| Wylie | e-texts produced with BDRC’s OCR application |
ནཱ་མོ་རྱཱཏྣ་ཀཨཱརྱཱ། དུར་ཁྲོད་ཆེན་པོའི་བསིལ་བའི་ཚལ་དུ། མཁའ་གྲོ་མྱ་པདྨེ་བའི་རོ་བླན་མྦྷས། དབྱིངས་ཀྱི་གཙོ་མོ་རྣམས་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ནས། རྗེས་ལ་རྐུན ་ཆང་འཕྲ་མེན་གྱི་སྣོད་བཀང་བ་དྲངས་ཏེ། རྟོགས་པར་བརྗོད་པ་མགུར་རེ་ཞུས་པས། དང་པོ་ལྔ་མཁའ་འགྲོ་མ་ཉི་ཟླ་ག་སྡེར་གྱི་ཐོར་ཅོག་ཅན་གྱིས་རྟོགས་པ་བརྗོད་དེ་མགུར་བཞེངས་པ། ཀྱེ་འོ་མ་བཅྡོཾས་རྣལ ་འབྱོར་ཤེས་པ་ལ།། དེས་ཤེས་སྐྱེས་ན་སངས་རྒྱས་ཡིན།། དཀར་དམར་ཡུལ་གྱི་སྣང་བ་འདི།། བརྡ་རུ་གོ་ན་བླ་མ་ཡིན་གསུང་ངོ་།། མཁའ་འགྲོ་མ་རལ་པའི་ཐོ་རེ་ཅོག་ཅན་གྱིས་རྟོགས་པར་བརྗོད་པ། ་ཀྱེ་འོ་གཉིས་སུ་མེད་ན་འཆིང་གྲོལ་མང་།། ངོས་ཟུང་མེད་ན་སྒྲིབ་པ་མེད།། རང་བཞིན་མེད་ན་ཆགས་སྡང་མེད།། དྲན་དུ་མེད་ན་ཡོངས་སུ་མེད་གསུང་ངོ་།། མཁ་འགྲོ་མ་རླུང་གི་གཤོག་པ་ཅན་གྱིས་རྟོགས ་བྱ་བརྗོད་པ། ཀྱེའོ་ཆོས་རྣམས་གཞི་མེད་རྨི་ལམ་འདྲ།། སྣང་བར་རྐྱེནྡ་སྐྱེས་གཟུགས་བརྙན་འདྲ།། རང་འབྱུང་རང་ཞི་སྠུ་བྷེ་འངྒ།། རྩ་བྲལ་ཆེན་པོ་ན་མཁའ་འདྲ་ཞེས་གི་སུང་ངོ་།། མཁ་འགྲོ་མ་ཉི་ཟླའི ་ཐོང་ཕྲེང་ཅན་གྱིས་རྟོགས་པ་བརྗོད་པ། ཀྱེ་འོ་དེ་ཉིད་ཉམས་སུ་མྱོང་བའི་སྐྱེས་བུ་གང་།། བདེ་ཆེན་ན་མཁའི་ཁམས་སུ་མི་ཤོང་ངོ་།། འདི་ལ་མཚོན་དུ་འདུག་གམ་ཁྱོད་ཀྱིས་སྨྲོས།། ང་ཡིས་ཅི་ཡང ་མཐོང་བ་མྱེང་བར་མཐོང་གསུང་ངོ་།། མཁའགྲོ་མ་ལ་བིའི་གོས་ཅན་གྱིས་རྟོགས་པ་བརྗོད་པ།། ཀྱེ་བོ་པདྨའི་གེ་སར་སྙིང་གི་དབུས་སུ་སང་།། གསལ་བའི་མེ་ཏོག་འདམ་གྱི་དྲི་མ་བྲལ།། དྲི ་དང་ཁ་དོག་ལྡན་པ་གང་གིས་རྐྱེན།། འདི་ལ་དགགས་དང་སྒྲུབས་པ་ཡོད་དམ་ཅི་གསུང་ངོ་།། མཁའ་འགྲོ་མ་མེ་ཁ་ལས་རྟོགས་པ་བརྗོད་པ།། ཀྱེ་འོ་ན་མཁའ་ལས་བྱུང་ཆོ་འཕྲུལ་ནི།། ནམ་མཁའ་ཉིད་ཀྱི་བྱས་པའི་ཕྱིར།། ་ན་མཁའི་ངང་དུ་རང་བྱུང་སྟེ།། འདི་ལ་སྐྱོན་དུ་མ་འཛིན་ཅིག་གསུང་ངོ་།། མཁའ་འགྲོ་མ་ཡེ་ཤེས་རྡོ་རྗེས་རྟོགས་པ་བརྗོད་པ།། ཀྱེ་འོ་བླ་མའི་དྲིན་གྱིས་བདེ་ཆེན་མཆོག་རྙིད་ནས།། ཐབས་གཞན་རྟེན་པ་རྨོངས་པ་ཤེས་པར་བྱ།། ་འདི་ལས་གུད་དུ་གྱུར་པའི་བདེ་ལམ་ཞིག། གཞན་ནས་རྙེད་པར་སུས་ཀྱང་ནུས་པ་མེད་གསུང་ངོ་།། མཁའ་འགྲོ་མྱ་ཡཱ་ཤེས་རྡོ་རྗེས་རྟོགས་པ་བརྗོད་པ།། ཀྱེ་འོ་སྣ་ཚོགས་སྣང་བའི་ཆོ་འཕྲུལ་ཉིད།། དྲན་པའི་གཟུགས ་བརྙན་ཡིན་ཤེས་ཤིང་།། དྲན་པ་རང་ངོས་སྟོང་ཤེས་ན།། དབྱིངས་ཀྱི་བེ་དཾ་བ་བཙལ་མི་དགོས།། མཁའ་འགྲོ་མ་སྲིད་པའི་རྒྱལ་མོས་རྟོགས་པ་བརྗོད་པ།། ཀྱི་འོ་རང་རིག་རྒྱལ་པོ་འདི་མཐོང་ན།། ཐམས་ཅད་ཐམས ་ཅད་ཐར་པའི་ལམ།། རང་རིག་ཉིད་ནི་མ་རྟོགས་ན།། གྲོལ་བ་ནམ་ཡང་ཡོད་མ་ཡིན་གསུང་ངོ་།། མཁའ་གྲོ་མ་པདྨ་ཞབས་ཀྱིས་རྟོགས་པའི་བརྡ་བརྗོད་པ། ཀྱེ་འོ་ཡོད་མེད་མཐའ་དང་བྲལ་བ་ལ།། གང་གིས་བརྟགས ་དབྱང་བྱ་བར་ནུས།། དྲན་མེད་བློ་དང་བྲལ་བ་ལ།། གང་གིས་བསམ་ཞིང་བསྒོམ་པར་ནུས་ཞེས་གསུང་ངོ་།། མཁའ་འགྲོ་མ་རྒྱལ་བའི་བློ་གྲོས་ཀྱིས་རྟོགས་པ་བརྗོད་པ།། ཀྱེའོ་སྟོང་ཉིད་རིག་པའི་རྩལ་དང་ལྡན།། སྐྱེ་མེད ་སྐྱེ་བོའི་ཆོ་འཕྲུལ་སྟོན།། དགག་སྒྲུབ་མེད་དེ་རང་སར་གྲོལ།། འདི་ལ་བྱ་རྒྱུ་ངས་མ་རྙེད་གསུང་ངོ་།། མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་གྱིས་རྟོགས་པ་བརྗོད་པ།། ཀྱེ་འོ་ཡོད་དོ་བྱས་ན་ངོས་བཟུང་མེད།། མེད ་ངོ་བྱས་ན་སྣ་ཚོགས་འཆར།། ཡོད་མེད་མཁའ་ལས་འདས་པ་ལ།། འདི་ཞེས་ང་ཡིས་མཚོན་མི་ནུས་གསུང་ངོ་།། མཁའ་འགྲོ་མ་གཟི་བརྗིད་ཀྱི་རྒྱལ་མོས་རྟོགས་པ་བརྗོད་པ།། དྲན་དུ་མེད་ན་མ་ཡེངས་ཤིག། ་ཡེངས་པས་འཁོར་བ་རྨི་ལམ་འདྲ།། རྟོགས་པ་སྐྱེས་བུ་གཉིས་སད་འདྲ།། ངས་ནི་འཁོར་བྱ་མ་མཐོང་ངོ་།། མཁའ་འགྲོ་མ་དཔལ་གྱི་བཟུང་མོས་རྟོགས་པ་བརྗོད་པ།། ཀྱི་འོ་སྣང་སྲིད་འདི་ནི་ཕྱག་རྒྱ་ཆེ།། འདོད ་ཡོན་འདི་ནི་དངས་པའི་ས།། གཉུག་མའི་དོན་ལ་འཕྲོ་བྲལ་མེད།། བདེ་ཆེན་ཐད་ལ་རྒྱུག་ཏུ་གསོལ་གསུང་ངོ་།། མཁའ་འགྲོ་མ་དཔལ་གྱི་འོད་ཟེར་གྱིས་རྟོགས་པ་བརྗོད་པ།། ཀྱེ་འོ་གཉུག་མ་དོན་གྱིས་གཏེར་མཛོད ་ན།། དགོས་འདོད་སེམས་ཉིད་ནོར་བུ་ཡོད།། ལྡེ་མིག་བླ་མ་དམ་པ་འཛིན།། རྗེས་སུ་འཇུག་པ་སྤྲོས་ལགས་སམ་གསུང་ངོ་།། མཁའ་འགྲོ་མ་བཟང་མོས་རྟོགས་པ་བརྗོད་པ།། ལྟོས་ཤིང་རང་གི་སེམས་ལ་ལྟོས།། ་བལྟས་པས་མ་རྙེད་རྩ་བ་སྟོར།། ཡལ་ག་ཇི་ལྟར་དགྱེ་དགྱེས་མཛོད།། ང་ནི་རྟོགས་པ་རང་གྲོལ་ཡིན་གསུང་ངོ་།། མཁའ་འགྲོ་མ་རྡོ་རྗེ་བདེ་མས་རྟོགས་པ་བརྗོད་པ།། འགྲོ་རྣམས་ལས་ཀྱིས་འཁྲུལ ་གྱུར་ཀྱང་།། བདེ་བ་རང་ལྔས་གཞན་མེད་དེ།། བསྒྱུར་དེ་རང་གི་དོན་དེ་ལྟོསྟེ།། ཡིད་ནཱི་ལས་ལས་ཐར་པར་འགྱུར་ཞེས་གསུང་ངོ་།། བདག་ཉིད་ཆེན་པོ་ཉི་མའི་དབང་ཕྱུག་གིས་རྟོགས་པ་བརྗོད་པ།། ཉི་མ་སྟོང་གི་གཟི་བརྗིད ་ཀྱིས།། སྣང་སྲིད་གསལ་ཞིང་བསྲེག་པ་ལྟར།། གཉིས་མེད་ཡེ་ཤེས་ཆེན་པོ་ཡིས།། ཆོས་རྣམས་གསལ་ཞིང་འཇོམས་པར་བྱང་གསུང་ངོ་།། མཁའ་འགྲོ་མ་ལྷ་དཔལ་གྱི་ཡེ་ཤེས་ཀྱིས་རྟོགས་པ་བརྗོད་པ།། ཀྱེ་འོ་ང་ནི་མི་སྐྱེ་མི ་འཇིག་སྟེ། འགྱུར་མེད་ཡེ་ཤེས་རྡོ་རྗེ་ཡིན།། ང་ལས་བྱུང་བའི་ཆོས་རྣམས་ཀུན།། ང་ཡི་ངོ་བོར་མཉམ་དུ་གྲོལ་གསུང་ངོ་།། མཁོའུ་འགྲོ་མ་སྟག་གི་གདོང་པ་ཅན་གྱིས་རྟོགས་པ་བརྗོད་པ།། ཀྱེ་འོ་མི་སྐྱེ་མི་འགག་བསམ་ལས་འོངས།། ་འདི་ཞེས་མཚོན་པའི་ཚིག་དང་བྲལ།། ཡེ་གྲོལ་ཆེན་པོ་མཆོག་གི་ལམ།། བསམ་དུ་མེད་དོ་རང་སར་ཞོག་གསུང་།། མཁའ་འགྲོ་མ་ཞི་བ་བཟང་མོས་རྟོགས་པ་བརྗོད་པ།། ཀྱེའོ་སེམས་ཀྱིས་དེ་ཉིད་སྨྲ་རུ་མེད།། གཤིས་ཀྱི་དེ་ཉིད་བསམ ་དུ་མེད།། ཆོས་ཀྱི་དེ་ཉིད་ངོས་གཟུང་མེད།། ལམ་གྱི་དེ་ཉིད་བསྒོམ་དུ་མེད་གསུང་ངོ་།། མ་འགྲོ་མ་གྷ་གྷ་དཔལ་གྱིས་རྟོགས་པ་བརྗོད་པ།། ཀྱེ་འོ་བུ་ཁྱོད་ཅི་སེམས་དེ་ལ་ལྟོས།། སྤོས་དང་བྲལ་བ་མཐོང་དུ་མེད།། བསམ་དུ་མེད ་བ་སུ་ཞིག་བསྒོམ།། འདི་ལ་མ་བརྩོལ་གཞི་ལ་ཞོག་གསུང་ངོ་།། མཁ་འགྲོ་མ་ཡེ་ཤེས་དབང་ཕྱུག་གིས་རྟོགས་པ་བརྗོད་པ།། གང་གིས་དེ་ཉིད་མ་མཐོང་ན།། ལུས་ངག་དགེ་བའི་ལས་སྤྱད་ཀྱང་།། བདེ་ཆེན་མཆོག་དང་མི་ཕྲད་དེ།། ་གནས་སྐབས་ཙམ་གྱིས་བདེ་བར་གསུང་ངོ་།། མཁའ་འགྲོ་མྱ་བདེ་བའི་རྡོ་རྗེས་རྟོགས་པར་བརྗོད་པ།། ཀྱེའོ་གང་གིས་མཐོང་དང་མཐོས་པ་དང་།། དྲན་དང་ཚོར་བའི་བྱེ་བྲག་ཀུན།། ཡིད་ཀྱི་ཡེ་ཤེས་དངས་པ་ལ།། གཟུགས་བརྙན ་ཙམ་དུ་ཤར་བ་ལས།། གཞི་ལ་མ་གྲུབ་ངོ་བོས་སྟོང་གསུང་ངོ་།། མཁའ་འགྲོ་མ་ལྷ་ཉི་མའི་རྟ་ཅན་གྱིས་རྟོགས་པ་བརྗོད་པ།། གང་གིས་མ་མཐོང་ངོ་མཐོང་ན།། ཡིད་ནི་རང་གྲོལ་ཆོས་ཀྱི་སྐུ།། རླུང་གི་རྟ་ཕོ་ཤུལ་དུ་ལུས།། སེམས ་ཀྱི་མི་པོ་མཁའ་ལ་འགྲོ་གསུང་ངོ་།། མཁའ་འགྲོ་མ་པདྨའི་མྱུ་གུས་རྟོགས་པ་བརྗོད་པ།། འགྲོ་བ་ཡིད་ཀྱི་ཕྲེང་བས་བཅིངས།། ཡིད་བསང་ཕྲེང་ཐག་བཅད་པ་ཡིས།། དུག་སྦྲུལ་མཚོན་གྱིས་གཙེས་པ་བཞིན།། འདི་ཡིས་ཕན ་གནོད་བྱས་པ་མེད་གསུང་ངོ་།། མཁ་འགྲོ་མ་དབྱིངས་ཀྱི་རྒྱུལ་མོས་རྟོགས་པ་བརྗོད་པ།། ཀྱེ་འོ་ན་མཁའ་ཡོངས་སུ་དངས་ན་ཚོན་གྱིས་བསྒྱུར་དུ་མེད།། རྟོགས་དང་ལྡན་པའི་སྐྱེས་བུ་ལས་གྱིས་བཅིང་དུ་མེད།། གདེང་མེད་ཀྱང ་ཀྱིས་སྤྱོད་པ་བྱེད་པའང་།། སེང་གེའི་ལྤགས་པ་ཁྲོ་ཡིས་གོན་པ་འདྲ་གསུང་ངོ་།། མཁའ་འགྲོ་མ་ཟླ་བའི་གདོང་ཅན་གྱིས་རྟོགས་པ་བརྗོད་པ།། ཀྱེའོ་ཡེ་ཤེས་ཆེན་པོ་མཆོག་གི་ལམ།། མ་བགྲོད་དེ་བཞིན་ཉིད་ཀྱིས།། མ ་བསྒྲུབས་ལྷུན་གྱིས་གྲུབ་པའི་དོན།། ཨེ་མཱ་རྣལ་འབྱོར་བསྐལ་པར་བཟང་གསུང་ངོ་།། མཁ་འགྲོ་མ་འབར་མ་གློག་གི་ཕྲེང་བ་ཅན་གྱིས་རྟོགས་པ་བརྗོད་པ།། ལྟས་ཀྱིས་མ་མཐོང་བའི་མིག། བསམ ་གྱིས་མ་དྲན་པ་ཡི་སེམས།། སྒྲས་ཀྱིས་མ་བརྗོད་ད་ཡཾ་ལྷ།། བགྲོད་ཀྱང་མ་ཕྱིན་ངའི་ལམ་གསུང་ངོ་།། མཁྱེའ་འགྲོ་མ་ཤེལ་གྱི་ཐོར་ཚུགས་ཅན་གྱི་མངོན་པར་རྟོགས་པ། མི་སྒོམ་རྣལ་མའི་ཤེས་པ་ལ།། དྲན་པས་བཟུང་དང ་མ་བཟུང་མེད།། མི་སྤྱོང་སྒོ་གསུམུ་ལྷུག་པ་ལ།། ཆེད་དང་དགག་དང་སྒྲུབ་པོ་མེད་གསུང་ངོ་།། མཁའ་འགྲོ་མ་ཉི་མའི་རྒྱལ་མོས་རྟོགས་པ་བརྗོད་པ།། ཀྱེ་འོ་རང་བྱུང་བདེ་ཆེན་ཡེ་ཤེས་འདི།། མ་རྟོགས་སྨྲ་བར་མི་ནུས ་ཏེ།། རྟོགས་ནས་བརྗོད་དུ་ག་ལ་ཡོད།། མྱོང་བ་སླར་མེད་ལྐུག་པའི་ཁ་གསུང་ངོ་།། མཁའ་འགྲོ་མ་སེང་གེའི་མདངས་ཅན་གྱིས་རྟོགས་པ་བརྗོད་པ།། ཁོ་ལ་མ་བལྟ་ང་ལ་ལྟོས།། ང་ནི་ཡེ་ཤེས་ཆེན་པོ་ཡིན།། ཁོ ་ནི་ང་ཡི་སྤྲུལ་པ་ཡིན།། གཉིས་མེད་ཡེ་ཤེས་བློ་ལས་འདས་གསུང་ངོ་།། མཁའ་འགྲོ་མ་ཁྲག་གི་གདོང་པ་ཅན་གྱིས་རྟོགས་པར་བརྗོད་པ།། ཀྱེ་འོ་དྲན་དང་མ་དྲན་སོ་མཚམས་སུ།། ཡིད་ཀྱི་ཤེས་པ་བསམ་ལས ་འདས།། བླ་མའི་ཞལ་ལས་ཤེས་པར་གྱིས།། གཞན་གྱིས་རྟོགས་པར་འགྱུར་མ་ཡིན་གསུང་ངོ་།། མཁའ་འགྲོ་མ་དཔལ་གྱི་སྒྲོན་མས་རྟོགས་པ་བརྗོད་པ།། ཀྱེ་འོ་གང་ཕྱིར་ཡིད་ཀྱི་ཡེ་ཤེས་འདིས།། ཁྱོད ་ཀྱིས་བལྟས་པས་ཇི་ལྟར་མཐོང་།། བརྟགས་པས་རྟོགས་པར་མི་འགྱུར་ཏེ།། མི་རྩལ་དེ་བཞིན་ཉིད་དུ་བཞག་གསུང་ངོ་།། མཁ་འགྲོ་མ་སྣང་གསལ་གྱི་རྒྱལ་མོས་རྟོགས་པར་བརྗོད་པ།། འགྲོ་བ་ལས་ཀྱིས་འཇུར ་བུས་བཅིངས།། བྲམ་ཟེ་སྲུང་བ་འཁལ་པ་བཞིན།། ཡིད་ཀྱིས་འཇུར་བུ་གློང་བར་བྱ།། ལས་ལ་གྲོལ་ན་འཆིང་བ་མེད་གསུང་ངོ་།། ཡེ་ཤེས་ཀྱི་མཁ་འགྲོ་མུ་སུམ་ཅུ་རྩ་ལྔའི་རྟོགས་པར་བརྗོད་པ། མཁའ་འགྲོ ་མའི་གསང་མཛོད་ན་གནས་པ་ལས། དབྱིངས་ཀྱིས་བཀའ་བགྲོས་ནས། རྗེ་ངམ་པ་རྒྱུ་གུར་ལ་སྣང་བའོ།། ཞྭ་མ་ལོ་ཙཱ་བས་བསྒྱུར་བའོ།། རྫོགས་སྷོ།། ། རྒྱ་གར་སྐད་དུ། ་