CLOSE WINDOW

GT1280: sems kyi gsang ba zab don brda'i glur blangs pa zhes bya ba
Wyliee-texts produced with BDRC’s OCR application

པ་བསྟན་པའོ།། ། རྫོགས་སྷོ།། ། རྒྱ་གར་སྐད་དུ། ཙིཏྟཾ་གུ་ཧྱ་གམྦྷཱི་རཱ་ཐ་གཱི་ཏ་ནཱ་མ། བོད་སྐད་དུ། སེམས་ཀྱི་གསང་བ་ཟབ་དོན་བརྡའི་གླུར་བླངས་པ་ཞེས་བྱ་བ། ཤ་བ་རི་དབང་ཕྱུག ་ལ་ཕྱག་འཚལ་ལོ།། ཀྱེ་བློ་ཆུ་དང་འོ་མ་སོ་སོར་ན་མཁའི་མཐོངས་སུ་བསྲེས་པ་རྟོག་མེད་ངང་པའི་མཆུ་ངེས་བསྡུས་ནས་སོང་།། འདབ་ཆགས་འུག་པའི་མིག་གིས་སྣ་ཚོགས་མུན་པའི་ཁྲོད་ན་སྣང་བ་སོ་སོར་མཐོང་བ་ཕྱི་རོལ་མིན།། ་འདོབོ་ཆགས་ནེ་ཙོ་ས་ཉི་མོའི་འོད་ལ་རྩི་ཤིང་ནགས་ཁྲོད་མཐོང་ལྟ་དགའ་ལྡིང་རྩེ་ལ་ལྷགས་པར་ཆུགས།། རྨཱ་བྱཱ་དུག་གི་ལྟོ་མ་ཟོས་པས་སྤུ་སྡུག་ལྷག་པར་མཛེས་དེའི་ཁ་དོག་མདོངས་ནི་སུ་ཡིས་བྲིས།། སྒེ་གོ་མོ་གཞན ་གྱི་དྲི་མ་དག་པའི་མདོང་ཅན་མེ་ལོང་བལྟ་ལ་རབ་ཏུ་བརྩོན་པ་ཤེས་པར་གྱིས།། སྲིན་པོའི་གླིང་ལས་ཐར་པའི་དེད་དཔོན་དྲི་ཟའི་གྲོང་མཐོང་དེ་ལ་གནས་བཅས་དོན་ཆེན་འགྲུབ་པ་མཚར།། དྲང་སྲོང་ཆུ་ཡི་ཟླ་བ་བལྟ་ཞིང་ཉི ་བྷཱུ་ཕྲེང་བ་འགྲེང་ལ་བརྩོན་པ་གསྡང་སྨྲ་ལྷག་པར་ནྟེ།། རྒྱལ་པོས་དགྲ་ཐབས་ཀྱིས་ནི་བཀུག་སྟེ་བཅིངས་ནས་བསད་པས་སྒྱིང་དང་བཅས་པ་ཐོབ་སྟེ་གཡོན་ཅན་མིན།། གིང་བ་སློབ ་གཅོད་མཁས་པ་ཉིན་བཞིན་སྲོག་གཅོང་དེ་ལ་སྡིག་པས་མི་གོས་གཤིན་རྗེ་གཤེད།། ཛཱི་བོ་ཐབས་མཁས་ལྕགས་ཀྱུས་སྟོབས་ལྡན་གླང་པོའི་ཁ་ལོ་ཇི་ལྟར་འདོད་བཞིན་སྒྱུར་བ་ཕྱི་རོལ་མིན།། མིག་འཕྲུལ་མཁན་པོས་ཉིན ་བརྐུས་ཏེ་མུན་ཁུང་ནང་དུ་སྦས་པས་གཟའ་སྐར་ཐམས་ཅད་དབང་དུ་འདུས།། ཚངས་པའི་རིལ་བ་ཆུས་བཀང་མི་འཛེག་དག་བྱེད་རྒྱད་དུ་འཆང་བ་ཤེས་ན་རྟེན་འབྲེལ་ཆེ་བ་ཡིན།། དཔྱིད་དུས་མེ་ཏོག་མགུལ་ཆང་ལྟེང ་བཤིང་ཐོག་རོ་ལྡན་འགྱུར་བར་རེ་བའི་མི་དེ་འཛར་ཏཱི་ཡིན?།། རྫ་ས་མེ་བཱཏ་སྣོད་དེར་ཆུ་བླུགས་མི་འཛེག་མིན་པས་མེ་ནང་བཙུག་ལ་ཏཱཾ་ཚེ་མཁས་པར་བྱ།། ཁུག་རྟ་སྐོམ་ཡང་ས་ནང་འབོབ་པའི་ཆུ་ནི་མི་འཐུང་ན་མཁའི་ཆར ་རྒྱུན་འཛེད་པར་ཤེས་པར་བྱ།། ལྐུགས་པར་སྤྱོད་པར་མི་དེས་ཁྱབ་ལེན་རྡོ་ཡིས་ལྕོགས་ཕྱེ་བསྡུས་པས་རྒྱ་མཚོར་ཟླ་བ་གཟའ་ཡིས་བཟུང་།། དུས་མཐེའི་མདུང་རྩེར་འབབ་པའི་ཚངས་པའི་དངུལ་ཆུ་དེ་ལ་གཟུགས ་མཛེས་བརྟེན་པའི་རྒྱལ་པོ་ལྷག་པར་དེ་གའ།། ཟོ་ཆུན་འཁོར་ལོས་ཁྲོན་པའི་ཆུ་རྣམས་གྱེན་དུ་དྲངས་པས་མཆོག་གི་ལོ་ཏོག་སྨིན་པ་ཨེ་མའོ།། ཟབ་མོ་བརྡའི་གླུ་གསང་བའི་བདུད་རྩི་ཞེས་བྱ་བ་རྫོག་སྷོ།། ་ཤ་བ་རི་དབང་ཕྱུག་གིས་དམ་པ་ལ་གསུངས་པ། དམ་པའི་ཞལ་སྣ་ནས་ཞུམ་ལོ་ཙཱབས་གཏན་ལ་ཕབྱ་སྟེ། དཔལ་དེང་རི་མཁན་པའི་ཁྱོད་དུ་བསྒྱུར་བའོ།། ། བླ་མ ་