| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཀ་ན་ཀ་མཱུ་ལེ་ནཱ་མྱ། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ཞེས་བྱ་བ། བླ་མ་དྲམ་པ་རྣམས་ལ་ཕྱག་འཚལ་ལོ།། ལྗོན་ཤིང་མེ་ཏོག་འདབ་རྒྱས་འབྲས ་བུ་མདཱར་མང་ཞིང་།། ཆོས་ལྡན་རྒྱལ་པོས་སྟོང་གསུམ་ནོང་དུ་ལ་རྒྱན་གྱིས་མཛེས།། ན་མཁའི་ཉི་ཟླའོ་ག་དང་རྒྱུ་སྐར་གར་དང་བཅསོ།། ཀླུ་རྒྱལ་སྤྱི་བོ་ནོར་བུ་རིན་ཆེན་རྒྱུན་གྱིས་བརྒྱན།། མཛེས་ལྡན་ཡིད་འཕྲོག་སྨྱོས ་བུ་མུ་ཏིག་ཕྲ་ཡིས་སྤྲས།། མཚན་ལྡན་སངས་རྒྱས་ལྷ་མི་འཁོར་གྱི་ཚོགས་ན་གསལ།། ནོར་བུ་རིན་ཆེན་ཡོན་ཏན་མང་ལྡན་ཡང་།། དེད་དཔོན་དང་བྲལ་རྒྱ་མཚོར་བགྲོང་མི་ནུས།། ཐོས་མེང་སྡེ་སྣོད་ཡོན་ཏན ་ཀུན་ལྡན་ཡང་།། བྱིན་བརླབས་དང་བྲལ་བ་སྐྱེ་མེད་དོན་མི་རྟོག་ས།། དབྱར་གྱི་དུས་ན་སྔོ་རྣམས་སྐྱེ་འགྱུར་ཀྱང་།། ཞིང་ལ་མ་བཏབ་ལོ་ཏོག་འབྱུང་མིན་ལྟར།། འགྲོ་དྲུག་སེམས་ཅན་སངས་རྒྱས་རང་བཞིན ་ཡང་།། མ་བསྒོམོས་རྣམ་གྲོལ་ཡེ་ཤེས་དོན་མྱི་མཐོང་།། མིག་ཡོར་ཐོ་ཚོམ་ལམ་གྱི་འདུལ་ཚུད་དེ།། འདོད་པའི་ཡུལ་དུ་ཕྱིན་པར་འགྱུར་མིན་ལྟར།། ཡིད་ཆེས་མ་གྱུར་ཐེ་ཚོམ་བློ་ཅན་གྱིས།། བདེ ་ཆེན་བྱང་ཆུབ་གོ་འཕང་རྙེད་མི་འགྱུར།། བསྒོམ་དང་མི་བསྒོམ་རྟོག་པ་བློ་ཡི་ཡུལ།། བསྒོམ་མིན་སྙམ་བྲལ་ཡེངས་སུ་མེད་པའི་ས།། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ།། ཀྱེ་འོ་བྱ་བྲལ་སྐྱ་མེད་བློ་ལས ་འདས།། གསལ་སྟོང་འོད་རིག་ཆོས་ཉིད་ཡེ་ཤེས་སྒྲོན།། བདེ་སྟོང་ཟག་མེད་བདེ་ཆེན་རྒྱལ་པོ་ལ།། སྣང་སྟོང་རྟོགས་མེད་ཆོས་ཉིད་སྦྱིན་པ་ཡིས།། ཨེ་མ་ངོ་མཚར་ཆོས་ཉིད་བདེན་པ ་མཐོང་།། སྒྱུ་མ་འོད་གསལ་ཆོས་སྐུ་འོང་དྲང་ཞིང་།། སྒྱུ་ལུས་འོད་གསལ་ཆོས་སྐུའི་སྣང་བཟུང་།། གཉིས་མེད་ལྷན་སྐྱེས་ཆོས་ཉིད་མཇལ་ཕྲེང་གྱིས།། ཀྱེ་མ་བླ་མ་སངས་རྒྱུས་ཨཱ་སངས་རྒྱས།། ་ནཱ་ག་ས་ར་པཪྻཱ་པ།། ས་ཝ་ས་རཱ་ཀཱ་མ་ཡ། ཤཱ་ཏི་བྷྲྀ་སུ་བྷི་བ་པ།། དེ་ཀི་ཨུ་ན་མིན་པ།། བུ་དྷཱི་ཙ་ཏྲ་བྷ་ཏྲ་པ།། ཨཱརྱ་མེ་ཀ་ཀ་རཱ་པ།། ར་བི་དེ་ཀོ་ཀོ་བྷྱོ་ལཽ།། བྷ་གྲ་བི་ར་ནི་ལོ་པའི།། ཀཱཾ་ཀཱ་ཀཽ་ཀི་ཨ་ན་ཏ།། ཙནྣ་སརྦ་ཀོ་ཏ ་ལི།། བྷ་དེ་ཀ་ནེ་ཀཾ་བྷ་ལི།། ཌོཾ་བྷྲེ་ཧེ་རུ་དཱ་རི་ཀ། ཀྲྀཥྞ་ནཱ་ག་པྲ་བྷཱ་ཀ། ཀུ་ཀུ་ཙ་ནུ་གྷཱརྞྞ་པ།། ། གང་གིས་མི་རྟོགས་རྟོག་པའི་སྤྱོད་པ་མི་བྱ་སྟེ།། བྱས་ན་རྒྱལ་པོའི་ཁྲིམས་ལ་དམངས་ཀྱིས་གནོད ་པ་བཞིན།། རྟོགས་པ་རྣམས་ཀྱིས་མ་རྟོགས་སྤྱོད་པ་མི་བྱ་སྟེ།། བྱས་ན་གླང་ཆེན་བརྟན་པ་འདམ་དུ་ཆུད་པ་བཞིན།། ཀྱེ་འོ་གྲོགས་དག་ལྷནི་ཅིག་སྐྱེས་པ་དེ།། གཞན་ནས་མི་རྙེད་བླ་མའི་ཞལ་ལ་དྲིས།། དོན ་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན།། ཡིད་ནི་འཆི་མདོ་རླུང་ཡང་ཆོད་པ་མེད།། ཆོས་ཉིད་འོད་གསལ་བདེ་ཆེན་གྱི།། ཟག་མེད་མྱ་ངན་འདས་ཀྱི་སྐུ།། གོང་གིས་མ་རྟོགས་རྟོགས་མེད་ལམ།། བསྟན་པར་མི་ནུས ་སྙིང་པོའི་མཆོག། བདག་ལུས་རྒྱལ་བའི་དཀྱིལ་འཁོར་ལ།། ཐར་ལ་མུ་སྲོག་གཅོད་ཕྱི་ནང་གི། རྡུལ་མེད་རྡུལ་ཚོན་ལ་སོགས་ཀྱི།། དཀྱིལ་འཁོར་འབད་རྩོལ་ཅི་ཡང་མེད།། བདེ་སྦྱོང་གཉིས་མེད་ཉམས་མྱོང་བླ་མ་ཡི།། ་བྱིན་བརླབས་སྒྲོན་མ་ཆོས་ཉིད་རང་བྱུང་ལ།། མ་རྟོགས་མི་རྟོགས་བསྒོམ་དུ་མེད་པ་ལ།། འདི་དང་འདི་ཞེས་སྨྲར་མེད་ལྐུགས་པར་སྤྱོད།། གང་ནས་མ་འོངས་གར་ཡང་ནི།། མི་འགྲོ་སྐྱེ་མེད་གཉུག་མའི་ལོམ།། ཆོས་ཉིད ་བྱང་ཆུབ་ཆོས་སྐུ་ཡི།། ཉི་མ་མ་རིག་མུན་དང་བྲལ།། རུས་སྦལ་ལྟ་བུར་འཁོར་བ་ཡི།། སྐྱོན་གྱིས་མ་གོས་གདོད་ནས་དག། སྒྲོན་མ་མུན་བྲལ་བླ་མ་ཡི།། དྲིན་གྱིས་ཡེ་ཤེས་ཉི་མ་བདེ།། མ་བཱལྟ་བལྟས་པས་མཐོང ་བྱ་མེད།། མ་རྟོག་རྟོག་དཔྱོད་ཡུལ་མིན་གྱིས།། མ་སེམས་བསམ་དུ་ཅི་ཡང་མེད།། མ་རེ་རེ་དོགས་ཡུལ་ལས་འདས།། བལྟས་པས་མཐོང་བའི་ཡུལ་མི་ཕྱིན།། བསྒོམ་པ་བླ་མའི་བྱིན་བརླབས་ཀྱིས།། ཆོས་ཉིད ་དོན་མཐོང་ཅི་ཡང་ནི།། མཽ་སེམས་ངོས་བཟུང་མེད་པར་གྲོལ།། བྱ་བ་བཏང་བའི་སྐྱེས་བུ་ལ།། བྱ་བྲལ་བྱར་མེད་བཟུང་འཛིན་མེད།། རེ་ངོགས་དང་བྲལ་ཉམས་ལེན་ལ།། མི་རྟོག་བསྒོམ་དུ་ཅི་ཡང་མེད།། ཨེ་མ ་ངོ་མཚར་ཆོས་ཉིད་བདེན་པ་མཐོང་།། ཨེ་མ་བྱིན་བརླབས་ཉམས་མྱོང་སྒྲོན་མ་འབོར།། ཨེ་མ་བློ་མའི་དོང་གུས་ཡེངས་པ་མེད།། ཨེ་མེ་འབྲས་བུ་རང་གསལ་བྱིན་བརླབས་གསལ།། རིང་རིག་གདོད་མ་མ་སྐྱེས ་པ།། སྟོང་པ་མ་བཅོས་ལྷུན་གྱིས་གྲུབ་།། སེམས་ཉིད་རང་རིག་རང་གསལ་གྱི།། ནོར་བུ་གསལ་དངས་གོ་མི་འགགས།། བསྒོམ་དང་མི་བསྒོམ་རྟོག་བཅས་ཀྱིས།། རང་བཞིན་འོད་གསལ ་རྙེད་མི་འགྱུར།། བསྒོམ་མེད་ཡོངས་སུ་མེད་པ་ལ།། མ་བཅོས་ཡེངས་མེད་ལྷག་པ་ཉིད།། རང་རིག་ལྷན་ཅིག་སྐྱེས་པ་ཡི།། ཆོས་ཉིད་བདེ་ཆེན་སྨྲར་མེད་ལ།། བདག་གཞན་བདེ་སྡུག་བློ་ལས་འདས།། ཆོས་ཉིད་བདེན་མཐོང ་ཆོས་སྐུའི་ཀློང་།། རང་རིག་རང་གིས་རྟོགས་པ་ལ།། ཆུ་ཁམས་གསེར་དང་ན་མཁར་བཞིན།། སངས་རྒྱས་སེམས་ཅན་འཁོར་འདས་དག། སྤང་བླང་ཐ་དད་ཅི་ཡང་མེང་།། དུག་གསུམ་རང་གྲོལ་ཆོས་ཀྱི་སྒྲོན་མ་ཡི།། རྩ་རླུང ་བདེ་སྟོང་གཉིས་མེད་ལ།། ཐ་མལ་རྣམ་རྟོག་དངོས་པོར་འཛིན་པ་ཡི།། ཆགས་སྡང་མདུད་པ་རང་སར་བཟུང་འཛིན་གྲོལ།། ཡེ་ཤེས་ལུས་ཅན་ཆོས་ཉིད་གསལ་དངས་ལ།། མཐའ་བྲལ་བརྟེན་མེད་དམིགས་སུ་མེད་པའི་ཕྱིར།། ་འཁྲུལ་དང་མ་འཁྲུལ་འཁྲུལ་གཞི་འཁྲུལ་པ་ཡི།། རྩ་བ་སྐྱེ་མེད་བྱ་བྲལ་དང་དུ་ཆད།། འཇའ་ཚོན་ལྟ་བུ་སྒྱུ་མའི་སྐུ།། དམ་ཚིག་ཕྱག་རྒྱ་ཞེན་མེད་ཀྱི།། དབང་པོ་རང་སྣང་ཐུག་ཕྲད་ཀྱིས།། ཆོས་ཉིད་བདྲེན་པ་མཐོང་པོ ་ཡིན།། ཟག་མེད་བདེ་ཆེན་ཆོས་ཉིད་ཉི་མ་ཡི།། ལས་ཀྱི་ཕྱག་རྒྱ་ཆོས་ཉིད་ཡེ་ཤེས་སྒྲོན།། སྐྱེ་མེད་བྱང་ཆུ་བ་ཀུན་རྟོག་བྲལ་བ་ཡི།། འཁོར་བའི་སྡུག་བསྔལ་བདེ་ཆེན་ཀློང་དུ་སད།། བདག་ལུས་རྒྱལ་བར་དཀྱིལ་འཁོར ་གྱི།། དཔའ་བོ་མཱ་ཁ་འགྲོ་ཆོས་ཀྱིས་ནི།། ཕྱག་རྒྱ་རྩ་རླུང་བྱང་ཆུབ་སེམས།། གཉུག་མ་དམིགས་སུ་ཅི་ཡང་མེད།། སེམས་ཉིད་བདེ་སྐྱོང་ཆོས་ཉིད་ཀྱི།། དོན་རྟོགས་ཕྱག་རྒྱ་ཆེན་པོའི་ལམ།། དམིགས་བྱ་དམིགས་བྱེད ་དམིགས་མེད་ལ།། ཅི་ཡང་བསམ་དུ་མེད་པ་ཉིད།། བདག་མེད་སེང་གེའི་སྒྲ་སྒྲོགས་ཀྱིས།། སྟོང་ཉིད་ཏིང་འཛིན་སྒྲོན་མ་ཡིས།། བདེ་སྡུག་རྟག་ཆད་ལ་སོགས་ཀྱི།། སྒྲིབ་པ་མ་ལུས་སེལ་བར་བྱེད།། དགེ་དང་མི་དགའི ་ལས་རྣམས་ནི།། འཛིན་མེད་གཉུག་མའི་དྲུང་དུ་ཡལ།། ཆོས་ཉིད་བདེ་བ་ཆེན་པོའི་སྐུ།། རང་རིག་གཉིས་མེད་ངང་དུ་འཕྲོད།། པཻ་ཝཱཾ་སྒྲ་བཞིན་དམ་ཚིག་གི། སྒྲོན་མ་བྲལ་ན་བདེ་མང་ཕྱིར།། དམ་ཚིག་ཉི་མ་ཡེ་ཤེས་ཀྱི།། ་ཉི་མ་ཆོས་ཉིད་ཉི་མ་མཐོང་།། དབང་བཞི་བསྐྱོད་པས་ལམ་བཞི་མཐོང་།། སྐུ་བཞི་ཕྱག་རྒྱ་བཞི་རུ་གྲོལ།། ཐབས་ལྡན་ཟུད་འཇུག་རྡོ་རྗེའི་སྐུ།། བདག་ལུས་རྒྱལ་བའི་ངང་དུ་རྫོགས།། བག་ཆགས་ཡེ་ཤེས་རང་གྲོལ་ལ།། རྟག ་ཆང་སྤྲང་བླང་སྒོ་སྐུར་ཅི་ཡང་མེད།། གདོད་ནས་དག་པ་ཆོས་ཉིད་གཉུག་མ་ལ།། སྒྲིབ་བྱེད་བྱིང་རྒོད་རེ་དོགས་ཅི་ཡང་མེད།། བསམ་གྱིས་མི་ཁྱབ་རང་རིག་འོད་གསྔལ་ལ།། དྲན་པས་བཟུང་དང་བཟུང་འཛིན་ཅི་ཡང་མེད།། ་ཉོན་མོངས་རང་དངོས་རྣམ་རྟོག་ཆོས་སྐུ་ལ།། དུས་གསུམ་སངས་རྒྱས་བཙལ་དུ་ཅི་ཡོང་མེད།། གསེར་འགྱུར་རྩི་ལྟར་ཁམས་གསུམ་ཉིད།། བདེ་ཆེན་ཆོས་ཉིད་རོལ་གང་བ།། དོན་དམ་འཁོར་བ་ཀུན་རྫོབ་དག ་མཐའ་བྲལ་ཆོས་ཉིད་དབུ་མའི་ལམ།། གཙང་དང་མི་གཙང་རྟོག་པ་ཡི།། སྐྱེ་ཤ་བཟུང་འཛིན་འཁོར་བའི་ཆོས།། འཁྲུལ་པས་བདེ་ཆེན་མཐོང་བ་མེད།། མ་མཐོང་རྣལ་འབྱོར་དེ་མི་རྙེད།། ་ཐ་མཱ་ལ་ཤེས་པ་སྙིང་གི་དབུས་སུ་སད་།། ཚོགས་དྲུག་དག་ནི་བདེ་བ་རྒྱུན་མྱི་འཆང་།། བརྟགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ།། བསྒོམ་དུ་མེད་པས་གཉུག་མའི་ངང་ལ་ཞོག། ཕྱག་རྒྱ་ཆེན་པོ་རང་ལ་ལྷུན་གྱིས་གྲུབ ་པ་སྟེ།། མི་བསམ་མི་རིག་འབད་པ་མེད་པའི་ངང་ལ་ཞིག། ཆད་པ་མེད་དེ་སྔོན་དུ་ཉམས་མྱོང་རང་གིས་མྱོང་།། རྟག་པར་མི་འགྱུར།། མངོན་ཞེན་མེད་བཟུང་དུ་འཇུག། ཤིང་རྟའི་འཁོར་ལོ་གཉིས་དང་མི་ལྡན་གར་ཡང ་འགྲོ་བ་མི་ནུས་ལྟར།། སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་མི་ལྡན་དངོས་གྲུབ་དམ་པ་མིནོ།། བྱ་རྒོད་རྩལ་རྫོགས་འདབ་མར་བཅས་པ་དག་གིས་ན་མཁའ་གཅོད་ཅིང་རྒྱུ།། བསྐལ་བཟང་རྣམས་ནི་དབང་དང་བྱིན་བརླབས ་གདམས་པ་ཁོང་དུ་ཆོད་པས་བདེ།། རྒྱ་མཚོ་ཐོབ་ཅིང་རྒྱ་ཆེ་དག་གི་ནང་ན་ནོར་བུས་གང་བ་ལ།། ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་མངར་མཛད་གང་ཡིན་དེ་ནི་ངོ་མཚར་ཆེ།། སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུའོགྱུར་མེད་ཡིན ་པ་ལ།། རྟོགས་དང་ཉམས་མྱོང་ལྡན་པའི་རྣལ་འབྱོར་རྣམས་ཀྱིས་ལོངས་སྤྱོད་ངོ་མཚར་ཆེ།། གསེར་འགྱུར་རྩི་ཡི་ནུས་པ་ཡིས།། ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར།། རིན་ཆེན་དབང་གིས་ནུས་པ་ཡིས།། ་ཉོན་མོངས་ཡེ་ཤེས་གཉིས་མེད་བསྒྱུར།། རྟོགས་པ་ཡིད་བཞིན་ནོར་བུ་ལ།། ཉམས་སུ་མྱོང་བའི་མདོག་ཕྱུང་བས།། སྤྱོད་པའི་ནུས་པས་དགོས་འདོད་འབྱུང་།། རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ།། རང་ལ་བདེ ་ཆེན་ཡོད་ཀྱང་མ་རྟོགས་འཁྲུལ་པོ་ས་བསྒྲིབས།། དེ་བསལ་འདོད་པས་བསྟོད་ནམས་ཡེ་ཤེས་ཚོགས་བསགས་བྱ།། ཚོགས་གཉིས་མ་བསགས་བསྐལ་པ་བརྒྱ་རུ་འབད་བྱས་ཀྱང་།། བླ་མ་མི་ལྡན་བདེ་བ་ཆེན ་པོ་རྟོགས་མི་འགྱུར།། དུས་གསུམ་སངས་རྒྱས་ངོ་བོ་གཅིག། དེ་ཡི་རང་བཞིན་རང་གིས་སེམས།། རྟོགས་པར་འདོད་ན་ཇི་བཞིན་ཞོག། གོམས་པར་བྱས་ན་མངོན་སུམ་འགྱུར།། བླ་མ་ངག་ལས་དེང་པོ་རེང་གི ་སེམས་རྟོགས་བྱ།། དེ་ནས་ཆོས་རྣམས་ཀུན་དང་ཐ་དད་མེད་བྱས་ལ།། གཉིས་མེང་རྟོགས་ཤིང་དུར་ཁྲོད་གནས་སུ་འདུག་ནས་ནི། ཉམས་རྟོགས་སྐྱོན་པོའི་བརྟུལ་ཞུགས་དང་གིས་སྤྱད།། རྟ་དང་གླང་པོ་རྒྱ་མཚོ་འདྲ ་ན་མཉམ་ཉིད་བདེ།། སྤྲེའུ་ཆུ་ཡི་རི་མོ་བྲིས་པ་འདྲ་ན་སྤྲོས་པར་འགྱུར།། ཆུ་བོ་ཉི་མ་སྨན་དང་འདྲེན་དབྱེར་མི་ཕྱེད།། གཙུག་ཕུད་དམིགས་དང་འཁོར་ལོས་སྒྱུར་རྒྱལ་ལྟ་བུ་འཐོབ།། ས་ལ་གནས་པ་ཀུན་ཀྱང ་བསྐལ་པ་བཟང་།། རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ།། རལ་གྲི་ལག་ན་ཐོགས་ན་ལོངས་སྤྱོད་ཚེ།། ཕྱོགས་མེད་ས་ལ་ཕྱིན་ན་གཉེན་དང་ཕྲད།། སེམས་མ་གདུངས་ན་ལྟ་བ་ཆེ།། ཞེན་པ་མང་ན་རོ་སྙོམས ་ཡིན། འབྱུང་བ་ཟླ་ལྡན་བགམ་པར་མཆོག། གཉིས་སྣང་བྲུ་བ་ན་རྫོགས་སངས་རྒྱས།། ཡུལ་ངྱས་དྷ་ཀཱི་གསུམ། རང་བྱིན་རློབ་ཅིང་བཅིང་བར་བྱ།། ཟླུམ་སེམས་དང་སྤང་བ་གསུས། ་རྟོགས་པ་བསྐྱེད་ཕྱིར་བསྟེན་པར་བྱ།། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ལས།། ཚོགས་འཁོར་དང་པོ་བྱིན་བརླབས་ཤུགས་བྱུང་གི་ལེའུ་སྟེ་དང་པོའོ།། ཝཱ་ཡཱི་ཛ་ལན་བྷིརྦ་པ།། ཀ་མཱ་ཨིནྡ ་ཁཾ་རཿ།། པིཾ་ཀུ་ནོཿ་གྷོ་ཁཱ།། ཏོ་ཀ་བྷོ་ཎི་བན་སཾ།། གྷཱ་ནཱ་ཨན་ཛེ་ཀ་ཐ་རི།། དྷ་པྲ་ཏ་བ་པོ་ཏྟེ་ལཽ།། ཨོ་ཏྲ་ས་ཀན་ཛྷི་ཡེ།། ཀཽ་ཀཱ་སྟྲ་ན་ག་ན་སི།། ཙ་པ་སུ་ཀུ་སི་ཡ་ལི།། སུ་ཏ་རྡྷརྨཀྲཱྀཪྵ་ན།། ར་ཧཱུ་ཀུ་སུ་ཀུ་མ་དྲཱི། ་ལ་ཁ་དྷ་ཁ་པ་རེ་བུ།། དྷོ་བཻ་ཌཎྜེ་ར་བ།། ཙ་མ་དྷ་ཁཱ་སྙིང་པོ་པ།། ། ཁྱི་རྒོད་མི་སྲུན་སཱ་ལ་སྦྲང་རྩི་བསྐུས་ན་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད་།། བློ་དམཱན་སྐལ་བ་མེད་པའི་གང་ཟག་དྲག་ལ་གདམས། ་པ་བྱིན་ན་རང་རྒྱུད་སྲེག། གླང་ཛིན་བརྟནྡ་ལ་དཔའ་བའི་སྣ་ལ་རལ་གྲི་སྐུར་ན་དགྲ་དཔུང་ཐམས་ཅད་འཇོམས།། སྐལ་བཟང་བློ་ལྡན་སྐྱེ་མེད་རྟོགས་པའི་སྣང་བ་ཐོག་ཕྲད་དག་གིས་རྣམ་རྟོག་འཇོམས།། སྐྱེ་མེད་རྟོགས ་ཀྱང་ཉམས་སུ་མྱོང་བྲལ་ན།། དེ་ཡང་སྲིན་པོའི་ལག་ན་བུ་ཁྱེར་འདྲ།། ཉམས་སུ་མྱོང་ཡང་གནས་ལུགས་མ་རྟོགས་ན།། གླང་ཚེ་ནི་སྣ་ལ་ལྕགས་ཀྱུ་བརྒྱབ་པ་འདྲ།། སངས་རྒྱས་མཆོད་སོགས་རྣམས་ལ་དོན ་མི་འབྱུང་།། འདྲོད་དང་རྩོལ་བ་ཡོད་ན་སངས་མི་རྒྱས།། བྱིན་བརླབས་བླ་མའི་ངང་གིས་ཉམས་མྱོང་འཕེལ།། བློ་ཡི་ཆུ་ལ་ཡིན་གྱིས་དོན་མ་ཡིན།། གང་ཡང་མ་ལྟ་དབུས་སུ་ལྟོས།། མཆོག་དང་དགའ་བྲལ་བདེ་བ ་ཆེ།། སྔགས་རིགས་གསང་བ་སྐྱོན་སྤྱོད་ནས།། རྣལ་འབྱོར་རྟགས་ཀྱིས་བསྒྱུར་བར་བྱ།། དུས་ཀྱི་སྣ་རྩེ་བདག་བྱིན་བརླབས་ལྡན་ན།། ཕྱི་དང་ནང་གི་སྤྱོད་པ་དག་གིས་སངས་མི་རྒྱ།། བདེ་བ་རབ་རྒྱས་སྣང་བ་དག ་དང་ཁྱད་མེད་ན།། ཞེན་པ་བཏང་བས་ཉམས་མྱོང་མཆོག་ཐོབ་འགྱུར།། རྗེ་བཙུན་དམ་པ་བསྟེན་ན་དེ་ཉིད་མཐོང་།། ནགས་ཚལ་མཐོངས་སུ་བསྒོམས་ནི་དབེན་པ་འཕྱོབ།། ཆོས་རྣམས་སེམས་སུ་རྟོགས་ན་མི ་མཐུན་མེད།། ནམ་མཁའི་འོ་མ་འཐུངས་ན་ཚིམ་པར་འགྱུར།། བཱདེ་དང་སྟོང་པ་མཐའ་བྲལ་ཉིད་རྟོགས་ན།། དཔག་བསྡམ་ཤིང་རྟེན་པ་ཡིས་མཉེན་བྱས་ཏེ།། མཚོ་ལས་སྐྱེས་བུ་རྒྱལ་བ་འགྲོ་ཤེས་ན།། བྲུམ ་ཟེ་ཕ་དང་མ་ལས་བུ་སྐྱེ་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་གིས།། བཟུང་འཛིན་ཆགས་སྡང་རང་སྔར་ཆང་།། རྨི་ལམ་སྒྱུ་འདྲ་ཞེན་མེད་ཀྱིས།། ཉམས་མྱོང་གསལ་སྨོད་གོ་མ་འགགས།། གསལ་ལོ། ་གསལ་ལོ་བདེ་ཆེན་གྱི།། བླ་མ་བྱང་ཆུབ་ལམ་མཁྱེན་གསལ།། གཉིས་མེད་ཆོས་ཉིད་གསལ་དངས་ཀྱི།། ཉམས་མྱོང་ག་ཉུག་མའི་ངང་དུ་གསལ།། བ་དེའོ་བླ་མ་བདེ་ཆེན་བདེ།། བདེ་བར་མི་འཛིན་ཅིར ་ཡང་མི་རྟོག་བདེ།། བཟུང་འཛིན་རང་གྲོལ་འཛིན་པ་རང་དངས་བདེ།། བྱ་བྲལ་སྐྱེས་བུ་བྱར་མེད་བློ་འངས་བདེ།། སྟོང་ངོ་སྟོང་ངོ་ཐ་མལ་ལུས།། སྒྱུ་ལུས་ཞེན་མེད་དབྱིངས་སུ་སྦྱོང་།། ཟུད་འཇུག ་སྐྱེ་མེད་ངང་དུ་སྟོང་།། རང་རིག་ལྷན་སྐྱེས་སྐུ་རུ་སྟོང་།། རེག་གོ་རིག་གོ་རང་གི་སེམས།། ཅིར་ཡང་མི་འཛིན་རྟོག་མེད་རིག། གར་ཡང་མི་སྤྱོད་སྨྲ་མེད་རིག། རྟོག་སྤྱོད་ཡུལ་ལས་འདས་པར་རིག། མི་རྟོག་རྟོག་མེད ་རྟོག་སྤྱོད་ཡུལ་ལས་འདས།། མྱི་སེམས་བསམ་མེད་བསམ་དུ་ཅི་ཡང་མེད།། རྟེན་དུང་བརྟེན་མེད་འགྲོ་འོང་གནས་དང་བྲལ།། འཁོར་འདས་བདེ་སྡུག་བདེ་ཆེན་ཀློང་དུ་སྡུད།། མྱ་བཅོས་ཡེངས་མེད་རང་བཞིན་ལྷག་པ ་ལ།། སེམས་བྱུང་རྒྱུན་ཆད་འོད་གསལ་འགྲོ་འོང་བྲལ།། སྣང་བ་སྨྲར་མེད་སློབ་དཔོན་ཡོངས་སུ་མེད།། ཆོས་ཉིད་རང་གསལ་རིག་པ་ཆོས་སྐུར་འི་ཕྱོད།། སེམས་ཉིད་མ་མཐོང་ཅི་ཡང་མེད།། དུ་ལྟ་བལྟར་མེད ་བསྟན་དུ་མེད།། མི་ཡེངས་ཡེངས་མེད་ཡོངས་སུ་མེད།། བསྒོམི་མེད་བསྒོམ་དུ་མེད་པ་ཡིན།། བྲལ་ལོ་བྲལ་ལོ་འཁོར་འདས་བྲལ།། བདེ་ཆེན་ཆོས་ཉིད་ཀློང་དུ་བྲལ།། རིག་པ་སྨྲར་མེད་ངང་དུ་གྲོལ།། བསྒོམ ་བཞིན་མེད་དབྱིངས་སུ་བྲལ།། བྱ་བ་བྱར་མེད་སྐམ་སར་གནས།། ཨེ་མ་ཆོས་ཉིད་ཆོས་ཉིད་མཐོང་།། ཀྱེ་མ་སངས་རྒྱས་ཀྱི་སངས་རྒྱས།། ཀྱེ་འོ་བྱང་ཆུབ་གོ་འཕང་ཐོབ།། ཨེ་མ་ངོ་མཚར་འཆི་རྒྱུ་མེད།། སྣང ་སྲིད་མི་བདེན་གདོང་ནས་བརྫུན།། དགྲ་ཟན་ཡེ་ཤེས་འཁྲུལ་སྣང་ཡིན།། བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་དང་།། ཆགས་སྡང་བྲལ་ན་སངས་རྒྱས་ཡིན།། བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ།། བྱར ་མེད་བདེའོ་རྣལ་འབྱོར་རྩོལྔ་མེད་བདེ།། ཅི་ལ་བསམ་ཀྱང་དགོས་འདོད་མི་འབྱུང་བས།། བསམ་དུ་མེད་པ་གཉུག་མའི་ངང་ལ་བདེ།། སེམས་ཉིད་བདེ་ཆེན་ཐིག་ལེའི་སྐུ།། བདེ་སྟོང་དབྱེར་མེད་སེམས་ཀྱི་རྒྱུན།། ནམ ་མཁའ་ལྟ་བུར་བརྗོད་མེད་ཀྱིས།། ཆོས་ཉིད་དལྟར་མེད་བསྟན་དུ་མེད།། ཨོཾ་མ་ངོ་མཚར་བླ་མའི་སྐུ།། སྟོང་ཉིད་སྤྲོས་བྲལ་རྟོག་མེད་དང་།། སྣང་སྟོང་དབྱེར་མེད་སྟོང་པའི་དབྱིངས།། ཆོས་སྐུ་སྐྱེ་མེད་རྒྱུན་དུ་ལྡན།། ་སྣང་སེམས་སངས་རྒྱས་སེམས་ཅན་དག། ཉི་མ་དད་ནི་འོད་བཞིན་དུ།། སྤངས་ཐོབ་ལས་གྲོལ་ཞེ་འདོད་མེད།། གང་ལ་མེད་པ་དེ་སངས་རྒྱས།། ཤེས་བྱ་སྣང་ལ་རང་བཞིན་བྲལ།། ཤེས་པ་གསོལ་ལ་རྟོག་མེད ་དེ།། སེམས་ཉིད་བདེ་ཆེན་ཟག་མེད་ལ།། ཡེངས་མེད་བསྒོམ་དུ་ཅི་ཡང་མེད།། སེམས་ཉིད་བླ་མ་སངས་རྒྱས་སྐུ།། སྣང་སོས་འདུས་བྱས་དགེ་བའི་གཞི།། ཆོས་སྐུ་དྲན་སོང་ཏིང་འཛིན་ལམ།། ང་རྒྱལ་གཉིས ་མེད་བྱང་སེམས་ལྡན།། ཆོས་ཉིད་མ་བཅོས་འཁོར་བ་ཡི།། ཐོག་མཐའ་རེ་དོགས་མཉམ་དང་བྲལ།། བསྒོམ་བྱ་བསྒོམ་བྱེད་བླང་དོར་སྤངས།། འབྲས་བུ་རང་གསལ་རང་གི་མཆོག། རང་རིག་ལྷན་ཅིག་སྐྱེས་ཀྱི་སྐུ།། ་ངོ་བོ་རིག་པ་རང་གསལ་གྱི།། འགྲོ་དྲུག་སངས་རྒྱས་སྙིང་པོ་ལ།། དམ་ཚིག་རྟོག་མེད་རྒྱན་དང་ལྡན།། སྣང་སེམས་ཆོས་ཉིད་ཆོས་ཀྱི་ནི།། སྒྱུ་ཅན་མཉམ་བྲལ་རྟོག་མེད་ཀྱི།། དག་པའི་སྒྲ ་ལུས་བྱང་ཆུབ་ལམ།། ཟུང་འཇུག་སྐྱེ་མེད་བདེ་འགྲོའི་རྒྱན།། སྣང་སེམས་རང་རིག་བདེ་ཆེན་སྤོས་དང་བྲལ།། སྒྱུ་མ་རྩ་རླུང་རླུང་སེམས་བརྗོད་དུ་མེང་།། རྨི་ལམ་འོད་གསལ་བདེ་ཆེན་ཟུང་འཇུག་ལ།། སྐུ་བཞི་ཡེ་ཤེས་གསོལ ་སྣང་གོ་མ་འགགས།། བལྟར་མེད་བལྟ་རུ་མེད་པ་ཡི།། རང་སེམས་རྣམ་དག་བླ་མར་སྣང་།། སྣང་བ་སྟོང་པ་བདེ་ཆེན་སྐུ།། བདེ་སྟོང་དབྱེར་མེད་བྱིན་བརླབས་རྒྱན།། སེམས་ཉིད་ལྟར་མེད་བློ་འདས་ཀྱི།། རྩཝ་ནི་གསལ ་སྙིང་མཁ་འགྲོ་རིགསལ།། སྣང་བ་སྟོང་ཉིད་བདེ་ཆེན་སྒྲ།། སྣང་སྟོང་དབྱེར་མེད་མཁའ་འགྲོའི་རྒྱན།། བྱ་བྲལ་རྟོགས་མེད་རླུང་སེམས་ཀྱི།། སྣང་བ་སྟོང་པ་སྤྲོས་དང་བྲལ།། སྟོང་ཉིད་བདེ་ཆེན་བརྗོད་དུ་མེད།། བདེ་སྟོང་མཐའ ་བྲལ་རླུང་གི་རྒྱན།། རང་སེམས་བདེ་ཆེན་བྱང་ཆུབ་སེམས།། ཟག་མོད་བདེ་ཆེན་ཆོས་ཀྱི་སྐུ།། སྣང་བ་འོད་གསལ་སྟོང་པའི་ཀློང་།། བདེ་སྟོང་ཡེ་ཤེས་བྱང་ཆུབ་རྒྱུན།། སྣང་བ་རྨི་ལམ་བདེན་པས་སྟོང་།། གཟུང་འཛིན ་ཚིགས་སྡང་འཁྲུལ་སྣང་ཡུལ།། བཏགས་པ་ཆུ་ཤིང་སྙིང་པོ་མེད།། ཞེན་མེང་གང་སྣོང་ལམ་གྱི་རྒྱན།། གང་ནས་མ་འོངས་གར་ཡང་ནི།། མི་འགྲོ་མི་རྟོག་སེམས་ཉིད་ལ།། བལྟར་མིང་བསྟན་དུ་མེད་པ་ཡི།། ཆོས ་ཉིད་དྲོ་བོ་མཐོང་གི་རྒྱུན།། འཁོར་བ་སྡུག་བསྔལ་བདེ་མེད་ཀྱང་།། བླ་མའི་བྱིན་བརླབས་ངོ་སྤྱོད་ལམ།། བྱིང་རྒོད་བསྒོམ་པ་ཉམས་ཀྱི་དགྲ། རང་རླིག་འོད་གསལ་མཐོང་གི་རྒྱུན།། ཉམས་མྱོང་བྱ་བྲལ་བློ་འདུས་ཀྱི། ་བསྒོམ་པ་དམིགས་བརྟགས་བཟུང་འཛིན་བྲལ།། ཅིར་ཡང་རྟོག་མེད་ལྷུན་གྲིབ་ལ།། རེ་དོགས་དགག་བསྒྲུ་བ་རང་གྲོལ་རྒྱན།། ཡེ་ཤེས་ལུས་ཅན་སྟོང་པ་ཉིད།། སྙིང་རྗེ་རྒྱན་ལྡན་ཟུང་འཇུག་ལོམ།། སྟོང་ཉིད་སྙིང་རྗེ ་དབྱེར་མེད་ཕྱིར།། བདེ་ཆེན་ཕྱག་རྒྱ་ཆེན་པོའི་སྐུ།། བདེའོ་ཤུགས་བྱུང་ཞེན་མོད་ཀྱི།། བློ་འདས་ཉམས་མྱོང་གི་ཉུག་མིའི་གློང་།། བསྒོམ་མེད་ཡོངས་སུ་མེད་པ་ཡི།། ཆོས་ཉིད་ཡེ་ཤེས་རྒྱན་ལྡན་པདེ།། གང་ཡང་མི་རྟོག ་ཅིར་མི་སེམས།། ཅིར་ཡང་མི་འཛིན་རྟོག་དཔྱོད་བྲལ།། བྱར་མེད་རིག་པ་དང་གསལ་བ།། བཙས་བཅོས་མི་བྱ་རང་གྲོལ་རྒྱན།། བདེའོ་ཅི་བདེར་རྟོག་མེད་ཉམས།། སྟོང་ངོ་ཆོས་ཉིད་བློ་འདས་དང་།། སྤྱོད་དོ་རོ་སྙོམས་ཤུགས ་བྱུང་ལམ།། གྲོལ་ལོ་རི་ངོགས་རང་གྲོལ་རྒྱན།། ཅིར་ཡང་མེད་དོ་སྣང་སྲིད་ཡུལ།། གར་ཡང་སྟོང་ངོ་ངོས་འཛིན་སེམས།། རྟོག་དཔྱོད་མེད་དོ་འཁོར་འདས་ལམ།། མི་བསྒོམ་མི་དཔྱང་གཉུག་མོའི་རྒྱན།། ཆུ་རྒྱུན ་གནས་པའི་ཉམས་བསྟན་ན།། སྤྱོད་པ་བགས་ཀྱིས་འགྲོ་བར་བྱ།། བླ་མ་དམ་པའི་གདམས་དག་གིས།། ཆགས་སྡང་རྟོག་པ་ཞི་བར་བྱེད།། ཕྱག་རྒྱ་ཆེན་པོ་གསེར་ཕྲེང་ལས།། ཚོགས་འཁོར་གཉིས་པ་བི་སྒོམ ་དོན་ཉམས་ཀྱི་ལེའུ་སྐྱེ་གཉིས་པའོ།། ། ཏེ་ལོ་ནཱ་རོ་བྷ་སུ་ཏྲ།། གྲོས་ཅན་དྷཱ་ཏཱི་ར་མ་ཡ།། སྤྱོད་པ་རཱ་ཏྲི་མཻ་ཏཱི་བཱ།། བྷོ་ཏ་ལེགས་སྦྱིན་པདྨོ་ཞབས།། བཛྲ་དྷརྨ་ཛོ་ཀི་ནི།། ཀངྐ ་མུ་ཁ་མ་ཧཱ་ལཱ།། ར་རི་རཾ་ཀ་ཀ་སོ་རི།། འབཱ་ར་བ་ཙནྟཾ་སི་རུ་བྱཱ།། ཛྙཱ་ན་བཛྲ་མེ་དྷ་པ།། ཌོཾ་བི་བྷ་ཏ་རི་བོ་པ།། ཀྲེ་མ་ཀྲི་ཏ་པྲཛྷ་རུ་།། བཛྲ་ཀ་ན་ན་མ་སེ།། ཧོ་ར་སི་ཏི་ཀ་ར་ན།། བྷུ་ཏཾ་ཏ་མ་ཏི་འབྲ་མ་ན།། ་རི་རབ་གསེར་གྱི་ངོས་ལ་བྱ་གནས་པ།། བྱ་ཡི་རང་བཞིན་བོར་ནས། གསེར་དུ་སྣང་།། མཁས་པ་དག་གིས་སྐྱེ་བ་མེད་རྟོགས་ན།། དངོས་པོའི་རང་བཞིན་བོར་ནས་བདེ་བ་ཆེ།། བདག་ཉིད་གདོད་མ་ཉིད་ནས་སངས་རྒྱས་ཡིན ་པ་ལ།། རྣམ་རྟོག་དབང་གིས་སངས་རྒྱས་ཉིད་ནི་ངས་མ་མཐོང་།། རྟོགས་པའི་དུས་ན་མཐོང་བ་མེད་དེ་ཐོས་པ་མེད།། གཉིད་མེད་གང་གིས་རྟོགས་པ་དེ་ནི་ཕྱག་རྒྱ་ཆེ།། བྱིས་པ་ཆུང་ངུ་མ་ཡིས་གསོས་པས་སྟོབས་དང་ལྡན ་པ་བཞིན།། བློ་ཆུང་དག་ཀྱང་བླ་མའི་གདམས་པར་རིམ་གྱིས་ཐེག་པ་ཆེ།། རླུང་མཁྲིས་བད་ཀན་འདུས་པའི་ནང་ཀུན་སྨན་གྱི་ནུས་པས་སེལ་བ་ལྟར།། ང་དང་བདག་ཏུ་འཛིན་པའི་ནད་རབ་ཐམས་ཅད་བླ་མྱའི་གདམས་བྱས ་སྲེག། ལོང་བའི་ཚོགས་ཀུན་མིག་ལྡན་གྱི།། སྐྱེས་བུས་འཁྲིད་པར་བྱེད་པ་ལྟར།། ཡེ་ཤེས་ལམ་སྦྱོར་བླ་མ་ཡི།། སྨན་པས་བྱང་ཆུབ་འཁྲིད་པར་བྱེད།། འཁོར་ལོས་སྒྱུར་རྒྱལ་དཔུང་གི་ཚོགས།། གླིང ་རྣམས་ཀུན་ལ་དབང་བྱེད་བཞིན།། ལྷན་ཅིག་སྐྱེས་པའི་རོ་རྙེད་ནས།། འཁོར་བ་དབང་སྒྱུར་བདེ་བ་ཆེ།། རིགས་ལྡན་རིགས་མཆོག་རིགས་ཀྱི་དབང་།། བླ་མ་མཁའ་འགྲོ་ཆོས་ཉིད་གྲོགས།། ལྷ་སྤྱོད་བསྒོམ་དོན ་ལྷན་ཅིག་སྐྱེས།། དཔེ་དོན་ཡེ་ཤེས་བདེན་པ་མཐོང་།། ལས་ཅན་རྣལ་འབྱོར་དབང་གི་ལམ།། སྐུ་གསུམ་ཆོས་ཉིད་འོད་གསལ་ཆེ།། སེམས་ཉིད་གསལ་དངས་སྒྱུ་མའི་སྐུ།། རྣམ་གྲོལ་ཕྱག་རྒྱ་ཟུང་དུ་འཇུག།། ་འགྲོ་དྲུག་སྐྱེས་པ་སྡོམ་གསུམ་རྒྱན།། ལྟ་སྒོམ་སྤྱོད་པ་ཞེན་མེད་སྐས།། རང་ལུས་བདེ་ཆེན་ངོ་བོར་རིག། དགག་སྒྲུབ་སྤང་བླང་ཉམས་དང་བྲལ།། ར་དོགས་རང་གསལ་བླ་མའི་དྲིན།། བདག་མ་རྟོགས ་འི་གོང་ནས་འབྲས་ཆན་དག་དང་རོ་འདི་ཁྱད་པར་ཆེ།། རྟོགས་ནས་མངར་བའི་འབྲས་ཆན་དག་རུལ་བ་ཡི་རོ་འདི་ཁྱད་པར་མེད།། དེ་བཞིན་མ་རྟོགས་དུས་ན་འཁོར་བ་དག་དང་སངས་རྒྱས་ཐ་དད་བརྟགས། ་རྟོགས་པའི་དུས་ན་འཁོར་བ་དག་ནི་ཡེ་ནས་སངས་རྒྱས་ཆེན་པོའི་སྐུ།། བྱ་བ་བཏང་ན་མན་ངག་ཡིན།། ཞེ་འདོད་མེད་ནི་རྟོགས་པ་ཡིན།། བདེ་བ་དངོས་མེད་བསྒོམ་པ་ཡིན།། བསྒྲུབ་བྱ་མེད་ན་སྤྱོད་པ་ཡིན།། ཐབས ་དང་ཤེས་རབ་ཨ་ཛ་ན་ལྟ།། བླ་མ་ཆུ་ཡི་རྒྱུན་གྱིས་རབ་ཏུ་ཁྱབ།། ལྷན་ཅིག་སྐྱེས་པའི་དཔག་བསམ་ཤིང་ངག་ལ།། འབྲས་བུ་ལྷུན་གྲུབ་དང་ལ་རབ་ཏུ་རྫོགས།། སངས་རྒྱས་ཀུན་གྱི་སྡོམ་པའི་མཆོག། རང ་ཡིད་རྟོག་ལ་མི་གནས་པས།། གཉུག་མུའི་སེམས་ཀྱིས་གང་རྟོགས་པ།། སངས་རྒྱས་ཐམས་ཅད་དེས་མཐོང་ཡིན།། རྣལ་འབྱོར་པ་ཡིས་གང་ཐོས་ཐམས་ཅད་དམ་པ་སྟེ།། མཐོང་བ་དེ ་ཡིས་སྐྱེ་མེད་རྟོགས་ཕྱིར་སློབ་དཔོན་མཆོག། བྱས་པ་ཀུན་གྱིས་གཉིས་མེད་གསལ་ཕྱིར་ཐབས་ཡིན་ཏེ།། དགེ་སྡིག་འབྲས་བུ་སྐྱེས་བུ་དེ་ལ་གཉིས་མི་འགྱུར།། གང་ལསྣ་བླ་མ་དམ་པ་ལས།། དབང་ལས་ལྷན་ཅིག། ་སྐྱེས་པ་ཡི།། རོ་ཡིས་ཀུན་ལ་ཁྱབ་པ་སྟེ།། སྐྱེ་མེད་རྒྱས་ཐེབས་རྡོ་རྗེ་འཛིན།། བོད་དང་སྟོང་པ་དབྱར་མེད་སྙིང་ག་པདྨ་དག་ལ་རྫོགས།། སྐྱེ་མེད་ཡིད་ལ་བྱེད་པ་བསམ་གྱིས་མི་ཁྱབ་བདེ་ཆེན་སེམས།། སྣང་གྲགས ་ཐམས་ཅད་རོ་སྙོམས་རྣམ་གསུམ་རྣལ་འབྱོར་རྣམས་ཀྱིས་སྤྱོད།། རྗེ་བཙུན་དག་གི་བྱིན་བརླབས་ཤར་བས་དབྱེར་མེད་རྫོགས་སངས་རྒྱས།། ཆོས་རྣམས་ཀུན་དོང་རང་གི་སེམས་རྣམས་དུ་མར་སྤྱོད།། རྟོགས་པ་ཐམས ་ཅད་ཉམས་མྱོང་གདམས་པ་དོན་བྲལ་ན།། ནོར་བུ་འཆིང་བུ་དག་ལ་རང་བཞིན་དུ་བདེ་ན།། ཆོས་རྣམས་དེ་དང་ལྡན་ན་རེ་དོགས་མེད་པས་རང་བདེ་ཞིག། དང་པོ་བློ་ལྡན་རྟོགས་པ་བསྐྱེད།། གཉིས་ནགསུ་སྣ་རྩེ་བསྒོམ།། ་ཉམས་སུ་མྱོང་བ་སྐྱེས་པ་ན།། སྤྱོད་པས་ཁྱད་པར་འགྲོ་བར་བྱ།། གང་གང་ལྷན་ཅིག་སྐྱེས་པ་དེ།། གླང་པོ་ཆེ་ཡི་མིག་བཞིན་དུ།། གཟེར་རེ་བསྐྱེད་ནས་ཟུག་རྔུ་འབྱུང་།། གློང་ན་ཞེན་མེད་བསམ་གཏན་མཆོག ་བདེའོ་བདེའོ་གནས་མེད་བདེ།། འདོད་པ་མེད་པའི་རང་བཞིན་བདེ།། བརྟགས་པ་ཐམས་ཅད་དེར་ཤེས་བདེ།། བསྒྲུབ་པ་མེད་པའི་སངས་རྒྱས་བདེ།། གོ་ཆ་ཆེན་པོ་བགོས་ནས་ཀྱང་།། ནོར་བུ་ལྟ་བུའི་སྙིང་སྟོབས ་ཀྱིས།། རང་གི་སེམས་ལ་གྲུབ་གཏད་ན།། མི་རོའི་ཁོག་པར་བདེ་ཆེན་ཞུགས།། གང་གིས་གང་དུ་གང་ལས་ནིས།། རྟོག་ཅིང་དཔྱོད་པའི་བློ་ལས་ནི།། དངོས་འཛིན་གདོན་གྱི་དབང་སོང་ཕྱིར།། ཅིར ་ཡང་མི་འཛིན་བློ་གྲོས་མཆོག། སྣང་བ་ཆོས་ཉིད་ཉི་མ་ལ།། བཟུང་འཛིན་ཁྲི་མོན་སྨག་དུ་ཚུད།། སེམས་ཉིད་རང་གསལ་ཆོས་སྐུ་ཉིད།། མ་རིག་མུན་པཱའི་དྲ་བས་བསྡུམས།། གཉིས་མེད་བདེ་ཆེ་ན་བླ་མཱའི་དཱིན།། ་ཤུགས་བྱུང་ཞེན་བྲལ་ཉམས་ཀྱི་གློང་།། རང་གྲོལ་རང་བཞིན་སྤྱོད་པའི་འགྲོས།། རེ་དགོས་ལས་གྲོལ་ཆོས་ཀྱི་སྐུ།། སྐྱེ་མེད་ཀུན་རྟོགས་སྤངས་པ་ཡིས།། བྱང་ཆུབ་ལམ་ཚན་རྟོག་དང་བྲལ།། མི་རྟོག ་འཛིན་མེད་བློ་ལས་འདས།། གུང་དུ་བཙལ་ཡང་རྟོག་མེད་དང་།། རང་བཞིན་དྲི་མེད་ཐབས་དང་ཤེས་རབ་ཀྱི།། རང་བཞིན་སེམས་གང་ལས་ནི་སངས་རྒྱས་ཀྱི།། ཡོན་ཏན་རིན་ཆེན་རིན་ཐང་མེད་ཀྱི་མཛོད།། དམ ་ཆོས་ཉི་མ་བླ་མའི་དྲིན་གྱིས་བལྟོས།། འཁྲུལ་བཅས་བདེན་ལས་འདས་པ་ཡི།། ཉོན་མོངས་འཆིང་བ་གཅོད་མཛད་ཀྱི།། ཆོས་ཉིད་བདེན་པ་མངའ་བརྙེས་པའི།། བཤེས་གཉེན་སྐྱེ་མེད་འོད་གསལ ་མཐོང་།། ཤེས་རབ་མིག་བྲལ་དངོས་པོ་ཡི།། གདོན་འཇོམས་བདག་གཞན་བདེ་ཆེན་སྐུ།། ཅིར་ཡང་རྟོག་མེང་བྱ་བྲལ་གྱི།། ཉམས་མྱོང་ཡེ་ཤེས་སྒྲོན་མ་གསལ།། གང་གིས་དངོས ་དུང་དངོས་མེད་དུ།། འཛིན་ཏེ་མར་མེ་ལྟ་བུ་རུ།། བློ་ཡི་ཡུལ་མིན་སྤང་ཀའི་ཕྱིར།། བློ་འདས་བཅས་བཅོས་རྒྱ་མདུང་ཤིག། ཐབས་བྲལ་ཤེས་རབ་སྒྲོན་མ་ཉིད།། ན་མཁའི་མེ་ཏོག་ཤེས་རབ་ལམ།། རི་བོང་ར་ལྟར་དོན ་མེད་ཀྱི།། སྤང་བྱ་མཐར་འཛིན་བློ་དང་བྲལ།། གང་གིས་གཉིས་མེད་དོན་རྟོགས་ན།། ཆོས་ཉིད་མ་མཐོང་ཆོས་སྐུ་ཡི།། ཆོས་ཉིད་ཉི་མ་ཡོངས་སུ་མེད།། དེ་ཉིད་ཕྱག་རྒྱ་ཆེན་པོ་ཡིན།། ཤེས་དང་ཤེས་བྱ་ལས་གྲོལ ་གྱི།། འཁོར་འོངས་སྟོང་ཉིད་འོད་གསལ་བ།། བལྟར་མེད་བསྟན་དུ་མེད་པ་ཡི།། བློ་འདས་ཤེས་རབ་སྒྲོན་མ་ཉིད།། སྙིང་རྗེ་རྒྱུན་ལྡན་གྲུ་རྫིངས་ཀྱི།། འགྲོ་རྣམས་འཁོར་བྱ་བཟོད་མེད་ཀྱི།། སྡུག་བསྔལ་རྒྱ་མཚོ ་ཆེན་པོ་ལས།། མ་ལུས་སྒྲོལ་མཛད་ཐབས་ཀྱི་སྐས།། སྣང་སེམས་གཉིས་མེད་ཐབས་དང་ནི།། ཤེས་རབ་དབྱེར་མཾ་ད་བྱང་ཆུབ་ལམ།། ཆུ་དང་འོ་མ་ལྟེ་བུ་རུ།། རོ་མཉམ་ཉམས་མྱོང་དབྱེར་མི་ཕྱེད།། ཡོད ་མེད་བཟུང་འཛིན་མཚན་ཉིད་དང་།། མཚོན་བྱ་རང་བཞིན་དྲི་མེད་ཀྱི།། གཉིས་མེད་ཡེ་ཤེས་ཆོས་ཉིད་སྒྲོན།། དུས་གསུམ་སངས་རྒྱས་ཀུན་གྱི་གསང་།། འགྲོ་རྣམས་བདེ་སྡུག་སྐྱོན་ཡོན་གོ་ཞི།། ན་མཁའ་ལ ་ནི་སྤྲིན་བཞིན་དུ།། མ་ལུས་སེམས་ཅན་ཐམས་ཅད་ལ།། ཡིད་བཞིན་ནོར་བུ་ལྟ་བུར་གནས།། དགག་སྒྲུབ་རེ་དོགས་ལས་གྲོལ་གྱི།། ཉམས་མྱོང་བལྟར་མེད་བསྟན་དུ་མྱེད།། ཡང་དག་དོན་གྱི་དེ་ཉིད་ལྔ།། ཡང ་ངག་དོན་མཐོང་རྣམ་པར་གྲོལ།། རིས་དྲུག་སྡུག་བསྔལ་སེམས་ཀྱིས་ནི།། སྣང་བ་ཉམས་མྱོང་བདེ་ཆེན་ལ།། སྣང་བ་མཐུན་སྣང་མེད་པ་རུ།། བླ་མོའི་དྲིན་མཐོང་རྣལ་འབྱོར་གྲོལ།། དོན་ཆེན་ཉི་མ་བྱང་ཆུབ་ཀྱི།། ཆོས ་ཉིད་ཡེ་ཤེས་སྤྱན་པ་ཡི།། ཉམས་མྱོང་སྒྲོན་ལ་ཐམས་ཅད་ཀྱི།། བདེ་ཆེན་སྨྲར་མེད་དོན་མཐོང་བདེ།། ཀུན་རྟོག་འཆིང་བཱ་གཙིད་མཛད་ཀྱི།། བླ་མཱའི་དྲིན་ཐོབ་ཞེན་མེད་ཉམས།། གང་གིས་བྱ་ར་མི་བྱེད་པར།། གནས ་པུས་འཁོར་བྱར་བདེ་མི་རྙེད།། སྒྲ་དོན་འབྲེལ་མེད་ཐོས་ནས་ནི།། ཤེས་རབ་ཡུལ་ལས་འདས་པའི་ཕྱིར།། བླ་མའི་དྲིན་གྱིས་སེམས་དང་ནི།། ནོར་བུ་རིན་ཆེན་ཡོན་ཏན་ལྡན།། དོད་གུས་ཡང་སཱ་མེད་ངམ ་ཚིག་གི། སྒྲོན་མ་བདག་ལུས་རྒྱལ་བའི་མཛོད།། བདེ་ཆེན་ཡོན་ཏན་འབྱུང་གིས་གནས།། བལྟར་མོད་དོན་མཐོང་ངོ་མཚར་ཆེ།། གང་ནས་མ་འོང་གར་ཡང་ནི།། འགྲོ་འོངས་ལས་གྲོལ་གཉུག་མ་ཡི།། 1\ུ0f7fཙྪེ་སྦྱར་མེད་གག ་ཉཉམྱོང་སྨྲར་མེད་ཡོངས་སུ་མེད།། བསྒོམ་པ་འབྲལ་མང་བློ་ལས་འདས།། ཆོས་ཉིད་འོད་གསལ་དག་པའི་སེམས།། བྱང་ཆུབ་གསལ་སྣང་ཆོས་ཀྱི་དབྱིངས།། བདེ་ཆེན་ཡེ་ཤེས་སྐུ་ཅན་གྱི།། སེམས་ཀྱི་ནོར་བུ། ་དྲི་མེད་རྙེད།། མ་བལྟ་བདེ་ཆེན་མཐོང་དུ་མེད།། མ་རྟོགས་ཉམས་མྱོང་བློ་ལས་འདས།། མུ་སེམས་རྟོགས་པ་ཆོས་ཉིད་ཀློང་།། ཅིར་ཡང་བྱ་བྲལ་ཡོངས་སུ་མེད།། དྲི་རིང་མཆོག་ལ་གནས་པའི ་ཉམས་མྱོང་རིན་པོ་ཆེ།། བརྟགས་པ་མ་ཡིན་གཉུག་མ་ཡོངས་སུ་མེད་པའི་ངང་།། ཡུངས་མེད་གཟུགས་ཀྱིས་བདག་འཛིན་དངོས་པོ་འཇོམས་མཛད་པའི།། གནས་ལུགས་དགེ་སྡིག་སྤང་བླང་ཅི་ཡང་བསམ་དུ་མེད།། ་དམིགས་མེད་ཡིད་ལ་མི་བྱེད་དྲན་པ་ཡི།། ཀུན་རྟོག་འཆིང་བ་གཅོད་མཛད་ཡེ་ཤེས་སྨོན།། རྒྱུ་བ་ཆོས་ཉིད་ཆོས་སྐུའི་གློང་དུ་ཆུད།། མ་བསྒོམས་དམུས་ལོང་མཐོང་བའི་ཡུལ་མིན་ཕྱིར།། བསྒོམ་པ་བདུད་རྩིའི་རོ་ཆེར་བླ ་མའི་དྲིན།། བྱིན་བརླབས་བརྒྱུད་པ་གཉུག་མའི་ཉམས་མྱོང་ལ།། བདེ་བའི་རོ་ཚེར་ངོས་བཟུང་ཅིང་ཡང་མེད།། འཁོར་པ་དང་ནི་མྱ་ངན་འདས།། རྟོག་མེད་རྟོག་དཔྱོད་ཡུལ་ལས་འདས།། བསྒོམ་དང་བསྒོམ་པ་ཅིར་ཡང ་མེད།། མི་འཛིན་འཛིན་རྟོག་འཁྲུལ་པ་སྤངས།། ཆོས་ཀྱི་སྤྱན་ཅན་ཆོས་ཀྱི་ནི།། སྐུ་ཅན་ཆོས་ཀྱི་སྒྲོན་མ་ཡིས།། ཚོགས་གཉིས་ཆོས་ཀྱི་རྔ་མོ་ཆེ།། བྱང་ཆུབ་ལམ་ཆེན་ཆོས་ཀྱི་དུང་།། བདག་མེད་འོད་གསལ་སྒྲ་སྒྲོགས ་དུས།། ནོར་བུ་རིན་ཆེན་འདོད་འཇོའི་པ།། འཆི་མེད་བདུད་རྩི་བཅུད་ཀྱི་ལེན།། ལྗོན་ཤིང་མེ་ཏོག་འབྲས་ལྡན་གྱི།། རྒྱ་མཚོ་རི་རབ་བུམ་པ་བཟང་།། ན་མཁའི་ཉི་ཟླ་གླུ་གར་བརྩོ།། མངོན་སུམ་དང་ནི་རྗེས་དཔག་གིས། ་བརྟགས་པ་དོན་ཤེས་དོན་མཐོང་གི། ཡིད་ཆེས་ངེས་དང་བཅས་པ་ཡི།། སྔར་འདྲིས་མ་བུ་དམ་ཚིག་འཇལ།། ཆོས་དང་ཆོས་མིན་མཉམ་ཉིད་ལས།། ཐ་དད་འགྲོ་རྣམས་བརྫུན་བློ་ཡིས།། ཐར་པའི་སྲོག་གཅོད་ཚེ་འདི ་ཡི།། རྣམ་རྟོག་ཐར་མེད་ཆུ་སྲིན་ཁ།། སྙིདཱ་རྗེ་དང་ནི་སྟོང་པ་ཉིད།། ཡ་བྲལ་ཐ་དད་དོན་མི་མཐོང་།། སྟོང་དང་སྙིང་རྗེ་འབྱོར་མང་ལམ།། འཁོར་བ་མྱ་ངན་འདས་མི་གནས།། ཞེན་པའི་བློ་ཅན་རྟག་པ་ཡི།། ཡུལ་གྱི་རྒྱ་མདུད ་སུ་མཱི་འདོད།། འདོད་ཡོན་ལྷན་ཅིག་སྐྱེས་པ་ཡི།། བདེ་བའི་རོས་གང་སྐྱེ་མེད་ལམ།། རང་བཞིན་དགེ་བའི་སེམས་ཉིད་ནི།། གཉུག་མའི་བདེ་ཆེན་མངོན་སུམ་གྱི།། ལྷན་སྐྱེས་རོ་ཚེར་བརྗོད་མེད་ན།། རྟགས་ཀྱིས་དེ་ཉིད ་དོན་མི་རྙེད།། བདེ་ཆེན་འཁོར་འདས་རྟོག་པ་ཡཱི།། བློ་ཅན་རྨོངས་རྣམས་འཆིང་བའི་ཕྱིར།། གང་དང་གང་དུ་བལྟས་གྱུར་ཀྱང་།། དེ་ཉིད་བློ་ཡི་ཡུལ་ལས་འོདས།། རང་རིག་བདེ་ཆེན་མཆིན་དུ་མེད་པའི་ལམ།། ལྷན་ཅིག ་སྐྱེས་པའི་ཡིད་ཅན་གཉུག་མའི་རོ།། བླ་མའི་དྲིན་རྟོགས་སྐྱེ་མདུ་བསྒོམ་པ་ཡི།། ཉམས་ལས་དོན་མཐོང་སྐྱེ་མེད་ངོ་མཚར་ཆེ།། འགྲོ་རྣམས་འཆིང་བྱེད་ལས་ལ་ནི།། རྣམ་གྲོལ་དོན་ཤེས་རང་རིག་གི། སེམས་རྟོགས་མྱ ་ངན་འདས་ཀྱི་མཆོག། དེ་ཉིད་སྤྲོས་པའི་ཡུལ་དང་བྲལ།། སེམས་ཉིད་ནོར་བུ་རིན་ཆེན་མཛོད།། འཁོར་འདས་སྲིད་ཞི་མྱ་ངན་འདས།། དགེ་སྡིག་ས་བོན་བག་ཆགས་རྩ།། ཐར་ལམ་བྱང་ཆུབ་རྙེད་ཀྱི་སྐུ།། ་རང་སེམས་ཆོས་ཉིད་ན་མཁའ་ཡི།། གྲོང་དུ་གྲོལ་ན་འགྲོ་རྣམས་ཀུན།། རྣམ་དག་ཡེ་ཤེས་ཉི་མ་སྟེ།། རྣམ་གྲོལ་བྱང་ཆུབ་གཞན་དགའ་མེད།། འགྲོ་རྣམས་བདེ་ཆེན་རོས་གང་ཡང་།། ཐབས ་བླལ་དེ་ཉིད་དོན་མི་མཐོང་།། ཐབས་ལྡན་བྱ་བྲལ་སྐྱེས་བུ་ལ།། འཆི་མེད་འགྲོ་འོད་ཡུལ་ལས་འདས།། གང་གང་འཛིན་དེ་དངོས་པོ་ཡི།། གདོན་གྱི་དབང་གྱུར་རྨོངས་རྣམས་ལ།། འཆིང་ལས་ཐར་ལམ་མེད་པའི་ཕྱིར།། ཐར ་པའི་ལམ་སྟོན་འཛིན་མེད་ལྟོས།། རླུང་གི་རྟོ་ཞོན་རྟོག་བཅས་ཡིད་ཀྱི་བུ།། བཟུང་འཛིན་སྦྲང་མ་འདོད་ཡོན་རྗེས་སུ་སྙེག། གང་སྙེགས་བདེ་མེད་འཁོར་བའི་འཁྲུལ་བཅད་དེ།། ཡེ་ཤེས་བྱང་ཆུབ་རྩ་རླུང་ཆོས་ཉིད་ཟུང་།། གང་གང ་རིགས་འཛིན་རྟོག་པ་ཡི།། དབང་སོང་འདོད་ཡོན་ལྟད་མོ་ཉིད།། བདག་གཞན་ལྟོས་མེད་མཐོང་བ་ལས།། རང་རྒྱུད་མ་མཐོང་འདོད་མི་ཚིམ།། དངོས་མེད་དངོས་དང་བྲལ་བ་ཡི།། ཆོས་རྣམས་དངོས་དང་དངོས་མིན་ཕྱིར།། གང ་དང་གང་དུ་འཛིན་དེ་ཉིད།། བློ་ཡི་ཡུལ་ཡིན་འཛིན་རྟོག་ཕྱིར།། སྟོང་དང་སྟོང་ཉིད་འབྲས་བུ་རུང་།། དངོས་པོར་འཛིན་པའི་གདོན་ཆེན་གྱིས།། གཞན་དབང་བྲན་ལྟར་མ་བཀོལ་ན།། གང་ལ་གནས་པ་དེ་མི་མཐོང་།། མོས ་པའི་བློ་ལྡན་གུས་པའི་བློ་གྲོས་མཆོག། ལས་ཀྱི་མཚམས་སྦྱོར་བག་ཆགས་རྩ་བ་ཅན།། ཡིད་ཀྱི་ལུས་ཅན་ཆོས་ཉིད་དོན་མཐོང་གི། གཞན་དོན་ནོར་བུ་དཔག་བསམ་ཤིང་ལྟར་མཐོང་།། ཏིང་འཛིན་བྱིང་རྒོད་ལས་གྲོལ་རྟོག ་བཱ་ཡི།། རླུང་གིས་མི་བསྐྱོད་རྟོག་མེད་ཆོས་ཀྱི་ནི།། སྐུ་ཅན་བླ་མ་ཆོས་ཉིད་ཆོས་སྐུ་ཡི།། རི་བོ་ཉི་མ་མ་རིག་མུན་བྲལ་མཛོད།། འགྲོ་ལ་བརྩེ་བའི་བློ་ཅན་ཐུགས་རྗེ་ཡི།། རྒྱ་མཚོ་མི་གཡོ་དཔལ་ལྡན་རྡོ་རྗེ་འཛིན།། ཐུགས། ་རྗེའི་མངའ་བདག་ཐུགས་ཀྱི་དཀོར་མཛོད་ནས།། ཡེ་ཤེས་སྒྲོན་མ་བྱང་ཆུབ་ལམ་མཁན་མཛོད།། མེ་ཏོག་འབྲས་ལྡན་འགྱུར་མེད་དཔག་བསམ་ཤིང་།། འཆི་མེད་བདུད་རྩིའི་རོས་གང་ཀུ་སཱ་ལི།། བདག་མེད་བདེ་ཆེན ་སྤྲོས་བྲལ་རྩེད་མོ་ཡི།། འགྱུར་མེད་དོན་སྟོན་དངོས་པོའི་གདོན་འཇོམས་མཛོད།། སྐྱེ་མེད་འོད་གསལ་སྟོང་ཉིད་འོད་འཕྲོ་ཡི།། ནོར་བུ་རིན་ཆེན་ཡོན་ཏན་ཀུན་ལྡན་གྱིས།། དཔལ་ལྡན་དཔལ་གྱི་འབྱུང་གནས་ཨཱ ་ཙཨཱརྱ།། གཉིས་མེད་སྤྲོས་བྲལ་སྟོང་ཉིད་སྒྲ་སྒྲོགས་མཛོད།། བདེ་ཆེན་བདེ་བའི་འབྱུང་གནས་སངས་རྒྱས་ཀུན་གྱིས་གསང་།། མི་འཇིགས་སེང་གེ་འཇིགས་བྲལ་མེ་ཧཱ་པཎྜི་ཏ།། བུམ་པ་མེ་ཏོག་བཅུད་ལྡན་སྦྲང་རྩི་ལེན ་བཞིན་དུ།། རང་བཞིན་རྟོག་མེད་བློ་འདས་སྒྲོན་མའི་དོན་སྟོན་མཛོད།། བསོད་ནམས་མཆོག་གིས་བརྒྱན་པ་ཡི།། ན་མཁའི་ཡོན་ཏན་མི་ཟད་གཏེར།། སངས་རྒྱས་ཡེ་ཤེས་དྷརྨ་བཞི།། དྷཱུ་ཏཱི་བྱང་ཆུབ་ཆོས ་ཐོབ་མ་ཛོད།། སྐྱེ་མེད་བློ་ལྡན་ན་མཁའ་ལྟ་བུ་ཡི།། ཆོས་རྣམས་སྟོང་ཉིད་འོད་གསལ་འདུས་མ་བྱས།། མཐའ་བྲེལ་བདག་མེད་སྤྲོས་བྲལ་ཆོས་སྐུ་ཡི།། ཚོགས་ལྡན་ཉི་མས་ཡེ་ཤེས་དོན་རྟོགས་ཤོག ་རང་བཞིན་ལྷན་སྐྱེས་འགྲོ་རྣམས་ལྷན་ཅིག་སྐྱེས་ཀྱི་སྐུ།། ཆོས་རྣམས་རྣམ་དག་མྱ་ངན་འདས་ཀྱི་དབྱིངས།། རྣམ་རྟོག་དང་བྲལ་ཚོགས་གཉིས་ལྷུན་གྲུབ་སངས་རྒྱས་སྤྱན།། ཆོགས ་རྗེ་ཚོགས་ཀྱི་བདག་པོ་ཆོས་ཉིད་དོན་མཐོང་ཤོག། སངས་རྒྱས་ཀུན་སྡོམ་བཅོམ་ལྡན་མཁའ་འགྲོ་མ་ཡི་སྡོམ།། བདེ་བའི་འབྱུང་གནས་བདེ་ཆེན་ཉི་མ་བདེ་བ་ཀུན་གྱི་དཔལ།། བླ་མིའི་གསང་མཛོད་གདམྱོས་ངག་སྙིང ་བོ་དོན་གྱི་གསང་ལྡན་མཛོད།། བདེ་ཆེན་བདག་མེད་བདེ་ཆེན་པོའི་ཚོགས་དང་ལྡན་གྱུར་ཅིག། སྲིང་དང་ཞི་བ་རྣམ་དག་ནི།། རོ་མཉམ་དཀྱིལ་འཁོར་ལྡན་གྱི་གཙོ།། ཚོགས་ཀྱི་འཁོར་ལོ་ཚིགས་ཀྱི་མཆོག། ཚོགས་རྗེ ་ཚོགས་བདག་དཔལ་ལྡན་ཤོག། གཉིས་མེད་འཛིན་དང་བྲལ་བ་ཡི།། ཆོས་རྣམས་དངོས་མེད་སྟོང་པ་ཉིད།། ཆོས་ཉིད་འང་གསལ་ཚོགས་ཀྱི་ནི།། འཁོར་ལོ་བྱང་ཆུབ་དོན་མཐོང་ཤོག། བསྒོམ་བྱ་སྒོམ་བྱེད་དམིགས ་པ་ཡི།། ཀུན་རྟོག་འཆིང་བ་གཅོད་མཛད་ཀྱི།། ཚེགས་ཀྱི་འཁོར་ལོ་ཚོགས་ཀྱི་ནི།། བྱམས་མགོན་རྒྱུན་དང་ལྡན་པར་ཤོག། ཞི་བའི་བློ་གྲོས་བདག་མོད་མྱ་ངན་འདས་ཀྱི་དབྱིངས།། ཇི་སྲིད་བདེ་ཆེན་བྱང་ཆུབ་མཆོག ་གི་སེམས།། སྙིང་རྗེའི་རྒྱུན་ལྡན་གསང་སྔགས་སྙིང་པོ་དོན་གྱི་བཅུད།། སྒྱུ་མ་བྱང་ཆུབ་ལམ་ཆེན་སངས་རྒྱས་བྱང་ཆུབ་འོང་།། དངོས་དང་དངོས་མེད་བརྟེན་གཡོ་གཉིས་དང་གཉིས་འཛིན་གྱི།། ལམ་སྦྱོར ་ཁྱབ་བདག་བཅོམ་ལྡན་མི་ཡི་སེང་གེ་ནི།། སངས་རྒྱས་གྲོང་ཁྱེར་ཚོགས་ཀྱི་འཁོར་ལོའི་གྲོང་མཆོག་ཏུ།། བྱང་ཆུབ་སྒྲོན་མ་ཡེ་ཤེས་སྒྲོན་མའི་འོད་ལྡན་ཞིང་།། སེམས་ཅན་རྣམ་དག་གདོད་ནས་སངས་རྒྱས་རང་བཞིན ་ཡང་།། རིས་དྲུག་རྨོངས་རྣམས་མ་རིག་མུན་དྲའི་སྤྲིན་ཚོགས་ཀྱིས།། ཡང་དག་ལམ་བྲལ་བདེ་གཤེགས་ཉི་མ་ནུབ་རྣམས་ལྔ།། ཚོགས་ཀྱི་འཁོར་ལོ་ཡེ་ཤེས་འོད་འབར་མི་པོ་ཆེ།། ཆོས་རྣམས་རང་བཞིན་སྤྲོས ་བྲལ་མྱ་ངན་ལས་འདས་པའི།། ཆོས་ཉིད་བདེ་ཆེན་བྱང་ཆུབ་ལམ་གྱི་རྩ་བ་ཅན།། གཉིས་མེད་འོད་གསལ་མ་ཉམས་ཟག་མེད་མྱང་འདས་ཀྱི།། བདེ་སྤྱོད་འགྲོ་མགོན་ཐུགས་ཀྱིས་འཛིན་པར་ཤོག། མ་རིག ་མུན་གོསལ་ཡེ་ཤེས་ཉི་མའི་བྱང་ཆུབ་འོད།། དཔལ་ལྡན་ཆོས་ཀྱི་བྱང་ཆུབ་ཆོས་ཀྱི་སྒྲོན་མ་ཡི།། ཡེ་ཤེས་བྱང་ཆུབ་བཤེས་གཉེན་ཨཱཏྨ་ཏ་ཀཱི་ནི།། ཆོས་ཀྱི་བློ་གྲོས་ཆོས་ཉིད་གཟུངས་ཀྱིས་འཛིན་པར་ཤོག། དགེ ་བིའི་བློ་ཅན་ཡོན་ཏན་ཀུན་གྱི་གཉེན་གཅིག་པོ།། ཐུགས་རྗེའི་རྩ་བརྟུན་མི་ཡི་སེང་གེ་བྱམས་པ་ཡི།། ལྗོཿཤིང་བཤེས་གཉེན་ནོར་བུ་རིན་པོ་ཆེ།། མི་ཟད་གཏེར་ཆེན་གྲིབ་ལ་སྤྱོད་པར་ཤོག། དཔལ་ལྡན ་འཇིག་རྟེན་སྲིད་གསུམ་ཡོན་ཏན་ཀུན་གྱི་གཙོ།། མི་མཆོག་རྒྱལ་པོ་ལྷ་དང་ལྷ་མིན་ཀུན་གྱི་ནི།། གཙུག་གི་ནོར་བུ་ཡོན་ཏན་ཀུན་ལྡན་དམ་པའི་རྗེ།། ཞིང་སྐྱེས་ནོར་བུ་རིན་ཆེན་རྒྱན་དོང་ལྡན་པར་ཤོག། རྣམ ་རྟོག་ལས་གྲོལ་བཅོམ་ལྡན་ལྷུན་གྲུབ་ཆོས་ཀྱི་ནི།། སྨན་པ་ཉོན་མོངས་ཟུག་རྔུ་འབྱིན་མཛད་འགྲོ་བ་ཡི།། མགྲོན་གྱུར་རྗེ་བཙུན་ལས་ཅན་ལས་ལས་གྲུབ་པ་ཡི།། ལས་ཀྱི་ཉོན་མོངས་དྲུག་རྔུ་མི ་ཟད་དབྱུང་དུ་གསོལ།། བདེ་གཤེགས་ཉི་མ་ཆོས་ཉིད་ཆོས་ཀྱི་སྤྱན་ཅན་གྱིས།། ཟླ་བའི་འོད་ཟེར་དྲི་མེད་ཤལ་གོང་དངས་གསལ་གྱི།། བླ་མིའི་བདུད་རྩིའི་ཆུ་རྒྱུན་འཆི་མེད་སྨོན་མ་ཡིས།། སྔགས་སྐྱེས་འཁོར་དེའི་དྲི་མ་མ ་ལུས་དག་པར་མཛོད།། དཔའ་ཁྱོད་ཐུགས་རྗེས་འགྲོ་བའི་སྡུག་བསྔལ་མ་ལུས་སེལ་མཛད་སྒྲོན་མའི་ཕ།། དཔལ་ལྡན་དྲི་མེད་ཐབས་དང་ཤེས་རབ་བདག་གཞན་ཕན་པའི་རྒྱུར་གྱུར་པ།། རྒྱུད་ལྡན་བླ་མོ་མཚུངས་མེད་དཔའ་བོ ་ཡོན་ཏན་ཀུན་གྱི་གཏེར་གྱུར་པ།། སྲིད་མཚོ་ལས་སྒྲོལ་འཁོར་བའི་འཁོར་ལོ་རྒྱུན་གཅོད་པ་ཆེན་རོལ་མཛད་པ།། དཔལ་ལྡན་རྒྱལ་བའི་ཚོགས་ཀྱིས་མཆོད་པ་ཆོས་ཀྱི་སྤྱན་དང་ལྡན་པའི་བུ།། ཚོགས་རྗེ་ཚོགས་ཀྱི་མཆོད་པ ་སྲིད་མཚོ་མ་ལུས་སྐེམས་བྱེད་བུ།། བདེ་གཤེགས་མཆོད་པ་དཔག་བསམ་ཤིང་ཆེན་ཡོན་ཏན་ཀུན་གྱི་རྒྱན་ལྟ་བུ།། མཁའ་འགྲོའི་གསང་ཚིག་སངས་རྒྱས་སྐྱེ་མེད་ཚོགས་ཀྱི་འཁོར་ལོའི་བུ།། མ་མ་མ་གཅིག་བཅོམ་ལྡན་ཡུམ ་གྱུར་ཚོགས་ཀྱི་འཁོར་ལོ་བོདེ་ཆེན་མ།། གཉིས་མེད་བྱང་ཆུབ་ལམ་མཁན་ཚོགས་འཁོར་བདག་མེད་ཆོས་ཀྱི་སྤྱན་ཅན་མ།། གང་ཞིག་གང་གི་དྲིན་གྱིས་བོ་དག་བློའི་པདྨོ་ཁ་འབྱེད་ཉི་མའི་འོད།། མཐོང་ཐོས་དྲན་གྱི་སྒྲོན་མ་མ་རིག ་མུན་སེལ་ཡེ་ཤེས་བྱང་ཆུབ་སྒྲོན།། རྣལ་འབྱོར་ཉམས་མྱོང་མཁས་པ་རྟོགས་ཚད་སྤེལ་ལེགས་མུ་ཏིག་རིན་ཆེན་ཕྲེང་།། འགྲོ་དྲུག་ནོར་བུ་རིན་ཆེན་ཡོན་ཏན་མེད་ཀྱི་དུས།། བདེ་གཤེགས་ཆོས་ཀྱི་སྤྱན་མངའ་སངས་རྒྱས་སྲས་པོ ་ཡོན་ཏན་རིན་ཆེན་གདུང་རྒྱུད་ལྡན།། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོ་བྱང་ཆུབ་ལམ་གྱིས་བག་ཆགས་རྩ་བ་འཆང་།། ཆོས་ཉིད་ཆོས་ཀྱི་དོན་ལྡན་ཆོས་མཆོག་ལམ་ཆེན་ཡིད་འོད་གསེར་གྱི་ཕྲེང་བར་ལྡན།། གཉིས་མེད་ཡེ་ཤེས ་ལས་བྱུང་ཁྱབ་བདག་འགྲོ་མགོན་ནོར་བུ་རིན་ཆེན་ཆོས་ཀྱི་མཛོད།། དོན་ཡོད་ལུགས་གཟིགས་སྡེ་སྣོད་རྣམ་གྲོལ་དོན་མཐོང་རྣམ་དག་ཐུགས་དེའི་དགོངས་པ་ཉིད།། གང་གི་དྲིན་གྱིས་མ་མཐོང་མཐོང་ཕྱིར་མཐོང་བའི་ལམ་ལྟར་བདེ ་ཆེན་དོན་མཐོང་ཞིང་།། ཐེ་ཚོམ་བློ་བྲལ་ཡིད་ཆེས་སྒྲོན་མ་བྱང་ཆུབ་གསལ་དངས་དྲི་མེད་རྟོག་དང་བྲལ།། གཉུག་མའི་ཉམས་མྱོང་ཞེན་མེད་ཆོས་ཉིད་འོད་གསལ་ཉི་མས་མ་རིག་མུན་བཱ་སངས།། འདིར་འཕྲད་སྨོན་ལམ་མཚམས། ་སྦྱོར་བག་ཆགས་ཀྱི་རྩ་བ་ཅན།། བསམ་པར་སྡོང་པོ་རྣམས་མཛེས་བསྒྲུབ་པའི་མེ་ཏོག་འབྲས་ལྡན་གྱི།། བྱང་ཆུབ་ལྗོན་ཤིང་ལས་འབྲས་ཡིད་ཆེས་བསིལ་གྲིབ་ལ།། སྔར་འདྲིས་མྱི་དང་ཕྲད་བཞིན་སྨོན་ལམ་མ་བུ་ཙིས་མི ་འཇལ།། ཕྱག་རྒྱ་ཆེན་པོ་གསེར་འཕྲེང་ལས།། ཚོགས་འཁོར་གསུམ་པ་གཉིས་མིང་ཡིད་ཆེས་རང་གསལ་གྱི་ལེའུ་སྟེ། གསུམ་པའོ།། ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ། རིན་པོ་ཆེ་གསེར་ཕྲེང་ཞེས ་བྱ་བ། གྲུབ་པ་ཐོབ་པའི་རྣལ་འབྱོར་པ་དང་།། པཎྜི་ཏ་མང་པོས་གསུངས་པ་རྣམས། རྗེ་བཙུན་མངའ་བདག་མཻ་ཏྲི་པས། གཞུང་གཅིག་ཏུ་བསྡེབས་པའི་གདམས་པ་རྫོགས་སྷོ།། ་པཎྜི་ཏ་དེ་ཉིད་དང་། ལོ་ཙཱ་བ་མར་པོ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། པྲཛྭཱ་ལེ་ཁ་ནཱ་མ། བོད་སྐད་དུ། ཤེས་རབ་ཀྱི་ཕྲིན་ཡིག་ཅེས་བྱ་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།། ་