CLOSE WINDOW

GT1271: phyag rgya chen po'i brda'i brgyud pa'i glu
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་བྲི་གཱི་ཏི། བོད་སྐད་དུ། ཕྱག་རྒྱ་ཆེན་པོ་བརྡའི་བརྒྱུད་པ། བླ་མ་ཡི་དམ་མཁའ་གྲོ་དང་།། སྐྱབས་གནས་རྣམས་ལ་ཕྱག་འཚལ་ལོ།། གྱད་ཀྱི་ལུས་ལ་དངུལ་གྷི་ཡ་ལུང ་གྱོན་པ་ཀུན་གྱིས་བལྟ་བར་མཛེས།། ཏཱ་ལའི་མགོ་བཅད་རྩ་བ་དེ་ལ་མྱུ་གུ་སྐྱེ་མི་འགྱུར།། རོ་ནཱི་ས་ཡི་འོག་ནས་ཀཱི་ཀའི་སྐད་ཀྱིས་འབྱིན་པར་ནུས།། གང་གོ་སྒྲོལ་བའི་རྐྱལ་བ་འདི་ལོ་གཅེས་སྤྲས་བྱ་བར་རིགས།། སྐྱེས་བུ་སྟེང་གེའི ་གསོབ་མཐོང་བ་ནི་སྐལ་བར་ལྡན།། གླིང་པ་རང་གིས་བྱེད་པ་ངར་གྱི་སྲིན་པུ་སྟེ་རེ་རྗེ།། ཇི་ལྟར་བྲོས་ཀྱང་གྲིབ་མ་འདི་ལ་གཟུགས་ཀྱིས་ཐར་པ་མེད།། སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་ལྗགས་ན་ཕུང་བར་ངེས།། རྡོ་ཡི་མི་འདི་སྲིན་མོའི ་དུ་སྐལ་ཀྱང་མི་དགའ་མེད།། གཉེན་པོ་ཕྱིར་འཕེལ་འདབ་ཆགས་སྐྱེ་ག་གོ་ཆ་བཟང་།། རིན་ཆེན་གཏེར་གྱི་ཐང་ཀར་ཉལ་བའི་དབུལ་མོ་སྙིང་རེ་རྗེ།། ཤིང་རྟ་འབྲེལ་བའི་རྒྱུ་ནི་འཁོར་ལོའི་སྒྲོམ་དུ་ཆུད་པས་ལན།། རྒྱལ་པོའི་རྗེས ་གནང་ཐོབ་པའི་མི་དེ་གཤད་མ་ལ་མི་འཇིགས།། རྔ་ཡབ་ལག་ན་ཐོགས་བཞོན་འཇའ་ཏྲི་དུག་སྦྲང་ཕྱིར་མི་སྐྲོང་།། འབྲུག་གི་སྒྲ་མེད་རྨ་བྱའི་མངལ་དུ་སྒོ་ང་ཆགས་མི་འགྱུར།། མ་ག་དྷ་རུ་དངུལ་ཆུ་འཐུངས་པ་དེས་ནི་གང་ག་བརྒལ།། ལི་ཁྲི་ཁ་རུ ་ཆུ་པའི་གསིལ་བ་ཐམས་ཅད་མཚལ་དུ་འབབ།། གཟེབ་ནས་ཐོན་ནས་གཤེད་མའི་ལག་དུ་འགྲོ་བར་མ་བྱེད་ཅིག། ལྷོ་རུ་རྐུན་མོའི་སྙིང་ཤ་ཟོ་ལ་དྲང་སྲོང་རྒྱལ་མཚན་ཕྱི་རུ་ཕུང་།། རོ་ལ་གསེར་གྱི་ཕྲེང་བ་བཏགས་པ་དེའི་གན་དུ་འགྲོ་བར ་མི་བྱའོ།། སྤྱན་མཆོག་བསིལ་མངར་མི་བཙོད་མིན་ལུས་ཀྱིས་བཏུང་བར་བྱ།། གླང་པོའི་རྒྱུ་ལྕགས་ཀྱུས་ཕྲོགས་པ་འདི་ནི་ངོ་མཚར་ཆེ་བ་ཡིན།། གླ་ན་སྦྱར་བཏོན་པའི་རྒྱལ་བུའི་ལག་ནས་ཚངས་པའི་སྤྱད་པ ་ང་ལོང་ཞིག། དམུས་ལོང་མིགོ་གིས་ངོ་ལོ་ཅི་འདྲའི་ལན་ནི་ཐེབས་པར་མི་འགྱུར་རོ།། དགོས་འདོད་སྣ་ཚོགས་འབྱུང་བིའི་ནོར་བུའི་ནུས་པ་སུ་ལ་བླངས་པ་ཡིན།། སྒོམ་པའི་ཕྱིར་ནི་ལན་ཚྭའི་ཆུ་རྒོད་འཐུང་བའི་མེ་དེ་ལྟས་ངན་ཡིན།། དུག ་ལས་སྐྱེས་པའི་སྲིན་བུ་འདི་ཡིས་ང་ཁོས་མན་ངག་བསྟན་ནས་སོང་།། མུ་དྲ་ཨག་ལ་བཏབ་པའི་གཟུགས་དེ་གྷནྟ་ལོག་ཏུ་ཤེས་པར་བྱོས།། ཀུ་རུ་ཀུལླའི་གནས་སུ་སྒྲོལ་མས་གསུངསོ།། ། སྒྱུ་རྩལ་ལུས་ལ ་མེད་དེའོ་མི་ཡིས་གྱད་ཀྱི་སྤྱོད་པ་དོར་བྱ་རུང་།། དྲི་མ་ཅན་གྱི་ལུས་ཀྱིས་ཚངས་པའི་སྒོ་ལྔ་ནང་ཡང་མཐོང་མི་འགྱུར།། ཆུ་སྲིན་ཁཱ་རུ་གྲུ་ཆུང་དེད་དཔོན་འདི་ཡི་སྤྱོད་པ་ང་ལྟོས་དང་།། མུ་ཏིག་ཕྲེང་བ་པདྨའི་སྐུད་པས་ཟླ་བའི་ད་བུས་སུ་སྐྱེ་བར ་བྱ།། ཤུལ་དཀར་ཨུ་ཤུ་གོས་ལ་ཚོགས་འགྲོན་པོའི་དོན་ནི་ཉི་མ་རྒས་པས་ཤོར།། དེ་མཐོང་བདུད་ནི་མིག་ཕྱི་ས་ཕྱོགས་བཞིར་གད་མོ་རྟག་སྐད་འཆོར།། མཁའ་ལ་འཕུར་བའི་ནུས་པ་འབངས་པའི་དུས་དེར་སྐམས།། མཁྲེགས་ལམ ་ཐུར་གཞོལ་གྲུང་དེ་ཤིང་རྟ་དྲིལ་བ་གང་གི་སྟོབས་ལས་བྱུང་།། དུག་སྦྲུལ་སྐེ་བཅད་ནུས་པ་མེད་པ་རྣལ་འབྱོར་པོ་ཡིས་གཟིགས།། རྙོག་མའི་ཆུ་ལ་བཞིན་གྱི་དཀྱིལ་འཁོར་འཆར་བར་རབ་ཏུ་དཀའ།། རྐང་པ་ཆག་པའི་སྒྲ་དཀྲིས་མགོ་ལ ་འཆིང་བའི་མི་དེ་འཛཱ་ཏྲི་ཡིན།། རྫབ་ལས་རྐང་པ་བཀྲུས་ནས་འདོ་ལིའི་སྟེང་དུ་འཛེགས་པ་བཟང་།། རུས་སྦལ་ཁོག་པ་ཕ་ལམ་རྫས་ཀྱི་རྡོ་རྗེས་བཅག་པ་ངོ་མཚར་ཆེ།། མ་གི་ཏ་ཡོངས་ལ་བྲང་འགྲོས་བལྟ་བར་མི་ནུས་སོ།། རྒྱ་མཚོ་ཆེན་པོའི་ཆུ་ནི་རོ ་དང་ལྷན་ཅིག་འགྲོགས་པ་མིན།། ནགས་ལ་མེ་མཚང་ཕྱོགས་བཞིའི་རླུང་ནི་གྲོགས་སུ་འགྱུར།། རྒྱལ་པོའི་བཙུན་མོ་ལྷ་སྲས་ལ་ནི་སྐྱོ་བར་འགྱུར་མ་ཡིན།། ཀཱ་མ་རུ་རུ་སྨྱོན་པའི་ཆུ་ལ་སུ་ཡིས་འཐུང་བར་ནུས།། སོ་མ་བཏང་བའི་རྫ་ནི་ཆུ་ལ ་སྐོལ་བར་མི་བྱའོ།། སྟག་ནི་རི་མོ་ཡོད་པས་ལན་ཏེ་རྟག་ཏུ་དགྲ་དང་འགྲོགས།། བྷནྡྷ་མེད་པར་གསེར་འགྱུར་རྩི་མཆོག་རང་དགར་ཤེས་པ་མིན།། ཆུང་ངུས་མི་འཛིན་བཙོ་ལྔའི་ཟླ་བ་རྒྱས་པ་འདི་ལ་སྒྲ་གཅན་དབང་།། བུ་ཤིའི་མ་བུ་མཐོང་བའི ་འགྲོ་བ་བཟང་མོ་མྱ་ངན་རེམ།། ཞི་བས་ཆུ་ལུང་རྟེན་ལ་ས་བོན་སྐྱོན་མོད་གདབ་པར་བྱ།། ངར་མཆོག་དུག་ལ་བླུད་པའི་རལ་གྲི་འདི་ལ་བརྡེགས་ཡོད།། སྨྱོན་པའི་ཤུལ་དུ་འབྲངས་ན་སྙིང་གར་ཡི་གེ་སྣ་ཚོགས་འཆར།། མི་འགྱུར་མཁའ་ལ་ལྡིང ་བའི་བྱ་གྷྲི་འདི་ལ་གདམས་པ་ཡོད།། བྱང་ཕྱོགས་ཁ་བ་ཅན་དུ་ཕྱིན་ན་འགྲོ་ལྔ་ཕན་པར་འགྱུར།། དཔལ་འབྲས་དཔུང་རང་འབྱུང་གི་རྩར་འཇམ་དཔལ་གྱིས་གསུངས་པའོ།། །། ཡི་གེའི་ཕྲེང་བ་ཉི་ཟླའི་བར་དུ ་དཔའ་བོའི་སྤྱན་གྱིས་བལྟ་བར་གྱིས།། རྨོ་བྱའི་མདོངས་ཀྱི་ཁོ་དོག་ནམ་བྲིས་འདི་ཡི་མཁན་པོ་སུ་ཞིག་ཡིན།། ཁབ་ལེན་རྡོ་ཡི་ཕྱོགས་དེར་ལྕགས་བྲན་རྒྱུག་སྟེ་དེ་ལ་རིག་བྱེད་མེད།། གླང་པོའི་མགོ་ལ་རཱ་མེད་ཆག་གིས་དོགས་པའི་སྡུག ་བསྔལ་སྐྱེ་མི་འགྱུར།། རྒྱལ་པོའི་གཟེབ་དུ་ཆུད་པའི་མི་དེ་ཐར་རམ་ལྡེ་མིག་ཡིད་ལ་བགྱིས།། གིང་བའི་ལས་བྱས་སྒྱུ་མའི་དགེ་སློང་ལ་ནི་ལྟུང་བས་གོས་མི་འགྱུར།། ཝ་དང་གླང་པོ་བུང་བ་ཤ་ཟ་སེང་གེ་སྨྱོན་པའི ་སྤྱོད་འགྲོས་ལྟོས།། སྐྱོན་གྱིས་མ་གོས་དངུལ་ཆུ་ཏ་རུས་མཐུང་བར་བྱེད།། གཅིག་ཅིག་གཅིག་ལེ་གཅིག་པ་ཉིད་དུ་ཤེས་པར་གྱིས།། གཟན་དུ་ཕ་ལམ་སྐྲག་པའི་བྱ་དེ་གང་ཡིན་སུ་ཡིས་མཐོང་བར་འགྱུར།། མཚན་ལྡན་ལུས་ལ་སྨྱོ་རྩལ ་མོ་སྦྱངས་གྱད་དུ་འགྱུར་མ་ཡིན།། ཝ་ཏིའི་རྦ་ལ་དྲུངས་ཡུན་རིང་ན་ཆུ་ཉིད་དྲག་པར་འགྱུར།། དང་ལ་སྤུ་གྲིས་ལྕེ་ཆོད་དེ་དུས་ཁྱོད་ཀྱི་ཁ་ནས་རིག་བྱེད་ཐོན།། འཁྲི་ཤིང་ལོ་འབྲས་སྨིན་ཅིང་ལྕི་བས་རྒྱས་སུ་མ་འཇུག་ཅིག། རྩལ་གསུ་མ་ལུས ་ལ་རྫོགས་པའི་སེང་གེ་འདི་ལ་ཡང་ཅུང་ཟད་མེད།། དགུན་འབྲུམ་ཚོལ་ནས་གྲམ་པ་སྙག་པའི་སྤྲེའུ་སྙིང་རེ་རྗེ།། ཆུ་ནང་རྗེ་བོར་ཚེ་ན་དེ་དུས་ཟླ་བོ་གུང་དུ་སོང་བ་མེད།། དཱུར་བ་གཟབ་ཀྱི་རི་བོང་འདི་ཡི་སྤྱོད་འགྲོས་བལྟ་བར་བྱ།། རྡོ་ཡི་མི་ལཱ ་ངན་དུ་སྨྲས་དང་བསྔགས་པ་ཁྱད་པར་ཡོད་དམ་ཅི།། ལྷ་རྫས་ཤལ་ལ་མེ་ཆུ་གཉིས་ཀ་འབྱུང་བ་ངོ་མཚར་ཆེ།། གལ་ནང་ཟས་ལ་རྒྱུག་པའི་སེམས་ཅན་དེ་ནི་སྙིང་རྗེའི་ཡུལ།། གྱད་ཀྱིས་ཁྲིད་ཀྱང་འཁོར་ལོ་དང་བྲལ་ཤིང་རྟས་ལམ་མི ་ཆོད། རྐང་ལ་ཁོང་དྲིལ་བུད་པའི་མི་དེ་བློ་སེམས་བདེ།། ལས་སུ་འཕངས་པས་ཟིལ་གྱིས་མི་སྐྱུག་གོ་ལ་ཕྱིར་མི་འབོད།། དལ་པའི་དབང་མེད་རྫ་མཁན་འཁོར་པོ་སྲུབ་ཐད་ཆོད་ན་བདེ།། སྐྱོན་གྱིས་མ་གོས་ཨུཏྤལ་ཆུ་ནང་སྐྱེས་པ་རང ་སར་ཞོག། གཤེད་མས་གཟུང་བའི་ལྟས་ངན་མི་དེ་རྒྱབ་དུ་མིག་མི་བལྟ།། དུད་འགྲོའི་རྒྱལ་པོའི་གཙུག་གི་ནོར་བུའི་ཐོག་མཱ་གུ་ནས་འོངས།། རི་བོ་བྱ་རྐང་དུ་སྤྱན་རས་གཟིགས་ཀྱིས་གསུངས་པའོ།། ། ་ཙནྡན་ཆུས་བཀྲུས་ལུས་ཀྱི་སྤྲིན་མེད་མཁའ་ལ་གཟའ་བྲལ་ཉི་མ་ལྟོས།། སྲིན་མོའི་ཕང་དུ་བུ་ཤོར་ཉེ་ཞེ་མེད་པར་ལོག་པའི་མི་དེ་གང་།། ནམ་ཞིག་བྱི་བའི་དུག་དང་མ་དྲལ་ཐར་པ་ཐོབ་མི་འགྱུར།། ལག་པ་རེ་རེར་མེ་ལོང་གཉིས་ཕྱར ་བྱད་དེ་གང་ལ་ལྟ་བ་ཡིན།། སྟོད་ལ་མནན་པའི་སེང་གེའི་གམ་དུ་སྤོས་ཀྱི་གླང་པོ་ག་ཆད་དུ།། མཆིལ་ལྷམ་སྟེང་དུ་རྐང་བཞག་ས་སྟེངས་ཐམས་ཅད་དེ་དུས་གོ་བས་གཡོགས།། འཁོར་ལོས་སྒྱུར་རྒྱལ་གང་དུ་གཤེགས་པའི་ལོམ ་དུ་རིན་ཆེན་གཞན་རྣམས་འབྲང་།། པེ་ཏ་མིང་གིས་བསླུས་ཏེ་བསྒོ་བ་ཉན་དུས་དེ་དུས་དེ་ཚེ་གཅེས་པ་དོར།། བུ་རམ་ཚལ་མཐོང་རྐང་ལ་ཁོང་བསྒྲིལ་གྲོལ་བའི་གླང་པོ་སྡོང་བ་མིན།། འཛམ་བུ་ཆུ་བོའི་གསེར་ལ་མུ་ཏིག་གིས་སྤྲས ་བཙུན་མོས་བཙོངས་ན་རིན་ཐང་ཆེ།། རླན་ཅན་ཤིང་ལ་རྩོལ་བས་སྲུབ་པིའི་མི་དེ་བླུན་པོ་ཡིན།། བྱེ་ཕྲག་ལུས་ལ་ཁྲབ་ཆགས་དེ་དུས་རྨ་བྱའི་གནོད་ཡུན་རུན།། འགྲོ་བར་འཁར་གཞོང་ནང་གི་རུས་སྦལ་ཚི་ཆང་འགྱུར།། གཅིག་ལ ་གཅིག་རྟེན་གཤོག་པ་མེད་ཀྱང་གསེར་སྦྲུལ་མཁའ་ལ་ཕུར།། ཤི་ཡང་བླ་ཡི་ནོར་བུ་མ་ལོན་རྒྱ་མཚོའི་ཕྱིར་མི་འབྱུང་།། བྷི་ཡི་དྲུང་དུ་མྱུ་གུ་ས་བོན་བཅང་གྱི་རྗེས་ལ་བཟང་བར་འགྱུར།། དམུས་ལོང་ལག་ན་མེ་ལོང་ཕྱར་པ་འདི ་ལ་བཙུན་མོ་བལྟས་ཀྱི་དགའ།། སྣུམ་གྱིས་རྩོས་པའི་རས་ལ་ཚོན་གྱི་རྩི་ནི་ཆགས་མི་འགྱུར།། ཏི་ཚ་བྱུགས་པའི་རྫ་ནི་སོ་བཏང་ང་ནི་བསྐོལ་བས་ཆོག། མཁས་པ་ཡིས་ནི་སྟག་གི་ཚང་མཐོང་དེ་ནས་འབྱོལ། ་རྩི་མཆོག་གསེར་འགྱུར་བརླབས་པའི་དྲིན་ཅན་བརྗེད་པར་བྱ་བ་མིན།། ཚེས་གཅིག་ཟླ་བ་མི་ཆུང་བཅོ་ལྔའི་དུས་ན་སྐྱེས་པ་མེད།། བུས་པ་གཡང་ཁར་སོང་བ་མཱ་ཡི་སྤྱོད་འགྲོས་ལྟོས།། མིག་འདི་མགོ་ལ་དགོས་པས་ཕྱུང་གི་བཟའ་བར ་མི་བྱའོ།། ཤ་ཆགས་མི་ཕྱུང་དུས་སུ་གསེར་གྱི་རལ་གྲྀ་ད་ཕྱུང་ཅིག། རྡོ་ཡི་མི་ལ་འདྲན་དུས་དེ་ཚེ་སྙིང་ལ་ཡི་གེ་སྣ་ཚོགས་འཇུག། གར་མཁན་སྤྱོད་པ་འདི་ཡིས་མན་ངག་ཐམས་ཅད་བསྟན་ནས་སོང་།། བྱང་ཕྱོགས་པར་ཏ། ་ནི་རུ་ཕྱིན་ན་འགྲོ་ལ་ཕན་པར་འགྱུར།། འབྱུང་པོའི་གྲོང་ཁྱེར་ཏྲི་སྟག་ཚང་དུ། ཕྱག་ན་རྡོ་རྗེ་ས་གསུངས་པའོ།། ། གྱང་དང་བསྒྲགས་པའི་མི་དེ་ཤུལ་དུ་རྩོ་རཱིའི་ཡ་བྲལ།། མོ་ཚིག་རྫ་ལ་ལ ་ཆ་མི་འགོ་ཙནྡན་མེ་ལ་སྤོ་བར་བྱ།། རྩ་བ་བྲལ་བའི་སྡོང་པོ་ལོ་འདབ་རྒྱས་ཀྱང་དོན་ལ་སྐམ་པོ་ཡིན།། གསེར་གྱི་རྩའུ་མཁའ་ལ་ཕྱར་བ་འདི་ལ་གླང་པོ་སྨྱོན་པ་འབྲོས།། ཏིལ་མར་རྩེ་ལ་དངུལ་ཆུའི་རྒྱུན་འཛག་འདི་ལ་སེང་གྲེ་བལྟས ་ཀྱི་དགའ།། གིང་བ་སྲོག་ལ་མཁས་པའི་སྒྱུ་མའི་སྐྱེས་བུ་སྡིག་མི་སོག། དུར་ཁྲོད་ནང་དུ་ལྕེ་སྦྱང་རོ་དང་ཕྲད་པ་ཕྱིར་མི་ལྡོག། སྒེག་མོ་རྒྱན་གྱིས་སྤྲས་པ་མེ་ལོང་ལྟ་བ་རབ་ཏུ་བརྩོན།། རྡོ་ཡི་མི་ལ་སུ་ཉེ་ཁོ་ཡི་དགྲ་བོ་གང་ཡིན་ཁྱོད ་ཀྱིས་སྨོས།། པདྨརཱི་གེ་སར་ལག་དུ་ཐོགས་ལ་དུས་མཐའི་ནམཁའ་ལྟོས།། ཀ་ལ་བིངྒའི་སྒྲ་གདངས་གཏེར་གྱི་སྟེང་དུ་སྒྲོགས་ན་སྙན།། ཝ་ཆུ་མ་ཟད་པཱར་དུ་ཆུ་ཐགས་འཁོར་ལོ་འདི་ལ་གདུང་དབང་མེད།། གླིང་གཅིག་ངག་ཏུ་འཁོར ་ལོས་སྒྱུར་རྒྱལ་གཉིས་སུ་ཚོགས་པ་མྱིན།། མཁའ་ལ་ཉི་མ་ཤར་དུས་མུན་པ་གུང་དུ་ཡོབ་བླམ་ཅི།། རིན་ཆེན་དངུལ་གྱི་མེ་ལོང་གཡའ་མ་དག་པར་ཙི་རུ་རུང་།། མ་ག་དྷ་རུ་བཙོས་པའི་རས་ནི་ཁ་དོག་གཞན་པས་གསལ། ་རྒྱལ་པོའི་གམ་ནས་གཤེད་མའི་ཕྱོགས་སུ་འགྲོ་བ་ལྟས་ངན་ཡིན།། མོ་གཤམ་བུ་ཡི་མཛའ་སྡེ་གང་ཡིན་དེ་ཡི་བུད་མེད་སུ།། གཟོ་ཡི་སྔོན་དུ་ཐོག་མར་ཞུན་སྦྱོངས་གཏོང་བའི་གསེར་མཁན་ཐབས་ལ་མཁས།། མངལ ་དུ་མཆེས་པའི་གླང་པོ་ཆེ་བ་དྲུག་པ་རྒུ་མི་འབྲུམ་མི་འདོད་ལ།། རྒྱལ་པོ་བལྟ་ཞིང་བརྩེ་བའི་སེམས་ཀྱིས་སྤྱན་ནས་མཆི་མ་ཡང་ཡང་འཛག། དུས་མཐའི་ན་མཁའ་འདི་ལོ་ཤར་ལྷོ་ཕྱོགས་མཚམས་གང་གིས་ཤེས་པར་འགྱུར།། ་ཡིན་པར་ཤེས་པའི་བློ་ཡིས་མོན་མོའི་དུག་གི་ནུས་པ་མེད་པར་བྱེད།། ཟླ་བ་བཅོ་ལྷ་མ་རྒྱས་བར་དུ་རུས་སྦལ་ལ་སྐྱེས་སྒོ་ང་སྨིན་མི་འགྱུར།། རྐུན་པོ་མཛོད་ཁང་ནང་དུ་རྒྱལ་པོའི་ཉུལ་མོས་བཟུང་བ་དེ་ཅི་སེམས།། མིག་གི་དབང ་པོ་བཙུམ་ནས་མཐོང་བྱང་སྙིང་གི་དབུས་སུ་སང་ནས་ལྟ།། བྲག་ལ་བྱུང་བའི་སེང་གེའི་སྐད་ཀྱིས་ཆོས་རྣམས་མ་ལུས་བསྟན་ནས་སོང་།། རྩི་མཆོག་གསེར་འགྱུར་ཤེས་པའི་མི་དེ་རློམ་སེམས་ཁོང་དུ་ང་ཆུད་ཅིག། ལང་ཏང་རྩེ ་རུགཤིན་རྗེ་གཤེད་ཀྱིས་གསུངས་པའོ།། གྱད་ཀྱི་རྒྱུ་རྩལ་འདི་ལ་དྲི་མའི་ཟས་གནོད་མཁས་པས་སྤང་བར་བྱ།། ཆུ་བོ་བཞི་འབབ་རྒྱ་མཚོ་ཕྱིར་མི་ལྡུང་པ་ངོ་མཚར་ཆེ་བ་ཡིན།། སྐྱེང་དུ་འཇོམ་པའི་གླང་པོ་སེང་གེའི ་འོ་མ་འཐུངས་པས་སུ་ཡིས་ཐུབ་པར་འགྱུར།། རླན་བྲལ་རུས་སྦལ་རྒྱ་མཚོ་མཐོང་ཚིད་དུས་གཞན་མི་དྲན།། སྒྱུ་མའི་སྐྱེས་བུའི་སྦྱིན་གཏོང་ལས་བྱུང་འབྲས་བུ་གང་དུ་སྨིན་པར་འགྱུར།། མ་གྲུབ་བུའི་ཕྱོགས་དེར་ཚངས་དབང་ཁྱབ་འཇུག ་རྣམས་ཀྱི་ཅོད་པན་འདུད།། སེང་གེའི་མིག་གི་དབུས་ན་ཡི་གེ་ཨ་ཡོད་པ་དེ་ལྟོས་དང་ཀྱི།། འཇའ་ཏཱི་རིན་ཆེ་ནི་མཚན་དུ་བཅུག་ནས་ཆོས་བཟང་དྲག་པོར་འཇོག། དུག་སྦྲུལ་སྤང་དུ་བྱུང་ཚེ་ངོ་གལ་ཡོད་པར་སྤང་བར་བྱ།། མེ་ལོང ་གཡའ་ངག་གཟུགས་བརྙན་འཆར་གྱིས་རྒྱབ་དུ་མིན།། ཀ་ར་ཏི་ལས་ཐར་ནས་དོང་དུ་ཞུགས་པའི་མི་དེ་ཤིན་ཏུ་བླུན།། རྒྱ་ལས་གྲོལ་ནས་འདབ་ཆགས་རྨ་བྱ་རྗེས་སུ་ཟློགོ་མི་འགྱུར།། ཡུན་ལག་ནང་དུ་བསྐུམས་པའི་ཕྱི་རུ་དགྲ་དང་བྲལ ་བའི་རུས་སྦྲུལ་ཐབས་ལ་མཁས།། རྩི་མཆོག་སྒྲ་ཡང་འཐུངས་པའི་སྦྲུལ་ཤ་ཟོས་ནཱ་བཙུང་ངུ་འགྱུར།། རྒྱ་མཚོ་འི་གླིང་དུ་མ་ཕྱིན་ནོར་བུ་ལ་ནི་བླུན་པོས་ཅིར་མི་མཐོང་།། བསད་པས་ཁྲག་ངོམས་ཆུ་ཡི་ནང་འདུག་ཤ་ཡི་ཕྱིར་མི་འབྲང་།། ་ཁབ་དུ་བྱོན་པའི་བཙུན་མོས་སྔར་གྱི་སྤྱོད་པ་དོར་བར་བྱ།། བུ་རམ་ཆུ་ཡིས་རས་ཀྱི་དྲི་མ་རྣམས་ནི་གཏིང་ནས་འདོན་པར་བྱེད།། གངས་ཀྱི་རི་ཡི་སྣུམ་མ་ཟོས་ན་འོ་མ་མར་དུ་འགྱུར།། སྟག་འདི་དད་པས་མི་ཟིན་བསྡད་ཀྱི་སྟེང་ནས ་དགུག་པར་བྱ།། པརྟི་ཀ་ན་གསེར་འགྱུར་རྩི་ཡི་ལོ་མ་མེ་རུ་འབུང་།། ཆུ་སྣོད་འབུམ་དུ་ཟླ་བ་འབུམ་ཆར་དེ་དུས་ཟླ་བ་གཅིག་ལས་མེད།། བྱིས་པ་མ་མཐོང་ཚེ་པང་དུ་རྒྱུགས་པས་ཨ་ལུ་བོར།། ཡིབ་ས་མེད་པའི་གསེར་ལ་ར་ཡོད་ཀ་འཛིའི ་རྡོ་ལ་སྣོང་།། སྲིན་མོའི་རལ་གྱི་གྱད་ཀྱིས་ཐོགས་པ་དེ་ལ་ཕ་རོལ་འཇིགས།། ནཱ་མཁའ་གོས་སུ་གྱོན་ན་སྙིང་གི་དཀྱིལ་དུ་ཉི་མ་འཆར།། རྟ་མཆོག་ཐུར་དུ་རྒྱུག་པོ་སྐྱེས་བུ་འདི་ཡིས་གདམས་ངག་བསྟན་ནས་སོང་།། མཛེས་སྡུག་རྨ་བྱའི ་ཐུལ་བི་ཕུང་ན་དེ་ཡིས་ཐར་པ་ཐོབ་པར་འགྱུར།། བྱ་རྒོད་ཕུང་པོའི་རཱི་ལ་ཁཱ་སརྦཱ་ཎིས་གསུངས་སོ།། ། གྱད་ཀྱིས་མ་རྒྱུགས་ཕྲ་མོའི་བང་ལ་རྒྱལ་པོ་བལྟས་ཀྱི་དགའ།། ཚོས་མུ་ཡིས་ནི་སྐྱོན་མེད ་རས་ལ་ཁ་དོག་ཐ་དད་ཅི་འདོད་ཤེས།། ཉི་མ་མུནོ་པར་མཐོང་བའི་མི་དེའི་མིག་དེ་ཅིས་ལན་ང་འོག་ཁྱོད་ཀྱིས་སྨྲོས།། ཕྲུག་གུ་མ་དྲན་སྦྲང་རྩི་མཐོང་བའི་དོན་ལ་གཉིད་མི་འོང་།། ཁྱུ་མཆོག་འོག་ཏུ་ཞོན་ནས་སེང་གེའི་འོ་མ་ང་འཐོང་ཞིག ་མཛེས་མས་གཡོས་པའི་ཟས་ལ་དུག་མཐོང་བཞིན་དུ་མ་འཐུང་དང་།། བུས་པ་དང་ནི་རྒན་པོས་ཆུ་ནང་ཟླ་བ་འདི་ལ་སོ་སོར་མཐོང་བར་འགྱུར།། ན་མཁས་བཙོན་དུ་བཟུང་བའི་སྐྱེས་བུ་འདི་ལ་གུད་ན་བློས་ས་མང་།། སྐད་གསང་མཐོན་པོའི་སྒྲ ་ཡིས་ཡེ་ཤེས་འཆར་དུས་ཁྱོད་ཀྱིས་དྲིས།། ཤོལ་སྒོང་གཡའ་ངག་གང་གི་སྟེང་དུ་བཞག་པ་དེ་ཡི་མདོག་དུ་འགྱུར།། འདུལ་སྦྱོང་མཁན་གྱི་གན་དུ་བུ་རམ་ཚལ་ནས་བྲོས་པའི་གླང་པོ་འཇའ་ཏྲི་ཡིན།། སྦྲུལ་གྱི་ཚང་མཐོང་ལེན་མཁན ་ཙན་ངན་ལ་ནི་སེར་སྣ་སྐྱེ་མི་འགྱུར།། རྒྱལ་པོའི་བཀའ་རྟགས་གནང་བའི་མི་ངེ་སུ་ལའང་ང་མི་འཇིགས།། བུང་བའི་སྒྲ་ལ་ཕག་རྒོད་ཉན་པ་འདི་ནི་ཕྱག་རྒྱ་ཆེ།། རྒྱལ་མཚན་རྩེ་མོའི་ནོར་བུ་འདི་ལ་མཆོད་དང ་དགོས་འདོད་འབྱུང་བར་འགྱུར།། ཕབས་ཀྱིས་གང་ལ་རེག་པའི་ཆན་ནི་རྣམ་དུ་འགྱུར་བར་ཐེ་ཚོམ་མེད།། བཙུན་མོའི་འཛྲ་སྡེར་གྱུར་པ་མ་གསངས་བཤེད་མའི་ལག་དུ་འགྲོ།། དཔག་ཆེན་སྐྱེས་བུས་གནམ་དུ་མདའ་འཕངས་འདི་ནི་སུ ་ཡི་མགོ་ལ་པོག། རིན་པོ་ཆེས་སྤྲས་བཙུན་མོའི་སྐུ་ལ་རྒྱུན་གྷི་སྤྱད་པ་གནང་མི་འགྱུར།། སྤྲིན་མེད་མཁའ་ལ་ཤར་བའི་གཟའི་སྐེར་ཕྱོགས་ངར་རྒྱལ་མོ་ཀཱར་ཁྱོད་ཀྱིས་ཕྱོར།། སྤྲེའུའི་སྡེར་མོ་རྙེད་པའི་རུ་སྦྲུལ་ལནྡྲ་ཚྭའི་ཚུ་ལ་ལྟོ་འགལ ་མེད།། འཚལ་མེང་ས་ལ་རྩོལ་བཱིའི་ལས་རྣམས་སྦྱོང་ལྔབ་ཡིན་ཏེ་གསྟེར་མྱེད་ཕྱིར།། སྨྱུག་མའི་རྩལ་འབྲས་བུ་ཆགས་རྒྱོ་ངས་ནི་རྩེ་བུ་རླག་པར་གདོན་མི་ཟོ།། སྒྲ་རྣམས་སྙིང་གོ་དབུས་ན་ཉན་པའི་ཕོག་རྒྱོད་འདྲི་ཡོ་སྤྱོད་འགྲོས་ཁྱོད ་ཀྱིས་ལྟོས།། རྡུལ་རྩཝ་འབྱིངས་པའི་སྐྱེས་བུས་རྒྱ་མཚོའི་ནང་དུ་འགྲོ་བར་བྱའོ།། སཱ་ལེ་སྐམ་ནི་མཚུར་གྱིས་གོས་ཆ་སྔར་གྱི་ཁ་ངོས་འདོར་བར་བྱེད།། སེང་གེ་ཐུང་བྲིས་ཆོས་རྣམས་མ་ལུས་བསྟན་ནས་སོང་བ་མཚ་ཆེ།། སྨོན་པར ་རུམ་དུ་མི་ལོང་ལ་བྱེད་གྱི་གཟུགས་བརྟན་འཆར་མི་འགྱུར།། ཀླུ་སྲུབ་ཀྱི་ཕུག་པར་སྒྲིབ་པ་རྣམ་པར་སེ་ལཾ་བས་གསུངས་པའོ།། སྒོམ་པས་ཆུང་ངོ་མགུལ་བ་སྐམས་པའི་གླང་པོ་ཆུ་དང་ཕྲེང་བས ་གཞན་མི་སེམས།། ཏིལ་མར་གྱིས་བསྐུས་སྒྲ་ལ་མེ་ཤོར་དེ་དུས་སྒེག་མོ་བྱ་གཞན་དོར།། ལུས་ལ་ལྕགས་དབྱུག་བསྣུན་ཀྱང་རྡོ་ཡི་མི་ལ་མི་དགའི་རྟོག་པ་སྐྱེ་མི་འགྱུར།། མཉན་པ་དགྲས་ངེས་རྩང་པོའི་འགྲམ་དུ་གྲུ་དང་ཕྲད་པ་དེ་ཅི་སེམས། ་སེང་གེའི་འོ་མ་རིན་ཆེན་སྣོད་ལས་ཕལ་གྱིས་ཐུབ་མི་འགྱུར།། ཐབས་འཁྱེར་མི་དེ་གང་དུ་བློ་ལྡན་གྱིས་ཟིན་དེ་དུས་སེམས་ངལ་སྤོས།། སྒེག་མོ་ཡིད་འཕྲོག་རྨི་ལམ་བུང་མེདྨ་གང་ནས་འོངས་ནས་གང་དུ་སོང་།། ལན་ཚྭ་ཆུ་ལ་ཐིམ་པས ་གཟུགས་མེད་རོ་ཡི་དངོས་པོ་སྟོར་མི་འགྱུར།། སྒོ་ངའི་ནང་ནས་བྱུང་བའི་བྱེ་ཕྲུག་མཁའ་ལ་བལྟ་བ་དེ་ཅི་སེམས།། གླིང་བཞིའི་བྱ་བ་བྱས་ཀྱང་ཉི་ཟླ་གཉིས་ལ་སྐྱོ་ངས་དུར་ཅིག་མེད།། རིན་ཆེན་བཻ་ཌཱུརྱ་དང་འཆིང་བུ་ཁྱོད་ཀྱིས་བརྗེ་བར་མ ་བྱེད་ཅིག། རྨ་བྱ་བཙན་དུག་ཟླ་བ་བྱ་གཞན་རྣམས་ཀྱི་ཐུན་རྨོངས་མ་ཡིན་ནོ།། རུ་སྦལ་རླན་ལ་སྐྱེས་ཀྱང་རྒྱ་མཚོ་མཐོང་ན་དེ་དུས་རབ་ཏུ་དགོའོ།། པོར་བྱིའི་ཕྱི་སྒྲོགས་ལ་ནི་ལྟོ་འགྲོ་ཆགས་པའི་བློ་མཱི་སྐྱེ།། ཐབས་ལ་མཁས་པའི་དེད་དཔོན་རྒྱ ་མཚོའི་ལམ་སྲང་མཁའ་ལ་འཚོལ་བར་བྱེད།། ལུས་ལ་རྨེ་བ་ཡོད་པའི་རི་དགས་གཅིག་པུར་སྡོད་ལ་ལྟོས།། དགུན་འབྲུམ་ཆང་གིས་གཟི་ཚེ་བཙུན་མོའི་དྲོང་མི་འགྲོ།། མཚུར་གྱིས་སྤངས་པའི་རས་ནི་ཁ་དོག་བསྒྱུར་བར་ཤེས།། འོ་མའི ་ཆུ་རྒྱུན་འདི་ལ་སུ་འཐུང་མི་དེ་སྐལ་བར་ལྡན་པར་ཤེས།། སྒོང་སྐྱེས་ཚང་དུ་བསྒྱུར་ནས་ཕྲུག་གུ་མོ་གསོ་འདབ་ཆགས་ཁུ་བྱིག་དྲུང་།། དོན་གཉིས་མི་བྱེད་གི་སེར་འགྱུར་རྩི་འདི་ཤེས་པའི་དགོས་པ་དེ་དུས་སྟོར།། ལང་ཚེ་བཅུ་དྲུག་ལོན ་བའི་བུ་མོ་དྲི་ཡིས་བདེ་བ་སྒྱུ་མ་ཤེས།། དུག་སྦྲུལ་ཕག་དང་གླང་པོའི་སྤྱོད་འགྲོས་ཁྱོད་ཀྱིས་ད་ལྟོས་ཤིག། ཆུ་ཡིས་ཆུ་ངེད་བསྡང་དབང་མེད་དེ་དེ་ལ་དལ་བར་གང་གིས་མཐོང་།། སྨྱོན་པའི་ལག་ནས་རལ་གྲི ་འབྲེལ་པའི་མི་དེ་དཔའ་བོ་ཡིན།། སེང་གེའི་གསོ་བ་མཐོང་ཚེ་ན་དེ་དུས་སྙིང་ལ་ཡི་སྣ་ཚོགས་འཚོར།། གྲི་སྐོར་མཁན་པོ་དེ་ཡིས་ང་རེས་མན་ངག་ཐམས་ཅད་བསྟན་ནས་སོང་།། དཔལ་གྱི་རི་ལ་ཡི་གེ་བསུ་བས་ནས་ཐབས་དེས ་བདེན་པ་མཐོང་བར་འགྱུར།། ཨོ་ཌྱན་ཚན་རྡོ་ལིའི་གླིང་དུ་དཔལ་རང་བྱུང་གི་རྒྱལ་མོས་གསུངས་པའོ།། ། བིལ་བའི་གང་བུ་དེ་ནི་གྱད་ཀྱིས་བརྡབས་ན་འཇིག་པར་གདོན་མི་ཟ།། ཕ་བང་དྲེད་དང་ཤ ་ངག་བྱེད་པའི་དགོས་པ་གང་ཡིན་ཁྱོད་ཀྱིས་སྨྲོས།། གང་ཆར་འཐུངས་པའི་གླང་པོ་སྨོན་པ་རང་ས་རྭ་བཞག་ན་བསྟན།། སྨན་པའི་ངག་ལ་མི་ཉན་ནད་པ་གླང་གིས་གསོ་བར་ནུས་མ་ཡིན།། སེང་གེའི་འོ་མ་འཐུངས་ཚྭ་མཆུ་ལ་འབྱར ་རྩི་བྱུགས་ན་བཅུད་དུ་འགྱུར།། དུག་ཚོར་ཟས་ལ་སྐྱེས་བུ་ཆགས་པའི་བློ་ནི་སྐྱེ་མི་འགྱུར།། ལྕེ་སྤྱང་མིག་ལ་ཉོན་མཚན་མེད་དེ་དེ་ཡིས་དོར་བྱ་སྤངས་པ་ཡིན།། ནོམ་པ་ལུས་ལ་མེད་པའི་སྐྱེས་བུ་གཅེར་བུ་པ་ལྷོ་དགྲ་མྱི་འོང་།། དྲོར ་ཁྲོད་དབུས་ཀྱི་རྡོ་ཡི་མི་དེ་ཤ་ཟའི་ཡ་ང་དྲལ་ནས་འདུག། ཆུ་ཤིང་སྙིང་པོ་རྙིང་པོའི་མི་དེ་སྐྱེས་བུ་སུ་ཡིས་མཐོང་བར་འགྱུར།། གཏེར་མཛོད་དབྱིག་གིས་ཁེངས་ཚེ་དུས་དེད་དཔོན་བློ་སེམས་བདེ་བོར་སྣང་།། དབུལ་པོས་ནོར་བུ་རྒྱལ་པོའི ་ཕྱག་དུ་ཕུལ་བའི་འདི་ནི་ངོ་མཚར་ཆེ།། སྐྱེས་བུ་རྩོལ་བ་མེད་པའི་པི་ཝང་ལ་ནི་སྒྲ་སྐད་འབྱུང་མི་འགྱུར།། རྫིངས་ལ་གནས་པའི་བྱ་རོག་འདི་ལ་འཕུར་ས་གུད་ན་མེད།། མགོ་ལ་མིག་ཕྱུང་སྙིང་གི་དཀྱིལ་དུ་སྦས་ན་ཕྱི་རོལ་ཡི་གེར ་འགྱུར།། སེམས་ཅན་རུས་སྦལ་མིག་འདི་བཙུམ་ན་གསལ་བས་དབྱེ་བར་འཕངས་པ་ཡིན།། སྒྱུ་མའི་གཏེར་མཛོད་འདི་ལ་མཁྱེན་པོ་ཚོགས་པའི་བློ་ནི་སྐྱེ་མི་འགྱུར།། གསེར་འགྱུར་རྩི་ཡི་རིག་བྱེད་འདི་ནི་ཀུན་ལ་མི་སྟོན་མཁན་པོའི ་སྙིང་ལ་སྦེང་།། ཆུ་འཁྱགས་ཁྱག་རོམ་དུ་གྱུར་ཞུ་ཚེ་ཆུ་རང་ཡིན་ཏཽ་གོ་བར་གྱིས།། མཁའ་ལ་འཆར་བའི་འཇའ་ཡི་མཁན་པོ་སུ་ཡིན་འདི་ཡི་ཁ་དོག་སུ་ཡིསྭཱ་བྲིས།། ཆུ་ལ་ཆུ་བཞག་གཉིས་སུ་མི་སྣང་གང་གིས་འབྱུང་བར་ནུས ་པ་མཁས།། མཁའ་ལྡིང་འདོབ་གཤོག་རྒྱུས་པའི་རི་དེ་སུ་ཡིས་འཕུར་བར་ནུས།། གངས་ཚེ་གཟིངས་ཀྱི་ཐག་པ་བརྟུལ་ཚེ་དེ་ཚེ་དེད་དཔོན་དགྲ་གཉེན་གཉིས་དང་བྲལ།། འཁོར་ལོའི་རྒྱུག་ཕྱོགས་གྲིབ་མའི་མཚམས ་ལས་འདའ་མི་འགྱུར།། མུན་རུམ་ནང་དུ་མེ་བུས་འོད་ནི་ཐོག་མར་རང་ལ་འཆར་བར་འགྱུར།། སྐོམ་དུ་སེང་གེའི་སྙིང་ཁྲག་འཐུངས་པའི་མི་དེ་སུ་ཡི་རིག་རྒྱུད་ཡིན།། ཇག་རྩེད་མཁན་པོ་དེ་ཡི་མན་ངག་ཐམས་ཅད་བསྟན་ནས ་སོང་།། གྲུ་གཉིས་སྣ་ལ་རྟོག་པ་བཞག་པའི་མི་དེ་འགྱེལ་བར་འགྱུར།། ལྷོ་ཕྱོགས་ཀ་མ་རུ་རུ་ལྷ་མོ་མ་རི་ཙེས་གསུངས་པའོ།། །། གསེར་གླིང་ཡིད་ལ་བཅངས་པའི་དེད་དཔོན་རྦ་རྡོའི་ཁྲོད་དུ ་གདོང་མི་འགྱུར།། རྡོ་ཡི་ཤུལ་དུ་འབྲང་བའི་ཁྱི་ཡི་སྤྱོད་འགྲོས་འདི་ལ་ཁྱོད་ཀྱིས་ཡང་ཡང་ལྟོས།། ཚོང་ཁང་དུ་ཚོགས་འགྲོན་པོ་ཐད་ཀར་མི་འགྲོགས་རང་རང་གུང་དུ་འགྲོ། ནོར་བུའི་ཕུང་པོ་མཐོང་ཚེ ་རུས་སྦལ་ལ་ནི་གཅེས་པར་འཛིན་པའི་བློ་མི་སྐྱེ།། ཀླུ་མཆོག་རྣམས་ཀྱི་མགོ་བོ་ཇི་སྙིད་གླང་གཟེར་སྐྱེ་བོའི་རྟེན།། ནང་གི་འདུ་བ་གང་ཡིན་དྲང་སྲོང་གིས་ནི་ཕྱེ་ནས་ཤས།། རྒྱལ་པོའི་དཀོར་མཛོད་བརྐུས་པ་མི་སྨྲ་འཆབ་པས་ཁ་ཚགས ་བསྡམས།། རྣལ་ཆུ་མཐོང་ཚེ་ཐག་པ་སྦྲུལ་དུ་འཛིན་པའི་འཁྲུལ་པ་ལྡོག། སྦྲང་རྩིའི་རོ་མཆོག་མྱོང་བའི་རྔ་མོ་རྩ་ཡི་ཞུན་པ་བྲལ།། ས་ཡི་འོག་ཏུ་རྣོ་ཡི་ངར་བླང་སྤུ་གྲི་སྦ་བར་ཕངས་པ་ཡིན།། ཉི་ཟླ་གཟའ་སྐར་རྣམས ་ནི་རྒྱ་མཚོ་དད་པའི་དང་དུ་འཆར།། ཁྲི་སྟོན་ལྤགས་པ་གྱོན་པའི་མི་ངེས་བགེགས་རྣམས་བྲན་དུ་ཁོལ་བར་འགྱུར།། ཕྱོགས་བཞིར་ཅོ་དོ་བཤད་མས་ཟིན་པའི་མི་དེ་དི་དུས་གང་ལ་ཆགས།། སྐྱེས་བུ་འཛའ་བོས་བསླུས་པའི་མི་དེ ་ཁོང་དུ་ཡིད་ཆེས་འཇིག། ཤིང་གི་སྐྱེས་བུས་གླང་པོའི་མགོ་བཅང་དུ་ཡི་སྡིག་པ་གང་དུ་སྨིན།། མ་དངས་རྒྱས་པ་ཡི་རྨ་བྱ་དྲེགས་པས་མྱོས་པ་འདི་ནི་ཏིང་འཛིན་བཟང་།། རྒྱལ་སྲས་འཁྲུངས་པའི་བཙུན་མོ་ལ་ནི ་དེ་དུས་ལྷ་རྣམས་རེ་བ་ཆེ།། ན་ག་ར་ཡོ་ཡི་གེ་ཆུ་ལ་བྲིས་པ་སུ་ཡིས་ལྷོགས་པར་འགྱུར།། ལྷུང་བཟེད་ཁེངས་ན་རིགས་ངན་བཞག་ལ་ང་ནི་སོང་གེའི་བུ་དང་སྐྲག། ཅི་ཡང་མི་དགོས་ཤིང་སྐོགས་བར་གྱི་སྡོམ་གྱི་སྤྱོད ་འགྲོས་ཁྱོད་ཀྱིས་ལྟོས།། གསེར་འགྱུར་རྩི་ཤེས་དབུལ་བར་གནས་པའི་མི་དེ་དུས་ཡི་རིགས་བརྒྱད་ཡིན།། རུ་སྦལ་སྤུ་ཡི་ཁ་དོགས་ཅི་འདྲ་ད་རེས་ཁྱོད་ཀྱིས་མོ་གཤམ་བུ་ལ་དྲིས།། མེ་ལོང་ནང་གི་བྱང ་དེ་གཟུགས་བརྙན་ཡིན་གྱིས་རྟོག་པ་བྲལ།། གསེར་འདི་བཟང་པོ་ཡིན་མིན་ར་འདི་ཀ་འཇིགས་གསལ་བར་འདུག། གང་ལ་བརྒྱབ་པ་མི་སྡུག་ཆོད་པ་ལྷ་དབང་ལག་གི་སྟ་རི་སྣོ།། མཆིལ་ལྷམ་ལག་ན་ཐོགས་ན ་དུས་དེར་ལྷམ་གྱི་དགོས་པ་སྟོར།། དྲ་བ་དབང་པོའི་གཞུ་ཡིས་ཆོས་རྣམས་མཱ་ལུས་བསྟན་ནས་སོང་།། མུ་ཏིག་ཕྲེང་བ་ལྷོ་རུ་ཟོ་ཞིག་འདི་ཡིས་དོན་གཉིས་འགྲུབ་པར་འགྱུར།། སིངྒ་ལའི་ཚལ་དུ་ཀུན་ཏུ་བཟང ་བོས་གསུངས་པའོ།། ། གྱད་ཀྱི་དཔྲལ་བའི་ནོར་བུ་མ་མཐོང་གཟོ་རིག་མཁན་པོས་བསྟན་དུས་རྙེད།། ཆུ་བྱའི་ཕྲུ་གུ་འདི་ལ་སྒྲོ་ངའི་ནང་དུ་རྒྱུ་མ་ཚེའི་སྣང་བ་འཆར་བར་འགྱུར།། ཙནྡ ་ངན་མེ་ཡིས་ཚིག་བྱའི་རྨ་ལ་སྨན་དུ་དེ་ཉིད་བཟང་བ་ཡིན།། ཤིང་རྣམས་ཐམས་ཅད་གྲིབ་མའི་ངོ་བོར་གཅིག་པས་འདི་ལ་ཐ་དད་མེད།། སྤོས་ཀྱི་གླང་པོ་སྟེ་ཀ་ཟོས་པ་སེང་གེའི་གདོང་དུ་བལྟ།། འདང་བཟེང་རྒྱལ་པོའི ་མཆུ་ལ་རྩི་ཡོད་ཆུ་བོའི་ནང་གི་འོ་མ་འདུ།། བསད་ཅིང་རྩེ་བའི་མི་དེ་ནོར་ལ་ཆགས་པའི་བློ་མི་སྐྱེ།། སྔགས་ཀྱིས་ཟིན་པའི་ཧ་ལ་སྨན་རྣམས་ཀུན་གྱི་མཆོག་དུ་འགྱུར།། རྡོ་ཡི་མི་ཡི་རིགས་བྱེད་འདི་ལ་ལྟོས་དང་ངོ་མཚར ་ཆེ་བ་ཡིན།། དུག་མངའ་སྙིང་ལ་ཕོག་བྱའི་མཾ་དེ་སུ་ཡིས་སྨོས་པར་འགྱུར།། སེན་མོའི་བར་དུ་སེང་ལྡེང་ཚུར་མ་ཟུག་པའི་མི་དེ་ཏིང་འཛིན་བཟང་།། མི་རོ་མཁའ་ལ་ལྟ་བའི་སྙིང་ལ་ཅི་སེམས་ཁྱོད་ཀྱིས་ང་སྤྲོས ་དང་།། སྐོམ་དུ་སྐྱོན་ཆུ་འཐུངས་པ་འདི་ཡིས་རྒྱལ་པོའི་འཁོར་མི་འོང་།། ན་མཁའི་ནུ་མ་ལ་ནི་འདོད་པ་ད་བཞོས་ཤིག། ནོར་བུ་རིན་ཆེན་གང་ནས་རྙེད་པའི་དུས་དེར་དངུལ་དང་བྲལ།། གཅིག་ཏུ་གྱུར་པས་རི་རབ་དྲུང་དུ་རྨ་བྱའི ་མདོངས་མི་གསོལ།། སྐྱེས་བུ་བཤེད་མས་བཏང་བའི་བློ་སེམས་འདི་ལ་བལྟ་བར་བྱ།། དུད་འགྲོའི་ཁོང་དུ་གསེར་འགྱུར་རྩི་ཟོས་རྩཝ་གཞན་དག་དང་ཁྱད་པར་མེད།། དོ་ཐག་ཐམས་ཅད་ཙར་གྱི་ཕུར་པ་འདི་ཡིས་བཟུང་བ་ཡིན།། ་སྟོབས་ལྡན་དེད་དཔོན་གྱིས་ནི་གླང་པོའི་རྒྱབ་དུ་ད་ཁྲོལ་ཅིག། སྲིན་པོའི་ཁ་ནས་རླུང་གིས་བསྐྱོད་པའི་མེ་ནི་རྡོ་རྗེའི་གདན་ལ་འབར་བར་བྱེད།། འདི་ཡིས་གདོལ་པའི་གྲོང་རྣམས་ཚིག་པར་འགྱུར་བར་གདོན་མི་ཟ།། རྣམ་པ་དུ་མར་གྱུར ་ཀྱང་གར་མཁན་ལུས་སུ་གཅིག་པ་ཡིན།། གྲིལ་ནས་ལམ་དུ་བུམ་པ་དངུལ་ཆུའི་ཐིགས་པས་ཁེངས་པའི་ཚེ།། དེ་དུས་འཁོར་ལོའི་སྟེང་དུ་དཔའ་བོ་རྣམས་ནི་གཟི་རུ་ཆུག། རྒྱ་མཚོའི་རྦ་རླབས་འཁྲུགས་དུས་ཐབས་ལྡན་རུས ་སྦྲུལ་གཏིང་དུ་འབྲོས།། གླང་པོའི་མགུལ་གྱི་དྲིལ་བུ་འདི་ཡིས་མན་ངག་ཐམས་ཅད་བསྟན་ནས་སོང་།། སྨན་གྱི་ནགས་དེར་དྲང་སྲོང་གིས་ནི་ངོར་བྱ་རྙེད་མི་འགྱུར།། དུར་ཁྲོད་ཨུ་ཙ་ལར་བཛྲ་བཱ་ར་ཧི་ས་གསུངས་པའོ།། ་གཏེར་གྱི་ནང་དུ་གཏེར་ཆུད་དེ་དུས་མཁའ་ལ་འཇའ་ཚོན་སྣ་ཚོགས་འཆར།། མཐོང་དུས་དེ་ཚེ་ཁྱོད་ཀྱིས་ཁོང་དུ་གཞུ་ཡི་སྲང་བུ་ད་ཕུང་ཅིག། རང་གིས་བཅག་པའི་གསེར་ལ་ཀ་འཛིའི་དགོས་པ་མི་བདོག་གོ། མཐོང་སྣང་དགྲ་རུ ་རེང་བ་གཏེར་བསྲུངས་མཁན་པོ་མེ་ལ་ཙེ་རབ་ཏུ་བརྩོན།། རྒྱལ་པོས་མ་ཚོར་བ་ལ་ངུར་བ་བསོབ་དུ་བདུད་རྩིའི་བུམ་པ་རང་གིས་བཏུང་།། སྦྲང་རྒོད་ལྷོ་རུ་ཟོས་ནས་འབྲས་བུ་མེད་པར་འདོད་པ་དེ་ནི་ཤིན་ཏུ་བླུན།། རྫིངས་ལ་གནས ་པའི་དེད་དཔོན་འདོད་རླུང་བྱུང་བ་དེ་དུས་རྒྱལ་མཚན་འཕྱར།། བུ་རམ་ཤུན་པ་འདི་ལ་ཡང་ཡང་བཤུས་ན་མངར་བའི་སྙིང་པོ་རྙེད་མི་འགྱུར།། རྨི་ལམ་དུ་ནི་གཏེར་གྱི་བུམ་པ་རྙེད་པ་དེ་ལ་སད་ནས་བླུན་པོ་ངུ།། གཟན་ལ་བཙུམ་པ་རྨྱ་ཁྭ ་འདི་ཡིས་མན་ངག་ཐམས་ཅད་བསྟན་ནས་སོང་།། གཽ་ཏེར་མཛོད་རྙེད་པའི་མི་ངེས་མཛའ་བོ་ཤི་བའི་མྱ་ངན་དུས་དེར་བརྗེད།། ཤ་ཆགས་མིས་དྲེད་སྐྱལ་ཤེས་སྐྱེས་བུ་གཾ་གཱའི་ཕྱོགས་སུ་འབྲོས།། རིས་སྦལ་རྒྱབ་ཀྱི་རི་མོ་སུས་བྲིས་འདི་ཡི ་མཁན་པོ་གང་ཡིན་ལོ།། དེད་དཔོན་ཁ་ལ་མི་ཉན་བློ་ཆུང་སྐལ་མེད་ནོར་བུ་རྦ་ངོར་ལེན།། ཉ་བཏང་བ་ཡི་སྐྱར་མོ་དེ་དུས་མཁའ་ལ་དགྲ་ཡི་འཇིགས་པ་བྲལ།། རེག་བྱེད་གནོད་པར་མཐོང་དྭའི་སྐལ་མེད་ད་འོག་རང་སར་ཞོག། ཁབ ་ལེན་རྡོ་འདི་ནམ་ཞིག་བཙུན་མོའི་དགྲ་རུ་ལྡང་བས་ས་ཡི་འོག་ཏུ་སྤྲོས།། གནད་དུ་མཚོན་ཕོག་དུས་དེར་རི་དོགས་ཁྱུ་ནས་བགར།། ནོར་བུ་གླིང་ལས་རྡོ་བཙལ་བས་མི་བྱེད་ཨ་རངས་རིན་པོ་ཆེ།། མཁའ་ལ་རྒྱུ་སྐར་གང་ཡིན་ལྟ ་ན་སེང་གེའི་གྲཝ་ཡང་གུནི་གློན།། གསེར་འགྱུར་རྩི་ངོ་སྟོན་པའི་དྲིན་ཅན་གང་གིས་མཉེས་པར་བྱེད་པར་ནུས།། ཐབས་གཞན་མ་མཆིས་རྫ་ཆག་དུམ་བུར་བཟའ་བཏུང་སློང་ན་དགྱེས།། ཆུ་ཡི་རོ་རྣམས ་རྒྱ་མཚོ་ཆེན་པོ་དེར་ནི་ཐ་དད་མེད་དེ་གཅིག། རོལ་མཚོན་གྱིས་བསྣུན་ཀྱང་དེ་ལ་མ་དགའི་རྟོག་པ་མེད།། གཡུལ་ངོ་ནམ་སྤོང་ཚེ་ན་གླང་པོའི་མཆུ་ལ་རལ་གྲི་གདགས།། རི་བྲག་བར་དུ་སྡོད་པའི་གཅན་ཟན་སེང་གེ་འདི་ལ་གདམས ་པ་ཡོད།། ཟོ་ཆུ་འཁོར་ལོ་འདི་ཡིས་མན་ངག་ཐམས་ཅད་དུས་དེར་བསྟན།། སྲིན་མོའི་སོགས་པ་མགུལ་དུ་ཐོགས་ན་མཁའ་ལ་འཕྱིར་བར་འགྱུར།། རྡོ་རྗེ་གདན་དུ་མི་གཡོ་བས་གསུངས་པའོ།། ། ་བདེ་བ་གཤེགས་པ་ལུང་གི་བརྒྱུད་པ། ཡཾ་དམ་གྱི་ལྷས་བསྟན་པ།། འཛམ་བུའི་གླིང་དུ་སྔན་ཆད་མོ་གྲགས་པའོ།། སངས་རྒྱས་གཉིས་པ་ལྟར་གྲགས་པ།། བླ་མ་རྒྱ་གར་ནག་གུའི་ཞལ་སྔ་ནས།། བོད་ཀྱི་བནྡྷེ་ཞ་མ་ལོ ་ཙཱ་བས་བྱིན་བརླབས་ཀྱི་གནས་མཚིག་དང་རིར་བསྒྱུར་ཏེ། བླ་མ་བྱང་ཆུབ་སེམས་དཔའ་ཀུན་དགར་ལ་གཏད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། མ་ཧཱ་མུ་དྲ་ཨུ་པ་བཛྲ་གུ་ཧྱ་གཱི་ཏ། བོད་སྐད་དུ། ་