CLOSE WINDOW

GT1278: mkha' 'gro ma rdo rje gsang ba'i glu zhes bya ba
Wyliee-texts produced with BDRC’s OCR application

ལོ་ཕྲིན་ལྔ་བཅུ་རྩ་ལྔ་བ། ཕྱག་རྒྱ་ཆེན་པོ་རིན་པོ་ཆེ་བརྡའི་མན་དོག། རྗེ་དམ་པ་ལ་མཁྲུའ་འགྲོ་མས་གཏད་དེ། ཞམ་ལོ་ཙཱ་བས་བསྒྱུར་བྱའོ།། རྫོགས་སྷོ། ཤུདྡྷརྒྱ ་གར་སྐད་དུ། ཌཱ་ཀཾ་ནི་བཛྲ་གུ་ཏྱོ་གཱི་ཏཱི་ནཱ་མ། བོད་སྐད་དུ། མཁའ་འགྲོ་མ་རྡོ་རྗེ་གསང་བའི་གླུ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ལྷ་མོ་བདག་མེད་མ་ལྔ་ཕྱག་འཚལ་ལོ།། ཨུ་དུམྦཱ་ར་རེ་ཨུཏྤལ་རྒྱུན་དུ་འཁྲུངས་པ་དཀོན།། གཡུལ་ངོ་མི ་ལྕོགས་ཀྱད་ཀྱི་དགོས་པ་སྟོར།། ནོར་བུའི་གླིང་ནས་སྟོང་འདབ་བྱེད་ནུས་སམ།། འཁོར་ལོའི་རྩིབས་ལ་ཞོན་པའི་སྐྱེས་བུ་བྲལ།། ཆུ་བོ་ཆེན་པོའི་རྒྱུན་འདྲེ་བཅད་མི་ནུས།། ལྕགས་ཀྱི་ཕ་བོད་གྱེ་ནི་ལ་འདྲིལ་བར་དཀའ།། ཉི་ཟླའི་འཁོར ་ལོ་རླུང་གིས་བཟློག་མི་ནུས།། མིག་སེར་ནད་ཀྱིས་བཏཱ་བ་ན་དུང་ཡོང་སེར།། བྱང་བལྟའི་ཕུག་པར་ཉི་ཟླའི་འོད་མི་འཆ་རོ།། སྐྱེས་བུ་རང་སྲོག་དོར་བའི་དཔའ་བོ་བླུན།། དུག་འདི་སྒྲོག་གི་བདུད་ཡིན་མངར་ཡང་དོར།། རྦལ་འབྱོལ་བའི ་མཉན་པ་བྱ་བཏའ་བསྐྱེད།། ནད་ལ་ཕན་པའི་སྨན་ནི་ཁ་ཡང་བཟའ།། པུཎྜ་རི་ཀའི་ས་བོན་མ་མཐོང་ངམ།། ལྷ་སྲས་བཟོད་པ་ཆེ་ན་ཀུན་གྱིས་འཁུར།། ཚོང་དུས་འགྲོན་པོ་འབྲེལ་མོད་ཚོགས་ཀྱི་འགྱེས།། སྤང་མ་རྩི་བཅུད་མང ་བས་སྡུག་བསྔལ་བསྐྱེད།། ངལ་སར་མཁར་ལེན་བྱེད་པའི་སྐྱེས་བུ་བླུན།། སྒྱུ་མའི་ཡུལ་ལ་མཁན་པོ་ཆགས་མི་སྐྱེ།། བྲག་ཆའི་སྒྲ་འདི་སྟོང་སླད་སྨྲ་མི་བྱེད།། རྨི་ལམ་བདེ་སྡུག་འདི་ནི་སང ་པས་སྟོང་།། ཕྱག་རྒྱ་ཆེན་པོ་བཛྲའི་མགུར་ལས། བྲལ་ཚེ་དང་པོའོ།། །། ཨ་མ་མཐོང་བའི་བུ་ཆུང་གཞན་ལ་ཡིད་མི་འཆོར།། སྐྱེས་བུ་སྐོམ་གྱིས་གདུངས་པ་ཁ་ཟས་གཞན་མི་འདོད།། མཁའ་ལ ་འབྲུག་སྒྲ་བསྒྲགས་པོས་དུས་ཀྱི་ཡིད་ཆེས་བྱས།། ཁྱིམ་བདག་ཁ་མཐོང་ལས་ལ་ངལ་བ་མེད།། ནད་ཀྱིས་ཉེན་པའི་མི་ནི་དཔྱད་ལ་དགའ།། དེད་དཔོན་ནོར་བུ་འདོད་ཕྱིར་རྩོལ་བ་བྱེད།། ཉེ་ཞོ་མེད་པའི་ཚང་ཚོལ་ཁུག་རྟ་སྒྲིམ། ་དྲང་སྲོང་རིགས་ལྡན་ཡ་ངའི་ཁ་ཟས་སྤོང་།། དོར་སྡེབས་མཐུན་པའི་གླང་པོ་རོལ་དུ་བདེ།། དགེ་སློང་གཞོན་ནུའི་བསམ་པ་དྲན་གྱིས་ལ།། ཏིལ་ངར་ལྡན་པའི་གྲི་ཐོགས་ཀུན་ཏུ་རྒྱུག། མར་མེའི་འོད་ལ་བཙལ་ཐབས་ལོགས ་སུ་གྱིས།། གདན་སར་བཏོན་པའི་རྒྱལ་བུ་འདི་ལ་ལྟོས།། བུང་བས་རྩེ་བཅུད་མ་ལུས་རོ་གཅིག་བསྡུད།། གྱང་ནི་དཔུང་བཞིར་བཅས་ཏེ་དགྲ་དཔུང་འཇོམས།། རྒོལ་བའི་མི་ལྡོག་སྐྱོབས་ལྡན་ཅིའི་ཕྱིར།། གསང་ཚིག་མི ་སྒྲུབ་བླུན་པོ་གྲོས་མི་དབང་།། བཀའ་བཞིན་མི་སྒྲུབ་རྒྱལ་པོས་གཤེད་མ་སྤོང་།། སྲོག་གོལ་དགྲ་ལ་བཟོད་པར་མི་རུང་བསྲེ།། རིག་བྱེད་མཁན་པོའི་རྒྱུད་ནི་ཤི་ཡང་སློབ།། ཁྲིམས་ལ་གནས་པའི་རྒྱལ་པོ་སེམས་རྒྱ་བསྐྱེད།། ་ཕྱག་རྒྱ་ཆེན་པོ་བརྔུའི་མྱུགུར་ལས། བྲུལ་ཚོ་གཉིས་པའོ།། ། ཡིད་བཞིན་ནོར་བུ་ཁུར་དུ་ཁུར་ནས་ཀྱང་།། སྟོབས་དང་ལྡན་པའི་གླང་པོ་ཞོན་བྱས་ཏེ།། བདུད་རྩི་གངས་ཀྱི་ཞུན་མ་བཏུང ་བོར་བྱ།། ཆུ་བོ་སྦྲེལ་བའི་གྲུ་ལ་ཟག་ལྷན་གདབ།། སྒོ་ལྔ་མདངས་དང་ལྡན་པའི་གཟུགས་བརྙན་ལྟོས།། སྲོག་དང་བྲལ་བའི་སྐྱེས་བུ་དེ་ཅི་སེམས།། མཁན་བཟོས་མ་བྱས་པསེ་རུའི་གཟུགས་ལ་བལྟ།། བཙོ་བསྲེག་མ ་བྱས་སྐྱེ་བོན་མྱུ་གུའི་རྒྱུ།། བྲམ་ཟེ་སྐུད་པ་མཁལ་བའི་དྲུང་དུ་སྡོད།། ནེ་བུན་འཐིབས་སོ་འདི་ནི་རླུང་གིས་གཏོར།། གླང་ཆེན་སྨྱོན་པ་འདི་ནི་ལྕགས་སུ་གཞུག། བོང་བས་མེ་ཏོག་རྩི་ཐོབ་ཕྱིར་མི་བལྟ།། མཁའ་ལ་འཇའ ་ཚོན་སྐྱོན་བྲལ་རླུང་སཽ་ར་ཡལ།། འཕྲུལ་པོས་ཆུ་སྒྲོལ་གྷུ་ཡི་གེ་ཙཱས་འཛིན་ཞིག། མཐོང་བྱེད་མིགྲ་དང་བྲལ་བས་ཡུལ་རྣམས་འགགས།། རྒྱལ་པོ་བཀར་ལ་བརྙས་ན་ཆང་པའི་གནས།། མཐོན་པོ་རཱིརྡྷཱ་ནཱི་ལྟུང་བའི ་གནས་ཡིན་གཟོབས།། འདུབ་གཤོག་ཡ་འགལ་གྱོས་ནི་འཕུར་མི་ནུས།། ན་མཁའི་ཆོ་འཕྲུལ་སྐྱེ་འགྲོའི་དཔལ་དུ་ཤར།། མཁའ་ལས་ཚར་རྒྱུན་བབ་པས་རྩི་ཐོག་འཁྲུངས།། དེད་དཔོན་རྒན་པོའི་གླིང་དོན ་གཞན་གྱི་ཕྱེད།། ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས། བྲུལ་ཆོ་གསུམ་པའོ།། ། དིག་མས་ཚིག་ཏུ་སྨྲས་པ་མེད།། ཆུ་ཤེལ་ཟླ་བ་སུ་ཡིས་བྱིས།། ན་མཁའ་ཆོ་འཕྲུལ་སྣ་ཚོགས་ངོ ་མཚར་ཆེ།། ནུ་མཁའི་དབྱིབས་དང་ཁ་དོག་སུ་ཡིས་མཐོང་།། བར་སྣང་དངངས་པའི་ནུས་པ་གང་གི་མཐུ།། ན་བུན་འདི་ལ་ངོས་བཟུང་འདུག་གི་ཅི།། རྣ་དབང་སྒྲལ་ཟིན་པའི་རི་དགས་ཐུན།། ་དབང་པོ་ཡུལ་གྱིས་ནོན་པའི་རི་དྭགས་ལྟོས།། གཉེན་པོ་འཕྲོག་དང་ལྡན་པའི་ཤོ་བཱ་ལྟོས།། ཆུ་ཡི་ཟླ་བ་མི་ཚུལ་གཞག་ན་དྲུངས།། ཏིལ་གྱི་མར་མི་གསྔལ་མདངས་ངར་དང་ལྡན།། རྨི་ལམ་བདེ་བའི་མཉམས་ནི་སད་བྱས་སྟོང་།། ་རྒྱལ་པོས་ས་སྲུངས་རལ་གྲིས་རྒོལ་བ་འཇོམས།། ཁྲོ་བོའི་གཟུགས་བརྙན་འདི་ཡིས་བྱིས་པ་བསྡིགས།། གནམ་ལྕགས་ཐོག་གི་ཤུགས་ལ་སྲ་སྙི་མད།། ཆུ་ཡི་ཟླ་བ་འདི་ལ་ཡིད་མི་གཏད།། འཇུའ་ཚོ་རུ་དྲོ་བྱོས ་སྟོང་པས་སྤྱང་བླང་མེད།། ན་ཐུན་མཁའ་ལ་ཡུལ་བྱའི་བྱུང་ས་ལྟོས།། དངོས་མེད་མུན་པ་ཁྱབ་པའི་ན་མཁའ་ལས།། སྣ་ཚོགས་མདངས་དང་ལྡན་པའི་ལྷོ་སྤྲིན་འཐིབས།། ཆུར་རྒྱུན་དུ་མས་འགྲོ་བའི་ལོ་ཏོག་རྒྱས ་ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས། བྲུལ་ཚོ་བཞི་པའོ།། ། མྱུ་གུ་མགོ་རྩ་གཉིས་སུ་གྱེས་ཀྱང་གཅིག་གི་སྟོབས།། ཆུ་ནང་ཟླ་བ་ཆ་མད་ན་མཁའི་ཆོ་འཕྲུལ་ཡིན།། ག་བུར་ནུས་པ་འདི་ཡིས ་སྨོན་དུག་བྱས་པ་མེད།། ཆབ་རོམ་སྣང་ཡང་ཆུ་ལས་གུང་ན་གྲུབ་པ་མེད།། ན་བུན་འདི་ཡི་རང་བཞིན་ཆ་མོད་གཟུང་བས་སྟོང་།། མེ་ལོང་ནང་དུ་གཟུགས་མེད་རྐྱེན་ཤར་སྣང་བ་ཙམ།། མོ་གཤམ་བུ་ཡི་ཕ་མ ་ཁྱོད་ཀྱིས་མཐོང་ངམ་ཅི།། སྐད་ཅིག་འདི་ལ་དུས་གསུམ་ཁོང་ནས་དག་པ་ཡིན།། ལི་ཙཱ་བྱི་ཡིས་སྨྲས་པ་ཁྱོད་ཀྱིས་ཇི་ལྟར་གོ།། ཨ་ལུ་ངོ་ཤེས་བྱིས་པ་དེ་དུས་བྲིད་དུ་མེད།། འ་རྩི་བ་ལའི་མཚང་རྟོགས་ནས་ནི་འཇིགས་མི ་དངོགོས།། ནོར་བུ་ལག་དུ་ལྗོན་པའི་དེད་དཔོན་དངུལ་དང་བྲལ།། ཤེལ་གྱི་རང་བཞིན་མི་འགྱུར་ཚོན་གྱིས་བཅོས་སུ་མེད།། ན་མཁའ་མ་གྲུབ་ཕྱིར་ན་སྤྲིན་གྱིས་གང་ལ་སྒྲིབ།། གསེར་ལ་གཟུགས་བརྙན་དུ་མ ་བྱས་ཀྱང་གསེར་ཉིད་ཡིན།། གྲིབ་མ་གཟུགས་ལས་བྱུང་བར་ཤེས་པས་སྤང་བླང་མེད།། དྲང་སྲོང་རྣམས་ཀྱི་རིག་པས་སྨན་དུག་དབྱེར་མ་ཕྱེད།། དངུལ་མོ་གཏེར་དང་ཕྲད་ཚེ་བཅོལ་བའི་ལས་མི་བྱེད།། ནམ་མཁའ ་ནོ་མཁའ་བསྟན་པས་ན་མཁའ་ཕྱི་ནང་འདྲེས།། སྤང་བླང་མེད་པའི་ན་མཁའ་ལ་ནི་འབྱུང་བཞི་ཤར།། འབྱུང་བཞིའི་རྩལ་དུ་འགྲོ་བ་གསོ་བསྐྱོད་བྱས།། ཕྱག་རྒྱ་ཆེན་པོ་བརྡའི་མགུར་ལས། ལ་བཟླ་བའི་བྲུལ ་ཚེ་སྟེ་ལྟ་པའོ།། །། ཞིང་པ་བརྩོན་འགྲུས་ལྡན་པ་ལ།། ལུས་ངག་ལས་ལ་དུག་པ་མེད།། མཚན་དཔེས་པོ་རྒྱུན་པ་འཁོར་ལོས་སྒྱུར།། གདན་སར་གདོན་པའི་བྱ་བ་གཅེས།། ལྷ ་ཡི་བུ་མོ་ཡིད་འོང་མ།། སྒྱུ་མ་ཙམ་དུ་བརྩེ་བར་བྱ།། མདུང་རྩེ་ལྡེ་ལ་ངར་བླུད་དེ།། ན་མཁའི་འོ་མ་དབུག་པར་བྱ།། ཐེམ་སྐས་གོ་དང་བུ་བཞི་ལ་དབ་བ།། གཞོན་དུས་བྱིས་པ་ཟས་ཀྱིས་སྐོལ།། གངས ་ཀྱི་ཐིགས་པ་མི་སྤྲོ་བར།། དབྱུང་ཐག་འདྲེན་པའི་ཐུག་པ་བཟུང་།། རླུང་གིས་མཁའ་ལ་སྦྱར་ནས་ཀླུང་།། རྨྨ་བྲན་ཡུར་བ་བཟུང་བར་བྱ།། ཆབ་རོམ་སྦྱིན་པ་རྡོ་ཡི་མེ།། སྐྱེ་དང་འཆི་བས་བསྐུམ ་ཤེས།། དེས་ནི་མཆོག་གི་ནོར་བུའི་གཏེར།། རྨ་བྱའི་ཟས་ནི་བཙོན་དུག་ཉིད།། མེ་ཡིས་ཚིག་ལ་མེ་ཉིད་སྨིན།། འདོད་ཅན་རྣམས་ཀྱི་དོན་དུ་ནི།། ཐབས་ཀྱི་ཁྱེད་པོར་གཞན་ལས་འཕགས།། ཕྱག་རྒྱ་ཆེན་པོ་བཻརྡའི་མྱུགུར་ལིས།། ་རྩ་བའི་དེ་ཉིད་བསྟན་པ་སྟེ། བྲུལ་ཚེ་དྲུག་པའོ།། རྣམ་པར་ཤེས་པ་ན་མཁའི་གཟུགས།། སྲིད་དང་ཞི་བའི་བྱེད་པ་པོ།། སྲིད་པས་གཟུགས་སུ་བཟུང་བས་འཆིང་།། ཞི་བས་དེར་འཛིན་སྤོས་དང ་བྲལ།། སྙིང་པས་དབུས་སུ་བཅུག་པ་ཡིས།། ལྷན་ཅིག་སྐྱེས་པ་འཛིན་པར་བྱེད།། རྩ་གསུམ་འཁོར་ལོ་བཞི་སོགས་ཀྱི།། ལུས་རྣམས་ཀུནྡ་ལ་ཁྱབ་པར་གནས།། འབྱུང་དང་འཇུག་དང་གནས་དང་གསུམ།། ཡི ་གེ་གསུམ་གྱི་སྦྱོར་བ་ཡིས།། དགུ་བརྒྱ་བཅུ་གཅིག་གྲངས་ཐ་མོ་ནས།། རྟོག་པོ་རླུང་གིས་ཟ་བར་བྱེད།། མྱེ་རྟོག་ལྔ་པོ་ཤར་བ་ཡིས།། ལས་ཀྱི་རྨ་དོ་རྡོ་ལྔ་པོ་བཅོམ།། འོད་གསལ་བ་ཡི་དོན་མཐོང་ནས།། བྱར་ངོ ་གྲོང་ཁྱེར་འཇོམས་པར་བྱེད།། ཕྱག་རྒྱ་ཆེན་པོ་བརྗིར་མགུར་ལས། རླུང་གི་དེ་ཉིད་བཤད་པ་སྟེ། བྲུལ་ཆོ་བདུན་པའོ།། ། ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་ལས། མཁའ་འགྲོ་མ་རྡོ་རྗེ་གསང ་བའི་མགུར། བྲུལ་ཚེ་བདུན་པ་བསྟན་པའོ།། ། མཁའ་འགྲོ་མའི་གསང་མཛོད་ན་གནས་པ་ལས། དབྱིངས་ཀྱི་གཙོ་མོ་རྣམས་ཀྱིས་བཀའ་བགྲོས་ནས། ཀ་མཱ་ལ་ཤཱི་ལ་ལ་གཏང་། ཞ་མ་ལོ་ཙཱ་བ་སྟོན ་པ་སེང་གགེ་རྒྱལ་པོས་བསྒྱུར་བའོ།། ། རྫོགས་སྷོ།། ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། མཁའགྲོ་བྱིན་བརླབས་རྟོགས་པའི་བརྡ།། ཏིལ་ནི་སྒྲོན་མེས་གསལ་བར་བྱེད།། སྔགས་ཀྱིས ་