CLOSE WINDOW

GT1279: gnad kyi gdams pa
Wyliee-texts produced with BDRC’s OCR application

པ་སེང་གགེ་རྒྱལ་པོས་བསྒྱུར་བའོ།། ། རྫོགས་སྷོ།། ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། མཁའགྲོ་བྱིན་བརླབས་རྟོགས་པའི་བརྡ།། ཏིལ་ནི་སྒྲོན་མེས་གསལ་བར་བྱེད།། སྔགས་ཀྱིས ་བཏབ་པའི་སྨོན་བཞིན་དུ།། རྨྱ་བྱ་རི་ཟས་ནི་གཞན་གྱིས་མིན།། ཙནཱ་དན་རི་དགུས་ལྟེ་བའི་དྲི།། ཆུ་ཡི་རླབས་ནི་རྒྱ་མཚོ་ཉིད།། གསལ་བའི་རང་བཞིན་རས་དཀར་འདྲ།། རི་བོ་བསྐྱོད་པར་མི་ནུས་པས།། གངས་རི་ཆུ་ལས་གཞན་མེད་དེ།། ་དྲི་དང་སྒོག་སྐྱེ་ཐ་དད་མིན།། ཉི་ཟླའི་ཡོན་ཏན་གསལ་བ་ཡིན།། བྱ་ཡཱི་རྗེས་ནི་ཚོལ་མི་བྱེད།། ནམ་མཁའ་རྟོག་གེའི་སྤྱོད་ཡུལ་མིན།། མཎྜལ་ཕྱོགས་ཆ་རབ་ཏུ་སྙོམས།། རོ་ལྡངས་བྱ་སར་དཀོན་དེ་བཞིན།། དཔེ་མེད་ངོ་མཚར་ནོར ་བྲུ་ཤེལ།། ཞེས་རྔོན་པ་ཆེན་པོ་ས་ར་ཧ་ས། ཀ་མ་ལ་ཤཱི་ལ་ལ་ལྦོ་བིའི་བེརྡ་བསྟན་པའོ།། དཔལ་ཧཱུཾ་རྱཱ་ཀཱ་ལི་ཕྱག་འཚལ་ལོ།། མཁའ་གྲོས་བྱིན་པརློབསྣ་བསྒོམ་པའི་བརྡ།། ཚུང་ཚིང་ནགས ་ཀྱི་དུར་ཁྲོད་དུ།། བདག་མེད་མ་དང་ཕྲད་བྱས་ལ།། ཉི་ཤར་པ་ཡི་བསམ་པ་ཡིས།། ལས་ཟིན་པ་ཡི་སྐྱེས་བུ་བཞིན།། སྤྱི་བོའི་ནོར་བུ་མཆོད་ནས་ཀྱང་།། ཁང་པ་སྟོང་པའི་ཁྱི་བཞིན་དུ།། སྨན་པའི་དོན་སྟོར་ན་མཁར ་ཁྱེར།། ཆུ་བ་ཆེན་པོའི་རྒྱུན་འབབ་བཞིན།། དྲང་སྲོང་ཀཱ་ཤྠའི་སྟེང་དུ་བ་ནག། མར་མཱ་རླུང་དང་སྤྲུལ་བ་བཞིན།། དངུལ་དཀུར་མ་ལོང་ཕྱེ་བར་བྱ།། ཡིད་འོང་བྲལ་ད་མ་བཞིཞོན་དུ།། དྲུག ་སྦྲུལ་འཁར་གཞོང་ཉི་མ་ལ།། རྩལ་ལྡན་འཕོང་སློབ་བརྩོན་པ་སྟེ།། མདའ་མཁན་ཡིད་ནི་གཅིག་ཏུ་གཏོང་།། གདམས་པའི་གཙོར་ནི་ངེས་པར་གྲོལ།། གསེར་ལས་བྱས་པོའི་རྒྱན་བཞིན་དུ།། བུ་རམྦ་རོལ་མྱང་བར་བྱ།། ཞེས ་རྔོན་པ་ཆེན་པོས། ཀ་མ་ལ་ཤཱི་ལ་ལ་བསྒོམ་པའི་བརྡ་བསྟན་པའོ།། ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། མཁའགྲོ་བྱིན་བརླབས་སྤྱོད་པའི་བྱརྔ།། བྲག་མའིམ་སྨྱོན་པའི་ཚུལ་བཟུང་སྟེ།། ཀླུབ ་པོ་བཙོངས་ལ་ཕག་རྒོད་བསང་།། ཉ་ནི་རྒྱ་མཚོར་ཡངས་པ་ཆེ།། ནགས་རྣམས་མེ་ཡིས་རབ་ཏུ་བསྲེག། རེས་འགའ་མགྱོགས་པའི་རྟ་ལ་ཞོན།། གྲི་གུག་རྣོན་དེའི་མཚོན་གྱིས་ནི།། ལྕེ་སྤྱང་དུར་ཁྲོད་རྣམ་པར་རོལ།། ་སྤྱན་གཟིགས་ཟས་ལ་རྟག་ཏུ་སྤྱད།། ཁྲོ་ཡི་རྩལ་ནི་ངེས་པར་དྲག། ཝ་ནི་དུར་ཁྲོད་རྣམ་པར་རོལ།། ཆང་འཐུངས་པ་ཡིས་ཡུལ་མཐོང་འདྲ།། མེ་ཏོག་སྒྱུ་མ་བུང་བ་སྟེ།། བུ་ཆུང་སེང་གེ་མེ་ལོང་འདྲ།། སྟག་ནི་འཇིགས ་པ་མེད་པར་རྒྱུ།། སྒྲོན་མེ་རྟག་ཏུ་ཐོགས་བྱས་ཏེ།། གླང་པོ་ཞོན་ལ་ཀུན་ཏུ་རྒྱུག། ཞེས་རྔོན་པ་ཆེན་པོས། ཀ་མ་ལ་ཤཱི་ལ་ལ་སྤྱོད་པའི་བརྡ་བསྟན་པ་འོ།། ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ་མཁ་འགྲོ་བྱིན་བརླབས་འབྲས་བུའི་བརྡ།། གེ་སར་པདྨོའི་དཀྱིལ་ནས་འཁྲུངས།། ཤེལ་གྱི་འོད་ཟེར་ནང་ནས་ཤར།། རྨ་བྱའི་རི་མོ་སུ་ཡིས་བྲིས།། འཇའ་མཚོན་ནཱ་མཁའི་ཆོ་འཕྲུལ་ཡིན།། རྟོག་མེད་རེ་བ་ནོར་བུ་བསྐང་། ་འདབ་གཤོག་མེད་པར་འཕུར་མི་ནུས།། གཙུག་སྟན་མེ་ནི་རྩོལ་བས་འབྱིན།། ཤིང་ནཱི་རང་གིས་རང་ལ་བསྲེག། གསེར་གྱི་ཁ་དོག་འཚུར་གྱིས་འདོན།། དགྲ་མེད་མི་ནི་ཟོན་དང་བྲལ།། གཉིད་སང་སྐྱེས་བུ་དེ་ཅི་སེམས།། ་བྱིས་པ་ཨཱ་ལུས་འབྲིང་པ་ལྟོས།། ནམ་མཁའ་ན་མཁའི་ན་མཁའི་ངང་།། ཆུ་བྲན་རྒྱ་མཚོའི་དབྱིངས་སུ་འདྲེས།། ན་མཁའི་ཆོ་འཕྲུལ་ངོ་མཚར་ཆེ།། ཆུ་ཟླ་དུ་མ་ཡོད་མ་ཡིན།། ཞེས་རྔོན་པ་བས། ཀ་མོ་ཤཱི་ལ་འབྲས་བུའི་བརྡ ་བསྟན་པའོ།། ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། མཁའགྲོས་བྱོན་བརླབས་ལམ་གྱི་བརྡ།། སྡོམ་ནི་ཚང་ལས་མི་འདའ་བོར།། རི་བོང་འདི་ཡི་སྤྱོད་འགྲོས་ལྟོས།། ཁྲ་ཡི་རྩ་ལི་ཡངས་པ་མེང་། ་རྟག་ཏུ་འཁོར་ལོའི་རྩེ་ལ་ཞོན།། རྫ་མཁནྡ་བྲུ་ལ་ཡངས་པ་མེད།། རལཱ་གྲི་ཏིལ་ངུར་ལྡན་པོ་གཅེས།། མཱུ་ལ་རླུང་གིས་བསྐྱོད་པ་ཡིས།། ཚེང་ཚིང་ནགས་ཀྱི་དུར་ཁྲོད་བསྲེག། བྲམ་ཟེ་སྐུད་པ་འཁལ་ལ་ལྟོས།། བྱ ་བ་ཟིན་པའི་སྐྱེས་བུ་མཆོག། སྙིང་ཕྱུང་དེ་ནི་མི་རོ་ཡིན།། མར་མེ་རླུང་གིས་མ་བསྐྱོད་པར།། འཁོར་ལོའི་སྲུབ་ཐག་བཅད་པར་བྱ།། སྤྲིན་མེད་མཁའ་ལ་ཉི་ཤར་བཞིན།། ལྷ་སྤྲིན་རླུང་གིས་བརྡ་བར་བྱ།། འཇའ་ཚོན ་འདི་ཡོས་བྱོས་པ་བསླུས།། སོ་མཚམས་མཁར་གྷོ་བདག་པོ་ལྟོས།། རིན་ཆེན་གཏོར་གྱི་མོལ་ཆོ་གྱིས།། ན་མཁས་ན་མཁའ་གྲོལ་བར་ངེས།། ཞེས་རྔོན་པ་བ་ཆེན་པོས་ཀཱ་མ་ལ་ཤཱི་ལ་ལམ་གྱི་བརྡ ་བསྟན་པའོ།། །། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། མཁ་འགྲོས་བྱིན་བརླབས་ཉམས་ཀྱི་བརྡ།། དཀར་པོའི་ཟླ་བ་རིམ་པ་སྟེ།། འཇའ་ཚེན་ན་མཁའ་ཉིད་ལ་མཛེས།། གཞོན་ནུས་སྐྱེས་པ་ཙི་སྟེ་གོ། ཆུས་བཀང ་ནས་ནི་སྒྲར་མི་བཏུབ།། ཁུག་རྣ་དང་བའི་རྣམ་པ་བཞིན།། དབུལ་མོ་གཏེར་ལྡན་ངོ་མཚར་ཆེ།། ལན་ཚྭ་ཆུ་བོ་ཉིད་ལ་ཐིམ།། བྱ་ནི་མཁའ་ལས་འདའ་མི་ནུས།། དགྲས་བསླུས་གཉེན་ལའང་ཡཽད་མི་གཏོང་།། རལ་གྲི་ངར ་ལྡན་ངོ་མཚར་ཆེ།། རྒྱལ་པོའི་བཙུན་མོ་འཇིགས་མི་བྱེད།། ཝ་ཡིས་སེང་གེ་སྐྲག་པ་མིན།། བྱ་ནི་མཁའ་ལ་རྩོལ་བསྒྲུབ་མེད།། མཁའ་དང་ཆོ་འཕྲུལ་ཐ་དད་མིན།། ན་མཁའ་གང་གིས་ཟླ་བར་ནུས།། ཆུ་ནི་མ ་རྙིགས་བཞུག་ནཱ་དངས།། འདི་ཉིད་ཡིན་དང་མ་ཡིན་ཟློས།། སུས་བྱས་སུ་ཡིས་གཾ་བ་སུ།། ཞེ་སྟྲྀ་ཛན་པ་བྱ་ཆེན་པོས། ཀ་མཱ་ལཱ་ཤཱི་ལ་ཉམས་ཀྱི་བརྡ་བསྟན་པའོ།། ། དཔལ་ཧེ་རུ་ཀ་ལཾ་ཕྱག་འཆིལ་ལོ།། ་མཁའ་འགྲོས་བྱིན་བརླབས་གནད་ཀྱི་བརྡ།། སེང་གེ་གླང་ཆེན་ཕགཽ་རྒོ་དེ་བསད།། རྩེ་བ་བྲལ་བའི་སྡོང་པོ་བཞིན།། ནགས་ཀྱི་རི་རིགས་གལ་ལ་ཚུང་།། གཟིངས་ཀྱི་བྱ་རོག་གར་བདེར་མཐོང་།། དངསོ་པའི་ཆུར་ནི ་གཟུགས་བརྙན་བཞིན།། མཁའ་ལ་མཚོན་གྱིས་བཀུར་མི་ནུས།། རི་བོ་རླུང་གིས་བསྐུལ་བ་མིན།། རྒྱ་མཚོ་ཆེན་པོ་གཏིང་མི་གཡོ།། སྙིང་ཕྱུང་དེ་ནི་སྐལ་བར་ལྡན།། སེང་གེའི་གསོབ་ལ་བྱིས་པ་འཇིགས།། བུང་བའི་སྤྱོད ་པ་ཡིད་ཀྱིས་ལྟོས།། པུ་ཤིའི་མྱ་ངན་སེམས་ལ་ཞོག། སྒྲོན་མེ་ལག་ཏུ་ཐོགས་པའི་མི།། ཀུན་གྱི་སྣ་ལ་འགྲོ་བར་གྱིས།། དེ་ནས་ན་མཁའི་ཕྱི་ནང་འདྲི།། ཞེས་གསུངས་ཏེ། རྔོན་པ་པ་ཆེན་པོས། ཀ་མ་ལ་ཤཱི་ལ་གནད་ཀྱི་གད་མྲ ་པ་བསྟན་པའོ།། ། རྫོགས་སྷོ།། ། རྒྱ་གར་སྐད་དུ། ཙིཏྟཾ་གུ་ཧྱ་གམྦྷཱི་རཱ་ཐ་གཱི་ཏ་ནཱ་མ། བོད་སྐད་དུ། སེམས་ཀྱི་གསང་བ་ཟབ་དོན་བརྡའི་གླུར་བླངས་པ་ཞེས་བྱ་བ། ཤ་བ་རི་དབང་ཕྱུག ་