| Wylie | e-texts produced with BDRC’s OCR application |
འཕྲུལ་ཚོན་པོ་རྟིའི་ཟླ་བའི་ཡར་ངོའི་ཚེས་བརྒྱང་ལ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པའོ།། ། རྒྱ་གར་སྐད་དུ། ལ་གྷུ་སཾ་བ་ར་ཏནྟྲ་པ་ཏ་ཡ་ཨ་བྷི་སནྟི། བོད་སྐད་དུ། སྡོམ་པའི ་རྒྱུད་ཆུང་ངུའི་མཆིམས་སྦྱོར། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ།། སྡོམ་པའི་རྒྱུ་དེ་ཆུང་ངུའི་མཚམས་སྦྱོར་བརྗོད་པར་བྱའོ།། དང་པོར་རེ་ཞིག་བསྐྱེད་པ་དང་། རྫོགས་པའི་རིམ་པ་གཉིས་ཀྱིས་བསྡུས་པའི་དོན་ཐམས་ཅད་ལེའུ་དང་པོར ་བསྟན་ནས་གཉིས་པ་ནས་ལྔ་བཅུ་པའི་བར་གྱིས་ནི་རྒྱས་པརོ་བསྟན་ཏེ། ཀུན་གྱི་ཐ་མའི་ལེའུ་ཡིས་ནི་དེ་རྣམས་གཅོག་ཏུ་མཛད་དོ།། བཅོམ་ལྡན་འདས་ཀྱིས་བསྡུས་པའི་རྒྱུད་ཆུང་ངུ་འདྲིའི་ཁ་སྦྱོར་གསུམ་པའི་བཤད་པ་འདི་ནི་ནཱ་རོ་ཏ་པའི ་དགོངས་པའོ།། དེ་ལ་དབང་བསྐུར་ནས་ནི་དེ་ཉིད་བསྟན་ཅེས་པའི་ཚིག་གིས་ཐེག་པ་ཆེན་པོ་གསང་སྔགས་ལ་དབང་བསྐུར་བའོ།། དཀྱིལ་འཁོར་སྔོན་དུ་འགྲོ་བ་ས་ལེའུ་གཉིས་པས་ནི་དཀྱིལ་འཁོར་རོ།། གསུམ་པས་ནི་དབང་བསྐུར ་བའོ།། བཞི་པས་ནི་དབང་བསྐུར་བའི་དོན་གྱི་ངོ་བོ་དེ་ཁོ་ན་ཉིད་དེ། དེ་ལྟར་ལེའུ་གསུམ་པོ་དེ་ཡང་གསང་བ་ཞེས་བྱ་བ་ནས་མཉན་པར་གྱིས་ཞེས་བྱ་བའི་བར་གྱིས་བཤད་པའོ།། འདིས་ནི་དེ་ལྟར་འཆད་པར་འགྱུར་བའི་བ ་ལང་གནས་དང་ལྡིང་བ་ཉིད་ཅེས་བྱ་བ་ལ་སོགས་པ་སྔོན་དུ་འགྲོ་བས་སྒོམ་པའི་དཀྱིལ་འཁོར་རྒྱས་པར་བཤད་པ་ཡང་འདི་ཉིད་ཀྱིས་ཟིན་པ་ཡིན་པས་དེ་ལས་ལོགས་ཤིག་ཏུ་མ་བརྗོད་དོ།། དེ་ནས་གསང་སྔགས་ཟློས་པའི་བཟླས་བརྗོད་དང་། ་བསམ་གཏན་གྱིས་ཀྱང་འགྲུབ་པོ།། ཞེས་རྣམ་པར་བཤད་པའི་འགྲེལ་པ་ལས་ལྔ་པ་ནས་བརྒྱད་པའི་བར་གྱི་ལེའུ་བཞི་དང་ཉི་ཤུ་ལྔ་པ་དང་སུམ་ཅུ་པས་ནི་གོ་རིམ་འཚལ་བས་བཟླས་པའི་སྔགས་བཏུབ་བསྟན་ཏེ་རྒྱུད་ལ་སློབ་དཔོན་མེད་པར ་སྔགས་ཀྱི་བཟླས་པ་དག་པའི་དོན་ཡིན་པར་རྟོགས་པར་བྱའོ།། འདི་ལྟར་བཟླས་པའི་དངོས་གྲུབ་མཆོག་དང་།། མཐའ་མིའི་མཚན་ཉིད་ལས་འཇིག་རྟེན་པའི་དངོས་གྲུབ་བསྟན་པ་ནི་དགུ་ནས་བཅུ་བཞིའི་བར་མཐར་ཐུག་པ་དང་། བཞི་བཅུ་རྩ ་གསུམ་པ་ལས་ལེའུ་ལྔ་བཅུ་པའི་བར་དུ་ཤེས་པར་བྱའོ།། གང་དུ་དབང་བསྐུར་ནས་འཇིག་རྟེན་ལས་འདས་པའི་དངོས་གྲུབ་བསྟན་ཏོ།། དེ་ལྟར་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ནི་རྣལ་འབྱོར་མའི་བཀའ་དྲིན་ལས་འགྱུར་བ་འདིར་བསྟན ་པའི་དོན་དུ་བཅོ་ལྔ་པ་ནས་ཉི་ཤུ་རྩ་བཞི་པའི་བར་གྱིས་ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་མ་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་ཏེ། འདིས་རྣལ་འབྱོར་མའི་དབྱེ་བ་ཤེས་པར་བྱ་བའི་ཕྱིར་ཡི་གེ་བརྡ་དང་། རིགས་དྲུག་གི་དབྱེ་བ་དང་། མིང་གི ་ནམ་གྲངས་དང་། མཁའ་འགྲོ་མའི་རིགས་དང་། ལཱ་མྲའི་རིགས་ཀྱི་མཚན་ཉིད་དང་། ལག་པའི་བཛྲ་དང་། སྟོན་པའི་ཕྱག་རྒྱ་དང་། ཡན་ལག་གི་ཕྱག་རྒྱ་དང་། མཚན་མའི་ཕྱག་རྒྱ་དང་། ངག་གི་བརྡས་རབ་ཏུ་ཤེས་པར་འགྱུར་བའི ་བྱེ་བྲག་བཅུས་ཕོ་ཉའི་མཚན་ཉིད་ལེའུ་བཅུར་གོ་རིམ་ཇི་ལྟ་བ་བཞིན་བསྟན་ཏོ།། དེའི་རྗེས་ལ་དམ་ཚིག་རྟག་ཏུ་བརྐྱང་པོར་བྱ།། ཞེས་པ་ལ་སོགས་པའི་དོན་རྫོགས་པར་བྱེད་པ་ལས་ཉི་ཤུ་རྩ་དྲུག་པས་ནི་ཡོངས་སུ་ཤེས་པའི་ཕ ་མཉེས་པར་བྱེད་པའི་བསྲུང་བའི་དམ་ཚིག་བསྟན་ཏོ།། ཉི་ཤུ་རྩ་བདུན་པས་ནི་ཐོབ་པའི་ཕྱག་མཉེས་པས་དེའི་བཀའ་སྤྱོད་པ་བྱ་སྟེ། རྣལ་འབྱོར་པ་ཉིད་ཅེས་བྱ་བ་ལ་སོགས་པའི་མཚན་ཉིད་ཀྱི་དོན་རྫོགས་པར་བྱས་པས་སྤྲོས་བཅས ་སྟི་སྟོད་པ་བསྟོན་ཏོ།། ཉི་ཤུ་བརྒྱད་པ་དང་ཉི་ཤུ་དགུ་པས་ནི་སྤྲོས་བཅས་ཀྱི་སྤྱོད་པ་བསྟན་ཏོ།། དེ་ནས་སྦྲང་རྩི་འཚལ་དང་ག་པུར་བཅས།། ཞེས་བྱ་བ་ལ་སོགས་པའི་བཤད་པ་ནི་སུམ་ཅུ་རྩ་གཅིག་པ་ལ་སོགས་པའི་ལེའུ་གསུམ ་གྱིས་སྤྱོང་པ་ཐམས་ཅད་ལ་བའི་བོ་བཟའ་བའི་ངོམ་ཚིག་བྱསྟན་ཏོ།། དེ་ལ་ཡང་ལག་པའི་མཆོད་པ་དང་།། རྫས་ཀྱི་ཁྱང་པར་གྱི་མིང་དང་།། ཁ་ཟས་ཀྱི་ཆུ་གླུ་དབྱེ་གསུམ་དུ་ཤེས་པར་བྱའོ།། དེའི་རྗེས་ལ་མཆོད་བཞི་དཔའ་བོ་ཆེ།། ཞེས ་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི་སུམ་ཅུ་རྩ་བཞི་སོགས་ལེའུ་བཞི་སྟེ། ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་ལས་ཀྱི་ཕྱག་རྒྱ་དབང་དུ་བྱ་བ་གོ་རོམ་ཇི་ལྟ་བ་བཞིན་དུ་རྟོགས་པ་བྱའོ།། དམ་ཚིག ་ག~ཾ་ཕྱག་རྒྱ་ནྠི་སྔར་སྒྱིང་ཀཱིལ་འཁོར་ལོ་བསྒོམ་པའི་མནན་ཉིང་གཞན་དུ་དུསྟན་པས་འདིར་དེ་ལུས་ལོགས་ཤིག་ཏུ་རྒྱུས་པདྨ་མ་བསྠཱནྣ་ཏོ།། དེ་ནས་སུམ་ནྱ་རྩ་བརྒྱ་པས་ནི་རྣལ་འབྱོར་པ་ཉིད་ཅེས་བྱུ་བ ་སོགས་པའི་སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་རྒྱས་པ་བསྟན་ཏོ།། དེ་ལ་རྣལ་འབྱོར་མ་གསུམ་གྱི་ཐུན་མོང་དུ་གྱུར་པའི་དངོས་གྲུབ་ཀྱི་མཚན་ཉིད་སུམ་ཅུ་རྩ་དགུ་པ་ནས་བཞི་བཅུ་རྩ་གཉིས་པའི་བར་དུ་བསྟོན་ཏོ།། ་དེ་ལྟར་མདོ་དང་རྒྱས་པར་བསྣུན་པའི་སྒོ་ནས་ལེའུ་ལྔ་བཅུ་རྩ་གཅིག་ཏུ་བསྡུས་ནས་བསྒྱུར་ཏོ།། ཞེས་བླ་མའི་མན་ངགག། སྣུམ་པའི་རྒྱུད་ཆུང་ངུ་མཚམས་སྦྱར་དབ་ལ་ན་རྀ་ཏཾ་བིའི་རྗེས་སུ་འབྲངས་པ་མཁས་པ་སུ་མ་ཏི་ཤཱ~ཾ་ཏིའི་ལ ་སྔ་ནས་མཛད་པ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་དེ་ཉིད་དང་།། ལོ་ཙ་བ་དགེ་སློང་གྲགས་མཆོག་ཤེས་རབ་ཀྱིས་བསྒྱུར་ཏོ།། ་