CLOSE WINDOW

GT1287: shes rab kyi phrin yig ces bya ba
Wyliee-texts produced with BDRC’s OCR application

པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་མར་པོ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། པྲཛྭཱ་ལེ་ཁ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕྲིན་ཡིག་ཅེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།། ་བཙུན་སྤྱན་རས་གཟིགས་དབང་ཕྱུག་དང་།། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ།། དེ་ཉིད་གསུམ་གྱི་རིན་ཆེན་རྣམ་པར་དག་གྱུར་པ།། གསང་ལས་ཤིན་ཏུ་གསང་གྱུར་མཁའི་དང་མཚུངས་པར་སྣང་།། རྩེ་མོ་ཀུན་འགྲོ་བདེ་བ་མཆོག ་གི་ས་གཞིར་གྱུར།། ཤེས་རབ་དོན་དམ་གྱུར་པ་ཁྱོད་ལ་ཕྱག་འཚལ་ལོ།། སངས་རྒྱས་གོ་འཕང་གྲུབ་དོན་ཐོབ་པའི་རྒྱུར་གྱུར་ཅིང་།། ཡིད་བཞིན་ནོར་དང་བུམ་པ་བཟང་པོ་ལྟར་སྣང་བ།། དེ་ཉིད་ཤིན་ཏུ་གསང་བའི་ཕྲིན ་ཡིག་མཉན་འོས་པ།། དེ་ཉིད་དོན་གྱི་གོ་འཕང་བཤད་སྦྱོར་སྤྲིང་བར་བྱ།། དེ་ནས་སྒྲུབ་པོ་ལ་ཕན་ཕྱི།། ཤེས་རེབ་ཕྲིན་ཡིག་པད་རྡོ་རྗེས།། གསང་ལས་ཤིན་ཏུ་གསང་གྱུར་པ།། དེ་ཁོ་ན་ཉིད་རབ་གསལ་བྱ།། ་ས་སྟི་དག་པ་ཀུན་གྲོལ་བ།། ན་མཁའ་ལྟ་བུར་སྐྱེ་བ་མེད།། རིང་རིག་ཙམ་གྱིས་ཤེས་བྱ་དང་།། མོ་ཚིག་ཏུ་དགའ་བ་བྱེད་པ་མོ།། མཚན་མ་མེད་ཅིང་སྣང་བ་མེད།། དངོས་དང་དངོས་མེད་རྣམ་པར་སྤངས།། ཆོས་དབྱིངས ་རླུང་བཞིན་ཞེས་བྱ་བ།། མཆོག་ཏུ་དྲི་མ་མེད་པའི་གནས།། མཚན་མིན་ཐམས་ཅད་ཡང་དག་སྤངས།། མཚན་ཉིད་ཐམས་ཅད་ཡང་དག་རྫོགས།། བདག་མེད་དྲི་མ་མེད་པ་གཞི།། རྡོ་རྗེ་གསུམ་བྱུང་དྲི་མ་མེད།། འདོད་པའི་དོན ་གྱི་གནས་གྱུར་པ།། ཡིད་བཞོན་ནོར་བུ་བཞིན་དུ་འབྱུང་།། ལྷ་ཡི་དཔག་བསམ་ཤིང་ལྟ་བུ།། མཆོད་པ་མཆོག་གི་གནས་གྱུར་པ།། དེ་ན་གནས་པའི་ལྷ་མོ་དེས།། ཤེས་རབ་ལྷ་མོ་བླ་ན་མེད།། རྡོར་གསུམ་མི་བྱེད་སྦྱོར་བ་ཡིས།། ་དེ་ཁོ་ན་ཉིད་པདྨར་ལྡན།། ནང་གི་གནས་ཀྱི་རང་བཞིན་གྱིས།། མཆོག་ཏུ་དགའ་བ་བྱེད་མ་ལ།། དངོས་དང་དངོས་མེད་རང་བཞིན་གྱིས།། འབད་དེ་ཡང་དགུ་མཁྱེན་པར་གསོལ།། རྦ་རླབས་མེད་ཅིང་སྣང་བ་མེད།། རང་གི ་ལུས་ལ་གནས་གྱུར་ཀྱང་།། འབར་བ་ཆེན་མོ་དེ་སྲིད་ཀྱི།། དུས་གསུམ་བདག་གིས་མ་ཤིསོ།། མཆོག་ཏུ་དགའ་བའི་གཟུགས་ཅན་མ།། རང་བཞིན་མེད་པས་མཛེས་པ་སྟེ།། སྐྱེ་བ་མེད་པས་ཀུན་རྟོགས་པས།། ཐམས་ཅད་དུ་ནི ་ཁྱབ་བྱེད་མ།། འདོད་པ་ཡོན་ཏན་བཟང་སྔར་ལྡན།། ལུས་དང་ལུས་ལ་ཀུན་ཏུ་གནས།། དམྱལ་བ་ལ་སོགས་ཐམས་ཅད་ལ།། གསང་བའི་སྤྱོད་པས་རོལ་པ་སྟེ།། མདོག་དང་ཡན་ལག་རྣམ་པར་སྤང་སྨྲ།། གསང་ལས ་ཤིན་ཏུ་གསང་གྱུར་འདི།། དཔལ་ལྡན་བདེ་ཆེན་ཞལ་སྔ་ཡི།། བཀའ་དྲིན་གྱིས་ནི་བདག་གིས་རྟོགས།། དྲི་མ་མེད་ཅིང་ཁྱབ་པ་མོ།། རང་རིག་མཚན་ཉིད་གཅིག་པུ་སྟེ།། སྐྱེ་བ་མེད་ལ་རྟོགས་བྱའི་ཕྱིར།། ཇི་བཞིན ་དུ་ནི་རྣམ་པར་གནས།། དངོས་དང་དངོས་མེད་མཆོག་འཛིན་པ།། ཟད་པར་བྱ་ཕྱིར་ཇི་བཞིན་གནས།། བླ་མའི་ཞལ་སྔའི་བཀའ་དྲིན་གྱིས།། དགེ་མ་ཇི་བཞིན་ཤེས་ནས་ནི།། ཡང་དག་གུས་དྲང་བཅས ་བ་ཡིས།། ནུས་པ་ཇི་བཞིན་སྒོམ་པའང་བྱས།། དེ་ལྟར་ན་ཡང་ད་བར་དུ།། གཅིག་ཏུ་མི་འགྲོ་ཅི་ཡི་ཕྱིར།། ཡང་ན་བདུག་ལ་སྐལ་མེད་དམ།། ཇི་སྟེ་བདག་གི་སེམས་རྒྱུད་ལ།། ཡང་དག་པ་ཡི་སྦྱོར་བ་ཡིས།། ཇི་སྐད ་གསུངས་བཞིན་མི་གནས་སམ།། རང་གི་རང་བཞིན་གྱིས་དག་པ།། མངོན་པར་བྱང་ཆུབ་བྱེད་པ་མོ།། ཕུང་ལྔ་རྡོ་རྗེ་གསུམ་སོགས་ལ།། ཇེ་བཞིན་ཡང་དག་གནས་པ་ཡི།། སློབ་དཔོན་དཔལ་ལྡན་ཞལ་སྔ་ནས།། སྙིང་རྗེར ་ཞུགས་པའི་ཐུགས་ཀྱིས་ནི།། འབད་དེ་དེ་བཞིན་རྟོགས་བྱའི་ཕྱིར།། ཡང་དག་ཇི་བཞིན་བདོག་ལ་གསུངས།། དཔལ་ལྡན་བདེ་ཆེན་མགོན་པོ་ཡིས།། ཁྱོད་ཀྱི་དངོས་ལ་བདག་བློ་བསྐྱེད།། བཀའ་ལུང་སྩོལ་ཅིང་གནས ་ས་ན།། དེ་ལ་འདིར་ནི་ཐེ་ཚོམ་མེད།། དེ་ཉིད་གསལ་བར་ཤེས་ནས་སུ།། ཉིན་དང་མཚན་དུ་བསྒོམ་བྱས་ཀྱང་།། གང་ཕྱིར་བདེན་པར་གསལ་བ་རུ།། མེ་སྣང་བས་དེ་སྟོང་ངམ་ཅི།། ཡང་བཞིན་ནོར་བུ་མཁའ་མཚུངས ་པས།། རྫོགས་སངས་རྒྱས་ཀྱིས་གསུངས་སོ་ལོ།། དེ་ལྟར་གསུངས་པའི་ཚིག་དེ་དག། བདེན་པ་དང་ནི་མི་བདེན་ཡིན།། མཁའ་མཚུངས་གང་ཡིན་བདེན་པ་སྟེ།། གང་ཞིག་ཤེས་ནས་བསྒོམ་གྱུར་ཀྱང་།། གང ་དངོས་གསལ་བར་མི་སྟོན་པས།། ཡིད་བཞིན་ནོར་མཚུངས་བརྫུན་པ་ཡིན།། བདག་གིས་ཁྱོད་ནི་དོན་དམ་གྱིས།། ཀུན་ཏུ་འཆར་བར་ཤེས་པ་སྟེ།། དེ་ལྟར་ན་ཡང་མི་དམིགས་པས།། སྒྱུ་མ་ཚོགས་ཀྱིས་གཟུགས་འཛིན། ་ཡིན།། རྫོགས་སངས་རྒྱས་ཀྱིས་དོན་དམ་དུ།། ངེས་པར་སྐྱོན་དང་ཡོན་ཏན་དག། གྲོགས་འདུས་པ་ལས་ཇི་བཞིན་འགྱུར།། གསུངས་པའི་ངག་དེ་བདེན་པ་སྟེ།། ཤེས་རབ་བདེན་པར་སྨྲ་བ་ཁྱོད།། གང་གིས་རྟོགས ་པའི་རང་བཞིན་ཡང་།། བདག་མེད་བཞི་ཡང་འདུས་པ་ཡིས།། དེ་དང་མཚུངས་པར་དེ་གནས་སོ།། བཟང་མོ་དྲི་མ་མེ་འབར་མ།། འོན་ཀྱང་གང་གིས་བདག་ཤེས་ནས།། ཡུན་རིངས་དུས་སུ་རྣམ་དཔྱད་ཀྱང་།། མ ་དམིགས་པ་དེ་གང་དུ་ཡི་བ།། མཆོག་ཏུ་དགའ་བར་བྱེད་པའི་གཟུགས།། མངོན་པར་བྱང་ཆུབ་བྱེད་པའོ།། ཡེ་ཤེས་སྒྲོན་མའི་སྣང་བ་ནི།། ཕྱོགས་བཅུར་བསལ་བར་བཏེགས་ན་སུ།། དྲི་དང་ཕྲེང་སོགས་ན ་བཟའ་དང་།། བཟའ་བཅའ་སྟོན་མོ་དེ་བཞིན་གཞན།། གཉིས་སུ་མེད་པའི་སྦྱོར་བ་ཡིས།། རྒྱུན་མི་འཆད་པར་རྟག་ཏུ་ནི།། བདག་གི་ཤེས་རབ་བསྟེན་གྱུར་ཀྱང་།། སྐད་ཅིག་ཀྱང་ནི་འགྱུར་བ་མེད།། མངོན་རྟོགས། ་དྲི་མེད་འཇུག་པ་པོ།། དེ་བཞིན་ཉིད་ཤེས་དག་པ་ཡིས།། ཁྱོད་ཀྱི་དམ་ཚིག་སྤྱོད་པ་ཡི།། བྱང་ཆུབ་ལམ་ནི་སྟོན་པ་པོ།། རྒྱུད་ལས་ཇི་སྐད་འབྱུང་བ་བཞིན།། རྒྱུན་དུ་བར་ཆད་མེད་པར་ནི།། འདོད་ཡོན་ལྔ་པོ ་བསྟེན་པ་ཡིས།། བདག་གིས་བྱིས་པ་ནས་བཟུང་སྟེ།། ཤིན་ཏུ་བདག་ཉིད་རིག་པ་ཡིས།། བསྟེན་པ་དང་ནི་བསྒོམས་གྱུར་པས།། དགེ་བ་ཡི་ནི་ས་ག་ནི་ཁྱོད།། བདག་ལ་ཅི་ཕྱིར་ཡིད་མི ་རྟོན།། སེམས་གཉིས་ལྡན་པའི་བུད་མེད་ལ།། སུ་ཞིག་ཡིད་ནི་རྟོན་བྱེད་ཅེས།། ཡང་དག་མགོན་པོས་གསུངས་པ་གང་།། དེ་ནི་བདེན་པར་ཉེ་བར་གནས།། སྒྱུ་མ་དག་ནི་ཐམས་ཅད་ལ་སོ།། བུད་མེད་སྒྱུ་མ་ཁྱོད་པར ་འཕགས།། རྣམ་པ་དུ་མས་ཕན་བཏགས་པས།། གང་གིས་རྣམ་ཀུན་བསྟན་བྱས་ཤིང་།། ཁམས་གསུམ་མ་ལུས་པར་བལྟས་ཀྱང་།། མི་སྣང་གཅིག་པུ་གང་ན་གནས།། ཁྱོད་ཀྱིས་གནད་ནི་དྲན་མེདོ་བཱར།། ་བྱིས་པ་གང་གིས་ཁྱོད་བསྒོམས་ན།། དེ་རྣམས་དོན་མེད་འཕུང་འགྱུར་ཞིང་།། བྱང་ཆུབ་རྒྱུར་ཁྱོད་གནས་པ་མིན།། གནད་ནི་ལེགས་པར་ཤེས་ལྡན་པ།། གང་གིས་ཁྱོད་ནི་བསྒོམས་གྱུར་ན།། བྱང་ཆུབ་སྙིང་པོའི ་བོར་དུ་ཡང་།། དེ་རྣམས་སངས་རྒྱས་བྱ་ཕྱིར་གནས།། བཟང་མོ་ཁྱོད་དངོས་ཤེས་གྱུར་ནས།། གང་གིས་མ་བསྒོམས་དེ་ལ་ཡང་།། གྲོགས་མོ་སཱ་ལག་པ་བསྡམས་ཏེ་སྤྲིང་།། རིགས་ངན་དུང་ནི་མཐོ་བའོང་རུང་།། ་གན་ཤེས་ན་ནི་མཛར་གྱུར་ནས།། བཟོང་མོ་ནང་དུའང་སྣང་བྱེད་ཅིང་།། ལན་འགིའང་མཛད་པར་དོམེད་ཅིང་།། མ་རབས་རྣམས་ཀྱི་རང་བཞིན་ནི།། མཚང་བརྟོལ་ན་ནི་ངེས་པ་རུ།། སྐྱེ་བོ་དེ་ཡི་གདོང་གི་ནི། ་པདྨ་ལྟ་ཞིང་དབང་དུ་འགྱུར།། ཆོས་འབྲང་ཅན་གྱི་སྐྱེ་བོ་ཡང་།། འཇུག་པ་ལམ་ནི་འདི་ཉིད་དེ།། ཚིག་ཙམ་ཆད་པ་བྱས་ན་ཡང་།། འཆི་བ་ན་ཡང་འགྱུར་བ་མེད།། གཉི་ཀ་དག་པའི་རིགས་ལས་བྱུང་།། ་ཆོས་འབྲང་ཅན་དུ་སྐྱེས་པ་ཡིན།། བྱ་བ་དང་ནི་བྱོ་མིན་དང་།། སྣོད་དང་སྣོད་མིན་འདིར་ཁྱད་མེད།། ཁྱེད་ལ་བདག་གིས་རྣམ་ཀུན་ཏུ།། མཆོད་བྱས་ལེན་འགའང་མི་ལྟ་བས།། ཤེས་རབ་ཁྱོད་ཀྱི་རིགས ་སྤྱོད་ཡུལ།། དེ་ལྟར་བདག་གིས་ཁོང་དུ་ཆུད།། བུད་མང་རྣམས་ཀྱི་རང་བཞིན་ནི།། ཤིན་ཏུ་འཕྱར་ལྔ་གཡོ་བ་ཡིན།། མཆུ་རྐན་ལ་སོགས་སྐེམ་པ་སྟེ།། འཚང་འབྲུ་མང་པོས་ཅི་ཞིག་བྱ།། ཁྱོད ་ནི་ཉིན་དང་མཚན་དག་དང་།། སྐད་ཅིག་གཅིག་ཀྱང་མ་གཡེངས་པར།། བསྒོམས་ན་སྐད་ཅིག་ཉིད་ཀྱིས་ནི།། བླ་ན་མེད་པའི་གནས་ཐོབ་བྱེད།། གང་གིས་ཉེ་བར་བསྒོམས་པ་ཡིས།། སངས་རྒྱ་སྟེ་གེ ་འཕང་རྒྱུ་ཡིན་པའི།། ཁྱོད་ཀྱི་སྤྱོད་པ་འདི་ལྟ་བུ།། ཇི་སྐད་གསུངས་བཞིན་སྔར་མ་ཤེས།། མང་པོ་སྨྲ་བ་ཅི་ཞིག་དགོས།། ཡིད་བརྟན་རུང་བ་འགའ་ཡང་མེད།། འགྱོད་དང་གཉིད་དང་རྨུགས་པ་ཡིས།། ་རྨོངས་པས་ཁྱོད་ནི་མི་ཤོས་ནི།། ཁྱོད་ཀྱི་རང་གི་རང་བཞིན་གང་།། གསལ་བ་རུ་ནི་དེ་སྨྲོས་ཤིག། རྡོར་གསུམ་ས་བོན་ལས་བྱུང་བས།། གསུམ་གྱིས་བསྐྱེད་པར་ཐེ་ཚོམ་མེད།། འདོད་ཆགས ་ཞེ་སྡང་སོགས་དྲི་མས།། སེམས་ཅན་ཐམས་ཅད་རྨོངས་པས་ན།། བྱེ་བ་དུ་མའི་ནང་ནས་ཀྱང་།། གང་གིས་ཁྱོད་ཤེས་སུ་ཡང་མེད།། མང་དུ་སྨྲ་བ་ཅི་ཞིག་དགོས།། སྨད་འཚོང་གཡོན་ཅན་གྱིས ་བསྐོར་བཞིན།། དོན་དམ་དུ་ནི་གྲུབ་མེད་པས།། སྒྱུ་མ་མཆོག་གི་གཟུགས་འཛིན་མཱ།། བསྐལ་པ་བྱེ་བ་གྲངས་མེད་པར།། རྨོངས་པས་ཁྱོད་ནི་མ་ཤེས་ཏེ།། བཟའ་དང་བཏུང་སོགས་ཆགས་པ་ཡིས།། སྲིད་པའི ་བཙོན་རར་ལྷུང་བར་འགྱུར།། དེ་ལ་ཤིན་ཏུ་ཆག་ས་པ་ཡིས།། འབྱོར་སྟེར་ཁྱོད་ནི་བརྗེད་པར་འགྱུར།། ཕྱག་རྒྱའི་ཆགས་ལ་འཇུག་པོ་ཡིས།། རྒྱལ་འགྱུར་རྡོ་རྗེ་ཅན་མཆོག་མ།། བླ་མའི་ཞབས་ཀྱིས་བཀའ་དྲིན ་ལས།། བཟང་མོ་ཁྱོད་ཀྱི་རང་བཞིན་ནོ།། ཇི་ལྟར་ཡང་དག་གནས་པ་བཞིན།། ཇི་ལྟར་ཡང་དག་གནས་པ་བཞིན།། ཐམས་ཅད་བདག་གིས་ཤེས་པར་འགྱུར།། ཁྱོད་ཀྱི་རང་བཞིན་མ་ལུས་པ།། ཐམས ་ཅད་བདག་གིས་ཤེས་པས་ན།། རྨི་ལམ་ན་ཡང་བསླུ་མི་ནུས།། དེ་བསྡུ་བདག་ལ་བྷྱོ་གཏོད་ཅིག། ཁྱོད་ཀྱི་ལམ་ནི་གཅིག་པུ་ཉིད།། མཁས་པས་ཆོ་ག་བཞིན་སྦྱངས་ཏེ།། གང་བཞུགས་སངས་རྒྱས་ཉིད ་འཕྲང་པར།། རྒྱལ་བ་རྣམས་ཀྱིས་ཡང་དག་བསྟན།། ཟིབ་མོ་དེ་ཡང་བདག་གིས་ནི།། ཇི་སྲིད་སྦྱང་བ་མ་བྱས་པ།། དེ་སྲིད་ཁྱོད་ཀྱི་ལུས་རེག་ལས།། བྱུང་བའི་བདེ་བ་རྙེད་མ་ཡིན།། གཏི་མུག་འོབས་ཀྱིས་འཁྲིགས ་པ་དང་།། ཞེ་སྡང་གི་ནི་སྡོང་དུམ་ལྡང་།། འདོད་ཆགས་ཚེར་མཉམ་ང་བས།། བྱང་ཆུབ་ལམ་ནི་བགྲོད་པར་དཀར།། ཕུང་པོའི་ཤིང་ནི་ཐོག་མཐའ་མེད།། འདོད་ཡོན་ཡལ་ག་གྱེན་འགྲེངས་པས།། ན་མཁའི་མཐོངས་ནི་གཡོགས ་པས་ན།། ལམ་དེ་དམ་པོར་བཀག་སྟེ་གནས།། ཕུང་པོ་ཉོན་མོངས་དེ་བཞིན་དུ།། འཆི་བདག་ལྷ་བདུད་ཆོམ་པོ་པ།། སྡུང་བ་མང་པོས་བསྐོར་ནས་སུ།། རྣམ་རྟོག་ཆེན་པོ་ལས་བྱུང་བའི།། སྲིད་པའི་རྩ་དང་ལྕུག་མ་དང་།། ་རྡོ་རྒྱལ་ལ་སོགས་ལྡན་པའི་ནགས།། ཤིན་ཏུ་རྒྱ་ཆེན་བརྒལ་དཀའ་བར།། ཕུང་པོའི་ཤིང་རྟ་བརྟེན་ནས་སུ།། གཏི་མུག་འོབས་ནི་བརྒལ་དཀརུ་གནས།། ཀུན་རྟོག་རྩཝ་དང་ལྡུམ་སོགས་པའི།། སྐྱིབས་སུ་འབད་དེ་ཡིབ ་བར་བྱེད།། ལྷ་བདུད་ལ་སོགས་ཆོམ་པོ་པ།། དེ་ལྟ་བུ་ཡི་ཕྱོགས་ན་གནས།། ཡང་དག་ལམ་ཞུགས་འགྲོན་པོ་དག། སེམས་ཀྱི་ནོར་བུ་འཕྲོག་པ་ཡིས།། རབ་ཏུ་སྡང་བས་འཇོམས་པར་བྱེད།། དཀོན་མཆོག་གསུམ ་གྱི་མཛད་པོ་ཆེ།། ཡོན་ཏན་ནོར་གྱིས་ཡོངས་བཀང་བ།། བྱང་ཆུབ་ལམ་ལ་གནས་པ་ཡཱི།། མེ་ལ་འཚེ་བས་ཡིས་དེ་མཐོང་ནས།། ཡེ་ཤེས་རྡོ་རྗེ་སྟ་རེ་ནི།། སོ་ནི་རྣོན་པོར་བད་རུ་བ་ཡིས།། བྱང་ཆུབ་ཀྱི་ནཱི་ལྡེམ་འགོག ་བའི།། ཕུང་པོ་ཤིང་ནི་ཀུན་བཅད་ནས།། ཆོ་ག་བཞིན་དུ་གཏུབས་ནས་སུ།། ཡིད་ཀྱི་ཤིང་དེ་ལས་བྱུང་བའི།། ཉོན་མོངས་སྡོམ་དུམ་ཚེར་མར་བཅས།། བདག་མེད་མེ་ལ་བསྲེག་པར་བྱ།། ང་རྒྱལ་རྡོ་ཡིས་ཚོགས ་དེ་ནི།། ཤེས་རབ་རྡོ་རྗེས་ཕྱེ་མར་བྱ།། གཏི་མུག་འོབས་ནི་འཁྲིགས་པ་དག། བྱང་སེམས་རྒྱུན་མི་འཆུད་པས་དགང་།། ཡང་དག་ལམ་ཞུགས་འགྲོན་པོ་ལ།། འཚོ་བྱེད་འདུལ་བར་དཀའ་བ་ཡི།། ་འཆི་བདག་བདུད་སོགས་ཆོམ་པོ་བྱ།། བཅོམ་པས་དེ་དང་དེ་འབྲོས་འགྱུར།། བྱང་ཆུབ་ལམ་ནི་ཡངས་པ་ན།། བྱང་ཆུབ་འགེགས་བྱའི་ཕྱིར་གནས་པ།། ཕྱོགས་བཅུར་གནས་པའི་སྤང་བ་རྣམས།། ཐབས་ཀྱི་ལུས་ནི་དྲི་མེད ་པས།། ཤེས་རབ་རལ་གྲི་རྣོན་པོ་ཡིས།། འབད་པས་དེ་དག་བཅོམ་ནས་སུ།། ལམ་བཟང་དེ་རུ་ཞུགས་ནས་ནི།། ཐམས་ཅད་དོར་ནི་ཅི་དགར་འགྲོ། བྱང་ཆུབ་ལམ་ནི་སྦྱངས་པ་ཡིས།། ཀུན་ཏུ་ཤིན་ཏུ་དྲི་མེད་པས།། རྨྱད ་བྱུང་བསམ་གྱིས་མི་ཁྱབ་པའི།། གྲོགས་མོ་ཁྱོད་ནི་སྦྱངས་པས་ན།། རང་བཞིན་དྲི་མེད་དག་ཅིང་ཞི།། རང་རིག་བདག་མེད་མཉམ་པ་ཉིད།། འདོད་པའི་དོན་གྱི་འབྲས་སྟེར་པོ།། གོ་འཕང་བླ་མེང་ཐོབ་པར་འགྱུར།། ཁྱོད་ཀྱི ་རང་བཞིན་རོ་མྱངས་ནོ།། འདི་ནི་འདི་འདྲ་ཞེས་བྱ་བ།། སངས་རྒྱས་ཀྱིས་ཀྱང་བརྗོད་མི་ནུས།། རང་རིག་སྐྱེ་བ་མེད་པ་ཉིད།། སངས་རྒྱས་ཀུན་གྱིས་ཕྱག་བྱས་པ།། དབང་པོ་ལས་འདས་གང་ཡིན་འཐོབ།། མཆོག་ཏུ་དགའ ་བ་ལས་བྱུང་དག། ཤིན་ཏུ་རྙེད་དཀའ་གཽ་འཕང་ནི།། བསམ་གྱིས་མི་ཁྱབ་བླ་ན་མེད།། མྱ་ངན་འདས་གནས་ཞེས་བྱ་བ།། མངོན་པར་བྱང་ཆུབ་བྱེད་པའོ།། བླ་མའི་ཞལ་སྔའི་བཀའ་དྲིན་ནི།། ཉིན་དང་མཚན་དུ་བསྒོམ ་པ་ཡི།། ཆོས་གཅིག་གིས་ནི་ཐོབ་པར་འགྱུར།། ཤིན་ཏུ་གུས་པས་བསྒོམ་པ་ལས།། གཞན་དུ་དེ་ནི་ཐོབ་པ་མིན།། དེ་ནི་རང་བཞིན་དག་པ་སྟེ།། དུས་ཀུན་དུ་ནི་འདུས་མ་བྱས།། རྟག་དང་ཆད་པ་རྣམ་པར་སྤངས།། ་ཐབས་དང་ཤེས་རབ་དྲི་མ་མེད།། སྐྱེ་བ་མེད་པར་རྟོགས་པ་ཡིས།། སེམས་ཅན་ཀུན་ལ་ཡང་དག་གནས།། སངས་རྒྱས་བྱང་ཆུབ་བསམ་མི་ཁྱབ།། བླ་ན་མེད་པར་དེ་ཤེས་བྱ།། སངས་རྒྱས་ཀུན་གྱི་གནས་དེ ་ནི།། སངས་རྒྱས་ཉིད་ནི་ཐོབ་བྱེད་པའོ།། དེ་ལྟར་སེམས་དང་སེམས་བྱུང་གི། དོན་གྱི་རང་བཞིན་རྟོགས་ནས་ནི།། རྡོ་རྗེ་དྲི་མེད་གསུམ་སྦྱོར་བ།། ཇི་སྟེ་ཤེས་ནས་རྣམ་བསྒོམས་ནུས།། ཡེ་ཤེས་རྡོ་རྗེ་རབ་སྦྱོར་གྱིས།། ་དེས་ནི་གྲོགས་མོ་འགྲུབ་པར་འགྱུར།། དངོས་དང་དངོས་མེད་ལས་འདས་པས།། ནམ་མཁའ་ལྟ་བུར་ཁྱབ་པ་སྟེ།། དྲི་མེད་ཞི་བ་ཐབས་བཅས་པར།། བརྟེན་པར་བྱ་ཞེས་འདྲེན་པས་བརྗོད།། ཐབས་དང་བྲལ་ན་ཁྱོད་ཀྱི་མིན།། ་ཐབས་ཀྱང་ཁྱོད་དང་བྲལ་ན་མིན།། དེ་གཉིས་ཕན་ཚུན་བྲལ་བ་ཡིས།། འགྲུབ་པ་ནམ་ཡང་ཡོད་མ་ཡིན།། ཐབས་དང་ཡང་དག་ལྡན་པ་རུ།། མཛའ་མོ་ཁྱོད་ནི་ཇི་བཞིན་འགྱུར།། བདག་གི་ཀུན་ཏུ་ཤེས་ཟིན་ན།། ་དེ་ལས་གཞན་པ་ཅི་སླར་ཡོད།། བླ་མའི་ཞལ་སྔའི་བཀའ་དྲིན་ནི།། བདག་གི་བྱང་ཆུབ་སྙིང་པོའི་བར།། སངས་རྒྱས་ཉིད་དུ་བརྟེན་བགྱིད་ན།། དེ་བས་བོདག་ལ་དྲིན་གྱིས་གཡོགས།། དཔལ་ལྡན་བདེ་ཆེན་ན ་སྔ་ནས།། བདག་ནི་སངས་རྒྱས་ཉིད་བྱའི་རྒྱུ།། ཐབས་དང་ཡང་དག་ལྡན་པ་ཡི།། བློ་གྲོས་ཆེན་མོ་ཁྱོད་ལ་ནི།། པདྨ་རྡོ་རྗེས་ངེས་པར་ནི།། སངས་རྒྱས་ཀྱིས་ཞེས་ཇི་སྐད་དུ།། སྤྲིངས་པ ་དེ་བཞིན་གྲོགས་མོ་མཆོག། ཐབས་དང་བཅས་པར་བྱ་དགོས་པར།། དཔལ་ལྡན་བདེ་ཆེན་རྡོ་རྗེ་ཅན།། དེ་སྐད་ཕྲིན་བརྡུངས་དེ་བཞིན་དུ།། བང་གི་ནི་སངས་རྒྱས་རྒྱུ་ཉིད་དུ།། ཁྱོད་ཀྱིས་དེ་ལྟར་མྱུར་དུ་གྱིས།། བདག ་ལ་ཇི་བཞིན་གསལ་པོ་རུ།། ཕྲིན་ལས་སྐད་ཅིག་མྱུར་དུ་སྐུར།། ཁྱོད་ཀྱིས་སྤངས་པའམ་བརྗེད་ངས་པ།། བདག་གི་ཚེ་འདི་གནས་མི་བྱེད།། བྱིང་དང་རྒོད་པ་སྤངས་ནས་སུ།། དུས་ཀུན་ཉིན་དང་མཚན་དུ་ནི།། རྒྱུན ་དུ་བར་ཆད་མེད་པ་རུ།། སྐད་ཅིག་སྐད་ཅིག་ཁྱོད་དྲན་པས།། དངོས་གྲུབ་དོན་ཀུན་བདག་ལ་བྱིན།། གལ་ཏེ་དེ་ལྟར་མ་གྱུར་ན།། དེ་ཚེ་བདག་ནི་རྨ་ཕབ་པས།། ཇི་ལྟར་བྱེད་པ་ལྟོས་ཤིག་དང་།། ཇི་བཞིན་རྒྱུད་ཀྱི་དེ ་ཉིད་ཀྱི།། ཐག་པ་ཡིས་ནི་བཅིངས་ནུས་སུ།། ཡང་དགྲ་པ་ཡི་ཁྱིམ་དུ་ནི།། དགེ་མས་ཀུན་ནས་བཅུག་ནས་ནི།། སྐྱེ་བ་མེད་པར་རྟོགས་པ་ཡིས།། སེམས་དང་སེམས་བྱུང་རང་བཞིན་གྱིས།། འབད་དེ་བསྲུང་བ་བྱས ་ནས་སུ།། དེ་ཉིད་སངས་རྒྱས་ས་མཆོག་དུ།། ཐབས་ཀྱི་ལྕ་གསོ་སྒྲོགས་གིས་བཅིངས་ཏེ།། ཡེ་ཤེས་རྡོ་རྗེའི་གཟེར་བཏབ་ལ།། བདག་མང་རྫོང་དུ་བཞག་ནས་ནི།། དེ་ནས་བདག་གིས་བསྒྲུབ་པར་བྱ།། དེ་ལྟར ་ཁྱོད་ལ་སྤྲིད་བྱ་བ།། ཇི་ལྟར་གྱུར་པ་བདག་གིས་སྤྲིངས།། འཛེམ་དང་ངོ་དགའ་སྤངས་ནས་སུ།། བཟང་མོ་ལ་ནི་ཀུན་བཟླས་ཀྱིས།། གལ་ཏེ་བྱམས་པར་མི་བྱེད་ན།། དེ་ཚེ་ཅིག་ཞིག་སྐྱུ་རུ་ཡོད།། འོན་ཏེ་མིན་ན་ཐ་ན་འདི་དག ་རྡོ་རྗེ་འཛིན་མིའི་སྙིང་ལ་ཞོག། ཁྱོད་ཀྱི་ལམ་དང་སྦྱང་བ་ཡི།། བྱེ་བྲག་དག་ཀྱང་ངས་ཤེས་ལ།། རིགས་དང་གཟུགས་ཀྱི་རང་བཞིན་དང་།། བདག་གི་ཁྱོད་ཀྱི་ཀུན་འབྱུང་དང་།། དོན་དམ་གནས་ཀྱང་ཤེས་པས་ན།། དེ ་བས་བདག་ལ་བློ་གཏོད་ཅིག། བླ་མོའི་ཞལ་སྔའི་བཀའ་དྲིན་གྱིས།། ཐབས་ཀྱི་མཆོག་དང་བཅས་པ་རུ།། ཤེས་བྱ་ཐག་པ་རབ་སྲ་བས།། དེ་དང་དེ་རུ་རྒྱུག་བྱེད་པ།། བདག་གིས་བཟུང་སྟེ་བཅིངས་ཟིན་པས།། ད་ནི་འབྲོས ་ས་གཱ་ལ་ཡོད། དེ་བས་ལྷ་མོ་བདག་དགའ་བས།། དཔུང་གྱུར་དམ་ཚིག་ལ་མནོས་ལ།། དཔལ་ལྡན་བདེ་ཆེན་ཞལ་སྔའི་བཀའ།། ཡོན་ཏན་རྒྱ་མཚོས་བསྐྱང་བར་གྱིས།། ཁྱོད་ཀྱི་རང་བཞིན་བཟུང་མེད་ཅིང་།། རྨད ་བྱུང་ཇི་བཞིན་རིག་ནས་ནི།། དཔལ་ལྡན་བདེ་ཆེན་སྤྱོད་པ་ནི།། བཀྲའ་ཡིས་དེ་བཞིན་འཇུག་པར་བྱ།། རྡོ་རྗེ་གསང་བའི་ཚིག་ལྡན་པ།། ཤེས་རབ་ཕྲིན་ཡི་གོ་མཉམ་མེད་པ།། དཔལ་ལྡན་བྱེད་ཆེན་ཞལ་སྔ་ཡི།། ་བཀའ་དྲིན་གྱིས་ནི་བདག་གིས་བྱས།། ཤེས་རབ་རི་བོ་བསྲུབས་ཤིང་གིས།། ཤེས་བྱའི་འོ་མཚོ་བསྲུབས་ལས་བྱུང་།། ཡེ་ཤེས་བདུད་རྩི་རང་བྱུང་བ།། མངོན་སུམ་སངས་རྒྱས་བྱེད་པ་པོ།། ཤེས་རབ་ཕྲིན ་ཡིག་ལ་འབད་དེ།། སྐྱེས་བུ་གང་གིས་དེ་རིག་ནས།། འབད་དེ་རྣམ་པར་བསྒོམས་པས་ན།། དེ་ནི་རྡོ་རྗེ་འཛིན་དངོས་འགྱུར།། ཤེས་རབ་ཀྱི་ཕྲིན་ཡིག་སློབ་དཔོན་ཆེན་པོ་པདྨ་རྡོ་རྗེས་མཛད ་པ་རྫོགས་སྷོ།། ། པཎྜི་ཏ་ཆེན་པོ་ཤཱནྟ་བྷ་དྲ་དང་།། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྣལ་འབྱོར་བའི ་