CLOSE WINDOW

GT1270: phyi nang bdud rtsi'i bcud len zhes bya ba
Wyliee-texts produced with BDRC’s OCR application

པབརྫོགས་སྷོ།། ། རྒྱ་གུར་སྐད་དུ། བཱ་ཧྱ་ཨནྟ་ར་ཨ་མྲྀ་ཏ་ཀལྤཱ་ནཱ་མ། བོད་སྐད་དུ། ཕྱི་ནང་བདུད་རྩིའི་བཅུད་ལེན་ཞེས་བྱ་བ། རྡོ་རྗེ་རྣལ་འབྱོར་མཱུ་ལ་ཕྱག་འཚལ་ལོ།། རྒྱུན་ཆད་བདུད་རྩིས ་གསང་བ་བཅུད་ལེན་གྱིས།། ཉམས་ལེན་ཐབས་དང་ངོ་ཡི་སྨན་སྦྱོར་དང་།། ཉམས་སུ་བླངས་ན་ཚེ་རིང་གྲུབ་པ་ཐོབ།། དེ་ཕྱིར་བདག་ཉིད་བྱ་རའི་ཉམས་ལེན་བཤད།། རྣལ་འབྱོར་ཕྱི་ཡི་ཉ་མོས་ལེན་བྱེད་ན་ནི།། བདུད་རྩི་ལྔ་ཡིས ་རང་ལུས་དག་པར་བྱས།། རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་ལྗོན་ལ།། འོད་དཔག་མེང་དང་དོན་ཡོད་གྲུབ་པ་རྣམས།། རང་གི་ལུས་གནས་ཉམས་ལེན་ཤེས་པ་མེད།། མཱ་མོ་ཀཱི་ཡི་རྒྱུད་བཏུས་ཉམས་ལེན་བཤད།། རྣམ་སྤང ་བླངས་ལ་རྡོ་རྗེའི་ཆུ་ཡཽས་དཀྲུག། བཙིར་ནས་སྣོད་ཀྱི་ནང་དུ་ཐུན་ཕྱེད་བཞག། བྱིན་བརླབས་མཆོད་བྱ་རླུང་མེད་ས་རུ་བརྡུང་།། རླུང་ནད་ཅན་ལ་བུ་རམ་སྦྱར་བར་བྱ།། བད་ཀན་ཅན་ལི་ཚ་བི་གསུམ་དང་སྦྱར།། དྲི་མེད་རྣམ་སྣང་བཙིར ་ནས་གྲིབ་སྐམ་བྱ།། ཞིབ་པར་བཏགས་ནས་མིར་དང་སྦྲང་རྩི་སྦྱར།། མི་བསྐྱོད་པ་ཡིས་སྤྲུལ་ནས་བཟའ་བཏུང་བྱ།། ཤ་དང་འོ་མ་ཟ་ཞིང་ཆང་རྣམས་སྤང་།། རྣམ་སྣང་ཉམས་ལེན་བདག་ཉིད་བྷ་རིས་སྨྲས།། མི་སྐྱོད་སྐོལ་ནས ་མར་དང་ཁ་ར་སྦྱར།། གྲངས་པར་བྱས་ནས་རྣལ་འབྱོར་བཏུང་བར་བྱ།། ཚང་དང་བུད་མེད་སྤངས་ནས་ཟླ་དྲུག་གྲུབ།། མི་སྐྱོད་བཅུད་ལེན་བྷུ་རིས་སྨྲ་བར་བྱེད།། རིན་ཆེན་འབྱུང་ལྡན་གྷནྟི་དངུལ་ཚྭ་དང་།། ར་ཡི་འོ་མ་སྦྲང་དང་བྷི་ཏ ་པ་ལྔ།། རྣ་བར་གླུ་ལེན་ཆུ་བཟླས་བྱིན་པ་ཡིས།། སྐད་ཅིག་གཅིག་ལ་དུག་ནད་སེལ་བར་འགྱུར།། ད་ནི་བསྐྱེད་རིམ་རྫོགས་རིམ་འདི་ལྟར་བསྒོམ།། བདེ་ཆེན་ན་མཁའ་སཾ་སྟེ་ཧཱུཾ་ཡིག་གིས།། ཟླ་བའི་ཐིག་ལེ་དཀར་ལ ་གངས་ལྟར་བསིལ།། ན་མཁའི་དབྱིངས་ནས་བདུད་རྩིའི་འོད་ཟེར་ནོ།། དཀར་སེར་འཛགས་ཏེ་ཁོང་སྟོང་ལུས་སྟོང་དག། རྐང་ལ་ཞུགས་པའི་ཕྱི་ནང་དུག་རྣམས་ནི།། རྫོགས་པའི་རིམ་བྱས་སེལ་འགྱུར་ཐེ་ཚོམ་མེད།། ཟླ་ཚེས་དཀར་པོ་ཐིག་ལེས ་བརྒྱན་པ་ནི།། སེམས་ཉིད་བདུད་རྩིའི་དབུས་སུ་དཀར་མར་ལྟར།། སྙིང་གའི་ཁ་སྦྱོར་པད་དབུས་སྦྱོང་བྱེད་ན།། དེ་ཡིས་ཕྱི་ནང་དུག་སེལ་བྱང་ཆུབ་སྒྲུབ།། ཕྱི་ཡི་དུག་རྣམས་སེལ་བའི་སྨན་སྦྱོར་ནི།། མཆིན་མོའི་སྨན་ནི་སྲང་གཅིག་འོ་མར་བསྐོལ།། ་དུག་སན་རྣམས་ལ་བཏང་བས་དུག་འདྲེན་ནོ།། མཚན་མོ་མ་དང་སྦྲུལ་མིག་ཐང་བསྐོལ་ཏེ།། ལེ་དོག་སྦྱོར་དུག་རྣམས་ནི་སེལ་འགྱུར་རོ།། རིག་པ་འདིས་ནི་རས་ལ་ལན་བདུན་བཟླས།། དུག་ཅན་ནད་པ་དེ་ཡིས་བཀབ་བྱས་ནས།། དེ་ནས་ཆུ་ཡི ་སྣོད་ལ་རྐང་ལག་བཅུག། སྔགས་འདི་བཟླས་ཤིང་བྲུབ་ཅིང་གདབ།། ཨོཾ་ན་མ་ཤ་པ་ར་ནཾ། ཤ་བ་རི་ཀུ་མ་ར་ཀཾ་ནཾ། ཁུ་ཁུ་རི། སེ་ར་ས་ར། པ་ཏྲེ་པྲ་བྷི་ཤུདྡྷ། གྷ་རཾ་སྭཱ་ཧཱ།། ད་ལྟར་བཟླས་ཤིང་བྱང་ཆུབ་སེམས་བསྒོམ་མོ།། གདམས ་ངག་འདི་བསྟན་དགེ་བོའི་རྩ་བ་འདིས།། གང་ཐོབ་དེ་ཡིས་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱི།། ཉོན་མོངས་སྒྲིབ་པ་དག་ཅིང་བྱང་ཆུབ་སེམས།། དྲི་མེད་མཁའ་ལྟར་ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག། དུག་སེལ་བསྒོམ་པའི་རིམ་པ་ཞེས་བྱ་བ།། ་མཚམས་ནས་འབབ་ཡིན།། རང་ལུས་ཁོང་སྟོང་ཞོ་ལྟར་གྱུང་བར་བསུམ།། དེ་ནི་ཏིང་འཛིན་སེམས་དཔའ་བདག་གིས་སྨྲས།། མདུན་གྱི་མཁའ་ལ་ཡེ་ཤེས་སེམས་དཔའ་སྟེ།། ཡིད་ཀྱིས་དྲན་ནས་དེ་ཡི་འོད་ཀྱིས་ནི།། རང་གི་སྨིན ་མཚམས་ཡན་ཆད་ཐོད་པ་ཅན།། ཡེ་ཤེས་སེམས་དཔས་ཨོཾ་ཨཱཿཧཱུཾ་བརྗོད་པས།། ཐོད་པའི་བདུད་རྩི་འཛགས་ཏེ་རྩ་བསྒྲུབས་ཞུགས།། བུམ་པའི་འོག་ཏུ་རཾ་འབར་བདུད་རྩི་བླུགས།། དེ་ནས་འདྲེས་པས་ལུས་ནི་བདུད་རྩི་སྣ་གང་།། གཉིས་མེད ་དེ་ཡི་སྟོབས་ཀྱིས་ཆུ་སེར་སོགས།། གསང་བའི་གནས་ནུས་མར་ལ་འཇིགས་པར་བསམ།། དེ་ནས་མ་ཤར་ཡང་ལ་བདུད་རྩི་སྣ་རང་ལུས་གང་།། སླར་ཡང་རྣལ་འབྱོར་ཐོད་པའི་བཅད་འཕྲོ་ལྔས།། བདུད་རྩི་སོར་གཅིག་ལུད་ནས་གང་བ ་ལྟར་བསམོ།། གལ་ཏེ་རྣལ་འབྱོར་རླུང་ཁྱམས་སྐྱེས་ན་ནི།། སྙིང་གའི་བུམྦྷ་པ་མར་གྱིས་གང་བར་བསམ།། མཁྲིས་པསྟེ་སྐྱ་རིམས་ཚད་ནད་འབབ་ནད་ལྔ།། ག་བུར་ཆུ་བཞིན་ནང་ལུས་བསིལ་བར་བསམ།། རྣལ་འབྱོར་གླང་བའི་ནད་ནི་ན ་གྱུར་ན།། དྲོད་སྨན་རྣམས་ཀྱིས་སྟོབས་ནི་བསྒོམ་པར་བྱ།། སྒོམས་ཀྱང་སྐྱོན་ཧྲྀ་ཡིག་བློ་ལྡན་བཟླ།། བྷུ་རི་བདག་གིས་གསང་བའོ་བཅུད་ལེན་སྨྲས།། བརྟན་པའི་སེམས་ཀྱིས་རྣལ་འབྱོར་ཉིད་ཀྱིས་བསྒྲུབས།། ཉམ་སུ་མྱོང་བའི་ཡོན་ཏན་ནད་རྣམས། ་སིལ། ཟླ་དྲུག་ཤིས་རབ་བློ་འཕེལ་རང་པོ་ཞིན་སྐྱེ། སློབ་དཔོ་ནི་བྷུ་རིས་གསུངས་པའི་ཕྱི་ནང་གི་བཙུད་མེནི་གྱི་གདམས་པརྫོག་སྷོ།། ། རྒྱ་གར་གྱི་པཎྜི་ཏ་རཱ་པ་ལས་རང་འགྱུར་དུ་མཛོད་ནས་བཤད་རྒྱུ་ད་རྩེ་གདམས་པོ་བོར་མ་ཆད་པར་གསུངས་པའོ།། ་