CLOSE WINDOW

GT1275: thugs kyi gsang ba glur blangs pa zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཙིཏྟ་གུ་ཧྱཱ་དོ་ཧྱཱ་ནཱ་མ། བོད་སྐད་དུ། ཐུགས་ཀྱི་གསང་བ་གླུར་བླངས་པ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། བྲམ་ཟེ་ཆེན ་པོ་ས་ར་ཧ་ས་ཐུགས་ཀྱི་རྟོགས་པ་མགུར་དུ་བཞེངས་པ།། ཀཱིའི་འཁོར་འདས་ཀུན་གྱི་རྩ་བ་སེམས་ཀྱི་རང་བཞིན་ཏེ།། རྟོགས་ནས་སྒོམ་དུ་མེད་ཀྱི་མ་བཅོས་ལྷུག་པར་ཞོག། རང་ལོ་བཞག་ནས་གཞན་ལ་འཚལ་བ ་རེ་འཁྲུལ།། འདི་ཡིན་འདི་མིན་མེད་དོ་ཐམས་ཅད་གཉུག་མའི་ངང་ཞེས་གསུངས་སོ།། ཀླུ་སྒྲུབ་ཀྱིས་གསུངས་པ།། རྟོགས་ནས་གང་གིས་འཆིང་བར་ནུས་པ་ཁྱོད་ཀྱིས་སྨྲོས།། འཆིང་བ་གང་ཡིན་དེ་ནི་ཡེ་ནས་གྲོལ ་བ་ཉིད།། གང་ལ་བཅིངས་དང་འཆིང་བར་བྱ་བ་མ་གྲུབ་ན།། ནགས་ལ་གནས་པའི་གླང་པོ་གང་བདེར་རྒྱུག་དུ་ཆུག་གསུང་ངོ་།། པྲཛྙཱ་ཕ་ལས་སྨྲས་པ། རྟོགས་དང་མ་རྟོགས་གཉིས་ཀྱི་བར་ན་སུ་འདུག་པ།། དེ་ནི ་ང་ཡིན་གཞན་དུ་ཅི་ཡང་ཡོད་མ་ཡིན།། དེ་ལོ་གང་མཐོང་དེ་ནི་བདེ་ཆེན་རང་བྱུང་སྟེ།། ཐམས་ཅད་ཐམས་ཅད་དེ་ཉིད་ཡིན་པར་ཤེས་པར་བྱ།། གསུང་ངོ་།། ཞི་བ་འཆོས་གསུངས་པ། མཉམ་ཉིད་དབྱིངས་ལས་མྱི ་གཡོ་ཆོ་འཕྲུལ་སྣ་ཚོགས་སྟོན།། ཆུ་བྱན་སྣ་ཚོགས་རྒྱ་མཚོར་གཅིག་གོ་ལན་ཚྭའི་རོ།། དུ་མ་རོ་གཅིག་འདི་ལ་ཐ་དད་ཡོད་མ་ཡིན།། ཐམས་ཅད་ཐམས་ཅད་གཉུག་མའི་རོ་ཡིས་ཁྱབ་ན་བདེ་གསུང་ངོ་།། བློ་གྲོས ་བརྟན་པས་གསུངས་པ། གཟའ་རྒྱལ་མཁའ་ལ་ཤར་བས་རྒྱུ་སྐར་ཟིལ་ནོན་ལྟར།། གཉིས་མེད་ཡེ་ཤེས་ཆེན་པོས་རྟོག་ཚོགས་ཉམས་པར་བྱས།། འདིས་ནི་འཁོར་བའི་ས་བོན་མཱ་ལུས ་བཅོམ་ཟིན་གྱིས།། དུ་ནི་མྱ་ངན་འདས་པ་གཞན་དུ་མ་ཚོལ་ཅིག་གསུངས།། ངག་གི་དབང་ཕྱུག་གིས་གསུངས་པ། སྣང་སྲིད་ཆོས་དབྱིངས་ཕོ་བྲང་ན།། རིག་པའི་ཡེ་ཤེས་ལྷམ་མེ་བ།། བདེ་གསལ་སྟོང་པའི་གནང ་ལ་བཞུགས།། འདོད་ཡོན་སྣ་ཚོགས་མཆོད་པར་འབུལ།། དགག་སྒྲུབ་མེད་པར་རོལ་དུ་གསོལ་ཞེས་གསུང་ངོ་།། རྡོ་རྗེ་དྲིལ་བུ་པས་གསུངས་པ། སེམས་ཀྱི་དེ་ཉིད་མཐོང་འདོད་ཅིང་།། བདག་གཞན་འདོད་པ་བསྒྲུབ་འདོད ་བས།། སྤྱི་བོའི་ནོར་བུ་མཆོད་པར་བྱ།། དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་གསུང་། ཤྲཾ་ཀ་རས་གསུངས་པ། དྲི་མེད་ཤེལ་སྒོང་དག་པ་གཅིག། ཚོན་གྱི་རྐྱེན་གྱིས་སྣ་ཚོགས་འཆར།། བར་སྣང་ཁམས་སུ ་འཇོག་ཤེས་ན།། གཏན་གྱི་བདེ་བོ་དེ་ལྔས་འབྱུང་གསུང་ངོ་།། ཤཱནྟི་བས་གསུངས་པ། གནས་ན་ཞོགྲོ་ལ་འགྲོ་ན་ཐོང་།། གཉེར་ཀྲ་མ་བྱེད་ཡན་དུ་ཆུག། ཆེད་དུ་གང་འཛིན་འཁྲུལ་པ་ཡིན།། གཟིངས་ལ ་འཕུར་བའི་བྱ་རོག་ལྟོས་གསུངསོ།། བིརྦ་བས་གསུངས་པ། གང་གང་མཐོང་བ་དེ་དེ་ཉིད།། དྲན་པའི་རྩི་དང་མ་བྲལ་བར།། ཅི་རིགོས་པར་ནི་ཉམས་སུ་ལོང་།། གསེར་འགྱུར་རྩི་ཡི་མཁན་པོ་ལྟོས་གསུང་།། ་ཡེ་ཤེས་ཞབས་ཀྱིས་གསུངས་པ། སྙིང་ཆུང་སྐྱེས་བུས་ཡན་ལག་གཡོབ་པར་མི་ནུས་བཞིན།། སེམས་ཉི་ད་རྩ་བ་བྲལ་ན་རྟོག་པས་བཅིང་དུ་མེད།། དུག་གི་སྔགས་ཅན་དུག་ཉུད་སྨན་དུ་འགྱུར་བ་བཞིན།། ཐབས ་དང་ལྡན་པས་ཉོན་རྨོངས་ཉིད་ནི་བྱང་ཆུབ་རྒྱུ་གསུང་ངོ་།། ཤཱནྟ་དེ་བས་གསུངས་པ། འཁོར་འདས་གཉིས་ཀྱི་རྩ་བ་ལ།། བྱང་སེམས་རྣམ་གཉིས་སྡོང་པོ་རྒྱས།། འདི་ཕྱི་གཉིས་ཀྱི་མེ་ཏོག་ཤར།། བདག་གཞན ་གཉིས་ཀྱི་འབྲས་བུ་སྨིན་གསུང་ངོ་།། ཡེ་ཤེས་སྙིང་པོས་གསུངས་པ། ཤིང་གི་སྙིང་པོ་བྲལ་བ་བཞིན།། སེམས་ཀྱི་དེ་ཉིད་བཙལ་གྱི་སྟོར།། སྒྱུ་མཁན་རི་མོ་ཇི་བཞིན་དུ།། སྣ་ཚོགས་སྣང་ལ་ངོས་བཟུང་མེད་གསུང་།། ་ནི་རུ་པས་གསུངས་པ། མཱར་མི་རང་གསལ་གཙིག་པུརརུ་ཞོག། ཆུ་དང་རླངས་ན་ཐ་དང་མིན།། བྱ་ཡི་རྗེས་ལ་བཙལ་མི་དགོས།། གཉིད་སང་སྐྱེས་བུ་བློ་སེམས་བདེ་གསུང་ངོ་།། རྟོག་ཅེ་པས་གསུངས་པ། གང་ལ ་ངེས་ཤེས་སྐྱེས་པས་རྩ་བ་ཟིན།། དེ་ལས་ལྷག་པའི་ངོ་སྤོང་གཞན་ཡོད་མིན།། སྣང་དང་སྲིད་པའི་ཆོས་རྣམས་ཐམས་ཅད་ལ།། བླ་མར་མ་གྱུར་པ་ནི་ཡོད་མ་ཡིན་གསུང་ངོ་།། ནགས་པོ་ཞབས་ཀྱིས་གསུངས་པ། མེ་ཏོག ་སྣ་ཚོགས་དུ་མའི་རོ།། བུང་བས་གཅིག་ཏུ་སྡུད་པ་ལྟར།། ཆོས་རྣམས་སྣ་ཚོགས་དུ་མའི་རོ།། རྟོགས་དང་ལྡན་པས་གཅིག་ཏུ་བསྡུས།། རོ་ནི་སྐྱེ་བ་མེད་པའི་རོ།། མྱོང་ནི་ངོས་གཟུང་མེད་པར་མྱོང་གསུང་ངོ་།། ནཱ ་ག་བྷཱུ་སུ་ཀས་གསུངས་པ། མྱོང་བ་མེད་པའི་ཉམས་མྱོང་ལ།། བློ་དང་བྲལ་བས་ཉམས་སུ་བླངས།། རྟོགས་སུ་མེད་པར་གཏན་ལ་ཕྲ་བ།། ཐོབ་དུ་མེད་པར་མངོན་དུ་འགྱུར་གསུངས་སོ།། ་ལྷ་ཡཱི་བས་གསུངས་པ། གཉུག་མྱོའི་ཤེས་པ་འགྱུར་མེད་མངོན་དུ་གྱུར་ནས་ཀྱང་།། རྩོལ་བས་སངས་རྒྱས་ལོགས་སུ་ཚོལ་བ་ངལ་བྱ་སྟེ།། གླང་པོ་རྙེད་ནས་གླང་པོའི་རྗེས་ཚོལ་ཇི་བཞིན་ནོ།། ང་ནི་སངས་རྒྱས་མེད ་པར་ཤེས་པས་འདོད་བློ་བྲལ་གསུང་ངོ་།། ཀྲྀཥྞ་པས་གསུངས་པ། ངོས་བཟུང་མེད་པར་ངོ་སྤྲད་པས།། སྟོང་ཉིད་ངང་དུ་ཉམས་སུ་མྱོང་།། དྲན་པའི་མེལ་ཚེ་སྲུང་མཁས་པས།། འཁྲུལ་པའི་རྐུན་མོས་གླགས་མ ་རྙེད།། རྒྱུན་ཆད་མེད་པར་ཉམས་བླངས་པས།། འདུ་འབྲལ་མེར་པར་མངོན་དུ་གྱུར་གསུང་ངོ་།། ཨིནྡྲ་བོ་དྷིས་གསུངས་པ། སྐྱེས་བུ་གཉིད་ལོག་འཁྲུལ་བྱས་ནོན་གྱུར་ཀྱང་།། གཉིད་སང་དུས་ན་འཁྲུལ་པ་ཡུལ ་ན་མེད།། དེ་བཞིན་མ་རྟོགས་འཁོར་བར་སྡུག་བསྔལ་ཀྱང་།། རྟོགས་དང་ལྡན་ལ་འཁོར་བའི་ཡུལ་སི་མེད་གསུང་ངོ་།། རཱཏྣ་ཀཱིཪྵས་གསུངས་པ། ཉི་མའི་འོད་ཟེར་ཀུན་ནས་རྒྱས་པའི་དྲ་བ་ཅན།། མུན་པའི་ཚོགས ་རྣམས་འཇོམས་མཛད་ངོ་མཚར་ཆེ།། རྟོགས་ལྡན་བླ་མ་ཐུགས་རྗེའི་འོད་ཟེར་དྲ་བ་ཅན།། གདུལ་བྱའི་བློ་ཡི་མུན་སེལ་འདི་ནི་ཇི་མཚར་ཚེ་གསུང་ངོ་།། ཀོ་ཀ་ཏས་གསུངས་པ། དབང་བཞིས་སྨིན་པོའི་བུ་ལ་ཉམས ་ཀྱི་གདམས་པ་ཡོད།། ཐོས་པས་སྒྲོ་འདོགས་ཆོད་ལ་ཚིག་གི་གདམས་པ་ཡོད།། བླ་མས་ཐུགས་ལ་བཏགས་ལྔ་གནད་ཀྱི་གདམས་པ་ཡོད།། འཁྲུལ་པ་གོང་དུ་བཤིག་ལྕེ་འཚང་གི་གདམས་པ་ཡོད་གསུང་ངོ་།། ས ་ཧཱ་ཛས་གསུངས་པ། བུ་ཉོན་ཁྱོད་ཀྱིས་ནཱ་མཁའི་དཀྱིལ་དུ་ལྟོས།། ལྷོ་སྤྲིན་མི་གདའ་འདི་ནི་ནམ་མཁའི་ཆོ་འཕྲུལ་ཡིན།། འཇའ་ཚོན་འདི་ལ་བདེན་པར་མ་འཛིན་པར།། ཆུ་བོ་ཆེན་པོའི་རྒྱུན་ལ་ཞོན་ལ་ཤར་དུ་རྒྱུག་གསུང ་དོ།། གླང་ཆེན་གོས་ཀྱིས་གསུངས་པ། རྩི་ཡི་རྒྱལ་པོས་འབྲུ་རྣམས་བཙུད་དུ་འགྱུར་བ་བཞིན།། ཉམས་མྱོང་རྩི་ཡིས་སྣང་སྲིད་བདེ་བ་ཆེན་པོར་འབར།། གང་གང་མཐོང་བ་དེ་སྐྱེ་མེད་སྤྲོས་དང་བྲལ།། འདི་ལ་ངོས ་འཛིན་མེད་པས་སྟོང་པ་བཙལ་མི་དགོས་གསུང་ངོ་།། བྷ་སུ་དྷི་སཾ་རིས་གསུངས་པ། འགྲོ་བ་ཐམས་ཅད་བདེ་བར་གཤེགས།། སྣང་བ་ཐམས་ཅད་ཆོས་ཀྱི་སྐུ།། འདོད་ཡོན་ཐམས་ཅད་སེམས་ཀྱི་རྒྱན།། རྟོག་ཚོགས ་ཐམས་ཅད་ཡེ་ཤེས་ཆེ་ཞེས་གསུང་ངོ་།། ཧེ་རུ་ཀ་པས་གསུངས་པཱ། ལུས་ལ་ཡེ་ཤེས་ཆེན་པོ་གནས།། ཐ་མའི་ཁ་ལས་གསིལྔ་བར་རྟོགས།། གཞན་གྱིས་བརྗོད་མིན་གཉུག་མའི་དོན།། འདི་ནི་མ་བཅོས་རང ་འབྱུང་བའོ་གསུང་ངོ་།། ཀ་ན་ཀཽ་ཏིས་གསུངས་པ། སྲིད་དེའི་མེ་ཡིས་དངོས་པོ་ཐམས་ཅད་བསྲེག་པ་ལྟར།། རྟོགས་པའི་མེ་ཡིས་བདག་དུ་འཛིན་པ་བསྲེགས་ནས་ཀྱང་།། འཁོར་བའི་བུད་ཤིང་མ་ལུས་གཏན་ནས ་འཇོམས་པར་བྱུང་།། དེ་ནས་འགྲོ་བའི་དོན་དུ་ཅི་འདུད་གཤེགས་པ་ཡིན་གསུང་ངོ་།། ཞེ་ནའི་རྡུལ་གྱིས་གསུང་ས་བྱཱ། སྣ་ཚོགས་སེམས་ཀྱི་ཚེ་ལ་ཏེ།། སེམས་ནི་འང་ནས་མྱ་རྒྱན ་དུ་མེད།། དེ་ཕྱིར་འཁོར་འདས་རྩ་བ་བྲལ།། དེ་ཉིད་ཆོས་སྐུར་ཤེས་པར་གྱིས་གསུང་ངོ་།། རིན་ཆེན་རྡོ་རྗེས་གསུངས་པ། ངེས་ཤེས་ལས་ནི་དོན་མཐོང་འགྱུར།། མོས་གུས་ལས་ནི་བྱིན་བརླབས་འབྱུང་།། བརྩོན ་འགྲུས་ཀྱིས་ནི་དགོས་པ་འགྲུབ་གསུང་ངོ་།། ཏྲེའུ་ཏྲ་པས་གསུངས་པ། རིག་པ་ཁོང་ནས་མ་སངྒ་ན།། འདི་ཞེས་བསྟན་པས་རྟོགས་མི་འགྱུར།། མིག་ནད་ཅན་གྱི་སྣང་བ་བཞིན།། ཐོག་མར་རང་རྒྱུད་གསལ་བར་བྱ ་གསུང་ངོ་།། ཡན་ལག་མེད་པའི་རྡོ་རྗེས་གསུངས་པ། མཐོང་བ་མངོན་དུ་མ་གྱུར་ན།། མིག་གི་དབང་པོས་ཡུལ་མཐོང་བཞིན།། འདོད་པའི་འབྲས་བུ་མི་འབྱུང་བས།། གོམས་པར་བྱ་བ་ཤིན་ཏུ་གཅེས་གསུང་ངོ་།། ་ཛ་བོ་རི་པས་གསུངས་པ། སྐུ་གསུམ་ཕྱི་རོལ་ཡུལ་ན་མེད།། རིག་པའི་ཡེ་ཤེས་དངས་པ་ལས།། གཟུགས་བརྙན་ཙམ་དུ་ནང་ནས་འཆར།། རྣམ་པར་རྟོག་པས་རྙོག་མི་བྱ་གསུང་ངོ་།། གུ་དྷ་རི་པས་གསུངས ་པ། སྣང་སྲིད་ཡེ་གྲོལ་ཆོས་ཀྱི་དབྱིངསོ།། ཕྱག་རྒྱ་ཆེན་པོ་སྤངས་ཐོབ་མེད།། ནམ་མཁའི་བྱ་ཡིས་གར་མ་ཕྱིན།། བྱིས་པའི་རྩོལ་བ་ཤ་ཐང་ཆད་ཅེས་གསུང་ངོ་།། ལ་པོའི་ན་བཟའ་ཅན་གྱིས་གསུངས་པ། གང ་དུའང་མ་མཐོང་ལོང་མིག། ཅི་ཡང་མི་སེམས་གཏི་མུག་དང་།། གང་དུ་མ་ཕྱིན་འཕྱེ་བོའི་བགྲོས།། ཅི་ཡང་མ་ཐོབ་དབུལ་མོའི་གཏེར་གསུང་ངོ་།། ཌོཾ་བྷི་ཧེ་རུ་ཀས་གསུངས་པ། སྲིད་ནི་མཉམ་ཉིད་སྤྲོས་བྲལ ་ལ།། རྩོལ་སྒྲུབ་བྱེད་པ་ཤ་ཐང་ཆང་།། ཡུལ་སེམས་གཉིས་མེད་ཟང་ཐལ་ལོ།། བྷྱོ་དང་འཛིན་པ་ཉོན་རེ་མོངས།། བདག་གཞན་གཉིས་མང་ཆོས་སྐུ་ལ།། བཟང་ངན་འཛིན་པ་སྙིང་རེ་རྗེ་གསུང་ངོ་།། ཉི་མ་སྦས ་པས་གསུངས་པ། ཡུལ་ལ་བལྟས་པས་སྐྱེ་བ་མང་།། སེམས་ལ་བལྟས་པས་སྤྲོས་དང་བྲལ།། གཉིས་མེད་དོན་འདྲི་བློ་ལས་འདས།། ངས་ནི་ཅི་ཡང་མ་ཤེས་སོ་གསུང་ངོ་།། གུ་ཎ་ཏིས་གསུངས་པ། མ ་སྐྱེས་མི་གཡོ་ན་མཁའི་ངང་།། གཟུགས་བརྙན་སྣ་ཚོགས་ཆོ་འཕྲུལ་ཏེ།། སྙམས་མེད་རིག་པ་རང་སར་ཞོག། ཆོས་ཀྱིས་བཅིངས་པ་སྙིང་རེ་རྗེ་གསུང་ངོ་།། པདྨའི་རྡོ་རྗེས་གསུངས་པ། བྱ་བ་ཐམས་ཅད་ཡོངས ་བཏང་སྟེ།། སེམས་ཀྱི་གླང་པོ་རང་སར་ཞོག། གཉིས་མང་ཡེ་ཤེས་བཙལ་དུ་མེད།། ཐམས་ཅད་ཐམས་ཅད་དེ་དེ་ཉིད་གསུང་ངོ་།། ཏེ་ལོ་པས་གསུངས་པ། ཀུན་གཞི་ཟང་ཐལ་ཞབས་ཕྱུང་ལ།། བདག་ཏུ་འཛིན ་པ་དབྱིངས་སུ་སྦྱར།། ཡིད་ཀྱི་རྣམ་ཤེས་སྟོང་ལ་ནོན།། སྒོ་ལྔ་རང་གྲོལ་ལྷུག་པར་ཞོག་གསུང་ངོ་།། ཤེས་རབ་འབྱུང་གནས་ཀྱིས་གསུངས་པ། སྤོས་དང་བྲལ་ལ་རྟོག་པས་འཆིང་མི་ནུས།། སྒྱུ་མར་མཐོང ་ལ་ཡུལ་གྱིས་འཆིང་མི་ནུས།། ཞེ་འདོང་བྲལ་ལ་སྤྱོད་པསུ་འཆིང་མི་ནུས།། སངས་རྒྱས་འདོད་ལ་འཁོར་བས་འཆིང་མི་ནུས་གསུང་ངོ་།། ཛྙཱ་ན་ཤྲཱིས་གསུངས་པ།། རྩ་བ་བྲལ་བར ་སྡོང་བུ་བཞིན།། ང་ཡི་སེམས་ཉིད་ན་མཁར་སྟོར།། འཁྲུལ་སྣང་ཇི་ལྟར་དགྱེས་དགྱེས་མཛོད།། ང་ནི་ན་མཁའི་རྣལ་འབྱོར་ཡིན་གསུང་ངོ་།། པ་ར་ཧེ་ཏས་གསུངས་པ། ཀཾ་ཀ་མཁའ་ལེ་ལྡིང་བ་བཞིན།། འཁོར་འདས ་རི་མཉམ་དབྱིངས་སུ་གྲོལ།། རེ་དང་དོགས་པ་ཀུན་བྲལ་ཏེ།། བདེ་བ་ཆེན་པོ་ན་མཁའི་དང་གསུང་ངོ་།། ཀཱ་མ་ཤྲཱིས་གསུངས་པ། ལུས་མེད་ལུས་ཀྱི་ནང་ན་གནས། རྟེན་མེད་མཁའ་ལ་བྱ་བཞིན་རྒྱུ།། དམིགས ་མེད་སྨྲ་བསྒོམ་ཡུལ་ལས་འདས།། འགྱུར་མེད་རང་བྱུང་ཡེ་ཤེས་ཆེ་གསུང་ངོ་།། མི་ཐུབ་ཟླ་བས་གསུངས་པ། སྒྲོན་མེས་ཟླ་བ་ཚོལ་པ་བཞིན།། རྟོག་པ་དེ་ཉིད་མི་རྟོག་པ།། ནུ་མཁོས་ན་མཁའ་ཚོལ་བ་བཞིན།། ་མི་རྟོག་པ་ཉིད་བློ་ལས་འདས་གསུང་ངོ་།། ཛཱ་ལནྟ་རས་གསུངས་པ། ཡེ་ཤེས་མེད་ན་མཐོང་བ་ཆེ།། རྟོག་པ་མེད་ན་གསལ་བ་ཆེ།། ཞེན་པ་མེད་ན་བདེ་བ་ཚེ།། གང་དུའང་མི་གནས་པ་ཆེ་གསུང་ངོ་།། མཻ་ཏྲཾ ་ཀ་མཱ་ལས་གསུངས་པ། སེམས་ཉིད་གཞི་སྟོང་རྩེ་བ་བྲལ།། ལས་ཀྱིས་འཆིང་བར་མི་ནུས་ཏེ།། དངོས་པོར་ཞེན་པས་དེ་ལྟར་མིན།། དེ་ལྟར་རྟག་ཏུ་རང་སེམས་ལྟོས་གསུང་ངོ་།། པདྨ་བཛྲས་གསུངས་པ། ནམ ་མཁྱེའི་དབྱིངས་ཀྱི་བྷ་ག་རུ།། རེག་དུའི་རྡོ་རྗེས་གསྐོར་ནས་ཀྱང་།། གཉིས་མེད་དང་དུ་སྦྱར་བྱ་ས་ནས།། བདེ་ཆེན་ལྷན་ཅིག་སྐྱེས་པ་འཆར་གསུང་ངོ་།། ཀླུ་བྱང་ཆུབ་ཀྱིས་གསུངས་པ། མཁའ་ལྔ་རླུང ་འཕྱོ་སྲབ་ཀྱིས་ཟུང་།། ཁང་སྟོང་ཁྱི་ཡི་སྤྱོད་བ་ལྟོས།། ན་མཁའི་ཨ་མ་སུས་མཐོང་བ།། བུ་ནི་པང་དུ་རྒྱུག་པར་ངེས་གསུང་ངོ་།། འཇམ་དཔལ་བཤེས་གཉེན་གྱིས་གསུངས་པ། རིན་ཆེན་གླིང་དུ་ཕྱིན་ན ་དངོལ་དང་བྲལ།། བླ་མཉྫི་བཀར་དྲོན་ཐོབ་ན་འཁྲུལ་པ་ཞིག། སེམས་ཀྱི་དེ་ཉིད་མཐོང་ན་འཁོར་བ་མེད།། བྱུང་སེམས་ནང་དུ་འབྱོངས་ན་འགྲོ་དོན་འབྱུང་གསུང་ངོ་།། རཱ་ཛཱ་ཧ་ཏིས་གསུངས་པ། རྟོགས་ནི་གཞན ་དོན་མི་བྱེད་པ།། དེ་ནཾ་ས་ཡི་གཏེར་བསྲུངས་བཞིན།། འདི་ན་ཚོགས་པའི་རྣལ་འབྱོར་པ།། ཐུགས་རྗེས་སེམས་ཅན་མེ་འཛིན་ནོ་མ་གསུང་ངོ་།། བཟང་པོ་དཔལ་གྱིས་གསུངས་པ། བདག་དང་སེམས་ཅན་དབྱེར ་མེད་ཀྱང་།། འགྲོ་བ་ལས་ཀྱིས་སྡུག་བསྔལ་བྱས།། རྒྱུན་ཚད་མེད་པའི་ཐུགས་རྗེས་ཡིས།། འགྲོ་བའི་དོན་ལ་རོལ་དུ་གསོལ་གསུང་ངོ་།། ལིའི་བཟང་པོས་གསུངས་པ། རང་ལ་ཡོད་ཀྱང་ངོ་མ་ཤེས།། ་དངུལ་མོ་གཏེར་གྱིས་བསླུས་པ་བཞིན།། དེ་ཉིད་མ་མཐོང་སེམས་ཅན་ལ།། ཐུགས་རྗེས་སྒྲོན་མ་གདག་དུ་གསོལ་གསུང་ངོ་།། རྣལ་འབྱོར་མ་འདུ་ཏི་མས་གསུངས་པ། ཆབ་དང་ཆེ་བ་རོམ་ཐ་དད་མིན།། སྡང ་དང་སྟོང་པ་དབྱེར་མི་ཕྱེད།། མཁའ་དང་རླུང་ལ་བྱེ་བྲག་མེད།། སེམས་དང་སེམས་བྱུང་དེ་བཞིན་ནོ་གསུང་ངོ་།། ཤིང་ལྗོ་མས་གསུངས་པ། བྲག་ཅའི་སྒྲ་འདྲི་སུ་ཡིས་སྨྲས།། མེ་ལོང་གཟུགས ་བརྙན་སུ་ཡིས་བྲིས།། རྨི་ལམ་ལྟང་མོ་གང་དུ་གྱེས།། གདོ་ནའང་མེད་དོ་སེམས་ཀྱི་དང་གསུང་ངོ་།། དུར་ཁྲོད་མེས་གསུངས་པ། ཀུན་གཞི་དག་པ་ཆོས་དབྱིངས་ཡིན།། ཡིན་དུས་ཤེས་པ་ཡེ་ཤེས་ཡིན།། བདག་འཛིན ་ཞིག་ན་རྩཝ་བྲལ་ཡིན།། སྒོ་ལྔ་རང་གྲོལ་ལམ་ཁྱེར་ཡིན་གསུང་ངོ་།། གཅེར་བུ་མས་གསུངས་པ། རང་གྲོལ་བློ་དང་བྲལ་བ་ལ།། མི་བཅོས་སྒོ་གསུམ་ལྷག་པར་ཞོག། མི་ཞེན་དགག་སྒྲུབ་མེད་པར་ཞོགས། མི་གཡོ ་མཉམ་ཉིད་ཆེན་པོར་བཞག་གསུང་ངོ་།། རོ་ལོངས་མས་གསུངས་པ། མ་ཡེངས་སྒོམ་དུ་མེད་པ་ལ།། ཉམས་སུ་ལེན་ན་མཁས་པ་ཡིན།། སྣ་ཚོགས་རྗེས་མང་ཆེན་པོ་རུ།། ལམ་དུ་ཁྱེ་ར་ནུ་གྲོལ་བ་ཡིན་གསུངས།། ་མ་ཧཱ་སིདྡྷིས་གསུངས་པ། མི་བསྒོམ་མ་བསྒོམ་བློ་མ་བསྒོམ།། བློ་བསྒོམ་རྟོག་པའི་འཁྲུལ་འཁོར་ཡིན།། རྟོག་པས་འཁོར་བར་འཆིང་བཱི་སྟེ།། བློ་དང་བྲལ་ལ་བྱིསྒོམ་དུ་མེད་གསུང་ངོ་།། དྲི་མེད་མས་གསུང ་པ། སེམས་ཉིད་ཡེ་སྟོང་ཡེ་བྲལ་ལ། སྐྱེ་མེད་བསྒོམས་པས་ཅི་ཞིག་བྱ།། སེམས་བྱུང་རང་ཤར་རང་གྲོལ་ལོ།། རྟོག་པ་སྤངས་པས་ཅི་ཞིག་བྱ་གསུང་ངོ་།། བློ་གྲོས་དབྱངས་མས་གསུངས་པ། ནམ ་མཁའི་ཡེ་ཤེས་ཀུན་ལ་ཁྱབ།། ཡེ་གྲོལ་ཆེན་མོ་མཆོག་གི་ལམ།། མི་གཡོ་མི་འགྱུར་བསམ་ལས་འདས།། རྟོག་མེད་རང་རིག་ཡེ་ཤེས་ཆེ་གསུང་ངོ་།། བདག་མེད་མས་གསུངས་པ། ནམ་མཁའ་ན་མཁའ་མཉམ་ཉིད ་ཆེ།། ཉི་མ་ཉི་མ་ཡེ་གསལ་ཆེ།། ཆུ་བོ་ཆུ་བོ་རྒྱུན་ཆད་མེད།། འཇའ་ཚོན་རང་གྲོལ་བདེ་བ་ཆེ་གསུང་ངོ་།། གསལ་བྱེད་མས་གསུངས་པ། གོ་རུ་མེང་པའི་དོན་རྟོགས་ན།། བརྗོད་དུ་མེད་པའི་གླེང་གཞི་འབྱུང་།། བསམ ་དུ་མེད་པའི་དོན་བསྒོམས་ན།། ཐོབ་དུ་མེད་པའི་འབྲས་བུ་འབྱུང་གསུང་ངོ་།། བྱེ་མ་ལུང་པས་གསུངས་པ། གཉིས་མེད་བདེ་ཆེན་དོན་གྱི་མཆོག། རདྭ་ལ་ཡོད་པས་གཞན་དུ་ཚོལ།། མི་ཤེས་རྩོལ་བསྡུ་སྒྲ་ཕྱིར ་འབྲངས།། འཁྲུལ་པའི་སེམས་ཅན་སྙིང་རེ་རྗེ་གསུང་ངོ་།། རྡོ་རྗེ་གཅིག་མས་གསུངས་པ། སྟོང་ཉིད་ན་མཁའི་གླེགས་བམ་ལ།། རང་རིག་ཡེ་ཤེས་ཡི་གེར་བྲིས།། སྣ་ཚོགས་ཐབས་ཀྱི་གདུམས་པ་བཀོད ་རྒྱུན་ཆད་མེད་པའི་བསྟན་པ་སྒྲོགས་གསུང་ངོ་།། སྔོ་སང་སྔ་མས་གསུངསྭཱ་པཱ། མི་འགྱུར་ན་མཁའི་རྡོ་རྗེ་ལ།། གཡོ་འགུལ་འབྱུང་བའི་ཆོ་འཕྲུལ་ཤར།། སྣ་ཚོགས་སྐྱེ་འགྲོའི་བྱ་བ་བྱས།། རང་གྲོལ་ན་མཁའི་དབྱིངས ་སུཾ་ཡལ་གསུང་ངོ་།། གྲེ་སྐོར་མས་གསུངས་པ། མིང་དང་བྲལ་བའི་མིང་མང་པོས།། ངེར་འཛིན་ཞིག་པིར་བློ་བྲལ་པོ།། ཡོངས་སུ་གྲོལ་བར་བྱར་མེང་པོ།། ཡེ་ཡིན་ཆེན་པོར་རྟོགས་པར་གྱིས་གསུང་ངོ་།། ་ལམ་སྐྱེས་མས་གསུངས་པ། དམིགས་བྱ་དམིགས་བྱེད་མཐའ་སྤངས་ཏེ།། ཏིང་འཛིན་རྟེན་དང་བྲལ་བ་ལ།། ཆུ་བོ་ཆེན་པོའི་རྒྱུན་བཞིན་དུ།། མ་ཡེངས་ཉམས་སུ་བླང་བར་བྱ ་གསུང་ངོ་།། བཤེས་གཉེན་མས་གསུངས་པ། ན་མཁའི་བྱ་ལམ་རྗེས་མེད་བཞིན།། རྣལ་འབྱོར་སྤྱོད་པ་རྗེསུ་མེད་ཡིན།། རང་རྒྱུད་འཛིན་པ་མེད་གྱུར་ན།། མི་དགེ་བཅུས་ཀྱང་འཆིང་མི་ནུས་གསུང་ངོ་།། རོ་ཟན ་མས་གསུངས། གསེར་འགྱུར་རྩི་དང་ཕྲད་པ་བཞིན།། སྣོད་སྲིང་བདེ་སྟོང་རོར་ཤར་བས།། དངོས་པོར་འཛིན་པ་ཀུན་ལས་གྲོལ།། སྣང་སྲིད་སྤྲོས་བྲལ་ཡེ་ཤེས་ཆ་གསུང་ངོ་།། པདྨོ་ཤྲཱིས་གསུངས་པ།། ་གཉུག་མ་ལྷན་ཅིག་སྐྱེས་པ་དེ།། བསམ་བསྒོམ་བློ་ཡིས་མི་བཅོས་ན།། ཆོས་སྐུ་གཞན་ནས་བཙལ་མི་དགོས།། རང་ཆེས་ཡིནོ་ལྕིག་པར་ཞོག་གསུང་ངོ་།། པདྨའི་རྒྱལ་མོས་གསུངས་པ། རང་རིག་ཡེ ་ཤེས་འདི་རྙེད་ན།། བསྐལ་པའི་མུན་པ་སྒྲོན་མེ་བཞིན།། ལས་ཀྱི་འཁྲུལ་པ་གཏན་ནས་བཅོམ།། སྐྱེས་བུ་གཉིད་སད་ཇི་བཞིན་ནོ་གསུང་ངོ་།། མཁ་འགྲོ་མ་དཀར་མོས་གསུངས་པ། ལས་ཟིན་སྐྱེས་བུ་དེ་ཅི་སེམས།། ་བྲམ་ཟེ་སྐུད་པ་མཁའ་ལ་ལྟོས།། ན་མཁའ་གང་གིས་ཟ་བར་ནུས།། ཁྱོད་དང་ང་ལ་ཐ་དད་མེད་གསུང་ངོ་།། ལྷ་སྲས་དཔལ་གཞིར་གྱིས་གསུངས་པ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན།། བདེ་བར་གཤེགས་པའི ་ཤུལྔ་ཡིན་ཏེ།། གོལ་ས་མེད་པར་གསུངས་པས་ན།། ཐབས་དང་ཤེས་རབ་ལྡན་པར་བྱ།། གསུང་ངོ་།། རྡོ་རྗེ་བདེ་བས་གསུངས་པ། མི་གཡོ་བསམ་གཏན་རྒྱ་ཆེན་པོ།། གཡོ་འགུལ་སྣ་ཚོགས་ཀུན་གྱི་གཞི།། གཡོ ་དང་མི་གཡོ་དབྱེར་མེད་པས།། བསྒོམ་དང་མི་བསྒོམ་འདི་ལ་མེད་གསུང་ངོ་།། ཡེ་ཤེས་ཞབས་ཀྱིས་གསུངས་པ། གང་དུ་ཆོས་རྣམས་མ་མཐོང་བ།། དེ་ཡིས་ཆོས་ཀུན་མཐོང་བླ་སྟེ།། མཐོང་བྱ་མཐོང་བྱེད་ཀུན་ལས ་འདས།། རང་རོག་ཡེ་ཤེས་ཆེན་པོ་ཡིན་གསུང་ངོ་།། གྷ་གྷ་དཔལ་གྱིས་གསུངས་པ། གང་དུ་མཐོང་ཚོར་མྱོང་བ་ཀུན།། དེ་དེའི་ངོ་བོས་སྟོང་ཤེས་ན།། འདོད་ཡོན་སེམས་ཀྱི་རྒྱན་ཡིན་ཏེ།། འཚོང་བར་མི་འགྱུར ་གྲོལ་བར་འགྱུར་གསུང་ངོ་།། ལས་ཀྱི་འབྱུང་གནས་ཀྱིས་གསུངས་པ། སེམས་ཀྱི་ཡེ་ཤེས་གང་མཐོང་བྱ།། ཆོས་ཀྱི་དེ་ཉིད་རྟོགས་འགྱུར་ཏེ།། ཆོས་རྟོགས་པས་ནི་བདེ་བ་ཐོབ་གསུང་ངོ་།། རྒྱན་གྱི་རྒྱལ་མོས ་གསུངས་པ། དབྱིབས་དང་བྲལ་བའི་མདོ་ག་མེད་པོ།། སྣ་ཚོགས་རིག་པའི་བསམ་མེད་པོ།། སྤངས་པོ་མེད་པའི་ཐོབ་མེད་པོ་གསུང་ངོ་།། མའ་འགྲོ་མ་ལ་བཱ་ཅན་གྱིས་གསུངས་པ། དམིགས་མང་ཡེ་ཤེས ་ཆེན་པོ་འདི།། ཚི་གོ་གིས་མཚོན་པར་མི་ནུས་ཏེ།། བླ་མིའི་དུས་ཐབ་སྨྲ་བརྟེན་པ་ལས།། གཞན་གྱིས་རྟོགས་པ་མ་ཡིན་ནོ།། གསུང་ངོ་།། ཐིག་ལེ་དག་པའི་ཕྲེང་བ་ཞེས་བྱ་བ། གྲུབ་ཐོབ་ཕོ་མོ་བརྒྱད་བཅུའི ་རྟོགས་པ་བརྗོད་པ། མཁའ་གྲོམས་མ་གར་བཏ་བསྟུ། གསང་མཛད་ན་གནས་པ་ལས། དབྱངས་ཀྱུ་གནྡྷ་མཱ་རྣམས་ཀྱིས་བཀའ་བགྲོས་ནཱས། རྗེ་དམྦྷ་པ་རྒྱུ་གྱུར་ལྱཱ་གླན་གྷ ་ནཱམ་ལོ་སྒྲུབས་ལགས་པར་བསྒྱུརརྫོགས་སྷོ།། ། བྷྲ་མཱ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། སྒྲོལ་སྐྱེས་མཱ~ཾ་ཡ~ཾ་སྙིང་གེ་ཡིས།། མཁའ་འགྲོ་མ་ཡིས་གེས་ཚིག་བརྟོལ།། གྲུ ་