| Wylie | e-texts produced with BDRC’s OCR application |
ཙཱ་བས་བྱིན་བརླབས་ཀྱི་གནས་མཚིག་དང་རིར་བསྒྱུར་ཏེ། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགར་ལ་གཏད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཨུ་པ་བཛྲ་གུ་ཧྱ་གཱི་ཏ། བོད་སྐད་དུ། ་ཕྱག་རྒྱ་ཆེན་པོའི་མན་ངག་རྡོ་རྗེ་གསང་བའི་གླུ།། བཅོམ་ལྡན་འོངས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ།། ཀྱེའོ་རྒྱལ་པོའི་རིགས་བརྒྱུད་བུ་ཡིས་འཛིན་འགྱུར་གྱིས།། གསེར་འགྱུར་རྩེ་ཡི་རིགས་བྱེད ་མཚང་གིས་རྟོགས།། རྒྱ་མཚོའི་ལམ་རྒྱུས་རིག་ལྡན་དེད་དཔོན་མཁས།། ཁྲི་སྙན་མིག་གིས་ནོར་བུའི་ནུས་པ་ལྟ།། རིལ་བུ་གྲུབ་པས་བྲམ་ཟེའི་བྱ་བ་རྫོགས།། གངས་ལ་བབ་པའི་ཚུ་ལ་དྲི་མ་མེད།། མུ་ཏྲ་ལས་བཏོན་གཟུགས ་རྣམས་ཐ་མི་དང་།། གསེར་ལ་དངུལ་གྱི་ར་མེད་ས་ལེ་སྦྲམ།། མཁན་གཟོས་མ་བྱས་པས་རུ་བཤགས་པའི་གཟུགས།། རྫིངས་ཀྱི་ཐག་པ་ལུ་གུ་བསྒྱུང་དུ་སྦྲེལ།། མ་གཱ་དྷ་བ་སྐོར་མཛོད་བུ་ལ་འབོགས།། མངའ་བདག་ཚིག ་ལ་བཙུན་མོ་ཟུར་མི་གཡོ།། མཚང་ཤེས་དཀའ་བ་མ་ཡིན་སྒྱུ་མའི་འཕྲུལ།། སྦྲང་རྒོད་འཐུངས་པའི་ནུས་པས་ཡུན་མི་ཐོགས།། ཀ་འཛི་མི་དགོས་རང་གིས་བསགས་པའི་གསེར།། དམུས་ལོང་མིག་ཕྱེད་ཡུལ་རྣམས་རང ་ངོས་ཟིན།། རིན་ཆེན་གསེར་གྱི་སྐུད་པ་ཁབ་ཤུལ་འགྲིམ།། གླིང་ལས་སྒྲོལ་བའི་དེད་དཔོན་ཐེ་ཚོམ་བྲལ།། དྲང་སྲོང་གི་ནི་གསོ་རིག་མཚང་རྣམས་གོ།། ཟླ་བ་མཐོང་བའི་རི་བོང་སྙེམས་ལས་གྲོལ།། ལམ་ནེར་ངོ་ཤེས་དེ ་དུས་གཉིད་དུ་ལྡོག། ག་བུར་ནུས་པ་ཚད་པའི་སྟེང་དུ་རྒྱུག། ནོར་བུ་ལུས་ལ་བཏགས་ན་འདུ་བ་འབྱང་།། ལྟོ་འགྲོས་དྲི་ཚོར་མ་གི་ཏ་ལ་འབྲོས།། ཕྱུགས་བདག་མཐོང་བས་ཨུ་མ་ཅོད་པན་བཀྲོལ།། རྨ་བྱའི་ཕྲུག ་གུ་དང་པོའི་ཚང་མི་འདོད།། དེད་དཔོན་གླིང་ལོན་ནོར་ལ་ཞེ་མི་གདུང་།། མཛའ་བོའི་བརྩེ་གདུང་འགྲོགས་ཀྱིས་བསླུས་ཚེ་ཞིག། དལ་པར་མི་འདུག་གསེར་མཚོན་རྙེད་པའི་མི།། དེད་དཔོན་རྒན་པོའི་གླིང་དོན་གཞོན་གྱི་ཕྱེད། ་ཟུར་མ་མིག་ནས་གཏོན་པའི་ཉག་ཐག་གཉེན།། རྦ་ལས་འབྱོལ་བའི་གྲུ་པ་ཡན་ལག་འབྲེལ།། ནོར་བུའི་འོད་ལ་རླུང་གིས་གནོད་མི་འགྱུར།། ནགས་ལ་གནས་པའི་གླང་པོ་རང་དབང་ཐོབ།། ་འཆི་བའི་དུས་དེར་རྒྱལ་སྲིད་ཅུང་ཞིག་བྱ།། གདུན་སར་ཕྱུང་བའི་ལྷ་སྲས་རྒྱལ་སྲིད་ཐོབ།། དྲི་མོ་དག་པའི་གསེར་བུམ་གང་ན་མཛེས།། ཁོང་གཟེར་བྲལ་བའི་དེད་དཔོན་ལ་ལྟོས་དང་།། གར་ཆང་འཐུངས་པའི་གྱད་ཀྵི་ཡ ་སྟོར།། རློམ་སེམས་མི་སྐྱེ་རྒྱལ་ཛོ་ཤེས་པའི་མི།། དད་པ་རྐྱེན་གྱིས་སྐུལ་བ་བུ་ཤིའི་མ།། ཁྲི་མོན་ནང་དུ་གསེར་སྒྲོག་ཅི་ཞིག་བྱ།། བརྫིངས་ཀྱི་སྟེང་དུ་དེད་དཔོན་མིག་པས་གཅེས།། གླིང་ལས་བླངས་པའི་ནོར་བུ ་གཾ་ཅེས་སྤྲས་ཐོ།། བརྫིངས་ཀྱི་གཟོ་ཚར་དེད་དཔོན་ཤོལ་མཱི་ཐེབས།། ཚྭ་གླིང་གཉིས་ཀ་སྲེལ་བ་སེང་གེའི་སྤུ།། བཟའ་བཏུང་མེ་དྲན་དགུན་ཆུ་འཐུངས་པའི་སྦྲུལ།། སོ་བཏང་བུམ་པར་གསེར་གྱི་སྣོད་ཀྱང་བཏུབ།། ་བྲག་བར་གྱི་སེང་གེ་ཟླ་མི་སྙག། ཁྱུ་མཆོག་ཐོང་མཁན་ཞིང་གི་མཐའ་མི་མཐོང་།། གཅིག་པུར་གནས་པའི་བསེ་རུ་སྡུག་བསྔལ་བྲལ།། དྲང་སྲོང་རྒྱལ་མཚན་མགོན་བསྲུང་སྡོམ་མེད་།། འགྲོ་བར་མ་ཆད་གླིང་ལས་བོང ་མི་འགྱུར།། སྟོང་པ་བརྩེ་བའི་སྤྲེའུ་སྙིང་རེ་རྗེ།། འདབ་གཤོག་རྒྱས་པའི་ཕྲུག་གུ་ནང་ནས་འཕུར།། སྐྱུགས་ནད་ཅན་དེས་ཟས་ཀྱི་འཁྲི་བ་ཆོང་།། རབ་ཏུ་བྱུང་ཆེ་བྱ་བ་དམན་པ་འདོར།། རི་དགས་ནང་པ་ཁྱུ་ནས་འགར་ན་བདེ།། ་རིགས་ངན་བུ་མོས་འཇོལ་སྒེག་སྤངས་ནས་འདུག། ངུར་བསྲུངས་མི་ལ་འཛའ་བོས་ཅི་ཞིག་བྱ།། རབ་ཞུབ་མ་བཅས་དཔའ་བོས་གཡུལ་མི་ལྡོགས།། ལྗོན་ཤིང་གྲིབ་ལ་དུབ་པའི་སེམས་ངལ་སོས།། རྒྱན་གྱིས་སྤྲས་པའི ་བཙུན་མོས་གཞན་ཡིད་འཕྲོག། འདོད་དགུའི་འབྱུང་གནས་རིན་ཆེན་གཏེར་གྱི་སྒོམ།། ཐབས་ལ་མི་རེ་ཛྭ་ལ་འབར་བའི་ནད།། དཔོན་ལ་མི་བརྟེན་རིག་བྱེད་ཚར་བའི་མི།། རང་གི་མཐེབ་མཛུབ་གཞན་གྱིས་ལོག་པ ་མིན།། གར་ཡང་བདེ་བ་ལང་ཚོ་རྒྱས་པའི་ལུས།། མཐོང་བས་ཆོག་པ་རྩི་མཆོག་གསེར་འགྱུར་གཟོ།། ཁྱིམ་ལ་མི་དགའ་བུ་མོའི་བློ་མི་འཕྲོགས།། ཨོ་ཌྱན་དུར་ཁྲོད་སྲིན་མོ་ཁྲོས་པའི་ས།། ཐུབ་པའི་བཞུགས་ས། ་མི་ནུབ་རྡོ་རྗེའི་གདན།། དགོས་པའི་རྐྱེན་ཚོགས་ཀ་ལིངྒ་ཡིས་གནས།། རྒྱ་མཚོའི་བས་མཐར་སྦྲུལ་གྱི་དུག་མི་འབྱུང་།། རིན་ཆེན་རྫོང་ལ་འཇིགས་པའི་ཡ་ང་བྲལ།། གཡོ་སྒྱུ་སྤངསུ་པྲ་མ་ག་དྷ་པའི་མི།། སྨྲ་བར ་མི་ཕྲེད་བཙུན་མོ་སྣོལ་གྱི་མཚང་།། གདེང་ལ་དྲར་ཐོགས་གཅན་ཟན་སེང་གེའི་བུ།། མཐུར་གཞོལ་ལམ་དུ་ཤིང་རྟ་འགྲོ་བར་བརྩོན།། མེལ་ཙེའི་བར་མེད་བུ་གཅིག་པ་ཡི་མ།། རྒྱ་མཚོའི་ལམ་རྒྱགས་དེད་དཔོན་ཉམས ་ལ་དྲིས།། གསི་རས་ཆར་བསྲུངས་གླིང་ལོན་ཁོམ་པར་གཅེས།། གཟིངས་ཀྱི་ཆ་རྐྱེན་དེད་དཔོན་ཁོ་ཚགས་བྱེད།། ཡུལ་གྱི་འཁྲི་བ་ཉག་ཐག་བཅང་དུས་ཞིག། འདོད་པའི་རླུང་བྱུང་དེད་དཔོན་བློ་སེམས་བདེ། ་གླང་དོན་མ་གྲུབ་དེད་དཔོན་ཕྱིར་མི་ལྡོག། འགྱུར་བ་མེད་པ་རྒྱལ་པོས་གསུངས་པའི་ཚིག། སྦྲང་ཚང་འབེབས་དུས་ཡིད་ལ་གློ་ཆ་བྱེད།། གར་ཆུང་བླུད་པའི་གླང་པོ་འཆམ་པའི་རྟགས།། མིག་གསེར་མཐོང ་བའི་ལས་མིས་བདེ་སྡུག་སྤངས།། དར་གྱི་སྲིན་འབུ་ཁོ་ཆུ་ཟགས་པས་ཕུང་།། དེ་ནི་གཞན་གྱིས་མལན་རང་ལ་སྐྱེས།། ཚང་ལ་ཉེས་སྐྱོན་ཡོད་པ་མ་ཡིན་ནོ།། མ་རིག་སྟོབས་ཀྱིས་ཁ་ཆུ་མང་དུ་སྐྱུག། རང་ཉིད་ཕུང་བར་བྱས་ཀྱིས ་གཞན་དུ་མིན།། ལྕགས་བསྲེགས་གཞི་མེ་ཚེགས་རྒྱུས་མ་བསྐྱེད།། འབྱར་རྩི་ངོ་ཤེས་ཆེད་དུ་བརྩེ་བ་གླེན།། སྨིག་རྒྱུ་ཆུར་འཐོང་རི་དོགས་སྙིང་རེ་རྗེ།། ཐིག་ལེ་མ་ཡལ་རྒྱ་ཁོལ་དལ་མི་འགྱུར།། བེར་ཀ་གཉིས་ཕོག་མི་དེ་ཅི ་རུ་རུང་།། གཏར་གྱི་བདག་པོ་མི་རེ་རིགས་དྲན་བུ།། དུད་པས་མོ་འཇིགས་རྩེ་མེད་སྤང་མའི་ཆུང་།། འཆི་བདག་ཁི་རུ་མཚུང་སྐྱེ་འགྲོ་གང་།། ལུས་ལ་འབྱུང་བ་མ་འཁྱུགས་རྡོ་ཡི་མི།། མིང་ནས་བོས་པས་ཤི་བ་ལྡོག་གམ་ཅི། ་མཐོང་སྣང་དགུ་རུ་རེད་པ་དུག་སྦྲུལ་མིག། ཁྱོད་ལ་ཤིང་ལོས་གནོད་པ་སྐུལ་བ་མེད།། བྲག་ཅའི་སྒྲ་ལ་བུས་བསྙན་སྡུག་རྩིས།། རྨི་ལམ་གཏེར་རྙེད་སད་ཚི་མྱ་ངན་བྱེད།། གྱོང་ཁེངས་ལངས་པའི་སྦྱང་ཁུ་རང་ལ་རྨུག། ་འཕགས་པའི་རིགས་ཅན་དག་ལ་བུ་རུ་བལྟ།། གནོད་པ་བསྐྱལ་དུས་སློར་ལ་གཅེས་པར་འཛིན།། ཕན་ལན་མ་བརྟགས་སྐྱེ་འགྲོ་རྣམས་ཀྱིས་མེད།། ཁྱི་ཁྲོས་རྡོ་ལ་འཆའ་བ་སྙིང་རྗེའི་ཡུལ།། རྩཝ་མོ་རུམ་དུ་བསད་དུས་དུ་བ ་འཆང་།། མཐོང་སྣང་ལོག་པའི་ཡི་དྭགས་བདེ་བ་སྟོར།། ལུས་ལ་རང་དབང་མ་ཐོ་བ་སྡུག་བསྔལ་བརྟན།། ཚེ་མཐའི་རིངས་པས་འཕུང་བ་དམྱལ་བའི་ལུས།། འདི་ལ་བདེ་བའི་བར་མཚམས་འདུག་གམ་ཅི།། ས་བོན་མ ་རུལ་ནྱ་གྲོ་ལོ་འབྲས་རྒྱུ།། དེད་དཔོན་སྙིང་ཁྲག་འཐུངས་པ་སྐལ་བར་ལྡན།། ཐིགས་པ་བསགས་པའི་རྒྱ་མཚོ་ངོ་མཚར་ཆེ།། ནམ་མཁའ་མཐོང་བས་དབྱིབས་ཀྱི་ཕྱོགས་འཛིན་ཞིག། ཡུད་ཙམ་འཐུང་བས་བསྐལ་པ ་འཛུད་པར་ལྟོས།། རྒྱས་སྐད་ལམ་སྐུ་ཁྲིད་པ་ཕག་རྒོད་སྤུ།། ཁྲི་སྙེན་ལྤགས་པ་མ་གོན་དྲང་སྲོང་མིན།། གྲུ་པ་ཡན་ལག་བྲེལ་པ་རང་གི་ཆེད།། འདོབ་བཤོག་རྒྱས་ཚེ་ཚད་ན་འདུག་ཀྱང་མཁའ།། ཡིད་བཞིན་ནོར ་བུའི་དགོས་པ་གང་ཡིན་ལྟོས།། མེ་ཏོག་ལས་བྱུང་གང་བུ་དུས་སུ་སྨིན།། བུམ་པ་བཟང་པོ་དགོས་འདོད་འབྱུང་བའི་སྣོད།། མར་གྱི་རྒྱུ་ནི་འོ་མ་ཡིན་པར་ངེས།། རྙེད་པར་མི་འགྱུར་སེར་པོ་དོར་བའི་གསེར།། ཉི ་མེམའི་ཟེར་གྱིས་མུན་པའི་གྱ་རུམ་འཇོམས།། གསེར་དུ་སྣང་བའི་དངུལ་ཆུ་གཞན་དུ་མིན།། ཆུ་ལ་ཆུ་བཞག་ཐཱ་དད་མི་སྣང་ངོ་།། མར་ལ་མར་བཞག་དེ་བཞིན་ཉིད་དུ་བས།། མཐའ་ཐེན་ན་ར་གཉིས་སུ་གང་གིས་འབྱེད།། རྒྱ་མཚོའི ་རླངས་པ་སྤྲིན་གྱི་ངོ་བོར་གཅིག། མཁའ་ལ་ལྕགས་དེབྱུག་ཤཱུལ་ལ་ཁྱད་པར་མེད།། རྩི་ལེན་པ་ཡི་སྦྲང་མི་ལ་ལྟོས་དང་།། གླང་པོའི་རྒྱབ་ཁལ་གྲོག་མའི་ལྟོ་རུ་མཛད།། རྒྱལ་པོའི་སྐུ་ལ་དྲི་མས་གང་ཚེ་འགོས།། ཕྲ ་རབ་རྡུལ་གྱི་ནུས་པ་ངོ་མཚར་ཆེ།། མཁས་པའི་གཟོ་ནི་རིམ་པ་བཞིན་དུ་ཚུར།། ཐབས་ལྡན་ཞིང་པ་རགས་སྐུ་མཆུ་རུ་བསྲིང་།། ཁྱོད་ཀྱི་ཡུར་བ་འགགས་པ་ཕྱིར་སོལ་ཅིག། འདུས་པའི ་ཁམ་ཤིང་འབྲས་བུ་ལ་ལྟོས་དང་།། ཙན་ད་ནི་སྡོང་པོ་སྦྲུལ་གྱི་སྐྱབས་གནས་ས།། ཆུ་ཐིགས་རྒྱ་མཚོར་བོར་བ་སྐམས་མི་འགྱུར།། རྒྱན་རྣམས་འབྱུང་བ་ཞུན་སྦྱོངས་ཚོར་བྱའི་གསེར།། བུ་ཚིས་མཽ་དྲན་རྒྱ་མཚོའི་གྲུ་ཞིག་མི།། ་སྒྲ་མི་སྙན་པ་ནོར་ལ་ཞེ་མི་གདུང་།། གླིང་དོན་མོ་གཉེན་དེད་དཔོན་ཅི་རུ་རུང་།། སུ་ཞིག་བདེ་འདོད་རྒྱབ་ཀྱི་ཁུར་ཚ་བོར།། དམུས་ལོང་ཕྱོ་བའི་མི་ལ་དྲིན་གཟོ་རིག། རྦ་འཁོར་ཕྱོགས་ནས་བཟློག་པའི་དོད་དཔོན་བཀུར།། མུན ་རཱིམ་ནཱང་དུ་མཁའ་ལ་ཟླ་བ་གཅེས།། འདམ་ནས་འདོན་པའི་མི་ལ་སུ་ཞིག་རྒོལ།། གླིང་བྲན་དེད་དཔོན་སྤྱི་བོར་ལྡོང་ཞིག་དང་།། ཤ་ནས་ན་བུནྡྷ་ཨུཏྤལ་ཚུལ་མེད།། ཐད་ཀར་མཱི་གནས་མཁའ་ལ་ཤར་བིའི་འཇར།། རྫིང ་གི་རྒྱུ་ནི་ཕིག་པར་གྱུར་ཚེ་འཛད།། ཆུ་ནི་ཐུར་གཞོལ་གྱེན་ལ་བཟློག་མི་འགྱུར།། འགྲོ་དོན་མི་མཛད་ཐུབ་པ་ཅི་ཕྱིར་འདའ།། སྨིག་རྒྱུའི་ཀླུང་ལ་ཆུ་ཡེ་འདུ་ཤེས་དོར།། བདེན་པ་མ་ཡིན་ལམ་གཏེར་རྙེད་དུས།། འཕྲུལ་གྱི་བུ ་མོ་འདི་ལ་མ་ཆགས་ཤིག། མཚང་ཅན་བཤེད་མས་ཟིན་པའི་སེམས་དེ་ལྟོས།། གསེར་དང་གྲེས་མ་སྒྲོག་གི་ངོ་བོར་མཉམ།། མེ་ཟོས་བུ་རམ་མཐོང་བས་མངར་མི་འགྱུར།། མ་སྒྲོགས་ཞོ་ཡི་ནང་ནས་མར་མི་རྙེད།། མ ་འཐུངས་ག་བུར་ཚད་པ་སེལ་ལམ་ཙཾ།། མཆོག་གི་ནོར་བུ་སྦ་བར་བྱ་བ་མིན།། རྔུབ་པོའི་ལག་དུ་སྟ་རེའི་ནུས་པ་སྟོར།། པོ་ལ་འབྲས་རྨ་ལ་དགོས་པར་མཐོང་བ་སུ།། ཆུ་ཤིང་སྙིང་པོ་རྙེད་པའི་མི་དེ་གང་།། གསེར་མེད་པ་ཡི་ལས ་ཀ་དགོས་པ་མེད།། མཐོང་བཞིན་དུ་ནི་དོང་དུ་འགྲོ་མི་རིགས།། དུག་ཆུ་འཐུང་འཕྲོ་མ་ཆང་བདེ་མི་འགྱུར།། ཧ་ལ་སོང་བའི་སྨན་མར་ཙི་རུ་རུང་།། དུས་དེ་ཉིད་དུ་སྦྲང་ཆང་འཐུངས་པས་གཟི།། འགྲོ་དུས་ཕུང་པོ་རྙི་ཡི་གཟན་ལེན ་བྱས།། རྨོངས་པ་སྲིན་མོས་ཅོད་པན་བཅིངས་ལ་དགའ།། མཆིལ་པས་ཟིན་པས་ཉ་ཡི་བདེ་བ་སྟོར།། འཆི་འདོད་ནད་ལ་དྲང་སྲོང་ངག་མི་ཉན།། དེ་ནི་གནོད་པའི་ཁ་ཟས་བརྟེན་ལྔ་དགའ།། ཕན་པའི་སྨན་ལ་གཅེས་པའི་འདུ ་ཤེས་བོར།། འདུ་བྱ་བསྐྱེད་པའི་སྤྱོད་ལཱ་མྱ་ཆེད་དུ་བྱེད།། སྨན་ལ་ནུས་པ་མེད་ཅེས་རྨོངས་པ་སྨྲ།། མི་གྲུབ་ཁས་བླངས་རྒྱལ་པོའི་བཀའ་ཆང་གནས།། བཤལ་རྗེས་མི་བསྲུང་རང་ལ་གནོད་པར་བས།། ནོར་བུའི་ནུས ་བྱ་ཐལ་བས་བྱིབས་ཚེ་སྟོར།། སེང་གེའི་འོ་མཱ་རྫ་ཡི་ནང་དུ་མིན།། ཚད་མེད་དུ་བའི་བུས་པ་ཤཱ་རྀ་ཆད།། བསྟེན་འཕྲོ་བཅད་པར་མི་རིགས་ཕན་པའི་སྨན།། སྟོང་ལོག་མི་བྱ་རིན་ཆེན་གླིང་གི་མི།། འགལ་དུ་མི་རུང་འཁོར ་ལོས་སྒྱུར་རྒྱལོ་གཉའ།། མཚུར་མེད་གསེར་གྱི་དངུལ་ཆུ་ལྕགས་མི་འགྱུར།། རང་ཉམས་མ་ལོན་ཀྱང་ལ་བསྔོ་མོ་རགས།། འབྲས་བུ་སྦྱིན་པས་སྡུག་མིང་རྩ་བ་བརླག། ཕྱུགས་བདག་ལིང་ག་མཆོད་པའི་དྲི་མས་ཁྱེར། ་འཁྲུལ་པའི་རྒྱལ་པོ་འབྱུངས་ཀྱི་གཡོག་དུ་རྒས།། ངོ་མཚུར་ཆེ་བ་གསེར་མཆོག་གསེར་ཥྚ་གྱུར་ནི།། མདོངས་ལ་ལྟ་བཱིའི་རྨ་བྱ་ག་ནས་འ།། དུག་གྱི་ཆུནནི་བཏུང་བར་བྱ་བ་མིན།། བྲམ་ཟེ་ཆུང་གླི་གརྦྷ ་བཅོས་བྱས་དུས་ལང་།། མིག་གོ་རིན་ལ་ཅི་བཏུབ་སོམས་དང་ཀྱེ།། རྒྱུས་མེད་ཚོང་ལྡོ་ལུས་ལ་བེར་ཀཱ་ཕོག། གཟོ་ཡི་རིག་བྱེད་ཚོང་ལ་གཞུག་པ་མིན།། སྟག་གི་རི་མོ་བཀྲ་བས་གྱོད་ལ་གཏུགས།། ལུས་ལ་རླུང་མཁྲིས་ཕྱི་ནས ་ཞུགས་པ་མིན།། རྩལ་གསུམ་རྫོགས་པས་འཕུང་བ་སེང་གེའི་ལུས།། དོམ་གྱི་སྡུག་བསྔལ་སྦྲང་རྩི་རྙེད་དུས་བླང་།། ཚོང་དུས་དབུས་སུ་དོན་སྟོར་དོན་མི་འགྲུབ།། བསི་རུ་འཚོལ་བའི་མཽ་དེ་སྡུག་བསྔལ་ཆེ།། དོགས་པོས ་ན་ངའི་ཁོང་ན་འདུག་ཡོད་མིན།། ཀླུ་མཆོག་མགོ་བོ་དེ་ཉིད་སྡུག་བསྔལ་བརྟེན།། དྲི་ཟིའི་བུ་ནི་རྒྱུད་མངས་སྒྲ་ཡོས་བཅིངས།། སྦྲང་མའི་ཚད་ནི་རྩི་མོངས་སོགས་པས་ཕུང་།། ཐར་ལམ་འདོད་པས་ཁྱི་ཡི་སྙིང་ཕྱུང་ཅིག། ལྕགས ་ཀྱུ་དང་བྲལ་གླང་པོ་བདེ་བར་གནས།། རྒྱལ་པོའི་ཞབས་ཏོག་བསྔོ་བགྲངས་བྱས་ཚེ་ཡལ།། བྱ་ཡི་ཕྲུག་གུའི་གཅེས་འཛིན་དགོས་པ་དང་།། དངུལ་ཆུ་སྣོད་དུ་ཟགས་པར་གྱུར་ཏ་རེ།། སྲིན་བུ་མེ་ཁྱེར་དྲེགས་པས་རྒྱལ ་རིན་མེད།། ནེ་ཚེའི་ཕྲུག་གུ་སྒྱུ་མ་ཤེས་པས་འཚེངས།། སྦྲང་ཚང་མཐོང་བའི་དོམ་མིག་མཁའ་ལ་ལྟོ།། དེ་དུས་ཟིམ་བུ་མ་མྱོང་སྡུག་བསྔལ་རྒྱུ།། ཁ་བྲག་ལམ་དུ་རྒྱུས་མེད་མི་དེ་འཚོམ།། ཆུ་ཀླུང་མུ་རན་སྡོང་གྲུ་ཉལ ་བའི་སྔས།། སྦྲང་རྩི་མྱོས་པས་རྔ་མོང་གྱོང་ལ་གཏུགས།། བག་མས་ལྕང་མོ་མ་མཐོང་ཚོང་དུས་དབུས།། སོས་བཞིན་བསྟན་ན་སྨན་མཆོག་དུག་དུ་འགྱུར།། དོན་གཅིག་མི་འགྲུབ་གཉིས་འཛིན་ཅན་གྱི་བློ།། ཁྱིམ་ལས་མ ་འཕགས་དེད་དཔོན་གླིང་མི་ལོན།། བརྟག་པའི་འཚང་མེད་ནོར་བུ་དབྱིག་ལ་བརྡར།། སྟོང་ལ་མནན་པའི་སྤྲེའུ་རྐང་ལག་བྲེལ།། ནད་ངོས་མ་ཟིན་བཅོས་ཀ་ཁྲོ་ལོག་བསྒྱུར།། དེད་དཔོན་མཛོད་མཐོང་ཁྱིམོ་བདག་རྡང ་དེ་ལྡང་།། སེང་གེའི་མགོ་བོ་མཐུར་གྱི་ཕྱིར་མི་འབྲང་།། མཁའ་ལྡིང་བཤོག་རྫོགས་ཚང་ལ་མིག་མི་བལྟ།། ཟླ་བོ་མཐོང་དུས་པས་རུ་གུད་དུ་གབ།། གྲོང་ལས་འགྲིམས་པའི་ལྕེ་སྤྱང་ལུས་སེམས་བདེ།། དགྲ་ཡི་སྡུག ་བསྔལ་བྲལ་བ་གཅེར་བུའི་ལུས།། འགོག་གི་རིག་བྱེད་པ་སོའི་གཟི་ལ་གནོད།། མ་ཧེའི་སྒྱིད་འཁྱོལ་འགྲོ་ལམ་ཐུར་གཞོལ་བདེ།། མཁས་པས་མི་ཆུན་བླུན་པོས་སྦྱངས་པའི་གླང་།། ལྟོ་རུ་དུག་ཟོས་ཞུ་རྗེས་བདེ་མི ་འགྱུར།། རྨོངས་པའི་ངག་ལ་ཉན་པས་འཚེངས་པོ་གང་།། ཐར་ནས་བཙོན་རར་སྟེག་པ་སྙིང་རྗེའི་ཡུལ།། ལུ་གུ་བརྒྱུད་ཀྱི་ཁོང་སྒྲིལ་གཅད་པར་དཀའ།། ལྷ་ཡི་ཞི་སྡང་སྐྱེས་རྩུབ་འགྱུར་ཚལ།། དགེ་སློང་འདུག ་ས་བཙུན་མོའི་ཁྲོད་མ་ཡིན།། ཞགས་པས་ཐེབས་དུས་སྤྲེའུ་ནགས་དང་བྲལ།། སུན་བཞིན་དང་དུ་ལེན་པ་སྡེ་པའི་དཔོན།། གསེར་མགར་འགུལ་དུ་རང་གི་རྒྱན་མ་ཐིགས།། བྲན་མོས་རྙེད་ཀྱང་ནོར་བུ་རྗེ་བོས ་འཁྱེར།། ན་སོ་རྒས་པའི་དེད་དཔོན་གླིང་མེ་ལོན།། བུ་ཡེས་བརྡུངས་ཀྱང་ཚ་བོ་གཅེས་པར་འཛིན།། དུར་ཁྲོད་ནང་དུ་སེང་གེའི་རྩལ་མི་འབྱོངས།། ཝ་དོམ་སྤྱོད་པས་སྡེར་ཆགས་ཟིལ་མི་ནོན།། ་གྲུམ་པ་དང་འགྲོགས་སྙིང་སྟོབས་ཉམས་གྱུར་ནས།། བྱི་མོས་མིག་འབྲོངས་ཕུ་ཡེ་ཡུལ་མི་ཟིན།། གངས་དང་བྲལ་བས་ཁྱི་ཡིས་མཆེ་བ་གཉེར།། ཁྲ་ཡིས་དེད་པའི་སྦྱོར་མོ་ཉ་ཡཱི་སཱ་ལན།། དྲི་མ་མི་ཆགས་ལྷུང་བཟེད ་སྟོང་པའི་སྣོད།། འཁོར་ལོའི་སྒྲོམ་གྱིས་ཤིང་རྟ་ད་པེ་མི་སྟེར།། རྒྱལ་པོ་དམངས་སྤྱོད་སུ་ཡི་མིག་སྔར་མཛེས།། རྩི་ལ་ཆགས་པའི་སྦྲང་མ་དུད་པས་འཚལ།། པདྨའི་སྟེང་ན་འཕྲུལ་གྱི་བུམ་པ་མཛེས། ་རྡུལ་གྱིས་མི་གོས་གཡའ་མེད་དངས་པ་ནི།། སྐྱོན་དང་བྲལ་བའི་འོད་ཟེར་ར་བ་ཅན།། ལུང་ཐགས་མ་བཏགས་ཉི་ཟླའི་རྒྱུན་གྱིས་སྨྲས།། རྙེད་པར་དཀར་ཕྱིར་བརྗོད་པར་ཕངས་པ་ཡིན།། པདྨའི་ལྔ་བ་ཐུར་ལ ་ཁ་མི་འབྱེ།། ཙན་དན་ཆུ་ནི་སྐྱོན་བྲལ་སྣོད་དུ་བླུག། དངུལ་གནོད་མ་ཕྱིས་རྒྱལ་པོའི་གུསང་མི་འདྲེན།། མཁར་མིའི་སྦྱང་དུ་སོ་བ་བླག་མེ་བྱ།། ཆུ་བོ་བཞི་འབྱབ་རྒྱ་མཚོ་ངོམས་མི་འགྱུར།། དེད་དཔོན ་རྙེང་དུས་གླིང་དོན་བསྒྲུབ་པར་བྱ།། བཞི་མངའི་ཚིང་འདི་གཟིངས་ཀྱི་འགྲོས་ལོ་གནོད།། ཆོས་གསུམ་ཟླ་བ་རྒས་པའི་དུས་ལོ་བསྙེན།། ཆུ་གང་འཁོར་མས་དེད་དཔོན་དོན་ཐབས་བཅོག། ཁྲི་མོམ་པ་རུ་ལྷ་ཡེ ་སྨས་མོ་བྷུར།། གླིང་ལ་རྟོག་པའི་ཚོང་པའི་བློ་མི་བརྟེན།། དུག་སྦྲུལ་གཙུག་གི་ནོར་བུ་བླང་མི་བྱ།། གྱད་ཕྲུག་རྩལ་སྦྱོང་སེམས་དེ་དོར་ཅིག་དང་།། བཙུན་མོའི་བསྲུངས་མཚོན་མ་ལ་བཅོལ་བ་མིན།། ཐར་པ་འདོད་ན་འཚལ ་གྱི་ཐིག་ལེ་བསྲུབས།། འདམ་ཡོད་ཆུ་ལ་རྙོག་པས་དངས་མི་འགྱུར།། ཁྱི་རྒོད་མཐོང་དུས་མི་སྒོག་རང་བཅོམ་སྦྱང་།། དྲི་ཟའི་གྲོང་ཁྱེར་ལྟ་བར་བྱ་བ་མིན།། གྲོག་མུའི་སྤྱོད་པ་བོར་ན་ངེས་པར་བདེ།། ཏིལ་གྱི་མེ ་ཏོག་མི་བཏོགས་བཅད་པར་ཕངས།། ཤིང་ལོའི་སྟེང་ན་དུར་བསྲུངས་ཡན་ལོག་ངལ།། བུད་མྱེད་ཁྱིམ་གྱིས་སུ་ན་པ་དེ་ལ་ལྟོས།། སྟོབས་ཀྱིས་འཁྲུལ་པའི་འཁོར་ལོའི་གཽཤོག་པ་བྲལ།། རྩི་ཡིས་ཟིན་པའི་ལྕགས ་འདི་གསེར་དུ་འགྱུར།། གསེར་ལངས་ས་བོན་ཡོངས་སུ་བསྔོ་མཱི་བྱ།། ན་མཁའི་ངང་ལ་ཤར་ལྷོ་ཕྱོགས་མཚམས་མེད།། དར་གྱི་ཆོས་ཀྱིས་ཤེལ་སྐྱོང་ཁ་དོག་བསྒྱུར།། མདོག་དབྱིབས་ཐེ་དད་སྤྲིན་གྱི་ཡལ་ས་མཁའི།། ་མོ་ག་ཤམ་བུ་ཡི་བག་མཱ་ངས་མ་མཐོང་།། ཀཪྵཱ་པ་ཎི་ས་དུང་གི་ཁོ་དོག་མཚོན།། ན་མཁའ་བསྐྱོད་པར་བྱེད་པའི་མ་མཱ་སུ།། འཇིག་ཚུགས་བསྐལ་པས་ན་མཁའི་གཱ་ཡོ་མི་འགྱུར།། དཀར་ནག་མཚོན་གྱིས་མཁའ་ལ ་གྲོས་པ་མིན།། ནམ་གྱི་ཚེ་ནས་ན་མཁའ་ཡོད་པ་མིན།། ན་མཁའ་གང་ནས་བླངས་པ་ཁྱོད་ཀྱིས་སྤྲོས།། འཇའ་ཡི་ཁ་དོག་རྒྱང་ནས་འོང་དུ་གསལ།། གྲམ་དུ་ཕྱིན་ནས་བཙལ་བས་མ་རྙེད་།། ཡོད་མེང་གཉིས་སུ ་སྨྲ་བ་གླང་གིས་ནུས།། ལྕགས་ཀྱི་ཐོ་བ་གང་གིས་ཕིག་པ་ཡིན།། དྲ་བ་དབང་པོར་གཞུ་འདི་མཁའ་ལ་ཡལ།། སྦལ་པའི་སྤུ་ཡིས་ལ་པྲ་སུ་ལ་ཡོད།། བྲག་ཅུའི་སྒྲ་འདི་གླང་གི་ཁ་ནས་བརྗོད། ་ཆུ་ཟླ་ཚོལ་བའི་སྤྲེའུ་སྙིང་རེ་རྗེ།། རྐུ་བའི་ནང་འདི་ཙཱི་ཡིས་བྲུས་པ་ཡིན།། མཁའ་ལ་འཇའ་ཤར་ཆོས་རྣམས་བསྟན་ནས་སྣོང་།། ན་མཁའ་འཕེལ་དུ་མ་སོང་ལྟོས་དང་ཀྱེ།། ཨེ་མ་ནུབ་པར་ཀྱང་ནི་གྱུར་མ་ཡིན།། ཆགས་པའི ་རྟེན་ས་གང་ལ་བྱས་པར་འགྱུར།། འདི་ཡི་རྒྱུ་རྐྱེན་ཅི་ལ་བྱས་པ་ཡིན།། ཕན་ཚུན་ཐ་དད་མེད་པར་ངོ་མཚར་ཆེ།། ཀྱེའོ་སྒྱུ་མའི་སྐྱེས་བུའི་འདུ་ཤེས་སྟོར།། དོན་བྱེད་མི་ནུས་རྨི་ལམ་ནོར་གྱི་བསེབ།། རྡོ་ཡཽ་མི་ཡི་རིག་བྱེད་གང་དུ ་སོང་།། གླང་པོའི་མགོ་ལ་རྭ་མེད་ཆུག་ངོགས་བྲལ།། ཆུ་ཤིང་སྙིང་པོ་ཕྱི་ནང་གཉིས་ཀར་མེད།། དུག་སྦྲུལ་མ་བེ་ལྟོས་སྒོ་ང་བླང་མི་རུང་།། དྲང་སྲོང་ནད་ཀྱི་གྲོགས་དང་གཉེན་པོ་སོམས།། དེད་དཔོན་བུ་ནི་ཡབ་ལོ་གླིང་རྒྱུས ་འདི།། གྲུ་ཆེན་ལ་གནོད་དགྲ་རྣམས་ཕྱི་རུ་སེལ།། དགོས་པའི་རྐྱེན་དང་མི་འབྲལ་ཚར་དྲི་མས།། ཉེ་སྦྲུལ་ཤ་ནི་ནོར་ཉེན་ཆེ་བས་བརྟག། འགྲོ་མགོན་གྱིས་ཀྱང་ན་མཁའི་མུ་མ་གཟིགས།། དམྱལ་བའི་ལུས་ལུ་ཚ་གྲང་གོ་སྐབས ་མེད།། ཁ་དོག་བསྒྱུར་ཟིན་མཚུར་དུ་སྤངས་ན་ལྡང་།། གསོ་རས་ཐལ་ཁུང་འཇུག་པ་དྲི་མ་མོདོ།། འཁྲི་ཤིང་ལོ་འབྲས་སྨིན་པར་གྱུར་ཆེ་བསོག། གལ་ནང་ཟས་ལེན་དེ་དུས་ཉིད་དུ་འཕུང་།། ཚོང་ཁང་ནང་གི ་མགྲོན་པོ་སྟ་རིམ་འགྱེས།། སྲིན་གྱི་ཁ་ཆུས་རང་ཉིད་འཆིང་བར་འགྱུར།། རྩཝ་ཡཾ་སྒྲོན་མེ་མཆོད་པར་རབ་ཏུ་རྐྱེན།། རྒྱ་མཚོ་སྒྲོལ་བའི་གྲུ་ལ་ཟག་ལྡན་གཅེས།། དྲེགས་པས་མྱོས་པར་མི་འགྱུར་ནང་པའི་ལུས།། རང་སྒྲོག་སྦྱར ་པའི་དྲང་སྲོང་ལན་ལོན་ཅིག། ཕན་པའི་སྨིནཱ་མར་འབོར་བར་བྱ་བ་མིན།། རྒྱ་མཚོའི་སྦུ་བཱ་ཡལ་བའི་རྗེས་མི་བལྟ།། གདན་ས་མ་སྦྲེངས་རྒྱལ་པོས་ཆོས་མི་འགྲུབ།། ཁྱིམ་དོར་ནགས་སུ་འདུག་པའི་མི་དེ་བདེ།། དོམ་གྱི་སྟོང ་ཁྲག་མ་འཐུང་ཁ་ལ་ལྟོས།། མེ་ཏོག་རྩི་ཡིས་སྦྲང་མ་ངལ་མོ་སྟེར།། བུ་རམ་མུར་བའི་ལྕུག་མ་ཁ་རོག་འདུག། གླིང་ལ་དབང་བའི་རྒྱལ་པོ་བུ་དང་འགྲོགས།། འཁོར་ལོས་བཙལ་བའི་ལམ་ལ་ཞུགས་པར་བྱ།། ཁང་བཟང ་རིན་ཆེན་སྤང་དུ་མི་རུང་།། དྲི་མ་ཅན་གྱི་ཟས་སྐོམ་མི་བརྟེན་ཅིང་།། ཁྱིམ་བདག་དཔའ་བོ་ཕྱི་རུ་མི་སྐུད་དོ།། ཚེ་འདིའི་ཚེ་ཐབས་བཤིག་པ་ངུར་བསྲུངས་མི།། གདོལ་བའི་མགུལ་དུ་རིན་ཆེན་རྒྱན་མི་འདོགས།། ཡབ་ཀྱི་སྤྱོད་ལམ ་སྐྲག་པ་དེད་དཔོན་བུ།། སྨྱོན་པའི་སྤྱོད་པ་གཟུགས་བཏང་བྲལ་ནས་འདོག། ལྕུ་གུ་མའི་གོསང་ཚིག་ཁ་རུ་མི་འདོན་ནོ།། ཉེ་བ་དགྲར་གྱུར་བློ་གྲོས་དྲི་ཡུལ་ཞིག། གཟུགས་ཀྱི་རྩོལ་སྒྲུབ་མི་བྱེད་ལོང་བའི་གྲོགས།། ཕྱག་དར ་ཁྲོད་པ་ཐོང་གཤོལ་ཉོ་མོ་འགྱུར།། ནད་པ་ཆུ་སྐྲག་གང་ག་ལ་མི་བལྟ།། གསེར་གྱི་འགར་བ་བྱ་བ་གཞན་མི་བསྒྲུབ།། དར་ཚོན་དར་ཟབ་ཕག་རྫི་གིན་མི་འགྱུར།། ཚོང་སྤྱོད་མི་ནུས་སྒྱུག་མ་མཁན་གྱི་ཁྱིམ།། སྒྲ་མཁས ་ཐབས་ལྡན་ནེ་ཚེ་ཁྱུ་ནས་འབྱོལ།། འཕྱེངས་པའི་གླང་པོ་བུར་ཤིང་བྲེས་མི་སྟག། གསེར་སྒྲོག་བཅུག་ཀྱང་འཆམ་འགྲོས་བྱེད་མི་ནུས།། དེད་དཔོན་བུ་ནི་བྲེ་སྲུང་ལ་མི་བལྟ།། གླིང་དོན་ཁར་ཏོན་ཤྲཱི་ཡང ་ཁྱིམ་མི་འདུག། ཚོང་ཕྲུག་འདུས་ཚེ་ན་ཡང་གཟིངས་ལ་སྟག། འདོད་པའི་རླུང་ནི་རེ་གསོར་དག་གིས་འགུགས།། ཇི་སྲིད་ནོར་བུ་མ་ལོནི་ཕྱིར་མི་འབྱུང་།། བྲགས་ལས་སྐྱེས་པའི་ཆུ་བྱ་མཚོ་ལ་སྙག། ནགས་ཀྱི་བྱི་ཕྲ་དགུན་གྱི་རྩ་མི ་སོགས།། གདོན་གྱིས་བརླབས་ཚེ་དོན་དེ་ལམ་དུ་སྟོར།། ཉ་ལ་རྗོད་པའི་སྐྱུར་མོ་དགྲལ་འབྱོལ།། གཅིག་ཏུ་མི་གནས་སྟུག་མོ་གྲུས་མའི་ཚང་།། འགྲོན་པོ་ལམ་ཞུགས་གསེར་རྒྱལ་ཕྱིར་མི་འཁུར།། གཙོ་བོའི་གསང་གྲོས་ཁྲོམ་དུ ་བརྗོད་མི་འགྱུར།། སྐྲག་པར་མི་བྱེད་བང་མཛོང་བརྐུས་པའི་མི།། བྲམ་ཟེའི་རིག་བྱེད་བུ་ལས་གཞན་དུ་མིན།། ཡོན་ངོར་མི་སྟེར་རྩི་མཆོག་གསེར་འགྱུར་ཐུབས།། མཚན་དོཔསོ་རབ་སྨྲས་འཁོར་ལོས་སྒྱུར་རྒྱལ་ལུས།། ་ཚངས་པའི་དབྱངས་ལ་ཡན་ལག་དྲུག་ཅུར་ལྡན།། ཐུབ་པའི་ཐུགས་ནི་ཡོན་ཏན་ཀུན་གྱི་མཛོད།། ནོར་བུ་རིན་ཆེན་དགོས་འདོད་འབྱུང་བའི་རྟེན།། རྒྱལ་པོའི་ཤུལ་སྣ་གསེར་གྱི་འཁོར་ལོས་འདྲེན།། གི་ན་ཛའི་མེ་ཏོག་ལུང ་གིས་བསྐྱོང་པོར་སྨྲ།། དུས་སུ་སྦྱིན་པའི་པདྨ་ཁ་དོག་གསལ།། འབྱུང་བའི་དགྲ་རྣམས་བཅོམ་པ་རྡོ་རྗེའི་སྐུ།། གྲངས་པར་རྐྱེན་པ་བུས་པ་ཆུང་པོའི་ལྟོ།། རྒས་དང་བྲལ་བ་དངུལ་ཆུ་འཐུངས་པའི་ལུས།། སྨན་མཆོག་གས ་མངར་ཐུན་ལ་ཚེ་མི་དགོས།། ཅི་སྨྲས་དོན་དུ་འགྱུར་བ་དྲང་སྲོང་ཚིག། གླིང་ལས་བླངས་པའི་མེ་ཏོག་དགོས་མེད་མིན།། དགེ་སློང་ཚིག་ལ་གཏམ་གྱི་དོན་མེ་འབྱུང་།། སྨན་གྱི་གནས་སུ་དུག་གི་སྐྱེ་དྲུངས་འགགས།། ཕྲུལ་གྱི་མེ ་ལོང་ཕྱི་ནང་གཉིས་ཀར་གསལ།། མང་དུ་བརྩེགས་ཀྱང་གཟུགས་བརྙན་འགྲིབ་མི་འགྱུར།། བུག་པ་ཡོད་བཞིན་ཟང་ཐལ་ཡུལ་མི་འགག། སྒྱུ་རྩལ་འབྱོངས་པའི་གྱང་ནི་ཕྱི་ཕྱིར་རིམ།། སྨིག་རྒྱུའི་མཚང་ཤེས་ཆུ་ཡི་འདུ་ཤེས་ཞིག། ་ཤིང་ལོ་མེ་ཡོད་ཚེན་དུ་བ་འབྱུང་།། ཁ་རླངས་སྒྲོན་མེར་གྱུར་པ་མ་ཁྱེར་ཡིན།། རི་བྲག་བར་ན་སྨིག་རྒྱུ་ཡོད་མ་ཡིན།། ཉ་རྒྱུས་ཟླ་བ་ཉི་མའི་འོད་དང་བྲལ།། རེག་བྱ་གཟུགས་ཀྱིས་སྟོང་པ་ཁྲོལ་མའི་ནང་།། སྔ་ལྟས་ཤར་བའི ་བུ་མོ་བཙུན་མོ་འགྱུར།། བི་རྩི་འཐུངས་པའི་མིག་ལ་མཚན་མོ་མེད།། ལྷ་ཁང་སྒྲོ་ཕྱེ་དེ་དུས་སྐུ་གཟུགས་མཐོང་།། ཕྱུགས་རྫིའི་ལག་བརྡ་གང་གཱའི་ཕྱོགས་སུ་བྱེད།། སྦྲང་རྩིས་གསིངས་པའི་ཆང་འཐུངས་ལུས་པོ་སྤྲིང་།། ་བཤོར་ལ་བསིགས་པའི་སྒོ་གཱ་གཏིང་མི་འཛུལ།། འཚོང་རྡོ་བཏགས་པའི་གཟིངས་ལ་གཡོ་ལྡེག་མེང།། དངུལ་གྱི་མེ་ལྡོང་ཕྱེས་ན་གསེལ་བར་འགྱུར།། ཞལ་ཏ་ཆུང་པའི་མི་དེ་སྔར་སྤྱོད་འདོར།། ཕྱོགས་མཚམས་ཀུན་ཏུ ་འཕུར་ཀྱང་ཉལ་ས་ཚང་།། ཟོ་བ་ཁེངས་དུས་དེ་ཚེ་སྤྱང་ཐག་འདྲེན།། ཤ་ཆགས་མིས་ཟིན་དེ་ཡི་ཤེས་པ་ལྟོས།། འཕྲིན་ཡིག་ལེགས་པར་མཐོང་དུས་སེམས་ངལ་སོས།། མི་འགྱུར་མཁོའི་ལ་ལྡིང་བའི་གཤོག་པ་བྲེལ།། དྲེགས ་པར་གཟོ་བར་བཞིན་དེ་ཁོང་དུ་ཆུད་།། བྱང་ཆུབ་ཤིང་དུ་ཐུབ་པའི་སྤྱོད་ལམ་བདེ།། ཞུས་ལ་བབ་པའི་གསེར་འགར་ཡེངས་དང་བྲལ།། གཡུལ་དུ་རྡུལ་བའི་གླང་པོ་ལྟོས་དང་ཀྱེ།། འབའ་ཡིས ་ནོན་པའི་རི་བོང་ཅན་མི་མཐོང་།། ཁོག་རྩེས་བཀབ་པའི་མ་ཡི་དུད་པཽ་སུ་བཾས།། སྒྲ་གཟོ་ཚར་དུས་མཁན་པོ་ཡང་ཡང་ལྟ།། བརྟི་ཀ་ན་གྲོགས་པོ་མཛའ་དུས་འབྲལ།། སྨན་གྱི་ཚོང་པའི་གྲོ་ཕྱོགས་ལྟོས་ཤིག་དང་།། རྒུན ་འབྲུམ་ཐལ་མ་མི་སྤུང་ཕྱོགས་བཞིར་བརྡལ།། བྱ་བ་ཟིན་པའི་རྫི་སྤྱང་ཕྱི་ཆིས་མིན།། སྐྱེད་མེད་ནད་པ་སྨན་གཞན་བསྟེན་པར་རིགས།། མཁས་པ་གླང་པོ་དྲག་ངལ་གཉིས་སུ་སྦྱོང་།། བུས་པ་མི་སང་ཞུན་མར་སྦྱིན་མི ་བྱ།། ཕྱག་གི་ལྕེ་ཡི་ཁ་མངར་སྤངས་ནས་འདུག། བྲམ་ཟེ་སྐུད་པ་འཁལ་བ་ལྟོས་ཤིག་དང་།། རྦ་ཀླུང་འཁྲུག་འདུས་ཐབས་ལྡན་འཕྱོང་རྡོ་འདོགས།། སུ་ཞིག་བདེ་འདོད་སྤང་མའི་སྤྱོད་པ་བོར།། རྒྱལ་ཁྲིམས་ཆོས ་ཚོ་བློན་པོའི་རྩོལ་བ་ཞིག། ནོར་བུ་ནོན་པའི་དེད་དཔོན་སེམས་ལས་བྲལ།། རྒྱལ་པོའི་བུ་མོ་གཞན་གྱི་རྒྱན་མི་ལྟ།། སྡོང་དུམ་མ་བསལ་ཤིང་རྟ་འགྲོར་མ་བཏུབ།། སྨན་གྱི་ལོ་འབྲས་དྲང་སྲོང་བུ་ལ་སྟོན།། བཅོ་མའི་འོད་ལ ་གསེར་མཁན་མདོག་མི་འདོན།། སྤུ་གྲྀ་ཏིལ་ལ་ངར་བླུང་མིག་མི་འདོད།། བུ་ཡིས་སྲིད་ཟིན་རྒྱལ་པོའི་བྱ་བ་རྫོགས།། དུག་ཚོར་མི་དེ་ལྷག་མ་ཟ་མི་འགྱུར།། བྲམ་ཟེའི་རིག་བྱེད་སློབ་དུས་བྱ་གཞན་འདོར།། བརྩེ་མེད ་བསྲུབ་མ་བསྐོར་བར་མི་བྱའོ།། རྒྱལ་པོ་ཆི་དུས་ཁྲིམས་ཡིག་ལ་མི་བལྟ།། ནོར་བའི་ལམ་དུ་འདབ་པཱར་མི་རིགས་སོ།། ནག་ཚུར་མི་དགོས་འཛམ་བུ་ཆུ་བོའི་གསེར།། པདྨ་འདམ་གྱི་སྐྱོན་དང་བྲལ་ནས་འདུག། དུག་མེད ་རང་དབང་ཐོབ་པ་སེང་གེའི་བུ།། གཉའ་ཤིང་བཀྲོལ་བའི་མ་ཧེ་གར་དགར་འགྲོ།། རམ་ཞུགས་པའི་གསེར་ནི་གུ་ལང་མ།། ཚེར་མ་ཕྱིན་པའི་ཤུལ་དེ་གུ་པ་མིན།། ཅིར་སྒོ་བྱེད་པོའི་མི་དེ་སྲོག་མི་འདོད།། ཞོ་སྒ་ཞོ ་ཡིས་འགྲངས་པ་ལཱ་ལྟོས་ཤིག། གསོ་རས་ལྔ་པས་བསྡམས་པ་གྲགས་པས་འཆིངས།། སྒྲ་ཉན་པའི་ཕག་རྒོད་གདམས་པ་སྟོན།། དོན་སྨྲས་སྟོང་ཚིག་ཁྱད་མེད་རྡོ་ཡ་མི།། སྨིག་རྒྱུའི་ཀླུང་ན་ཆུ་ཐིགས་ཡོད་མ ་ཡིན།། སྐྱེ་དང་འཆི་བ་མོ་བཤམ་བུས་མ་བྱས།། མདོག་དབྱིབས་ཐ་དད་ཆུ་བྲན་རྒྱ་མཚོར་གྲོལ།། ན་མཁའ་ལ་ནི་དབུས་དང་མུ་མ་མཆིས།། རོ་གཉིས་མཐོང་བའི་ཀཾ་ཀ་མཁའ་ལ་ལྡིང་།། སྟོབས་ལྡན་སེང་གེ་སྲོག ་གི་མེལ་ཚེ་སྟོར།། ཀྱེ་འོ་སྨྱོན་པའི་སོས་སྐོས་སོམས་དང་ཀྱེ།། ལྕེ་སྤྱང་མིག་འདི་ངོ་མཚར་ཆེ་བ་ཡིན།། མ་ལ་ཡ་ན་ཙན་དྲན་མ་རུ་འབུད།། སེང་གེ་གྲངས་དང་བྲལ་བར་མི་བྱའོ།། སྤུན་པའི་རྒྱལ་པོ་གསོ་རིག་ལུང ་དང་འགྲོགས།། མཁན་པོས་ལེགས་གསུངས་དགེ་སློང་གིས་མི་གཏོང་།། དཔའ་བོ་གཡུལ་དུ་འཇུག་ཆེ་གོ་མེ་འབུད།། འགྲོ་བ་བཟང་མོས་ཉེ་བ་སོ་སོར་འཛིན།། གཡེང་བ་མེད་པ་དུར་ཁྲོད་དབུས་ཀྱི་མི།། དུར་ཁྲོད་མི ་ཡིས་ལུས་ངག་ཐ་མལ་སྤངས།། ལྟོ་རྒྱབ་ཤུགས་ལས་འབྱུང་བ་དུར་ཁྲོད་མི།། དུར་ཁྲོད་མི་ལ་ཁྲ་མ་ཁ་མཆུ་མེ།། དགོས་པ་མདུན་དུ་བསྒྲུབ་པ་དུར་ཁྲོད་མི།། གླང་པོའི་འགྲོ་ས་གྲམ་པའི་བསེབ་མ ་ཡིན།། མེ་ཆུའི་དགྲ་ལ་ཚད་ཡོད་བྱར་མི་རུང་།། ཞིང་པས་ས་ཡཱི་མདོག་ལ་ལུང་རིགས་སྦྱོར།། རྒྱལ་པོའི་ཞབས་ནས་བཏག་ཚེ་བཀའ་ལ་འདོགས།། ཀྱེ་འོ་སྟག་ཚད་ཡོད་པའི་སོར་མི་འགྲོ།། རྒྱལ་པོའི་བཀའ་བཏགས་ཐོབ་དུས་དགྲ་དང ་བྲལ།། ན་ཚ་མེད་པའི་དུས་དེ་བདེ་བར་གནས།། བཟང་ངན་གཉིས་ལ་ཟས་ཀྱིས་མ་ཚུན་མེད།། མྱ་ངན་གདུངས་པས་ཤཾ་དྭའི་བུ་དེ་མཐོང་།། བརྫུན་སྤངས་དྲང་སྐྱོང་དག་གི་ཕྲིན་ལས་གྲུབ།། གྱད་ལ་རཱལ་གྲི་བཏགས་ཏེ་རྒྱལ ་བོ་མཉེས།། ནགས་ཀྱི་སྦྲང་མ་འགི་ཧང་དྲི་ལ་སྣོམ།། མ་གི་ཏ་ལ་བསིལ་དྲོད་ནུས་པཾ་ཚང་།། རྩི་སྦྱོར་མཐུངས་པས་ལུས་ཀྱི་ཟོ་མདོག་བདེ།། ཏི་ལ་ཆང་ལྟོར་གྲོང་རིག་པ་ངན་གྱིས་ཁྱོགས།། ཡིད་བཞིན་ནོར་བུ་ཀུན་གྱིས་ལྟ་བར ་མཛེས།། རྒྱལ་པོ་ལ་ནི་སུ་ཞིག་རྒོལ་བར་ནུས།། བུ་གཅིག་པོ་ལ་མ་སྲིང་གདུང་སེམས་ལྡན།། ཞུས་ཚེ་འགྲོན་ལ་བོས་པ་གང་མི་འོང་།། བང་དུ་འོངས་དུས་བུ་ལ་ཨ་མ་དགའ།། ནམཁའ་དངས་པའི་ངང་ལ་དྲི་མ་མེད།། ་ཚེགས་མེད་གནད་ཁྲོས་རིག་བྱེད་གསེར་འགྱུར་རྩི།། གླང་པོ་མ་མཐོང་ཕག་པའི་ལུས་དབྱིབས་ལྟོས།། དམན་པའི་ལས་ལ་མི་ཞུགས་རྒྱལ་པོའི་ལུགས།། བེ་དའི་འབྲས་བུ་ས་བོན་དུས་སུ་འགྲུབ།། རྨ་བྱའི་མདོངས་ལ ་འབྲི་མཁན་ཡོད་མ་ཡིན།། ཐུབ་དབང་ལག་གི་རྡོ་རྗེ་བསྐྱོད་མི་ནུས།། འདམ་ནས་བཏོན་པའི་ཨུཏྤལ་ལྟོས་དང་ཀྱེ།། བདེ་བ་དང་ལྡན་སྡེར་སྦྱར་གཉིད་ལོག་དུས།། རང་ཁ་ཐོན་པ་འཛམ་བུ་ཆུ་བོའི་གསེར།། ཁྱག་རུམ ་རང་བཞིན་ཆུ་ཡི་ངོ་བོ་ཡིན།། སྦལ་པའི་སྤུ་ཡཱི་ལ་བྱ་གསར་རྙིང་བྲལ།། འདམ་གྱི་རྐྱེན་གྱིས་པདྨ་ཁ་དོག་དྲུངས།། ཐབས་ཀྱིས་ཚུན་ཚེ་དེ་དུས་དགྲ་དེ་ཤེསྣ།། རྒྱལ་མོ་ཀ་རའི་གཟུགས་ལ་ཐ་དད་མེད།། ཆུ ་ཉིད་རྒྱ་མཚོ་རྒྱ་མཚོའི་ངང་ཉིད་ཆུ།། རྩི་ཡིས་ཟིན་ཕྱིའི་དེ་རི་བོ་འགུལ།། རྦ་རླབས་ཚེ་འབྲིང་རྩང་པོའི་དབྱིབས་ལ་ཐིམ།། མུན་པ་དག་པར་བྱེད་པ་མོར་མའི་འོད།། ཞག་མིག་པཱ་ལཱ་ཉི་མ་མུན་པར་སྲོས།། སླད་འཚོང་བུ་དེ་སུ་ཡི ་རིགས་རྒྱུད་ཡིན།། དུར་ཁྲོད་ལྕེ་སྦྱང་ཚང་ལ་མངོན་ཞན་མེད།། གདོན་གྱིས་བརླབས་པའི་གཏམ་དེ་སྣ་ཚོགས་སྨྲ།། བྱིས་པའི་རང་བཞིན་གཅིག་ཏུ་འདུག་མི་འགྱུར།། ནགས་ཀྱི་རི་དྭགས་ཤིང་འབྲུའི་ཕྱོགས་རིས་སྤངས།། ་ལྷ་རྫས་རིན་ཆེན་ནུས་པོ་སུ་ཡོས་བྱིན།། ནོར་བུ་རིན་ཆེན་ཐོག་མར་གང་ནས་འོངས།། ཡིང་བཞིན་ནོར་བུས་དགོས་འདོད་སྦྱར་མ་མྱོང་།། མཆོག་གི་ནོར་བུའི་རིན་ཐང་སྨོས་ཀྱང་ཀྱེ།། ནོར་བུའི་བདག་པོ་དབུལ་བིར་སྡུག ་བསྔལ་བྲལ།། ཕྱག་རྒྱ་ཆེན་པོའི་མན་ངག། རྡོ་རྗེ་གསང་བའི་མགུར་ཞེས་བྱ་བ།། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧའི་ཞལ་ནས་གསུངས་པ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ ་ཀ་མ་ལ་ཤཱི་ལ་དང་། བོད་ཀྱི་བནྡེ་ལོ་ཙཱ་བཞམ་སྟོན་པ་སེང་གེ་རྒྱལ་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ནི་གཱི་ཏཱ་ཡ་ནཱ་མ། བོད་སྐད ་