| Wylie | e-texts produced with BDRC’s OCR application |
བོ་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སྤྲོ།། དཔལ་འཁོར་ལོ་སྦོམ་པོ་ལ་ཕྱག་འཚལ་ལོ།། བྱིས་པའི་རྗེས་སོ་བྱིས་པ་འབྲེང་།། བྱིས་པས་བྱིས་པ་འཇིག་འགྱུར་བས། ་འདིར་བྱིས་པ་གྲོལ་བར་བྱ་བའི་ཕྱིར།། ཞེས་པ་འཆད་པར་བསམས་སོ།། བྱིས་འཆིང་ལམ་དུ་དཀྱེར་བ་བཤད།། དེ་ལ་འདུལ་བ་དོན་ཡོད་པར་གྲུབ་པ་ཞེས་བྱ་བ་རྣལ་འབྱོར་པ་ཆེན་པོའི་རྒྱུད་ལས།། ་གང་གི་རྨོངས་པ་འཆིང་འགྱུར་ཞིང་།། ངུ་འབོད་མཐར་ནི་ངོས་འགྱུར་བ།། དེ་ཉིད་ཀྱིས་ནི་གྲོལ་འགྱུར་ཞིང་།། ཤེས་རབ་སྟོབས་ཀྱིས་བདེ་བ་ཐོབ།། ཅེས་གསུངས་པའི་དོན་མཁས་པས་མངོན་དུ་བསྟོན་པར་བྱ་སྟེ།། གང ་དེ་ལ་མཆོག་དུ་བསྡམས་པར་བྱ་བ་ཡིན་པས།། ཐོག་མར་རྒྱུད་བརྟག་པར་བྱའོ།། དེ་ལ་ཆུ་མཉམ་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཡུན་རིང་པོར་སྐྱེ་བར་མི་འགྱུར་ཡང་དངོས་པོ་དེས་དེ་ལ་འདོད་ཚོགས་ལ་སོགས ་པ་མི་འབྱུང་བ་མ་ཡིན་ནོ།། ཉོན་མོངས་པ་ཆུང་བ་ནི་འདོད་ཚོགས་ལ་སོགས་པའི་དངོས་པོ་ཆེན་པོ་དང་།། མང་པོ་དང་ལྷག་པ་དང་ཕྲད་ཅིང་མངོན་དུ་གྱུར་པ་ལ་ནི་ཉོན་མོངས་པ་བུལ་བར་སྐྱེ་ལ།། འབྲིང་དང་ཆུང་ངུ་ལ་ནི་ཤིན ་ཏུ་ཆ་ཕྲ་བའོ།། གང་ཟག་འདོད་ཆགས་སྤྱད་པ་ནི་ཆགས་པའི་དངོས་པོ་ཆུང་ངུ་དང་།། ངན་པ་ལ་ཡང་ཆགས་པ་ཆེན་པོར་འགྱུར་ན།། དེ་ལས་ལྡོག་པ་ལ་ལྟ་ཅི་སྨོས་ཏེ།། ཡུན་རིང་དུ་ཆགས་པའོ།། དབང་པོ་མཉེན་པ་དང་།། ་དེ་བཞིན་དུ་འཇམ་པ་དང་། མི་བྱུང་བ་དང་། ལུས་ངག་གིས་གཞན་ལ་ཐོ་འཚམ་པ་མ་ཡིན་པ་དང་། དཔྲལ་བར་དཀའ་བ་དང་། དམན་པ་ལ་མོས་པ་དང་།། སྤྲོ་རིང་བ་དང་། དེ་ལ་འདུ་བ་དང་། ཡིད་མི་བདེ་བ་མང་བ་དང་། ་ཀུན་དགའ་བ་མང་བ་དང་། ཁྲོ་གཉེར་མེད་པ་དང་། མདོག་གསལ་བ་དང་། འཛུམ་པ་སྔོན་དུ་གཏོང་བ་དང་། ཤ་རྩི་དམར་ཞིང་འགྲོ་བ་མགྱོགས་པ་དང་། འཁུན་བུར་སྨྲ་ཞིང་མི་བརྟན་པའི་བསམ་པ་སྣ་ཚོགས་རྒྱུ་བའོ།། ཞེ་སྡང་དང ་ལྡན་པའི་གང་ཟག་ནི་ཤ་རྩི་ནག་ཅིང་སྟོབས་ཆེ་བ། དྲང་པོར་འགྲོ་ཞིང་བརླང་པོར་སྨྲ་བ། ཐམས་ཅད་མནར་སེམས་དང་ལྡན་པ།། ཞེ་སྡང་བའི་དངོས་པོ་ཆུང་ངུ་ལ་ཁོང་ཁྲོ་བ་ཀུན་ནས་དཀྲིས་པ་སྟུག་པོ་དང་། མང་པོ་སྐྱེད་པར ་བྱེད་ན། འབྲིང་དང་ཆེན་པོ་ལ་ལྟ་སྨོས་ཅི་དགོས་ཏེ། ཡུན་རིང་དུ་གནས་པར་བྱེད་དོ།། དབང་པོ་མི་གཉེན་མི་འཇམ། གཞན་ལ་ཐོ་འཚམ། དཔྲལ་བར་སླ། ཡིད་འབྱུང་བ་སྨྲ། མུ་ཅོར་སྨྲ། སྤྱི་བརྟོལ་ཆེ། མི་མོས་པ་མང་། ་ལྔས་ཀྱི་མཐའ་ངམ་བརྟན། བརྟུལ་ཞུན་དམ་ལྡན། ཡིད་མི་དེ་ཡང་འཁྲུག་པ་མང་། བཟློག་དཀའ།། གནོད་བཞིན་དུ་གནས། ཁྲོ་གཉེར་དང་ལྡན། གཞིན་གྱི་མདོག་མི་གསལ་བའོ།། གཏི་མུག་དང་ལྡན་པའི་གང་ཟག་ནི་རྨོངས་པར་འགྱུར ་བའི་དངོས་པོ་ཆུང་ངུ་ལ་ཡང་གཏི་མུག་གིས་ཀུན་ནས་དཀྲིས་པ་སྟུག་པོ་དང་། མང་པོ་བསྐྱེད་པར་བྱེད་ན་གཞན་ལྟ་ཅི་སྨོས་ཏེ། ཡུན་རིང་དུ་གནས་པར་བྱེད་དོ།། དབང་པོ་བུལ་བ་དང་། བླུན་པ་དང་། ཞན་པ་དང་། ལུས་ཀྱི ་ལས་ཀྱི་མཐའ་ལྷོད་པ་དང་། ངག་གི་ལས་ཀྱི་མཐའ་ལྷོད་པ་དང་། ཉེས་པས་སེམས་དཔའ་དང་། ཉེས་པར་སྨྲ། ཉེས་པར་བྱས་པའི་ལས་བྱེད། ལེ་ལོ་ཆེ། སྒྲུབ་མི་ཕོང་། སྨྲ་བ་ཞན། ཡིད་མི་འཇུག། བརྗེད་པས་ཤེས ་བཞིན་དུ་མི་སྤྱོད།། ལོག་པར་འཛིན། དཔྲལ་བ་དཀའ། ཡིད་འབྱུང་བར་དཀའ། དམན་པ་ལ་མོས། གླེན་དིག་ལྐུགས། ལག་པས་བརྡ་བྱེད། ལེགས་པར་གསུངས་པ་དང་། ཉེས་པར ་བཤད་པའི་ཆོས་རྣམས་ཀྱིས་དོན་ཀུན་ཤེས་པར་མི་ནུས།། རྐྱེན་གྱིས་ཕྲོགས། གཞན་གྱིས་ཕྲོགས། གཞན་གྱི་དྲིང་ལ་འཇོག། ཤ་མདོག་ངེས་པ་མེད། ངལ་བར་རྒྱུ་བའོ།། གང་ཟག་ང་རྒྱལ་དང་ལྡན་པ་ནི། ཁེངས་པར ་གྱུར་པའི་དངོས་པོ་ཆུང་ངུ་ལ་ཡང་ང་རྒྱལ་གྱི་རྒྱུ་ཀུན་ནས་དཀྲིས་པ་སྟུག་པོ་དང་། མང་པོ་སྐྱེ་བར་བྱེད་ན། འབྲིང་དང་ཆེན་པོ་ལ་ལྟ་ཅི་སྨོས་ཏེ།། ཡུན་རིང་དུ་གནས་པར་བྱེད་དོ།། དབང་པོ་རྒོད་པ་དང་། དབང་པོ་འདམ་ལྟ་བུར་མཐོ། ་ཁེངས་ལུས་ཆེར་བརྒྱན་པ་ལ་སྦྱོར་བའི་རྗེས་སུ་བརྩོན།། བརྩན་ངག་ཏུ་སྨྲ་ཞིང་མི་འདུད།། ཕ་མ་ཉེ་དུ་བླ་མ་ལྟ་བུ་དག་ལ་དུས་གསུམ་དུ་རྐྱེན་དུ་འབབ་པའི་མཆོད་པ་མི་བྱེད། ལུས་མི་འདུད། གསོང་པོར་སྨྲ་བ་དང་། ཕྱག ་འཚལ་མངོན་དུ་ལྡང་ཐལ་མོ་སྦྱར་ཞིང་འདུད་བར་བྱེད་པའི་ངང་ཚུལ་ཅན་མ་ཡིན་པ་དང་། བདག་ཉིད་ཀུན་ཏུ་འཛིན།། བདག་བསྐྱོད་གཞན་ལ་སྨོད། རྙེད་པ་དང་། བཀུར་བསྟི་འདོད། གྲགས་པ་འདོད། ཐ་མ་ཐོམ་གྱི ་སྣོད་གྱུར། དཔྲལ་ཅིང་ཡིད་འབྱུང་བ་དཀའ། རྒྱ་ཆེན་པོ་ལ་མི་མོས། སྙིང་རྗེ་ཆུང་། བདག་དང་སེམས་ཅན་དང་། སྲོག་དང་གསོབ་དང་གང་ཟག་ཏུ་ལྟ་བ་ཤས་ཆེ། ཁྲོ་གཏུམ་ཆེ་འཁྲུག་པ་དང་ལྡན་པ་ཡིན་ཏེ། དེ་ལྟ་བུ ་དང་མཐུན་པ་ནི་ང་རྒྱལ་གྱི་རྟགས་སོ།། ཕྲག་དོག་དང་ལྡན་པའི་གང་ཟག་ནི་ཤ་མདོག་སྔོ་ནག་པ། འདུས་པའི་ཡུལ་མེད་པར་རྒྱུ་བ། གཞན་ལ་གནོད་པར་སྨྲ་ཞིང་། ངེས་པ་མེད་པའི་བསམ་པ་སྣ་ཚོགས་རྒྱུ་བའོ།། ཞེས ་གསུངས་པ་འདི་དག་ངེས་པར་སློབ་དཔོན་གྱིས་བརྟགས་ལ་གདམས་པར་བྱའོ།། དེ་ཡང་གསུངས་པ། སྲེག་བཅད་བདར་བའི་གསེར་བཞིན་དུ།། ཡོངས་སུ་བརྟགས་ཏེ་ང་ཡི་དཀའ།། བླང་བར་བྱ་ཡིས་གུས་ཕྱིར་མིན།། ཞེས ་གསུངས་པས། དངོས་སུ་སྒྲོལ་བ་ལ་བསམ་གྱི་མི་ཁྱབ་པར་འདོད་པ་དང་། རྒྱུ་མ་དག་པ་ལ་བསམ་གྱིས་མི་ཁྱབ་པར་འདོད་པ་དང་། ཕྱོགས་ཙམ་ལ་བསམ་གྱིས་མི་ཁྱབ་པར་འདོད་པ་དང་། རབ་ཏུ་ཐལ་པོ་བསམ་གྱིས ་མི་ཁྱབ་པར་འདོད་པ་སྟེ། འདི་དག་ནི་རྨོངས་པ་རྣམས་ཀྱི་ངན་རྟགས་ཡིན་ཏེ། མཁས་པས་ཀུན་ཏུ་སྦྱངས་པར་བྱ་བ་ཡིན་ནོ།། བླང་བར་བྱ་བ་ནི་མཆོག་ཏུ་གསདྲ་བ་བསམ་གྱིས་མི་ཁྱབ་པ་སྟེ། དེ་ཡང་གསང་བ་བསམ་གྱིས ་མི་ཁྱབ་པ་དང་། བཟོད་པ་བསམ་གྱིས་མི་ཁྱབ་པ་དང་། ཐབས་བསམ་གྱིས་མི་ཁྱབ་པ་དང་། འཕོ་བ་བསམོ་གྱིས་མི་ཁྱབ་པ་དང་། འབྲས་བུ་བསམ་གྱིས་མི་ཁྱབ་པ་དང་དྲུག་གོ།། གསང་བ་བསམ་གྱིས་མི་ཁྱབ་པ་ནི་བླ ་མའི་གདམས་པའོ།། བཟོད་པ་བསམ་གྱིསོ་མི་ཁྱབ་པ་ནི། དུག་ལྔ་སྦས་པའི་ལོམ་དུ་ཁྱེར་བའོ།། གསང་པ་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་ཁ་ཅིག་ཀྱང་དུག་ལྔར་འདུས་མོས་ཀྱི་དགོངས་པ་ཅན་ཡིན་ནོ།། དུག་ལྷ ་ལམ་དུ་ཇི་ལྟར་འཁྱེར་ན། གཅིག་གི་སྟོང་ཉིད་གང་ཡིན་པ། དེ་ནི་ཀུན་གྱི་སྟོང་ཉིད་ཡིན། ཞེས་གསུངས་པས་འདོད་ཆགས་ཀྱི་སྟོང་ཉིད་ཇི་ལྟ་བ་བཞིན་དུ་ཞེ་སྡང་ལ་སོགས་པའོ།། དེ་ལ་ཕྱི་ནང་གི ་གཟུགས་ལ་སོགས་པ་ཡིད་དུ་འོང་བ་ཅིག་ལ་ཆགས་པ་སྐྱེས་པ་དེ་ཡང་ཁ་དོག་ལ་སོགས་པར་མ་གྲུབ་པསྣ་ན་བརྟག་པའི་མཐལ་བསལ་བའོ།། རླུང་རྗེས་སུ་དཔག་པ་ལས་ཤེས་པ་དེ་བཞིན་དུ། ཤེས་རིག་མྱི་འགགས ་པའི་སྒོ་ནས་ཆད་པ་མ་ཡིན་ནོ།། དེ་གཉིས་ཀྱི་བར་དེ་གཉིས་ཀའི་བདག་ཉིད་ཅན་གྱི་དངོས་པོ་ཡང་ཡོད་པ་མ་ཡིན་ཏེ། དེ་བས་ན་བཞི་པ་ནི་རྗེས་ཐོབ་ཀྱི་ཤེས་པས་དཔག་པར་བྱ་བའི་དེ་ཉིད་དུས་སུ་སྤྲོས་པ་ཅི་ཡང་ཡོད་པ་མ ་ཡིན་ནོ།། དེ་ལ་འདོད་ཆགས་མ་སྤངས་རྣམ་པར་དག་པའོ།། ཞེ་སྡང་ལ་སོགས་པ་ལ་སྨྲས་ཏེ། དེ་ནི་ཕན་ཚུན་སྤངས་ཏེ་འགལ་བ་མ་ཡིན་ནོ།། ཆོས་ཀྱི་དབྱིངས་རྟོགས་པོས་མ་ལུས་པའི་ཡུལ་དུག་མེད་པར་བྱས་སོ།། ་ཞེས་གསུངས་ངོ་།། སྔར་སྨོས་པ་ལྟར་སྟོང་པ་ཉིད་ནི་ཀུན་ཏུ་སྦྱར་བར་བྱ་ལ། དུག་ལྡིའི་བཙལ་ཐབས་ནི་ཞེ་སྡང་བཙལ་བ་བཞིན་དུ་ཀུན་ཏུ་བལྟ་བར་བྱའོ།། དེ་ལ་ནུང་པར་ལྟུང་བའི་དུས་སུ་དི་རེདེ་ནི་བདག་གི་ཞེ་སྡང་གི ་དངོས་པོ་བདག་གི་སྐྱེས་པ་འམ། ཕས་རྒོལ་བ་འམ། གཞན་དག་ཕན་ཚུན་འཐབ་པ་འམ། ཞེ་སྡང་སྐྱེས་པ་གང་ཡང་རུང་སྟེ། དེ་དག་མཆོག་དངོས་གྲུབ་འཐོབ་པར་བྱེད་པའི་ཡན་ལག་ཡིན་པས་ཞེ་སྡང་ཅི་བྱུང ་ཚོར་བར་ཤོག་ཅིག་པར་སྨོན་ལམ་བཏབ་ལ། ནམ་ཚོར་བའི་དུས་སུ་ཞེ་སྡང་དེ་ཉིད་བསམ་གྱིས་མི་ཁྱབ་པར་བྱའོ།། གལ་ཏེ་དེའི་ཉིན་པར་ཞེ་སྡང་མ་བྱུང་ན་སྔར་བདག་ཉིད་ཞེ་སྡང་སྐྱེས་པ་འམ། ཕན་ཚུན་སྡང་བ་དང་། གཞན ་གྱི་ཕན་ཚུན་ཞེ་སྡང་སྐྱེས་པ་ལ་དྲན་པ་བསྐྱེད་ལ་དེ་ཉིད་རང་བཞིན་མེད་པར་བྱའོ།། དེ་ལྟར་ནང་གཅིག་བཞིན་དུ་སྨོན་ལམ་བཏབ་ལ་བྱའོ།། དེ་ལྟར་བྱས་པས་ཞེ་སྡང་གི་དུག་གི་མྱི་ཚུག་པར་བྱའོ།། ཞེ་སྡང་སྐྱེས་སོ་ཅོག ་ལམ་དུ་ཤོས་ཙམྦ་ན། དྲུག་གཞན་ལ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། ཞེ་སྡང་ཡིད་ཀྱི་གང་ཟག་གི་ཞེ་སྡང་ཡང་དམ་དུ་བྱས་པསོ་དེ་ལས་སུ་རུང་པོ་དང་། འདིད་ཆགས་ལ་སོགས་པ་ལ་སླ་བར་འོང་བ་དེ་བཞིན་དུ་གང ་གི་ཞང་ཆེ་བ་དེ་ཐོག་མར་ཡི་དམ་དུ་བྱའོ།། དེ་ནས་གཞན་ལ་སྦྱར་བྷྲཱུཾ་ནི་སྔ་མ་བཞིན་ནོ།། ཆ་མཉམ་པ་དང་། ཉོན་མོངས་པ་ཆུང་བསྡུ་ཀྱང་ཐུག་མྱུར་གང་ཡང་རུང་བ་ཅིག་ཡི་དམ་དུ་བྱས་ལ། དེ་ལས་སུ་རུང་བ་དང་རོམ ་གྱི་སྤྲོ་བར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ལས་དང་པོའི་གང་ཟག་གི་གཅིག་ལ་མཆོག་ཏུ་མ་གདིས་ན། དུག་ལྔ་མང་དུ་འབྱུང་བས་ཡིད་གཏོང་སྙིང་མི་འདོད་དེ། གཞུག་ལྷོད་པ་སྐྱེ་བར་འགྱུར་རོ།། དེ་དག་ནི་སྔོན་དུ ་བསྟན་པར་མྲི་བ་སྟེ། ན་མོ་སྒོམ་པའི་དུས་སུ་གཟོད་གང་ལ་དེ་གདམས་པ་ཞེས་པ་སྔོན་དུ་བསྟན་པའི་དོན་དེ་ནི་དེ་ཉིད་ཡི་དམ་དུ་གདམས་པའོ།། དུག་ལྔས་འཇིགས་པ་བརྟུལ་ནས་མི་འཇིགས་པ་ལ་ཞུགས་པ ་འདི་ནི་མཆོག་ཏུ་གསྡང་བའོ།། སྣོད་ཤིན་ཏུ་བབང་བ་ལ་གདམས་པར་བྱིའི།། སྣོད་ངན་ཚིག་ཙམ་ལ་བརྟེན་ནས་བག་མེད་དུ་སྤྱོད་པ་ལ་ནི་མ་ཡིན་ནོ།། ཐམས་ཅད་བསམ་གྱིས་མི་ཁྱབ་པ་ནི།། གཏོར ་མ་དང་ནི་བཟླས་པ་དང་།། དཀྱིལ་འཁོར་མེ་དང་ཆུའི་ཡིས་ལས།། ཕྱག་རྒྱ་གདུགས་སོགས་མཆོད་པ་དང་།། ཕྱག་དང་བསྐོར་བ་བྱ་བ་དང་།། ལུག་མའམ་བྲིས་པ་ལ་སོགས་དང་།། གསུང་རབ་བྲི་སོགས་རྩོམ་པ་དང་།། ཐམས ་ཅད་དུས་སུ་རྣལ་འབྱོར་པས།། ཐམས་ཅད་རང་བཞིན་རྟོག་མེད་བྱ།། གཉིད་ནི་བག་མང་མི་ལོག་སྟེ།། ཇི་ལྟར་པདྨ་ཁ་ཟུམ་པ།། གྲིབ་མས་ནོན་པས་ཟུམ་པ་སྟེ།། གྲིབཱ་སེལ་སྟོབས་ཀྱིས་རྒྱུས་པ་ལྟར།། གསལ་བ་འདས་ནས ་མ་རིག་པ།། ས་འཐུག་གྱུར་པའི་སྟོབས་ཀྱིས་ཏེ།། དབུགས་དག་མེ་ལོང་དཀྱིལ་འདུས་ལྟར།། རིམ་གྱིས་བསྔོས་ཏེ་མ་རིག་པ།། ཤེས་རབ་ཀྱིས་ནི་སྦྱང་བྱས་ནས།། ཅིག་ཤོས་ལ་ནི་ངེས་འདུས་པ།། མ་གོམས་པ་ལས་ཡིད ་མི་འབྱུང་།། གོམས་པས་ཡིད་གཉིས་མེད་པ་ནི།། རབ་ཏུ་འབད་པའི་སེམས་གོམས་ཡིན།། གསང་བ་འདུས་པ་ལས།། འཕོ་བའི་དུས་སུ་བསམ་མི་ཁྱབ།། ལས་ཀྱི་ཤུགས་ཀྱིས་འཕོ་བ་དང་།། རྣལ་འབྱོར་ལྕིབ་པའི་མན ་ངག་གོ། བསྒོམ་བྱ་སྨིག་རྒྱུ་ལ་སོགས་ལ།། མཐོང་འོག་ང་ཉིད་གནས་པ་དང་།། རང་བཞིན་གྱིས་སྒྲུབ་རྡོ་རྗེའི་ལུས།། བདུན་གྱི་འཕོ་བ་སྤངས་ནས་སུ།། སྲིད་མི་འཇུག་སྟེ་མཐའ་གཉིས་སྤང་།། སྦྱོར་སེམས་སྔོན་དུ་བཏང་བ་ཡཱི།། ་མཐོང་ནས་ལྡང་འགྱུར་མི་འཇུག་བྱེད།། འདའ་བར་མི་འགྱུར་མཆོག་གྲུབ་པའོ།། རྐང་པ་དང་ནི་ཁ་དང་ལྟེ།། སྙིང་ཁ་སྤྱི་གཙུག་མིག་རྣམས་ཏེ།། རླུང་ནི་གང་ནས་འཕོ་འགྱུར་བ།། རིམ་པ་བཞིན་དུ་སྐྱེ་ཞིང་འཐོབ།། ་དམྱལ་བ་ཡི་དྭགས་བྱོལ་སོང་དང་།། མི་དང་ལྷ་དང་ཡ་ཤེས་སོ།། དེ་ནས་སྒོ་གཞན་དགག་བྱས་ལ།། མིག་ནས་རླུང་ནི་ཕུལ་བར་བྱ།། བླ་མའི་ཞལྔ་ལ་གནས་པའོ།། དེ་བཞིན་ལྷུབ་པའང་ཞལ་ལོ་གནས།། རྣལ་འབྱོར ་མི་ཤེས་གང་ཟག་གིས།། མི་དང་ལྷ་ཡི་སྐྱེ་བཱ་རུ།། བླང་བའི་སེམས་ནི་རྩེ་གཅིག་བྱ།། རྡོ་རྗེ་མཁའ་འགྲོའི་ནང་ནས་ཀྱང་།། འཆི་ཀའི་སེམས་ནི་གཙོ་ཡིན་པས།། གང་ལྟར་བསམས་པ་དེ་ལྟར་འགྱུར།། ཞེས་གསུངསོ།། ་འོ་ན་སྡིག་པ་ཅན་ཡང་དེ་ལྟར་འགྱུར་རམ་ཞེ་ན། མི་འགྱུར་ཏེ། སྡིག་ཆེ་ལས་ཀྱིས་བསྐལ་ནས་ནི།། མན་ངག་འདོད་དང་མི་འཕྲད་དེ།། གལ་ཏེ་ཕྲད་ཀྱང་གླང་གཟེར་དང་།། སྨྱོ་འབོག་སོགས་པས་མི་དྲན་ནོ།། འོ་ན་ཚོགས ་བསགས་པ་ལ་འདར་ཀའི་སེམས་མེད་ཀྱང་བདེ་འགྲོ་རུ་སྐྱེ་བོ་ཞེ་ན།། ཚོགས་དུ་མ་བསྔགས་ཀྱང་འཆི་ཀར་སེམས་ངན་སྐྱེས་ན་རྒྱལ་པོ་མ་སྐྱེས་དགྲ་ལྟ་བུའོ།། དེ་བས་ན་འདའ་ཀཽ་མའི་བསམས་ཀྱིས་མི་ཁྱབ་པ་ལ།། ཤིན་ཏུ ་འབད་པར་བྱའོ།། འབྲས་བུ་བསམ་གྱི་ཁྱབ་པ་ནི། སྐུ་ཡང་ཡེ་ཤེས་ཏེ། གསེར་ནི་མི་གཙང་ནང་དུ་བཅུག་གྱུར་ཀྱང་།། འབར་བའི་རོང་བཞིན་ནམ་ཡང་མི་འབྲི་ལྟར། ངེས་པ་གང་ཞིག་འཇིག་རྟེན་ཆོས་སྤྱོད་ཀྱང་།། བསམ ་པའི་རང་བཞིན་ནམ་ཡང་དེ་མི་སྤོང་།། ཞེས་གསུངས་པས་གཟུགས་སྐུས་འགྲོ་བའི་དོན་བྱེད་པ་ན་ཡང་འཇིག་རྟེན་གྱི་བྱ་བ་ངན་པ་དང་བྲལ་བའོ།། དེ་ལྟར་རྒྱུ་དང་འབྲས་བུ་ཐམས་ཅད་དུ་གཉིས་སུ་མེད ་པ་ཁོ་ན་ཡིན་ཞིང་། དུག་ལྔ་ཤིན་ཏུ་བཙལ་བར་བྱ་བ་ཡིན་ཀྱང་།། ཐོག་མ་མེད་པའི་དུས་ནས་ཕྱིན་ཅི་ལོག་ལ་གོམས་པའི་དབང་གིས་ཤེས་རབ་དང་བྲལ་ནས་ལོག་པའི་ཤེས་རབ་རྒྱུ་བས་དབེན་པ་རུ་གནས་ཏེ། མི་རྟོག་པའི་ནུས་པ་རྙེད ་ནས་ཚོགས་ཀྱི་བསབ་དུ་ཕྱིན་ཀྱང་ཞེ་སྡང་ལ་སོགས་པ་གང་བྱུང་ཡང་དྲན་པ་དང་མི་འབྲེལ་ཞིང་གཞན་གྱི་དབང་དུ་མི་འགྲོ་ན་དུས་ལ་བབ་པའོ།། ཡང་ན་ཀུན་ཏུ་རྒྱུ་ཉིད་བྱ་སྟེ། གནས་གཅིག་ཏུ་ཡུན་རིང་དུ་གནས་པར་མི་བྱ་སྟེ། མི ་དང་ཁྱི་འདྲ་བས་ཁྱི་ཡང་རང་གི་གནས་ན་སྟོབས་ཆེ་ལ།། ཡུལ་གཞན་དུ་དུལ་བར་འགྱུར་རོ།། དེ་བཞིན་དུ་མི་ཡང་རང་གི་གནས་ན་ཉོན་མོངས་པ་དུལ་བར་དཀའ་སྟེ། ཡུལ་གཞན་དུ་ཉོན་མོངས་པ་ཐུལ་བར་སླ་བས་ཀུན་ཏུ་རྒྱུའི་ཚུལ ་ལ་གནས་པར་བྱའོ།། གང་ཞིག་བདག་གིས་བྱས་བསོད་ཀྱིས།། ཀུན་ཀྱང་འཚེ་བར་མེད་པར་ཤོག། གང་གི་ལམ་ནས་འགྲོ་བ་ཡིས།། སངས་རྒྱས་ཉིད་དུ་གྲུབ་པར་ཤོག། དུག་ལྔ་སྦས་པཱི་ལ་མཆོག་ཏུ་གསང་བ་བསམ་གྱིས ་མི་ཁྱབ་པ་ཞེས་བྱ་བ། སློབ་དཔོན་འཕགས་པོ་ལྷས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཡཾ་ག་ལཀྵ་ཎ་ས་ཏྱེ།། བོད་སྐད་དུ། རྣལ་འབྱོར་གྱི་མཚན་ཉིད་བདེན་པ། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག ་