CLOSE WINDOW

GT1288: rnal 'byor pa'i rtog pa'i bgegs sel ba zhes bya ba
Wyliee-texts produced with BDRC’s OCR application

པ་རྫོགས་སྷོ།། ། པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང་།། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྣལ་འབྱོར་བའི ་རྟོག་པའི་བགེགས་སེལ་བ་ཞེས་བྱ་བ། རྗེ་བཙུན་བླ་མ་རྣམས་དང་དང་ལྕེ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ཅི་ཕྱིར་ཞེ་ན་གང་གིས་གང་ལ་གང་ལྟར་བསྒོམ།། རྟགས་དང་ཡོན་ཏན་བར་ཆད་བགེགས་སྐྱོན་བསལ།། ་དེ་དག་ཤེས་ནས་གོམས་པས་བྱང་ཆུབ་འཐོབ།། མ་ཐོས་མི་ཤེས་མི་འགྲུབ་ཡང་ན་འགྱངས།། དང་པོ་ཅི་ཕྱིར་བསྒོམ་པ་བཟུང་འཛིན་གཉིས།། མ་སྤངས་ཇི་བཞིན་མ་བསྒོམས་རྣལ་འབྱོར་པས།། ཕྱག་འཚལ ་མཆོད་བཤགས་སྦྱིན་པ་མང་བྱོས་ཀྱང་།། བསོད་ནམས་འཕེལ་ཡང་ཡེ་ཤེས་རྫོགས་མི་འགྱུར།། གཉིས་གོང་གིས་རྣལ་འབྱོར་དང་ལྡན་པ།། ཐོས་མང་བརྩོན་ཞིང་དམ་ཚིག་སྡོམ་གནོས་ཤིང་།། མཆོད་དང ་སྦྱིན་མོས་བྱང་ཆུབ་སེམས་ལྗོན་པ།། དེ་ནི་ཐེག་ཆེན་གསང་བའི་སྣོད་ཡིན་སྒོམ།། གསུམ་པ་གང་ལ་ཞེ་ན་རང་གི་སེམས།། ཇི་བཞིན་མ་བཅོས་ཡེ་ནས་རྣམ་དག་ཅིང་།། སྤོས་བྲལ་ཡོད་མེད་རྟག་ཆད་མཐའ ་སྤངས་པ།། དེ་ལ་གཡེང་བ་མེད་པར་རྟག་ཏུ་གནས།། བཞི་པ་གང་ལྟར་སྒོམ་པ་བསྒོམ་བྱ་དང་།། སྒོམ་པ་གཉིས་མེད་རང་གི་ངོ་བོ་ལ།། ཅི་ཡང་མྱེད་ལ་ཅིར་ཡང་སྣང་གསལ་བར།། བྱིང་རྨུགས་སྤྲོས་པའི་རྟོག ་པ་མེད་པར་བསྒོམ།། ལྔ་པ་དེ་རྟགས་རྣལ་འབྱོར་བརྩོན་ལྡན་ལ།། དང་པོ་གཉིད་དང་འདོད་སྲོག་ཆུང་བར་འགྱུར།། དེ་ནས་རིམ་གྱིས་རྨི་ལམ་འདོད་ལ་སོགས།། རྟོག་པ་ཇི་བཞིན་ཆོ་འཕྲུལ་ག། ཟུགས་ཀྱང་སྟོན།། ་དྲུག་པ་དེ་ཡི་ཡོན་ཏན་བསམ་བརྗོད་པ།། མངོན་སུམ་ཚེ་རིང་ནད་རྣམས་གསོ་བ་དང་།། བགེགས་སེལ་ལ་སོགས་ཡོན་ཏན་མང་པོ་འབྱུང་།། དེ་བཞིན་རིམ་གྱིས་བྱང་ཆུབ་ལམ་ལ་འཇུག། བདུན་པ་བར ་ཆད་བགེགས་ནི་རྣལ་འབྱོར་པ།། གནས་སྤངས་གནས་འཚོལ་གཞན་དུ་འགྲོ་འདོད་ན།། གནོད་སྦྱིན་གཞན་དང་གཞན་དུ་འགྲོ་འདོད་དེ།། རྣལ་འབྱོར་སེམས་ལ་ཞུགས་ནུས་གནས་གཞན་འཕན།། གལ་ཏེ།། ་རྣལ་འབྱོར་བསྒོམ་ཞིང་གནས་བཟུང་བས།། སྒྲ་བཅད་བར་སྐབས་ནང་དུ་གཞན་འཇུག་དང་། ཕྱིར་བྱུང་ཁེངས་གྲགས་འདོད་སྒྲོམ་ཟས་ནོར་ཚོ་ལོ།། ཡི་དྭགས་འདོད་སྲེད་ཅན་གདོན་དེ་སེམས་ཞུགས།། གལ ་ཏེ་རྣལ་འབྱོར་སེམས་འཁྲུགས་འཐབ་འདོད་ཅིང་།། འཁོར་ལ་གཤེ་དང་གཞན་ལ་སྤྱོ་བྱེད་ན།། འབྱུང་པོའི་བདག་པོ་ཡ་བ་ཤོན་པ།། སྒྲུབ་པ་དེ་ཡི་སྙིང་ལ་ཞུགས་པ་ཡིན།། གལ་ཏེ་རྣལ་འབྱོར་འཕྲེས ་ཤིང་ཉལ་ལ་དགའ།། ཟས་སྐོམ་སྐྱེད་ཅིང་བཟླས་ལ་མི་བརྩོན་ན།། ལྟོ་འཕྱེ་ཉལ་བརྩོན་སྙོམས་བྱེད་ཅེས་བྱ་བ།། རྣལ་འབྱོར་སེམས་ལ་ཞུགས་ནས་གནས་པར་བྱེད།། གལ་ཏེ་རྣལ ་འབྱོར་རང་གི་ལོངས་སྤྱོད་རྐྱེན།། ཡོ་བྱད་སྲུང་ཞིང་སོ་འཛུགས་སྲུངས་མ་སྒོ།། གསོག་ཕྱིར་འདོད་ཚོལ་གཞན་དུ་གཏོང་འདོད་ན།། གནོད་སྦྱིན་ནོར་བསྲུངས་ཞེས་བྱ་སེམས་ལ་ཞུགས།། གལ་ཏེ་རྣལ་འབྱོར་ཕ་མ་སྤྱན་ཚོགས ་ལོ།། ཆགས་ནས་སྨོན་ལམ་རིམ་འགྲོས་སྲུང་བྱེད་ན།། ལྷན་ཅིག་སྐྱེས་པའི་བག་ཆགས་མ་བྱང་བས།། ཉོན་མོངས་མ་སྤངས་བྱང་ཆུབ་རིང་བར་འགྱུར།། གལ་ཏེ་རྣལ་འབྱོར་གཟའ་སྐར་འཇུག་ཕོད་དང་།། དུས་དང་ལོ ་ཟླ་བཟང་ངན་རྩི་བྱེད་ན།། དབྱེར་མེད་མཉམ་པོ་ཉིད་དང་འགལ་བས་ན།། བྱང་ཆུབ་ཐོབ་པར་རབ་ཏུ་དཀའ་བར་འགྱུར།། གལ་ཏེ་རྣོལ་འབྱོར་ཐོས་མདྨ་རྟོགས་ཆེ་ཞིང་།། བསྒོམ་བརྩོན་བསྙེམས་པས་བདག་བསྟོད་གཞན་སྨོད ་ནུ།། ཉོན་མོངས་མ་སྤངས་ང་རྒྱལ་འཕེལ་འགྱུར་བས།། ཕྱིར་ཡང་ལྷུང་ཞིང་བྱང་ཆུབ་རིང་བར་འགྱུར།། གལ་ཏེ་རྣལ་འབྱོར་བདག་ལ་གཞན་དག་གིས།། སྔོན་དང་ད་ལྟར་མ་འོངས་གནོད་བྱེད་ཅེས།། ཞེ་སྡང་སྐྱེས་ནས། ་རིག་སྔགས་གསོད་གཏོང་ན།། ཞེ་སྡང་དབང་གིས་བྱང་ཆུབ་རིང་བར་འགྱུར།། གལ་ཏེ་བདག་ལ་གཞན་གྱིས་མཆོད་བཀུར་ཞིང་།། བསྔགས་པ་མང་བརྗོད་བསྟོད་ལ་སེམས་དགའ་ན།། འགྲོ་ལ་ཕྱོགས་ཆར ་གྱུར་ཏེ་ཆགས་སེམས་ཀྱིས།། བྱང་ཆུབ་ལམ་ལ་འདིས་ཀྱང་རིང་བར་འགྱུར།། གལ་ཏེ་རྣལ་འབྱོར་འཁོར་མང་འདུ་ལོང་དག། རྒྱལ་པོ་ལྟ་བུར་མང་པོར་བརྟེན་ན་ནི།། ཁང་གྲགས་ཡིན་པས་བསྒོམ་པ་གཡེང་བའི་རྒྱུ།། བྱང་ཆུབ ་ལམ་ལས་ཤིན་ཏུ་རིང་བར་འགྱུར།། བརྒྱད་པ་སྐྱོན་གསལ་ཐབས་ནི་རྣལ་འབྱོར་པ།། སེམས་ལ་བར་ཆད་མཚོན་མ་དེ་བྱུང་ན།། འདི་ལྟར་བསམ་ནས་མཚན་རྟོག་གསལ་བར་བྱ།། ཆོས་སུ་ཅི་སྣང་སེམས་ལས་གཞོན་མེད ་ཅིང་།། སེམས་ཀྱི་རང་བཞིན་ཆོས་ཉིད་ངོ་བོ་ལ།། བཟང་ངན་སྤོང་ལེན་འདོད་སྲེད་བྱམས་སྡང་སོགས།། རྟོག་དང་རྟོག་པའི་དབང་གིས་བགེགས་བྱུང་ན།། སེམས་ལ་བལྟས་ནི་གང་ཡང་མི་སྣང་བས།། སྣང་མེད་སེམས་རྟོག་མཚན་མགལ ་པཔལ། རྟོག་མཚན་མར་སེམས་ལ་བཟུང་ཉེས་བྱས།། རྟོག་པ་ཐམས་ཅད་སྤངས་ཤིང་རྟོག་མེད་གནས།། རྟོག་པ་མེད་པ་ལ་ཡང་གནས་པ་མེད།། དེ་ལྟར་རིང་དུ་གནས་ན་རྟོག་བགེགས་ནི།། མྱུར་བར་ཞི་གནས་ཇི་བཞིན ་བསྒོམ་པ་ལས།། བར་ཆད་སེམས་ཀྱི་རྟོག་པ་འབྱུང་མི་འགྱུར།། བྱང་ཆུབ་འབྲས་བུ་མྱུར་དུ་ཐོབ་པར་འགྱུར།། རྣལ་འབྱོར་པའི་རྟོག་པའི་བགེགས་སེལ་བ་ཞེས་བྱ་བ།། དངོས་གྲུབ་མཉེས་པའི་སློབ་དཔོན་མཁས་པ་ཆེན ་བོ་སངས་རྒྱས་གསང་བའི་ཞལ་སྔ་ནས་མཛད་པ་རྫོགས་སྤྲོ།། དཔལ་འཁོར་ལོ་སྦོམ་པོ་ལ་ཕྱག་འཚལ་ལོ།། བྱིས་པའི་རྗེས་སོ་བྱིས་པ་འབྲེང་།། བྱིས་པས་བྱིས་པ་འཇིག་འགྱུར་བས། ་