས་ངག་ནི་ཐམས་ཅད་ལ།། ཞེས་བྱ་བ་ཞི་བ་ལ་སོགས་པའི་ལས་རྣམས་ལའོ།། བགེགས་མེད་ཇི་བཞིན ་འགྲུབ་འགྱུར་བ་ཞེས་བྱ་བ་ནི་བར་ཆང་མེད་པས་འདི་དག་གཞན་དག་ཏུ་འགྱུར་བ་ཡིན་པ་སྟེ། རླུང་ནི་རྒྱུན་ལས་ཟློག་པ་སྙིང་། ཉི་ཟླ་ཟང་ལ་ལྟུང་ཡང་སྲིད་དེ་ཟབས་འདི་ནི་དངོས་གྲུབ་གཞན་དུ་མི་འགྱུར་བའོ།། དེ་ལྟར་གྲོལ་ལམ ་གསང་བའི་སྐྱོན་སྲེག་བྱ་བ་བཤད་ནས་ཆགས་པའིམ་པའི་སྦྱིན་སྲེག་བཤད་པ་ནི། འདི་ནི་ཕོ་ཉ་གཞན་བཟང་པོ།། བརྩོན་ཞིང་ལྷན་ཅིག་ལྡན་པ་ཡིན།། ཞེས་བྱ་བ་ནི་ལས་ཀྱི་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་རྡོ་རྗེ་དག ་གཟར་གྱི་། བྱང་ཆུབ་ཀྱི་སེམས་ཀྱི་བླུགས་གཟར་གྱིས་བྱང་ཆུབ་སེམས་དཔའ་ཆོས་འཕགས་བཞིན་དུ་མ་ཆགས་པའི་ལོངས་སྤྱོད་རྫོགས་པར་འགྱུར་རོ།། རྣལ་འབྱོར་རྗེས་ནི་རྣམས་བྱེད་ཡིན། ཞེས་བྱ་བ་ནི་རིང་བཞིན ་བརྒྱད་ཅུ་ལས་རྣམ་པར་ཕྱེ་ནས་དགའ་བ་གསུམ་གྱི་རང་བཞིན་རྟོག་པ་ཡིན་ནོ།། དེ་ཡང་མཉམ་སྦྱོར་ལས།། སྒྱུ་དྲུག་ནི་ཐམས་ཅད་ལས།། ཡེ་ཤེས་སྒྱུ་མ་ཁྱད་པར་འཕགས། ཡེ་ཤེས་དབྱེ་བ་ནི་གསལ་བར ་དེ་ལས་མཚོན་པར་འགྱུར་རོ།། ཆགས་ལམ་གྱི་སྦྱིན་སྲེག་བཤད་ནས་བླ་ན་མེད་པའི་སྦྱིན་སྲེག་ནི། བླ་མའི་མན་ངག་ལ་དགའ་ཞིང་།། དེ་ཡི་དོན་མཆོག་མཚུངས་པའོ།། ཞེས་བྱ་བ་གསུངས་སོ།། དབང་བཞི་པ་སེམས་ཀྱི ་སྟོང་ཉིད་རྟོགས་པ་ན། བླ་མའི་མན་ངག་ལ་དགའ་ཞིང་། དེའི་དོན་སེམས་ཀྱི་སྟོང་ཉིད་ཀྱི་མཆོག་ཡང་དག་པར་རྫོགས་པའི་སངས་རྒྱས་དང་མཚུངས་པའོ།། དེ་ཡང་བདེ་བར་གཤེགས་པ་རྟོག་ཏུ་སྐྱེ་མེད་ཆོས།། ཆོས་རྣམས ་ཐམས་ཅད་དེ་བཞིན་གཤེགས་དང་འདྲ། ཞེས་གསུངས་སོ།། ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང་། འགྲོ་བའི་ཆོས་ཀུན་རྣམ་ཤྭེ་ཀྱི།། མེ་ཡི་བུད་ཤིང་ཡིན་པར་འདོད།། དེ་དག་ཇི་བཞིན་རྣམ་བྱེད་ལ།། མེ་ཡི་བསྲེགས་ན་མྱུར ་ཤིང་འགྱུར། ཞེས་གསངས་སོ།། ཕྱིའི་སྦྱིན་སྲེག་ནི་རྡོ་རྗེ་མཁའ་འགྲོ་དང་ཁ་སྦྱོར་ལས་བལྟ་བར་བྱའོ།། གསང་བ་དང་བླ་ན་མེད་པའི་སྦྱིན་སྲེག་ཀྱང་ཁ་སྦྱོར་གྱི་ལེའུ་དྲག་པར་བཤད་པས་འདིར་རྒྱ་ཆེར་མ་བཤད་དོ།། ལེའུ ་ཉི་ཤུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །། དེ་ལྟར་ལེའུ་དང་པོའི་རྒྱས་པར་བཤད་པའི་ལེའུ་གསུམ་བཤད་ནས། དབོང་བཞི་པ་བསམ་གྱིས་མི་ཁྱབ་པའི་ལམ་བཤད་པ་ནི། དེ་ནས་གཞན་ཡང་བསྟན ་པ་ནི་ཞེས་བྱ་བ་གསུངས་ཏེ། གཙང་སྒྲ་གསུམ་གྱི་རྗེས་ལ་དབང་བཞི་པ་སྟོན་པ་ན་གཞན་ཡང་ངོ་།། ཕོ་ཉའི་མཚན་ཉིད་རིགས་རྣམས་ཏེ། ཞེས་བྱ་བ་ནི་ཡེ་ཤེས་ལས་སྐྱེས་པའི་ལྷ་མོ་པདྨ་ཅནྡ་དུང་ཅན་མ་དང་རི་དགས་ཅན་མེ། ་ལོངས་གི་གཟུགས་བརྙན་བཞིན་དུ་རེག་བྱའོ་སྟོང་པ་ཉིད་སྟོན་པར་ནུས་པའོ།། དེའི་མཚན་ཉིད་འོག་ནས་བཤད་པར་བྱའོ།། དམ་ཚིག་ལ་གནས་མཁའ་འགྲོ་མ།། ཞེས་བྱ་བ་ནི་དམ་ཚིག་ནི་གཉིས་ཏེ།། བསམ་གཏན ་གྱི་སྡོམ་པ་དང་། ཟག་པོ་མེད་པའི་སྡོམ་པའོ།། མཁའ་འགྲོ་མ་ནི་གཉིས་ཏེ།། རྟག་མེད་བསམ་གཏན་གྱིས་ན་མཁོར་འགྲོ་བ་དང་། གཉིས་མེད་ལྷག་མཐོང་གི་མཁ་འགྲོའོ།། གང་གིས་ཡང་དག་ཤེས་འགྱུར་བ། ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་སྤྲུལ་པ་དེང་བྱང་ཆུབ་སེམས་དཔར་གང་གིས་མཚན་ཉིད་དང་བརྡ་ལས་ཤེས་པའོ།། དེ་ལྟར་མདོར་བསྟན་ནས་བརྒྱད་པར་བཤད་པ་ནི་ཡེ་ཤེས་ལས་སྐྱེས་པའི་ལྷ་མོའི་མཚན་ཉིད་སྟོན་པ་ནི ་སྤྱན་དང་ཡང་ན་ཕ་དང་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣལ་འབྱོར་པས་སྲིང་མོར་ཤེས་པ་དང་། རྣལ་འབྱོར་མས་མིང་པོར་ཤེས་པས་ན་སྤུན་ནོ།། ཡང་ན་རྣལ་འབྱོར་མས་ཕར་ཤེས་པ་དང་། རྣལ་འབྱོར་པས་བུ ་མོར་ཤེས་པའོ།། ཡང་ན་རྣལ་འབྱོར་མས་བདག་པོར་ཤེས་པ་དང་། རྣལ་འབྱོར་པས་ཕྱག་རྒྱར་ཤེས་པའོ།། ལམ་དུ་མ་གོམས་པར་བྱ་ཞེ་ན། སྐད་ཅིག་གིས་མཐོང་ཞེས་བྱ་བ་གསུངས་ཏེ། དབང་བཞི་པའི་དུས་སུ་སོ་སོར ་རང་རང་གིས་རང་རིག་པའི་མངོན་སུམ་གྱིས་སེམས་ཀྱི་ཆོས་ཉིད་རྟོགས་པའོ།། དེ་ཡང་ཁ་སྦྱོར་ལས། ཕ་ནི་བདེ་བ་གང་ཐོབ་པ། བདེ་དེ་རང་གིས་ལོངས་སྤྱོད་བྱ།། འཆི་བའི་བདེ་བ་གང་ཡིན་པ། དེ་འདིར་བསམ ་གཏན་ཞེས་བྱར་བརྗོད།། ཅེས་གསུངས་སོ།། དེ་ལྟར་མཐོང་བའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ལྕེ་སྦོམ་མིག་ནི་དམར་སོང་ལ། ཞེས་བྱ་བ་སྨོས་ཏེ། དེ་ཡང་མཁའ་འགྲོ་ལས། གླང་ཚོན་མ་ནི་བཞིན་འཕེལ་ཆེ་ཞིང་བུ་རྒྱས་པ། ལུས་པོ་ཐུང ་ཞིང་སྐྲ་ཡང་ཐོང་།། སྐྱེ་གནས་པདྨའི་དྲི་དང་ལྡན།། པདྨ་གླང་ཆེན་མ་ཞེས་གྲགས།། རྀ་དགས་ཅན་ནི་མིག་དང་ལྔ་སྟངས་རི་དགས་འདྲ།། རིགས་བརྒྱད་པོ་ཡི་རྐེད་པ་ཅན།། སྐལ་བཟང་པདྨའི་དྲི་དང་ལྡན།། མིག་ནི་དམར་སེར ་ལཱ་ཞེས་བྱ་བ་ནི།། དམར་ཞིང་ཅུང་ཟང་སེར་བ་སྟེ།། མ་ལ་ཀ་ཡི་རང་བྱུང་བ་ཞི།། བདེར་གཤེགས་ལུས་པ་ཉིད་དགའ་བ།། བུད་མེད་དངོས་གྲུབ་སྟེར་བར་བྱེད།། རྩུབ་ཅེས་བྱ་བ་ནི་རྩུབ་ཅིང་ཡན་ལག་རྔུབ་པ་དང་། ལེ་ལོ་ལྡན ་ཞིང་མཚན་ཉིད་ང་ནི། སྒྲ་ནི་འཁྱིལ་པའི་ཁམ་པར་གནས།། མདོག་ངན་ཡན་ལག་རྩུབ་པའོ།། དེ་ལྟར་གླང་ཆེན་མ་དང་། རི་དགས་ཅན་དང་པདྨ་ནན་དང་དུང་ཅན་མོའི་མཚན་ཉིད་དང་ལྡན་པའོ།། དེས་དངོས་གྲུབ་ཅི་ཞིག ་བསྐྱེད་ཅེ་ན། ཐེག་མར་དགའ་བོའི་སྟོང་པ་ཉིད་ལ་སེམས་ཟིན་པ་ནི་དངོས་གྲུབ་ཀུན་གྱིས་ཐུན་མོང་དུ་སྟེ། འཇིག་རྟེན་དང་ཐུན་མོང་དང་མཆོག་གིས་དངོས་གྲུབ་བསྐྱེད་པ་ཡིན་ནོ།། བཟླས་དང་བརྟུལ་ཞུགས་ལ་རྟག ་དགའ་ཞེས་བྱ་བ་ནི་བཟླས་པ་སྲོག་ཨ་བ་དྷཱུ་ཏཱིའི་བཅུག་ན་བརྟུལ་ཞུགས་རྣམ་པ་སྣ་ཚོགས་ཀྱི་དུས་སུ་དགའ་བའི་སྟོང་པ་ཉིད་རྟོགས་ནས་དེ་ལ་རྒྱུན་མི་འཆད་ཅིང་བརྟན་པ་དང་ཡང་དག་པ་དང་ལྡན་པ་ཞེས་བྱའོ།། དེ་ཕན་ཡོན་ཅི་ཞིག་འགྲུབ ་ཅེ་ན། ཕེཾ་ཉ་མོ་ལ་སོགས་གནས་དང་བཅས་ཞེས་གསུངས་པ་སྟེ། མཁའ་འགྲོ་མ་བཅུ་གཉིས་དང་གནས་ཉི་ཤུ་རྩ་བཞི་ན་གནས་པ་དང་བཅས་པ་ནི་སྐུ་གསུང་ཐུགས་ཀྱི་མཁའ་འགྲོ་མ་ཉི་ཤུ་རྩ་བཞིའོ།། དེ་དག་དང་བཅས་པའི་ལྷ ་མོ་སུམ་ཅུ་རྩ་བདུན་གྱི་སྤྱོད་པ་འཇིག་རྟེན་གྱི་དངོས་གྲུབ་དང་། གྲོལ་བ་མཆོག་གི་དངོས་གྲུབ་སྟེར་བར་འགྱུརརོ།། དེ་ལྟར་དགའ་བ་སྟོང་པ་ཉིད་རྣལ་འབྱོར་བཤད་ནས་མཆོག་དགའི་སྟོང་པ་ཉིད་རྗེ་སུ་རྣལ་འབྱོར་བཤད་པ་ནི། ་འདོད་པའི་དངོས་གྲུབ་ཀུན་སྒྲུབ་བྱེད་པ་ཞེས་བྱ་བ་སྨོས་ཏེ། དངོས་གྲུབ་གསུམ་བསྒྲུབ་པར་བྱེད་པའོ།། རྩ་བའི་སྔགས་སོགས་རྟག་ཏུ་བཟླས་ཞེས་བྱ་བ་ནི་མཆོག་དགའ་རྣམ་པར་སྨིན་པའི་དུས་སུ་སྲོག་ཨ་བ་དྷཱུ་ཏཱིར་ཆུང་པའོ།། ་དེས་འབྲས་བུ་ཅི་འགྲུབ་ཅེ་ན།། རྒྱུ་དང་མི་རྒྱུ་འཇིག་རྟེན་གསུམ།། རྣལ་འབྱོར་འབྲས་རབ་ཏུ་སྟེར།། ཞེས་བྱ་བ་གསུངས་ཏེ། རྒྱུ་བ་སེམས་ཅན་མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་ནོ།། སྣོད་བདུན་གྱི་འཇིག་རྟེན་གསུམ་པོ་དེ་དག་མཆོག ་དགའ་བང་པོའི་རང་བཞིན་གྱིས་ཤིན་ཏུ་སྟོང་པོའི་རྣལ་འབྱོར་གྱིས་འབྲས་བུ་སྟོར་བའོ།། དེ་དག་ལས་འབྱུང་བ་ཡིན་ཞེ་ན། གསང་སྔགས་འདི་ལས་འབྱུང་བ་ཡིན་ཞེས་བྱ་བ་གསུངས་ཏེ། སྲོག་ཨ་བ་དྷཱུ་ཏཱིའི་བཅུག་ནས ་མཆོག་དགའ་ཤིན་ཏུ་སྟོང་པ་འདི་ལས་སྣང་སྲིད་བདེ་བ་ཅན་གྱི་རང་བཞིན་དུ་ཤེས་པའོ།། མཆོག་དགའ་ཤིན་ཏུ་སྟོང་པ་རྗེས་སུ་རྣལ་འབྱོར་བཤད་ནས་ལྷན་ཅིག་སྐྱེས་དགའ་ཆེ་སྟོང་པ་ཆེན་པོ་ཤིན་ཏུ་རྣལ ་འབྱོར་བཤད་པས་ནི། སྒྲུབ་པ་པོ་ནི་དངོས་གྲུབ་རྩོམ། ཞེས་བྱ་བ་ནི་ཡིད་བདེ་བ་ལྷན་ཅིག་སྐྱེས་པའི་སྟོང་པ་ཆེན་པོ་ལ་རྩོམ་པའོ།། སྔགས་དང་ཕྱག་རྒྱར་ཡང་དག་ལྡན།། ཞེས་བྱ་བ་ནི་སྲོག་ཨ་བ་དྷཱུ་ཏཱིར་ཆུང་པ་དང་། ཕྱག་རྒྱ ་ཆེན་པོ་ཡིད་བདེ་བ་ཉིད་དང་ཡང་དག་པར་ལྡན་པའོ།། ཕྱག་རྒྱ་དང་བྲལ་གསང་སྔགས་ནི།། ལུས་ཅན་རྣམས་ལ་བྱིན་མི་རློབ།། ཅེས་བྱ་བ་གསུངས་ཏེ། སེམས་ཀྱི་སྟོང་ཉིད་ཀྱི་ཕྱག་རྒྱ་དང་བྲལ་ན་གསང་སྔགས་སྲོག་ཨ་བ་དྷཱུ་ཏཱཿ ་ཆུད་ཀྱང་རྣལ་འབྱོར་པ་ལ་ཕྱག་རྒྱ་ཆེན་པོ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་མི་རློབ་བོ།། སྟོང་པ་ཆེན་པོ་སྐྱེས་པའི་རྟགས་ཇི་ལྟ་བུ་ཞེ་ན། ཇི་སྲིད་འགྲོ་བའི་ཁྱབ་བདག། ཅེས་བྱ་བ་སྨོས་ཏེ། གཟུང་བ་བཀག་ནས་དྲོད ་ཀྱི་ཡེ་ཤེས་སྐྱེས་པ་དང་། སྟོང་པ་ཆེན་པོའི་རང་བཞིན་བསམ་གཏན་དང་པོའི་བདེ་བ་ལས་སྟོང་ཉིད་ཀྱིས་རྒྱུ་སོ་བཏབ་པ་ཡིན་པར་ཤེས་པར་བྱའོ།། དེ་ཡང་ཇི་ལྟར་ཞེ་ན། མཉམ་སྦྱོར་ལས། སྐུ་གསུངས་ཐུགས་ལ་བདེ ་བས་ན། ཤེས་རབ་ཕྱག་རྒྱ་རྗེས་སུ་བརྗོད། ཅེས་གསུངས་པ་དང་། ཀུན་སྤྱོད་ལས། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ལྷ་ཡི་སྐུ་ནི་བསྒོམ་པར་བྱ།། ཞེས་གསུངས་སོ།། ཉེ་བའི་རྟགས་དེ་ཇི་ལྟ་བུ་ཞེ་ན། གདན་བཞི ་ལས་དང་པོར་ཤེས་རབ་དྲོ་བ་ཡིན། གཉིས་པ་དུ་མར་ལྡན་པ་ཡིན།། གསུམ་པ་འདི་ནི་འཁྲུག་པ་དང་།། བཞི་པ་མར་མེ་འབར་བ་སྟེ།། ལྔ་པ་སྤྲིན་མེད་ན་མཁའ་དང་། ཞེས་གསུངས་སོ།། དེ་ལྟར་ལྷན་ཅིག་སྐྱེས་དགའ་སྟོང་པ་ཆེན་པོ ་ཤིན་ཏུ་རྣལ་འབྱོར་བཤད་ན་སེམས་འོད་གསལ་དང་ཉམས་སུ་མྱོང་བ་རོ་གཅིག་གི་ཟུང་འཇུག་གི་ངོ་བོ་རྣལ་འབྱོར་ཆེན་པོ་བསྟན་པ་ནི། རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་རང་བཞིན་སེམས་འོད་གསལ་བཱི་སྟོང་པ་ཉིད་དུ་རྟོགས་པ་ནི། ་སྟོང་པ་ཆེན་པོའི་རང་བཞིན་ཞེས་བྱའོ།། རྒྱུ་དེས་འདོད་པའི་དོན་ཀུན་སྒྲུབ་པར་བྱེད་པ་ཡིན་ནོ།། སེམས་ཀྱི་བདེ་བ་ཆེན་པོ་དབང་བཞི་པ་ཐོབ་པ་སྨད་པོར་མི་བྱ་བར་བསྟན་པ་ནི། རྣལ་འབྱོར་ཆེན་ལ་གང་ཞིག་སྡང་།། ཁྱི་ཡི་སྐྱེ་གནས ་བརྒྱར་སྐྱེ་སྟེ།། སྨེ་ཤ་ཅན་དུ་སྐྱེ་བར་འགྱུར་ཞེས་གསུངས་སོ།། སློབ་དཔོན་ཡེ་ཤེས་ཞབས་ཀྱི་བཞེད་པ་ལྟར་ལྷའི་སྐུའི་འཁོར་ལོ་སྒྱུ་མ་ལྟ་བུར་བསྒོམ་པས། མཆོག་གི་དངོས་གྲུབ་ཏུ་འགྱུར་རོ་ཞེ་ན། དཔེར་ན་ལ་ལ་མར་ནི ་འདོད་པ་ཡིས།། འབད་པས་ཆུ་ནི་བསྲུབྱས་གྱུར་ཀྱང་། མར་སར་འབྱུང་བར་མི་འགྱུར་གྱི།། ལུས་ཉོན་མོངས་པར་ཁོ་ནར་ཟད་ཅེས་གསུངས་སོ།། འོ་ན་བཅོས་མའི་རྣལ་འབྱོར་མས་ཅིག་ཞིག་ཐོབ་པར་འགྱུར་ཞེ་ན། འཛིན་ཅིང ་མཆོད་པར་བྱེད་པ་ནི།། ཞེས་བྱ་བ་སྨོས་ཏེ། ལྷར་བསྐྱེད་ཅིང་མཆོད་པ་བྱེད་པ་ན་ཚེ་འདི་ལ་འཚོ་བའི་ཐབས་ཀྱི་རྒྱུར་གྱུར་པ་དང་། ཚེ་ཕྱི་མ་ལྷ་དང་མིར་སྐྱེ་བའི་རྣལ་འབྱོར་གཞན་དུ་རྟེན་པ་དེས་ནི་གཞན་དུ་མཆོག་གི་དངོས་གྲུབ་སྒྲུབ་པ ་དང་། དེ་ནི་སྒྱུ་མ་ཡིན་པས་དོནི་པཱར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་མངོན་སུམ་གྱིས་མ་བསྒོམས་པའི་ཕྱིར་རོ།། དེ་རྣམས་ཀྱི་དོན་ནི་འདི་སྐད་དུ་སྟོན་པ་ཡིན་ཏེ། ཡེ་ཤེས་ཀྱི་ལྷ་མོ་ཕྱག་རྒྱར ་རྙེད་ནས་ལུས་བདེ་བའི་ལུགའ་བ་དགའ་དང་མཆོག་དགའི་སྐྱེས་ནས་ཡིད་བདེ་བ་ལྷན་ཅིག་སྐྱེས་དགའ་དེའི་རྗེས་ཐོགས་ལ་སྐྱེས་པ་ཡིན་ལ་དབང་བཞི་པའི་དུས་སུ་དགའ་བ་དང་མཆོག་དགའ་དང་ལྷན་ཅིག་སྐྱེས་དགའ་སྟོང་པོ་དང ་ཤིན་ཏུ་སྟོང་པ་དང་སྟོང་པ་ཆེན་པོའི་རྒྱས་བཏབ་ནས་གཟུང་འཛིན་གཉིས་དང་བྲལ་བའི་རང་བཞི་ནི་སེམས་འོད་གསལ་བའི་བདག་ཉིད་དབང་བཞི་པའི་ངོ་བོར་ཐོབ་པ་ཡིན་ནོ།། དགའ་བ་གསུམ་གྱི་དུས་སུ་རང་བཞིན་བརྒྱད་བཅུའི་རྟོག་པ ་དང་བྲལ་བ་ཡིན་ལ། དགའ་བ་གསུམ་སྟོང་པར་ཤེས་པའི་དུས་སུ་བདེ་བར་སྣང་བའི་གཟུང་འཛིན་ཉིད་ནུབ་པ་ཡིན་ནོ།། དེ་ལྟར་རྣམ་པར་རྟོག་པ་གཉིས་སུ་སྣང་བ་ཉིད་ནུབ་ན་ཅི་ཞིག་ཏུ་འགྱུར་ཞེ་ན། བཞི་པ་རྣལ་འབྱོར་ཆེན་པོ་འོང ་གསལ་བའི་རང་བཞིན་དུ་འགྱུར་རོ།། དེ་ལ་རང་བཞིན་བརྒྱད་བཅུ་ནི་དགའ་བའི་ཚེ་སུམ་བཅུ་རྩ་གསུམ་དང་། མཆོག་དགའ་ཆེན་པོ་བཞི་བཅུ་ཐམ་པ་དང་། ལྷན་ཅིག་སྐྱེས་དགའ་ཚེ་རྣམ་པ་བདུན་དང་བྲལ་བས་ན་རྟོག་པ་མེད་པ། ་དེ་ཡང་སྟོང་པ་ཉིད་བདུན་ཅུ་པའི་འགྲེལ་པ་ལས། འོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། འདོད་ཆགས་དང་བྲལ་བ་དག་ཡིད་ཀྱི་སོ་དང་འགྲོ་བ་དང་། འོང་བ་དང་། མྱ་ངན་དང་། མྱ་ངན་པར་མ ་དང་། ཤིན་ཏུ་མྱ་ངན་དུ་གྱུར་པ་དང་། ཞི་བ་དང་། རྣམ་པར་རྟོག་པ་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། ་མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་པོ་དང་། འཛིན་པའི་བཞི་པ་དང་། སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། སྙིང་རྗེ་དང་། གརྩེ་བ་དང་། དགོངས་པ ་དང་བཅས་པ་དང་། སྡུད་པ་དང་། ཕྲག་དོག་སྟེ། མཚན་ཉིད་སུམ་ཅུ་རྩ་གསུམ་མོ།། ཐབས་ཀྱི་རང་བཞིན་ནི་ཆགས་པ་དང་། ཆགས་པ་བར་མ་དང་། ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དག ་དང་། རེངས་པ་དང་། རབ་ཏུ་མགུ་བ་དང་། ངོ་ཚར་བ་དང་། རྐེད་པ་དང་། ཚིམ་པ་དང་། འཁྱུང་བ་དང་། འབྱེང་བ་དང་། འཇིག་པ་དང་། བརྟག་པ་དང་། བཻརྫོག་པ་དང་། ཁེངས་པ་དང་། ཁྱ་བ་དང་། འཕྲོག་པ་དང་། སྟོང ་དང་འཕྲོ་བ་དང་། དགའ་བ་སྦྱོར་བ་དང་ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་དག་པ་དང་རྣམ་པར་སྡིག་པ་དང་། འགྲོས་པ་དང་། འགྱེད་པ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་ཉེ་བར་མི་ལེན ་པ་དང་། སྦྱིན་པ་པོ་དང་། བསྩལ་བ་པོ་དང་། དགའ་བ་དང་། ངོ་ཚ་མེད་པ་དང་། སྦྱིན་པ་དང་། གདུག་པ་དང་། མི་བསྐྲུན་པ་དང་། གྱ་གྱུ་ཆེ་བ་དང་མཚན་ཉིད་བཞི་བཅུ་ཐམ་པའོ།། སྣང་བ་ཐོབ་པ་དང་། ཡེ་ཤེས་ཀྱི་རང་བཞིན ་ནི་འདི་ལྟ་སྟེ། ཆགས་པ་བར་མ་དང་། བརྗེད་ངས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་ཐེ་ཚོམ་དང་བཅས་པས་ཏེ་འདི་ནི་རང་བཞིན་བདུན་པོ་དེ་དག་གོ།། རང་བཞིན་བརྐྱང་བཅུ་པོ་དེ་དག ་གཟུང་བར་སྣང་བ་མཚན་མོའི་སེམས་དང་། འཛིན་པར་སྣང་བ་ཉིན་མོའི་སེམས་ཀྱིས་ཕྱེ་ནས་རང་བཞིན་བརྒྱ་དྲུག་ཅུར་འགྱུར་བ་ཡིན་ནོ།། དེ་ཡང་ཤེས་རབ་ཕ་རོལ་ཕྱིན་པ་ལས་ཕྱིའི་སེམས་ལ་སེམས་ཞེས་བྱ་བར་རབ་ཏུ་ཤེསོ།། ་ནང་གི་སེམས་ལ་སེམས་ཞེས་བྱ་བར་རབ་ཏུ་ཤེས་སོ་ཞེས་གསུངས་སོ།། དེ་ལྟར་རྣམ་པར་རྟོག་པའི་གཟུང་འཛིན་གཉིས་ནུབ་ནས་གཉིས་སུ་དགའ་བ་གསུམ་སྟོང་པ་གསུམ་གྱིས་བཀབ་ནས་བློ་བུར་གྱི་དྲི་མ་དང་བྲལ་བའི་རང་བཞིན ་འོད་གསལ་བ་རྟོགས་པ་ནི་ས་དོང་པོ་ཡིན་ནོ།། དེའི་ཕན་ཡོན་གསུངས་པ་ནི། རྣལ་འབྱོར་ཆེ་མཆོག་དཔའ་བའོ།། ཡུལ་ཕྱོགས་གང་ན་གནས་གྱུར་པའི།། རིགས་ངན་ཀླ་ཀློ་ཡིན་ན་ཡང་། ཡུལ་དེ་ཡོངས་སུ་བརྟགས་པ་ཡིན ་ཞེས་བྱ་བ་གསུངས་ཏེ། རྣལ་འབྱོར་པ་མཆོག་ཏུ་གྱུར་པ་སེམས་ཀྱི་སྟོང་ཉིད་རྟོགས་པའི་དཔའ་བ་ནི་ཡུལ་གང་ན་གནས་ཀྱང་རྡོ་རྗེའི་གདན་ཡིན་ལ། རིགས་ནི་ཀླུ་ཀློར་སྐྱེས་ཀྱང་སྤྲུལ་པའི་སྐུ་དངོས་ཡིན་ནོ།། རྣལ་འབྱོར་པ ་སེམས་ཀྱི་སྟོང་ཉིད་ཤེས་ནས་དེ་བཞིན་གཤེགས་པ་གཞན་དག་གིས་བྱིན་གྱིས་རློབ་པར་འགྱུར་རམ་ཞེ་ན། སེམས་ཅན་ཡོངས་སུ་གཟུང་བའི་རྒྱུར། དེ་རུ་ང་ནི་རྟག་ཏུ་གནས་ཞེས་བྱ་བ་གསུངས་པ་དང་། འདས་པ་དང་ད་ལྟར ་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་སྔོན་གྱི་ལམ་རྟོགས་པའི་རྣལ་འབྱོར་པ་དེ་རྗེས་སུ་གཟུང་བའི་ཕྱིར་ཡུལ་དེར་རྟག་ཏུ་བཞུགས་པ་ཡིན་ནོ།། དེ་ཡང་པདྨ་རྡོ་རྗེའི་ཞལ་སྔ་ནས། ཅིག་ཅར་ཕྱག་རྒྱ་ཆེན་པོ་བསྒོམ་པ་གསུངས ་པ་དང་། དེ་དང་རྗེས་སུ་མཐུན་པར་ནི་ཁ་སྦྱོར་ཐིག་ལེ་ལས་སེམས་ཀྱི་སྟོང་ཉིད་མངོན་སུམ་གྱིས་རྟོགས་པ་བསྟན་ཏོ།། འདིར་ནི་བཤད་པའི་རྒྱུད་ཀུན་སྤྱོད་དང་། རྗེས་སུ་མཐུན་པར་དགའ་བ་བཞི་ལ་རིམ་གྱིས་སྟོང་པ་ཉིད་རྟོག་པའི ་ཚུལ་གྱིས་བཤད་པ་ཡིན་ནོ།། དེ་ཡང་ལོས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་གསུམ་གྱི་ཏིང་ངེ་འཛིན་བསྐྱེད་པ་ཡིན་ལ། ཕྱག་རྒྱ་ཆེན་པོ་ལ་བརྟེན་ནས་དགའ་བ་གསུམ་གྱི་སྟོང་པ་ཉིད་འོད་གསལ་བའི་རང་བཞིན་དུ་འགྱུར ་བ་ཡིན་ནོ།། ལེའུ་ཉི་ཤུ་རྩ་དགུ་པའི་རྣམ་པར་བཤོང་བ་ཡིན་ནོ།། ། དེ་ལྟར་རྫོགས་པའི་རིམ་པོའི་རྒྱས་པར་བཤང་པའི་ལེའུ་ལྔ་བཤད་ནས་བསྐྱེད་པའི་རིམ་པའི་སྔོན་དུ་འགྲོ་བའི་སྤྱང་འཁོར་ལོ་བསྟན་པོ་ན ་དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་སྨོས་ཏེ། ཤིན་ཏུ་རྙོད་དཀའ་དགོད་པ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གནོད་མཛེས་ཀྱི་ཡི་གེ་བཏུ་བའི་འཁོར་ལོ་དགོད་པའོ།། གང་ཞིག་ཤེས་པ་ཙམ་གྱིས་ནི། ཞེས་བྱ་བ ་སྨོས་ཏེ། བཏུས་པའི་འཁྲུལ་འཁ་བོ་ཤེས་པའོ།། དེ་ཡང་བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོ་ལས་སྒྲ་གཅན་འཛིན་གྱི་རྒྱུ་བ་རྡོ་རྗེ་རོལ་པ་ཏའི་འགྲས་དང་། ཕུར་བུ་རྒྱུ་བ་ཡི་དགས་སྲིན་པོའི་གདོང་དང་། སྤེན་པའི་རྒྱུ་བ་གཤི་ནི་རྗེ ་དབྱུག་པ་འཆང་བ་དང་། འཇུག་རིངས་རྒྱུ་བ་མ་མོའི་རིགས་ལྡན་མའི་ཁོར་ལོ་བཀོད་པ་བ་ཤེས་པ་ཙམ་གྱིས་ལས་བཅུ་གཉིས་ཀྱིས་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད་དོ།། རྒྱུད་བླ་མིའི་ལེའུ་བཞི་པ་ལས་གནོད་མཛེས ་ཀྱི་སྔགས་བཏུ་བ་ཤེས་པ་ཙམ་གྱིས་སྲུང་བའི་འཁོར་ལོ་བྱས་པས་བར་ཆུད་ཀྱི་བགེགས་མེད་པར་བྱས་ནས་དངོས་གྲུབ་སྒྲུབ་པའི་འཁར་ལ་སུམ་བཅུ་རྩ་བཞི་མྱུར་དུ་སྒྲུབ་པར་བྱེང་བ་ཡིན་ནོ།། བཤིང་བའི་རྒྱུད་གཉིས་ཀྱི་དགོངས་པ་དང་ལྡན ་བའི་ཡི་གེ་བཏུ་བའི་གནས་བཤད་པ་ནི། ས་ཡི་ཆ་མཉམ་ཡིད་འོང་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་བཏུ་པཾའི་གནས་དང་། ཡི་གེ་བཏུ་བིའི་བཞིའི་འཁོར་ལོ་དང་། བཏུ་བའི་ཐབས་དང་། སྒྲུབ་པ་པོའི་ཆོ་ག་བཤད་པ་ཡིན་ནོ།། ་དེ་ནས་གནས་ཆ་མཉམ་ཞིང་ཡིད་དུ་འོང་བ་ལ་ཙཱན་དན་དང་ག་ཕྱུར་ལ་སོགས་པས་བྱུགས་པའི་དྲི་བཟང་པོ་དང་ལྡན་པའོ།། ས་བའི་ཀོ་བ་ཙམ་གཏུགས་པ་མེ་ཏོག་གི་སིལ་མ་ཙམ་བཀྲམ་ཞིང་ཕྱོགས་བཞིར་བཞག་པའི་དྲིས་ཉམས་དགའ ་བར་གྱུར་པའི་དཀྱིལ་འཁོར་དེའི་ཤར་ཕྱོགས་ཀྱི་ཆུར་བདག་ཉིད་འདུག་ལ། གོས་དང་ཕྱག་རྒྱ་ལྔ་དང་ཤེས་རབ་ཀྱི་ཡན་ལག་དང་། བདག་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་བསྐྱེད་པའི་བྱ་བ་ཀུན་བྱས་ཤིང་། ཁྲོ་བོ་བཅུས་ཕྱོགས་བཅིང་བ་བྱས ་ནས་ཕུར་བུས་བཏབ་ཅིང་རབ་དང་དྲ་བ་དོང་མོ་འོད་ཀྱི་ཕྲེང་བའི་མབར་ཐེག་པའི་བར་དུ་སྲུང་བའི་འཁོར་ལོ་བྱའོ།། དེ་ནས་པ་ཡི་རྣམ་ལྔ་བཅིང་བྱས་ཏེ། ཞེས་བྱ་བ་ནི་དངོས་སུ་རྡོ་རྗེ་རྙེད་ན་རེ་མིག་ལ་དགོང་པ་འམ། ས་ལ་རྫ་ལྡོམ ་དབྱིབས་བྲིས་ལ་རེའུ་མིག་བཞི་བཅུ་རྩ་དགུ་རྒྱུ་མཉམ་ལ་རྫ་རྔ་ཁ་བཞི་པ་རི་མོ་དགུ་པས་ཡོངས་སུ་བསྐོར་བ་བྲིས་ལ་རྫ་རྗེའི་ཕྱོགས་ནས་བརྩམས་ལ་ཡི་གེའི་ཕྱི་མོ་རིམ་པ་བཞིན་དུ་རེ་མིག་དང་མཉམ་པར་བྱ་བའི་བསམ་པས་རྣལ་འབྱོར་ཤིན་ཏུ ་མཉམ་པར་བཞག་པའི་བསམ་པས་དགོད་པར་བྱའོ།། དེ་ཡང་ཡི་གེ་ཕྱི་མོ་དབྱངས་དང་གསལ་བྱེད་དགོད་པར་བྱས་ཏེ། ཡི་གེ་བྱུང་ཁུངས་ཀྱི་གནས་དེ་ལས་དཔའ་བོ་ཞལ་བཞི་པའི་སྔགས་དངོས་གྲུབ་གསུམ་གྱི་འདོད་པའི་དོན་བསྒྲུབ ་པ་བཏུ་བར་བྱའོ།། རིམ་བཞིན་འབྱུང་དང་རི་མ་བཟློག་པ། ཞེས་བྱ་བ་ནི་རིམ་པོ་བཞིན་ནི་ཨ་ནས་བརྩམས་པའོ།། རིམ་ལས་བཟློག་པ་ནི་ཧ་ནས་བརྩམས་པའི་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་བ་ཏུ་བིའི་གནས་ཀྱི་འཁོར་ལོ་ལུས་བསྒྲུབ ་པ་ལས་རྣལ་འབྱོར་པ་ཐུབ་པའི་དབང་ཕྱུག་གིས་ཡི་གེ་བཏུ་བར་བྱའོ།། དེ་ལྟར་རེ་མིག་བཞི་བཅུ་རྩ་དགུའི་གྲངས་དང་ལྡན་པ་ལ་ཐོག་མ་རུ་རེའུ་མིག་སུམ་ཅུ་གཉིས་པ་བླང་ཞེས་བྱ་བ་སྨོས་ཏེ། རཻའུ་མིག་སུམ་ཅུ་གཉིས་པ་ནི་རེ ་མིག་ལ་གནས་པའི་ཡི་གེ་སའོ།། ལྟ་པའི་དབྱེ་བ་ཞེས་བྱ་བ་ནི་གནས་ཇི་ལྟ་བུའི་ཡི་གེ་ཨུ་དང་སྦྱར་བར་བྱའོ།། བརྒྱ་ཕྱེད་ཕྱེང་བ་ཞེས་བྱ་བ་ནི་ཉི་ཤུ་རྩ་ལྔ་པ་སྟེ་མིའོ།། ཉི་ཤུ་རྩ་བཞི་པ་ཡིས་དབྱེ་ཞེས་བྱ་བ་ནི་ཐུབ་པ་དེ་ཉིད་ཀྱི་ཉི་ཤུ་རྩ་བཞི ་པ་བྷ་སྟེ་དེས་ཕྱེ་བ་དང་ལྡན་པའོ།། རེ་མིག་སུམ་ཅུ་དྲུག་པ་བླང་ཞེས་བྱ་བ་ནི་ཨཱ་ལི་ནས་བརྩམ་པའི་སུམ་ཅུ་རྩ་དྲུག་པ་སྟེ་ནའོ།། རེ་མིག་གསུམ་པ་སྟེ་ཨི་དང་དེ་ཡང་དག་པར་ལྡན་པའོ།། སུམ་ཅུ་རྩག་ཉིས་བླང་ཞེས་བྱ་བ་ནི་སོའོ།། ་ལྔ་པས་དབྱེ་ཞེས་བྱ་བ་ནི་ཨུ་དང་ཡང་དག་པར་ལྡན་པའོ།། དེ་ནས་ཉི་ཤུ་ལྔ་པ་གཟུང་ཞེས་བྱ་བ་ནི་མའོ།། ཉི་ཤུ་བཞི་པ་དག་དང་སྦྱར་ཞེས་བྱ་བ་ནི་བྷ་སྟེ་དེ་དང་ལྡན་པའོ།། སུམ་ཅུ་གསུམ་པ་ཡང་དག་བླང་ཞེས ་དཱ་བ་ནཱི་ཧའོ།། དེ་མིག་བཅོ་ལྔ་པཾ་དང་ལྡན།། ཞེས་བྱ་བ་ནི་ཨཾ་དང་ལྡན་པའོ།། ལྔ་པ་དང་ནི་ཡང་དག་བཅུས་ཞེས་བྱ་བ་ནི་ཨུས?་བརྒྱན་པའོ།། དང་པོའི་ཚིག་ནི་ཡང་དག་གསུངས། ཞེས་བྱ་བ་ནི་རྐང་པ་དང་པོའི་ཡི་གེ་བཱཏུ་བའོ།། རེ ་མིག་ནི་བཅུ་དགུ་པ་ཞེས་བྱ་བ་ནི་གའོ།། མེའུ་བྱཱ་ནི་རཻ་སྟེ་དེ་དང་ལྡན་པའོ།། རེ་མིག་སུམ་ཅུས་རྣམ་པར་ཕྱེ། ཞེས་བྱ་བ་ནི་ཨི་དང་ལྡན་པའོ།། ཡ་ཚན་བརྒྱད་པའི་ས་བོན་ཞེས་བྱ་བ་ནི་ཧེའོ།། རེ་མིག་སུམ་ཅུ་དྲུག་པ་ནི་ན་དང་ཡང ་དག་པར་ལྷུན་པའོ།། སློར་ཡང་ཡི་གེ་དེ་དག་ཉིད་ཅེས་བྱ་བ་ནི་ཚིག་དེ་ཉིད་ལན་གཉིས་བརྗོད་པའོ།། དེ་ནས་རང་འབྱུང་བླངས་ནས་ནི་ཧའོ།། ལྔ་པས་དབྱེ་བ་ནི་ཨུ་དང་ཡང་དག་པར་ལྡན་པའོ།། ཐི་ག་ལེས་སྤྱི་བོས་རྣམ་པར་བརྒྱན ་ཞེས་བྱ་བ་ནི་རྗེས་སུ་འཇུག་པའི་དབྱངས་དང་ལྡན་པར་བྱས་ཏེ་རྐང་པ་གཉིས་དོང་པ་བཏུས་པའོ།། རེ་མིག་བཅུ་དགུ་པ་ཉིད་ལ་ཞེས་བྱ་བ་ནི་གའོ།། ཉི་ཤུ་རྩ་བདུན་པ་ནི་ཕྱེ།། ཞེས་བྱ་བ་ནི་ར་ལྡན་པའོ།། གསུམ་པ་དང་ནི་ཡ ་དག་ལྗོན།། ཞེས་བྱ་བ་ནི་ཨི་དང་ལྡན་པའོ།། སུམ་ཅུ་གསུམ་པ་ལེགས་བླངས་ལ་ཞེས་བྱ་བ་ནི་ཧའོ།། རེ་མིག་གཉིས་ནི་དབྱངས་ཡིག་གཉིས་དང་ལྡན་པའོ།། ཡི་གེ་ཉི་ཤུ་པ་དང་ལྡན་ཞེས་བྱ་བ་ནི་ན་དང་ལྡན་པའོ།། རེ་མིག ་ཉི་ཤུ་གཅིག་པ་ནི་པའོ།། ཉི་ཤུ་ལྔ་པ་ནི་ཡའོ།། ཚིག་ནི་ལན་གཉིས་བཟླས་པ་ཉིད།། ཅེས་བྱ་བ་ནི་བཟླས་ཏེ་དགོད་པའོ།། གོ་རིམས་བཞིན་བཟླས་པ་ལས་བཟློག་པ་བསྟན་པའི་ཕྱིར། དེ་ནས་གོ་རིམ་བཟློག་པ་བཟུང་།། ་ཞེས་བྱ་བ་སྨོས་ཏེ། རེ་མིག་དང་པོ་ནི་ཧིའོ།། བཞི་པའི་མཐའ་དང་ཡང་དག་ལྡན་ཞེས་བྱ་བ་ནི་ཨུ་དང་ལྡན་པའོ།། བཅོཾ་ལྔ་པ་ཡིས་མཆོད་པ་ནི་ཨཾ་དང་ལྡན་པ་སྟེ་རྐང་པ་གསུམ་བཏུ་བའོ།། རེ་མིག་གཉིས་པའི་ས་བོན་ཞེས་བྱ་བ ་ནི་དབྱིངས་ཡིག་ཨཱའོ།། སུམ་ནུ་རྩ་དྲུག་པ་ནི་ནའོ།། དེ་བཞིན་དྲུག་པ་ནི་ཡེའོ།། སུམ་ཅུ་གསུམ་པ་ནི་ཧའོ།། རེ་མིག་བཅུ་པ་བཅུ་མཆོད།། ཅེས་པ་ནི་ཨོ་དང་ལྡན་པའོ།། རེ་མིག་བཅུ་གཉིས་པ་ཉིད་ཅེས་བྱ་བ་ནི་བཟློག་པའི་བཅུ ་པ་སྟེ་བྷའོ།། བཅུ་དགུ་པ་ཞེས་བྱ་བ་ནི་གཱའོ།། ། ཉི་ཤུ་གསུམ་པ་ཉིད་ཅེས་བྱ་བ་ནི་པའོ།། རེ་མིག་གཉིས་པ་ཡང་དག་ལྡན།། ཞེས་བྱ་བ་ནི་ཨཱ་དང་ཡང་དག་པར་ལྡན་པའོ།། སྟེང་དུ་ཐིག་ལེས་བརྒྱན་པ་ནི་རྗེསུ་འཇུག ་བའི་དབྱངས་དང་ལྡན་པའོ།། དེ་ནིས་ཆུ་ཡི་ས་བོན་གཟུང་ཞེས་བྱ་བ་ནི་པའོ།། བརྒྱུད་པ་ཐ་ཞེས་བྱ་བ་ནི་ཛའོ།། མེའི་བུ་ཞེས་བྱ་བྷཱ་ནཱི་ར་དང་ལྡན་པའོ།། ཧུ~ཾ་ཧཱུ~ཾ་ཕཊ་དང་ཐར་སྦྱར་ཞེས་བྱ་བ་ནི་ཐར་ཧཱུཾ་ཕཊ་དང་སྦྱར་བའོ།། རྐང་པ་བཞི་པོ ་སྔགས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཚུལ་དང་ལྡན་པའི་ཕྱིར་ཁམས་གསུམ་རྣམ་པར་རྒྱལ་བའོ།། ཨོཾ་ནི་གསལ་བྱེ་ཀུན་ལ་ཡིན།། ཞེས་བྱ་བ་ནི་དང་པོར་ཨོཾ་གྱིས་གསལ་བར་བྱས་ཤིང་ཡི་གེ་ཧཱུཾ་ཀྵི་ཚོགས་ཀྱི་ཁྱད་པར ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ།། སྔགས་འདི་དག་གང་ཡིན་ཞེ་ན། རིག་པའི་རྒྱལ་པོ་འཁོར་ལོ་སྒྱུར་ཞེས་གསུངས་ཏེ། བགེགས་བཟློག་པའི་འཁོར་གནོད་མཛེས་ཡིན་ལ། དེའི་སྔགས་ནི་བསྲུང་བའི་འཁོར ་འོ།། སྔགས་སོ།། མ་བྱུང་བ་ནི་མར་མེ་མཛད་ནས་འོད་སྲུངས་ཀྱི་བར་དང་། འབྱུང་མི་འགྱུར་ནི་བྱམས་པ་ནས་མོས་པའི་བར་དུ་མི་འབྱུང་བའོ།། དེ་ལྟར་འབྱུང་བ་ཡིན་ཡང་རྒྱུད་དེ་ཉིད་བསྡུས་པ་དང་། དཔལ་མཆོག་དང་པོ་དང་རྣལ ་འབྱོར་བདེ་མཆོག་དང་རྡོ་རྗེ་འཇིགས་བྱེད་རྣམས་སུ་ཁྲོ་བོ་བཞི་དང་ལྡན་ཞིང་ཕུར་བུ་བརྒྱད་དང་ལྡན་པས་དཀྱིལ་འཁོར་བསྲུང་བ་བྱས་ན་གདུག་པ་ཐམས་ཅད་སྔགས་འདི་སྙེད་པ་ཙམ་པ་གྱི་ས་བརྡུང་མི་དགོས་པར་གྲུབ་པར་འགྱུར་རོ།། ་དེའི་འདི་སྐད་སྟོན་པ་ཡིན་ཏེ། བཤད་པའི་རྒྱུད་བླངས་པ་ལས་རང་གི་སྙིང་གར་རམ་ལས་བྱུང་བའི་ཉི་མིའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གཾ་ཧཱུཾ་ལས་བྱུང་བའི་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཧཱུཾ་མཛད་ཞལ་བཞི་པ་ཕྱག ་བརྒྱད་པ་ཞལ་དང་པོ་སྔོ་བ། གཡས་པ་སེར་བ། རྒྱབ་དམར་བ། གོཡན་ལྡང་བ། དཔའ་བོ་དང་མི་སྡུག་པ་དང་། ལྗགས་འགྲེལ་བ་དང་། ཚེམས་གཙིགས་པ་དང་། ཕྱག་དང་པོ་གཉིས་ན་རྡོ་རྗེ་དང་དྲིལ་བུ། ཕྱག་ལྷག་མ ་དྲུག་ན་ལྕགས་ཀྱུ་དང་། འགས་པ་དང་། རལ་གྲི་དང་། ཁ་ཊྭཱཾ་ག་དང་། ཏྲི་ཤཱུ་ལི་དང་། ཐེང་པ་བསྣམས་པའོ།། སངས་རྒྱས་ལྔའི་ཅིང་བན་རུས་པའི་བརྒྱན་གྱིས་བརྒྱན་པ། གཡོས་བ་རྐྱང་བའི་གནས་པས་འཇིགས་བྱེད་ཆེན་པོ་དང ་དུས་མཚོན་མནན་པས།། དེའི་ཐུགས་ཀའི་ཡི་གེ་ཧཱུ~ཾ་ལུས་ཁྲོ་བོ་བཅུ་སྐད་ཊཱིག་མུས་སྦྲུལ་ལ་ཤྭར་དཱ་རྡོ་རྗེ་གཏུམྦྷ་པཽ།། བྱུང་དུ་རྡོ་རྗེ་ཉི་མ།། ནུབ་ཏུ་རྡོ་རྗེ་གྷཙྪག་ཏོར། ལྷོར་རྡོ་རྗེ་འཁྱིལ་པ། ཤྭར་ལྷོ་མཚམས་སུ་རྡོ་རྗེ་གནད་སྦྱིནྟ། ་ལྷོ་ནུབ་ཏུ་རྡོ་རྗེ་ནག་པོ།། ནུབ་བྱང་དུ་རྡོ་རྗེ་སྟོབས་པོ་ཆེ། བྱང་ཤར་དུ་རྡོ་རྗེ་འཇིགས་བྱེད་དེ། རྡོ་རྗེ་གཙུགས་གཏོར།། འོག་ཏུ་རྡོ་རྗེ་གནོད་མཛེས་དེ་རྣམས་ནི་ཞལ་གསུམ་པ་ཕྱག་དྲུག་པ། ཤར་ཕྱོགས་སྔོ་ག་གཡས་སེར་བ།། གཽཡོན་ལྗང ་བའི། ནུབ་དམར་བ་ནི་གཡས་དཀར་བ་དང་གཡོན་ལྡང་བའོ།། ལྷོ་ལྡིང་བ་ནི་གཡས་དཀར་བ་དང་གཡོན་སེར་བའོ།། ཤར་ཕྱོགས་དུ་བའི་མདོག་ཅན་ན་ཤར་དང་འདྲ་བའོ།། བདེན་བྲལ་ནག་པོ་ཡང་ཤར་དང་འདྲ་བའོ།། རླུང་གི ་སྔོ་བ་ཡང་ཤར་དང་འདྲ་བའོ།། བྱང་ཤར་ཡང་ཤར་འདྲེའོ།། སྟེང་དཀར་པོ་ཡང་སྔོ་བ་དང་གཡོན་ལྡང་བའོ།། འོག་ཀྱང་ཤར་ཕྱོགས་དང་འདྲ་བའོ།། ཤར་རྡོ་རྗེ་དང་། བྱང་སྣ་ཚོགས་རྡོ་རྗེ་དང་། ནུབ་པདྨ་དང་། ལྷོ་རིན་པོ་ཆེ་དྲིལ་བུ ་བཅས་པས་འཁྱུད་པའོ།། ཕྱག་ལྐོག་མ་རྣམས་ཀྱིས་ལྕགས་ཀྱུ་དང་ཁ་ཊྭཱཾ་ག་དང་། ཏཱི་ཤཱུ་ལ་དང་། ཐོད་པ་བསྣམས་པའོ།། སྟེང་གི་འཁོར་ལོ་སྒྱུར་བའི་འཁོར་ལོ་དང་དྲིལ་བུསི་འཁྱུད་ཅིང་འོག་གི་གནོད་མཛེས་ནི་རྡོ་རྗེ་དང་དྲིལ་བུས ་འཁྱུད་པ། ཕྱག་ལྷག་མ་ནི་སྔ་མ་རྣམས་དང་མཚུངས་པའོ།། དེ་ལྟ་བུའི་ཁྲོ་བོ་བཅུ་སྤྲོས་པས་བློ་བུར་གྱི་བགེགས་རྣམས་བསྐྲད་ནས། བསྡུས་པས་ཕྱོགས་སྐྱོང་བ་བཅུ་བདུན་གདན་དུ་བཏིང་ཞིང་བགེགས་གཞོམ་པའི་ཕྱིར་སྟོང ་ཁྲོ་བོ་སྨད་ཕུར་བུ་རྡོ་རྗེ་རྩེ་གཅིག་གཅིག་པ་ལྟ་བུ། ཨོཾ་གྷཿགྷཱཿགྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུརྞྞེ་ཧཱུཾ་ཕཊ། ཀཱི་ལི་ཀཱི་ལི་ཡ་སརྦ་པཱརྦཾ་ཧུཾ་ཧཱུཾ་ཕཿ། དྷཱཛྙཱཏྶུ་ཀྵཱི་ལ་ཡ་ཕཊ། བཛྲེ་དྷ་ར་ཨཱདྦྷ་པ་ཡ་ཏྲི་ཀཱ་ཡ་ཝཱཀ་ཙིདྦྷ་བཛྲ་ཀཱ ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བས་ཁྲོ་བོ་བཅུ་བསྐྱེད་ལ་བགེགས་ཀྱི་སྙིང་གར་གདབ་པར་བྱའོ།། ཨོཾ་བཛྲེ་མུད་གར་ཨཱ་ཀཱཾ་ཊཱ་ཡ་ཧཱུ~ཾ་ཕཊ་རྗེས་གདུང་བར་བྱའོ།། དེ་ནས་ཧཱུ~ཾ་ལས་རྗེ་སོ་གཞི་དང་། དེའི་འོད་ཟེར་གྱི་ར་བི་དང་། སྟེང་དུ་རྡོ་རྗེ་བླ་རཾ་དང ་མངའ་དྲི་བ་དང་། ཕྱི་རོལ་ཀུན་ནས་མི་འོད་ཀྱི་ཕྲེང་བ་བསམ་པར་བྱའོ།། དེས་ན་ཁྲོ་བོ་བཞི་དང་ཡང་དག་ལྡན། ལྕི་བརྒྱ་བྱི་དང་རི་ཡང་དག་ལྡན། ཞེས་བྱ་བ་གནོད་མཛེས་ཀྱི་སྤྲོ་བའི་སྔགས་བཞི་ལས་ཁྲོ་བོ་བཅུ་བསྐྱེད་པ་ཡང་དག་པར ་ལྡན་པ་དང་། ཕུར་བུའི་སྐུ་བརྒྱད་བསྐྱེད་པ་དང་བཅས་པ་སྟེ། དེ་ལྟ་བུ་བསྒོམས་པས་རྒྱུད་ཐམས་ཅད་དུ་ཐུན་མོང་དུ་བརྗོད་པའི་སྔགས་འདི་དང་། བསྒོམ་པའི་ཁྲོ་བོའི་འཁོར་ལོ་དང་བཅས་པས་བཅུ་གཉིས་ཀྱི་འབྲས་བུ་བསྐྱེད་པ་ཡིན ་ནོས་བཏུས་པའོ།། བཏུས་པའི་སྔགས་འདི་ཉིད་གང་ཞེ་ན། ཨཾ་སུམྦྷ་ནི་ཞེས་པ་ལ་སོགས་སྟེ་སུམྦྷ་ནི་མཛེས་ལ་བོད་པའོ།། གྲྀཧྞ་ཞེས་བྱ་བ་ནི་ཁྲོ་བོ་བཅུ་ལ་ཕྱོགས་སྐྱོང་བ་ཟུང་ཅིག་པའོ།། གྲྀཧྞ་པ་ཡཱ་ཞེས་བྱ་བ་ནི་སྦྲེལ་པའི ་འཁོར་གྱིས་ཟང་ཅིག་པང་།། ཨེ་མ་ལ་ཡིནས་བྱ་འནི་ཁྲུག་ཅིག་པོའོ།། གལ་ཏེ་མཁྲུགས་ནི་ཛཾ་ལྟར་བྱ་ཞེ་ན། བྷ་ག་ཝ་འང་རཱི་ཞེས་བྱ་བ་སྨྲས་ཏེ། ཆོམ་ལྡན་འདས་རྡོ་རྗེ་རྒྱ་མ་པོའི་བཀས། ལུག་ཀྱིག་པཛྲ་མ་མ་སུམ་སུ ་རྣམ་པར་བཤད་པའོ།། །། དེ་ལྟར་གནོད་ཀྱི་འཁོར་བཤད་ནས།། དངོས་གྲུབ་སྒྲུབ་པའི་ལེའུ་ཉི་ཤུ་བཞི་པ་ལས་དང་པོ་རེ་ཞིག་རྒྱུ་བ་དང་མི་སྐྱེ་བའི་འཁོར་ལེའུ་ཉི་ཤུ་གསུངས་པ་ནི། དེ་ནས་ཤ་ཆེན་འདི་དག་ཀུན ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤ་ཆེན་ནི་འཆད་པར་གྱུར་པའི་སྲེག་རྫས་སོ།། འཇིགས་བྱེད་ནི་ཉོན་མོངས་པ་དང་སྡུག་བསྔལ་འཇོམས་པསོ།། རྡོ་རྗེ་སྐྱེས་ཡིན་ཞེས་བྱ་བ་ནི་མངོན་སྤྱོད་ཀྱི་རྫས་རྡོ་རྗེའི་རིགས་དང་མཐུན་པའོ།། ་འདི་ནི་གདུག་པ་ཐམས་ཅད་འཇིགས་པར་བྱེད་མངོན་སྤོང་མི་བཟད་སྦྱིན་སྲེག་འདི་གསུངས་པོ་ཡིན་ནོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་དེ་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱི་ནི་ཞེ་སྡང་འཇོམས་པའོ།། ་ཕག་ནི་གཏི་མུག་འཇོམས་པའོ།། ཟངས་ཀྱི་གཙུག་པུད་ཅན་ནི་ཁྱིམ་བྱ་སྟེ་འདོད་ཆགས་འཇོམས་པའོ།། གང་གི་དཀྱིལེ་འཁོར་ལ་ཞེན་པ་ལ་མངོན་སྤྱོད་ཀྱི་ནི་བྱ་བ་གསུངས་སོ།། དེས་བྱ་བ་སྟེ། བཟའ་བ་སྟེ། ནང་གི་སྦྱིན་སྲེག ་དང་། སྦྱིན་སྲེག་སྟེ་ཕྱི་རོལ་གྱི་སྦྱིན་སྲེག་དང་། གཏོར་མ་རྣམས་བྱའོ།། མོ་ལུས་ལུས་པ་མེད་གྲུབ་པོ།། ཞེས་བྱ་བ་ནི་ལས་བཅུ་གཉིས་གྲུབ་པའོ།། རྒྱལ་སྲིང་ཐམས་ཅད་བྱ་བ་ནི་ཉེ་བར་མཚོན་པོའོ།། དེ་ལྟར་སྲེག་རྫས་བཤད་ནས ་དེའི་སྣོད་བཤད་པ་ནི་དུང་དང་ཉེ་ཕྱིས་མུ་ཏིག་སྟེ་ཞེས་བྱ་བ་སྨོས་ཏེ། དུང་ལ་སོགས་པ་གསུམ་ཆར་ཡང་ལས་དང་ཉོན་མོངས་པ་དང་ཁུ་ཁྲག་གིས་རྒྱུ་ལས་བྱུང་བ་ཡིན་ནོ།། བསོད་ནས་ཀྱི་ལས་ཀྱི་རྒྱུ་རྐྱེན་ལས་འབྱུང་བའི ་ཆོས་ཀྱི་ཡེ་ཤེས་ཀྱི་ལུས་ཅན་མིའི་ཐོད་པས་སྲེག་རྫས་ཀྱི་སྣོད་དུ་བྱས་ཀྱང་མཁས་པའི་རྟོག་པ་དང་ལྡན་པ་རྣམས་སུ་ཡང་སྨོད་པར་མི་འགྱུར་རོ།། དེ་ལྟར་སྨོད་བཤད་ནས་བདག་ཉིད་ལྷར་བསྐྱེད་པ་ཇི་ལྟ་བུ་ཞེ་ན། དཔའ ་བོ་ཐོང་བའི་ཕྲེང་བ་ཅན་ཞེས་བྱ་བ་ནི་སྨོས་ཏེ། སངས་རྒྱས་ལྔའི་རང་བཞིན་གྱི་བདེ་བ་ཅན་ཟླ་བ་ཕྱེད་པ་རྒྱན་དུ་བྱས་ཞེས་བྱ་བ་ནི་ཟླ་བ་ཕྱེད་པའི་རྟགས་ཅན་ནོ།། དཔ་བོ་དབང་ཕྱུག་ཡིན་པར་བཤད་ཅེས་བྱ་བ་ནི་མཁའ་འགྲོ་མ་ཀུན ་སྤྱོད་ལས།། སྤྲུལ་པ་ལས་བྱུང་དཔའ་བོ་རྣམས།། ཡན་ལག་དྲུག་ཅུས་སེམས་ཀྱིས་སྤྲུལ།། དག་པའི་ཆོས་ཀྱི་སྤྲུལ་པ་རྣམས།། ཕག་མོའི་གཟུགས་སུ་བསྟན་པ་ཡིན།། ཞེས་བཤད་པས་དཔལ་ཧེ་རུ་ཀ་ལས་བྱུང་བའི ་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པ་བསྒོམ་པར་བྱའོ།། ཕྱག་རྒྱ་བཤད་པ་ནི། བརྡ་ལྔ་པོ་ནི་བསྟན་པའོ།། ཅེས་བྱ་བ་ནི་སོར་མོ་གཡོན་པ་ལྔ་ཐབས་ལྔར་བསྒོམ་པ་དང་། གཡས་པ་ལྔ་ལྷ་མོ་ལྔར་བསྒོམ་པའི ་བརྡ་ལྔའོ།། དེ་ཡང་ཇི་ལྟར་བགོང་སྙམ་ན། སྒྲུབ་པ་པོ་ཡི་ལག་གཡོན་གྱི།། ཞེས་བྱ་བ་ལ་ལག་པ་གཡོན་པའི་སྒྲ་མི་དཔའ་བོ་དྲུག་གི་གནས་ཡིན་ཏེ། ཤེས་རབ་དང་ཐབས་རོ་གཅིག་ཏུ་བྱས་ནས་བརྡ་རྣམས་ལ ་འཇུག་པར་བྱའོ།། བརྡ་དེ་ཡང་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་དང་ཕྱི་ནང་གི་སྦྱིན་སྲེག་དང་དབང་བསྐུར་བའི་དུས་སུ་ལྷའི་རང་བཞིན་དུ་བསྐྱེད་ནས་བརྗེ་བ་ཞེས་བྱ་བ་ལུས་ཀྱི་ཐ་སྙད་དེ། ལག་པའི་ཕྱག་རྒྱའི་བྱ་བ ་ལ་རབ་ཏུ་འཇུག་པའོ།། ཅིའི་ཕྱིར་གཡོན་པ་ལ་གཙོ་བོ་དང་དགོད་སྙམ་པ་ལྔ། ཁམས་གསུམ་རྒྱ་དང་མི་རྒྱུ་བ།། འགྲོ་ཀུན་གཡོན་ལས་བྱུང་བ་ཡིན། ཞེས་བྱ་བ་གསུངས་ཏེ། ལུས་པོ་ཕྱོང་ན་ཤེས་རབ་ཆོས་ཀྱི་དབྱིངས ་ལས་འབྱུང་བ་ཡིན་ལས། གཡས་པ་ནི་ཐབས་ལས་འབྱུང་བ་ཡིན་ནོ།། ཅིའི་ཕྱིར་ན་གཡོན་པ་ཤེས་རབ་ཡིན་ཞེ་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྡར་གྱུར་དུ་ཡིན་ཏེ། ཤེས་རབ་ཐམས་ཅད་ཐབས་དང་ཤེས་རབ ་གཉིས་སུ་འདུས་པར་སྟོན་པ་ཡིན་ནོ།། དེས་ན་གཡོན་པའི་ཆོས་ཀྱི་དབྱིངས་ལ་སྣོད་བཅུང་ཐམས་ཅད་འབྱུང་བ་ཡིན་ནོ།། དེ་ཡང་ཇི་ལྟར་ལྷ་དགོད་པར་བྱ་ཞེ་ན། མཐེ་བོང་ལ་རྡོ་རྗེ་སེམས་དཔའ། མཛུབ་མོ་ལ་རྣམ་པར་སྣང་མཛད། ་གུང་མོ་ལ་པདྨ་གར་གྱི་དབང་ཕྱུག། སྲིན་ལག་ལ་དཔལ་ཧེ་རུ་ཀ། མཐེའུ་ཆུང་ལ་ནམ་མཁའ་སྙིང་པོ།། སེན་མོའི་ངོས་ལ་རྟ་མཆོག་བསྒོམས་ལ།། ལག་པ་གཡོན་པ་བསྒྱུར་བྱས་ནས།། དཔའ་བོ་འདི་རྣམས་འབྱུང་ངོ་། ་ལག་པའི་མཐིལ་ཤྲཱི་ཧེ་རུ་ཀ། པོག་མོ་ཀུན་འདུས་དག་བྱེད་ཡིན། ཞེས་བྱ་བ་གསུངས་ཏེ། ལག་མཐིལ་གྲཝ་ཡས་གཡོན་དུ་ཐབས་རྣམ་པ་དྲུག་དང་། ཤེས་རབ་རྣམ་པ་དྲུག་བགོད་ནས་ཐལ་མོ་སྦྱར་བས་ལུས་ཀུན་དག་བྱེད ་ཅེས་བྱ་བའི་ཕྱག་རྒྱར་འགྱུར་བ་ཡིན་ནོ།། རྒྱབ་དུ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་གཡོན་པའི་ལག་པའི་མཐིལ་དུ་པདྨ་འདབ་མ་ལྔ་པའི་འདབ་མ་ལ་མཁའ་འགྲོ་མ་ལྔ་དང་། ལྟེ་བ་ལ་གཏུམ་མོ་དགོད་པར་བྱའོ།། དེ ་བཞིན་དུ་ལག་པ་གཡོན་པ་ལ་དཔའ་བོ་རྣམས་བཀོད་པ་ནི། མཛའ་བ་ཐམས་ཅད་འདས་པའོ།། རིན་ཆེན་རྡོ་རྗེའི་ཞལ་སྟ་ནས་རྒྱབ་ཏུ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་ནི་སེན་མོའི་ངོས་ལ་ཙཏྟཾ་ཀ་བཀོད ་ལ་སོར་མོ་ཐམས་ཅད་ཀྱི་མཇེའ་བ་འདུས་པ་ཞེས་གསུངས་སོ།། ཆོ་ག་དེས་ཅི་ཞིག་བྱེད་ཅེ་ན། དེ་ལྟའི་ཆོ་གའི་སྦྱོར་བ་ཡིས། དཔའ་བོ་ཐམས་ཅད་མཆོད་པར་བྱ། ཞེས་གསུངས་ཏེ། ནང་གི་སྦྱིན་སྲེག་དང་ཕྱིའི་སྦྱིན་སྲེག་དང་། གཏོར ་མས་མཆོད་པར་བྱའོ།། སོར་མོ་རྣམས་ལྷའི་རང་བཞིན་དུ་བསྐྱེད་ནས་འབྱུང་བ་རྣམས་ཇི་ལྟར་བྱ་ཞེ་ན། ས་ནི་སྤྱན་ཞེས་བྱ་བར་བཤད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་ལྔ་ལྷ་མོ་ལྔ་ཡིན་པར་སྟོན་ཞིང་། ལྷ་མོ་རྣམས ་གང་དུ་གཤེགས་སུ་གསོལ་ཞེས་བྱ་བ་གསུངས་ཏེ། ལག་པ་གཞལ་ཡས་ཁང་དུ་བྱ་བ་ལ་མཁས་པས་གཞལ་ཡས་ཁོང་གི་སྟེང་རྒྱབ་ཏུ་གཤེགས་སུ་གསོལ། གསང་བ་འདི་ནི་མི་བཤད་ཅིང་ཞེས་བྱ་བ་ནི་ལག་པའི་ཕྱག ་རྒྱུ་གསང་བ་འདི་དབང་མ་བསྐུར་བ་ལ་མི་བཤད་ཅིང་རྡོ་རྗེ་སྤུན་མ་ཡིན་ནོ།། འོ་ན་དུསྦྱི་ན་དུས་ནམ་གྱི་ཚེ་བྱ་ཞེ་ན། དེ་ལྟར་བདག་གིས་དཔའ་བོ་རྣམས།། ལྷན་ཅིག་ཟས་ལ་སྤྱོད་པ་བརྩམས་ཞེས་བྱ་བ་གསུངས་ཏེ། ཚོགས ་ཀྱི་འཁོར་ལོ་བྱ་བའོ།། དཔའ་བོ་ཐམས་ཅད་མཉམ་སྦྱོར་བ།། མཁའ་འགྲོ་དྲ་བའི་བང་མཆོག་ཡིན།། ཞེས་བྱ་བ་ནི་ལོག་པའི་ཕྱག་རྒྱ་མཉམ་སྦྱོར་བའི་བདེ་མཆོག་གོ། ལེའུ་སུམ་ཅུ་རྩ་གཅིག་པོའི་རྣམ་པར་བཤད་པའོ།། ་དེ་ལྟར་མི་རྒྱུ་བའི་སྦྱིན་སྲེག་གི་འཁོར་བཤད་ནས། ད་ནི་ཡི་དགས་སྲོག་སོང་གི་འཁོར་ལོ་བཤད་པ་ནི། དེ་ནས་གཞན་ཡང་བཤད་བྱ་སྟེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་ནཱ་རོ་ལངས་ཀྱི་སྦྱིན་སྲེག་གོ། ཕྱུ ་སྦྱིན་སྲེག་གི་སྦྱོར་བ་དང་། ནང་གི་སྦྱིན་སྲེག་གི་འདུས་པ། དེ་ཡང་དག་པའི་སྦྱིན་སྲེག་ཆོ་ག་གཞི་དཀྱིལ་འཁོར་དང་། མཆོད་རྗེས་དང་། ཐབ་ལྷུར་བསྐྱེད་པ། མཆོད་པ་དང་། འབྲས་བུ་དངོས་གྲུབ་བླང་པོ་དང་། གཤེགས་སུ ་གོ་སོལ་བའོ།། རྣམ་པ་གང་གིས་མཆོག་དེ་ཤེས་ནི་མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར་བའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི།། སྐྱོབ་པ་པོས་སྔར་བསྟན་རིམ་པ་ཡིས། ཞེས་བྱ་བ་གསུངས་ཏེ། ལེའུ་སུམ ་ཅུ་རྩ་གཅིག་པ་སྲེག་རྫས་དང་། སྣོད་དང་ལྷར་བསྐྱེད་པའི་ཕྱག་རྒྱའི་རིམ་པའོ།། ཕྱུགས་རྣམས་ཀྱི་ན་འགུགས་པ་ཉིད། ཅེས་བྱ་བ་ནི་སྔར་བསྟན་པས་ཙཱ་ལྷུར་གྱུར་པས་ནི་མཆོག་གོ། རྐང་བཞི་པ་ལས་གླང་པོ་མཆོག་དང་། ་འདབ་ཆགས་ལས་ངང་པ་དང་། ཆུ་ལ་གནས་པ་དུད་འགྲོ་ལྀས་རུས་སྦལ་དང་། འི་གི་ཝང་དང་བཅས་པའི་ཤ་ལ་ལྷ་རྣམས་གསོལ་བར་གཞེད་པས་ཆུ་གཡོ་བའོ།། དེ་རྣམས་ནི་དངོས་གྲུབ་བསྒྲུབ་པའི་ཡན་ལག་ཏུ་སྦྱངས ་རྒྱས་དང་བྱང་ཆུབ་སེམས་དཔའི་ལྷ་མོའི་མངོན་པར་ཤེས་པ་རྣམས་ལ་གྲགས་པ་ཡིན་ནོ།། ཁྭ་དང་ཆུ་སྐྱུར་དང་བཞད་དང་གཉིས་སྐྱེས་ཏེ་ཁུ་བྱུག་དང་། ཁྲུང་ཁྲུང་དང་། སྔགས་ཆེན་པོ་དང་། ས་ར་ས་དང་། ཀཽ་དཾ་པ ་ལ་སོགས་པ་ཁཱ་ན་མ་ཐོ་བ་མེད་པའི་ཤ་དང་། ནང་གི་སྦྱིན་སྲེག་བཟའ་བ་དང་། གཏོར་མ་དང་། ཕྱི་རོལ་ཏུ་སྦྱིན་སྲེག་བྱས་ན་འདོད་པའི་དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར་རོ།། དེ་ལྟར་ཕྱི་ནང་གི་ཐུན ་མོང་གི་སྦྱིན་སྲེག་བསྟན་ནས་རོ་ལངས་ཀྱི་ཁྱད་པར་གྱི་སྦྱིན་སྲེག་གིས་སྲེག་རྫས་བཤད་པ་ནི། ཀྲྀཥྞ་ཤྭ་ན་ཞེས་བྱ་བ་ནི་ཁྱི་མོ་ཤིན་ཏུ་གནག་པ་ལུས་གང་ལ་ཡང་སྤུ་དཀར་པོ་མེད་པའོ་མ་དང་། མ་ཤའི་འབྲས་ནག་པོ་ཕྱེ་མར་བྱས་པ་དང་། ་ལྡན་པའི་ཐུགས་པ་སྤྱིར་ཚེས་བཅོ་ལྡིའི་དུས་སུ་སྐར་མོ་རྒྱུལ་དང་གཟའ་ཕུར་བུ་འཇོམས་པའི་དུས་སུ་རྒྱལ་རིགས་སམ་རྗེའུའི་རིགས་སམ་བྲམ་ཟེའི་རིགས་ཤ་ད་ཀར་ལ་སྨ་སེར་བ་ཤིང་པུཎྜ་རཱི་ཀ་འམ་ཨ་རབྱཱ་ཐོ་ལ་འགོགས་ནས ་ཤི་བའི་རོ་བླངས་ལ་དཀྱིལ་འཁོར་གྱིས་དབུས་སུ་བཞག་སྟེ། དུར་ཁྲོད་མཁའ་འགྲོ་གང་ཡང་རུང་པོ་ལ་དགུག་པ་དང་གཞུག་པ་དང་བཅིངས་པ་དང་དབང་དུ་བྱས་ལ་འཇིག་རྟེན་གྱི་དངོས་གྲུབ་སྒྲུབ་པ་དང་། ཞིང་སྐྱོང་བརྒྱད་ལ་གང་ཡང ་རུང་བཅུག་ནས་བསམ་གཏན་གཟུགས་མོད་ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང་། རིགས་ལྔའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་བཅུག་ནས་མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ།། དེ་ལས་དང་པོ་དུར་ཁྲོད་ཀྱི་འཁོར་བཅུག་པ ་འཇིག་རྟེན་གྱི་དངོས་གྲུབ་ཀྱི་དབང་དུ་མཇེད་ནས་མཛེས་པ་མེད་པ་རོའི་ཁརང་སྤྱོན་སྲེག་བརྒྱ་རྩ་བརྒྱད་དུ་བྱ་ཞེས་གསུངས་ཏེ། དང་པོར་བསྙེན་པའི་དུས་སུ་ངུ་བོ་དང་འབར་བ་དང་འཕར་བ་མཐོང་ནས་རེའི་ལྟེ་བའི་དབུས ་མེའི་དཀྱིལ་འཁོར་བསྐྱེད་ནས་རྐང་པ་རླུང་གིས་གཡབས་ཏེ་ལྟེ་བ་ནས་འཕར་བས་མིག་མེའི་སྒོ་ནས་དྲོ་བའི་རྟགས་འབྱུང་བ་དང་། རྣ་བ་རླུང་གི་སྒོ་ནས་འཕར་བ་དང་། སྣ་སའི་སྒོ་ནས་དུ་བ་དང་། ཁ་ཚུའི་སྒོ་ནས་སྨྲ་བ་དང་། འཕར ་བའི་རྟགས་འབྱུང་བར་འགྱུར་རོ།། དེའི་ཚེ་མེ་ལྷ་ཐུགས་དཀར་བཞག་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། དེ་ནས་དུར་ཁྲོད་ཀྱི་མཁའ་འགྲོ་བཀུག་ལ་འཛེམ་དང་བག་ཚྭ་བ་མེད་པས་རོའི་ཁར་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། ་དེ་ནས་རོ་དེ་ལངས་ལ་ཅི་བགྱི་ཞེས་སྨྲ་བར་འགྱུར་རོ།། དེ་ལ་ལྷ་མ་ཡིན་གྱི་བུ་མོའི་དོན་ས་འོག་ཏུ་འགྲོ་བ་ལ་སོགས་པ་དང་། དངོས་གྲུབ་གང་ཡང་རུང་བ་ཅིག་བྱིན་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་འཇིག་རྟེན་གྱི་མཁའ ་འགྲོ་ངེས་སུམ་ཅུ་རྩ་གཉིས་ཀྱི་བུ་གནས་བཞུགས་ཏེ། རྡོ་རྗེ་སྙིང་གིས་མ་ཟིན་པར་ལྷ་མ་ཡིན་གྱི་བུ་མོའི་གནས་སུ་འགྲོ་བ་འམ། གཡུལ་ལས་རྒྱལ་བའི་དངོས་གྲུབ་བམ། མངོན་སྤྱོད་ཀྱི་ཚོགས་ཚར་བཅད་པ་འམ། ཞི་བ ་དང་རྒྱས་པས་ཕན་འདོགས་པའམ། མ~ཾགྣ་སྨན་གྱིས་བདུད་ལེན་གྱི་སྤྱན་རྙེད་པ་འམ། སྭ་འོག་གི་གཏེར་རཱམ། དཔག་ཚིང་ཚུན་ཆུད་ཀྱི་རྐང་མགྱོགས་སམ། ལོ་སྟོང་ལ་སོགས་པ་ཐུབ་པའི་བཙུད་ཀྱིས་ལེན་གང་ཡང་རདྲ་བ་ཅིག ་བྱིན་ནས་རང་གིས་གནས་སུ་འགྲོ་བ་ཡིན་གྱི་གཞན་དུ་མ་ཡིན་ཞེས་བྱ་བ་ནི་ཉི་མ་ཟླ་བ་ནི་ས་ལ་ལྷུང་ཡང་སྲིད་། རླུང་ནི་རྒྱུན་ལས་བཟློག་ཀྱང་སྲིད་།། རོ་ལངས་ཀྱི་དངོས་གྲུབ་ནི་གཞན་དུ་མ་ཡིན་ནོ།། སྟེང་དང་ས་འོག་པོ་ཉས་གྲུབ ་ཞེས་བྱ་བ་ནི་སྒྱུ་དང་གསུང་དང་ཐུགས་ཀྱི་དངོས་གྲུབ་ཏུ་འགྱུར་རོ།། རྒྱུད་འདིར་ཐེ་ཚོམ་མེད་ཀྱང་རུང་ཞིང་བྱ་བ་ནི་གདོན་མི་ཟ་བར་འགྲུབ་པོ་ཞེས་པའི་དོན་ཏོ།། དེ་ལྟར་རོ་ལངས་ཀྱི་དཀྱིལ་འཁོར་སྒྲུབ་པ ་བཤད་ནས་རོ་ལངས་སྒྲུབ་པའི་ཚེ་རྣལ་འབྱོར་པ་བདག་ཉིད་ལྷར་ཇི་ལྟར་བསྐྱེད་པར་བྱ་ཞེ་ན། གནས་པའི་རྣལ་འབྱོར་སྔོན་དུ་འགྲོ་བས་དང་པོར་རྟེན་གྱི་དཀྱིལ་འཁོར་བསྒོམ་པ་ནི་གདུལ་བྱ་དྲག་པོ་འཇིགས་བྱེད་ཀྱི་བརྡའི་དབང་དུ་བྱས་ནས ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྐྱེད་པ་ནི་ལྕི་བའོ།། རཾ་ལས་མེའི་དཀྱིལ་འཁོར་བསྐྱེད་པ་ནི་ཐལ་བ་ཞེས་བྱའོ།། བཾ་ལེས་ཆུའི་དཀྱིལ་འཁོར་ལ་ལྷག་མ་ཞེས་བྱ་སྟེ། མངོན་པོར་བརྗོད་ལས་ཀྱང་ལྷག་མ་རྔམས་སུ་འབུམ་ཕྲག ་བརྒྱད་ཅེས་གསུངས་པའི་ཕྱིར་རོ།། ལཱཾ་ལས་སའི་དཀྱིལ་འཁོར་ལ་ནི་མགོ་བོ་སྐམ་པོ་ཞེས་བྱའོ།། དེའི་སྟེང་དུ་རི་རབ་བསྐྱེད་པའི་ས་བོན་དུ་ཆེན་པོའམ་ཡོད་ནི་གསེར་གྱི་རུས་སྦལ་གྱིས་གཟུགས་བྱའོ།། ཧྱེ་རུ་ཀ་འབྲུམ ་པ་ལས་ནི་ཡང་ན་རཱ་ས་སྦལ་དག་ཀྱིའོ།། ཞེས་བྱ་བ་བསྟེན་པའི་དཀྱིལ་འཁོར་སྟོན་ཏེ། དཔའ་བོ་དཔལྟ་འབྱུང་ཡིན་པར་བད། ཅེས་བྱ་བ་རྣཾས་སྐྱེས་ལ་བལྟོས་ནས་ཡང་ན་རུས་སྦྲུལ་དག་གི་མགོ། ཞེས་བྱ་བ་ནི་སྐྲོད་སྐྱེས་ཀྱི ་རུ་ཀ་སྟོན་པ་ཡིན་ནོ།། མྱུར་དུ་དངོས་གྲུབ་སྦྱིན་པར་འགྱུར།། ཞེས་བྱ་བཱི་རྫིས་སྐྱེས་ཀྱིས་ཐབས་ཀྱིས་གྲུབ་པར་འགྱུར་རོ།། དེས་སྐྱེས་པ་འ་ལྷོ་ཇི་ལྟ་བུ་ཞེ་ན། ངེས་བརྗོད་བླ་མ་ལས་འབྱུང་བ་བཞིན་དུ་ཞལ་གཅིག་པ་ཕྱག ་བཞི་པ་རྡོ་རྗེ་དང་དྲིལ་བུ་དང་ཅང་ཏིའུ་དང་ཁ་ཊྭཱཾ་ག་བསྣམས་པ་ཆེན་པོའམ། ཞལ་གཅིག་ཕྱག་གཉིས་པ་ཡུམ་རྡོ་རྗེ་ཕག་མོ་ལ་འཁྱུད་པའམ། ཕྱག་འབུམ་པ་ཞལ་སྟོང་དང་ལྡན་ན་རྡོ་རྗེ་ཕག་མོ་ཀུན་གཟུགས་ཞེས་བྱ་བ་ཞལ་ཉི་ཤུ ་རྩ་གཅིག་དང་ཕྱག་རྒྱ་ལྔ་ལུས་འཁྱུད་པ། རྡོ་རྗེ་ཕག་མོ་ཡང་དེ་དང་འདྲ་བསྐུ་མདོག་དཀར་པོ་སྣོད་བཅུད་ཐམས་ཅད་ཀྱི་ཕྱག་མཆིན་འཆང་པ་དང་། ཐོད་པའི་ཕྲེང་བ་ཅན་ཐལ་བའི་རྡུལ་གྱིས་བྱུགས་པ། ཕྱག་རྒྱ་དྲུག་གིས་བརྒྱན ་པ། ཙད་པན་གྱི་བར་ནས་མེ་ཏོག་གི་ཕྲེང་བ་འཆང་བ། ཕྱག་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་གཟུང་ནས་ཕག་མོ་ལ་འཁྱུད་པ། གཡས་ཀྱི་གཉིས་པ་མདུང་བསྣམས་པ། ཞལ་མཚ་བ་གཙིགས་པ། རེ་ཡི་དགས་ཆེ་བོའི་གདན ་ལ་བཞུགས་པའོ།། དེ་ཡང་ཇི་ལྟར་བསྒོམ་པར་བྱ་སྙོམ་ན། དེ་ནས་རྟག་ཏུ་སྒྲུབ་པ་པོ་སྟེ།། རང་གི་ལྷ་ནི་ཤེས་ནས་སྒོམ། ཞེས་བྱ་བ་སྨོས་ཏེ། མི་འཇིགས་ནི་ཞལ་གཅིག་ཕྱག་བཞི་པ་དང་། འཇིགས་ན་ཞལ་བཞི་ཕྱག་བཅུ ་གཉིས་པ་དང་། ཆེས་འཇིགས་ན་ཕྱག་འབུམ་པ་བསྒོམ་པར་བྱ་བ་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཤེས་པས་སྒྲུབ་པ་པོས་དངོས་གྲུབ་སྒྲུབ་པར་འགྱུར་རོ།། ལེའུ་སུམ་ཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། ་དེ་ལྟར་རོ་ལངས་ཀྱི་སྤྲིན་སྲེག་བཤད་ནས། ད་ནི་རྣལ་འབྱོར་མའི་ལུས་ལ་སྦྱིན་སྲེག་བྱ་བ་བཤད་པ་ནི། དེ་ནས་སྒྲུབ་པོ་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆགས་པའི་ལམ་སྒྲུབ་པ་པོ་རྣམས་ཀྱིས་ཡེ་ཤེས་ལས་སྐྱེས་པ ་དང་། སྔགས་སྐྱེས་ཀྱི་རྣལ་འབྱོར་མ་བསྙེན་བསྒྲུབ་བཞིས་སྦྱངས་ནས་ཡེ་ཤེས་ཕབ་པ་ལ་འགྲོ་བ་དང་། དུ་བ་དང་འབར་བ་དང་འཕར་དེའི་ཚེ་ནང་གི་སྦྱིན་སྲེག་བྱ་བ་ནི།། སྦྱོ་བ་ཀུན་ལས་མེད་པར་བཤད། ཅེས་བྱ ་སྟེ། རྒྱུད་གཞན་དུ་མ་བསྟན་པའོ།། སྲེག་རྫས་ནི་བཟའ་བ་དང་བཅའ་བ་དང་ཉོ་ཤ་དང་ཆང་ལ་སོགས་པ་ཙཱ་རུས་སྦྱིན་སྲེག་བྱའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤོད་པ་ནི། མེད་པར་གྱུར་ཀྱང་བཟའ་བ་ནི་ཞེས་བྱ་བ་སྨོས་ཏེ།། ་བཟའ་བ་དང་བཅའ་བ་ལ་སོགས་པ་བདུད་རྩི་ལྔར་བསྐྱེས་ལ་མཆོད་པར་བྱའོ།། དེ་ལྟར་རྫས་བསགས་ནས་དེ་ནས་ཅི་ཞིག་བྱ་སྙམ་ན། དེ་ནས་ཕོ་ཉ་རབ་སྦྱིན་ཞིང་། ཞེས་བྱ་བ་བསྙེན་སྒྲུབ་བཞིས་སྦྱངས་ནས་ལྟེ་བ་དང་སྙིང་གི་དང ་ལྐོག་མ་དང་སྤྱི་གཙུག་ཏུ་འཁོར་ལོ་བརྩེ་ག་མ་བཞི་བཀོད་དེ་ཡེ་ཤེས་འབེབས་པ་ཕེཾ་ཉ་ལ་རང་གི་ལག་པ་དགང་གཟར་དོང་བླུག་གཟར་གྱི་སྦྱིན་སྲེག་བྱའོ།། རང་གི་བོང་པར་མགོ་བཞག་ལ། དཔའ་བོ་གཉིས་མེད་མཆོད ་པར་བྱ། ཞེས་བྱ་བ་ནི་ཡུམ་རྡོ་རྗེ་ཕག་མོ་བསྐྱེད་ནས་མཆོད་པར་བྱའོ་ཞེས་བྱ་ནི་དབང་བསྐུར་བའི་ཕྱག་རྒྱར་བྱས་པའོ།། དེ་ཡང་མ་དང་སྲིང་མོ་དང་བུ་མོ་དང་ཆུང་མ་སྟེ་དབང་ཐོབ་པའི་སྔགས་སྐྱེས་རྣམ་པར་འདོད་པའི་ཡོན་ཏན ་ལྔས་མཆོད་པོའི་ཆོ་ག་འདི་འདྲ་བའི་སྦྱོར་བས་གཉིས་སུ་མེད་པ་དང་ལྡན་པར་བྱེད།། ངོའི་ཕན་ཡོན་ཅི་ཞེ་ན། དེ་ནས་སྔགས་ནི་གྲུབ་འགྱུར་ཏེ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྲོག་ཨོཾ་བ་དྷཱུ་ཏིར་ཆུང་པའི་སྔགས་གྲུབ ་པའི་སྦྱོར་བས་ཇི་སྲིད་འབྱུང་བ་མ་ཞིག་པའི་བར་དུ་གནས་པར་འགྱུར་རོ།། ཕན་ཡོན་གཉིས་པ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉི་ཤུ་རྩ་བཞི་སློབ་དཔོན་གྱིས་ལུས་སུ་གནས་ནས་སྒྲུབ་པ་བློ་མཆོད་པ་ལེན་ཞིང་ལས་བཅུ་གཉིས་མཛད་པར ་འགྱུར་རོ།། ངེས་བསམ་གཏན་གྱི་དངོས་ཀྱི་དངོས་གྲུབ་མི་ཐོབ་བམ་ཞེ་ན། དཔའ་བོ་རྣམས་ཀྱི་སྟན་དག་དང་། ཕྱག་རྒྱ་ཉིད་དུ་ཐེ་ཚོམ་མེད།། ཅེས་བྱ་བ་སྨོས་ཏེ། སྟན་ནི་བཙུན་མོ་ཡུམ་གྱི་བྷ་ག་ན་བཞུགས་ཞེས་བྱའོ།། ཕྱག་རྒྱ་ནི ་ལས་ཀྱི་ཕྱག་རྒྱར་གྱུར་པའི་བསམ་གཏན་གྱི་བདེ་བ་བསྐྱེད་པའོ།། དེ་ཡང་ཐབས་ཇི་ལྟ་བུ་ཞེ་ན།། བསྒྲུབ་པོ་ཤིན་ཏུ་མཉམ་གཞག་པས།། གླུ་དང་གོར་ལ་སོགས་པ་བྱ།། ཞེས་བྱའོ།། གཟུགས་སྡུག་གུ་དང་། གླུ་སྟོན་པ་དང་། དྲི་ཞིམ ་པ་དང་། རྀ་ཡིད་དུ་འོང་བ་དང་། རེག་བྱ་འཁྱུད་པ་ལ་སོགས་པས་མཆོད་པར་བྱའོ།། མཆོག་ནི་དངོས་གྲུབ་ཇི་ལྟར་ཐོ་བ་ཞེ་ན་ལུས་ཅན་ཐམས་ཅད་ཇི་སྙེད་དུ།། རྣལ་འབྱོར་ཡེ་ཤེས་ལཱ་མ་ཞེན་ཞེས་བྱ་བ་སྨོས་ཏེ། རང་བཞིན་བརྒྱད་ནཱ ་དང་བྲལ་བའི་སེམས་འོད་བསལ་བའི་སེམས་སྐྱེས་པ་དེ་གང་ཟག་ཇི་ལྟ་བུས་ཐོབ་སྙམ་ན་འཁོར་བ་ལྟ་སྟེ་མྱ་ངན་ལས་འདས་འདས་པ་ལ་དད་པ་སྟེ། ཇི་སྲིད་འཁོར་བར་འཁོར་གྱུར་ཞིང་། མྱ་ངན་སྡུག་བསྔལ་གྱིས་གཡེངས་འདི་ཞེས ་བྱ་བ་འཁོར་བ་ལས་སྐྱོ་བའོ།། ཀུན་ནས་དད་པས་སྒྲུབ་པ་པོས།། ཕྱག་རྒྱ་ཐམས་ཅད་མཆོད་པར་བྱ།། ཞེས་བྱ་བ་ནི་ལྷ་དང་ལྷ་མོར་བསྒོམས་པས་དད་པ་དང་ལྡན་ཞིང་། སྒྱུ་མ་ལྟ་བུར་མོས་པས་ཕྱག་རྒྱར་མཆོད་པར ་བྱའོ།། དེ་ལྟར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་པོས་མ་འོངས་པ་ནི་འཁོར་ལོས་སྒྱུར་བ་ལ་རྒྱུ་བའི་རྒྱལ་པོ་དང་། ལྷའི་རྒྱལ་པོར་གྱུར་པས་མཆོད་པར་གྱུར་པ་དང་། དད་པ་དང་བ་དང་སྒྱུ་མ ་ལྟ་བུའི་ཤེས་པས་མེད་པས་མི་གཙང་བའི་རྗེས་ཡིན་ནོ་ཞེས་སྨད་ན་མ་འོངས་པ་ངན་སོང་གསུམ་དུ་འགྲོ་བར་འགྱུར་རོ།། དྲང་སྲོང་རྒྱས་པ་དང་། སེར་སྐྱ་ལྟ་བུ་བསམ་གཏན་ཐོབ་པས་དངོས་གྲུབ་ཇི་ལྟ་བུ་ཞེས་ཐོབ་པར་འགྱུར ་ཞེ་ན། རྣལ་འབྱོར་རྒྱུད་ལས་གུས་རྣམས་ཀྱི། ཕྱག་རྒྱ་ཆེན་པོར་དང་པོར་འགྲུབ་ཅེས་བྱ་བ་སྨོས་ཏེ། ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་རྣལ་འབྱོར་གྱི་རྒྱུད་ལ་ཕྱག་རྒྱ་ཆེན་པོ་སྟེ། རྣམ་པར་མ་རྟག་པའི་ཡེ་ཤེས ་དང་པོར་འགྲུབ་པར་འགྱུར་རོ།། གལ་ཏེ་སྲོག་ཨ་བཱ་དྷཱ་ཏཱིར་མ་ཆུད་པས་སྟོང་ཉིད་ཀྱིས་རྒྱས་མ་ཐེབས་ན་ཇི་ལྟར་བྱཱ་སྙམ་ན། དེ་བཞིན་རབ་ཏུ་འབད་པ་དང་།། ཀུན་ནིས་དང་བས་མཆོད་པར་བྱ་ཞེས་བྱ་བ་གསུངས་ཏེ། བསོད ་ནམས་ཀྱི་ཚོགས་བདེ་བ་བསྒོམ་པར་བྱའོ།། དེ་ནས་ལེའུ་དང་པ་ལས།། ཡིད་ནི་ནང་དུ་ཆུད་པ་ཡིས།། འདིང་པོའི་དངོས་གྲུབ་བསྒོམ་པར་བྱ།། རང་རྫས་ཐིག་ལེས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མཆོད་པ ་བྱ། ཞེས་གསུངས་སོ།། དེ་ཡི་འོག་ཏུ་དཔའ་བོ་ཡིས།། དཔའ་བོ་ཀུན་དུ་མཆོད་པར་བྱ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་བསྒོམ་པ་དེའི་འོག་ཏུ་དཔའ་བོ་ཀུན་དུ་སྤྱོད་པ་ཁ་སྦྱོར་ལས་གསུངས་པ་བཞིན་དུ་དཔའ་བོ་གཅིག ་བུ་དང་། རྒྱལ་ཚ་བ་དང་། ཕྱོགས་ལས་རྒྱལ་བ་ཕ་རོལ་ཏུ་ཕྱིན་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད་པས་དངོས་རྗེས་རོ་མཉམ་པར་བྱའོ།། དེ་ཅི་ཞིག་སྒྲུབ་སྙམ་ན། དེ་ལྟར་མཆོད་བྱས་དེ་ནས་ནི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ས་འོག་ཏུ ་འགྲོ་བ་ལ་སོགས་པའི་ལས་བཅུ་གཅིག་སྒྲུབ་པ་པོས་དཀོའ་བ་མེད་ཅིང་ཉོན་མོ་མོངས་པས་འགྲུབ་པར་འགྱུར་བ་ལས་གདོན་མི་ཟའོ།། ལེའུ་སུམ་བཅུ་རུ་གསུམ་པའི་རྣམ་པར་བཤང་བའོ།། །། དེ་ལྟར་རྣལ་འབྱོར ་བའི་སྦྱིན་སྲེག་བཤད་ན་ཐུན་མོང་གི་སྦྱིན་སྲེག་བཤད་པ་ནི། དེ་ནས་རྣལ་འབྱོར་མ་ཡིས་དྲ་བ་ཡི།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསྙེན་སྒྲུབ་བཞིས་སྦྱངས་པའི་དཔའ་བོ་དང་། རྣལ་འབྱོར་མའི་ལུས་པོ་ལྔ་ཕྱི་རོལ་ཏུ་ལྷའི ་འཁོར་ལོ་དགོད་པ་དང་། ནང་ལྷ་དྲུག་ཅུ་རྩ་བཞིའི་འཁོར་ལོ་བཞི་ལ་རིམ་པོ་བཞིན་དུ་བཀོད་པའི་འཁོར་ལོའི་ཆོ་ག་རྒྱས་པར་བྱས་ནས་དཔའི་བོ་དང་རྣལ་འབྱོར་མ་ནང་གི་ལ་སྦྱིན་སྲེག་བྱེད་པའི་ཚེ། ཨོཾ་ཤཱི་ཏི་ཀུ་རུ་སྭཱ་ཧཱ ་ཞེས་བྱ་བ་ལ་སོགས་པས་དཔའ་བོ་དང་། རྣལ་འབྱོར་མའི་སྔགས་དང་སྦྲེལ་ནས་ཀུན་ཏོ་བརྗོད་ཅིང་སྦྱིན་སྲེག་བྱས་ན་འགྲུབ་པ་ལ་ཐེ་ཚོམ་མེད་དོ།། དེ་ལྟར་མཽ་དོར་བསྟན་ནས་རྒྱས་པར་བཤད་པ་ནི་དཔའ་བོ་ཉི་ཤུ་རྩ་ལྔ ་དང་། རྣལ་འབྱོར་མ་སུམ་ཅུ་རྩ་བདུ་ནི་འཁོར་ལོ་བཞིའི་པདྨའི་ལྟེ་བར་བཀོད་ལ་ཨ་བེ་དྷཱི་ཏཱིའི་གནས་སུ་ཧེ་རུ་ཀ་ཡབ་ཡུམ་དེ་བཞིན་དུ་བཀོད་པར་བྱ་སྟེ། སྨིན་མཚམས་ཀྱི་མཛོད་སྤུའི་བར་དུ་དཔའ་བོ་ཡབ་ལུམ་ངེས་པར ་གཞག་པར་བྱའོ།། དེ་ལྟར་ལྷ་དགོད་པ་བསྟན་ནས་མེའི་མཚན་ཉིད་བསྟུན་པ་ནི། དཔའ་བོ་འཆོལ་བ་ཞལ་གྱི་མེར་ཞེས་བྱ་བ་སྨོས་ཏེ། ལྟེ་བ་ནས་རྐེད་པ་རླུང་མེའི་དྲོད་ཅན་ནོ།། སྲེག་རྫས་ནི་མྱོས་ཆང་དང་། ་བ་ལང་གི་ཤ་དང་ཁྲག་ཏུ་བཅས་པོས་ནང་དུ་སྦྱིན་སྲེག་བྱའོ།། གང་ལ་སྦྱིན་སྲེག་བྱ་སྙམ་ན། དེ་ནས་འབར་བའི་མེ་ལ་ནི།། སྲེག་བྱ་དགུ་ནི་བྱ་བ་ཡིནོ།། ཞེས་བྱ་བ་སྨོས་ཏེ། རིགས་ལྔ་རེ་རེ་ཞིང་ཡང་སྲེག་བྱ་ལྔ་ལྔ་དབུལ་བར་བྱའོ།། དེ་ནས ་གཏུམ་མོ་དྲོད་འཕེལ་བ།། རྩ་རྣམས་བསྲེག་པར་བྱེད་པོ་ནི།། དེ་ནས་འོ་བར་འཕྲོང་རྒྱ་མཚོ་ཡི།། ཀུན་ནས་སྒོ་ཡི་འཁོར་ལོ་བསམ།། ཞེས་བྱ་བ་ཡིན་ནོ།། ཀུན་ནས་སྒོ་ནི་བུ་གེའི་སྒོ་རྣམས་ནས་མོའི་འོད་ཟེར་འབྱུང་བའོ།། འཁོར ་ལོ་བཞིའི་དབུས་སུ་ཇི་ལྟ་བུ་བསམ་ཞེ་ན། དཔའ་བོ་དཔའ་མོ་ཞལ་བཞི་པ་ཞེས་བྱ་བ་སྨོས་ཏེ། བཅོམ་ལྡན་འདས་ཞལ་བཞི་པ་ཕྱག་བཅུ་གཉིས་པ། ཡུམ་ཞལ་གཅིག་ཕྱག་གཉིས་པ། མཁའ་འགྲོ་མ་དང་། ལཱ་མ་དང་། དུམ ་སྐྱེས་མ་དང་། གཟུགས་ཅན་མ་བཞི་ནི་ཕྱོགས་ཀྱི་པདྨ་ལའོ།། དཔའ་ཀུན་གཉིས་སུ་མེད་པར་བདེ།། ཞེས་བྱ་བ་ནི་སྐུ་གསུངས་ཐུགས་ཀྱི་འཁོར་ལོ་ཁཎྜ་རོ་ཧ་ཕྱི་རོལ་སྦྱོངས་ཞེས་བྱ་བ་ནི་ཀུན་ཀྱང་ཞལ་ཤར་དུ་གཟིགས་པས ་ཁཎྜ་རོ་ཧ་རྒྱབ་ཏུ་བཞག་པའོ།། རང་གི་གཟུགས་སུ་མངོན་ཞེན་པ་ཞེས་བྱ་བ་ནི་མི་འམ་ཅི་འདུལ་བའི་ཕྱིར་ཁྭ་གདོང་མ་ལ་སོགས་པའི་གཟུགས་བརྒྱད་དོ།། འཁོར་ལོའི་དབུས་སུ་བསྟན་པར་བྱ།། ཞེས་བྱ་བ་ནི་གཞལ ་ཡས་ཁང་གི་ནང་དུ་དགོད་པའོ།། དཔའ་བོ་དང་རྣལ་འབྱོར་མ་འདི་དག་གིས་འཁོར་ལོ་བསྟན་པས་དངོས་གྲུབ་ཐམས་ཅད་སྒྲུབ་པར་བྱེད་དོ།། དེ་གང་ལས་བཏུས་པ་ཡིན་སྙམ་ན། རིག་པའི་རྒྱ་མཚོ་ལས། དཔའ་བོ་མདོར་བསྡུས་ནས ་ནི་གསུངས་པ་ཡིན། ཞེས་བྱ་བ་མ་སྨྲས་ཏེ། རྒྱུད་འབུམ་པ་ལེའུ་དང་པོ་ཚེགས་ཀྱི་འཁོར་ལོ་སྒྲུབ་སྒྲུབ་ནས་རྣལ་འབྱོར་མོའི་སྦྱིན་སྲོག་འདི་དག་རྒྱས་པ་ལ་མདོར་བསྡུས་པ་གསུངས་པ་ཡིན་ནོ།། ཐབས་གང་གིས་གྲུབ་ཅེ་ན། ཕོ་ཉ་གཉིས ་མེད་སྦྱོར་བའི་བདག། འགྲུབ་འགྱུར་འདི་ལ་ཐེ་ཚོམི་མེད། ཅེས་བྱ་བ་གསུངས་ཏེ། དགའ་བ་བཞིའི་ཏིང་ངེ་འཛིན་གྱིས། ལེའུ་སུམ་བཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། ། དེ་ལྟར་དཔའ་བོ་རྣལ་འབྱོར་མ་གཉིས་ཀའི ་སྦྱིན་སྲོག་བཤད་ནས། འཆི་བདག་འཇོམས་པ་བཤད་པ་ནི། དེ་ནས་ལས་ཀྱི་མཆོག་རབ་ནི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་མཆོག་རབ་ཚེ་འཕེལ་བའི་ཐབས་སོ།། ཇི་བཞིན་རིམ་གྱིས་མཆོད་པ་སྟེ། ཞེས་བྱ་བ་ནི་ཐབས ་ད་ཤེས་རབ་བསྙེན་བསྒྲུབ་བཞིས་སྦྱངས་ནས་རྣམ་པ་སྣ་ཚོགས་པ་དང་། རྣམ་པར་སྨིན་པ་དང་། རྣམ་པར་ཉེད་པ་དང་། མཚན་ཉིད་དང་བྲལ་བའི་རིམ་གྱིས་དགའ་བཞིའི་ཏིང་ངེ་འཛིན་གྱི་མཆོད་པའོ།། མཆོད་པ་གཉིས་མེད་སྦྱོར་བ་དག ་ཉིད་ཅེས་བྱ་བ་སྨོས་ཏེ། མཆོད་པོ་གཉིས་མེད་སྒོར་བདག་ཉིད་ནི་རང་བཞིན་བརྒྱད་བཅུ་དང་བྲལ་བའི་བདེ་བ་སྟོང་པ་ཉིད་དུ་རོ་གཅིག་པའི་གཉིས་མེད་སྦྱོར་བའོ།། ལས་ནི་སོ་སོར་སྦར་བར་བྱ།། ཞེས་བྱ་བ་ནི་ལས་བཅུ་གཉིས ་ལས་བསྒོམ་པ་དང་བཟླས་པ་སོར་སྦྱར་བར་བྱའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གང་ཡང་སྒྲུབ་པ་བྱེད་པའི་སྔགས།། དེ་ཡི་དབྱེ་བ་རིམ་ཇི་བཞིན།། ཞེས་བྱ་བ་ནི་དེ་ལ་ཞེས་བྱ་བའི ་དོན་ཡིན་ནོ།། ཚོགས་བཤད་གཅིག་གིས་ལས་བཅུ་གཉིས་ཀྱི་མདོར་བསྟན་པ་ཡིན་ལ། འཆི་བདགའ་ཇོམས་པ་བཤད་པས་ན། གང་ཡང་སྒྲུབ་པར་བྱེད་པའི་སྔགས།། ཞེས་བྱ་བ་གསུངས་ཏེ། སྔགས་ནི་ལུས་ཀྱི་འཁོར་ལ ་དབུགས་འབྱུང་རྔུབ་ཀྱི་རླུང་དང་སྦྱར་རོ།། ཕྲིན་ལས་བཞིའི་སྔགས་དེའི་དབྱེ་བས་རིམ་པ་ཇི་ལྟ་བུ་བཞིན་དུ་ཞི་བ་ལ་དཀར་པོ།། རྒྱས་པ་ལ་སོར་པོ།། དབང་ལ་དམར་པོ།། མངོན་སྤྱོད་ལ་ནག་པོའི་སེངྒེའི་ཁ་དོག་དང་། ཞི་བ་ལ ་རྒྱལ་རིགས་རྒྱས་པ་རྗེའི་རིགས་དབང་ལ་བྲམ་ཟེའི་རིགས་མངོན་སྤྱོད་ལ་དམངས་རིགས་ཀྱི་ཕོ་ཉའི་བྱེ་བྲག་དང་། སོགས་ཞེས་བྱ་བ་ནི་ཞི་བ་ལ་ཆུའི་དཀྱིལ་འཁོར་ནས་རྒྱུ་བ་དང་། རྒྱས་པ་ལ་ས་དང་། དབང་ལ་མེད་དང་། ་མངོན་སྤྱོད་ལ་རླུང་གི་དཀྱིལ་འཁོར་ལས་རྒྱུ་བའོ།། སྔགས་ཇི་ལྟར་བཟླས་སྙམ་ན། མདའི་ཤུགས་བཞིན་ཡོངས་སུ་འཁོར་ཞེས་བྱ་བ་སྨོས་ཏེ། ཞི་བ་དང་རྒྱས་པ་ལ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་གཤུག་ཤིང་། ་ཡབ་ཀྱི་ལྟེ་བ་ནས་ཡུམ་གྱི་ལྟེ་བར་ཞུགས་པས་འཁོར་བ་དང་། དབང་ནང་མངོན་སྦྱོང་ལ་ཡབ་ཀྱི་ཞལ་ནས་ཡུམ་གྱི་ཞལ་དང་། ཡུམ་གྱི་ལྟེ་བ་ནས་ཡབ་ཀྱི་ལྟེ་བར་འཇུག་ཅིང་འཁོར་བའི་ཕན་ཚུན་སྦྱར་པོའི་སྔགས ་ཀྱིས་འཇུག་ཅིང་འཁོར་བས་ཕྲེང་བ་ཡིད་ཡིན་ནོ།། ཞི་བའི་བསྟོད་པ་སྟེ། ཞེས་བྱ་བ་ནི་སྔགས་ཀྱི་བཟླས་པ་སོ་ན་དང་ཆུ་སྦྱར་ན་ལྕེ་རྗེ་ཅུང་ཟད་ཅེམ་བསྐུལ་བའོ།། རླུང་གི་རྒྱུ་བའི་ས་དང་ཆུ་ངལ་བར་རྒྱུ་བའོ།། དྲག་ཅིང་རྩུབ་པ་མ་ཡིན ་ནོ་ཞེས་བྱ་བ་ནི་དབང་དང་སྔོན་སྤྱོད་ལ་ངག་གི་བཟླས་པ་མཉམ་སྦྱོར་ནས་འབྱུང་བ་བཞིན་དུ་ཁུར་བ་དང་དབུགས་ཀྱི་རླུང་འབྱིན་སྲིན་པོ་ངར་སྐད་ཀྱིས་ཟློ་བ་དང་། མེ་དྲོང་རླུང་གི་དཀྱིལ་འཁོར་ལོ་དྲེག་ཅིང་རྩུབ་པར་ཟློས་པ་ལྟར ་ཞི་བ་དང་རྒྱས་པ་ལ་མ་ཡིན་ནོ།། རང་རང་གི་ནི་ཕྱོགས་གནས་ནས། ཆོ་གའི་དབྱེ་བ་བསྟན་པའོ།། ཞེས་བྱ་བ་ནི་གཡས་ནས་མེའི་རླུང་རྒྱུ་བ་དང་། གཡོན་ནས་རླུང་གི་རྒྱུ་བ་དང་། དལ་བར་རྒྱུ་བ་ཆུའི་རླུང་ནི་དཀྱིལ་འཁོར་བཞིའི ་རང་རང་གི་ཕྱོགས་ཀྱི་དབྱེ་བ་བསྟན་ཏོ།། ས་བོན་ཕྲེང་དེ་ནས་ཟིན་ཞེས་བྱ་བ་ནི་ས་བོན་ཕྲེང་བ་སྙིང་པོ་དང་ཉེ་བོའི་སྙིང་པོའོ།། དེ་ནས་ཟིན་ཞེས་བྱ་བ་ནི་ཐོག་མར་ཡི་གེ་ཨོཾ་ནས་གཟུང་པའོ།། ཧཱུཾ་ནི་མཐའ་རུ་གནས་པ་ཡིན་ཞེས་བྱ་བ ་མཐར་ཧཱུཾ་ཕཊ་སྭཱ་ཧཱ་དང་བཅས་པའོ།། དེ་ལྟར་བསྒོམས་པ་དང་བཟླས་པ་བྱས་ནས་བསྐྱེད་པའི་རིམ་པའི་ལས་ལ་སྦྱོར་བའི་ཚེ་ཇི་ལྟར་སྦྱར་བར་བྱ་ཞེ་ན། སྒྲུབ་པར་འགོག་པར་གྱུར་ན་ནི། གོམ་པ་གཅིག་ཀྱང་མི་འགྲོའོ།། ཞེས ་བྱ་བ་ནི་འཆི་བདག་གིས་གཟུགས་བྱས་ལ་དུར་ཁྲོད་ཀྱི་རས་ལ་རྐང་པ་བརྒྱད་པའི་འཁྲུལ་འཁོར་དག་དང་ཁྲག་གིས་བྲསི་ལ་དབུས་ཀྱི་འཆི་བདོག་གི་བདུད་ཀྱི་མིང་མ་ར་ཡ་དང་བཅས་པ་བྲིས་ཏེ་འཁྲུལ་འཁོར་ལོང་གར་བཅུག ་རས་སྔགས་ཀྱི་འོད་ཟེར་བརྒྱད་ཀྱི་བཅུག་ན་གོམ་པ་གཅིག་ཀྱང་འགྲོ་བར་མི་ནུས་པར་འཆི་བར་འགྱུར་རོ།། འོད་ཟེར་བརྐྱང་གང་ཞེ་ན་ཁ་སྦྱོར་བར་གྱུར་པ་དང་ཞེས་བྱུང་རྡོ་རྗེ་ཕྲ་མོའི་འོད་ཟེར་དཀར་དམ ་ཐེགས་པ་འཕྲོས་པ་སྣ་གོམ་པ་གཅིག་ཀྱང་མི་འགྲོ་བའི་དང་པོར།། འང་བར་གྱི་ཝ་མོ་རྣམས་བྱོར་ལགནས་དུས་མ་ཡིན་པར་འཆི་བར་ལས་རྒྱལ་བའི་ཐ་བས་ཕྱུག་གཡོན་པ་ལ་ཙྪ་ག་བརྒྱད་ནས་ཕྱག་གཡས་བས ་བདུད་ཎྜཱི་ལྔས་མཆོད་པའི་མཆོད་པ་བསྣམས་པས་རང་གི་ཞལ་དུ་མཆོད་ཡིན་གྱི་བདུད་རྩིའི་ངེས་པར་སྦྱར་བས་དུས་མ་ཡིན་པར་འཆི་བ་བཟློག་ནས་ཆོ་འཕེལ་བོར་བྱེད་དོ།། དེ་བཞིན་དུ་རྡོ་རྗེ་ལུ་གླུ་བརྒྱུད་བསྒྱིངས་ཀྱི ་ལཱ་མི་བིཎྜི་འབྲོས་ནས་འཆི་བདག་བཅིངས་པས་དུས་མ་ཡིན་པར་འརྒྱུ་བ་ལྔས་བརྟུལ་ནས་ལ་ཇུག་འི་རྣམས་ཤིའི་འདུང་ནིའི་མཆོད་པ་ལ་དུ་སྦྱོར་བ་ནི་གཉིས་པ་ཡིན་ནོ།། རྡོ་རྗེས་བྱེ་བ་ཉྀད་དང་ནི་ཞེས་བྱི་བ་ན་དྷཱ་དྷཱ་རྣགས ་བའི་ལྷ་མྦྷ་སྤྲོས་ནས་འཆི་བདག་བཅོམ་སྟེ་སླར་ལོགས་པས་དུས་མ་ཡིན་པའི་འཆི་བདག་རྒྱལ་ནས་ཁ་ཊྭཱཾ་ག་བསྡམས་པས་བདུད་རྩིའི་མཆོད་ཡིན་ཞལ་དུ་འདྲེན་པ་ནི་གསུམ་པའོ།། དེ་བཞིན་དུ་རྡོ་རྗེ་ཁ་དོག་ལྔ་པའི་སྒོ ་ཆུན་པོ་སྤྲོས་ནས་སྒྲུབ་བྱ་འགོག་པ་ནི་བཞི་པའོ།། ལྕགས་ཀྱི་བསྣམས་པའི་ལྷ་མོས་དགུག་པ་ནི་ལྔ་པའོ།། གཏུན་ཤིང་བསྟིམས་ནས་དཀྲུག་པ་ནི་དགེ་པའོ།། རྡོ་རྗེ་མཁའ་ཡིས་ཟ་བ་ནི་བདུན་པའོ།། མདའ་མས ་བཅིངས་པ་སྤྲོ་བ་ནི་བརྒྱད་པའོ།། དེ་ལྟར་ཕྱག་མཚན་བརྒྱད་དང་བཅས་པའི་ལྷ་མོ་སྤྲོས་ནས་དུས་མ་ཡིན་པར་འཆི་བདག་ལས་རྒྱལ་བ་ནི་ཕྲིན་ལས་མཛད་ནས་སླར་བསྡུས་པའི་ཚེ་ཕྱག་ཡོན་པའི་ལག་ནས་ཁ་ཐཱ་ག ་བསྣམས་ཤིང་ཕྱག་གཡོན་པ་ཐོད་པའི་བདུད་རྩི་ལྔའི་མཆོད་ཡོནྡ་རང་གི་ཞལ་དུ་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསམས་ལ་བདུད་རྩི་ལྔའི་མཆོད་ཡོན་མཐུངས་པ་ནི་ངེས་པར་སྦྱར་བའོ།། འདི་སྐད་སྟོན་པ་ཡིན་ཏེ་ཐབས ་དང་ཤེས་རབ་སྙོམས་པར་ཞུགས་ལས་ལྷ་མོ་བརྒྱད་སྤྲོས་པ་ནི་འཆི་བདག་གི་བདུད་འགོག་ཅིང་གོམ་གཅིག་ཀྱང་མི་འགྲོ་བས་དུསྟེ་མ་ཡིན་པར་འཆི་བ་ལས་རྒྱལ་བའི་ཕྲིན་ལས་མཛད་ནས་སླར་སྡུད་པའི་ཚེ་ལྷ་མོ ་བརྒྱད་ཀྱི་ཕྱག་གཡོན་པས་ཁ་ཊྭཱཾ་གཱ་བསྣམས་ཤིང་གཡས་པས་བདུད་རྩིའི་ཐོད་པ་བསྣམས་ནས་ཚེ་འཕེལ་བའི་ཕྱིར་རང་ལྷ་འདྲེན་པར་བྱེད་པ་ཡིན་ནོ།། དེ་ལྟར་བསྐྱེད་པའི་དབང་དུ་བྱས་པ་བཤིང་ནས་རྡོ་རྗེ་མཁའ ་འགྲོ་ལས་ཁ་སྦྱོར་ན་ཉི་མ་དང་ཟླ་བཱི་སྟེ། འབཥྚ་སནྣ་ཏི་ལ་ཀྲའོ།། རྡོ་རྗེ་ལུ་གུ་རྒྱུད་ནི་ལས་ཀྱི་ཕྱག་རྒྱ་དང་འཁྱུད་པའོ།། རྡོ་རྗེ་དབྱེས་པ་ནི་ཨེ་བ་དྷཱུ་ཏཱི་དང་འཁྱུད་པའོ།། སྒྲའི་ཆུན་པོས་བསྐོར་བ་ནི་ཧཱུཾ་ཕཊཱི་ཀྱི་བསྐོར ་བའི།། ལྕགསོ་ཀྱུ་འགུགས་པ་ནི་བདུད་རྩི་ལྔའི་ཐིག་ལེ་གྱེན་དུ་བཟློག་པའོ།། གཏུན་ཤིང་གིས་བཀྲུགས་པ་མི་ས་ཆུ་མེ་རླུང་བཞིའི་རྩེ་གཞག་ན་སཽ་ཨ་ན་ཧིའི་རྩེས་གྲུབ་པའོ།། རྡོ་རྗེ་མཁའི་བཟའ་བ་ནི་བདེ་བ ་སྟོང་ཉིད་ཀྱིས་བརྒྱས་བཏབ་ན་ས་ཤིང་ལས་སྐྱེས་པའི་སྲིན་བུ་བཞིན་དུ་ཟ་བོའོ།། དྲབྱུག་པ་མངའ་དང་སྦྱོར་བ་ཡི་རེག་བྱ་བ་སྟོང་པ་ཉིད་ཀྱི་སྟེང་དུ་སྟོང་པ་ཉིད་ལ་ངེས་པའི་ཤེས་པ་འདྲེན་པའོ།། དུས་མིན ་འཆི་ལས་རྒྱལ་བ་ནི་གཡས་བ་ར་ས་ནཱ་ནས་གྱེན་དུ་བཟློག་པ་ནི་ཝ་ཤོ་ཏཏ་ཏྲ་ཞེས་བྱས་ཏེ་བཅུད་ཀྱིས་ལེན་དུ་འགྱུར་བའོ།། ཁ་ཊྭཱཾ་ག་ནི་ལྕིའི་སྐུ་བདེ་བ་སྟེང་པར་རྟོགས་པའི་ལུས་སོ།། ཐོད་པའི་མཆོད་ཡོན་ནི་བཙུན་མོ་ཡུམ་གྱི ་བྷ་གའི་བྱང་ཆུབ་སེམས་སོ།། ཞལ་དུ་མཆོད་ཨ་བ་དྷཱུ་ཏཱིའི་ཞལ་དུ་བྱང་ཆུབ་ཀྱི་སེམས་འཇུག་པ་ཡིན་ཞེས་གསུངས་སོ།། ལེའུ་སུམ་ཅུ་རྩེ་ལྔ་པོའི་རྣམ་པར་བཤད་པའོ།། ། དེ་ལྟར་འཆི་བདག་འཇོམས ་པ་བཤད་ནས་དེ་ནི་ཆགས་པའི་ལམ་པའི་གསང་བའི་སྦྱིན་སྲེག་བཤད་པ་ནི། དེ་ནས་ཕྱག་རྒྱའི་མཆོད་པ་ཆེན་པོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔའ་བོ་དང་རྣལ་འབྱོར་མ་བསྒྲུབ་བཞིས་སྦྱངས་ནས་བཙུན་མོ་ཡུམ་གྱི ་བྷ་གའི་ཐབ་ཁུང་དུ་གསང་བའི་རྡོ་རྗེའི་དགང་གཟར་གྱིས་བྱང་ཆུབ་སེམཱ་ཀྱི་དབང་བླུགས་བྱེད་པ་ནི་ཕྱག་རྒྱའི་མཚད་མ་ཆེན་ཞེས་བྱའོ།། བྱང་ཆུབ་སེམས་ངག་དགའ་བྲལ་དུ་སོང་ན་བྲེད་བའི་ཏིང་ངེ་འཛིན་ཉམས་ནས་སྔགས ་དགོད་པ་བཟློག་པ་སྟེ། ནང་གི་སྦྱིན་སྲེག་གི་ཕྱག་རྒྱ་འི་མཆོད་པ་འདི་དག་ནི་ལས་བཅུ་གཉིས་མྱུར་དུ་གྲུབ་པར་བྱེད་པ་ཡིན་ནོ།། དེ་ལྟར་མདོར་བསྟན་ནས་རྒྱས་པ་བཤད་པ་ནི་མཚན་ཉིད་གཉིས་ལས་སྔགས་སྦྱངས ་བ་ཞེས་བྱ་བ་སྨོས་ཏེ། གསང་བའི་རྡོ་རྗེ་དང་བྷ་གའི་དབུས་ཡི་གེ་བརྒྱ་དང་བྱ་ཞེས་བྱ་བ་གཉིས་ཀྱིས་སྔགས་ཀྱིས་བྱང་ཆུབ་སེམས་བཟློག་པར་བྱའོ་ཞེས་ཀུན་སྤྱོང་ལས་གསུངས་སོ།། དཔའ་བོ་མཁའ་འགྲོ་གཉིས་མེད་པ། ་བློ་ལྡན་རྣལ་འབྱོར་མ་བསྒྲུབ་བྱ།། ཞེས་བྱ་བ་ནི་བྷ་གྲིའི་དཀྱིལ་འཁོར་དུ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་བསྒོམ་པའོ།། རྣལ་འབྱོར་དྲི་མེད་ལུས་ནི་ཞེས་བྱ་བ་ནི་རང་བཞིན་བརྒྱད་རྒྱུ་དང་སྤྲུལ་བའི་ཤེས་པ་རྟོགས ་མེད་པ་སྐྱེས་པའི་ལུས་མི་དྱོ་མེད་ལུས་སོ།། པདྨའི་ཕྱག་རྒྱ་གནོན་པའི་ལུས་རྣམས་ནི་རྣམ་པ་སྣ་ཚོགས་ཀྱི་དཔའ་བ་དང་། རྣམ་པདྨ་སྨིན་པའི་མཆོག་དགོའ་དྲུང་། མཚན་ཉིད་དང་བྲལ་བའི་དུས་སུ། དེ་བཞིན་མཚན ་ཆ་ཉིད་དང་སྦྱར་ཞེས་བྱ་བ་སྨོས་ཏེ། དགའ་བའི་དུས་ཀྱི་ཚེ་ཡི་གེ་ཡི་འཁྲུལ་འཁོར་གྱི་ཚོན་ཆ་དང་སྦྱར་བ་དང་། དེ་བཞིན་མཆོག་དགའི་ཚེ་རླུང་དཀྱིལ་འཁོར་གྱི་མཚོན་ཆ་དང་སྦྱར་བ་དེ་བཞིན་དུ་ལྷན་ཅིག་སྐྱེས་དཀྲིན ་དུས་སུ་གཟུང་འཛིན་འགོག་པའི་ཨ་ས་མ་ས་མྲ་ཞེས་བྱ་བ་ངེས་པའི་ཤེས་པ་དྲངས་པས་རྣམ་པར་རྟོག་པ་ལས་བཟློག་པའི་མཚོན་ཆ་དང་སྦྱོར་བར་བྱའོ།། ཅིའི་ཕྱིར་མཚོན་ཆ་ཡོན་ཞེ་ན། ཁ་སྦྱོར་ལས་དབང་པོའི ་ཤེས་པ་རྣམས་ཡུལ་གྱི་བདེ་བ་ལ་དགའ་བྲལ་མི་འགྲོ་བའི་ཕྱིར་ན་མཚོན་ཆ་ཞེས་གསུངས་སོ།། སྔགས་པས་མཁའ་འགྲོ་མའི་སྦྱོར་བའི་སྙིང་པོ་རྣམས་ཀྱིས་དེ་བཞིན་བྱ་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོའི་སྙིང ་བོས་ཀྱང་བྱང་ཆུབ་སེམས་བཟློག་པ་དེ་བཞིན་དུ་བྱའོ།། དཔའ་བོ་མཆོད་པའི་ཆོ་ག་ཤེས།། ལས་ཀྱི་འབད་པ་ཉིད་ཀྱིས་བྱ།། ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མཆོད་པའི་རྗེས་ལ་དཀྲུག་པ་ལ་སོགས་པའི ་ལས་བཅུ་གཉིས་བྱ་བ་གསུངས་པ་ཡིན་ནོ།། མཁས་པ་ཆེན་པོ་དྷྭཾ་ན་ཤྲཱི་ཞོལ་སྔ་ནས་རླུང་གི་དཀྱིལ་འཁོར་གྱིས་བྱང་ཆུབ་སེམས་བཟློག་པ་ཡིན་ནོ་ཞེས་གསུངས་སོ།། རྣལ་འབྱོར་རང་དགེའི་སྔགས་ལས་ནི་ཞེས་བྱ་བ། ་ནི་ཕྲིན་ལས་བཞིའི་རྣམ་པར་དབྱེ་བས་རྣལ་འབྱོར་པ་རང་དགའ་བའི་སྔགས་ཀྱིས་དབང་དང་མངོན་སྤྱོད་ལ་ཡབ་ཀྱི་ཞལ་དང་སྦྱར་བས་ཚར་གཅོད་པ་དང་། ཞི་བ་དང་རྒྱས་པ་ལ་ཡུམ་གྱི་ཞལ་ནས་ཡབ་ཀྱི་ཞལ་དུ་བཟློག ་ནཱས་སྦྱར་བས་ནི་ཕན་འདོགས་པར་བྱེད་དོ།། དེ་ལྟར་ན་ལས་ཀྱི་དངོས་གྲུབ་བཅུ་གཉིས་ལ་རྣམ་པོར་བསྒོམ་པའི་ཐབས་དེའི་དབྱེ་བ་བཅུ་གཉིས་ཀྱིས་ཕྱེ་བའི་སྔགས་ཀྱི་ཕྲེང་བ་རྩའི་ལམ་དུ་སྦྱར་བར་བྱའོ།། སྦྱོར་བ ་ཡི་ནི་དོན་རྣམས་ལ།། འདི་ཡིས་རབ་བསྒྲུབ་པར་བྱ།། ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་ལོ་ལས་བཅུ་གཉིས་ཀྱི་འབྲས་བུའི་དོན་རྣམས་སྒོམ་པ་དང་བཟླས་པའི་དབྱེ་བ་འདི་ཡིས་བསྒོམ་པོར་བྱའོ།། ལྷ་དང་ལྷོ་མིན ་རྣམས་དང་ནི།། མི་དང་བཅས་པས་བསྒྲུབ་པར་བྱ་ཞེས་བྱ་བ་ནི་འགྲོ་བ་རིས་དྲུག་དབང་དུ་བྱེད་པས་ལ་སོགས་པ་འགྲུབ་པའོ།། ལེའུ་སུམ་ཅུ་རྩ་དྲུག་པའི་རྣམ་པར་བཤོད་པའོ།། ། དེ་ལྟར་གལང་བའི ་སྦྱིན་སྲེག་བྱ་བཤད་ནས། ནང་གི་སྒེག་ཕྱིར་བཟློག་པ་བསྟན་པ་ནི། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་གནོན་པའི་ཆོ་ག་སྟེ། ཞེས་བྱ་བཱ་ནཱི་བསྒྲུབ་བཞིས་སྦྱངས་པའི་ལས་ཀྱི་ཕྱག་རྒྱ་དང ་སྙོམས་པར་ཞུགས་པ་འམ་གྲོལ་བའི་ལམ་པའི་དམ་ཚིག་གི་ཕྱག་རྒྱ་གཟུགས་གནོན་པའི་ཆོ་གའོ།། ཕན་ཚུན་སྦྱོར་བའི་བསང་སྔགས་ནི། མཁའ་འགྲོ་མ་དང་གཅིག་ཏུ་སྦྱར། ཤེས་བྱ་བ་ནི་ཞི་བོ་དང་རྒྱས་པ་ལ་ཚུར་འཁོར་བ་དང ་དབང་དང་མངོན་སྤྱོད་ལ་འཕར་འཁོར་བས་གསང་སྔགས་སྦྱར་ཞིང་ནང་གི་སྦྱིན་སྲེག་བཟློག་ནས་ཧཱུཾ་གི་སྒྲས་དབུགས་བྱུང་བ་ནི་ངལ་སོ་བའོ།། བཟླས་པའི་མཐར་སྐྱུག་པར་བྱའོ།། ཞེས་བྱ་བ་ནི་ངལ་སོ་བིའི་རྫས་ལ་བསྐྱུགས་པའོ།། ་མཚན་མོ་བདུན་ནི་རྫོགས་པ་དང་། བཟའ་དང་བཏུང་བ་དག་ལ་སྦྱར་ཞེས་བྱ་བ་ནི་བསྐྱུགས་པའི་ཁ་ཟས་ནི་སྦྱིན་སྲེག་གི་ཐལ་བ་ཡིན་པས་ཐོད་པ་ཁ་སྦྱོར་གྱི་ནང་དུ་བཞག་ལ། ཚེན་སྣ་ལྔའི་སྐུད་པས་བཀྲིས་ཏེ་མཚན་མོ་བདུན ་སྔགས་བཟླས་ནས་གང་ད་བང་དུ་བྱས་པས་འདོང་ཁ་ཟས་ལ་སྦྱོར་ན་འདི་ཡིས་ཇི་སྲིད་འཚོའི་བར་དུ་དབང་དྲོ་གྱུར་པའི་གདོན་མི་ཟ་བ་ཡིན་ནོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སེར་སྐྱའི་མར་ནི་འཐུངས་ནས ་ཀྱང་། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལྟེ་བ་དང་སྙིང་ག་དང་ལྐོག་མ་དང་སྤྱི་གཙུག་ཏུ་ལྷ་དྲུག་ཅུ་རྩ་གཉིས་ཚང་བའི་འཁོར་ལོ་བསྐྱེད་ལ། ལག་པ་གཡས་གཡོན་ད་གང་གཟར་དང་བླུགས་གཟར་བྱོས་ཏེ། བ་སེར་སྐྱའི་མར ་སྲེག་རྫས་སུ་བྱས་ཏེ་མཐར་པ་ཤི་མ་ཀུ་རུ་ཧོ་ཞེས་བྱ་བའི་སྔགས་དང་སྤེལ་ལ་ལན་བརྒྱ་རྩ་བརྒྱད་སྒྱེས་བླུགས་བྱས་ནས་མཐར་པོ་སོན་ཆ་བཏུང་བ་བསྐྱུགས་ནས་རང་གི་གདོང་ལ་བསླུས་ལ་ཞལ་བཞི་ཕྱག ་བཅུ་གཉིས་པ་བསམས་ཏེ། སྤྱོད་ལམ་རྣམ་བཞིའི་དུས་ཐམས་ཅད་དུ་ཁྲོད་པར་གྱུར་ན་རྒྱལ་རིགས་དང་རྗེའུ་རིགས་དང་བྲམ་ཟེའི་རིགས་དང་དམངས་རིགས་ལས་བལྟས་པ་ཙམ་གྱི་འགྲུབ་པར་འགྱུར་རོ།། ལས་དང་པོ་བཤད་ནས ་གཉིས་པ་ནི་ལས་གཉིས་པ་བཤད་པ་ནི་སྟེར་གྱི་སྐྱུགས་པའི་སྟེང་དུ་ཏིལ་མར་དང་འབྲས་སཱ་ལུ་བཏགས་པ་དང་ལྡན་པས་ལུས་ལ་བསྐུས་ལ་དྲིལ་ནས་འབྲས་ཀྱི་ཕྱེ་མ་དང་བསྲེས་ནས་ཁྲུས་བྱས་ནས་མར་ལ་བཙོས་ལ་བསྣུན་ཁུང ་དུ་བྱས་ཏེ། རིགས་བཞི་གང་ཡང་རུང་བའི་བཟའ་བ་ལ་སྦྱར་ན་རྡོ་རྗེ་སློབ་དཔོན་གྱིས་ལས་འདི་བསམ་པ་བཏང་བའི་བར་དུ་དབང་དུ་འགྱུར་རོ།། ལས་བཅུ་པ་ནརྀ་ཏིལ་ནག་པོའི་ཆན་ལ་ནང་གི་སྦྱིན་སྲེག་གི་སྲེག་བླུགས་བརྒྱ་རྩ་བརྒྱང ་བྱས་ནས་སྐེ་ཚེ་དང་བཅས་པའི་ར་རྟ་དང་སྤྱན་ནས་བཏུང་བར་བྱས་ལ་སྐྱུགས་པ་དང་། ལག་པའི་སེན་མོ་དང་། ལྟོ་བའི་སྲིན་བུཾ་དང་། རང་གི་སྲིན་ལག་གཡོན་པའི་ཁྲག་དང་། རང་གི་རུ་རྟ་དང་བཅས་པ་སྦྱར་ཏེ་རྣམ་པ་བཞིའི་བཟའ ་བ་དང་། བཏུང་བ་དང་། མིག་སྨན་དང་གོས་ལ་བྱུགས་པར་རབ་ཏུ་སྦྱར་ན་ཇི་སྲིད་འཆེའི་བར་དུ་དབང་དུ་འགྱུར་རོ།། ལས་བཞི་པ་ནི་བ་ལང་གི་ཤ་དང་བ་ལང་གི་ཁྲག་དང་ནང་གི་སྤྲིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་འཇིག་རྟེན་ལས ་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་དེའི་མོད་ལ་དབང་དུ་འགྱུར་བ་འམ། གལ་ཏེ་ལྷ་རྣམས་དབང་དུ་མ་གྱུར་ན། ལྡུམ་བུ་འུ་སུའི་མདོག་བཞིན་དུ་མགོ་བོ་འགས་པར་འགྱུར་རོ།། འོངས་ན་ཅི་ཞིག་བྱེད་སྙམ་ན།། བདག་ཉིད་དེ་ཡི ་མདུན་དུ་ནི།། ཞེས་བྱ་བ་སྨོས་ཏེ། དེའི་མདུན་དུ་བཀུག་ལ་རྣལ་འབྱོར་པ་བདག་ཉིད་དེའི་མདུན་དུ་འདུག་ལ་མཁས་པས་སྦྱིན་སྲེག་བྱས་པ་དང་། འཇིག་རྟེན་ལ་གཏོར་མ་བྱ་ནི་ནས་ཁམས་གསུམ་པ་ཁུག་ཅིག་ཅེས་བཀའ་སྒོ་ནས ་མཚན་བདུན་གྱིས་གྲུབ་པར་འགྱུར་རོ།། དེ་ལྟར་སྦྱིན་སྲེག་ཕྱིར་སྒྲོག་པ་ནི་འཇིག་རྟེན་གསུམ་ན་རྙེད་པར་དཀའ་བ་ཡིན་ཏེ། སྔགས་བསྒྲུབ་པའི་ཐལ་བས་གྱུར་པ་ཡིན་པས་འོག་སྒོ་ནས་འབྱུང་བའི་རྣམ་པར་སྣང་མཛད་དང་། ་མི་བསྐྱོད་པའི་ཐལ་བ་བཞིན་དུ་སྟེང་གི་སྒོའི་ཐལ་བས་ཀྱང་དབང་དུ་གྱུར་པའི་ལས་བྱེད་པ་བཞིན་དུ་ལས་བཅུ་གཉིས་བྱེད་པ་ཡིན་ནོ།། དེ་ལྟར་དམ་ཚིག་སྦྱོང་པའི་མཚན་ཉིད་ཀྱི་རྣལ་འབྱོར་པས་རྟག་ཏུ་ལས་བཅུ་གཉིས་ཀྱི་སྔགས ་ནང་གི་སྦྱིན་སྲེག་ཕྱིར་ལྷག་པའི་སྦྱོར་བ་ནི་སྦ་ཞིང་རབ་ཏུ་འབད་དེ་སྦ་བར་བྱའོ།། ངོར་བྱའི་གང་ཟག་ནི་ནང་གི་སྦྱིན་སྲེག་ཕྱིར་སྐྱུགས་པ་ལ་ཡིད་མི་ཆེས་པས་སྤྲོས་པའི་དོན་རྙེད་པར་མི་འགྱུར་ཞིང་སྐྱེ་བ་སྔ་མར་སྦྱངས་པའི་སྐལ་པ་དམན་ལས ་ཀྱང་འགྲུབ་པདྨ་འགྱུར་རོ།། བླང་བར་བྱ་བའི་གང་བག་ནི་སྐྱེ་བ་སྔ་མར་སྦྱིན་པ་མ་བཏང་བས་བསོད་ནམས་ཆུང་བ་ཡིན་སྒྲུབ་པ་པོ་ནང་གི་སྦྱིན་སྲེག་ལ་ཡིད་ཆེས་པས་མཉེས་པར་བྱས་ན་གྲུབ་པོར་འགྱུར་རོ།། ཞེས་གསུངས་པས་དཔལ ་ཧེ་རུ་ཀ་ནང་གི་སྦྱིན་སྲེག་གི་མཉེས་པར་བྱའོ།། ལེའུ་སུམ་རྩ་བདུན་པའི་རྣམ་པར་བཤད་པའོ།། ། ད་ལྟར་རྒྱུ་བ་དང་མི་རྒྱུ་བའི་སྦྱིན་སྲེག་བཤད་ནས། དྲི་རྣམས་ཀྱི་གནས་བཤད་པ་ནི། དེ་ནས་བརྡ་དང ་མཁའ་འགྲོ་མའི། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྣོད་དུ་གྱུར་པའི་རྣབྷྱོ་ཪྠ་ད་ཀྱོ་མཱ་ནི་བརྡ་དང་ཁ་དོག་དང་དབྱིབས་ཀྱི་ལུས་ཀྱི་མཚན་ཉིད་གང་ཡིན་པ་དང་། སྣོད་དུ་རུང་བ་དང་མི་རང་བའི་དཔའ་བོའི་ཡན་ལག་གི་དབྱེ་བ་བཤད་པར ་བྱའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ན། དཔའ་བོའི་དབང་ཕྱུག་མི་བྲི་ཞིང་། ཞེས་བྱ་བ་སོགས་པ་སྨོས་ཏེ། ཐབས་དང་ཤེས་རབ་གཉིས་སུ་འཁྱུད་པའི་དཔའ་བོའི་དབང་ཕྱུག་རི་མོར་བྲི་ཞིང་བྲིས་སུ་ཟིན་ཀྱང་དབོང་མ་བསྐུར་བ་གང ་གི་ཐད་དུ་ཡང་མི་གདོན་པ་དང་། ཉན་ཐོས་ཀྱི་རིགས་ཅན་གྱི་མདུན་དུ་གཡོན་པའི་སྤྱོད་པ་མི་བསྟོན་པར་བྱའོ།། གལ་ཏེ་སྒྲུབ་པོ་རྙེད་པ་དང་བཀུར་སྟིའི་ཆེད་དུ་གསང་བའི་མཚན་ཉིད་ཅན་གྱི་སྐུ་བྲི་ཞིང་མཁའ་འགྲོའི་སྔགས་བགེ་མེད་པར ་འདོན་ཅིང་ལྷའི་སྐུ་སྟོན་ན། དེ་ལ་ང་ནི་མི་ལྟ་དེ་ཞེས་གསུངས་པས་བཅོམ་ལྡན་འོངས་ཀྱིས་བྱན་གྱིས་རློབ་ཅིང་དུར་ཁྲོད་བརྒྱད་ཀྱི་མཁའ་འགྲོ་མ་སྟོང་ཕྲག་དུ་མས་ངན་པའི་བདག་ཉིད་ཅན་དེ་ཟ་བརླ་འགྱུར་རོ།། གལ་ཏེ་བྲམ་ཟེའི ་སྡོམ་པ་དང་ལྡན་པ་འམ་ཉན་ཐོས་ཀྱི་སྡོམ་པ་དང་ལྡན་ན་མཁའ་འགྲོ་མ་མི་གནོད་ངོ་སྙམ་ན། བྲམ་ཟེ་གསོད་པས་ཐེ་ཚོམ་མེད་ཅེས་གསུངས་སོ།། སྡིག་མོད་རྨོངས་པའི་བདག་ཉིད་ཅེས་བྱ་བ་ན་རྙིད་པ་དང་བསྐུར་སྟིའི་ཕྱིར་ལྷའི ་སྐུའི་སྟོན་ཅིང་གསང་སྔགས་འདོན་བདེ་བར་གཤེགས་པ་བསླུས་པར་གྱུར་པས་ངན་པའི་བདག་ཉིད་ཅན་དེ་ཟ་བར་འགྱུར་རོ།། དེ་ལ་ང་ནི་སྐྱོབ་མི་བྱེད་ཅེས་བྱ་བ་ནི་ཉེས་པ་བྱས་ཅད་ཕྱིས་འགྱོད་པའི་སེམས་མི་སྐྱེ་བ་དེ་ལ་མི་སྐྱོབ་བོ།། དེ་ནི་གས ་བ་སྟེ་རྣལ་འབྱོར་པའི་ནང་ནས་སྒྲུབ་པའོ།། དམ་ཚིག་བསྲུང་བར་མི་ནུས་པ་དེ་སྲེག་རྫས་ཀྱི་ཕྱུག་དང་འདྲ་བ་ཡིན་ནོ།། འཇིག་རྟེན་ཕ་རོལ་གནོན་པ་ནི། བླ་མ་ལ་འཁུ་དམ་ཚིག་ཉམས།། མཐོ་རིས་འཇིག་རྟེན་ལས་དེ་ལྟུང་།། ཉེས་གསུངས ་བ་ཡན་ནོ།། དོར་བྱའི་གང་ཟག་བསྟན་ནས་བླང་བྱའི་གང་ཟག་བསྟན་པ་ནི། ཧེ་རུ་ཀ་དཔལ་ལྟ་ཀའི་སྔགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡིད་སྐྱོབ་པར་བྱེད་པས་ན་སྔགས་ཏེ། ལྷའི་སྐུ་ཕྱག་རྒྱ་ཆེན་པོ་དང་དེའི་སྔགས་སོ།། དེ་དག ་གང་ཞིག་བསྲུང་བར་བྱེད་པ་ལ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་དང་བཅས་པའི་ཕག་མོ་དགེ་བའི་གདོང་ཅན་དཔལ་ཧེ་རུ་ཀ་དཔའ་བོ་ཉི་ཤུ་རྩ་བཞི་དང་བཙས་པར་ཕན་འདོགས་པར་མཛད་དོ།། མཚན་ཉིད་དང་པོ་བླ་མ་ལེ་གུས་པ་ནི། བླ་མ ་རྣམས་ནི་བསྙེན་བཀུར་བརྗོད། ཅེས་བྱ་བ་ལ་སོགས་པ་གསུངས་སོ།། མཚན་ཉིད་གཉིས་པ་དམ་ཚིག་བསྲུང་བ་ནི་གསང་བ་བསྲུང་བའི་སྒྲུབ་པོ་ཞེས། གསུངས་སོ།། མཚན་ཉིད་གསུམ་པ་ནི་བདེ་བའི་ལམ་ལ་མོས་པ་ནི། མཁའ ་འགྲོ་མ་ལ་རྟག་དགའ་བས། དེ་ལ་དངོས་གྲུབ་འབྱུང་བར་འགྱུར་ཞེས་གསུངས་སོ།། མཚན་ཉིད་གཞི་པ་སེམས་པ་ནི།། སྒྲུབ་པ་པོ་བདག་ཉིད་འགྱུར།། ཁམས་གསུམ་པ་ལ་བྱ་བའི་བདག། ཅེས་བྱ་བ་གསུངས་སོ།། མཚན ་ཉིད་ལྔ་པ་མཆོད་པར་འགྱུར་བ་ནི།། སྒྲུབ་པོ་དཔའ་བོ་ཉིད་འདོད་པ།། ཐམས་ཅད་དུ་ནཱི་མཆོད་པར་འགྱུར།། ཞེས་གསུངས་སོ།། མཚན་ཉིད་དྲུག་པ་བསྒོམ་པ་དང་ལྡན་པ་ནི།། དེ་ནི་རྣལ་འབྱོར་ལ་འཇུག་དགའ།། ་ཡང་དག་ཁྲོ་བ་རིགས་པར་འགྱུར་ཞེས་གསུངས་སོ།། མཚན་ཉིད་བདུན་པ་བརྟུལ་ཞུགས་དང་ལྡན་པ་ནི།། ཧེ་རུ་ཀིའི་བརྟུལ་ཞུགས་འཛིན།། སློབ་དཔོན་དཔའ་བོ་ཐོབ་གྱུར་པ།། ཞེས་བྱ་བ་གསུངས་སོ།། བརྒྱད་པ་འཛིན་པར ་བྱེད་པའི་རྣལ་འབྱོར་པ་གང་ཞིག་ལས་བཅུ་གཉིས་ལ་སྦྱོར་བ་ན་ཨཽ་ལ་སོགས་པ་ཁྱད་པར་དབྱེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱས་པ་ལ་ཨཽ། ཞི་བ་ལ་སྭཱ་ཧཱ། དབང་ལ་ཧོ། མངོན་སྤྱོད་ལ་ཕཊ་ཅེས་བྱ་བ་ལ་སོགས་པའི ་ཁྱད་པར་གྱི་དབྱེ་བའོ།། དེ་རྣམས་འབད་དེ་ཕྱག་བྱ་ཞིང་ཞེས་བྱ་བ་ནི་ཕྲིན་ལས་བཅུ་གཉིས་བྱེད་པའི་ལྷ་དེ་རྣམས་ལ་གུས་པར་འབད་དེ་ཕྱག་བྱ་ཞིང་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་རྣམས་ལ་ཞི་བ་དང་རྒྱས་པ ་ལ་སོགས་པའི་སྒོ་ནས་མཆོད་པ་བྱས་ན་རྟག་ཏུ་ལོས་བཅུ་གཉིས་བྱེད་པའོ།། དཔའ་བོ་ཆེན་པོ་དེ་རྣམས་དང་ལྷན་ཅིག་རོལ་པ་དང་ལྡན་པས་བཀའ་བསྒོ་བ་ཉན་པ་ཐེ་ཚོམ་མེདོ།། དེ་ལྟར་ལས་བཅུ་གཉིས་དང་ལྡན་པའི་ལྷར་ཇི་ལྟར ་བསྐྱེད་སྙམ་ན། དེ་ཡི་ཐུགས་ཀ་ནས་ཕག་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཐུགས་དཀའ་ཆོས་ཀྱི་དབྱིངས་ལ་ཡུམ་རྡོ་རྗེ་ཕག་མེ་སྦྲེལ་པ་དེ་དང་སྙོམས་པར་ཞུགས་པ་ལས་དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་སུམ་ཅུ་རྩ་གཉིས ་དང་བཅས་པ་ལ་སྤྲུལ་ནས་ལས་བཅུ་གཉིས་བྱའོ།། དེ་ཡང་ཀུན་སྤྱོད་ལས།། སྤྲུལ་པ་ལས་བྱུང་དཔའ་བོ་རྣམས།། ཡན་ལག་བཅུ་དྲུག་སེམས་ཀྱིས་སྦྲུལ།། དྲག་པའི་ཆོས་ཀྱི་སྤྲུལ་པ་ནི།། ཕག་མོའི་གཟུགས་སུ་བསྟན་པ་ཡིན་ཞེས ་གསུངས་སོ།། མཚོན་ཉིད་བརྒྱད་དང་ལྡན་པའི་རྣལ་འབྱོར་པས་སྔགས་བཅུ་གཉིས་ཟློས་ཤིང་དཀྱིལ་འཁོར་བཅུ་གཉིས་མི་འདྲ་བ་སྒོམ་པ་ལ་ཕན་ཡོན་ཅི་ཞིག་ཡོད་ཅེ་ན། དེ་དང་གང་ཞིག་ལེགས་སྐྱེས་པ། སྲོག་ཆགས་བསོད་ནམས ་མཐོང་བ་ཡིན། ཞེས་བྱ་བ་གསུངས་ཏེ། ཕྱི་དང་ནང་གི་སྦྱིན་སྲེག་པའི་རྣལ་འབྱོར་པ་ལྷའི་སྐུ་བསྒོམ་པ་དེ་དང་དེ་ནི་འཕགས་པའི་རིགས་སུ་ལེགས་པར་སྐྱེས་ཤིང་དངོས་གྲུབ་ལེགས་པ་མཐོང་བའི་སྲོག་ཚོགས་དེ་ཡང་བསོད་ནམས ་ཅན་ཡིན་ནོ།། དེའི་ཕན་ཡོན་གཉིས་པ་མཁའ་འགྲོ་རྣམས་ཀྱི་བསྲུང་བ་གསུངས་པ་ནི། གསང་བ་འདུས་པ་ལྟར་དངོས་གྲུབ་ལེན་པ་ལ་བར་ཆད་ཀྱི་བགེགས་བཟློག་པའི་བདུད་རྩི་འཁྱིལ་བའི་འཁོར་ལོ་མི་དགོས་པར་ཆུའི་ནང་དུ ་འདུག་ཀྱང་རུང་རྒྱ་མཚོའམ་རི་དང་རི་བོ་ལ་སོགས་པར་མཁའ་འགྲོ་མ་ཐམས་ཅད་ཀྱི་བུ་གཅིག་པ་ལྟར་ཞེན་པའི་ཐུགས་ཀྱིས་ལྟུར་ཞིང་གཟིགས་པར་གནས་པ་ཡིན་ནོ།། དེ་ཉིད་བསྡུས་པ་ལྟར་གནོད་མཛེས་ཀྱི་སྔགས་ཀྱིས ་གསུང་བར་མེད་པར་འཇིགས་པ་ཆེན་པོའི་དུར་ཁྲོད་ལ་སོགས་པར་མཁའ་འགྲོ་དང་རོ་ལངས་ལ་སོགས་པ་དུ་མ་དེ་དང་ལྷན་ཅིག་ཏུ་རྣལ་འབྱོར་པ་དཔའ་བོ་ཆེན་པོ་བཀའ་ཇི་ལྟར་བསྒོ་བ་ལྟར་བདེ་བར་རོལ་ཅིང་རྒྱུ་བར ་མཛད་པ་ཡིན་ནོ།། རྣམ་པར་སྣང་མཛོད་སྒྱུ་འཕྲུལ་དྲ་བ་ལྟར་ཡུས་ངག་ཡིད་གསུམ་ལས་བསྲུང་བ་མི་དགོད་པའི་རྣལ་འབྱོར་པ་དེ་རི་སཱ་ལ་དང་ཚང་ཚིང་ན་གནས་ལུས་ལ་མཁའ་འགྲོ་མ་རྣམས་ཀྱི་གསང་བ ་དང་། ངག་ལ་གསང་བའི་དྲང་སྲོང་རྣམས་ཀྱིས་བསྲུང་བ་དང་། ཡང་ལ་རྣལ་འབྱོར་མ་རྣམས་ཀྱི་སྤྲས་པའི་ཕྱིར་ཕྱོགས་དེ་དང་དེ་དག་ཏུ་སྒྲུབ་པོ་པོ་འགྲོ་བའི་ཚེ་མཁའ་འགྲོ་མ་རྣམས་དང་ས་སྟེང་སུ་རོལ་པ་ཡིན་ནོ།། ལེའུ་སུམ་ཅུ ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། ། དེ་ལྟར་གནས་པ་ཤད་པ་ནི་དེ་ནས་སྒྲུབ་པའི་རྣལ་འབྱོར་ཆེ་ཞེས་བྱ་བ་ལ་སེགས་པ་གསུངས་ཏེ། དངོས་གྲུབ་ལེན་པའི་དུས་སུ་ཕྱི་རོལ་གཟུགས་བརྙན་གྱི་འཚ ་ལོ་འམ། ནང་གི་ཚེགས་ཀྱི་འཁོར་ལོ་བྱེད་པའི་ཚེ་བཞད་པ་རྣམ་པ་བརྒྱད་པ་དགོད། ཅེས་བྱ་བ་གསུངས་ཏེ། དཀྱིལ་འཁོར་གྱི་ལྷ་ལཱ་ཧ་བཱརྒྱུད་ཀྱིསྐུ་སྒྲ་གྲག་པའི་ཐོད་པའི་མཚན་མ་འབྱུང་ན་དེའི་རྗེས་ཐོགས་ལ་རྟགས ་འདི་ཡང་དག་པར་མཐོང་བས་དངོས་གྲུབ་སྩལ་བར་གདོན་མི་ཟ་བོར་ཡིན་ནོ།། དེ་ལྟ་མདྨོར་བསྟུན་ནས་བརྒྱུད་ཕྱུར་བ་ཡྻཱང་བྱི་ནཱཾ། དྡྷོགས་པའི་སྒྲ་ནི་རྣམ་མང་བཱི་ཞེས་བྱ་བྱ་སྨོས་། རྒྱུད་བླ་མ་ནས་འབྱུང་བ་ལྟར། ་ཧ་པ་ཤེ་ཤེ་ང་ཕཊ་ཕཊཔ་སྨྲ་པའི་སོ་རྒྱ་བོའི་སྦྲུམ་འབང་བ་མཐའ་འམ་རྒྱ་གནས་ཀྱིས་འརྫོགས་པའི་སྒོ་སྐྱེགས་པོའི་ཚོ་མའ་བ་ཅིད་སྐབས་ལྡན་ན། ཤིན་ཏུའི་མས་པའི་ཕྱག་འགྲོ་པོ་བསྒྲིམས་པ ་རྣས་སྒྲག་ཅིང་རྣམ་པར་དབྱ་བར་འགྱུ་རོ།། ཀཱ་རྦྷ་སྱཱཥྚ་བ་འཏོགས་ན་ལགྶ་པ་གསྟན་པས་བནྡྷ་གྶན་ས+འུ་ཥྩཤྠཪྵ་ཙྪ་རང་རུ་གནྡྷ་སྩུ་ས་ནྡྷ་ནུ་འགྲོ་སྨང་རྣམས་དང་རྒྱུན་ག་རྒྱུ་བར་བྱུང་ཅིང་སྨྱུང་བ་མྱུ ་ཡས་ཀྱི་བདེ་བ་ཅནྡ་དང་འདྲ་བར་འགྱུར་རོ།། འག་མིན་དུ་འགྲོ་བར་འདོད་ན་དཔལ་ཧེ་རུ་ཀའི་ནུས་པས་འདོད་པའི་རྣལ་འབྱོར་པ་དེ་མཁའ་ལ་འགྲོ་བའི་གནས་སུ་ཁྱེར་བར་བྱེད་དོ།། གནས་དེ་རེ་ཁྱེར་ན་ཡང་བཞུད་པ་བརྒྱད་ཀྱི་སྒྲ ་ཟོས་པའི་སྒྲུབ་པ་པོ་སྔགས་ཀྱི་ལུས་ཅན་དེ་འཁོར་བའི་རྒས་པ་དང་འཆི་བ་རྣམས་བསམ་གྱིས་མི་ཁྱད་པ་ཡོངས་སྒྱུ་འགྱུར་བ་ཐོབ་ནས་མཁའ་འགྲོ་ཐམས་ཅད་དབང་དུ་སྟེང་བར་འགྱུར་རོ།། རྫོགས་པའི་རིམ་པ་དང་སྦྱར་ན ་འདི་སྐད་སྟོན་པ་ཡིན་ཏེ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པའི་ཚེ་རླུང་གི་འཁོར་ལོ་ཧ་བརྒྱད་ཀྱིས་གྱེན་དུ་བཟློག་པ་དང་། དགའ་བ་ལ་སོགས་པའི་དུས་སུ་དབུགས་རྒོད་པ་དང་། རྔམ་པྲ་འབྱུང་བ་ལ་སོགས་པའི་རྣམ ་པ་མང་པོ་མི་བཟད་པར་འགྱུར་རོ།། དཔའ་བོ་འཇིགས་པ་མེད་པར་སྲོག་ཨ་བ་དྷཱུ་ཏཱི་རི་བཅུག་ན་ལག་པ་གཡོན་པ་ཞེས་བྱ་བའི་བརྡས་བཏགས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་གནས་སྤྱི་གཙུག་ཏུ་ཁྱེར་ནས་རྩཝ་སུམ ་ཅུ་རྩ་གཉིས་ཀྱི་མཁའ་འགྲོ་མ་དང་། རྟག་ཏུ་བདེ་བས་མངོན་པར་རྩེ་ཞིང་སྤྱི་གཙུག་ཛཱ་ལནྡྷ་རའི་གནས་དང་འདྲ་བར་འགྱུར་རོ།། དེ་ལྟར་དཔལ་ཧེ་རུ་ཀའི་ནུས་པ་འདོད་པས་མགོ་ནམ་མཁའི་དཀྱིལ་འཁོར་གྱི་གནས་སུ་ཁྱེར་ནས ་སྒྲུབ་པ་པོ་རླུང་བཟློག་པའི་སྔགས་ཀྱི་ལུས་ཅན་སྐྱེ་རྒན་འཆིའི་ཆུབ་བཞི་ལས་བརྒལ་བར་འགྱུར་རོ།། ལེའུ་སུམ་ཅུ་རྩཔཱའི་རྣམ་པར་བཤད་པའོ།། ། དེ་ལྟར་དངོས་གྲུབ་ཀྱི་ངས ་བཤད་ནས་དབྱུང་དུ་བྱཱ་བོའི་སྦྱིན་སྲེག་བཤད་པ་ནི། དེ་ནས་ཞི་བ་བཤད་བྱ་བ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནི་ཐབས་གང་གིས་རྒྱལ་རིགས་ལ་སོགས་པའི་མི་རྣམས་དབང་དུ་གྱུར་པ་ནི་རྣལ་འབྱོར་དང་སྔགས ་ངབསྦྱིན་སྲེག་གི་ཆོ་གས་ལ་གནས་པའི་དཔའ་བོས་བཟླས་པ་གཅིག་གིས་གྲུབ་པར་འགྱུར་རོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། སྒྲོན་མ་མྱོས་བྱེད་བཅས་པ་དང་། ཉི་ཡི་ཤ་དང་ལྡན་པར་ནི། ཞེས་བྱ ་བས་སྲོག་རྫས་བསྟན་ཏེ། སྒྲོན་མ་ཤ་ཆེན་ལྔའོ།། མྱོས་བྱེད་ནི་ཆུང་ངོ་།། ཉ་ཤ་དང་ལྡན་པ་ནི་ཉ་ཤ་དང་བཅས་པའི་ཁྲིག་དང་ལྡན་པའོ།། དཔའ་དབང་གནས་སྟོབས་ཐམས་ཅད་དུ་ཞེས་བྱ་བ་ནི་ལྟར་སྒོམ་པ་སྟེ། དཔའ ་ནཱི་རྣལ་འབྱོར་པའོ།། དཔའ་བློའི་དབང་བཽནྟཾ་དཔལ་ཧཱུ~ཾ་རྱཱ་ཀྵོར་བསྒོམས་པ།། གྷཱ་ན?ས་སྨཻ་པཱསྱཱ་ཐམས་ཅད་ནི་ཐཱན་བ་རྱཱ་རོ།། ཉི་མེ་བདནྣ་གྱིས་སྒྲུབ་བྱེདངྒ་ཅིང་ཞེས་བྱཱ་བ་ནི་བྷུན་བཞི་ར་ཏཱིདྷཱ་དཾ་ཛིནྡྲ་དང་ལྡན་པས་ཕྱི་རོལ་གྲཱིསྟྲཱིན ་སྲིག། བྱ་བ་འམ། མཚན་མོ་སྦྱིན་སྲེག་བྱེད་ལ་གཞོལ། ཞེས་བྱ་བ་ནི་ཚོགས་ཀྱི་འཁོར་ལོ་བྱེད་པའི་དུས་སུ་མཚན་མ་ཕྱག་རྒྱ་ལྡེ་ལ་སོགས་པའོ་བཻཏུལེ་ཞུགོས་དང་ལྡན་པས་ནང་གི་སྦྱིན་སྲེག་བྱས་ནས་དབང་དུ་བྱེང ་པ་ལ་སོགས་པ་དངོས་གྲུབྷཱུ་རྒྱུརྟེན་པ་བཅུ་གཎྜཱིས་གསོལ་བར་འགྱུར་རོ།། ཎྜལཱ་རིགས་ལ་ཕྱི་དང་ནང་གཱ་སྦྱིན་ཐེག་གྲངས་དུ་དང་ལྡན་པར་བྱ་ཞེ་ན། བྱཱརྒྷ་རྩུ་བ་རྒྱུད་དང་ལྡན་ཉིད་ཀྱིས་ཞེས་བྱ་བ་སྒོསྱཱ་ཏྭེ། གྲངས་བནྡྷ་རྩ་བརྒྱད ་དང་ལྡན་པས་ཐུན་གསུམ་དུ་ཕྱི་དང་ནང་གི་སྦྱིན་སྲེག་བརྒྱ་བྱེད་ན་རྒྱལ་པོའི་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པ་ཞག་བདུན་གྱི་དབང་དུ་འགྱུར་རོ།། དེའི་ཕྱེད་ལྔ་བཅུ་རྩ་གཞིས་ཉི་མོ་བདུན་གྱི་སྦྱིན་སྲེག་བྱས་ན་དཔའ་བོ ་ཆེན་པོ་སྟེ། རྒྱལ་ཚབ་དབ་དུ་འགྱུར་རོ།། དེའི་ཕྱེད་ཞིག་ཉི་ཤུ་རྩ་བདུན་སྦྱིན་སྲེག་བྱས་ན་སློབ་དཔོན་དབང་དུ་འགྱུར་རོ།། རྒྱལ་ཕྲན་རྣམས་ལ་ནི་གྲངས་སུ་མཽ་ཅུ་རྩ་གཉིས་ཀྱིས་ཉི་མ་བདུན་གྱིས་དབང་དུ་འགྱུར་རོ།། གྲངས ་ཉི་ཤུ་རྩ་བཞི་བྲམ་ཟེ་རྣམས་ལ་ཉི་མ་བདུན་སྦྱིན་སྲེག་བྱས་ན་དབང་དུ་འགྱུརརོ།། དེ་བཞིན་དུ་རྒྱལ་རིགས་དག་ལ་བདུན་གྱིས་དབང་དུ་འགྱུར་པ་དང་། རྗེའུ་རིགས་ལ་ལྷ་དང་། དམངས་རིགས་ལ་གསུམ་དང་། ཐ་མ་སྟེ ་གངས་པ་ཅན་རྣམས་ལི་རྡྷས་རེ་རོ་ཞིང་སྦྱིན་སྲེག་ཞག་བདུན་བྱས་ན་དབང་དུ་འགྱུར་རོ།། དེ་ལྟར་དཔའ་བོའི་རིགས་རི་མོ་གྱིས།། ཟླ་བོ་གཽཅིག་ནི་ཡང་དགེ་སྦྱོང་། ཅེས་བྱ་བ་ནི་གལ་ཏེ་ཞག་བདུན་གྱིས་མ་གྲུབ་ན་ཟླ ་གཅིག་གིས་བསྒྱུར་བའི་ཚོགས་བསྒྱུར་བར་བྱས་ན་དབང་དུ་འགྱུར་རོ།། སྔགས་དང་ལྡན་པས་སྒྲུབ་པ་པོས་བ་ཤི་ཀུ་རུ་ཧོ།། ཞེས་བྱ་བའི་སྔགས་དང་ལྡན་པའི་སྒྲུབ་པ་པོས་རྒྱལ་རིགས་ལ་སོགས་པའི་འགྲོ་བ་ཐམས་ཅད ་དབང་དུ་འགྱུར་བ་ཡིན་ནོ།། དཔའ་བོའི་ཆོ་ག་འདི་ཡིས་ན།། འདོད་པ་བརྟེན་ནས་གྲུབ་པར་འགྱུར་རོ།། ཞེས་བྱ་བ་ནི་ཕན་ཡོན་སྟོན་པ་ཡིན་ཏེ། དབང་དུ་བྱ་བའི་ཆོ་ག་འདི་བཞིན་དུ་ལས་བཅུ་གཉིས་གདོད་པ ་ལ་ཕྱི་དང་ནང་གི་སྦྱིན་སྲེག་འདི་རྟོན་ན་གྲུབ་པར་འགྱུར་རོ།། ས་སྟེང་འདོད་པའི་དབང་ཕྱུག་བཞིན་ཞེས་བྱ་བ་ནི་མིའི་འཁོར་ལོ་སྒྱུར་བ་ཐོབ་པ་འམ། དཔལ་ལྡན་སྐལ་བ་བཟང་པོར་འགྱུར། ཞེས་བྱ་བ་ནི་བརྒྱ་བྱིན་ལ་སོགས་པ་ལྷའི ་འཁོར་ལོ་སྒྱུར་བར་གྱུར་པའམ། སྒྲུབ་པ་པོས་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གི་ཡིད་དུ་འོང་བ་ལ་དཔལ་འཁོར་ལོ་བདེ་མཚོ་ག་གི་དངོས་གྲུབ་ཏུ་འགྱུར་རོ།། ལེའུ་བཞི་བཅུ་པའི་རྣམ་པར་བཤད་པའོ།། ། ་དེ་ལྟར་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་བཅུ་དངོས་གྲུབ་བསྒྲུབ་པ་བཤད་ནིས་གསང་སྔགས་ཀྱི་འཁྲུལ་འཁོར་ལེའུ་བཅུ་སྟོན་པ་ལས་དང་པོར་རེ་ཞིག་དཔའ་བོ་དང་དཔའ་མོ་ཐམས་ཅད་ཀྱི་སྔགས་དགོད་པར་སྟོན་པ་ནི།། དེ་ནས ་ལུས་ཀྱི་མཆོག་རབ་ནི། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ཀྱི་མཆོག་ནི་ཡི་གེ་འཁྲུལ་འཁོར་རྣལ་འབྱོར་པ་གང་གིས་ཤེས་ནས་དང་པོར་བསྐྱེད་པའི་རིམ་པ་ལ་བརྟན་ནས་མཐོང་བ་དང་རིགས་པ་དང་ཐོས་པའི་མཚན་མ ་ཐོབ་པའི་སྒྲུབ་པ་པོས་དངོས་གྲུབ་ལེན་པའི་ཚོ་དབང་དུ་བྱ་བའི་ལས་བཅུ་གཉིས་བྱེད་པ་འམ་ཡང་ན་རྫོགས་པའི་རིམ་པ་བསྒོམ་པའི་རྣལ་འབྱོར་པས་ས་ཆུ་ལ་ཐིམ་པས་དུ་བ་ལྟ་བུ་དང་། ཆུ་མེ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུ་དང ་མྱེ་རླུང་ལ་ཐིམ་པས་སྲིན་བུ་མེ་ཁྱེར་ལྟ་བུ་དང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་སྒྲོན་མ་ལྟ་བུ་དང་། རྣམ་པར་ཤེས་པ་ནམ་མཁའ་ཁྱིམ་པས་ནམ་མཁའ་སྟོང་པ་ལྟ་བུ་ཐིམ་པའི་རྟགས་འབྱུང་བའི་ཚེ། འོ་ན་འབྱུང་བའི་སྔགས ་ཀྱི་འཁྲུལ་འཁོར་འདི་རྣམས་བྱིས་ན་འགྲུབ་པར་འགྱུར་རོ།། དེ་ལ་རང་གི་མཚན་མ་ཐོབ་པ་དེ་ལས་དང་པོ་པའི་རྣལ་འབྱོར་པ་ཡིན་ལ། མཚན་མ་ཐོབ་པ་ནི་ཡེ་ཤེས་ཅུང་ཟད་ཙམ་ལ་དབང་བ་ཡིན་ནོ།། མཚན་མ་ཐོབ་པོའི་རྗེས ་ལ་འཇིག་རྟེན་གྱི་དངོས་གྲུབ་བཅུ་གཉིས་འགྲུབ་པ་ནི་ཕྲིན་ལས་ཀྱི་ཡེ་ཤེས་ཀྱི་དབང་བ་ཡིན་ནོ།། ལས་བཅུ་གཉིས་ཀྱིས་འགྲོ་བ་བརྟུལ་ནས་མཆོག་གི་དངོས་གྲུབ་ནི་ཚོགས་ཀྱི་འཁོར་ལོ་སྣོད་གཅིག་ཏུ་ཟ་བའི་གཅིང་སྒྲ་དང་། ་ཞི་བའི་བཏུང་བ་གསང་བའི་དབང་བསྐུར་གྱི་གཙང་སྒྲ་དང་། ཤེས་རཔ་དང་ཡེ་ཤེས་པོ་ཏིའི་གཙང་སྦས་ཞི་གནས་དང་ལྷག་མཐོང་མངོན་སུམ་དུ་བསྐྱེད་ནས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སེམས་ཀྱི་སྟོང་ཉིད་བསྒོམས་པས ་མཆོག་གི་དངོས་གྲུབ་ཐོབ་པ་ནི་ཡེ་ཤེས་ལ་ཡང་དག་པར་དབང་བའོ།། དེ་ཡང་རྒྱུད་བླ་མ་ལས། སྐྱེ་བོ་སྟོང་ཕྲག་དུ་མ་རུ། སྒྱུ་འཕྲུལ་ཡེ་ཤེས་ཀྱིས་བསྐུར་བ།། སྔགས་དང་ཕྱག་རྒྱའི་ལེགས་སྦྱོར་བས།། ཡེ་ཤེས་ལ་ནི་དབང ་ཐོབ་ཡིན།། ཞེས་གསུངས་སོ།། དེ་ལྟར་ན་གཞན་དོན་ཕུན་སུམ་ཚོགས་པ་བཅུ་གཉིས་ནི་དབང་གཉིས་པ་དགུག་པ་དང་། གསུམ་པ་དབྱེ་བ་དང་། བཞི་པ་བསད་པ་དང་། ལྔ་པ་བསྐྲད་པ་དང་། དྲུག་པ་རྨུགས་པ་དང་། ་མདུན་པ་རེངས་པ་དང་། བརྒྱད་པ་རྨོངས་ཤིང་པུར་བུས་གདབ་པ་དང་། དགུ་པ་ཚིག་འཕྲོག་ཅིང་དགུག་པ་དང་། བཅུ་པ་འོ་ན་ལོངས་དུ་བྱ་བ་དང་། བཅུ་གཅིག་པ་མྱ་ནིང་ཉིད་དུ་བྱ་བ་དང་། བཅུ་གཉིས ་པ་གཟུགས་སྣ་ཚོགས་སུ་གྱུར་པ་སྟེ། ལས་བཅུ་གཉིས་པོ་འདི་དག་བསྐྱེད་རྫོགས་ལ་མཚན་མ་ཐོབ་པའི་སྒྲུབ་པ་པོ་ལ་འཁྲུལ་འཁོར་དྲན་པ་ཙམ་གྱིས་གྲུབ་པར་འགྱུར་བར་གདོན་མི་ཟའོ།། དེ་ཡང་རྡོ་རྗེ་མཁའ་འགྲོ་ལས ་མནད་མཛེས་ཀྱི་འཁྲུལ་འཁོར་དང་སྦྱར་ནས་ལས་བཅུ་གཉིས་འགྲུབ་པར་འགྱུར་གསུང་། གནོད་མཛེས་ཀྱི་འཁོར་ལོ་ཇི་ལྟར་དགོད་ཅེ་ན། འཇིག་རྟེན་གྱི་འཁྲུལ་འཁོར་གྱི་མཁན་པོ་གཟའ་ཆེན་པོ་བརྒྱད་ཡིན་ལ། དེས་གཟི ་རྒྱུ་བའི་འཁྲུལ་འཁོར་བཅིངས་ནས་ལས་བཅུ་གཉིས་བྱེད་པས་དེ་ཉིད་བསྡུས་པའི་རྒྱུད་ལས་ཁྲོ་བོ་ཞེས་མིང་དུ་བཏགས་སོ།། རིགས་པ་མཆོག་ལས་གདོན་གྱིས་གཙོ་བོ་འཁྲུལ་འཁོར་གྱི་མཚོན་ཆ་ཞེས་བཤད་དོ།། ་རྡོ་རྗེ་མཁའ་འགྲོ་ལས་བཅོམ་ལྡན་འདས་གནོད་མཛེས་ཀྱི་སྔགས་འདི་སྒྲ་ཙནྡ་ཇི་ལྟར་རྡོ་རྗེ་རོལ་པ་རྟའི་འགྲོས་ཀྱི་དཔྱོད་པ་འམ། སྤེན་པ་ལྟར་ཡི་དགས་སྲིན་པོ་གདོན་གྱིས་དགད་པ་འམ། མིག་དམར་ལྟར་གཤིན་རྗེ ་དབྱུག་པ་འཆང་བ་དགོད་པ་འམ། འཇུག་རིངས་ལྟར་མ་མོ་རིགས་ལྡན་མའི་འཁོར་ལོས་དགོད་པ་གསུངས་པ་བཞི་པོ་རེ་རེ་ལ་ཡང་འཁྲུལ་འཁོར་བྲི་བའི་གནས་སུ་མི་འདྲ་བ་བཅུ་གཉིས་དང་། བྲི་བའི་སྣག་ཚ་དང་། ་སྨུ་གུ་མི་འདྲ་བ་བཅུ་གཉིས་དང་། མིང་དང་སྤེལ་བའི་སྔགས་མི་འདྲ་བ་བཅུ་གཉིས་དང་། ལང་གཱའི་བྱེ་བྲག་མི་འདྲ་བ་བཅུ་གཉིས་ཀྱིས་འཁྲུལ་འཁོར་ར་རྙེས་ལས་བཅུ་གཉིས་བྱུང་བས་བཞི་བཅུ་རྩ་གཉིས་སུ་འགྱུར་རོ། ་ས་གསུངས་པའོ།། རྒྱུད་བླ་མ་དང་ཧེ་ར་ཀླུ་འབྱུང་བ་དང་སྦྱར་ནས་ཡབ་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོའི་འཁྲུལ་འཁར་དང་ཡུམ་གྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དང་དཔའ་བོའི་སྔགས་དང་། དཔའ་མོའི་སྔགས་དང་། ་དཔའ་བོའི་ཨོཾ་ཆེའི་སྔགས་དང་། དཔའ་མོའི་གོ་ཆའི་སྔགས་དང་། དཔའ་བོ་རྐང་པ་བརྒྱད་པ་དང་། དཔའི་མའི་རྐང་པ་བརྒྱང་པོའི་འཁྲུལ་འཁོར་ཏེ། འཁྲུལ་འཁོར་བཅུ་ལེ་དབུས་ཀྱི་ནི་མི་འདྲ་བ་མིང་དང་སྤེལ ་བ་བཅུ་གཉིས་བཀོད་པའི་དབྱེ་བས་ཕྱེ་བ་ཡིན་ན་འཁྲུལ་འཁོར་བརྒྱ་ཉི་ཤུར་འགྱུར་རོ།། དེ་ལྟར་དངོས་གྲུབ་ཀྱི་འབྲས་བུ་བཤད་ནས་ད་ནི་ངའི་ཐབས་གསུངས་པ་ནི། ཤར་དང་བྱང་གི་གནས་སོགས་ལ། མཁའ ་འགྲོ་མ་ནི་ཐམས་ཅད་ཁྱབ་ཅེས་བྱ་བ་གསུངས་ཏེ། དངོས་གྲུབ་སྒྲུབ་པའི་ཚེ་གནས་ཉི་ཤུ་རྩ་བཞི་ན་གནས་པའི་ལས་ཀྱི་ཕྱག་རྒྱ་དུང་ཅན་མ་དང་། རི་དགས་ཅན་དང་། པདྨ་ཅན་དང་། རི་དགས་ཅན་དངོས་གྲུབ ་ཀྱི་ཡན་ལག་ཏུ་བསྟེན་པར་གསུངས་པ་ཡིན་ནོ།། ཡེ་ཤེས་ལྡན་པར་རང་སྐྱེ་གནས། ཞེས་བྱ་བ་ནི་ཡེ་ཤེས་ལས་སྐྱེས་པོའི་བྱང་ཆུབ་སེམས་མའོ།། ཡུལ་དང་ཡུལ་དུ་མངོན་པར་སྐྱེས་ཞེས་བྱ་བ་ནི ་གདན་ཉི་ཤུ་རྩ་བཞིར་སྐྱེས་པའི་ཞིང་སྐྱེས་སོ།། རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་སྟེ་ཞེས་བྱ་བ་ནི་བསྙེན་བསྒྲུབ་བཞིས་ཡུམ་རྡོ་རྗེ་ཕག་མོར་བསྐྱེད་པའི་སྔགས་སྐྱེས་སོ།། དེ་ནས་མཁའ་འགྲོ་མ་རུ་བཤད ་ཅེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གི་ན་མཁར་འགྲོ་བས་མཁའ་འགྲོ་མ་སྟེ། ལས་བཅུ་གཉིས་བྱེད་པའི་དངོས་གྲུབ་བསྒྲུབ་པའི་ཡན་ལག་ཏུ་འགྱུར་བའོ།། གནས་ཉི་ཤུ་རྩི་བཞི་པོ་དེ་དག་གང་ཡིན་ཞེ་ན། སྐུའི་འཁོར་ལོ ་ཀུ་ལུ་ཏཱ་ནས་ཐུགས་ཀྱི་འཁོར་པུལླཱི་ར་མ་ལ་ཡར་ཐུག་པའི་གནས་ཉི་ཤུ་རྩ་བཞིའོ།། སོགས་ཞེས་བྱ་བ་ནི་ཁྱིམ་ལྔ་པི་ལ་པ་དང་། ཉེ་བའི་པི་ལ་དང་། གྲོང་མཐའ་དང་། ཉེ་བའི་གྲོང་མཐའ་རྣམས་གཟུང་བར་བྱའོ།། ཡུལ་དེ ་རྣམས་ཀྱི་བུ་མོ་གང་ཞེས་བྱ་བ་ནི་ཞིང་སྐྱེས་ཀྱི་བུ་མོ་སྟེ་དཔའ་བོ་དང་གཉིས་སུ་མེད་པར་འགྱུར་པའི་དངོས་གྲུབ་ཀྱི་ཡན་ལག་གི་རྣལ་འབྱོར་མའོ།། དེ་ཀུན་འདོད་པའི་གཟུགས་ཅན་ཏེ། ཞེས་བྱ་བ་ནི་གནས་ཉི་ཤུ་རྩ་བཞིར ་སྐྱེས་པའི་ཡེ་ཤེས་ཀྱི་རྣལ་འབྱོར་མ་རྣམས་ཡིན་ལ་འདོད་པའི་གཟུགས་སྣ་ཚོགས་སུ་བསྒྱུར་ནས་ཡིད་མགྱོགས་ཀྱི་ཏིང་ངེ་འཛིན་ཐོབ་པས་རྣོལ་འབྱོར་པའི་བསམ་པ་རྫོགས་པར་བྱེད་པ་ཡིན་ནོ།། དག་བྱེད་དབང་གི་ལྷ་མོ་དང ་དཔའ་བོའི་ལྷ་མོ་བཀའ་བསྒོ་སྐྱེས།། དེ་འོག་མ་ལུས་ཀུན་སྤྱོད་མ། ཞེས་བྱ་བ་ནི་རྣལ་འབྱོར་མ་རྣམས་བཤད་པ་དང་། འདི་ལ་ཁྱད་པར་ཅི་ཡོད་ཅེ་ན། སྔར་ནི་ཐུན་དུ་བསྒྲུབ་པ་དང་། དངོས་གྲུབ་དང་བསྒྲུབ་པ་རྣམས་ཀྱི་ཡན ་ལྷག་ཏུ་གསུངས་པ་ཡིན་ལ། ལེའུ་ཉི་ཤུ་རྩ་དྲུག་དང་རྩ་བདུན་དང་རྩ་བརྒྱད་དང་རྩ་དགུ་པ་ནི་དངོས་གྲུབ་ཀྱི་ཡན་ལག་ཏུ་གསུངས་ཏེ། ལེའུ་གསུམ་པ་གནས་ལྔ་བཅུའི་བར་གྱིས་ལེའུ་ཉི་ཤུས་ནི་ལས་རྣམས་ཀྱི་ལྷ་མོ་གསུངས་པ ་ཡིན་ནོ།། དེ་ལཱ་བསྒྲུབ་པའི་ཡན་ལག་ནཱི་ལས་དང་པོ་པ་ལ་མཚན་མ་མཐོབ་ཀྱི་བར་དུ་ཕྱུག་རྒྱར་གྱུར་པའོ།། མཚ་ནི་མ་ཐོབ་ནས་མཆོག་གི་དངོས་གྲུབ་པའི་ཡན་ལག་དང་། གཞན་གྱི་དོན་དུ་ཕྲིན་ལས་བཅུ་གཉིས་བྱེད་པའི ་ཕྱག་རྒྱ་ནི་འཇིག་རྟེན་གྱི་དངོས་གྲུབ་ཀྱི་ཡན་ལག་གོ། དངོས་གྲུབ་བསྒྲུབ་པའི་ལྷོ་མོ་ཅི་ཞིག་དགོས་ཤེ་ན། དངོས་གྲུབ་གྲུབ་པའི་ཡན་ལག་སྟེ། འཁོར་ལོ་སྒྱུར་བའི་བཙུན་མོ་རིན་པོ་ཆེ་བཞིན་དུ་རེག་བྱ་ཁྱད་པར་ཅན ་གྱི་སྒོ་ནས་བསམ་གཏན་གྱི་ལུས་དང་། ཡིད་ཀྱི་བདེ་བ་བསྐྱེད་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་ཀྱི་དགེ་བའི་གཤེས་གཉེན་བཅོམ་པ་མོ་ལྷའི་གཤེས་གཉེན་བཞིན་དུ་རེག་བྱའི་སྟོང་པ་ཉིད་རྟོགས་པ་བྱེད་པ ་ཡིན་ནོ།། དེ་ལྟར་དངོས་གྲུབ་ཀྱི་ཡན་ལག་གི་རེག་བྱའི་ཁྱད་པོར་ཅན་ལས་ཀྱི་ཕྱག་རྒྱ་དང་། རོ་ཁྱད་པར་ཅན་སྐྱེ་བ་བདུན་པའི་ཤ་དང་། དྲི་ཁྱད་པར་ཅན་བདུད་རྩི་ལྡིའི་དཱི་དང་། སྒྲ་ཁྱད་པར་ཅན་ཡི་གེ་དང་ངག་གི་བརྞ་དང་། ་གཟུགས་ཁྱད་པར་ཅན་ལས་ཀྱི་ཕྱག་རྒྱའི་ཡམ་ལག་དང་། ཉིང་ལག་ལ་གཽ་བརྡ་དང་ལྡན་པས་དངོས་གྲུབ་བསྒྲུབ་པར་བྱའོ།། ཞེས་ཁ་སྦྱོར་ལས་གསུངས་སོ།། སྤྲིན་བཅོམ་ལྡན་འདས་འཛེམྦུའི་གླིང་དུ་བྱམའི ་ཡེ་ཤེས་ཀྱི་ལྷ་མོ་དུ་ཞིག་ཡོད་སྙམ་ན། རྣལ་འབྱོར་མ་དྲུག་བྱ་བ་གསུངས་ཏེ། མདོར་བསྡུ་ན་གོ་ཆའི་ལྷའི་རིགས་དྲུག་གི་བདག་ཉིད་དོ།། དེ་ཡང་སྐུའི་འཁོར་ལོ་ཐ་མ་ཀུ་ལུ་ཏཱ་དང་མ་རོ་གཉིས་དང་བརྩོན་ཆེན ་མ་འཁོར་ལོ་སྒྱུར་མཱ་ནི་མ་མོ་རྣམས་ཞེས་བརྡས་བཏགས་སོ།། སིན་དྷུ་དང་ན་གཽ་ར་སྟོབས་ཆེན་མ་དང་ཤིན་ཏུ་དཔའ་མ་ནི་རིགས་རྣམས་ཀྱི་གཙོ་མོ་ཞེས་བྱ་བའི་བརྡས་བཏགས་ཏེ། རྟ་མཆོག་གི་བཙུན་མོ་ཙཎྜི་ཀའི་རིགས་བཞི ་ཡིན་ནོ།། གསེ་རེ་གླིང་དང་སོའུ་རཥྚ་ར་ནི་འཁོར་ལོའི་གོ་ཆ་མ་དང་གོས་རེངས་མ་ནི་རིགས་ཀྱི་ལྷ་མོའི་བརྡས་བཏགས་སོ།། གྲི་ཧ་དེ་བ་དང་པྲེ་ཏ་པུ་རིར་ནི་དྲྀམ་སྐྱེས་མ་དང་འཁོར་ལོའི་ཤུགས་ཅན་མ་ལ་སྟོབས་ཆེན་མ་ཞེས་བྱ་སྟེ། ་ཁའི་སྙིང་ངོའི་བཱ་ཙྪན་ཆེ་བ། བཻང་མིའ་རིགས་བཞིའོ།། ཧི་མཱ་ལ་ཡང་དང་ཀཱཉྫི་ནི་བྱ་གདོང་མ་དང་རྟ་རྣ་མ་ལ་གཟུགས་ཅན་མཐེ་བྱ་བའི་གཏགསོ།། ལཾ་བཱ་ཀ་དང་ཀ་ལིང་གར་ཤིན་ཏུ་བཟང་མོ་དང་སྔོགས་དཱ་མ་ནི་ཁྱིམ་གྱི་ལྷ་མོ་བརྟུས་ཞུག་འཛིན་མཽ་ཙཱ་བྱ་བི་བཅཝས་བཏག་བཱི་ཧེ་རུ་ཀིའི་བཙུན་མོ་བསྐྱེད་མཱི་རིགཱ་བཞིའོ།། གོས་ལ་དང་ཏྲི་ཤ་ཀུན་ན་ར་ནི་ཅང་འཐུང་མ་དང་རླུང་ཀུག ་ག་ཤཱ་ཀྱི་མགོ་ས་པའི་ན་ན་ཁྱོན་པདག་བྱུང་འས་གྲོར་ད་ངས་ཀྱི་ཨཿཔདྨ་གར་གྱི་དབང་ཕྱུག་གི་བཙུན་མོ་རྨོངས་བྱེད་མའི་རིགས་བཞིའོ།། མཱ་ལ་བ་དང་དེ་བི་ཀོ་ཊིར་ཤིང་གཱ་བི་མ་དང་ལཱང་ཀཱིའི་དབང་ཕྱུག་མ་ལ་ཁ་ཌ་རོ་ཧ་ཞེས ་བརྡས་བཏགས་སོ།། རཱ་མེ་ཤྭ་རི་དང་གོ་དཱ་རིར་མི་ཐུང་མ་དང་དཔའ་བོའི་བློ་གྲོས་མ་ལ་མཁའ་འགྲོ་མ་ཞེས་བྱ་བའི་བརྡས་བཏགས་ཏེ། རྣམ་པར་སྣང་མཛད་ཀྱི་བཙུན་མོ་གཤིན་རྗེ་མའི་རིགས་བཞི་ཡིན་ནོ།། ཨར་བུ་དེ་དང་སྣ་ཆེན་མ་ཨུརྒྱན ་དུ་སྣ་ཆེན་མ་དང་འོད་ལྡན་མ་སླེ་ཤ་ཅན་ཞེས་བྱ་བའི་བརྡས་བཏགས་སོ།། ཛཱ་ལནྡྷ་ར་དང་པུལླི་ར་མ་ཡར་གཏུམ་མིག་མ་དང་རབ་གཏུམ་མ་བུད་མེད་ཅེས་བྱ་བའི་བརྡས་བཏགས་ཏེ། རྡོ་རྗེ་སེམས་མའི་བཙུན་མོ་རྡོ་རྗེ་ཕག་མའི་རིག་བཞི་ཡིན་ནོ།། ་དེ་ལྟ་རྡོ་རྗེ་མཁའ་འགྲོ་མ་ལས་རིགས་དྲུག་དང་སྦྱར་བར་བཤད་ཀྱང་རྩ་བའི་རྒྱུ་དེ་ལ་ནི་པུལླི་ར་མ་ཡ་ལ་ཡ་ཛཱ་ལནྡྷ་ར་གསེར་གླིང་ཞེས་བྱ་བའི་མིང་གིས་བཏགས་ནས་ཐུགས་ཀྱི་འཁོར་ལོ་ལ་སྟོང་ཕྲག་ཉི་ཤུ་རྩ་གཅིག་ཡོད་པ་ཡིན། ་ཤེས་བཤད་པས་ཐུགས་ཀྱི་འཁོར་ལོའི་གནས་གཉིས་ལས་དྲུག་ནི་གསལ་བ་མེད་དོ།། ལྕུག་མ་གཞན་དག་ཇི་སྙེད་པ་ཞེས་བྱ་བ་ནི་རས་དྲུག་གིས་བསྡུས་པའི་གཙོ་མོ་ཉི་ཤུ་རྩ་བཞི་ལས་གཞན་པ་ལྷ་མོ་བནྡྷ་གཉིས་ཀྱི་རིགས ་ནཱི་དཔལ་ཧེ་རུ་ཀའི་འཁོར་ལོའི་རྣལ་འབྱོར་མ་ཡིན་ནོ།། མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་པོ་འདི་དག་ཅིའི་ཕྱིར་གཙོ་མོ་ཡིན་ཞེ་ན། ཤྲཱི་ཧཱ་རུ་ཀ་སྦྱོར་ག། དེ་ཡི་དཀྱིལ་འཁོར་གཙོ་མོ་ཡིན། ཞེས་གསུངས་པའི་ཕྱིར་ཡེ་ཤེས ་ཀྱི་ལྷ་མོ་སྤྲུལ་པའི་སྐུ་ཡིན་ནོ།། མཁོའ་འགྲོ་ཉི་ཤུ་རྩ་བཞི་འདིས།། རྒྱུ་དང་མི་རྒྱུ་འགྲོ་བ་ཁྱབ།། ཅེས་བྱ་བ་ནི་རྒྱུ་བ་འགྲོ་བ་རིས་དྲུག་གི་གདུལ་བྱིག་འདུལ་དང་། མི་རྒྱུ་བ་སྣོད་ཀྱི་འཇིག་རྟེན་སངས་རྒྱས་ཀྱི་ཁམས་བྱས་ནས ་འགྲོ་བ་ཁྱབ་པས་གནས་པས་ན་སྒྲུབ་པ་པོ་ལ་དངོས་གྲུབ་གསོལ་བ་ཡིན་ནོ།། དེ་ལྟར་ཡེ་ཤེས་ལོས་གྲུབ་པའི་ལྷ་མོ་བཤད་ནས་མཆོག་ཏུ་གྱུར་པའི་རྣལ་འབྱོར་པའི་བསྒྲུབ་པའི་ཡན་ལག་བཤད་པ་ནི། མཁའ་གྲོ ་འདི་ཡིས་དམ་ཚིག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་བཅུ་གཉིས་བྱེད་པའི་འཁྲུལ་འཁོར་འཆི་བའི་སྒྲུབ་པ་པོ་འདིའི་དམ་ཚིག་ནི་སྤྲུལ་པའི་འཁོར་ལོ་བསྒོམ་པ་ཡིན་ལ། དེ་ཡང་བསམ་གཏན་དང ་བཟླས་པ་དང་སྦྱིན་སྲེག་ལ་སོགས་པ་བྱས་ནས་སྟེང་འདི་རུ་ལས་བཅུ་གཉིས་ཀྱི་སྤྱོད་པ་རྫོགས་པར་འགྱུར་རོ།། བསམ་གཏན་དེ་ཡང་ཇི་ལྟ་བུ་ཡིན་ཞེ་ནི། རྒྱུས་པར་བཤད་པ་ནི། སྔགས་པ་རྟག་ཏུ་མཉམ་གཞག་པས ་མཚན་མོ་ནཱ་མུཁོའི་གོས་ཅནྡ་བྱ། ཞེས་བྱ་བ་གསུངས་ཏེ། དཔལ་ཧེ་རུ་དང་ཡུམ་རྡོ་རྗེ་ཕག་མོའི་ཆ་བྱད་དུ་བྱའོ།། སྐྱེས་པ་འམ་ཞེས་བྱ་བ་ནི་དཔའ་བོ་ཉི་ཤུ་ནྱ་ཉྫའི་བསྒོམ་།། སྒོ་བཀུན་དེ་བྱ་ནི་ལྷམ་གཙུན་མང་བསྒོས་།། ཀྱེ་དང་དབ་པོ་མཉེས ་ཞེས་བྱ་བ་ནི་སྲོག་ཨ་བ་དྷཱུ་ཏཱིར་བཅུག་ནས་དགའ་བ་བཞིའི་ཏིང་ངེ་འཛིན་བསྒོམས་པའོ།། དེ་ཡང་ངེས་བརྗོད་ལས། ཡིད་ནི་ནང་དུ་ཆུད་པ་ཡིས། འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ་ཞེས་གསུངས་སོ།། ཕྱག་རྒྱ་གར་གྱིས ་མཆོད་པ་ཡིས།། རང་འབྱུང་རྟག་ཏུ་མཚང་ན་ནི།། ཞེས་བྱ་བ་དགའ་བྲལ་དུ་སོང་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་ལྷ་མཆོད་པའོ།། དེ་ཡང་རང་རྫུས་ཐིག་ལས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་མཆོད་པར ་བྱ་ཞེས་གསུངས་སོ།། མཆོད་པའི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། མ་ལུས་ལུས་པ་མེད་གྲུབ་ཅིང་། གཡོན་པོ་མཆོད་ལ་རབ་ཏུ་འཇུག་ཅེས་བྱ་བ་གསུངས་ཏེ། དགའ་བྲལ་དུ་སོང་ཡང་འཇིག་རྟེན་གྱི་དངོས་གྲུབ་མ་ལུས་པ ་འགྲུབ་པར་འགྱུར་བ་ཡིན་ནོ།། དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། སྲོག་ཨ་བ་དྷཱུ་ཏཱིར་ཆུད་ནས་མེ་ཏོག་པ་སྐྱེས་ནས་མཆོག་གི་དངོས་བམ་དགའ་བྲལ་དུ་སོང་ཡང་ལས་བཅུ་གཉིས་ཀྱི་འཁྲུལ་འཁོར་དང་ལྡན་པས་འཇིགས ་རྟེན་གྱི་དངོས་གྲུབ་གྲུབ་བོ།། དེ་ལ་འཁྲུལ་འཁོར་ནི་འདི་ཡིན་ཏེ་ཞི་བ་ལ་གྲོ་གའམ་ཤིང་ཤུན་ལ། རྒྱས་པོ་ལ་རས་སམ་སྤང་ལེབ་ལ། དབང་ལ་བུད་མེད་ཀྱི་སྨད་ཤམ་ལ། མངོན་སྤྱོད་ལ་དུར་ཁྲོད་ཀྱི་རས་ལ་འགི་ཝ་པཱ་ལ ་སོགས་པས་བྲིས་ནས་ལྷ་དྲུག་ཅུ་རྩ་གཉིས་ཀྱི་འཁོར་ལོ་ལ་སྔགས་དྲུག་ཅུ་རྩ་གཉིས་བྲིས་ཏཱཾ་ལྷ་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་ཆོ་ག་བགོ་བ་དང་། དབང་བསྐུར་བ་དང་། བདུད་རྩི་མྱང་བ་དང་། བསྒོམ ་པ་དང་། བཟླས་པ་དང་། མཆོད་པ་དང་། བསྟོད་པ་དང་། བཟླས་པ་བྱས་ནས་སླར་ཡི་གེ་ཞུ་བའི་འཁྲུལ་འཁོར་བསྒྲུབ་བྱའི་མིང་དང་སྤེལ་བ་ཞི་པ་ལ་གྲོག་མཁར་གྱིས་ལ་བྱས་པའི་གཟུགས་བཪྵ་ནི་ན་མ། རྒྱས་པ་ལ་ཁམ ་པ་ལ་བྱས་པའི་གཟུགས་བརྡྷན་ནམ། དབང་ལཾ་ཙན་དན་ལས་བྱས་པའི་གཟུགས་བརྙན་ནམ། མངོན་སྤྱོད་ལྔ་ས་ལ་བྱིས་པའི་གཟུགས་བརྙན་གྱི་སྙིང་གར་བཱ་ཅུག་ལ་ལསོ་བཅུ་གཉིས་བྱས་ན་གྲུབ་པར་འགྱུར་རོ།། ལེ ་བཞི་བཅུ་རྩ་གཅིག་པོའི་རྣམ་པར་བཤད་པའོ།། ། དེ་ལྟར་དཔའ་བོ་དང་རྣལ་འབྱོར་མའི་སྔགས་འཁོར་ལོ་བཤད་ནས་ཉེ་བའི་སྔགས་ཀྱི་འཁོར་ལོ་བཤད་པ་ནི། དེ་ནས་དཔའ་བོ་མེ་ཏོག་ཆུ་ཞེས་བྱ་བ ་ལ་སོགས་པ་གསུངས་ཏེ། གྲོ་ག་འམ་རས་སམ་སྦྱང་ཤམ་མམ་དུར་ཁྲོད་ཀྱིས་ར་ས་ལ་གཞལ་ཡས་ཁང་དང་བཅས་པའི་ལྷ་དྲུག་ཅུ་རྩེ་གཉིས་ཀྱི་འཁྲུལ་འཁོར་བཀོད་ནས་སྙིང་པོ་རེ་རེའི་ཤར་ཕྱོགས་སུ་ཧཱ་གཉིས། བྱུང ་ཕྱོགས་སུ་ཧི་གཉིས། ནུབ་ཕྱོགས་སུ་ཧཱུཾ་གཉིས། ལྷོ་ཕྱོགས་སུ་ཀྱི་ཧ་གཉིས་ཀྱིས་དཔའ་བོ་དང་དཔའ་མོ་ཐམས་ཅད་ལ་ཧ་བརྒྱད་ཀྱིས་བསྐོར་བ་ནི་དཔའ་བོ་དང་དཔའ་མོའི་ཉེ་བའི་སྔགས་ཀྱི་འཁོར་ལོ་སྟེ་ལེའུ་གཅུ་གཉིས་བྱེད་པར་འགྱུར ་རོ།། འཁྲུལ་འཁོར་དེ་བྱིང་པོའི་ཚེ་ལིང་གིའི་སྙིང་གར་འཁྲུལ་འཁོར་དེ་བཅུག་ནས་བདག་ཉིད་རྫོགས་པའི་རིམ་པའི་ཏིང་ངེ་འཛིན་བསྒོམ་པར་བྱའོ།། ཇི་ལྟར་བསྒོམ་པར་བྱ་སྙམ་ན། དཔའ་བོ་དང་རྣལ་འབྱོར་མ་བསྙེན་བསྒྲུབ་བཞིས ་སྦྱངས་ལ་མེ་ཏོག་དང་ཆུ་ནཱི་རཀྵ་དང་ཤུ་ཀྲུ་སྟེ་ཨཾ་བ་དྷཱུ་ཏཱིའི་སྦྱོར་ཕྱིན་པ་འཐུང་ནས་ཞེས་བྱ་བ་གྱེན་དུ་བཟློག་པ་ལ་ཏིང་ངེ་འཛིན་བསྒོམ་པར་བྱའོ།། བཟློག་པའི་ཐབས་གང་ཡིན་ཞེ་ན། འཐུངས་ནས་སྔགས་ནི་རྗེས་དྲན་བྱ་ཞེས་བྱ་བ་སྨོས ་ཏོ། ཧཱ་ཧཱ་རྣམ་པ་བརྒྱད་ཀྱི་སྔགས་ཀྱིས་སོ།། དུས་ནེམི་གྱི་ཆོ་ཞེ་ན། ཕྱག་རྒྱ་ལན་ཅིག་སྒྲུབ་པ་པོས།། མཚན་མོ་རྟག་ཏུ་རོ་མཆོག་སྦྱང་།། ཅེས་བྱ་བ་གསུངས་ཏེ། ཐབས་དང་ཤེས་རབ་སྙོམས་པར་འཇུག་པའི་རླུང་ནང་དུ་འཇུག ་པའི་ཚེ་ནི་མཚན་མོ་ཡིན་ལ། རླུང་གྱེན་དུ་བཟློག་ན་བྱང་ཆུབ་སེམས་ཀྱི་རོ་མྱང་བར་བྱའོ།། སྔགས་གསུམ་བྱ་བ་འདི་ཉིད་ཀྱི། ཞེས་བྱ་བ་ནི་དགའ་བ་དང་མཆོག་དགའ་དང་ལྡན་ཅིག་སྐྱེས་དགའ་ནི་ཡོད་སྒྲིབ་པར་བྱེ ་སྔགས་ཡིན་ལ། དགའ་བ་གསུམ་པོ་དེ་ཉིད་ཀྱི་ཚེ་ཀུན་རྫོབ་བྱང་ཆུ་ཀྱི་སེམས་ཀྱི་ཆུའི་ལུས་བདེ་བ་དང་ཡིད་བདེ་བ་ཐོབ་པར་འགྱུར་རོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། འཐུངས་དང་དེ་བཞིན་སྤྱི་བ་དང་ཞེས ་བྱེ་བ་ལ་སོགས་པ་གསུངས་ཏེ། དཔའ་མེའི་མེ་ཏོག་དང་དཔའི་བོ་བྱང་ཆུབ་སེམས་གྱེན་དུ་བཟློག་པ་འཐུངས་པ་ཡིན་ལ་སྦྱིན་པ་ནི་དགའ་བྲལ་དུ་གྱུར་པའོ།། དེའི་རྒྱུ་གང་ཡིན་ཞེ་ན། རིག་དང་ལྷན་ཅིག་ནག་མོ་ཆེ། ཞེས་བྱ ་བ་སྨོས་ཏེ། རིག་པ་ནི་ཨ་བ་དྷཱུ་ཏཱི་ཕྲེང་བས་དགའ་བའོ།། ལྷན་ཅིག་ནག་མོ་ནི་ཡུམ་རྡོ་རྗེ་ཕག་མོ་བསྒོམ་པའི་ཤེས་རབ་ལྟེ་བས་ཁྱབ་པས་ཁྱབ་པ་ནི་མཆོག་དགའོ།། བདེ་བས་ཚངས་པར་སྤྱོད་འགྱུར་བ་ནི་ཡིད་བདེ་བ་ལྷན་ཅིག་སྐྱེས ་དགའ་ལ་བདེ་བའི་རྒྱུས་བཏབ་པས་ཚངས་པར་སྤྱད་པའོ།། བཤད་པའི་ཕྱག་རྒྱས་བསྒྲུབ་བྱ་བ་ཞེས་བྱ་བ་ནི་གལ་ཏེ་དགའ་བྲལ་དུ་སེང་ན་རྣམ་པ་བརྒྱུད་ཀྱིས་བཞད་པའི་ཕྱག་རྒྱས་རླུང་གྱོན་དུ་བཟློག་པའོ།། ལྟེ་བའི་བསྙེམས ་པས་གླགས་ལྡན་པས་ཞེས་བྱ་བ་ནི་མིག་གི་ཕྱག་རྒྱུས་མིག་བཙུམ་པོར་བྱའོ།། རིག་དང་མིག་གི་ཕྱག་རྒྱས་དུས་ནམ་གྱི་ཚེ་བྱ་ཞེ་ན། མཚན་མོ་འམ་དེ་བཞིན་ཉིན་མོ་འམ། འདིས་ནི་བཞད་པ་ངག་ཏུ་བྱ།། ཞེས་བྱ་བ་ནི། ་མཚན་མོ་དབུགས་རྔུབ་པ་དང་། ཉིན་མོ་དབུགས་འབྱུང་བའི་དུས་སུ་གཉི་གར་ཡང་རླུང་གི་འཁྲུལ་འཁོར་བཞེད་པ་ངག་གི་ཕྱག་རྒྱ་དང་ལུས་ཀྱི་འཁྲུལ་འཁོར་བྱ་བ་ཡིན་ནོ།། དེ་ལྟར་རྒྱས་པར་བཤད་ནས་ཤིན་ཏུ་རྒྱས ་པར་བཤད་པ་ནི། གཟུགས་དང་ལས་ཀྱི་གསུབྱ་གང་། ཇི་ལྟར་གནས་པའི་དཔའ་བོ་ཉོན།། ཞེས་བྱ་བ་གསུངས་ཏེ། དགའ་བ་བཞི་བརྙེས་པའི་གཟུགས་ཀྱི་རྟོགས་པ་དང་། བྱང་ཆུབ་སེམས་བཟློག་པའི་གསང ་བའི་ཐབས་གང་ཡིན་པ་ཇི་ལྟར་གནས་པའི་ལག་ན་རྡོ་རྗེ་དཔའ་བོ་ཁྱོད་ཉོན་ཅིག་ཅེས་པསོ།། རྟག་ཏུ་དེ་ཡིས་མཆིལ་མ་འབྱུང་ཞེས་བྱ་བ་ནི་དགའ་བའི་དུས་སུ་རྡུལ་འབྱུང་བ་དང་། སྒྱུ་ལངས་པ་དང་། དགའ་བའི་རྡོ་རྗེ་ལས་བྱང་ཆུབ ་སེམས་བསྒོམ་ཞིང་འདའ་བར་མི་བྱེད་པ་དང་། ཕྱོགས་ཀྱི་གོས་ཀྱི་ཕྱག་རྒྱར་མཆོད་པར་བྱའོ།། དེ་ལ་གཟུགས་ཀྱི་རྟགས་པཤད་པ་ནི། གཡོན་པའི་དབང་ཕྱུག་ཐམས་ཅད་ཞེས་བྱ་བ་གསུངས་ཏེ། ཡེ་ཤེས་དང་ཞིང་དེང ་སྔགས་ལས་སྐྱེས་པ་རྣམས་སོ།། ཐམས་ཅད་དུ་ཕྱག་རྒྱའི་ཚོགས་དེ་དག་ལ་རིམ་གྱིས་དབུགས་འབྱིན་པ་དང་སྡུད་པ་དང་ལྡན་པ་ནི་དགའ་བའི་རྟགས་སོ།། རྒོད་པ་ནི་མཆོག་དགའི་རྟགས་སོ།། སྒེག་པ་ནི་ལྷན་ཅིག་སྐྱེས་པའི་རྟགས ་དཔའ་བའི་ངོ་མཚར་བ་ནི་དགའ་བྲལ་གྱིས་རྟགས་སོ།། དེ་ཡང་དགའ་བ་བཞིའི་དུས་ཀྱི་དབང་དུ་མཛད་ནས། སྣ་ཚོགས་དང་པོར་བྱས་ནས་ནི་ཞེས་བྱ་བ་གསུངས་ཏེ། དང་པོ་རྣམ་པ་སྣ་ཚོགས་སོ།། གཉིས་པ་ནི་རྣམ་པར་སྨིན་པའི ་དུས་སོ།། གསུམ་པ་ནི་མཚན་ཉིད་དང་བྲལ་བའི་དུས་སུ།། བཞི་པ་ནི་རྣམ་པར་ཉིད་པའི་དུས་སོ།། ཕྱག་རྒྱ་དང་མཉམ་པར་སྦྱོར་བའི་ཚེ་དགའི་བྲལ་དུ་གྱུར་ན་སྔགས་རྗེས་སུ་དྲན་པར་བྱའོ།། དེ་ལྟར་གཟུགས་ཀྱི་རྟགས ་བཤད་ནས་ལས་ཀྱི་གསང་བའི་གསང་བ་གསུངས་པ། ཧཱ་ཧ་ཧ་ཧེ་རྣམ་པ་བརྒྱུད་ཅེས་བྱ་བ་གསུངས།། ཧ་ཧ་དང་རྒཿརྨྨཱ་དྷཱུ་ཧ་ཧ་བརྒྱད་དོ།། དཱ་དུས་ནཱམ་གྱི་ཆེཉེ་བར་བརྟག་ཅན། སྣ་ཚུགས་དང་དབང་མཆོག་དགའ་ཞེས་བྱུ ་གསུངས་ཏེ། རྣམ་པ་སྣ་ཚོགས་དང་། རྒོད་པ་རྣམ་པར་སྨིན་པ་དང་། དབང་མཆོག་གི་མཚན་ཉིད་དང་བྲལ་བ་དང་། དགའ་བ་ནི་རྣམ་པར་སྤོད་པའོ།། དུས་དེའི་ཚེ་ཧ་བརྒྱད་ཀྱིས་ཉེ་བར་བརྟགས་པར་བྱའོ།། ལྟ་བའི་བསྙེམས ་པས་མིག་གིའོ།། ཕྱག་རྒྱ་ཇི་ལྟར་ཞེ་ན། སྒྲུབ་པར་བྱེད་པ་རབ་ཏུ་བསྔགས་ཞེས་བྱ་བ་སྨོས་ཏེ། མིག་བཙུམ་པའི་ཕྱག་རྒྱའོ།། ངེས་ཅིར་འགྱུར་ཞེ་ན། དེ་ཉིད་ཀྱི་དགའ་བར་འགྱུར་ཏེ་ཞེས་བྱ་བ་སྨོས་ཏེ། བསམ་གཏན་གྱི ་བདེ་བ་མི་ཉམས་པར་འགྱུར་པའི་སྔགས་དང་། ཕྱག་རྒྱ་ལེགས་པར་སྦྱར་ཞེས་བྱ་བ་ནི་རང་བཞིན་བརྒྱ་དང་བྲལ་བའི་ཡིད་ཀྱིས་སྔགས་སྐྱོ་བར་བྱེད་པས་ན་རྟོག་པ་དང་བྲལ་བའོ།། གནས་སྟོབས་གང་གི་ཚེ་ཞེ་ན། གཙོ་བོ་རྣམས ་དང་དཔའ་བོ་ཡིས། ཡུམ་དང་ལྷན་ཅིག་འབྱུང་བོང་བ། ཞེས་བྱ་བ་གསུངས་ཏེ། དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མོ་ཉི་ཤུ་རྩ་བཞི་ཚོགས་ཀྱིའཁོར་ལོ་བྱེད་པའི་གནས་སུ་དགའ་བ་རྣམ་པ་གསུམ་གྱི་ལྷ་ཅིག་འབྱུང་བའི ་བདེ་བའོ།། རྡོ་རྗེ་གོམས་པར་བྱ་བ་ཞེས་བྱ་བ་ནི་དགའ་དྲལ་དུ་མ་གྱུར་པ་གཡོན་པའི་རྣལ་འབྱོར་པས་ཡོངས་སུ་བརྟགས་པའི་བདེ་བའི་ཏིང་ངེ་འཛིན་བསྒོམས་ནས་འཁྲུལ་འཁོར་གྱིས་ལས་བཅུ་གཉིས་བྱའོ།། ལེའུ ་བཞི་བཅུ་རྩ་གཉིས་པའི་རྣམ་པར་བཤད་པའོ།། ། དེ་ལྟར་ཧ་བརྒྱུད་ཀྱི་འཁྲུལ་འཁོར་བཤད་ནས་དཔའ་བོའི་ཉེ་བའི་འཁྲུལ་འཁོར་གྱི་ལས་བཤད་པ་ནི། དེ་ནས་ལྟ་བ་བད་བྱ་བ་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། བསྐྱེད་རྫོགས་ཀྱི་མཚན་མ་ཐོབ་པའི་རྣམ་པ་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་ལ་སྦྱོར་བའི་ཚེ་དཔའ་བོ་དང་དཔའ་མོ་རྣམས་ཀྱི་སྤྱན་གྱིས་གཟིགས་ནས་བྱིན་གྱིས་རློབ་པར་འགྱུར་རོ།། དཔའ་བོ་དང ་ནི་གཉིས་མེད་མི།། ཞེས་བྱ་བ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་བསྒོམས་པའི་རྣལ་འབྱོར་པའོ།། གནས་ཀྱི་དབྱེ་བ་ཆོ་ག་ཞེས་བྱ་བ་ནི་ལུས་ཀྱི་དཀྱིལ་འཁོར་བསྒོམ་ཤིས་པའོ།། སྒོམ་པ་རྟག་ཏུ་མངོན་དགའ་བ། ་ཞེས་བྱ་བ་ནི་གོ་ཆ་བསྒོམ་པོའོ།། ཡེ་ཤེས་སེམས་དཔའ་གཞུག་པ་དང་དབང་བསྐུར་བ་དང་ཏིང་ངེ་འཛིན་བསྒོམ་པ་ལ་དགའ་བའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི་ལམ་གྱི་བཞི་མདོ་འམ་ཁྱིམ་མམ་རི་བོའམ ་གནས་གང་ཡང་རུ་བར་རྣལ་འབྱོར་པ་གནས་པའི་ཚེ་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་གྱིས་རིང་པོར་གནས་ཀྱང་གཟིགས་ཤིང་བྱིན་གྱིས་བརློབ་པར་འགྱུར་རོ།། ཐབས་ཇི་ལྟ་བུ་དང་ལྡན་པར་གཟིགས་ཤེ་ན། ཕྱག་རྒྱ ་གཅེར་པུས་མཆོད་པ་ཡིན། ཕྱག་རྒྱུ་དང་གཉིས་སུ་མེད་པའི་རྣལ་འབྱོར་པ་སྟེ། མཆོད་པའི་ལས་དེ་ཉིད་ཀྱིས་གྲོལ་བར་འགྱུར་རོ།། ཆ་བྱད་ཇི་ལྟ་བུ་ཞེ་ན། གོས་གཞན་དག་གིས་བཀབ་ནས་སུ། ཞེས་བྱ་བ་གསུངས་ཏེ། ནམ ་མཁའི་གོས་ཀྱིས་བཀབ་ནས་ལས་ཀྱི་ཕྱག་རྒྱ་དེ་དང་ཡང་དག་པར་རེག་ཅིང་ལུས་དང་ཡིད་བདེ་བའི་འདོད་པ་ལ་སྤྱད་པར་བྱའོ།། དེ་བཞིན་སྒྲ་ནི་གྲོལ་འགྱུར་བས་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོ་སྐྲ་གྲོལ་བའི་གོ་ཆ་དྲུག་གིས་རྒྱས ་བཏབ་པའོ།། ལས་རྣམས་ཐམས་ཅད་བརྩམ་པར་བྱའོ།། ཞེས་བྱ་བ་ནི་ཡི་གེ་བདུན་པའི་འཁྲུལ་འཁོར་དང་། ལས་བཅུ་གཉིས་པཙམ་པར་བྱའོ།། དེ་ལྟར་རྒྱས་པར་བཤད་ནས་ཤིན་ཏུ་རྒྱས་པར་བཤད་པ་ན། རྩཝའི་སྔགས ་དང་དེ་བཞིན་གཞན། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་དུ་ལས་བཅུ་གཉིས་ཀྱི་བསྙེན་པ་བཤད་པ་བཞེད་ནས་རྩ་བའི་སྔགས་ཀྱི་འཁྲུལ་འཁོར་དང་དེ་བཞིན་དུ་བསྡུས་པ་དང་། ཡུམ་གྱི་ཉེ་བའི་སྙིང་པོ་ཞིད་གོ་ཆའི་སྔགས ་གཉིས་དང་གནོད་མཛེས་ཀྱི་སྟེགས་གཉིས་ནི་གཞན་ཞེས་བྱའོ།། འིཁྲུལ་འཁོར་དེ་རྣམས་འཆིང་བས་ན་ཐོག་མ་ཕྱོགས་བཅིངས་པ་དང་སྲུང་བའི་འཁོར་ལོ་བྱས་ལ་ལྷའི་ཡུལ་སུམ་ཅུ་རྩ་གསུམ་པ་དང་སྐར་མ་ལ་སོགས་པ ་ལྷའི་ཚོགས་རྣམས་ཀྱིས་མཐོང་བར་མི་འགྱུར་གྱི་འཁྲུལ་འཁོར་གྱི་ལྕེ་མཆོད་པར་བྱའོ།། བསྙེན་པའི་ལྷ་ལ་མཐོང་བ་དང་། རེག་པ་དང་། ཐོས་པའི་མཚན་མ་ཐོབ་ནས་སྙིམ་པ་མེ་ཏོག་གིས་བཀང་སྟེ། ས་ལ་ལྟུང་བར་མ་མཐོང ་བ་དེའི་ཚེ་གནས་དང་ཉེ་བའི་གནས་ན་གནས་པའི་ཐུགས་ཀྱི་འཁོར་ལོའི་མཁའ་འགྲོ་མ་སྟོང་ཕྲག་གི་གནས་མཁའ་སྤྱོད་ལ་གནས་པར་འགྱུར་རོ།། ལྷའི་སྐུ་གསུང་གི་ཐད་དཀར་གནས་ཤིང་ས་ལ་མི་ལྟུང་ན་གསུང་གི ་དབང་ཕྱུག་ཚེ་འགྲུབ་པར་འགྱུར་རོ།། ས་ལ་མི་སྣང་ན་འོག་གི་དངོས་གྲུབ་ལྷ་དང་ལྷ་མ་ཡིན་གྱི་གཏམ་ཤེས་ཤིང་ས་འོག་གི་རླུང་ལ་སོགས་པ་དང་སྐར་མ་རྒྱུ་བ་ཤེས་པར་འགྱུར་རོ།། མཚན་མ་ཐོབ་པའི་རྣལ་འབྱོར་པ ་དེ་ཡུལ་དང་དགོན་པ་དང་གྲོང་དང་མཞི་མདོ་དང་གཅིག་དང་དཔའ་བོ་ཁྱིམ་ལ་སོགས་པ་རྣམས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་ལག་པ་གཡོན་པའི་མཐིལ་དུ་བྲིས་ན་ལྷ་དང་མི་སུས་ཀྱང་མཐོང་བར་མི་འགྱུར་རོ།། དེ་བས་ན་ཡུལ་ཕྱོགས ་དེ་དག་ཏུ་སྒྲུབ་པ་པོ་རྟག་ཏུ་གནས་ཀྱང་འཇིགས་པ་དང་བཅས་པར་མི་འགྱུར་རོ།། ཤིང་དྲུང་ཁ་དོག་དམར་བསམས་ན། ཞེས་བྱ་བ་ནི་རྣལ་འབྱོར་པའི་ལུས་ཁ་དོག་དམར་པོ་བསམ་ན་སྙིང་ག་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ན་མངོན ་པར་ཤེས་པར་འགྱུར་རོ།། མི་འཕྲེད་བར་འགྱུར་མྱུར་བར་ཞེས་བྱ་བ་ནི་བདུད་དང་བར་འཆང་རྣམས་ཀྱིས་བྱེད་པར་འགྱུར་རོ།། ཞིང་མྱུར་དུ་འགྲུབ་པར་འགྱུར་རོ།། ས་འཛིན་རྣམས་ཀྱང་གཞན་དུ་མིན་ཞེས་བྱ་བ་ཀླུང་ནི་རྒྱུན་ལས་བཟློག་ཀྱང་སྲིད།། ་ཉི་མ་དང་ཟླ་བ་ནི་ས་ལ་ལྟུང་ཡང་སྲིད་ཀྱིས་འཛིན་རྡོ་རྗེ་འཆང་རྣམས་ཀྱི་བཀའ་ནི་གཞན་དུ་འགྱུར་པ་མ་ཡིན་ནོ།། སྙིང་གར་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་བདེན་པ་བདར་ནས་ས་ལ་ཀུ་ཤིའི་སྟན་ལྀ་ཉལ་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས ་ན་ལྷས་བསྟན་པའི་རྨི་ལེ་མ་མཐོང་བར་འགྱུར་རོ།། དེ་ཡང་དུས་མ་ཡིན་པར་འཆི་བ་དང་། གཞན་གྱི་གནོད་པས་འཆི་བ་དང་། ནད་ཀྱིས་བཏབ་པ་དང་། རྙེད་པ་དང་བཀུར་སྟི་ལ་སོགས་པའི་བྱ་བ་གང་ཡང་རུང་བ་རྣམ་པ་སྣ་ཚོགས་རྨི་ལམ་དུ ་སྟོན་པར་འགྱུར།། དེ་བཞིན་དུ་སྔགས་བཟླས་ན་རལ་གྲི་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་པ་འམ་མཐེ་བོང་ལ་བཀོད་པ་འམ་མར་མེ་དང་མེ་ལོང་ལ་བཀོད་ནས་པྲ་ཕབ་ན་པྲ་སེ་ན་གསལ་བར་འབེབས་པར་འགྱུར་རོ།། བྱིས་པ ་གཞོན་ནུ་མིའི་མིག་ལ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ནས་སྔགས་ལན་བདུན་བཟླས་ན་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ།། དེ་ལྟར་ལས་གཉིས་བཤད་ནས་ལས་གསུམ་པ་ནི། དེ་ནས་དཔའ་བོ་ཡི་གེ་བདུན་ཞེས ་བྱ་བ་ལ་སོགས་པ་སྨོས་ཏེ། ལག་པའི་མཐིལ་དུ་ཉི་མིའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ནས་ཡི་གེ་ཤེལ་གྱི་ཕྲེང་བ་ལྟ་བུ་འོད་ཟེར་བསམས་ནས་སྙིང་གར་ཡི་གེ་ཀཾ་ལས་ནད་ཀྱི་གཟུགས་པ ་གནག་པ། སྒྲ་ཟེད་པ་བསམས་ལ། ཨོཾ་བཛྲ་ར་ད་ནཱ་ཤ་ཡ་ཕཊ་ཅེས་བྱ་བས་ནཱད་མཐེ་བོང་ཙམ་དུ་བསམ་པར་བྱའོ།། ལས་བཞི་པ་ནི་ལག་པའི་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་འཁྲུལ་འཁོར་གྱི་ཤེལ་གྱི ་རྣམ་པ་ལྟ་བུ་བཀོད་ནས་རིམས་དང་གདོན་དང་དུག་གིས་ཟིན་པ་ལ་སོགས་པའི་སྡུག་བསྔལ་བཅུར་འཕེལ་བར་འགྱུར་རོ།། ལས་ལྔ་པ་ནི་མཚན་མ་གསང་བའི་གནས་སུ་རྒྱས་པའི་སྦྱིན་སྲེག་གི་ཐབ་ཁུང་བྱས་ལ་མེའི ་ལྷའི་ཐུགས་ཀར་ཡི་གེ་བདུན་པའི་འཁྲུལ་འཁོར་གྱི་ལྷ་དཀོད་ལ། བ་ལང་གི་ཤ་མིར་དང་བསྲེས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་གསོར་གསེར་སྲང་སྟོང་རྙེད་པར་འགྱུར་རོ།། ལས་དྲུག་པའི་རྒྱས་པའི་ཐབས་ཁུང་དེ་ཉིད ་ལ་དཔའ་བོ་ལྔ་དང་། བདུད་རྩི་ལྔའི་སྲེག་བླུགས་སྟོང་བྱས་ན་ཡུལ་འཁོར་རྙེད་པར་འགྱུར་རོ།། ལས་བདུན་པ་ནི་ཞི་བ་དྲང་དབང་དང་མངོན་སྤྱོད་གང་རུང་བའི་ཐབ་ཁུང་དུ་གསང་སྔགས་ཡི་གེ་བདུན་པའི་འཁྲུལ་འཁོར ་བཀོད་དེ་ལྷ་དང་མིར་སྐྱེ་བ་གང་དང་གང་གསུངས་པ་དེར་སྐྱེ་བར་འགྱུར་རོ།། ལས་བརྒྱུད་པ་ནི། དཀར་བ་ཡིས་ནི་ཞི་བར་འགྱུར། ནག་པོ་ཡིས་ནི་ངེས་པར་གསོད་། ཅེས་བྱ་བ་གསུངས་སོ།། ཞི་བ་ལ་དཀར་པོ་བཟླུམ་པོ་དང་། མངོན་སྦྱོང ་ལ་ནག་པོ་གྲུ་གསུམ་དང་། དབང་ལ་དམར་པོ་གཞུ་ལྟ་བུ་དང་། རེངས་པ་ལ་ཁ་དོག་སེར་པོ་ཕྱེའི་དབྱིབས་ལྟ་བུ་དང་། དཔུང་གནོན་པ་ལ་དབང་ཆེན་སའི་དཀྱིམྦྷི་སེར་སྐྱ་དང་། འཆི་བ་སློང་བ་ལ་ཁ་དོག་དཀར་པོ་འཁོར་ལོ་རྩིབས་བརྒྱང ་པ་ལྟ་བུ་དང་། སྦྲུལ་གྱིས་ཟིན་པ་ལ་ལག་མཐིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ཡི་གེ་ཕྲེང་པོ་བཀོད་པས་འཆི་བ་སློང་བར་འགྱུར་རོ།། ལས་དགུ་པའི་དུག་གིས་རྒྱལ་བར་གྱུར་པ་ལ་ལག་པ་ལ་ཡི་གེ་བདུན་པའི་འཁྲུལ་འཁོར ་བཀོད་དེ་སྲིན་ལག་གི་ཚིགས་གསུམ་ལ་འཁྲུལ་འཁོར་བཀོད་ནས་ཁས་བཞི་པ་དུག་ལས་ཐར་པར་འགྱུར་རོ།། རིམས་དང་གདོན་ལ་སོགས་པ་ཡང་ལག་པ་མཐོང་བས་འཇིགས་པར་འགྱུར་རོ།། ལས་བཅུ་པ་ནི་ལག་པ་གཡོན་པའི ་མཐིལ་དུ་འཁྲུལ་འཁོར་དཀོད་ལ་གཡུལ་འགྱེད་པའི་ཚེ་འུ་ཚུར་བཅངས་ན་མཚོན་གྱིས་ཚུགས་པར་མི་འགྱུར་རོ།། ལས་བཅུ་གཅིག་པ་དབང་དུ་གྱུར་པ་ནི་འབྲས་བུ་དང་མེ་ཏོག་དང་སོ་རྩི་དང་ཟས་ལ་སོགས་པ་ནང་གི་སྦྱིན་སྲེག ་སྤྱི་བླུགས་པའི་རྫས་ལ་ཡི་གེ་བདུན་པ་བཟླས་ན་དབང་དུ་གྱུར་པ་འམ་ཡིད་ཀྱི་འཁྲུལ་འཁོར་བཅིངས་ནས་དབུས་སུ་མིང་དང་སྤེལ་བ་བྲིས་ན་དབང་དུ་འགྱུར་རོ།། དེ་བཞིན་དུ་ངག་གིས་བརྗོད་ཅིང་བཟླས་པས་ཀྱང་འཛི་མྦྷ ་གླིང་གིས་བཞི་ཤིང་དང་བཅུས་ཤིང་རྒྱ་མཚོའི་སྐེ་རགས་ཀྱིས་མཐའ་བསྐོར་བ་དབང་དུ་འགྱུར་ཞིང་ཁམས་གསུམ་པའི་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་ཚ་རེ་བཅད་པ་དང་ཕན་འདོགས་པར་འགྱུར་རོ།། ལེའུ་བཞི་བཅུ་རྩ་གསུམ ་པའི་རྣམ་པར་བཤད་པའོ།། ། དེ་ལྟར་ཡི་གེ་བདུན་པའི་འཁྱུ་ལོའཁོར་བཤད་ནས། དན་གོ་ཆིའི་ལྷ་མེ་དྲུག་གི་འཁྲུལ་འཁོར་བཤད་པ་ནི། དེ་ནས་པོ་ཉ་མོ་རྣམས་ཡི་གེ་བདུན་ཡང་ལྡན་པ་འགྱུར ་པ། ཞེས་བྱ་བ་སྨོས་ཏེ། ཡི་གེ་བདུན་པའི་འཁྲུལ་འཁོར་གྱིས་རྩིབས་ལ་གོ་ཆེའི་ལྷ་མོ་དྲུག་གིས་སྔགས་བཀོད་ན་ལས་བཅུ་གཉིས་གང་འདོད་པ་ལ་བརྩོན་འགྲུབ་བསྐྱེད་ན་མྱུར་དུ་གྲུབ་པར་འགྱུར་རོ།། དེ་ལྟར་མདོར་བསྟན་ནས ་རྒྱས་པར་བཤད་པ་ནི། དེ་བཞིན་དུ་ནི་ཡི་གེ་འདུན་ཞེས་བྱ་བ་སྨོས་ཏེ། ལག་པའི་དབུས་སུ་ཡི་གེ་བདུན་པའི་འཁྲུལ་འཁོར་བཀོད་ལ་འཁོར་ལ་རྩིབས་དྲུག་ལ་རྣ་ལོ་འབྱོར་མ་དྲུག་གི་སྔགས་དང་སྤེལ་ན་དབང་དུ་བྱ་བ་འདོང ་པའི་གཟུགས་བརྙན་བྱས་ལ་སྔགས་འདོད་ཤིང་གཟུགས་བརྙན་སྙིང་གར་མནན་ནས་ལག་པ་གཡོན་པ་དེ་ལ་བསྟན་ན་དེ་མྱུར་དུ་འགུགས་པར་འགྱུར་རོ།། ལག་པ་གཉིས་པ་ནི་ཙན་དན་དམར་པོའི་རྡུལ་དང་སྐེ་ཚེ་དང ་ལན་ཚྭ་དང་བསྒྲུབ་པའི་རྐང་རྗེས་ཀྱི་ས་རྣམས་ལ་གཅིག་ཏུ་བྱས་ཏེ། མཚན་མོའི་དུས་སུ་སྨེ་ཤ་ཅན་གྱི་མི་འམ་དམངས་རིགས་ཀྱི་མི་འམ་དུར་ཁྲོད་ཀྱི་མིའི་ནང་དུ་གཟུགས་བརྙན་ཕྱེ་མར་བྱས་ནས་ལན་བརྒྱ ་བསྲེག་པར་བྱས་ན་འགུགས་པར་འགྱུར་རོ།། ལས་གསུམ་པ་ན་རྡུལ་དེ་ཉིད་ལྕག་ཀྱི་ཕྱེ་མ་དང་བསྲེས་ནས་དུར་ཁྲོད་ཀྱི་རས་ལ་གཏུམ་དེ་ལམ་གྱི་མདོར་སོར་ཉི་ཤུ་རྩ་བཞི་བརྐོས་ནས་དཀྲིའི་མིང་དང་བཅས་ཏེ་སྦས་ན་མྱུར་དུ་གནོན ་པར་འགྱུར་རོ།། ལས་བཞི་པ་གཟུགས་བརྙན་དེ་ཉིད་ནས་བཏོན་ལེ་འོ་མས་བཀྲུས་ནོ་སླར་འཚོ་བར་འགྱུརརོ།། ལས་སྔ་པ་སྔར་གྱི་བྱེ་མེ་ཉིད་ཀྱི་ཕྱེ་མ་དེ་ཉིད་ཀྱི་སྟེང་དུ་མྱོས་བྱེད་ལྔ་པོ་དང་རྨྱི་ལང་ཏ་དང་ཁྱེ་དང་གསེར་ཤིང་དང་སྤྱང ་དུག་དང་ལྔ་སྦྱར་བ་དུར་ཁྲོད་ཀྱི་རས་ལ་དགྲ་བོའི་མིང་རུས་དང་བཅས་པ་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ཤིང་སྦས་ན་འཕྲལ་དུ་གནོན་པར་འགྱུར་རོ།། ལས་དྲུག་པོ་ནི་དེ་ཉིད་བསྟུན་ནས་འོ་མས་བཀྲུས་ན་སླར་འཚོར་བར་འགྱུར ་ལེའུ་བཞི་བཅུ་རྩ་བཞི་པའི་རྣམ་པར་བཤད་པའོ།། ། དེ་ལྟར་མཁའ་འགྲོ་མ་དྲུག་གི་འཁོར་ལོ་བཤད་ནས། མཁའ་འགྲོ་མུ་དྲུག་གི་ཉེ་བའི་སྔགས་ཀྱི་འཁྲུལ་འཁོར་བཤ་ད་པ་ནི། དེ་ནས་ལས་ཀྱི་མཆོག་རབ ་ནིཿངག་གི་དངོས་གྲུབ་བྱེད་པའོ།། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལས་ཀྱི་མཆོག་རབ་ནི་འོག་ནས་བཤད་པའི་ལས་བཅུ་གཅིག་གོ། ངག་གི་དངོས་གྲུབ་ནི་བསྙེན་པའི་མཚན་མ་ཐོབ་ནས་ངག་གི་དངོས་གྲུབ་བསྒྲུབས ་ནས་ལས་གང་ཡང་རུང་བ་བསྒྲུབས་པར་བྱའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། ཀ་ར་བི་རའི་མེ་ཏོག་དམར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྤྲ་ཚལ་ལས་བྱས་པའི་ལིང་གའི་སྙིང་གར་མཁའ་འགྲོ་མ་དྲུག་གི་སྙིང་པོའི ་འཁྲུལ་འཁོར་བྲིས་ནས་དབུས་སུ་མིང་བྱང་བྲིས་ལིང་གའི་སྤྱི་བོར་ཀ་ར་བཱི་རིའི་མེ་ཏོག་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ་ལིང་གའི་སྤྱི་བོར་བསྣུན་པ་དང་པའི་འོ་མ་དང་བཟླས་བརྗོད་བྱས་པའི་མཆོད་ཡོན་བརྒྱ་རྩ་བརྒྱད་འབུལ་ཤིན་ཏུ་མཉམ་པར ་བཞག་པས་ཞག་བདུན་དུ་མཆོད་པར་བྱས་ན་ཉིན་ཞག་བརྒྱང་པ་ལ་ཆོ་ག་བྱ་ཞིང་ཉིན་ཞག་དགུ་པ་ལ་སྟ་གོན་བྱས་ལ་ཉིན་ཞག་བཅུ་པ་ལ་དཀྱིལ་འཁོར་བྲིས་ཏེ་ལིང་གའི་སྤྱི་བོར་མེ་ཏོག་བརྒྱ་རྩ་བརྒྱད་བསྣུན་ནས་ཉིན་ཞག་བཅུ་གཅིག་པ་ལ ་མེ་ཏོག་བླངས་ལ་ཆུ་བོར་ཆེན་པོར་སོང་ནས་སྔགས་རེ་རེ་ཞིང་བཟླས་པ་ལ་མེ་ཏོག་ཆུ་བོར་དོར་ན་གལ་ཏི་མེ་ཏོག་ཆུ་བོའི་རྒྱུན་ལས་བཟློག་སྟེ་འོང་བ་མཐོང་ན་ཆུ་དང་བཅས་པའི་སྙིམ་པས་བཅུས་ལ་སོས་མ་རེག་པར་མིད་ན་གསང་བའི ་རྒྱུད་འདི་ལས་གསུངས་པའི་ཚིག་གི་དངོས་གྲུབ་གྲུབ་པར་འགྱུར་རོ།། ལས་དང་པོ་བཤད་ནས། ལས་གཉིས་པ་ནི་སྐྱེ་གནས་ཀྱི་ཕྱག་རྒྱ་བཅིངས་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་སྔགས་པས་བསྒྲུབ་པར་བྱ་བའི་གཟུགས ་བརྙན་གྱི་སྙིང་གར་འཁྲུལ་འཁོར་བྲིས་ལ་བསྒྲུབ་པར་བྱ་བའི་ཁ་ལྷོ་ཕྱོགས་སུ་བསྟན་པ་ལ། དེའི་སྙིང་གར་བསྒྲུབ་པར་བྱ་བ་དགུག་པ་དང་གཞུག་པ་དང་དབང་དུ་བྱ་བ་སྟེ་བསྒྲུབ་པར་བྱ་བ་ལ་དངོས་སུ་ཕྱོགས་ཤིང་དེའི ་སྙིང་གི་པཱུདྨའི་རྩུབ་ནས་དྲངས་ཏེ། གཟུགས་བརྙན་གྱི་གསང་པོའི་གནས་ནས་ཁྱབ་ཀྱི་ཕུག་ལ་འཁྲུལ་འཁོར་གྱི་སྲད་བུ་དྲངས་ནས་ཡིད་ཏིང་ངེ་འཛིན་ལ་གནས་བཞིན་དུ་ཐུན་གསུམ་དུ་སྐུད་པ་ནས ་དྲུང་ཞིང་མཐེབ་མོས་བསྐྱོད་ལ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་བྱས་ན་བྲམ་ཟེ་ཡང་བསོད་པར་འགྱུར་རོ།། ཞག་གསུམ་དུ་ཆེ་གེ་མོ་ཨཱ་ཀཪྵ་ལ་ཧཱུཾ་ཕཊ་ཅེས་བྱས་ན་བརྒྱ་བྱིན་དགུག་པར་འགྱུར་རོ།། ལས་གསུམ་པས་ནི ་ཙན་དན་དམར་པོའི་རྡུལ་བྱས་པའི་གཟུགས་ལ་ཆེ་བ་གསུམ་གྱི་ཆུས་བསྐུ་ཞིང་གསང་བའི་གནས་སུ་ཟངས་མིའི་ཁབ་ཀྱིས་ཕུག་ནས་ཁྲག་འཛག་པར་བསམས་ཏེ་སོང་ལྡེང་གི་མངག་མ་དུ་མྱེད་པ་ལ་སྔགས་ལན་བདུན ་བདུན་བཟླས་ཏེ་བསྲེས་ན་རྒྱལ་པོ་འཁོར་དང་བཅས་པ་འགུགས་པར་འགྱུར་རོ།། ལས་བཞི་པ་ནི་མིའི་བདག་པོ་འཁོར་དང་བཅས་པའི་གཟུངས་བརྡྷན་བྱས་ལ་གྲོ་གཱའི་འདུབ་མ་ལ་བྲི་བ་འམ་དུར་ཁྲོད་ཀྱི་རས་ལ་རྒྱ་སྐྱེས ་དང་གི་ཝང་གིས་བྲིས་ལ་མིང་དང་སྤེལ་བའི་འཁྲུལ་འཁོར་སྙིང་གར་བཅུག་ནས་ཚ་བ་གསུམ་གྱིས་བྱུགས་སྤུ་ཚིལ་གྱིས་གཡོགས་ནས་དུར་ཁྲོད་ཀྱི་མཱ~ཾ་ལ་གདུངས་ཤིང་སྤྲ་ཚིལ་མ་ཞུ་བར་དུ་བསྲེས་ན་འཁོར་ལོ་བསྒྱུར ་བའི་རྒྱལ་པོ་དང་བཅས་ནས་དབང་དུ་འགྱུར་རོ།། ལས་ལྔ་པའི་བསྒྲུབ་བྱའི་རྐང་རྗེས་ལ་ཀྱི་ས་དང་། ཙན་དན་དམར་པོའི་རྡུལ་དང་དུར་ཁྲོད་ཀྱི་ཐལ་པོ་དང་བསྲེས་པ་ལས་བེསྒྲུབ་པར་བྱ་བའི་གཟུགས་བརྙན ་བྱས་ལ་མ་ཉྫུ་། མ་དྷུག་ཀཽ་ལ་ཁྲུལ་མ་སྟོང་གར་བཅུག་ན་ག་སོ་ང་མོ་པལ་བསྒྲུ་ཏུ་གཟུགས་པན་ནོ་ལ་ལས་ཕྱུ་ག་ས་ཆོས་མཉོས་ནས་སྐྱོན་སོག་བྱས་ན་འཐོབར་འགྱུར་རོ།། ལས་དྲུ ་དེ་ལས་བྱས་པའི་ལིང་གི་བླངས་ནས་ཡི་གེ་པྟཱ་བྱས་པས་དཔྱུགས་མི་འབྱིན་པར་རྣཾས་ཤིང་ངུར་བྷྲིང་ཀྱི་རས་ལོང་ག་མཆོད་རྟེན་ནག་པའི་ངཀྱིལ་དུ་བཅུགཎྜཱི་རྐྱེན་དུ་བཞག་ནས་མཆོད་རྟེན་དཀར་པོས་མནན་ན་སྨྲས་པ་འ ་བུད་མེད་ཀྱང་རུང་བ་རྒྱལ་ཞིང་སེམས་དང་ན་རླུང་གི་ཤུགས་ཀྱིས་འོངས་ནས་སྒྲུབ་པ་པོ་གནས་ཀྱི་སྟེང་དུ་ལྷུང་བར་འགྱུར་རོ།། གལ་ཏེ་ལས་ཀྱི་ཕྱག་རྒྱ་འགུགས་པར་འདོད་ན་དུད་འགྲོ་འམ་ཡང་ན་ཕོ་ཉ་མོ་ཞེས་བྱ་བ་ལ་དུང ་འགྲོ་ནི་ཀུན་སྤྱོད་མོ།། ཕ་ཉ་མོ་ནི་དག་བྱེད་དང་དབང་དང་དཔའ་མོ་དང་བཀས་གནང་བའི་ལྷ་མོ་ཁ་དོག་དང་དབྱིབས་ཀྱི་མཚན་ཉིད་ཤེས་ནས་བརྡ་བྱས་ཀྱང་དབང་དུ་མ་གྱུར་ན་ཙིན་དན་གྱི་རྡུལ་དང་རྐང་རྗེས་ཀྱི་ས་དང་། དུ ་དང་ཁྲག་དངོ་སྐེ་ཚེ་དང་ལན་ཆ་དང་ཡུངས་ཀར་དྲང་དུར་ཁྲོད་ཀྱི་ཐལ་བ་དང་བསྲེས་ཏེ། གཟུགས་བརྙན་བྱས་ཏཽ་འཁྲུལ་འཁོར་བྱ་སྟེ་སྙིང་གར་མཁའ་འགྲོ་མ་དྲུག་གི་འཁྲུལ་འཁོར་བཅུག་ལཱ་མ་མཆོད་བརྟེན་ནག་པོ་ཁ་ཀུར ་དུ་བཞག་པ་དང་། དཀར་པོ་ཁ་གྱེན་དུ་བསྟན་པའི་བར་དུ་བཅུག་ན། ཇི་སྲིད་འཚོའི་བར་དུ་ལས་ཀྱི་ཕྱག་རྒྱའི་བྱ་བ་བྱེད་ཅིང་ཕྱག་རྒྱའི་མཚན་ཉིད་འཛིན་པར་འགྱུར་རོ།། ལས་བདུན་པ་ནི་ཀ་ར་བཱི་རིའི་ལྕུག་མ་བརླན་པ་དཔུང ་བའི་ཆུད་དང་མཉམ་པར་སྦྱར་མ་ཎྱ་རྒྱུན་མ་ཐམ་ཟ་ཤ་དཀར་བ་སྨྲ་བ་བསྲེགས་པའི་མོ་ལ་ཐར་ལ་ཇི་སྲིད་མ་ཚིག་པར་སྨད་ཙཆ་མྱུར་དུ་སོང་སྐྱེ་བླངས་ལ་མཁའ་འགྲོ་མ་དྲུག་ན ་སྔགས་ཀྱི་ཐ་མར་མཆེ་གེ་མོའི་བུ་མོ་པ་ཤི་ཀུ་རུ་ཙྪ་ཞེས་ཟློས་ཤིང་མགོ་ལ་ཡང་དང་ཡང་དུ་བསྐོར་ན་གཟུགས་མཛེས་པའི་བུ་རང་དབང་མེད་པར་འཛིན་པར་འགྱུར་རོ།། ལས་བརྒྱང་པ་ནི་སྐར་མ་རྒྱལ་དུས་སུ་བསྒྲུབ་བྱ ་གཟུགས་བརྙན་སྔ་མའི་རྗེས་དེ་རྣམས་ལ་བྱས་ལ་མཁའ་འགྲོ་མ་དྲུག་གི་འཁྲུལ་འཁོར་བྲི་ས་ལ་སྙིང་གར་བཅུག་སྟེ་བསྒྲུབ་བྱའི་མགོ་བོར་ཀ་ར་བི་རིའི་མེ་ཏོག་བརྒྱ་རྩ་བརྒྱད་བཟླས་པའི་སྐར་མ་རྒྱལ་གྱི་ཞག་མེ་ཏོག ་རྣམས་བླངས་ཏེ་སྒྲུབ་པ་པོས་གི་ཝང་གི་མི་ཏོག་བྱུགས་ལ་སྔགས་རེ་རེ་བཟླས་ཤིང་ཆུ་བོ་ཆེན་པོར་དོར་ཏ་མེ་ཏོག་ཀྱང་ཆུས་མཽ་ཁྱེར་བར་གནས་པ་དེའི་ཚེ་ཆུ་བོ་ཆེན་པོར་ལྟེ་བ་མན་ཆད་ཞུགས་ཏེ་རིགས་པ་སྟོང་ཟློས་ཤིང་ལག ་བ་གཉིས་ཀྱིས་མོ་ཏྲོག་ཕྱེ་མར་བྱས་ལ་ཆུ་དང་བཅས་ཏེ་བཏང་བར་བྱའོ།། དེས་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ།། ལསོ་བཅུ་པ་ནི་རྒྱལ་པོའི་བཙུན་མོ་དང་བཅས་པའི་སྤྱི་བོར་ཆེ་གེ་མོ་བ་ཤི་ཀུ་རུ་ཧོ་ཞེས་བྱ་བ་དང ་བཅས་པས་ཀ་ར་བཱི་རའི་མེ་ཏོག་བསྣུན་ན་རྒྱལ་པོ་བཙུན་མོ་དང་བཅོས་པ་འགུགས་པར་འགྱུར་བ་འམ། ལྷ་དང་ལྷ་མ་ཡིན་གྱི་གཟུགས་བརྙན་བྱས་ལ་ཀ་ར་བཱ་རིའི་མེ་ཏོག་གི་ཝང་གིས་བྱུགས་པ་བསྣུན་ན་མྱུར ་xxx། xxx ་སྔགས་བྱས་ནས་མེ་ཏོག་བསྟན་དུ་བྱ་བར་བསྒྱུར་བདང་། སྨང་སྐྱེས་ཐོས་ན་སྐྱེ་བནྡྷ་གྱུ་བྷ་། ས་བྲལ་ཐོམས་ཅནན་གཙང་པར་འགྱུར་བ་དང་། ས་རྒྱུ་བ་མ་མིགས་པ ་ད་གནོན་པར་འགྱུར་བ་དང་། ཡིད་ལ་བསྡམས་པའི་ལུས་བཅུ་གཉིས་པོ་གང་དང་གང་འཛི་པའི་ཚིག་གིས་ཐམས་ཅད་བྱེད་པར་འགྱུར་རོ།། འཁྲུལ་འཁ་ར་བཅུ་གཉིས་ལཱ་ཀྲཱུར་བཱི་རིའི་མེ་ཏོག་གིས་བསྟན་ཅིང་སྔགས ་ཟློས་ནས་བྱ་བ་ནི་ལྐུག་མའོ།། ལས་བཅུ་གཅིག་པ་ལས་ཀྱི་ཕྱག་རྒྱ་དབང་དུ་བྱེད་གིང་རྒྱུན་འཁོར་གྱི་དབ་བོ་བྱེ་བྱ་གཞན་ཞལ་ནས་རྒྱུད་གསུམ་པ་གསུངས་པའོ།། དེ་བདག་གིས་ལེའུ་ལྔ་བཅུ་རྩ་གཅིག་ཕྱི་དེ་བཞི ་པར་བྱའོ།། རྒྱལ་རིགས་ཀྱི་བུད་མེད་བསྙེན་བསྒྲུབ་བཞིས་སྐྱོངས་ལ་ཀ་ར་བྷཻ་རིའི་མེ་ཏོག་དམར་པོ་བླངས་ཏེ་མེ་ཏོག་ཁྲུ་སྦྱར་ལ་སྤྱི་གནས་ཀྱི་དབུས་སུ་བཅུག་ནས་གཉིས་སུ་མེད་པའི་སྙོམས་པར་ཇུག་པ་བཞིད་ཡེ་ཤེས ་ཀྱི་རྣལ་འབྱོར་དང་ལྡན་པས་མཁའ་འགྲོ་མ་དྲུག་གི་སྐགས་ཀྱི་མཐར་རྒྱལ་རིགས་ཀྱི་བུ་མོ་བ་ཤི་ཀུ་རུ་ཧོ་ཞེས་བྱ་བ་ཟློས་ཤིང་སྙོམས་པར་འཇུག་པའི་རྗེས་ལ་སྐྱེ་གནས་ཀྱི་དབུས་ཀྱི་མི་ཏོག་བླངས་ཏེ་མེ་ཏོག་གང ་དབང་དུ་བྱ་བའི་འདོད་པ་ལ་བསྣུན་ན་དེའི་མོད་ལ་དབང་དུ་གྱུར་པ་དང་། བརྒྱ་ལ་དབང་དུ་མ་གྱུར་ན་ཡང་བརྒྱལ་དང་སྤྲོས་པར་འགྱུར་རོ།། དེ་ནས་དེའི་མོད་དུ་བྱས་ལ་བསྙེན་བསྒྲུབ་བཞིས་སྦྱངས་ལ་སྐྱོ་བ་དང ་སེམས་ལོག་ན་ཐ་མལ་པའི་ཚེ་སྐད་ཅིག་གིས་དབང་དུ་འགྱུར་རོ།། འཁྲུལ་འཁོ་ནི་གང་མངོན་སུམ་བསྒྲུབ་པ་དེ་ལ་འཁྲུལ་འཁོར་བཙོངས་ན་དོན་ཡོད་ཅིང་དབང་དུ་བྱེད་པ་ཡིན་ནོ།། ལེའུ་བཞི་བཻ་ཌཱུཌྷ་ལྔ་པའི་རྣམ་པར་བཤད ་པའོ།། ། དེ་ལྟར་མཁའ་འགྲོ་མ་དྲུག་གི་འཁོར་ལོ་བཤད་ནས། དེ་ནི་བཅོམ་ལྡན་འདས་སྙིང་པོའི་འཕྲིན་ལས་དཀྱིལ་འཁོར་གྱི་འཁོར་ལོ་བཤད་པ་ནི། དེ་ནས་ཡི་གེ་ལྔ་ནཱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞི་བ་ནི ་གྲོ་ག་འམ།། རྒྱས་པ་ལ་རས་སམ། དབང་ལ་བུད་མེད་ཀྱི་སྨད་ཤ་མ་མམ། མངོན་སྤྱོད་ལ་དུརུ་ཁྲོད་ཀྱི་རས་ལ་དཀྱིལ་འཁོར་གྱི་འཁོར་ལོ་གྲུ་བཞི་དང་བཅས་པ་བྲིས་ལ་དབུས་སུ་ཡི་གེ་ཧཱུཾ། ཤར་ཕྱོགས་སུ་ཧཾ། ལྷོ་ཕྱོགསུ་ཧི། ་ནུབ་ཕྱོགས་སུ་ཧི། བྱང་ཕྱོགས་སུ་ཧཱུཾ་བཀོད་ལ་བསྒྲུབ་བྱིའི་མིང་དང་སྤེལ་ཏེ་འཁྲུལ་འཁོར་བྲིས་ན་ལས་བཅུ་གཉིས་ཐམས་ཅད་གྲུབ་པར་བྱེད་དེ། ནང་གི་ཤེས་པ་ཙམ་གྱིས་ནི། མྱུར་དུ་དངོས་གྲུབ་ཐོབ་པར་བྱེད། ཅེས་བཤད ་པ་ཡིན་ནོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ལ་འཁྲུལ་འཁོར་སྔགས་ནི་ཧེ་ཧི་ཧཱུ~ཾ་ཧོ།། དགྲ་བོའི་རྐང་རྗེས་ཀྱི་ས་དང་དུག་དང་ཁྲག་དང་སྐེ་ཚེ་དང་ལན་ཚེ་དང་བཅས་དགྲ་བོའི་གཟུགས་བརྙས་བྱས་ལ་ཆེ་གེ་མོ ་ཡེ་མ་ར་ཡ་ཧཱུཾ་ཕཊ་ཅེས་བྱ་བ་དང་བཅས་པས་འཁྲུལ་འཁོར་སྙིང་གྲུར་བཅུག་ལ་ཆེར་མའི་མེ་ལ་ལིང་ག་ལག་པས་མཉེས་ནས་སྦྱིན་སྲེག་བྱས་ན་ཁ་ནས་ཁྲག་འཇིག་ཅིང་འཆི་བར་འགྱུར་རོ།། ལས་གཉིས་པ་ནི་རང་གི་སྨིན་ལག ་གིས་ཁྲག་གིས་སྐྱེས་པའི་ཐོད་པ་ཤ་མེད་པར་བཏོགས་པའི་སྤྱི་བོར་དགྲ་བོའི་གཟུགས་བརྙན་བྲིས་ལ་སྙིང་གར་འཁྲུལ་འོ་ཁྲོར་ལ་དགུག་པ་དང་གཞུགས་པ་དང་དབང་དུ་བྱས་སྲིན་ལག་གི་ཁྲག་དང་བཅས་པས་ཐོད་པ་མཉེས ་ན་དེ་སྲིད་སྐམས་ཀྱི་བར་དུ་ཐུན་བཞིར་སྔགས་བརྒྱ་རྩ་བརྒྱུད་བཟློས་ཤིན་མཉེས་ན་སའི་བདག་པ་ཡང་འཆི་བར་འགྱུར་རོ།། ལས་གསུམ་པ་ནི་དགྲ་བོའི་གཟུགས་བརྙན་གྱི་སྙིང་གར་འཁྲུལ་འཁོར་བཅུག་ནས་དུར་ཁྲོད་ཀྱི ་གནས་སུ་སྦས་ལ་ཁྲོ་བ་དང་བཅས་ཤིང་འགིང་གསིག་པ་དང་། ལུས་གསིག་པ་དང་། རྐང་པ་འདེགས་པ་དང་བཅས་པས་ལིང་ག་མནན་ཅིང་མིག་གཉིས་སུ་མ་དང་ཊ་ལས་ཉི་མ་དང་ཟླ་བ་བསྐྱེད་ལ་མིག་འབྲས་བུ་ཧཱུཾ་ལས ་འོད་དམར་པོ་འབར་བས་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་ཐུན་བཞིར་མནན་ན་དགྲ་བོའི་ཚོགས་དང་བཅས་པ་རྒྱལ་པོས་འཕམ་པར་བྱེད་དོ།། ལས་བཞི་པ་ནི་བྱ་ལ་སོགས་པའི་ཤ་དང་མཁའ་འགྲོ་མའི་ཚོགས་ལ་གཏོར་མ ་ཆེན་པོ་བྱ་སྟེ་ཆེ་གེ་མོ་ནོན་ཅིག་ཅེས་བྱས་ན་གཞན་དག་རེངས་པར་འགྱུར་རོ།། ལས་ལྔ་པ་ནི་གཟུགས་ཡོངས་སུ་བཛྲ་བ་ནི་རི་བོ་ལ་སོགས་པའི་ཡུངས་དཀར་དུ་བསྐྱོད་ལ་སངས་རྒྱས་སྤྱན་གྱི་ས་བོན་གཟུགས་པ་དང་མཱ་མ་ཀཱིའི་སྔགས ་ཀྱིས་བཅུག་པ་དང་། གོས་དཀར་མོའི་སྔགས་ཀྱིས་བསྲུང་བ་དང་། སྒྲོལ་མིའི་སྔགས་ཀྱིས་རྩ་བ་གསལ་བར་བྱའོ།། དམངས་རིགས་ཀྱི་བུ་མོའི་ལག་པརླ་སྦྲུལ་ལ་སྲོག་ཆགས་གང་གི་ཐོད་པར་བསྐྱེད་ལ ་དེའི་སྤུའི་སྲང་བུ་ལཱ་སྟོང་རྩ་བརྒྱད་བཟླས་ཏེ་ཡུངས་ཀར་ཐུན་བུ་གང་གི་མགུལ་དུ་བཅིངས་པ་དེ་སྲོག་ཆགས་དེ་དག་དང་འདྲ་བར་འགྱུར་རོ།། སྒྱུ་མའི་གཟུགས་བརྙན་བྱས་ལ་སྙིང་གར་འཁྲུལ་འཁོར་བཅུག་ནས་ལག་པ་གཉིས ་ལ་འཁྲུལ་འཁོར་བཀོད་དེ་མངོན་དུ་བརྙེད་པ་བཟླས་བརྗོད་སྟོང་བྱས་ནས་ཀཱ་ར་བཱི་རིའི་མེ་ཏོག་ལ་སྔགས་ཤིང་སྤྱི་མིའི་གཟུགས་བརྙན་ལ་བརྡེག་པ་དང་། ལག་པ་མཉེས་ན་མངལ་འཇིག་པར་འགྱུར་རོ།། ལས་བདུན་པ་ནི ་འོ་མས་བཀྲུས་ན་འཕར་བར་འགྱུར་རོ།། ལས་བརྒྱད་པ་ནི་སྔར་བསྟན་པའི་རྗེས་ལས་བྱས་པའི་གཟུགས་བརྙན་གྱི་སྙིང་གར་འཁྲུལ་འཁོར་བཅུག་ལ་དུར་ཁྲོད་ཀྱི་སར་སྦས་ལ་མཚན་མེད་ན་ཡི་གྲི་བདུན་པ་ཕྱག་འབུམ ་དུ་བསྒོམས་ལ་རྩ་བའི་སྔགས་ནས་སྡིགས་མཛུབ་བྱས་ན་འཆི་བ་དང་འོ་མས་བཀྲུས་ན་འཚོ་བར་འགྱུར་རོ།། ལེའུ་བཞི་བཅུ་རྩ་དྲུག་པོའི་རྣམ་པར་བཤད་པའོ།། ། དེ་ནས་ཡབ་ཀྱི་ཕྲིན་ལས་ཀྱི་འཁོར་ལོ་བཤད ་ཡུམ་གྱི་སྙིང་པོའི་འཁྲུལ་འཁོར་བཤད་པ་ནི། དེ་ནས་ཡང་དག་བཤད་བྱ་བ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁའ་འགྲོ་ཀུན་གྱི་སྙིང་པོ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཁའ་འགྲོ་མ་ཀུན་ནི་སུམ་ཅུ་རྩ་བདུན་ནོ།། སྙིང ་ཡི་གེ་བཅུ་གསུམ་པོ།། འདི་ནི་དྲན་པ་ཙམ་གྱིས་ཀྱང་།། ཞེས་བྱ་བ་ལ་སོགས་པའི་འཁྲུལ་འཁོར་གྱི་གཞི་ལ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ཏེ་དབུས་ཀྱི་ལྟེ་བ་ལ་ཧོ།། ཤར་ཕྱོགས་སུ་ཨོཾ་དང་། བྱང་ཕྱོགས་སུ་བ་དང་། བྱུང ་ནུབ་ཕྱོགས་སུ་བཛྲ་དང་། ལྷོ་ཕྱོགས་སུ་བཾ་དང་། ཤར་ལྷོརརོ།། ལྷོ་ནུབ་ཏུ་ཙ། ནུབ་བྱང་དཱ་ནཱི། བྱང་ཤར་དུ་ཡེ། བསྒོ་གཞི་རུ་ཧཱུ~ཾ་གཉིས་དང་ཕཊ་དང་སྭ་ཧཱི་དང་བཅས་པས་གཡོན་སྐོར་གྱིས་དགོད་པོར་བྱའོ།། དེ་ནས་ལིང་གའི ་སྙིང་གར་བཅུག་ལ་སྔགས་བརྗོད་པ་ཙམ་གྱིས་དངོས་གྲུབ་བཅུ་གཉིས་བསྐྱེད་པར་བྱེད་པ་ཡིན་ནོ།། དེ་ལྟར་མདོར་བསྟན་ནས། རྒྱས་པར་བཤད་པ་ནི་མཁར་འགྲོ་མིའི་རིག་པ་ཆེན་པོ་བཟློས་ཤིང་རིག་ལྔའི་སྙིང་གར་དབང ་གི་འཁྲུལ་འཁོར་བཅུག་ན་དབང་དུ་འགྱུར་རོ།། ལས་གཉིས་པ་རྒྱས་པོའི་འཁྲུལ་འཁོར་བྱས་ན་དཔལ་ཆེན་པོ་སྐྱེ་བར་འགྱུར་རོ།། ལས་གསུམ་པ་མི་རྐང་ལས་བྱས་པའི་ཕུར་བུ་དགུས་སྙིང་པོའི་འཁྲུལ་འཁོར་བཅུག ་ནས་སྔགས་བརྒྱ་རྩ་བརྒྱས་བཟླས་ཏེ་གང་གི་སྒོར་སྦས་པ་དེ་སྐྲོད་པར་འགྱུར་རོ།། ལས་བཞི་པ་ནི་ཞིང་དང་ར་པོ་དང་མ་ཧེ་ལ་སོགས་པའི་གནས་སུ་མངོན་སྤྱོད་ཀྱི་འཁྲུལ་འཁོར་སྦས་ནྀ་བརླག་པར་འགྱུར་རོ།། ལས་ལྔ་པ ་ནི་དབང་དུ་བྱ་བའི་འཁྲུལ་འཁོར་རྒྱལ་པོ་དང་སློན་པོ་ལ་སོགས་པའི་སྐོར་སྦས་ན་འཁྲུལ་འཁོར་གཉིས་པ་རྒྱལ་པོ་ལ་སོགས་པའི་གཟུགས་བརྙན་གྱི་སྙིང་གར་བཅུག་ལམ་དུ་ལུམ་གའི་མེ་ཏོག་དང་། ལེབ་བརྒན་རྩིའི་མེ ་ཏོག་དང་བསྲེས་ཏེ་དབང་གི་མེ་ལྷའི་ཐུགས་ཀར་ཆེ་གེ་མོ་བ་ཤཾ་ཀུ་རུ་ཧོ།། ཞེས་བྱ་བའི་སྔགས་སྦྱིན་སྲེག་སྟོང་བྱས་ན་དབང་དུ་འགྱུར་རོ།། ལས་དྲུག་པ་ནི་ཡུམ་གྱི་ཡི་གེ་བཅུ་གསུམ་པ་འདྲི་ཡུམ་གྱི་འཁྲུལ་འཁོར་བྲིས ་ལ་དྲུག་པ་སྔགས་ཀློ་བྷཱ་ཡ་ཧཱུཾ་ཞེས་བྱ་བ་དང་། གནོན་པའི་འཁོར་ལོ་ལ་སྟེ་ཧཱུཾ་ཞེས་བྱ་བ་དང་། རྨོངས་པའི་འཁོར་ལོ་ལ་མོ་ཧ་ཡ་ཧཱུཾ་ཞེས་བྱ་བ་དང་། སྐེམས་པའི་འཁོར་ལོ་ལ་ཤོ་ཥ་ཡ་ཧཱུཾ་ཞེས་བྱ་བ་དང་། ཚིག་འཕྲོག་པའི་འཁོར་ལོ ་ལ་མུ་ཀཾ་ཧཱུཾ་ཞེས་བྱ་བ་དང་། ལོང་པོའི་འཁོར་ལོ་ལཱ་ཨ་ར་ཀ་ར་ཧཱུཾ་ཞེས་བྱ་བ་དང་། སླྀར་གསོ་བའི་འཁོར་ལོ་ལ་ཤཱཾ་ཏཱི་ཀུ་རུ་སྭ་ཧཱ་ཞེས་བྱ་བ་དང་། དབུས་སུ་བྲིས་ལ་འཁྲུལ་འཁོར་བཅིང་བར་བྱའོ།། ལས་བདུན་པ་ནི་སྐྱེས་པ་བུད་མེད ་བྱ་བ་ནི་ཏིནྟ་སྨན་གྱི་ཚེགས་ཀྱི་བྱ་བ་ཡིན་ཏི་རོའི་ཁྲག་དང་བྱ་རེག་གཽ་སྒོ་ང་དང་། བྱ་རོག་གི་སེན་མོ་དང་། རོའི་རྐང་མཐིལ་གྱི་པགོས་པ་དང་། རི་བོང་གི་ཁྲག་དང་བཅས་པ་སྲང་ལ་བཀར་ནས་ཆ་བསྙམས་ཏེ། རྀ་ལུ་བཅུ་གཅིག ་བྱོས་ལ་སྐར་མི་རྒྱུལ་གྱི་ཞག་སོ་རེའི་ལག་པ་ལ་བཅིངས་ནོས་ཉི་མ་བཅུར་ཚོགས་ཀྱི་འཁོར་ལོ་སྔ་མ་བཞིན་དུ་བྱས་ཤིང་བསྲུངས་ནས་ཚེས་བཅུའི་དགོངས་མོ་བླངས་ཏེ་སྐྱེས་པ་གང་གི་སྤྱི་བོར་བཟློག་པ་བུད་མེད་དུ་འགྱུར་རོ།། ་ལྀས་བརྒྱད་པ་ནི་སྐྱེས་པ་ཁྱིར་བྱ་བར་འདོང་ན་ཐོག་འབབ་པའི་ལྕགས་ཟ་མོ་བཟུང་བའི་སྤྱི་བོར་བཞག་ལ་ཚན་མོ་བདུན་ཡུམ་གྱི་སྙིང་པོའི་སྔགས་བརྒྱ་སྟོང་བཟླས་ཏེ། ཉི་ནོ་ཞག་བརྒྱད་པ་ལོ་བཅག་ཀྱི་ཕྱེ་མ་བདར་བ་དང་གུར ་གུམ་གྱི་ཕྱེ་མ་དང་མཉམ་པོར་བྱས་ཏེ་སྦྱིན་སྲེག་བརྒྱ་རྩཝ་བརྒྱད་བྱས་པའི་ཐལ་བ་གང་གི་སྤྱི་བོར་བཞག་པ་ཁྲིར་འགྱུར་རོ།། ལས་དགུ་པ་གྲུས་པ་ནི་ཚོགས་ཀྱི་འཁོར་ལོ་དང་གཏོར་མ་བྱིན་ནས་བདུད་རྩི་ལྷའི་ཆུས་ཁྲུས་བྱས་ནཱ་རྣམམ ་འགྱུར་རོ།། ལས་བཅུ་པ་གསེར་གྱི་རྫས་ཁ་དོག་སྐྱ་བོར་བྱ་བར་འདོད་ན་གསེར་ཤིང་གི་འབྲས་བུའི་སྦྱིན་སྲེག་བྱས་པའི་ཐལ་བ་དང་། ཞོ་ཉ་དཀར་པོ་བདར་བའི་ཆུས་བྱུགས་ན་གསོར་ཞེ་ཉར་འགྱུར་རོ།། ལས་བཅུ་གཅིག་པ་ནི་ཨ་རུ ་རིའི་སྦྱིན་སྲེག་གི་ཐལ་བ་བདུད་རྩི་ལྔའི་ཆུ་དང་བཙོག་དང་སྐྱུར་རྩིའི་ཁུ་བས་བཀྲུས་ན་རྣལ་མར་འགྱུར་རོ།། ལས་བཅུ་གཉིས་པ་ནི་དགྲ་བོའི་ཁྱིམ་དུ་བློ་བུར་དུ་ལྟས་ངན་བསྐྱེད་པར་འདོད་ན་ཁྲ་དང་འུག་པའི་གནས་ཀྱི་ཤིང་གིས ་སྦྱིན་སྲོག་བྱ་ས་ནཱས་ཐལ་བ་དགྲ་བོའི་ཁྱིམ་དུ་ཕོ་ན་མཚན་མོ་བྱ་རོག་དང་འུག་པའི་སྒྲ་འབྱིན་པར་འགྱུར་རོ།། ལས་བཅུ་གསུམ་པ་ནི་སླར་ལོག་པ་ཀུ་ཤིའི་སྦྱིན་སྲེག་གིས་ཐལ་བས་དགྲ་བོའི་ཁྱིམ་དུ་གཏོར་ན་ཞི་བར་འགྱུར་རོ།། ་ལས་བཅཝོ་བཞི་པཱ་ནི་བྱི་ལའི་ཐོད་པར་སྔ་མ་བཞིན་དུ་བསྐྱེད་པོའི་ཡུངས་ཀར་དང་ཟླ་བ་གོ་ཟས་ཟིན་པོའི་ཚེ་བྱི་ལའི་སྤུའི་བསྲས་བུ་བྱས་ལ་གང་གི་མགུལ་པར་བཏགས་པ་བྱི་བར་འགྱུར་རོ།། ལས་བཅཝོ་ལྔ་པ་ནི་དཀྲོལ་ན་རྣལ་མར་འགྱུརརོ།། ་ལས་བཅུ་དྲུག་པ་ནི་བྱེ་ཁྲོར་བོད་པར་བསྐྱོད་པའི་ཡུངས་ཀོ་ར་ཁྲིའི་སྐུའི་སང་བུས་མགུལ་པ་ནས་བཅིངས་པས་ཁྭར་འགྱུར་རོ།། ལས་བཅུ་བདུན་ནོ་ཁ་དང་བྱི་བ་ལ་སོགས་པའི་ཐོད་པར་བསྐྱེད་པའི་ཡུངས་ཀར་ཟླ་བི་གནས་ཡིན ་པའི་ཚེ་དེའི་རྒྱུད་པའི་སྐུད་པས་གང་གི་འགུལ་དུ་བཅིངས་པའི་གཟུགས་སུ་འགྱུར་རོ།། ལས་བཅོ་བརྒྱད་པ་ནི་བ་ལང་གི་ཐོད་པར་བསྐྱེད་པའི་ཡུངས་ཀར་དང་སྤུའི་སྲད་བུས་ཀྱང་དེ་བཞིན་དུ་འགྱུར་རོ།། ལས་བཅུ་དགུ ་པ་བསྒྲོལ་ན་ཐ་མལ་པར་འགྱུར་རོ།། ལས་ཉི་ཤུ་པ་ནི་ལྕགས་ཀྱི་བྱི་བའི་གཟུགས་བྱས་ལ་ཡུམ་གྱི་སྙིང་པོ་བཟླས་པ་འབྲས་བུས་བཀང་ནས་འབྲུའི་བང་པོར་བཅུག་ན་འབྲུ་འཕེལ་བ་དང་། ལྷག་མ་བདག་ཉིད་ཀྱི་སྤྱི་བོར་བཅིངས་ལ་མཚན ་མོ་བདུན་ཡུམ་གྱི་སྙིང་པོ་བཟླས་ཤིང་ཡུཾ་གྱི་སྙིང་པའི་ཐ་མར་ཆེ་གེ་མོའོ་བང་མཛོད་ཀྱིས་ཐ་བྷ་ཧཱུཾ་བྲིས་ཨཱ་ཀཪྵ་ཡ་ཛཿཞེས་བྱ་བས་ནི་འབྲུ་ཐམས་ཅད་འགུགས་པར་འགྱུར་རོ།། ལེའུ་བཞི་བཅུ་རྩ་བདུན་པའི་རྣམ་པར་བཤད་པའོ།། ་དེ་ལྟར་སྙིང་པོ་སྔགས་ཀྱི་འཁོར་ལོ་བཤད་ནས་ད་ནི་ཉེ་བའི་སྔགས་ཀྱི་འཁོར་ལོ་གསུངས་པ་སྟེ་མཁའ་འགྲོ་ཀུན་གྱིས་པ་དགྱེས་པ་ཡིས། ཞེས་བྱ་བ་ནི་མཁའ་འགྲོ་མ་སུམ་ཅུ་རྩ་བདུན་གྱི་དངོས་གྲུབ་བསྒྲུབ་པའི་ཉེ་བའི་སྙིང་པོའི་རྣལ ་འབྱོར་མ་སུམ་བཅུ་རྩ་བདུན་གྱི་ལས་ཐམས་ཅད་སྒྲུབ་པར་བྱེད་པའོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གང་གི་དྲན་པ་ཙམ་གྱིས་ནི། ཞེས་བྱ་བ་སྨོས་ཏེ། གང་གི་དྲན་པ་ཙམ་གྱིས་ནི། འཇིག་རྟེན་གསུམ་གྱི་དྲན ་པ་ཉི་ཤུ་རྩ་བཞི་དབང་བྱས་པ་དང་ལོངས་སྤྱད་པོ་དང་། ཐིམ་པར་བྱས་པས་གཡོ་བྱེད་ཅིང་ཞེས་བྱའོ།། དེ་ལྟར་གདུལ་བྱ་གཏུལ་བ་དང་། དངོས་གྲུབ་བསྐྱེད་པ་གསུངས་པས་ནི། རྗེས་སུ་དྲན་པ་ཙམ་གྱིས་ཀྱང་། ཞེས ་བྱ་བ་གསུངས་ཏེ། ཉེ་བའི་སྙིང་པོའི་སྔགས་དྲན་པ་ཙམ་གྱིས་ས་འོག་དང་ས་སྟེང་གི་དངོས་གྲུབ་རིམ་གྱིས་སྟེར་བར་འགྱུར་རོ།། འབྲས་བུ་དེ་ལྟ་བུ་དང་ལྡན་པའི་སྔགས་གང་ཡིན་སྙམ་ན། ཨོཾ་ནས་སྭཱ་ཧཱའི་བར་གྱིས་ཡི་གེ་ཉི་ཤུ་རྩ ་གཅིག་པའི་མཚན་མ་ཐོབ་པའི་རྗེས་ལ་སྔགས་འདི་བླངས་པ་ཙམ་གྱིས་ལས་བཅུ་གཉིས་བྱེད་པ་ཡིན་ནོ།། དེ་ལྟར་ཕོན་དང་པོ་བསྟན་ནས་གཉིས་པ་ནི། མཁའ་འགྲོ་རྣལ་འབྱོར་མ་རྣམས་དང་། ཞེས་བྱ་བ་སྨོས་ཏེ། མཁའ ་འགྲོ་མ་དང་ལ་མ་དང་། ཁཎྜ་རོ་ཧ་དང་དུམེ་སྐྱེས་མ་ལ་སོགས་པ་སུམ་ཅུ་རྩ་བདུན་གྱི་ཐུན་མོང་གི་སྔགས་ཡིན་པར་གསུངས་པ་དང་། ས་འོག་སྐུ་དང་། མཐོ་རིས་ཐུགས་དང་། མི་ཡུལ་གསུངས་གི་ལས་གང་དག་ཡོད་པ་དེ ་རྣམས་སྔགས་འདིས་སྒྲུབ་པར་བྱེད་དོ།། ཕན་ཡོན་གསུམ་པ་ནི། འདི་ལས་མཆོག་ཏུ་མཆོག་གྱུར་གང་། ཞེས་བྱ་བ་སྨོས་ཏེ། འདི་ལས་མཆོག་ཏུ་འགྱུར་བ་གང་ཡང་མེད་པས་བླ་ན་མེད་པ་ཟག་པ་མེད་པའི་དངོས་གྲུབ་དང་། ་དག་པ་འཇིག་རྟེན་པའི་ཡེ་ཤེས་མངོན་པར་ཤེས་པ་དྲུག་གི་ཕྲིན་ལས་ཐམས་ཅད་སྒྲུབ་པར་བྱེད་པ་ཡིན་ནོ།། ཕན་ཡོན་དེ་ལྟ་བུ་དང་ལྡན་པའི་འཁྲུལ་འཁོར་དེ་གང་ཡིན་སྙམ་ན། གྲོ་ག་འམ་རས་སཾ་སླད་ཤམ་མམ་དུར་ཐོད ་ཀྱི་རས་ལ་སྒོ་བཞི་སྒོ་ཁྱུད་དང་རྡོ་རྗེ་ར་བ་དང་མེ་འོད་ཀྱི་བསྐོར་བའི་དཀྱིལ་འཁོར་བྲིས་ལ། དབུས་སུ་པདྨ་འདབ་མ་ལ་ཨོཾ་དང་སརྦ་དང་ནུབ་ཕྱོགས་སུ་གཡོན་བསྐོར་གྱིས་དགོད་པ་དང་། མེ་རུ་དང་། བདེན་བྲལ་དུ་ཏ། དབང་ལྡན་དུ་ནི ་དེའི་ཕྱི་རོལ་ཏུ་འཁོར་ལོ་རྩིབས་བརྒྱད་ལ། ཡེ་བྱང་དུ། བ་ནུབ་ཏུ། ཇི་ལྷོར། ཤར་དུ་ཝ། མེ་རུ་ནི། བདེན་བྲལ་དུ་ཡེ། རླུང་དུ་ཧེ། དབང་ལྡན་དུ་ཧཱུཾ། སྒོ་བཞིར་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བར་དགོད་པར་བྱའོ།། ་དེ་ལ་སྔ་མ་བཞིན་དུ་ལྷར་བསྐྱེད་ལ་ཡེ་ཤེས་སེམས་དཔའ་གཞུག་པ་དང་། གོ་ཆ་བགོ་བ་དང་། དབང་བསྐུར་བ་དང་། བདུད་རྩི་མྱང་བ་དང་། མཆོད་པ་དང་། བསྟོད་པ་བྱས་ལ་ཡི་གེར་གཞུ་བར་བསེམ་པར་བྱའོ།། དེ་ལྟར་འཁྲུལ ་འཁོར་འཀོང་ནས་བདག་ཉིད་བསྒོམ་པ་ལ་བཤད་པ་ནི། མཁའ་འགྲོ་མ་ནི་ཀུན་གྱི་གནས་ཞེས་བྱ་བ་གསུངས་ཏེ། གནས་ནི་འོག་ནས་བཤད་པའི་རྟེན་གྱི་དཀྱིལ་འཁོར་རོ།། མདོར་བསྡུས་རྒྱས་པར་མ་ཡིན་ནོ།། ཞེས་བྱ་བ་ནི་བརྗོད་བྱ ་མདོར་བསྡུས་པ་རྗོད་བྱེད་རྒྱས་པ་མ་ཡིན་ནོ།། དེ་ལྟ་བུའི་གནས་དེ་གང་ཡིན་ཞེ་ན། མེ་ཏོག་འབྲས་བུ་སྣ་ཚོགས་ཀྱི།། རི་བོ་སྣ་ཚོགས་བྲི་བྱ་ཞིང་། ཞེས་བྱ་བ་སྨོས་ཏེ། བསྲུང་བ་བཞིའི་དཀྱིལ་འཁོར་གྱི་སྟེང་དུ་གསེར་གྱི་རི་བདུན་མེ་ཏོག ་དང་འབྲས་བུ་སྣ་ཚོགས་པ་དང་ལྡན་པས་བསྐོར་བའི་རིའི་རྒྱལ་པོ་རི་རབ་བྲི་བར་བྱའོ།། དེའི་སྟེང་དུ་རྣལ་འབྱོར་པ་དཔལ་ཧེ་རུ་ཀའི་སྒོར་བསྒོམ་པའོ།། དེའི་ཕྱོགས་བཞི་ནི་མཁའ་འགྲོ་མ་བཞིའི་དཔའ་བོ་རྣམས་ཀྱི་དཔའ་བོ ་རྣམས་ཀྱི་དཔའི་བ་ཉིད་ཅེས་བྱ་བ་ལ། དཔའ་བོ་རྣམས་ནི་རྣམ་སྣང་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། དེའི་ས་བོན་ནི་ཧ་ཧ་ཧེ་ཧེ་ཞེས་བྱ་བ་སྟེ། བུམ་པའི་གཟུགས་སུ་བསྐྱེད་ནས ་དཔའ་བོ་ཉིད་ཅེས་བྱའོ།། གཞན་ཡང་འཁོར་ལོ་གསུམ་གྱི་དཔའ་བོ་ཉི་ཤུ་རྩ་བཞི་དང་། མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་གི་བསྐོར་བ་ནི་མཁའ་འགྲོ་མ་དྲ་བའི་བདེ་མཆོག་གོ། འགྲོ་བ་འདི་དག་ཁྱབ་ཅེས་བྱ་བ་ནི་ས་འོག་ཏུ་ས་བླང ་བ་སྟེ་ས་ལ་སུ་ཁྱབ་པའོ།། དཔའ་བོ་ཉི་ཤུ་རྩ་བཞི་དང་། མཁའ་འགྲོ་མ་ཙཱི་ཤུ་རྩ་བཞི་དང་རྣལ་འབྱོར་མ་བཅུ་གཉིས་ཏེ། རབ་གཏུམ་མ་ལ་སོགས་པ་སུམ་ཅུ་རྩ་དྲུག་གིས་བསྐོར་ནས་ལས་བཅུ་གཉིས་ཀྱི་བྱ་བ་ཀུན་ལ་སྒྲུབ་པ་པོ ་འཁོར་ལོར་ཞུགས་པར་ལྟའོ།། དངོས་གྲུབ་འདོད་པའི་རྣལ་འབྱོར་པ་ཤིན་ཏུ་མཉམ་པར་བཞག་པས་འཁོར་ལོའི་བདག་ཉིད་འདི་ཤིན་ཏུ་བསྒོམ་པར་བྱའོ།། བཟླས་པ་གང་ཞིག་བྱ་མཉམ་ན། སྔར་བཤད་པའི་ཡུམ་གྱི་ཉེ་བའི ་སྙིང་པོ་བཟླས་པར་བྱའོ།། སྔར་བཤད་པའི་འཁོར་ལོ་ཐམས་ཅད་ལ་ཡང་ལྷ་དྲུག་ཅུ་རྩ་གཉིས་པའི་རྩ་བའི་འཁོར་ལོ་འདི་བསྒོམས་པར་བྱའོ།། འཁོར་ལོ་ཆེན་པོ་ཀུན་གྱི་གནས།། ཞེས་བྱ་བ་གསུངས་ཏེ། སྙིང་པོ་དང་ཉེ་བའི ་སྙིང་པོ་ལ་སོགས་པའོ།། དཀྱིལ་འཁོར་མི་འདྲ་བ་གང་འཆིང་ཡང་རྣལ་འབྱོར་པ་བདག་ཉིད་རྩུ་བའི་དཀྱིལ་འཁོར་འདི་བསྒོམ་པར་བྱའོ།། འདིའི་ཕན་ཡོན་སྟོན་པ་ནི། འདི་ནི་སངས་རྒྱས་བྱེ་བ་དང་བྱང་ཆུབ་སེམས་དཔའ་བྱེ་བས ་སྔགས་ཀྱི་འཁོར་ལོ་འདི་ལེགས་པར་གསུངས་པ་ཡིན་ནོ།། རྣལ་འབྱོར་མ་ཡུམ་རྡོ་རྗེ་ཕག་མོ་ནས་ཕག་གདོང་མིའི་བར་དུ་འཁོར་བྱ་བ་སུམ་ཅུ་རྩ་བདུན་གྱིས་བསྐོར་བ་ཡིན་པས་དངོས་གྲུབ་ཐམས་ཅད་ལ་བར་ཆད་མེད་ཅིང་དགེ ་པ་གྲུབ་པ་ཡིན་ནོ།། ལེའུ་བཞི་བཅུ་རྩ་བརྒྱད་པའི་རྣམ་པར་བཤད་པའོ།། །། དེ་ལྟར་སྔགས་ཀྱི་འཁྲུལ་འཁོར་བཤད་ནས། ད་ནི་དངོས་གྲུབ་བསྒྲུབ་པའི་རྫས་ཏནྟྲ་གསུངས་པ་ནི། དེ་ནས་གཞན་ཡང ་བཤད་བྱ་ག་ཞེས་བྱ་བ་གསུངས་སོ།། བསྒྲུབ་བྱ་ཇི་བཞིན་ཆོ་ག་སྟེ། ཞེས་བྱ་བ་ནི་སྐྱེ་བ་བདུན་པ་བསྒྲུབ་པའོ།། དེའི་འབྲས་བུ་ནི་གང་ཞིག་སྐྱེ་བ་བདུན་ལ་དེ་ཤེས་པ་ཙམ་གྱིས་བསྒྲུབ་པའི་དངོས་གྲུབ་རྣམས་མྱུར་དུ་གྲུབ་པར་འགྱུརརོ།། ་ཐོག་མ་སྐྱོ་བ་བདུན་པོ་གྲུབ་པའི་ཐབས་ཀྱི་ཚོགས་ཀྱི་འཁོར་ལོ་བྱས་ལ་འབྲས་ཀྱི་ཕྱེ་ལ་སྐྱེ་བ་བདུན་པའི་དྲངས་དང་མཉམ་པའི་ཕྱུགས་ཀྱི་གཟུགས་བྱ་སྟེ། མི་དང་རུས་སྦལ་རྩཝ་དང་རྔ་མོ་དང་བོང་བུ་དང་ཅེ་སྤྱང་དྲང་ཕག་དང་བདུན་གྱི ་གཟུགས་བྱས་ལ་ཁོང་བའི་ནང་ཁྲག་གིས་བཀང་ནས་གཏོར་མ་དང་སྦྱིན་སྲེག་དང་བཟའ་བ་དང་། དེ་ལྟར་ཚོགས་ཀྱི་འཁོར་ལོ་བྱས་པས་མཁའ་འགྲོ་མ་རྣམས་མཉེས་ནས་སྐྱེ་བ་གཅིག་ནས་སྐྱེ་བ་བདུན་པོའི་བར་དུ་བརྒྱུད་པ་ཤེས ་པར་གདོན་མི་ཟའོ།། དེའི་རྟགས་ནི་སྐྱེ་བ་དང་པོ་ལ་ཁ་དྲི་ཞིམ་པ་དང་། གཉིས་པའི་རྟག་མིག་མི་མཛུམ་པར་བལྟ་བ་དང་། གསུམ་པ་བདེན་པར་སྨྲ་བ་དང་། བཞི་པ་མཐོང་ན་དགའ་བ་དང་། ལྔ་པའི་རྟགས་ནི་ཆོས་ལ་དགའ ་བ་དང་། དྲུག་པ་རང་གི་སྐྱེ་བ་ཤེས་པ་དང་། བདུན་པའི་རྟགས་ལུས་ཀྱི་དྲི་ཞིམ་པའོ།། དེ་རྟེན་པ་ཙམ་གྱིས་དེའི་སྙིང་ན་གོ་རོ་ཙ་ན་ཡོད་པ་བླངས་ནས་ཟོས་ན་ལྷའི་གཟུགས་འཛིན་པར་འགྱུར་རོ།། དེའི་གོ་རོ་ཙ་ན་བསྣམས་པ ་འམ་རེག་པ་ཙམ་གྱིས་གཟུགས་སྣ་ཚོགས་འཛིན་པར་འགྱུར་བ་དང་། ཐིག་ལེ་བྱས་པས་མི་སྣང་བ་དང་དགའ་བའི་གཟུགས་འཛིན་པར་འགྱུར་རོ།། དེའི་རྒྱས་པར་བཤད་པ་ནི། དེའི་སྙིང་ན་གོ་རོ་ཙ་ན་ཞེས་བྱ་བ་སྨོས་ཏེ། སྐྱེ་བ ་བདུན་པ་ཁ་ན་མ་ཐོ་བ་མེད་པར་ཤི་བིའི་ཤ་ལེན་པས་ན་མཁས་པ་ཞེས་བྱའོ།། དེ་ལ་བླངས་ནིས་སྔར་བསྟན་པའི་འཁྲུལ་འཁོར་བརྒྱད་ཀྱི་སྔགས་བཟླས་ལ་གོ་རོ་ཅེ་ནས་དཔྲལ་བར་ཐིག་ལེ་བྱས་ན་དེ་དང་དེའི་གཟུགས་འཛིན་པར ་འགྱུར་རོ།། ལྷའི་གཟུགས་འཛིན་པ་དང་གཟུགས་སྣ་ཚོགས་འཛིན་པ་གཉིས་བཤད་ནས། གསུམ་པ་ཤིང་གང་ཡང་རུང་བའི་ཁུ་བ་དང་གོ་རོ་ཙ་ན་བསྲེས་པས་དཔྲལ་བར་ཐིག་ལེ་བྱས་ན་དེའི་ཤིང་གི་གཟུགས་སུ་འགྱུར་རོ།། ་ཕྱུགས་གང་ཡང་རུང་བའི་སྤུ་དང་བསྲེས་པ་ལག་པ་དང་སྤྱི་བོར་བཅིངས་ན་དེ་སྲོག་དེའི་གཟུགས་སུ་འགྱུར་རོ།། རྒྱས་པར་རྒྱུད་བླ་མ་ནས་བཤད་པའི་རྒྱུད་བླ་མར་བལྟ་བྱའོ།། གལ་ཏེ་ཏནྟྲ་ཡནྟྲའི་ཐབས་ཡིན་ན་ཐམས་ཅད་ཀྱིས ་ཅིའི་ཕྱིར་གྲུབ་སྙམ་ན། རྣལ་འབྱོར་བསྒོམ་པ་ནི་ཟློས་ཞེས་བྱ་བ་སྨོས་ཏེ། རྣལ་འབྱོར་འབའ་ཞིག་བསྒོམས་པ་དང་བཟླས་པ་ལ་དགའ་བཱ་ཏནྡྷ་དང་ཡནྡྷའི་ནུས་པ་དང་ལྡན་པ་ཡིན་ཡང་། བསྐལ་པ་གྲངས་མེད་གསུམ་དགའ་བའི ་གོམས་པའི་ལམ་ལ་དགའ་བ་དང་བསྐྱེད་པའི་རིམ་པ་བཅོམ་པའི་རྣལ་འབྱོར་ཉོན་མོངས་པའི་ལམ་ལ་དགའ་བས་ཡནྟ་འཁྲུལ་འཁོར་གྱི་ཐབས་དང་། ཏནྡྷ་སྨད་ཀྱི་སྦྱོར་བའི་ཐབས་ཀྱི་དངོས་གྲུབ་ཀྱི་དངོས་གྲུབ་ཀྱི་ལམ་འགོག་ཅིང ་སྤྱོད་པ་ཡིན་ནོ།། གླང་པོ་རྟ་དང་བོང་བུ་དང་ཞེས་བྱ་བ་ནི་སྲོག་ཆགས་གང་དང་གང་གི་ཐོད་པར་བསྐྱེད་པའི་ཡུངས་ཀར་དང་སྐྱེ་བ་བདུན་པའི་སྙིང་གའི་གོ་རོ་ཙ་ན་དང་བསྲེས་ན་ལྷའི་གཟུགས་དང་རང་རྒྱལ་བའི་གཟུགས་སུ ་འགྱུར་རོ།། དེ་ལྟར་བསྒོམས་པའི་ཏིང་ངེ་འཛིན་དང་རག་ལས་པ་མེད་པའི་སྐྱེ་བ་བདུན་པའི་ཤ་རྙེད་པ་ཙམ་གྱིས་གྲུབ་པར་འགྱུར་བ་དེ་ལས་ཤིན་ཏུ་མཆོག་ཏུ་གྱུར་པའི་ས་འོག་དང་ས་བླ་དང་མཐོ་རིས་ཀྱི་འཇིག་རྟེན་གསུམ་ན་ཡོད་པ་མ ་ཡིན་ནོ།། ལེའུ་བཞི་བཅུ་རྩ་དགུ་པའི་རྣམ་པར་བཤད་པའོ།། ། དེ་ལྟར་བསྒྲུབ་པའི་ཡན་ལག་གི་རྫས་བཤུད་ནས་བསྒྱུར་བའི་སྦྱིན་སྲོག་གི་ཆོ་ག་བཤད་པ་ནི། དེ་ནས་སྦྱིན་སྲེག་ཆོ་ག་ནི། ཞེས་བྱ་བ་ལ་སོགས་པ ་སྨོས་ཏེ། སྦྱིན་སྒེག་གི་ཆོ་ག་ལས་བཅུ་གཉིས་ངེས་པར་དབང་དུ་བྱེད་པར་འགྱུར་རོ།། གླང་གིས་མཚན་མ་ཐོབ་ནས་སྦྱིན་སྲེག་གི་ཆོ་ག་གང་ཞིག་ཤེས་པ་ཙམ་གྱིས་མྱུར་དུ་དངོས་གྲུབ་གྲུབ་པར་འགྱུར་རོ།། དེ་ལྟར་མདོར་བསྟན་ནས ་རྒྱས་པར་བཤོད་ནི་གོ་མཱཾ་དང་མྱོས་བྱེད་བསྲེས། ཞེས་བྱ་བ་སྨོས་ཏེ། གོ་མཱཾ་ས་ནཱི་བ་ལང་གི་ཤ་སྟེ་ཤ་ལྔ་ལ་མཚོན་པོར་བྱེད་པའོ། མྱོས་བྱེད་ཅེས་བྱ་བ་ནི་ཆང་གི་བྱེ་བྲག་མཚོན་པ་སྟེ་སྐྱེག་རྫུས་སོ།། ལག་པ་གཡོན་པའི་དཔའ་བོ་ལྔ་དགོད ་པའི་ཕྱག་རྒྱའོ།། དེ་ནས་དབང་གི་དཀྱིལ་འཁོར་གཞུའི་དབྱིབས་ལྟ་བུ་ལ་འདོར་པའི་མེ་བསྐྱེད་ནས་དེ་ལ་བདུད་རྩི་ལྔ་དང་དཔའ་བ་ལྔ་ཁྱད་པར་གྱི་རྫས་དང་མཆོད་པའི་རྫས་དང་ལོངས་སྤྱོད་ཀྱི་རྫས་དང་ཡོ་བྱད་ཀྱི་རྫས་དང་འཚོ་བའི་རྫས ་བཅས་པའི་སྦྱིན་སྲེག་བྱས་ལ་དེ་འོད་དུ་ཞུ་བིའི་ཐུགས་ཀར་དཔའ་བོ་གཅིག་པུ་དང་དཀྱིལ་འཁོར་གྱི་འཁོར་ལོ་བཀོད་ལ་ཞག་བདུན་ལ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་བརྒྱ་བྱིན་ལ་སོགས་པ་དབང་དུ་འགྱུར་རོ།། ལས་གཉིས་པའི་དཀྱིལ ་འཁོར་སྔ་མོ་དེ་ཉིད་ལོས་ཁ་ཆུ་དང་ས་ཤིང་དང་རང་གི་ལུས་ཉེས་པའི་དྲི་མ་དང་དབང་དུ་བྱས་པའི་མིང་དང་མྱོས་བྱེད་དང་གཏུགས་པའི་སྦྱིན་སྲེག་བྱས་སོ་འོག་ས་བླ་དངོ་ས་སྟེང་གསུམ་དུ་འགྱུར་རོ།། ལས་གསུམ་པ་ནི་རང་གི་ཁྲག་དང ་ཞག་གི་སྦྱིན་སྲེག་ཕྱིར་སྐྱུགས་པའི་ཐལ་བ་དང་མིའི་སྤུ་དང་ལྡན་པས་ཆེ་གེ་མོ་ཨཱ་ཀཪྵ་ཡོཾ་ཞེས་ཟློས་ཤིང་སྦྱིན་སྲེག་བྱས་ན་རིགས་གང་ཡང་རུང་བ་འགུགས་པ་འགྱུར་རོ།། ལས་བཞི་པ་ནི་སྐྲོད་པའི་དཀྱིལ་འཁོར་བྲིས་ལ་མངོན་སྤྱོང ་ཀྱི་མེ་བསྐྱོད་ནང་གི་སྦྱིན་སྲེག་བྱས་ན་འཚོ་བའམ་སྐྲོང་ཕྱིར་སྐྱུགས་པ་དང་རང་གི་སྐྲ་དང་མིན་པའི་ཤིང་དང་སྦྱར་བས་སྦྱིནི་སྲེག་བྱས་ན་སྐྲོད་པར་འགྱུར་རོ།། ལས་ལྔ་པ་ནི་རང་ཉིད་དཔལ་ཧེ་རུ་ཀའི་སྐུར་མཉམ་པར་བཞག་ན་རྒྱོའི ་ལྗང་ཧ་ལོ་མེ་སྦར་ལོ་དྲུག་དང་ཁྲིག་དང་སྐེ་ཚེ་དང་ཡུངས་ཀོར་ཁཱའི་གཤོགས་པ་ཡུངས་མར་ལ་སྐྱེས་པས་སྦྱིན་སྲེག་བྱས་ན་འཚོ་བ་འམ་སྐྲོད་པར་འགྱུར་རོ།། ལས་དྲུག་པ་ནི་རྒྱས་པའི་དཀྱིལ་འཁོར་བྲིས་ལ་འཇིགས་བྱེད་ཀྱི་མེའི ་སྙིང་གར་བདེ་མཆོག་གི་འཁོར་ལོ་བཀོད་ནས་དཔའ་བོ་ལྔ་དང་བདུད་རྩི་དང་མུ་ཏིག་སེར་པོ་དང་ཙན་དན་དོམར་པོའི་དྲི་དང་ཡུང་བ་བྱུགས་པ་དང་སྤྱན་སྲེག་བྱས་ན་ལོངས་སྤྱོར་དང་ལྡན་པར་འགྱུར་པ་འམ། རང་གི་ལུས་ལ་འཁོར ་ལོ་བཞིའི་གནས་སུ་དཀྱིལ་འཁོར་གྱི་འཁོར་ལོ་བཞི་བཀོད་ནས་ཁ་དོག་སེར་པོ་བསམས་ཏེ། གཉིས་ལོག་པ་འམ་མ་ལོག་པ་འམ་བཟའ་བ་འགྲོ་བ་འམ་འཆགས་པ་ལ་སོགས་པའི་དུས་སུ་སྔགས་པས་རྟག་ཏུ་ཡང ་ཡུམ་གྱི་སྙིང་པོའི་མཐའ་རུ་པུཥྚིཾ་ཀུ་རུ་དུས་ངེས་པ་མེད་པར་ཟློས་ཤིང་དབང་གི་སྦྱིན་སྲེག་གིས་སྲེག་བླུགས་བརྒྱ་བྱས་ན་ཟླ་བ་གསུམ་གྱི་རྗེས་ལ་དབུལ་བས་འཇིགས་པར་འགྱུར་རོ།། ལས་བདུན་པ་ནི་དབང་གི་དཀྱིལ་འཁོར་ལ་ཤ་ཆེན་པོ་ལ ་སོགས་པའི་བདུད་རྩི་ལྔ་དང་མྱོས་བྱེད་ལྡན་པས་ཐུན་གསུམ་དུ་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་སྟེང་གི་འགྲོ་བ་ཐམས་ཅད་དབང་དུ་འགྱུར་རོ།། ལས་བརྒྱད་པ་ནི་སྔ་མ་བཞིན་དུ་ཚོགས་ཀྱི་ལྷ་འཁོར་ལོའི་ལྷ་བསྒོམས་ནས་ཟླ་བ་དྲུག་གི་བར ་དུ་ཉིན་མོའི་ཐུན་གཉིས་ལ་ནང་གི་སྦྱིན་སྲེག་བྱས་ན་རང་གི་ལུས་དེ་ཉིད་ཀྱི་ནམ་མཁའ་ལ་འགྲོ་བར་འགྱུར་རོ།། ལས་དགུ་པ་ནི་ལྕེའི་ཤ་དང་མྱོས་བྱེད་དུ་བསྲེས་པས་མངོན་སྤྱོད་ཀྱི་དཀྱིལ་འཁོར་ལ་སྦྱིན་སྲེག་དང་གཏོར་མ་བྱས་ན་ཡུལ ་འཁོར་དང་བཅས་པ་འཇིགས་པར་འགྱུར་རོ།། ལས་བཅུ་པ་ནི་རྒྱས་པའི་དཀྱིལ་འཁོར་བ་ལི་བ་དང་པ་ལ་བ་དང་ཨུ་དུམ་བ་རིའི་བུད་ཤིང་ལ་མེ་སྦར་ལ་དེ་ཉིད་ཀྱི་ལམ་ཤིང་གི་སྦྱིན་སྲེག་འབུམ་བྱས་ན་ནོར་གྱི་བདག་པོ་རྣམ་ཐོས་སྲས ་དང་མཉམ་པར་འགྱུར་རོ།། ལས་བཅུ་གཅིག་པ་ནི་གོ་མཱཾ་ས་དང་མྱོས་བྱེད་དང་བཅས་པ་ལ་རྒྱལ་སྲིད་འདོད་པས་སྦྱིན་སྲེག་བྱས་ན་རྒྱལ་སྲིད་ཐོབ་པར་འགྱུར་རོ།། ལས་བཅུ་གཉིས་པ་ནི་ཝའི་ཤ་དང་བདུད་རྩི་ལྔ་དང་དཔའ་བོ ་ལྔས་སྦྱིན་སྲེག་བྱས་ན་ཅི་བདེ་བར་རྒྱལ་སྲིད་ཐོབ་པར་འགྱུར་རོ།། ཐིའི་ཤ་དང་བཅས་པའི་བདུད་རྩི་ལྔས་ནང་གི་སྦྱིན་སྲེག་བྱས་ན་མྱུར་དུ་ནོར་གྱི་བདག་པོ་ཛཾ་བྷ་ལ་དང་མཉམ་པར་འགྱུར་རོ།། གང་གི་སྦྱིན་དེ་ལ་བརྟུལ་ཞུགས་དང་གཅིང ་སྒྱུ་མངོ་ནཱ་ཡང་རྒྱས་པའི་དངོས་གྲུབ་ཐོབ་པར་འགྱུར་རོ།། ལས་བཅུ་བཞི་པ་ནི་ལྷག་པར་ཆ་འཕེལ་བར་འདོང་ན་ཀུ་སྨན་དང་ཞེས་བྱ་བ་སྲན་མ་སྔོན་པོ་དང་སྲན་མ་སྟེ་ཞེས་བྱ་བ་ཁ་དོག་ལྡང་བ་དང་ཙ་ན~ཾ་ཀཱ་ཞེས་བྱ་བོ་འབྲུ་ཕྲ་མོ་དང ་སྦྲང་རྩིའི་རྩིགས་མ་ཞེས་བྱ་བ་སྒྲ་ཚིལ་དང་སྐེ་ཚེ་དང་ཏཱ་ལའི་འདབ་མ་བླངས་ནས་དགྲ་བོའི་གཟུགས་བརྙན་བྱས་ལ་ཉ་ཕྱིས་ཀྱི་ནང་དུ་བཙུག་ནས་སྟོང་གཡོགས་ལ་མཆོད་རྟེན་ནོག་པོ་དང་ཁ་ཐུར་དུ་བསྟན་པའི་དབུས་སུ་བཙུག་ལ ་མཆོད་རྟེན་ནག་པོས་སྟེང་ནས་མིནནན། རྣལ་འབྱོར་ཇི་ལྟར་འདོད་པ་བཞིན་དུ་གནས་པར་འགྱུར།། དེ་ལྟར་སྦྱིན་སྲེག་བཤད་ནས་རྒྱུ་བ་དང་མི་རྒྱུ་བའི་འཁོར་ལོ་བཅུ་དང་། གསང་སྔགས་ཀྱི་འཁོར་ལོ་བཅུ་དང་། དཀྱིལ་འཁོར ་གང་ལ་བྱ་སྙམ་ན། དེ་ནས་གཞན་ཡང་བཤད་བྱ་བ་ཞེས་བྱ་བ་སྨོས་ཏེ། དཀྱིལ་འཁོར་ཉི་ཤུའི་གནས་ནི་སྣོད་བཅུད་ཐམས་ཅད་ཐམས་ཅད་དཔལ་ཧེ་རུ་ཀའི་རང་བཞིན་ཡན་པས་ཕྱི་དང་ནང་གང་ཡང་རུང་བར་སྦྱིན་སྲེག་དང་འཁྲུལ ་འཁོར་བྱོས་ཀྱང་དངོས་གྲུབ་ཐམས་ཅད་གྲུབ་པོར་གདོན་མི་ཟ་བ་ཡིན་ནོ།། དེ་བས་ན་རྣལ་འབྱོར་མའི་ས་དང་གནས་ཧེ་རུ་ཀའི་སྐུའི་ཡན་ལག་ཅེས་བྱ་བ་གསུངས་ཏེ། རྣལ་འབྱོར་མའི་མ་ས་ནི་དག་པའི་ས་བཅུའོ།། གནས་ནི་མི་དག ་པའི་ས་བཅུའོ།། དག་པ་དང་མ་དག་པ་གཉིས་ཀ་ཡང་དཔལ་ཧེ་རུ་ཀའི་སྐུའི་ཡན་ལག་སྟེ། ཀུ་ཀུན་བརྟན་པ་དང་གཡོ་བའི་བདག་ཉིད་ཅན་ཡིན་ནོ།། དེ་ལྟར་རྣལ་འབྱོར་མའི་ལུས་ཀྱི་མ་དག་པའི་སྣ་བཅུའི་བདག ་ཉིད་ལ་དཔལ་ཧེ་རུ་ཀའི་གཞུང་ལུགས་ལ་སྤྱོད་པའི་ལུས་ཀྱི་དཀྱིལ་འཁོར་ས་བཅུ་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་རྣལ་འབྱོར་མ་རྣམས་བརྡའི་སྐད་ཀྱི་གནས་དང་ཉེ་བའི་གནས་ལ་སོགས་པའི་མིང་གིས་བཏགས་པ་ཡིན་ནོ།། གང་གི ་བརྡ་ཡིན་ཞེ་ན། ལྷ་དང་དྲི་བ་རྣམས་ཀྱིས་བརྔོས་གནས་དང་ཉེ་བའི་གནཱ་ཝཱ་བྱ་བ་དང་། གནོད་སྦྱིན་དང་སྲིན་པོའི་བརྔས་ཞིང་དང་ཆེན་དོ་ཧ་ཞེས་བྱ་བ་དང་། ཀླུ་དང་ལྷ་མ་ཡིན་གྱི་བརྡས་འདུས་དང་དུར་ཁྲོད་ཅེས་བྱ་བ་དང་། རྣལ་འབྱོར་མ ་རྣམས་ཀྱིས་བརྡས་བཏགས་པ་ཡིན་ནོ།། མཐོ་རིས་ཐུགས་དང་ས་སྟེང་གསུང་དང་ས་འོག་སྐུའི་དཀྱིལ་འཁོར་རྣམས་ནི་སེམས་འོད་གསོལ་བའི་སྣང་བ་ཡིན་པས་དཔའ་བོ་ཡན་ལག་བརྟན་གཡོའི་བདག་ཅེས་བྱ་བ་ཇི་ལྟར་འོད ་གསལ་སྣོད་བཅུད་སྣང་བ་ཞེ་ན། ཐོག་མེད་དུས་སུ་གང་བསྟན་པ། ཕྱི་ནང་བདག་ཉིད་ཅན་དུ་གནས་ཞེས་བྱ་བ་གསུངས་ཏེ། ཐོག་མ་མེད་པའི་དུས་ནས་དེ་བཞིན་གཤེགས་པ་རྣམས་འབྱུང་ཡང་རུང་མ་བྱུང་ཡང་རུང་སེམས་འོད ་གསལ་བའི་རང་བཞིན་དུ་གནས་པས་གང་ཡིན་པ་དེ་ནི་ཕྱི་སྣོད་གྱི་འཇིག་རྟེན་དང་ནང་བཅུད་ཀྱི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་དུ་གནས་པ་ཡིན།། དེ་ཡང་ཆུ་ཁམས་སེར་དང་ནམ་མཁའ་བཞིན། ངག་པོ་བཞིན་དུ་དག་པར་འདོད ་གསུངས་སོ།། ཀླུང་ཉིད་དངས་པར་གྱུར་པ་ལས།། ཉ་དག་མྱུར་དུ་འཕར་བར་ལྟར།། དེ་བཞིན་སྟོང་གསལ་ཡེ་ཤེས་ལས།། སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར་ཞེས་ས་སུངས་སོ།། ཐོག་མཐའ་མེད་པའི་སེམས་དཔའ་ནི། རྡོ་རྗེ་སེམས ་དཔའ་དགའ་བ་ཚེ། ཞེས་གསུངས་པ་ཡིན་ནོ།། དཔལ་ལྡན་ཁྲག་འཐུང་རྒྱལ་པོ་ཆེ།། འདོད་པ་ཀུན་གྱི་དབང་ཕྱུག་གཙོ།། ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ཆེན་པོའི་རང་བཞིན་སེམས་རིག་པ་འོད་གསལ་ཆོས་ཀྱི་སྐུ་ལ ་དགོངས་པ་ཡིན་ནོ།། ཀུན་ཏུ་ཕྱག་དང་ཞབས་ལྡན་ཞིང་།། ཀུན་ཏུ་བཅོམ་ལྡན་འཇིག་རྟེན་ན།། ཐམས་ཅད་གཡོགས་ནས་རྣམ་པར་ཞུགས།། ཞེས་བྱ་བ་དེ་ཉིད་བསྡུས་པ་ལས་གསུངས་པའི་རྣམ་པར་སྣང་མཛད་ཆེན་པོའི་རང ་བཞིན་དག་པ་དང་མ་དག་པོའི་གནས་སྐབས་གཉིས་ཀའི་ངོ་བོ་སེམས་དང་རིག་པ་འོད་གསལ་བའི་ངོ་བོ་ཆོས་ཀྱི་དབྱིངས་གསུངས་པ་ཡིན་ནོ།། དེའི་ལྟར་ཆོས་ཀྱི་སྐུའི་ངོ་བོ་ཐམས་ཅད་ལ་ཁྱབ་པ་བདེ་བས་ན་རྒྱུ་བ་དང་མི་རྒྱུ ་པའི་སྦྱིན་སྲེག་གི་འཁོར་ལོ་དང་གསང་སྔགས་ཀྱི་འཁོར་ལོས་དངོས་གྲུབ་བསྒྲུབ་པར་བྱ་བ་ཡིན་ནོ།། དེ་ཡང་ཇི་ལྟ་བུ་ལ་གསུངས་ཞེ་ན། བསྡམ་གཏན་ལྡན་པའི་སེམས་ཀྱིས་ནི། ཞེས་བྱ་བ་གསུངས་ཏེ། བསྐྱེད་པའི ་རིམ་པའི་མཚན་མ་གསུམ་མམ། རྫོགས་པའི་རིམ་པའི་མཚན་མ་ལྔ་ཐོབ་པའི་སྒྲུབ་པ་པོས་མསྙེན་པ་བྱས་པ་ལ་ཕན་གདགས་པའི་ཕྱིར་གསང་བའི་དངོས་གྲུབ་སྒྲུབ་པའི་ལེའུ་ཉི་ཤུ་གནས་དང་བཅས་པ་གསུངས ་པ་ཡིན་ནོ།། ལེའུ་ལྔ་བཅུ་པའི་རྣམ་པར་བཤད་པའོ།། ། དེ་ལྟར་དངོས་གྲུབ་སྒྲུབ་པའི་ཐབས་བཤད་ནས། བསྐྱེད་རིམ་བསྒོམ་པའི་མན་ངག་གི་ལེའུ་གསུངས་པ་ནི། དེ་ནས་ཡང་དག་བཤད་བྱ་བ། ་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཤིན་ཏུ་རྙིང་དཀའ་ཞེས་བྱ་བ་ནི་མན་ངག་བསྐྱེད་པའི་རིམ་པ་བསྒོམ་པའི་དེ་ཉིད་བཅུ་བཞི་ནི་ཤིན་ཏུ་རྙེད་པར་དཀོའ་བ་ནི་གང་ཟག་གི་རྣམ་པར་རྟོག་པར་སྦྱར་བ་མ་ཡིན་པ་བཅོམ་ལྡན་འདས་ཀྱིས ་གསུངས་པའི་ངེས་པ་དོན་གྱི་མདོ་སྡེ་སྒོམ་པའི་རིམ་པའི་བསྒྲིགས་པར་རྙེད་པར་དཀའོ་བའོ།། དཔའ་བོའི་བརྡའི་སྐད་དུ་ནི་ཞེས་བྱ་བ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བརྗོར་གྱུར་པ་བཅོམ་ལྡན་འདས་ཀྱིས་ནི ་རྒྱུད་འདི་རུ་མིའི་སྐད་དུ་སྦས་པ་གསུངས་པ་ཡིན་ནོ།། དེ་ལྟར་མདོར་བསྟན་ནས་རྒྱས་པར་བཤད་པ་ནི། གོས་དང་ཕྱག་རྒྱ་ལྔ་ལ་སོགས། ཞེས་བྱ་བ་ལ་སོགས་པ་གསུངས་སོ།། གོས་ནི་སྟོད་གཡོགས་དང་སྨད་གཡོགས་གླང ་པོ་ཆེའི་པགས་པ་དང་། སྔགས་གི་པགས་པརླ་བས་མོ།། ཕྱག་རྒྱ་ལྷའི་སྤྲུལ་བའི་རྡུལ་མ་གཏོགས་པ་ཞེས་བྱ་བ་ནི་གོ་ཆ་དྲུག་པོགོས་ཤིང་རྡོ་རྗེ་དང་དྲིལ་བུ་གཟུངས་པའི་དེ་ཉིད་དང་པོར་བསྟན་ནས་དེ་ཉིད་གཉིས་པ་ནི་ཤེས་རབ་ཡན་ལག་སྟེ ་ཁྱིམ་པའི་བྱང་ཆུབ་སེམས་དཔའ་ལ་ལས་ཀྱི་ཕྱག་རྒྱ་མོ་གྲོལ་བའི་ལམ་པ་ཆོས་ཕྱག་རྒྱ་འམ་དམ་ཚིག་གི་ཕྱག་རྒྱའོ།། དེ་ཉིད་གསུམ་པ་ནི་ཐོག་མར་རྡོ་རྗེའི་བརྡ་བྱ་བ་དང་། མཐར་ཕུར་བུས་གདབ་པ་སྟེ། བགེགས་བསྐྲད ་ནས་དྲ་བ་དང་ར་བ་དང་མདའི་བླ་རེ་དང་རྡོ་རྗེའི་བླ་རེ་དང་མེ་འོད་ཀྱི་དྲ་བས་བྱས་ནས་ཕུར་བུས་གདབ་པ་ཡིན་ནོ།། དེ་ཉིད་བཞི་པ་ཨཱ་ལི་ཀཱ་ལི་ཞེས་བརྗོད་པ་སྟེ། སྙིང་གར་ཟླ་བ་དང་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་ས་བུས་ཀྱི ་ཡི་གེ་ཧཱུཾ་ལས་རྐང་པ་བརྒྱད་པའི་སྔགས་བརྗོད་ནས་མཆོད་པ་དང་དཔའ་བོ་དཔའ་མོའི་སྔགས་ཀྱིས་བསྟོད་པ་ནི་ཞེས་བརྗོད་པ་སྟེ། ཨེ་སྟེ་ཞེས་བྱ་བ་ལྔ་པའི་སྒྲ་ཡིན་པས་ཨཱ་ལི་ཀཱ་ལཱིའི་རྗེས་ལ་བརྗོད་ཅེས་བྱ་བའི་དོན་དུ་འགྱུར་རོ།། ་དེ་ཉིད་ལྔ་པ་རྒྱུ་སོགས་སྟོང་པ་སྔོན་འགྲོ་ཡིན། ཞེས་བྱ་བ་ནི་དཔྲལ་བར་ཧེ་དང་། ལྐོག་མཱ་རུ་དང་། སྙིང་གར་ག་བཀོད་པས། ཧེ་ནི་སྐུ་ཚོགས་སྤངས་པ་སྟེ། རུ་ནི་དཀོད་པ་དང་བྲལ་བ། གཾ་ནི་གང་དུ་མི་གནས་པ། ཞེས་བྱ་བ་ནི། ་ཧེ་རུ་ཀའི་དོན་ལ་མོས་པའི་རྣམ་པར་ཐར་པའི་སྒོ་གསུམ་ལ་ཡི་གེ་གསུམ་ལ་ཡི་གེ་གསུམ་སྔོན་དུ་འགྲོ་བ་ཡིན་ནོ།། དེའི་རྗེས་ལ་འབྱུང་བ་བཞི་རི་རབ་དང་བཅས་པ་བསྒོམས་ནས་གཞལ་ཡས་ཁང་གི་དབུས་སུ་པདྨོའི་སྟེང ་དུ་ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་ཡི་གེ་གནས་པ་ལ་རང་གི་རྣམ་པར་ཤེས་པ་འཇུག་པས་ན་སྒྲ་ལ་སོགས་པ་ནས་ཞེས་བྱ་བ་གསུངས་སོ།། སྒྲ་ནི་ཡི་གེ་ཧཱུཾ་དང་བཾ་མོ།། སོགས་པ་ནི་རྡོ་རྗེ་དང་གྲི་གུག་དང་འོད་ཟེར་སྤྲོ་བསྡུ་རྒྱུའི་ཧ་རུ ་ཀ་ཡབ་ཡུམ་དུ་གྱུར་པའོ།། དེ་ཡང་ཟླ་བ་མེ་ལོང་ལྟ་བུ་སྟེ། ཉི་མ་མཉམ་ཉིད་ཡེ་ཤེས་ཡི་ནི།། ཡིག་འབྲུ་ཕྱག་མཚོན་སོ་སོར་རྟོག། འོད་ཟེར་སྤྲོ་བཛྲ་བྱི་ནན་ཏན།། སྐུ་རྫོགས་ཆོས་དབྱིངས་ཡེ་ཤེས་སོ་ཞེས་གསུངས་སོ།། ་དེ་ཉིད་སྡུས་པའི་སྦྱོར་ལྡན་ཉིད་ཅེས་བྱ་བ་ནི་ཕྱོགས་བཅུའི་སངས་རྒྱས་བསྡུད་ནས་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་གྱི་དུ་ཞུགས་ནས་མངལ་སྐྱེས་ཀྱི་འཁོར་ལོ་བསྐྱེད་ནས་རྒྱུའི་ཧེ་རུ་ཀ་ཡབ་ཡུམ་ཞུ་བས་ཐིག་ལེར་བསྡུས་པ་ལ ་འཁོར་ལོ་ལྔའི་ལྷ་མོའི་གླུང་བསྐུས་པའི་སྦྱོར་བ་དང་ལྡན་པ་ཉིད་ཀྱི་ཐིག་ལེར་ཞུ་བ་དང་གླུ་དང་བཅས་པོ་ཞེས་བྱ་བའི་ཧཱུཾའི་ཚིག་གི་དེ་ཉིད་རྒྱས་པ་བདུད་རྩི་ཚིམ་བྱེད་ཅེས་བྱ་བ་གསུངས་ཏེ། དེ་ལྷ་མོ་རྣམས་རྒྱུའི་ཧེ་རུ་ཀ་ཤུ་བའི་ཐབས་དང་བྲལ ་བ་ལ་འཆི་བདག་གི་བདུ་འཇོམས་པའོ།། འབྲས་བུའི་ཧེ་རུ་ཀ་ལྷ་མོ་རྣམས་ཡིད་ཚིམ་པར་བྱེད་པས་ན་བདུད་རྩི་ཚམ་བྱེད་དོ།། དེ་ཉིད་དགུ་པ་མྱ་ངན་ལས་འདས་པོ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའི་གཞུག་པའོ།། དེ་ཉིད་བཅུ་པ ་ལག་པའི་མཆོད་པ་ཞེས་བྱ་བ་ནི་དཔའ་བོ་དང་དཔའ་མོ་དྲུག་གིས་གོ་ཆ་བསྐོན་པའོ།། དེ་ཉིད་བཅུ་གཅིག་པ་དབང་བསྐུར་བ་ནི་ཆུ་དང་གསང་བཾ་དང་ཤེས་རབ་ཡེ་ཤེས་ཀྱི་དབོང་བསྐུར་བའོ།། དེ་ཉིད་བཅུ་གཉིས་པ་གོ་ཆ་ཆེན་པོས་ཡང ་ངག་བསྲུངས་ཞེས་བྱ་བ་ནི་ལུས་ཀྱི་འཁོར་ལོ་དང་། སེམས་ཀྱི་འཁོར་ལོ་རྣམ་དག་བསྒོམ་པའོ།། དེ་ཉིད་བཅུ་གསུམ་པ་སྔགས་རྣམས་ཞེས་བྱ་བ་ནི་གཙོ་བོ་དང་འཁོར་གྱི་སྔགས་བཟླས་པའོ།། དེ་ཉིད་བཅུ་བཞི་པ་མཆོད་པ་ཡིན་ཞེས ་བྱ་བ་ནི་བདུད་རྩི་ལྔས་མཆོད་པ་དང་བསྟོད་པ་དང་གཏོར་མ་སྦྱིན་པའོ།། ཉེ་བར་བསྡུ་བ་ནི་མ་གསུངས་ཀྱི་སྨོན་ལམ་བཏབ་ནས་དཀྱིལ་འཁོར་ཉེ་བར་བསྡུ་བ་རྒྱུད་བླ་མ་ལས་གོ་བར་འགྱུར་རོ།། ཞེས་དགོངས་པ་ཡིན་ནོ།། དེ་ལྟར ་དེ་ཉིད་བཅུ་བཞི་པ་བཤད་ནས་རྣམ་པར་དག་པའི་འཁོར་ལོ་ལ་སྨོན་ལམ་གདབ་པ་ནི། མི་མཆོག་གང་ཞིག་ཀུན་སྤྱོད་པ། ཞེས་བྱ་བ་ནི་ས་ལ་འདོད་པའི་དབང་ཕྱུག་གཤོག་ཅེས་བྱ་བ་སྟེ་དངོས་གྲུབ་བདེ་བར་གཤེགས་པའི་ས་ཐོབ་པ་དང ་དངོས་གྲུབ་དངོས་པོ་ཆོས་དང་ལྡན་པའི་འཁོར་ལོ་སྒྱུར་བའི་རྒྱལ་པོར་འགྱུར་པ་དང་། དངོས་གྲུས་གསུམ་པོ་སོ་ལ་འདོད་པའི་དབང་ཕྱུགས་ལྷའི་དབང་ཕྱུག་ལྕིའི་དབང་པོ་བརྒྱ་བྱིན་ལྟ་བུར་འགྱུར་རོ།། དེ་ལྟར་བསྐྱེད་རིམ་གྱི་ཐབས ་བཤད་ནས་བསྐྱེ་རྫོགས་གཉིས་ཀཱིའི་ཕན་ཡོན་གསུངས་པ་ནི། དཔེར་ན་མར་གྱི་གང་བའི་སྣོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། མར་ལྟ་བུའི་བསྐྱེད་རྫོགས་གཉིས་སོ།། གང་བའི་སྣོད་ནི་སྐལ་བ་དང་མཉམ་པའི་གང ་ཟག་གོ། མའི་དབུས་བཞག་པ་ནི་བྱིན་རླབས་དང་མངོན་སུམ་གྱི་ལམ་ཡང་དང་ཡང་བསྒོམ་པའི།། མར་སར་གཉིས་དུ་ཞུ་བ་ནི། བསྐྱེད་རྫོགས་ཀྱི་མཚོན་མ་ཐོབ་པ་ལྷའི་སྐུ་མཐོང་བའོ།། སྣོད་ཀྱི་རིམ་པ་འཇིག་པ་ནི། ་མལ་པའི་ལུས་ངག་ཡིད་གསུམ་ནུབ་པར་འགྱུར་པོ།། ཕན་ཡོན་གཉིས་པ་དཔལ་ཧེ་རཱ་ཀརཱི་མཚན་བཟུང་ནས་བཟླས་པ་འམ་བསྒོམ་པ་འམ་བསམ་པ་འམ་ཐོས་པའི་ཤེས་རབ་ཀྱི་གླེགས་བམ་བྲིས་པ་ཡིས་མཐོ་རིས་ཀྱི ་ལྔའི་ལྷའི་རྒྱལ་པོ་འམ་མིའི་འཁོར་ལོ་སྒྱུར་བར་འགྱུར་བའོ།། ཕན་ཕོན་གསུམ་པ་ནི་འཆི་བའི་ཚེ་ཕཊ་ཕཊ་ཀྱི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་ལ་སྐྱེ་གནས་ཀྱི་ཕྱག་རྒྱ་ཐུགས་ཀར་བཅུག་ན་དཔལ་ཧེ་རུ་ཀ་ལ ་སོགས་པ་ལྷ་མོའི་འཁོར་ལོ་དང་བཅས་པས་གླུ་དང་རོལ་མོའི་སྒྲ་བསྒྲགས་ནས་མཁའ་སྤྱོད་པ་འོག་མིན་གྱི་གནས་སུ་ཁྱེར་བར་བྱེད་དེ།། ལས་བཞི་པ་ཉེས་དམིགས་ནི་དེ་འདྲའི་དཔའ་བོ་ཆེན་པོར་བསྒོམས ་བའི་རྣལ་འབྱོར་པ་དང་། དེས་གསུངས་པའི་རྒྱུད་ཆེན་པོ་ལ་མ་དད་པར་གྱུར་ན་མངོན་པར་མཐོང་བར་དབུལ་ཞིང་འཕོངས་པའི་ངན་སོང་གསུམ་དང་། ངེས་པར་ལེགས་པའི་དབུལ་བའི་ཁམས་གསུམ་འཁོར་བའི་སྡུག ་བསྔལ་གྱིས་གདུངས་པར་འགྱུར་རོ།། དེ་ལྟར་ཡིན་ཡོན་དང་ཉེས་དམིགས་བཤད་ནས་དོན་གསུམ་པའི་སྐུ་བསྒོམ་པའི་རྒྱས་པར་བཤད་པ་ནི་མགུལ་རྒྱན་ལ་སོགས་པའི་ཕྱག་རྒྱ་དྲུག་དང་། གསུང་རབ་ཡན་ལག་བཅུ་གསུངས ་པིའི་སྐ་རགས་སིལ་སིལ་སྒྲ་སྒྲོགས་པའོ།། དེ་ནས་གང་དུ་སྒོམ་སྙམ་ན། རི་དང་སྣ་ཚོགས་པདྨ་ལྟེ་བར།། རྒྱུ་གང་གིས་བསྐྱེང་སྙམ་ན། ཨཱ་ལ~ཾ་ཀཱ་ལི་སྐྱེས་ཞེས་བྱ་བ་མངོན་པར་བྱང་ཆུབ་པ་ལྟས་བསྡུས་པའོ།། དེ་གང་ཞིག ་འདུལ་སྐཱནྡྷ་ནཱ། ཨུ་མའི་བདག་པོ་རྣམ་པར་གནོན་ཞེས་བྱ་བ་གསུངས་སོ།། དེ་ཤེས་རིབ་དང་ལྡན་པ་ཡིན་སྙམ་ན། རྡོ་རྗེ་དང་དྲིལ་བུས་སྐུ་ལ་འཁྱུད་ཅེས་བྱ་བོ་གསུངས་སོ།། ཕྱག་དུ་དོང་ལྡན་སྙམ་ནེ། ཉི་ཤུ་རྩ་བཞིའི་ཕྱེད་ལྡན ་ཕ་ཞེས་བྱེ་བ་སྨོས་ཏེ། ཕྱག་བཅུ་གཉིས་དང་ལྡན་པའོ།། འཁོར་ཇི་ལྟ་བུས་བསྐོར་ཞེ་ན། དཔའ་བོ་རྣལ་འབྱོར་མེ་ཚོགས་ཞེས་བྱ་བ་གསུངས་ཏེ། དཔའ་བོ་ཉི་ཤུ་རྩ་བཞི་དང་དཔའ་མེ་སུམ་ཅུ་སོ་དྲུག་གིས་བསྐོར་བའི།། ་ཇི་ལྟ་བུའི་གློས་གར་བྱ་སྙམ་ན། དཔལ་ལྡན་ཧེ་རུ་ཀ་རྒྱལ་ཆ། གོ་འཕང་མཆོག་གི་མསྒོམ་པར་བྱ།། ཞེས་བྱ་བ་གསུངས་སོ།། སྤྲུལ་པའི་སྐུ་ཇི་ལྟ་བུ་ཞིག་ཡིན་སྐམ་ན། རྣལ་འབྱོར་ཀུན་དང་རྣལ་འབྱོར་མའི།། འཁོར་བཅས་དབུས་སུ ་སྦྱོར་ལྡན་པས།། ཐམས་ཅད་དགྱེས་ཤིང་གཉིས་མེད་འགྱུར།། འབྱིན་དང་སྡུད་པར་མཛད་པ་ཡིན་ཞེས་གསུངས་ཏེ། སྤྲུལ་པའི་སྐུ་ཇི་ལྟ་བུ་ཞིག་ཡིན་སྙམ་ནཱ། དབུས་ཀྱི་གཙོ་བོ་འཁོར་དང་བརྙས་པ་ཐམས་ཅད་ཀྱང་ཡབ་ཡུམ ་གཉིས་སུ་མེད་ཅིང་སེམས་ཅན་གྱི་དོན་དུ་སྤྲོ་ཞིང་མཛད་པ་རྫོགས་ནས་སྡུད་པ་ཡིན་ནོ།། དེའི་དོན་འདི་སྐད་སྟོན་པ་ཡིན་ཏེ། མ་འོངས་པའི་གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པ་རྣམས་ཀྱིས་དཔའ་བོ་དང་དཔའ་མོ་གཉིས་སུ་མེད་པའི ་འཁོར་ལོ་བསྒོམས་ནས་ཐུན་བཞིར་སྤྱི་བསྠཱ་བྱ་བ་ཡིནྡ་ནོ་ཞེས་བྱ་བའི་ཐེ་ཚིག་གོ། དོན་ལྔ་བསྐྱེད་ཐེའི་རིམ་པ་ཁྭ་སྦྱོར་བསྒོམ་ཞིང་རྫོགས་པའི་རིམ་པ་མངོན་སུམ་དུ་བསྒོམས་ནས་སྤྱོད་པ་དགོས་མི་དགོས་པའི་མནྟ་ཏནྟྲ་ཡ ་གསུམ་གྱི་རྒྱུ་ཚིགས་པས་དངོས་གྲུབ་རྣམས་འབྱུང་ཞིང་གསང་སྔགས་ཀྱི་སྒོ་ལ་མོས་པ་སྐལ་པ་དང་ལྡན་པའི་སེམས་ཅན་རྣམས་ལའོ།། སྤྱོད་པ་སྣ་ཚོགས་སྟོན་མཛད་པ་ནི་མནྟ་ཏོནྟྲ་ཡནྡྷའོ།། སྣ་ཚོགས་ཚུལ་གྱིས་གདུལ ་བྱ་བ་ནི། རྒོད་དང་བལྟ་དང་ལག་བཅིངས་དང་། འི་ཁྱུད་པས་འདུལ་བའི་ཐབས་ནི་སྣ་ཚོགས་སྟོན་པ་ཡིན་ཞེས་བྱ་བ་ནི་བྱིན་བརླབས་དང་མངོན་སུམ་གྱི་ལམ་གསུངས་པའོ།། དེ་ལྟར་འདུལ་བའི་ཐབས་བསྟན་ནས་དོན་ལྔ ་ཅིག་ཆར་འཇུག་པའི་ཐབས་སྟེན་པ་ནི། ཟབ་མོའི་ཆོས་ནི་སྟོན་པ་ལ། གལ་ཏེ་མོས་པར་མ་གྱུར་ཀྱང་ཞེས་བྱ་བ་གསུངས་ཏེ། ལས་ལ་དབང་བཞི་ལས་བགོས་བསྐུལ་སྤྱོད་པ་དང་། ཞི་གནས་དང་ལྷག་མཐོང་གོམས་པ་ལས ་བྱུང་བ་དང་མི་མཐུན་པ་ལ་ཡང་སྨོང་པ་དག་ཏུ་མི་བྱ་སྟེ། ལས་ཀྱི་རྒྱུ་རྐྱེན་ཚོགས་པའི་བརྟེན་འབྲེལ་གྱི་ཚོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པ་བཞིན་དུ་སྔགས་ཀྱི་རྟེན་འབྲེལ་གྱི་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་། འཁྲུལ་འཁོར་གྱི ་རྟེན་འབྲེལ་གྱི་ཚོགས་པ་བསམ་གྱིས་མི་ཁྱབ་པ་དང་། སྨན་དང་ནོར་བུའི་མཐུ་བསམ་གྱིས་མི་ཁྱབ་པ་དང་། མདོ་སྡེ་ལས་གསུངས་པའི་ཆོས་ཉིད་དྲན་པར་བྱོས་ནས་སྨད་པར་མི་བྱའོ།། མངོན་སུམ་དང་བྱིན་རླབས་ཀྱི་ལམ་འདིས་སངས་རྒྱས ་དང་དེའི་སྲས་རྣམས་ཀྱིས་མཆོག་ཏུ་གྱུར་པའི་རྣལ་འབྱོར་འབྲས་བུ་ལམ་དུ་བྱེད་པའི་སྔགས་ཀྱི་ལམ་འདི་ཡིན་པས་སངས་རྒྱས་རྣམས་འབྱུང་ཡང་རུང་མི་རུང་ཡང་རུང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནོ་སྒྲུབ་པ་སྤངས་པས་འཕེལ་བ་འམ། ་སྒྲིབ་པ་དང་བཅས་པས་འབྲི་བ་མེད་པས་གཟུགས་བརྩོན་ལ་སོགས་པའི་སྦྱོར་མའི་དྲཔེ་བརྒྱད་ལ་གང་དུ་སྟོང་ཉིད་ཀྱི་ངེས་པ་དྲངས་ནས་མཐོ་བཞིན་དུ་ཤེས་རབ་ཡེ་ཤེས་དང་། དབང་བཞི་པ་ཆོས་ཉིད་མངོན་སུམ་དུ་མཐོང་བས་གནས་པ་ཡིན་ནོ།། ་དེ་ལྟར་བྱིན་བརླབས་དང་མངོན་སུམ་གྱི་ལམ་བསྒོམ་པའི་རྣལ་འབྱོར་པ་འཇིག་རྟེན་ལ་མི་སྨོད་ཅིང་མངོན་སུམ་མཐོང་བའི་བགྲང་བའི་ལམ་ཅིག་ཅར་འཇུག་པའི་རྣམ་པར་ཐར་པ་ཀུན་བཟའ་སངས་རྒྱས་ཀྱི་རོལ་པ་བསམ་གྱིས་མི་ཁྱབ་པ་འང ་བརྟེན་པའི་ལམ་ཡིན་ན་ཤེས་པར་བྱའོ།། གལ་ཏེ་ཅིག་ཅར་འཇུག་པ་ལ་མམས་བཱིའི་ཇི་ལྟ་བུའི་ལམ་ཡིན་སྙམ་ན། ཇི་སྲིད་ཀྲི་ཡ་སོག་སྦྱང་ན་གརྣལ་འབྱོར་གསང་མམའི་དབྱེ་བ་ཉིད་ཅེས་བྱ་བ་གསུངྱས་ཏེ། བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། ་ཀརཱི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་དང་།། གསང་བའི་མཐའི་རྣལ་འབྱོར་མའི་རྒྱུད་ཀྱི་རིམ་གྱིས་སེམས་ཅན་མོས་པས་འཇུག་པརྣམས་ལ་དེ་དང་དེའི་རྣམ་པར་ཐར་པ་ལ་དགའ་བ་ལ་ཚེ་རྒྱ་མཚོ་ཆེན་པོར་འབབ་པ་བཞིན་དུ་བདེ་མཆོག་གི་ཕ ་ལ་རིམ་གྱི་འཇུག་པར་བྱའོ།། དགྱེས་པའི་རྡོ་རྗེ་ལས་ཀྱང་ཐ་མ་དྷ་དགྱེས་རྡོར་གར་བསྣུན་པར་བྱ་ཞེས་གསུངས་སོ།། ཎྱ་ནི་བྱིནྡ་རླབས་རླུང་མཚན་སུམ་གྱི་ལམ་སྟོན་པ་ཡིན།། རྒྱལ་བ་ནི་མངོན་སུམ་གྱི་ལམ་གླས་ལ་ཞིང་མཛེས་པ་ར ་འབད་པས་ན་རྒྱལ་བའོ།། འབུམ་པོའི་ནང་ནས་ཀྱང་འབུམ་པ་དང་ཤློཀ་འབུམ་པ་ལས་ཕྱུང་བའི་ཕྱེ་མའི་ཕྱི་མའོ།། དངས་གྲུབ་ཀྱི་ཆོ་ག་ནི་རྒྱུ་བ་དང་མོ་རྒྱུ་བའི་སྦྱིན་སྲེག་པ་འཁྲུལ་འཁོར་གྱི་ཚིག་ར།། ཤིན་ཏུ་སྤྱད་དང་འབྱུང ་བསྒོམ་མཱི་དགྲོང་མཱནྟ་དང་ཡཱནྡྲའི་རྐྱེན་འབྲེལ་ལ།། བསྟན་བཅོས་ཐམས་ཅད་པ་ནི་འཇིག་རྟེན་དང་ཐུན་མང་ངོང་མཆོག་གི་དངོས་གྲུབ་ཀྱི་ཐ་བརྒྱས་པའོ།། བ་ལྐུགས་པས་གྲུབ་པའི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་བཞིན་དུ་སྔགས་བརྗོད་པ་ཙམ་གྱིས ་བདུད་བཞི་ཆོམ་བཅོཾ་དཔའོ།། གདེང་མ་ནས་གྲུབ་པ་ནི་འདས་པའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པར།། དེ་ཡང་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས།། མ་འོངས་རྣམས་ཀྱང་གསུངས་འགྱུར་ལ། ང་ལྟར་བྱུང་བའི ་རྫོགས་སངས་རྒྱས་ནས་གསུངས་པའི་དཱུ་ར་ར་ལེ་རུ་ལྔ་བཅུ་རྩ་གཉིས་ཡོད་ཀྱང་ལེ་རུ་ལྔ་བཅུ་པ་ལ་གཅིག་ཏུ་བསྡམས་ནས་གྲངས་ཤེས་པར་མཛད་པ་ཡིན་ན།། རྫོགས་སོ།། ཞེས་བྱ་བ་ནི་རྒྱུང་མཐར་ཐུག་པའི་ཚིག་ན ་བསྟོད་པས་གཉིས་མེད་སྨད་པོས་མི་དགྱེས་མེད། འགྲོ་བ་ཀུན་ལ་བུ་གཅིག་ལྟར་དགོངས་ལ། གང་གིས་གནོད་པ་བྱས་ཀྱང་འདི་མཛད་པའི། རྗེ་བཙུན་བདེ་མཆོག་སྐུ་ཡི་ཞབས་བཏུད་ནས། སངས་རྒྱས་སྲས་དང་བཅས་པའི ་སྤྱོད་ཡུལ་གྱི།། རྟོགས་དཀའ་བདེ་མཆོག་བཤད་རྒྱུད་ལ་བརྟེན་ནས།། བླ་མ་དམ་པའི་བདུད་རྩི་གདམ་ས་ངག་གིས།། རྒྱ་ཆེར་བཤད་པ་འགྲོ་རྣམས་རྟོགས་གྱུར་ཤོག། དཀྱིལ་འཁོར་བདེ་མཆོག་གི་རྒྱ་ཆེར་བཤད་པའི་ཚིག་དོན ་རབ་ཏུ་གསལ་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་རྡོ་རྗེས་མཛད་པ་རྫོགས་སོ།། །། བླ་མོ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་།། འབངས་ཀྱི་སྨོན་ལམ་གྲུབ་པ་མི་འགག་ཆོས།། འབངས་དང་གྲོགས་ཀྱི་དོན་ཞུས་རྗེས་གནང་བ། ་མཆོག་དགའི་བསམས་ལ་གྲོགས་ལ་འཕེལ་བར་སྨོན།། རྒྱུ་གར་གྱི་པཎྜི་ཏ་པ་རཱ་ཧེ་ཏ་དང་།། ཞུ་ཆེན་གྱི་ལོ་ཙཱ་བེ་དགེ་སློང་འཕགས་པ་ཤེས་རབ་ཀྱིས་བསྒྱུར་ཞིང་གཏན་ལ་ཕབ་པའོ།། ་བསོད་ནམས་སྟོབས་རྒྱས་གྱིས་མཚན་མར་གྱུར་འགྲོ་ཧཱ་ཡིས། ཚེརབསོ་དུས་མར་བས་རིགས་པའི་སྡིག་སྒྲིབ་མ་ལུས་ཀུན།། དག་འོདིས་དུག་ལྔའི་མེ་ལྕེ་ཆུ་ཡིས་བཙལ་བ་བཞིན། རིང་མིན་བྱང་ཆུབ་སྙིང་པོའི་གཽ་འཕང་འ་མྱུར་པོ་བཤོག། ཅེས་མི་དབང་པོ་ལྟ་བས་སྒོ་གསུམ་ཚིག་དྲིལ་གྱི་སྨོན་ལམ་བཏབ་པའོ།། ། ་