| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་ཏ་ཏྲ་བི་ཥ་རཱ་ནཱ་མ་ཤྲཱི་སམྦ་ར་པྲེདྡྷིཿ།། བོད་སྐད་དུ། དཔལ་སྡོམ་པའི་འགྲེལ་པ་དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ།། ་ཀུན་ནས་སྣང་མིན་དཔེ་མེད་ཉིད།། སྐྱོན་མེད་ཞི་བ་ཁོ་ན་དང་།། རྫས་མེད་རང་བཞིན་དག་པ་ཡི།། བྱང་ཆུབ་སེམས་ལ་བདག་ཕྱག་འཚལ།། གང་གིས་སྟོང་པ་ཉིད་ཀྱི་ལྕེ་རྣམས་ཀྱིས་ནི་རྡོ་རྗེའི་ཆུ་དང་བཤང་བ་ཁྲག་རྣམས ་མྱངས་པ་དང་། བྱམས་སོགས་སོ་རྣམས་ཀྱིས་ནི་གདོང་དང་ལག་པ་རྐང་པའི་ཤ་རྣམས་ཟོས་པ་དེས་ན་མཁའ་འགྲོ་སྟེ། མངོན་ཤེས་ལྔ་ཡི་ཞལ་ཆེན་རྣམས་ཀྱིས་ཡུལ་གྱི་ཕྱུགས་ཀྱི་ཚོགས་རྣམས་ཟོས་པ་དེས་ན་དྲག་པོ ་ཡིན།། བསོད་ནམས་ཡེ་ཤེས་ཚུལ་ཁྲིམས་དམ་པས་དྲི་མ་གསུམ་བྲལ་སྤྱན་གསུམ་གྱིས་སྡོམ་གང་ཡིན་དེ་ལ་འདུད།། འདིར་ནི་ལེགས་གྲུབ་རྣམས་ཀྱིས་རྣམ་ཕྱེ་རྡོ་རྗེ་ཐེག་པའི་སྙིང་པོ་ནི། སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་རྒྱ ་ཆེར་བཤད་པ་རྒྱལ་བའི་སྲས་ཀྱིས་བྱས། དོན་གྱི་རོ་ཡིས་ཆུ་གཏེར་འདུས་པར་བློ་གྲོས་བླུན་པོ་གླེང་བདག་ཀྱང་། ནམ་མཁའ་ནམ་མཁའ་ལྗང་གི་ལམ་དུ་སྦྲང་བུ་དག་ཀྱང་ཅིས་མི་འགྲོ། གསེར་ལས་བརྡུངས་བྱས་འདྲ་ཞིང་ཆུ ་སྐྱེས་རྣམས་རྒྱས་པ། བཀྲེས་པས་གཉེན་པ་གཡོས་ལེགས་ཁ་ཟས་ཟ་བ་འདྲ།། སྤྲིངས་ཡིག་ལེགས་པར་ཕྱེ་འདྲ་རིན་ཆེན་སྒྲོམ་ཕྱེ་འདྲ།། འདིར་ནི་རྒྱུད་བཟང་རྣམ་ཕྱེ་དགའ་བའི་མཆོག་འཛིན་བྱེད།། བདེ་བ་སྡུག་བསྔལ ་དངོས་པོ་བྲལ་བ་ཆོས་ཤེས་བྱ་དང་ལོངས་སྤྱོད་རྫོགས་པ་སྟོན་པ་པོ།། སྤྲུལ་པ་སྒྱུ་མ་མིག་འཕྲུལ་ལྟ་བུར་སྣ་ཚོགས་པ་དང་མཁའ་ལ་རྫུ་འཕྲུལ་དང་བཅས་པ། ངོ་བོ་ཉིད་ནི་དྲི་མ་མེད་པ་སྐུ་མཆོག་འཇིག་རྟེན་གསུམ་གྱིས ་མཆོད་ལ་བདག་བཏུང་ནས། བསྡུས་པའི་རྒྱུད་ནི་སྦས་པ་འགྲེལ་པར་བྱེད་པ་ཁོ་ན་ཉིད་མཁས་པར་བཤད་པར་བྱ།། ཐེག་པ་ཆེ་ལས་ཐེག་པའི་མཆོག། སྔགས་ཀྱི་ཐེག་པ་བྱ་སླ་བ།། ཉན་ཐོས་མ་ཡིན་རང་རྒྱལ་མ་ནི།། ཐེག་པ་ཆེན་པོའི ་དོན་བསྡུས་པ།། མུ་སྟེགས་ཀུན་གྱི་མ་མྱང་ཞིང་།། ཕ་རོལ་ཕྱིན་པའི་ཚུལ་ལ་བརྟེན།། གསང་སྔགས་ཚུལ་ནི་རྣམ་གྲངས་མང་།། བྱ་བ་སྤྱོད་པ་གཉིས་ཀའི་བདག། མདོ་སྡེ་རྒྱུད་དང་རྟོག་རང་བཞིན།། ཆོས་ཀྱི་ཕུང་པོ་སྟོང་ཕྲག་ནི ་བརྒྱད་ཅུ་རྩ་བཞིའི་གྲངས་རྣམས་ཉིད།། སངས་རྒྱས་ཀུན་གྱིས་བསྟན་པ་ཡིན།། དེ་ལས་ཆེས་སྙིང་པོ་ཡི་རྒྱུད།། མཁའ་འགྲོ་མ་ཡི་འཁོར་ལོ་སྡོམ།། ཡན་ལག་བཅུ་གཉིས་གསུང་ལ་བརྟེན།། མཁའ་འགྲོ་མ་ཡི་མན་ངག་བརྗོད།། རྣམ་ལྔ ་མངོན་པར་རྫོགས་བྱང་ཆུབ།། ཆོས་དབྱིངས་བདག་ཉིད་སྒྲུབ་པའི་ཐབས།། ཤེས་རབ་ཐབས་ནི་མཉམ་པར་སྦྱོར།། ལྔ་པ་ཟུང་དུ་འཇུག་པའོ།། ཆགས་པ་མ་ཡིན་ཆགས་མིན།། དབུ་མར་དམིགས་པར་མི་འགྱུར་རོ།། བུད་མེད་ཀུན་གྱི་རྒྱུ་མའི་རྒྱ།། འདི ་ནི་གཉིས་མེད་ཐེག་པའི་མཆོག། སྙིགས་མ་ལྔ་ཡི་དུས་འདིར་ནི།། རྟོག་པ་པོ་རྣམས་བློ་ཞན་ཞིང་།། ཚེ་ཐུང་བརྩོན་འགྲུས་ཆུང་བ་རྣམས།། རྒྱས་པ་མདོར་བསྡུས་ཚད་དུ་ཡང་།། ཤེས་རབ་ཕ་རོལ་ཕྱིན་གཉིས་མེད།། རྒྱལ་བས་དཔལ ་ལྡན་འབྲས་སྲུངས་བསྟན།། ཡང་དག་རྫོགས་པའི་སངས་རྒྱས་ཐེག། འབྲས་བུའི་རྒྱུད་ནི་བླ་ན་མེ།། གང་དུ་བདེ་འདོད་སྤྲོ་བ་ཡིས།། དཀའ་སྤྱད་ཀྱིས་ཀྱང་སྒྲུབ་པར་བྱེད།། གསལ་ཞིང་གཏིང་བགས་དཀའ་བ་དང་།། ཡོད་དང་ཡོད་པ ་མ་ཡིན་དང་།། རྟེན་ཅིང་མ་ངེས་མ་ཁྱབ་པ།། ཀུན་རྫོབ་སྐྱོ་བ་ཅན་གང་ཡིན།། དེས་ན་རྟོག་ག་བྲལ་བ་ཡི།། བདེ་བ་ཆེན་པོ་དབུ་མ་པ།། སྟོང་ཉིད་སྙིང་རྗེ་གཉི་སུ་མེད།། གང་དུ་སེམས་ནི་ཡོངས་སུ་གསལ།། སྐྱེ་བ་འདི་ལས་སངས་རྒྱས་ཉིད ་དགའ་དང་བདེ་བ་བསྒྲུབ་པར་བྱ།། ཨེ་མ་མཁའ་འགྲོ་མ་རྒྱུ་གང་།། རྒྱུད་རྣམས་ཀུན་ཏུ་མཆོག་ཡིན་ཏེ།། ཁམས་གསུམ་དབང་ཕྱུགས་ཡེ་ཤེས་ནི།། འདི་ལས་གཞན་པ་ཡོད་མ་ཡིན།། འདི་ཉིད་གཉིས་མེད་དེ་ཉིད་དེ།། བདེན་པ་གཉིས ་པོ་རྣམ་བྱ་བ།། གསུམ་གྱི་ཀུན་རྫོབ་རབ་ཏུ་བརྗོད།། དོན་དམ་པ་གང་གཉིས་དག་གིས།། རྟག་པའི་རྣལ་འབྱོར་རྡོ་རྗེ་བཟླས།། རང་བྱིན་བརླབ་དང་འོད་གསལ་བ།། ཟུང་དུ་འཇུག་དང་རིམ་པ་ལྔ།། རྒྱུད་རྣམས་ཀུན་ཏུ་བཤད་པ་ཡིན།། ་རི་མཐའ་རིམ་པ་ལྔར་ཤེས་ནས།། རྒུད་དུ་མཐའ་དྲུག་ལ་འཇུག་གོ། རྒྱུད་དུ་མདོར་བསྟན་རྣམ་གསུམ་དང་།། རྒྱས་པར་བཤད་པ་རྣམ་གསུམ་འགྱུར།། འདི་ཡི་རྣམ་པར་བཤད་པ་ཡང་།། རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་དུ།། ་ཇི་ལྟར་མདོར་བསྟན་རབ་ཏུ་བརྗོད།། རྒྱས་པར་བཤད་པའང་དེ་བཞིན་ནི།། སོ་སོར་བརྒྱད་བཤད་བརྡ་དང་ནི།། ཆོ་ག་བརྒྱད་པ་མཐའ་དག་ཉིད།། མདོར་བསྟན་པ་ནི་སྤྲུལ་པ་ཡ་ནི།། རྒྱས་བཤད་ལོངས་སྤྱོད་རྫོགས་པར་འདོད།། སོ་སོར ་རྒྱས་བཤད་མཐའ་དག་ནི།། མྱ་ངན་འདས་པའི་དེ་ཉིད་བསྟན།། དཔའ་བོ་ཁྱོད་ཀྱིས་ང་ལ་བཤད།། སངས་རྒྱས་མུ་སྟེགས་ཀྱིས་རྟོགས་དཀའ།། སྒྲ་དང་སྒྲ་ཉམས་བརྡ་དང་ནི།། ལམ་འདི་ཁོ་ནིར་རྗེས ་འབྲངས་ནས།། དུད་པ་སྐྱེས་ནས་དེ་ཡང་དག། རྣལ་འབྱོར་སྤྱོད་ཚུལ་ལ་གནས་ཡིན།། བླུན་པོ་རྨོངས་པ་ངན་སྡིག་གིས།། བྱིས་པའི་ཤེས་པའི་ཤེས་པ་ཅན།། ཡོངསུ་མ་སྨིན་སེམས་ཅན་གྱི།། ཕྱི་རོལ་བསྟན་བཅོས་ལ་འཆེལ་པ། ་དེ་དག་ཀུན་གྱིས་ཀྱང་མི་ཤེས།། མི་ཤེས་མུན་པས་ཁེབས་པ་དང་།། མངོན་པའི་ང་རྒྱལ་རྟག་དགའ་བ།། ང་རྒྱལ་ལ་སོགས་བདུན་སེམས་པ།། དེ་ཀུན་གྱིས་ཀྱང་སངས་རྒྱས་ཀྱི།། སྤྱོད་ཡུལ་གསང་བ་མི་ཤེསོ།། གཞན་དུའང་མདོར ་བསྟན་རྒྱས་བཤད་ནི།། དཀའ་འགྲེལ་ཚིག་ནི་འཇོམས་པོའོ།། སོར་རྒྱས་བཤད་མདོར་བསྟན་ཆེ།། དོན་ཀུན་གསལ་བྱེད་རྒྱ་ཆེར་འགྲེལ།། དེ་གཉིས་མངོན་ཤེས་ཐོབ་རྣམས་ཀྱིས།། བྱ་ཡིས་མཁས་པས་མིན་པ་ཉིད།། དེ་ལྟར་མན ་དྲུག་རྣམས་ཀྱིས་དག། དེ་བཞིན་རིག་དྲུག་གིས་སྡོམ་པའོ།། འབྲས་བུ་སྒྲུབ་པ་རྒྱུ་རྣམས་ཀྱིས།། རྒྱུད་ནི་རྣམ་པ་གསུམ་དུ་བཤད།། དེ་ཉིད་བསྡུས་པ་སོགས་རྣམས་ནི།། སྐུ་བོ་བྱུད་ཐབས་ཀྱི་རྒྱུད་དག་གོ། རྒྱུད་ནི་རྒྱུན་ཆགས ་ཀུན་ནས་བཤད།། ཕྱི་མ་སྔ་མ་ལས་བྱུང་བ།། དེ་ཉིད་གསང་དང་གསང་ཆེན་ཏོ།། ཕྱེ་མའི་རྒྱུད་དུ་འདོད་པ་ཡིན།། གང་ཞིག་གསང་བ་རྣམ་ལྔ་ནི།། རྩ་བའི་རྒྱུད་དུ་དེ་བརྗོད་བྱ།། རིགས་དང་དཀྱིལ་འཁོར་རྣལ་འབྱོར་སྐྱེས།། ་མངོན་པར་དབང་བསྐུར་ཕྱག་རྒྱ་ཆེ།། མངོན་བརྗོད་ཕྱི་མ་ལ་སོགས་དང་།། འདུས་པ་ཕྱི་མ་ཉིད་ཀྱང་ངོ་།། འབྲས་ནི་རྣལ་འབྱོར་རྒྱུད་རྣམས་ཏེ།། ཤེས་རབ་ཐབས་ཀྱི་མིང་ལས་ནི།། འདུས་པ་དང་ནི་སྡོམ་པ་སོགས།། རྩ་བ་དང་། ་རྒྱུའི་རྒྱུད་རྣམས་ནི།། རྡོ་རྗེ་མཁའ་འགྲོ་རྡོར་ཕྲེང་སོགས།། བཤད་པའི་ཐབས་ཀྱིས་རྒྱུད་དག་གོ། བཤད་པའི་རྒྱུད་ཀྱི་རྫས་འབྲངས་ནས།། རྒྱན་བདུན་གྱིས་ནི་རིགས་པ་ཡིས།། རྒྱུད་ཀྱི་རྣམས་བཤད་རྒྱལ་བ་བཞེད།། དེ་ཕྱི་དེ་ལ ་འཇུག་པར་བྱ།། དེ་བཞིན་དུ་ཡང་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གསོལ་པ། བཅོམ་ལྡན་འདས་རྒྱན་རྣམ་པ་བདུན་ཅི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་དཀའ ་སྩལ་པ། གླེང་བསླང་བ་རྣམ་པ་ལྔ་དང་མཐའ་དྲུག་གི་བཤད་པ་དང་། རིགས་པ་རྣམ་པ་བཞི་དང་། བཤད་པ་རྣམ་པ་བཞི་དང་། རབ་ཏུ་དབྱེ་བ་རྣམ་པ་གཉིས་དང་། གང་ཟག་རྣམ་པ་ལྔའི་སློབ་མ་ཡོངས་སུ་བརྟག་པ་དང་། ་བདེན་པ་རྣམ་པ་གཉིས་ཀྱིས་དགོངས་པའོ་ཞེས་སོ།། རྒྱས་པར་བཤད་པ་ཡང་འདིར་མིང་དང་རྒྱུ་མཚན་དང་བྱེད་པ་པོ་དང་། ཚད་དང་དགོས་པའོ།། དགོངས་པས་བཤད་དང་དགོངས་མ་ནི་དང་། དྲུང་བའི་དོན་དང་ངེས་པའི་དོན།། ་སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མིན་པའོ།། རྒྱུད་དང་གླེང་གཞི་དང་། ངེས་པའི་ཚིག་དང་རྒྱུའོ།། ཡི་གེའི་དོན་དང་སྤྱིའི་དོན་དང་སྦས་པ་དང་། མཐར་ཐུག་གོ།། ཚོགས་ལ་བཤད་པ་དང་། སློབ་མ་ལ་བཤད་པའོ།། ་རིན་པོ་ཆེ་དང་། ཙནྡན་དང་། པདྨ་དང་། པདྨ་དཀར་པོ་དང་། ཨུཏྤ་ལའོ།། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ།། རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ་བའོ།། དེའི་བདེན ་པ་ནི་ཆུ་ཟླ་ལྟ་བུའོ།། དོན་དམ་པའི་བདེན་པ་ནི་སྟོང་པ་ཉིད་ཆེན་པོ་བཅོ་བརྒྱད་དོ།། དེའི་བདེན་པ་ནི་མཐའ་སྟེ་གནས་ཀྱི་རིམ་པའོ་ཞེས་སོ།། རྡོ་རྗེ་འཕྲེང་བའི་རྗེས་སུ་འབྲངས་ནས་སོ་སོར་རྒྱས་པར་བཤད་པ་བརྗོད་པར་བྱ་སྟེ། རྒྱུད་ཀྱི ་མཚན་ནི་མིང་ཡིན་ལ།། རྒྱུ་མཚན་ཀྱེའོ་ཆགས་ཅན་གྱིའོ།། འདི་ཡིས་བྱེང་པོ་རྡོ་རྗེ་སེམས།། ཚད་ནི་རིམ་གྱི་ལ་སོགས་པའོ།། དགོས་པར་བགྲངས་པ་ལ་སོགས་ནི།། སངས་རྒྱས་ཉིད་ཀྱང་མཆོག་ཡིན་ནོ།། ཁྱད་འཕགས་འདོད ་པའི་སེམས་ཅན་ལ།། ཆོས་ཀྱི་དེ་ཉིད་རབ་གསལ་བྱེད།། ཆགས་པ་མ་ཡིན་ཆགས་བྲལ་མིན།། ཞེས་པ་ལ་སོགས་དགོངས་བཤད་དོ།། དམན་ལ་དེ་ཉིད་གསལ་སྟོན་པ།། དགོངས་པ་མིན་པས་བཤད་པ་སྟེ།། བདག་མེད ་ཐམས་ཅད་སྟོང་པ་རུ།། དག་གོ་ཞེས་སོགས་བསྟན་པའོ།། སྐལ་ངན་ལ་སྦས་པདྨ་དང་།། ཙནྡན་སོགས་བཤད་དྲང་བའི་དོན།། པད་སོགས་བཙུན་མོ་ལ་སྔོག་སུ་ཀ། ཡང་དག་དོན་སྟོན་ངེས་པའི་དོན།། བྱ་བ་སྤྱོད་པ་གཉིས་ཀའི་རྒྱུད།། ་རྟོག་པ་སོགས་སུ་ཇི་བཞིན་སྒྲ།། དཀྱིལ་འཁོར་ཅན་སོགས་ཆོ་ག་ནི།། སྐྱེ་བོས་གསལ་བར་བསྟན་པའོ།། བཤང་བ་གཅི་བ་ལ་སོགས་སྒྲ།། འཇིག་རྟེན་བསྟན་བཅོས་ཕྱི་རོལ་བྱས།། ཡུལ་སོགས་རྗོད་བྱེད་སངས་རྒྱ ་ཀྱིས།། རྒྱུད་དུ་བསྟན་པ་སྒྲ་མིན་པའོ།། སྒྲ་དོན་ཁོ་ན་ཡི་གེའི་དེན།། སྤྱི་ཡི་དོན་གྱི་དབྱེ་བ་གཉིས།། ཉན་ཐོས་འགྱོད་པ་སྤོང་བ་དང་།། བསྐྱེད་པ་གསལ་བར་བྱེད་པའོ།། སྦས་པ་རྣམ་པ་གསུམ་དུ་བཤད།། འདོད་ཆགས་ཆོས་དང་ཀུན ་རྫོབ་བདེན།། ཡེ་ཤེས་གསུམ་པོ་རྣམ་བརྟགས་པའི།། སྙིང་པོ་འདིར་ཡོད་ཕྱིར་དེས་དེའོ།། འོད་གསལ་བ་ནི་རབ་སྟོན་དང་།། ཟུང་དུ་འཇུག་པ་རབ་རྟོགས་བྱེད།། མཐར་ཐུག་རྣམ་པ་གཉིས་རབ་བརྗོད།། མཐའ་ནི་མུར་ཐུག་པ་ཡི་ཆོག། རིགས ་ལྔ་སྐྱེད་པའི་རྒྱུད་ཡིན་ཏེ།། རིགས་གཅིག་གྱུར་པ་གླེང་གཞི་ཡིན།། རྡོ་རྗེ་སོགས་ཐུང་ངེས་པའི་ཚིག། སྒེག་པ་ཡང་ནི་རྒྱུ་རུ་འདོད།། ཇི་བཞིན་སྒྲ་དང་དགོངས་པ་དང་།། དེ་བཞིན་དྲང་དོན་བསྟན་པ་དང་།། ཡི་གེའི་དོན་དང་སྤྱི་ཡི་དོན།། ། ་ཚོགས་ལ་བཤད་པ་མངོན་དུའོ།། ཇི་བཞིནི་མིན་དང་ངེས་སྟོན་དང་།། དེ་བཞིན་ཁོ་ནར་དགོངས་བཤད་དང་།། སྦས་དང་མཐའ་ཐུག་པ་ཡང་ནི།། སློབ་མ་བཤད་པ་ཡིན་པར་འདོད།། དངོས་པོ་མ་ལུས་ཐོས་ནས་དེ།། འཛིན་པ་ལ ་ནི་རྣམ་པར་མཁས།། སྐད་ཅིག་གིས་ནི་བརྗེས་འགྱུར་བ།། ཨུཏྤལ་ཞེས་བྱའི་གང་ཟག་གོ། བཟུང་བྱ་ལྷག་པར་མང་ཐོས་ནས།། སྟོན་པ་ཡི་ནི་ནུས་མེད་པ།། བུམ་པའི་རས་བལ་ས་བོན་བཞིན།། ཤེས་བྱ་པད་ཀར་གང་ཟག་བརྗོད།། ། ་ད་དང་ལྡན་ཞིང་སྙིང་རྗེ་ཤེས།། ཐོས་ནས་བློ་ཡི་ཁ་འབྱེ་ལ།། ཚིག་མེད་འོད་མ་བཞིན་འཛག་པ།། པདྨ་ཞེས་བྱའི་གང་ཟག་གོ། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན།། རྩ་བ་མེད་པར་མང་དུ་སྨྲ།། རྗེས་སུ་གཟུང་བར་མི་ནུས ་པ། ཙནྡན་ཞེས་བྱའི་གང་ཟག་གོ། ཚུལ་ཁྲིམས་བཟང་ཞིང་མཁས་ལ་སྦྱིན།། ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ།། ཐོས་ནས་ལེགས་པར་སྟོན་པ་ནི།། རིནྡ་ཆེན་ཞེས་བྱའི་གང་ཟག་གོ། གང་ཟག་བཞི་པོ་འདི ་རྣམས་ལ།། ཚོགས་པ་བཤད་པ་འབའ་ཞིག་གོ། རིན་ཆེན་གང་ཟག་རྟོག་སྤྱོད་པ།། སློབ་མ་ལ་བཤད་སྣོད་ཡིན་ནོ།། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས།། ཕན་དེན་ཅན་གྱི་རྒྱུད་བསྟན་བྱ།། འདི་ཉིད་ཀྱིས་ནི་རྒྱུད་རྣམས་ཀུན།། ་དྲིང་བར་བྱའོ་གཞན་དུ་མིན།། ཞེས་སོ།། ད་ནི་སློབ་མ་རྣམས་ཀྱི་དོན་ལ་ཐེ་ཚོམ་གྱིས་རབ་ཏུ་འཇུག་པའི་དོན་དུ་བརྗོད་བྱ་ལ་སོགས་པ་བརྗོད་པར་བྱའོ།། འདིར་བརྗོད་བྱ་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་བཅོམ་ལྡན་འདས་ཧེ་རུ་ཀ ་འདིའི་ཡང་སོ་སར་རྟོགས་པར་བྱེད་པ་པོ་རྒྱུད་ཀྱི་རྒྱལ་པོ་མངོན་པར་མརྗོད་པའོ།། དེ་དག་ཕན་ཚུན་བརྗོད་བ་རྗེད་བྱེད་ཀྱི་མཚན་ཉིད་ནི་འབྲེལ་པའོ།། དཀྱིལ་འཁོར་དུ་ཞུགས་ཏེ་དབང་བསྐུར་བ་སྦྱིན་པ་ནི་དགོས་པའོ།། ཕྱག་རྒྱ་ཆེན་པོ་སྒྲུབ ་བ་ནི་འདོར་དགོས་པའི་དགོས་པོའོ།། འདི་རྣམས་མངོན་པར་གཟིགས་ནས་ཉན་ཐོས་ཀྱི་སྡོམ་པ་དང་བྲལ་བའི་གདུལ་བྱ་རྣམས་ཀྱི་འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་བསམ་པས་གསང་ཚོན་གྱི་གནས་ཀྱི་དཔའ་བོ་དང་། དཔའ་བོའི ་དབང་ཕྱུག་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ཕག་མོས་གསོལ་བ་བཏབ་པས་ཤཱཀྱ་ཐུབ་པས་དཔལ་ཧེ་རུ་ཀའི་ཏིང་འཛིན་གྱིས་རྩ་བའི་རྒྱུད་མངོན་པར་བརྗོད་པ་འབུམ་པ་ལས་བཞུང་ཚད་བདུན་བརྒྱ་པ་འཇིག་རྟེན་དང་འཇིག་རྟེན་ལས ་འདས་པ་དག་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྦྱིན་པ་པོ་ཡང་དག་པར་བསྟན་ཏོ།། ད་ནི་བསྡུས་པའི་དོན་ལ་སོགས་པ་བརྗོད་པར་བྱ་སྟེ། དེ་ལ་ཐོག་མར་བཞུགས་པའི་གནས་ཀྱི་ངོ་བོ ་ཉིད་ཀྱིས་གནས་པ་དང་། དེ་ནས་དམ་ཚིག་གི་སྤྱོད་པ་ཉིད་ཀྱིས་དང་། སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་ཉིད་ཀྱིས་དང་། རིགས་ལྡན་མའི་དོན་གྱིས་དང་། ཕོ་ཉ་མོ་མཆོད་པའི་ཉིད་ཀྱིས་དང་། འདོད་པའི་དངོས་གྲུབ་སྒོམ་པ་ཉིད་ཀྱིས་དང ་བྱང་ཆུབ་ཀྱི་སེམས་ཀྱིས་མཆོད་པའི་དོན་གྱིས་དང་། སྡིག་པ་ཐམས་ཅད་རྣམ་པར་གྲོལ་བ་ཉིད་ཀྱིས་དང་། རྣལ་འབྱོར་པ་ཉིད་སྒྲུབ་པའི་ཐབས་ཉིད་ཀྱིས་དང་། དམ་ཚིག་སྐྱོང་བ་ཉིད་ཀྱིས་དང་། དམ་ཚིག་བྱེ་བ་བསྲུང་བ་ཉིད་ཀྱིས་དང་། བདུད ་རྩི་ལྔ་བཟའ་བ་ཉིད་ཀྱིས་དང་། ཟླ་བ་བཏུང་བ་ཉིད་ཀྱིས་དང་། དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ་ཉིད་ཀྱིས་དང་། ལྷའི་བདེ་བ་ཉིད་བསགས་པ་ཉིད་ཀྱིས་དང་། ལྷོ་དང་མིའི་བདེ་བ་ཉིད་བསྔགས་པ་ཉིད་ཀྱིས་གནས་པ་སྟེ་ལེའུ་དང ་པོ་ལའོ།། དེ་ནས་རེ་ལ་སོགས་པའི་གནས་ཀྱི་ངོ་བོ་ཉིད་ཀྱིས་གནས་པ་སྟེ། དེ་བཞིན་དུ་གཞན་དག་ཀྱང་ཕྱག་ན་རྡོ་རྗེ་ཞབས་ཀྱིས་རྒྱ་ཆེར་བཤད་པའི་རྗེས་སུ་འབྲངས་ནས་རྒྱུད་ཇི་སྙེད་པར་རྟོགས་པར་བྱ་སྟེ་མངས་པ་ཉིད་ཀྱི་ཕྱིར་འདིར་མ་བརྗོད ་ད་ནི་རྟོགས་སླ་བ་ཉིད་ཀྱིས་བསྡུས་པའི་དོན་མདོར་བསྟན་ནས་ཚིག་གི་དོན་བཤད་པའི་དོན་དུ། དེ་ནས་འདི་ལས་ཞེས་པ་ལ་སོགས་པས་རྒྱུད་རྣམ་པར་དབྱེ་བར་བྱའོ།། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་འདི་སྐད་བདག་གིས་ཞེས ་པ་ལ་སོགས་ངེས་པར་བསྟན་པར་མ་ཡིན་ནམ།། འདིར་དེ་ནས་འདི་ལས་ཞེས་པ་ལ་སོགས་པས་ཅི་ལྟར་ཡིན། འདི་ནི་རྒྱལ་བས་གསུངས་པ་མ་ཡིན་ནོ།། ཞེ་ན་འདི་ནི་བརྗོད་པར་བྱ་བ་མ་ཡིན་ཏེ་གང་གི་ཕྱིར ་གསུངས་པའི་དོན་ལ་སོར་སྟོན་གྱིས་སྒྲ་ཇི་བལྟ་བ་དེ་བཞིན་དུ་འགྱུར་བར་བྱ་བ་ནི་མ་ཡིན་ནོ་ཞེས་སོ།། འདིར་ཡི་གེའི་ཚེགས་མིང་རྣམས་ཀྱིས་དངོས་པོ་དང་དངོས་པོ་མེད་པ་སོ་སོར་རྟོགས་པར་བྱེད་དོ།། འདིར་དངོས་པོ་དང་དངོས་པོ་མེད ་པ་གཅིག་ལ་ཡང་མིང་དུ་མར་འགྱུར་ལ་དེ་རྣམས་ཀྱི་གཅིག་གཙོ་བོར་ཡོང་མ་ཡིན་ཏེ།། ཐམས་ཅད་ཀྱི་དངོས་པོ་ཅིག་རྟོགས་པར་བྱེད་པའི་ཕྱིར་རོ།། དཔེར་ན་བུད་མེད་དང་མི་མོ་ལ་སོགས་པ་རྣམས་ཀྱི་ལང་ཚེ་མའི་དངོས་པོ་རྗོད་པར ་བྱེད་པ་ཉིད་ཀྱི་ཕྱིར་དང་། མཁའི་མེ་ཏོག་དང་། ན་མཁའི་མེ་ཏོག་གིས་དངོས་པོ་མེད་པ་རྟོགས་པ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་འདིར་ཨོཾ་ཡིག་ནི་དེ་བཞིན་ཉིད་བརྗོད་པར་བྱེད་པའོ།། དེ་བཞིན་དུ་ཡང་མཆོག་གི་དང་པོའི་རྒྱུད་དུ་ཨ་ཡིག་ནི ་ཆོས་ཐམས་ཅད་ཀྱི་སྒོ་སྟེ། གདོད་མ་ནས་མ་སྐྱེས་པ་ཉིད་ཀྱི་ཕྱི་རི་རོ་ཞེས་སོ།། དེའི་ཕྱིར་བདུན་པའི་མཐས་ཨེ་ཡིག་ཏུ་འགྱུར་ཏེ་དོན་ཉིད་ལས་དང་པོའོ།། རྟེན་དང་བརྟེན་པ་དག་ཏུ་བརྟགས་པ་ཉིད་ལྟ་བུར་ངེས་པར་བསྟན་པ་མ་ཡིན་ནོ།། ་དེ་ལྟར་ཡང་རྟོགས་པ་ཐམས་ཅད་ཀུན་ལས་བཏུས་པའི་རྣལ་འབྱོར་གྱི་རྒྱུད་དུ།། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། ཐམས་ཅད་ས་ཡི་དབང་ཕྱུག་མཆོག། ཅེས་པ་ལ་སོགས་པས་བཞུགས་པའི་གནས་སོ།། རྣལ་འབྱོར་མའི་རྒྱུད ་དུ་ཡང་། ན་མཁའ་བེམས་མིན་དང་བ་དང་ཞེས་པ་ལ་སོགས་པས་སོ།། དེ་བཞིན་དུ་ཟུང་དུ་འཇུག་པ་རྟེན་དང་བརྟེན་པར་བརྟགས་ནས་ཐམས་ཅད་དུ་གསུངས་སོ།། དེས་ན་གང་དུ་འདི་སྐད་བདག་གིས་ཡོད་པ་དེ་ནི་རྒྱལ་བའི་བཀའ་ཡིན ་ལ་གང་དུ་མེད་པ་དེ་ནི་མ་ཡིན་ནོ་ཞེས་སངས་རྒྱས་པ་རྣམས་ཀྱིས་བརྗོད་པར་མི་བྱའོ།། གསུངས་པ་ཡང་ལེགས་པར་གཟུང་བའི་ཆོས་ལ་སྔོན་རབས་ཀྱི། མཁས་པར་རློམ་པས་འཇིག་རྟེན་འདི་ཅིར་འགྱུར། སྒྲ་འདུ་བྱེད་འདོམ་མི་སྨྲས ་སྦྱར་བྱ་ཡི།། དོན་ལ་གལ་ཏེ་སྡོང་པོའི་སྒྲས་དང་དེའོ།། མིས་ངང་སྡོང་པོའི་སྒྲ་ཡིས་ནི།། ཐ་དད་དོན་རྟོགས་བྱ་མིན་ཏེ།། ཁ་ཅིག་ཏུ་ནི་མང་པོའི་སྐྱེས།། དོན་གཅིག་སོ་སོར་རྟོགས་པར་བྱེད།། ཁ་ཅིག་ཏུ་ནི་སྒྲ་གཅིག་གིས།། སྣ་ཚོགས ་དོན་རྣམོས་སོ་སོར་རྟོགས།། ཨཾ་དེང་བྷ་ག་པདྨ་དག། བདེ་བའི་གནས་དང་བདེ་ལྡན་དང་།། སེངྒེའི་ཁྲི་དང་དམིགས་པ་མང་།། དེ་བཞིན་ཉིད་དང་པར་ཕྱིན་འདོད།། དཔེར་ན་སེམས་ཅན་ལྟ་བའི་སྒྲས།། རལ་གྲི་ལེན་ཚུན་ཙེ་རྣམས།། དེ ་བཞིན་ཧེ་རུ་ཀ་ཡི་སྨྲས།། མཁའ་འགྲོ་ཡེ་ཤེས་བདེ་ཐུབ་པ་ཞེས་སོ།། འདིར་ལོག་པའི་ཐོས་པའི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་གྲུབ་པའི་མཐའ་ལ་སྨོད་པ་ལྟུང་བ་དྲུག་པར་གསུངས་སོ།། མངོན་པར་བརྗོད་པ་འབུམ་པར་ཡང ་སྟོང་ཉིད་སྙིང་རྗེ་གཅིག་ཉིད་དུ།། རྒྱུད་གང་དུ་ནི་རབ་ཏུ་བསྟན།། འཇིག་རྟེན་མགོན་པོ་སྒྲུབ་བྱེད་པ།། རྒྱུད་དེ་སངས་རྒྱས་བསྟན་པའོ་ཞེས་སོ།། འདིས་བསྡུས་པའི་དོན་དང་།། ཚིག་གི་དོན་རྗེས་སུ་འཚམས་སྦྱར་བར་རྒོལ་བའི་ལན ་གསུངས་སོ།། ཀྱེའི་རྡོ་རྗེས་ནི་འཁོར་ལོ་སྡོམ་པ་འདི་ནི་ཤེས་པར་བྱ་བར་རྒྱལ་བ་རྣམས་ཀྱིས་བསྟན། ཀྱེའི་རྡོ་རྗེ་ནི་དེ་བཞིན་འདུས་པའི་ཚིག་ལ་ཤེས་པར་བྱའོ།། དེ་དག་རྒྱུད་ལའོ།། དེ་ཉིད་ཕྱིར་ན་འདུས ་པའི་རྒྱུད་ཀྱི་ཚོ་གས་རྒྱུད་ནི་ཤིན་ཏུ་གསལ་བར་བྱེད་པའི་ཕྱིར།། རྒྱུ་དེ་ཤེས་དོན་དུ་རྣམ་པར་བསྒོམ་པ་ལྔ་ཡི་བདག་ཉིད་མཐོང་བ་རབ་ཏུ་བྱ་ཞེས་སོ།། དེ་ནས་འདི་ལས་ཞེས་པ་ལ་སོགས་པ་ནས་གནས་ཞེས་པའི་མཐའ་ཐུག་པ ་བཞུགས་པའི་གནས་བཤད་པ་རྣམ་པ་བཞིས་རྣམ་པར་རྒྱས་པར་བ་སྟེ། དེ་ནས་ཏེ་རྡོ་རྗེ་འཇིགས་བྱེད་ཀྱི་ཏིང་ངེ་འཛིན་གྱི་བར་མ་ཆད་པར་རོ།། དཔལ་ཧེ་རུ་ཀའི་ཏིང་འཛིན་ལ་གནས་པས་རྡོ་རྗེ་ཕག་མོ་ལ་བོས་པར་གྱུར་པ་ཀྱེ་རྡོ་རྗེ ་ཕག་མོ་རྩ་བའི་རྒྱུད་དུ་རྣལ་འབྱོར་ལ་སོགས་པའང་ངེས་པར་བརྗོད་པ་དེ་ཉིད་གསང་ཆེན་བདུན་བཤད་པར་བྱའི་ཉོན་ཅིག། གཞུང་བསྡུས་པས་ནི་མདོར་བསྡུས་པའོ།། རྒྱས་པ་ལས་ནི་མ་ནི་གཞུང་བསྡུས་པ་འདོད་པ་ལ ་དེ་ཁོ་ནའི་དོན་དུ་ཇི་ལྟར་བསྟན་པ་ཞེས་པའི་དོན་ནོ།། ནཱའི་ཡི་གེ་རྣམ་པར་བརྟགས་པ་ལའོ།། དེའི་རྒྱུ་ཅི་ཡིན་ཞེ་ན། རྩ་བ་མངོན་པར་བརྗོད་པ་འབུམ་པ་རུ་གསུངས་པ་ཡང་། སྙིགས་མ་ལྔའི་དུས་སུ་འཛམྦུའི་གླིང་པའི ་མི་རྣམས་དང་། ཁྱད་པར་འཕགས་པའི་ཡུལ་དུ་ཚེ་ཐུང་ཞིང་ཤེས་རབ་མན་པ་འབྱུང་བར་འགྱུར་ཏེ་རྡོ་རྗེ་སླེབ་དཔོན་གང་ཡིན་པ་དེ་དག་རྩ་བའི་ལྟུང་བ་ལ་འཇུག་པ་འབྱུང་བར་འགྱུར། དགེ་སློང་རྣམས་མི་དགེ་བ་བཅུ་བྱེད་པ ་འབྱུང་བར་འགྱུར། ཁྱིམ་ན་གནས་པ་རྣམས་དཀོན་མཆོག་གསུམ་གྱི་རྫས་ཉེ་བར་ལོངས་སྤྱོད་པར་བྱེད་པར་འབྱུང་བར་འགྱུར། མཁས་པ་རྣམས་མ་ཐོས་པའི་རྒྱུད་འཆད་པ་འབྱུང་བར་འགྱུར། མཁས་པའི་མངོན་པའི་ང་རྒྱལ་གྱིས ་རྒྱུད་ཀྱི་དཀའ་འགྲེལ་དང་རྒྱ་ཆེར་འགྲེལ་བྱེད་པ་འབྱུང་གྱུར་རོ།། རྒྱུད་དོན་ཕྱིན་ཅི་ལོག་ཏུ་བསྟན་ནས་དམྱལ་བར་འགྲོ་བ་འབྱུང་བར་འགྱུར་རོ།། གང་ཞིག་སངས་རྒྱས་པ་རྨོངས་པ་དེ་རྣམས་དད་པ་བླུན་པ་ཉིད་ཀྱི་ཁྱིམ་ན་གནས་པའི་སློབ་དཔོན་ལ་བསྙེན ་བསྐུར་བྱེད་པར་འགྱུར་རོ།། ཐམས་ཅད་མཁྱེན་པའི་རྒྱལ་མཚན་འཛིན་པ་རྣམས་ལ་སུན་འབྱིན་པར་འགྱུར་རོ།། སློབ་མ་གང་ཡིན་པ་དེ་རྣམས་བླ་མ་དམ་པ་ལ་སྐྱོན་ཚོལ་བ་འབྱུང་བར་འགྱུར་རོ།། བླ་མ་དམ་པ་མ་ཡིན་པ་བཟའ ་བ་དང་གཉིས་སུ་མེད་པ་རྣམས་ལ་བསྟོད་པ་དང་མཆོད་པ་བྱེད་པ་འབྱུང་བར་འགྱུར་རོ།། བླ་མ་བ་ཉེས་པར་བྱ་བར་གསུངས་པ་གསུང་བཞིན་མི་བྱེད་པར་འགྱུར་རོ།། ཆོས་སྟོན་པ་པོ་རྣམས་མི་དགེ་བ་བཅུ་ལ་འཇུག་པ་འབྱུང་བར ་འགྱུར་རོ།། བུད་མེད་རྣམས་འདོད་པ་ལ་ཤིན་ཏུ་བརྐམ་པ་འབྱུང་བར་འགྱུར་རོ།། ཞེས་པ་འདིའི་ཕྱིར་ཐམས་ཅད་དུ་རྒྱས་པར་བསྟན་པ་ནི་མ་ཡིན་ནོ།། དཔལ་ཧེ་རུ་ཀ་མཉམ་པར་སྦྱོར་ཞེས་པ་ནི་ཕག་མོ་རིང་ལྷན་ཅིག་འདུས་པའི་རྩེ ་རུ་ཀའི་འོ།། འདོད་པའི་དོན་ཀུན་སྒྲུབ་བྱེད་པ་ནི་མངོན་པར་འདོད་པ་ཐམས་ཅད་སྟེར་བ་པོ་ཉིད་ཀྱི་ཕྱིར་རོ།། དེ་ཉིད་བླ་མ་ལས་ཞེས་པ་ནི་འདོད་པ་དང་གཟུགས་དང་། གཟུགས་མེད་པར་ཀུན་ཏུ་སྤྱོད་པ་རྣམས་ཀྱིས་བདེ་བའི་རྒྱུ་ནི ་བླ་མ་སྟེ་བདེ་བ་ཆེན་པོའོ།། ཀྱང་ནི་ཡང་དག་པར་འབྱུང་བར་བྱེད་པ་ལའོ།། བླ་མ་ནི་རྒུད་ངོ་།། མཆོག་གི་དང་པོར་ཡང་།། རྒྱུད་འདི་རྒྱུན་ཆགས་ཞེས་བྱ་སྟེ།། ཕྱི་མ་སྔ་མ་ལས་བྱུང་བ།། དེ་ཉིད་གསང་བ་གསང ་ཆེན་ཏེན་ཕྱི་མ་དང་བཅས་རྒྱུད་དུ་འདོད་ཅེས་སོ།། མཁའ་འགྲོ་མ་ཡི་དྲ་བ་སྡོམ་ནི་འཁོར་རོ།། གསུངས་པ་ཡང་།། དད་ལྡན་འཇུག་པའི་ཡན་ལག་ཏུ།། སྟོན་པ་དབང་པོ་འཁོར་དང་ནི།། ཡུལ་དང་དུས་ཀྱང་ངེས་བསྟན་པ།། རང་ཉིད ་ཚད་མར་རབ་བསྒྲུབ་ཕྱིར་ཞེསོ།། ཡི་གེའི་དོན་ཏོ།། དེ་ནས་ཞེས་པ་ཤེས་རབ་མིའི་ཤིན་ཏུ་དགའ་བའི་བར་མ་ཆད་པའོ།། གསང་ཆེན་ནི་གསང་བའོ།། མདོར་བསྡུས་པ་ལས་རྒྱས་པ་མ་ནི་ནི་ཕག་མོ་དང་འདུས་པ་ལས་སོ།། ་དཔལ་ཧེ་རུ་ཀ་ནི་རྡོ་རྗེའོ།། མཉམ་པར་སྦྱོར་ནི་བདག་ཉིད་དང་དེའི་བྷ་ག་ལྷན་ཅིག་པའོ།། ཀུན་ནི་ཞི་བ་ལ་སོགས་པ་རྣམས་སོ།། བླ་མ་ལས་ཀྱང་ནི།། འདོད་པ་དང་གཟུགས་ཀྱི་ཡུལ་གྱི་བདེ་བ་གྲུབ་པའོ།། བླ་མ་ནི་སངས་རྒྱས ་ཉིད་ཀྱི་བདེ་བའོ།། མཁའ་འགྲོ་མ་ཡི་དྲོ་བ་སྡོམ་ནི།། རྩ་སུམ་ཅུ་རྩ་དྲུག་ཀུན་ནས་བསྡུས་པའོ།། གསང་ཆེན་ནི་སའི་ཁམས་སོ།། མཆོག་གི་ནི་དེ་བཞིན་དུ་ཆུའོ།། དགྱེས་པ་མེའོ།། ཁྱུ་ན་རླུང་དོ།། ཐམས་ཅད་བདག་གི ་དང་ནི་གནས་པ་རྟག་ཏུ་གནས་ནི་འདིའོ།། སངས་རྒྱས་ཀུན་བདག་སྡོམ་པ་སྟེ།། ཞེས་ཁ་སྦྱོར་འབྱུང་བའི་རྒྱུད་དུ་གསུངས་སོ།། གསུངས་པ་ཡང་། བཞུགས་པ་རྡོ་རྗེ་འཛིན་པ་དེར། ཐིག་ལེའི་གཟུགས་ཀྱིས་གནས ་པའོ་ཞེས་སོ།། རྒྱུད་གཞན་དུ་ཡང་ཐིག་ལེ་ཟླ་བ་ཁུ་བ་སྐུ།། རྣམ་པར་བཅས་པ་རྡུལ་ཉི་གསུང་།། ཨ་ཡིག་མུན་ཅན་ཐུགས་རབ་བརྗོད།། མཁའ་ཁམས་ཨེ་ལ་རྣམ་པར་གནས།། ཞེས་པ་ཅིའི་དོན་ཏེ། ཚོགས་པ་ལ་བཤད་པ་ཡང་ངོ་།། ་དེ་ནས་འདི་ལས་ཞེས་པ་ལ་སོགས་པ་ལ་གསང་ཆེན་ནི་ཤེས་རབ་མའི་གསང་བའི་གནས་སོ།། དཔལ་ཧེ་རུ་ཀ་ནི་ཁུ་བའོ།། མཉམ་པར་སྦྱོར་ནི་གཏུམ་མོས་ལྷན་ཅིག་གཅིག་ཉིད་དོ།། བླ་མ་ལས་ནི་དགའ་བ་གཉིས་ལས་སོ།། བླ་མ་ནི ་ཁྱད་པར་དགའ་བའོ།། དེ་མཁའ་འགྲོ་མ་ཡི་དྲ་བ་སྡོམ་སྟེ་རང་བཞིན་ཅན་རྣམས་ཀྱི་ཚོགས།། བདག་བྱིན་གྱིས་བརླབ་པའོ།། གསང་ཆེན་ནི་རྡོ་རྗེ་ལྷ་མོའི་གནས་སོ།། མཆོག་གི་དེ་སྦས་དཔའོ་དཔེ་སྤངས་པའོ།། དགྱེས་ནི་ཤེས་རབ་མའི ་ཤིན་ཏུ་བདེ་བའོ།། ཐམས་ཅད་བདག་ཉིད་ནི་རྒྱལ་བའི་རང་བཞིན་ནོ།། རྟག་ཏུ་གནས་ནི་བཙུན་མོའི་འཁོར་དུ་འཇུག་བཞིན་པ་ལའོ།། སྨྲས་པའོ་དེ་ནས་འདི་ལས་ཞེས་བྱ་བ་ལ་སོགས་པ་ནི་བསྐྱེད་པའི་རིམ་པའི་བར་མ་ཆད་པའོ།། ་གསང་ཆེན་ནི་ཐམས་ཅད་སྟོང་པའོ།། མདོར་བསྡུས་ལས་ནི་རྣམ་པར་མི་རྟོག་པ་ལས་སོ།། རྒྱས་པ་མིན་ལས་ནི་གཟུགས་ལ་སོགས་པའི་རྟོགས་པ་ལས་སོ།། དཔལོ་ཧེ་རུ་ཀ་མཉམ་པར་སྦྱོར་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ ་དངག་སྣང་བ་མེད་པར་སྦྱོར་བའོ།། བླ་མ་ལས་མི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་ལས་སོ།། བླ་མ་ནི་ཤེས་རབ་དང་ཐབས་ཀྱི་དེ་ཉིད་དོ།། མཁའ་འགྲོ་མ་ཡིས་དྲ་བ་སྡོམ་ནི་ཆོས་ཀྱི་སྐུའོ།། གསང་ཆེན་ནི་ཐམས་ཅད་འདུས་པའོ།། ་མཆོག་གསན་ཆོས་ཀྱི་དབྱིངས་ས།། དགྱེས་པ་ན་སྟོང་པ་ཆེན་པོ་ལའོ།། ཐམས་ཅད་བདག་ཉིད་ན་ཤིན་ཏུ་སྟོང་པ་ལའོ།། རྟག་ཏུ་གནས་ནི་སྟོང་པ་ལ་སྡེ་ཐབས་ཤེས་རབ་ཀྱི་གཟུགས་ཀྱིས་དུས་གསུམ་དུ་འཁོར ་བའི་བར་དུ་གནས་ཏེ་རྟེན་དང་བརྟེན་པ་དག་གཅིག་དག་ཉིད་ཀྱིས་སོ།། གསུངས་པ་ཡང་ཆོས་རྣམས་ཀུན་གྱི་དབང་ཕྱུག་ལུས། ཐམས་ཅད་གཟུགས་ཀྱི་རྣམ་པར་རྒྱན་ཞེས་སོ།། དེ་བཞིན་དུ་རྟག་ཏུ་གནས་ནི་བཅོམ་ལྡན་འདས ་མ་སྒྱུ་འཕྲུལ་ཆེན་མོ་དཀའ་བར་སྤྱོད་མ་སྟོང་པ་ན་མཁའ་དང་མཉམ་པ་ཉིད་ནི་དངོས་པོ་དང་དངོས་པོ་མེད་པ་རྣམ་པར་སྤངས་པའོ་ཞེས་སོ།། མཐར་ཐུག་པའོ།། ད་ནི་དམ་ཚིག་གི་སྤྱོད་པ་ནུས་པ་ནན་ཏན་དུ་བྱེད་པའི་དོན་དུ་གསུངས་པ། ་སེམས་དཔའ་ཕོ་ཉ་ཀུར་རང་བཞིན། རྡོ་རྗེ་སེམས་དཔའ་བདེ་བའི་མཆོག། འདི་ནི་རང་བྱུང་བཅོམ་ལྡན་འདས། མཁའ་འགྲོ་མ་ཡི་དྲ་བ་སྡོམ།། སྒྲ་ཡི་ཚུལ་ལས་རྣམ་ངེས་འབྱུང་།། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ལོ།། ཞེས་ཏེ་ཕོ་ཉ་མོ ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཐམས་ཅད་དོ།། དེའི་རང་བཞིན་ནི་ཆོས་ཀྱི་སྐུ་སྟེ་དག་པའི་ཡེ་ཤེས་དང་རྣམ་པར་ཤེས་པའི་མཚན་ཉིད་གཞན་གྱི་དོན་བྱེད་པ་པོའོ།། སེམས་དཔའ་ནི་ཁམས་གསུམ་པའི་མཚན་ཉིད་དེ་བཤད་པའི་རྒྱུད་དུ ་ཡང་སེམས་ཅན་དག་ནི་གཡོ་བར་བཤད།། སྣོད་ནི་བསྟན་པ་ལ་སོགས་པའོ་ཞེས་སོ།། རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་ཆེན་པོའི་རང་བཞིན་གྱི་སེམས་དཔའ་ནི་རྗེ་རྗེ་སེམས་དཔའ་ཞེས་བཤད། དེ་ཁོ་ན་བདེ་བའི་མཆོག་སྟེ་ལྷན་ཅིག་སྐྱེས ་པའི་སྐུ་ཤེས་རབ་དང་ཐབས་རང་གི་དོན་བྱེད་པའོ།། མ་འདྲེས་པ་ལ་སོགས་པ་ཆོས་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ།། ལྷན་ཅིག་སྐྱེས་པའི་ཆོས་འདི་དག་གི་རྣལ་འབྱོར་པ་ནི་རྡོ་རྗེ་སེམས་དཔའ་སྟེ་ཡང་དག་པར་སྦྱོར་བའོ།། འདི ་ནི་རང་འབྱུང་བཅོམ་ལྡན་ནི་དེ་ཁོ་ན་ཚངས་པ་སྐུའི་རྡོ་རྗེ་འཛིན་ཏེ་སྤྲུལ་པའི་སྐུའོ།། གཟུགས་ཀུན་ནས་གསལ་བའི་ཕྱིར་བཅོམ་ལྡན་ཏེ་གཟུགས་ཕུན་སུམ་ཚོགས་ལ་སོགས་པ་དང་ལྡན་པ་ཉིད་ཀྱི་ཕྱིར་ཏེ་གསུངས་པ་ཡང་། ཕུན ་ཚོགས་གཟུགས་དང་དབང་ཕྱུག་ཉིད།། དེ་བཞིན་བརྩོན་དང་གྲོགས་པའོ།། འབྲས་བུ་འདི་བཞི་སྟོན་པ་ཡི།། བསོད་ནམས་ཕུང་པོའི་མཐུ་ལས་སོ།། མཁའ་འགྲོ་མ་ཡི་དྲ་བ་སྡོམ་ནི་དེ་ཁོ་ན་རྣམ་པའི་མཆོག་ཐམས་ཅད་དང ་ལྡན་པ་ཉིད་ཀྱི་ཕྱིར། དབང་བསྐུར་བའི་སངས་རྒྱས་སུ་བལྟ་བར་བྱའོ།། སྒྲའི་ཚུལ་ནི་སྔགས་ཀྱི་སྐུ་སྟེ་འདི་ལས་གསུམ་ཡང་དག་པར་སྦྱོར་བ་ལས་ལོངས་སྤྱོད་རྫོགས་པའི་སྐུ་གནོམ་དུ་མེད་པའི་སྒྲའོ།། ཕ་རོལ་ཏུ་ཕྱིན་པའི་ཚུལ ་དུཡང་། དཔེར་ན་རྔ་ལས་མ་བརྡུངས་པ།། སྒྲ་ནི་ཀུན་ཏུ་འཐུང་པོར་འགྱུར།། དེ་བཞིན་རྒྱལ་བའང་ལྷུན་གྲུབ་ཏུ།། སྟོན་པར་བྱེད་པ་ལྗིད་དུ་འབྱུང་།། རྣམ་ངེས་འབྱུང་ནི་སྔགས་ཀྱི་ལྷ་ཉིད་དེ་ཡང་འཇིག་རྟེན་གསུམ་ཉིད་དུ ་ངེས་པར་བྱུང་སྟེ་གདུལ་བྱ་རྣམས་ལ་སྒྲ་ཀུན་དུ་གསལ་བའི་ཕྱིར་རོ།། དམ་ཚིག་སྤྱོད་པའི་སྤྱོད་ཡུལ་ནི་ལུས་འདི་ཉིད་དམ་ཚིག་གི་སྤྱོད་པའི་ཡུལ་དུ་རྟོགས་པར་འགྱུར་བའི་ཕྱིར་རྣལ་འབྱོར་མའོ།། དམ་ཚིག་གི་སྤྱོད་པ་ནི ་འཆང་བཞིན་པར་བརྗོད་པར་བྱའོ།། གསུངས་པ་ཡང་། གཞན་ལ་ཐབས་ཀྱིས་བྱེད་པ་ནི། དེ་བཞིན་ཁོ་ན་འགྲོ་བའི་གཉེན།། གོ་འཕང་འཕགས་པའི་སྤྱོད་ཡུལ་ཐོབ།། བྱིས་པའི་སྤྱོད་ཡུལ་བལྟ་བར་བྱ ་ཞེས་སོ།། དགོངས་པའོ།། སྟོན་པ་པོ་དང་གསོལ་བ་འདེབས་པ་པོ་བརྗོད་པར་བྱ་སྟེ།། འཇིག་རྟེན་གསུམ་དུ་རྙེད་པར་དཀའ།། ཐོག་མ་དབུས་མཐའ་ཡང་དག་ནས།། བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལསོ།། སྔགས་བཟླས ་བསམ་གཏན་ལ་སོགས་ལྡན།། འདི་ནི་ཡེ་ཤེས་དང་། ཐུགས་དང་། གསུང་དང་། སྐུ་གཅིག་ཏུ་འདྲེས་པར་འགྱུར་བ་བཙང་ཞིང་དག་པའི་གཟུགས་རང་བཞིན་དང་། ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ ་རྣམས་ཀྱིས་ཐ་དད་དུ་འཇུག་པ་ཅན་ཐམས་ཅད་སྤྱོང་པ་དབྱིངས་ཀྱི་ངོ་བོ་ཅན་ནོ།། འཇིག་རྟེན་གསུམ་དུ་རྙེད་པར་དཀའ་ནི་བསོད་ནམས་དམན་པ་རྣམས་ཀྱིའོ།། ཐོག་མ་དབུས་མཐའ་ཡང་དག་གནས་ནི་ཆོས་ཐམས་ཅད་ལ ་དུས་གསུམ་དུ་ཡང་དག་གནས་པ་ཡང་ངོ་།། དེ་བཞིན་དུ་ཡང་ཡེ་ཤེས་ཀྱི་ཚོགས་དང་བྲལ་བ་རྣམས་ཀྱི་ཡུལ་མ་ཡིན་པའོ།། དགོངས་པ་མ་ཡིན་པའོ།། བསྲུབ་བྱ་སྲུབ་བྱང་སྦྱོར་བ་ལས་ནི་རྡོ་རྗེ་མཁའ་འགྲོར་ཡང་། ་བསྲུབ་བྱ་ཚེས་འབྱུང་དུ་བཤད་དོ།། སྲུབ་བྱེད་རྡོ་རྗེར་བརྗོད་པར་བྱ།། སྦྱོར་བ་དབྱིངས་དང་ཡེ་ཤེས་ཡིན།། བདུད་རྩི་ལྟ་བུར་མཆོག་ཏུ་བྱུང་།། དངོས་སུ་སངས་རྒྱས་ཉིད་དུ་བྱེད་ཅེས་གསུངས་སོ།། བསམ་གཏན་ལ ་སོགས་ཀྱི་སྒྲ་དག་ལས། བསམ་གཏན་གྱི་སོགས་ཀྱིས་ཀྱང་། འདི་ཉིད་དུ་ངེས་པར་སྟོན་པའི་བཟླས་པ་དང་། སྦྱིན་སྲེག་དང་། གཏོར་མ་དང་། བསམ་གཏན་དང་། བཟའ་བ་དང་བཏུང་བ་རྣམས་ཀྱིས་བསྒྲུབས་པའོ།། ་སྒྲ་ཇི་བཞིན་པའོ།། རྣལ་འབྱོར་ཉིད་ཆོ་ག་ཡེ་ཤེས།། རྒྱུད་དུ་གསུངས་པས་མཉན་པར་གྱིས་ཤེས་པའི་རྣལ་འབྱོར་ནི་གསུངས་པ་ཡང་།། ཐབས་དང་ཤེས་རབ་སྙོམས་འཇུག་པ།། རྣལ་འབྱོར་ཞེས་པར་མངོན་བརྗོད་བྱ།། ་གང་ཞིག་དངོས་མེད་ཤེས་རབ་སྟེ།། ཐབས་ནི་དངོས་པོའི་མཚན་ཉིད་དོ་ཞེས་སོ།། དགོངས་པའོ།། འཇིག་རྟེན་པའི་ཆོ་གའི་ཡེ་ཤེས་ཀྱི་དངོས་གྲུབ་དེ་དམ་ཚིག་ལ་སོགས་པའི་དངོས་གྲུབ་ཉིད་ཀྱི་ཕྱིར་རོ།། ཉིད་ཀྱི ་སྒྲ་ལས་ཆོ་གའི་ཡེ་ཤེས་ཡང་ངོ་།། རྒྱུད་དུ་གསུངས་པ་གང་མངོན་པར་བརྗོད་པ་འབུམ་པར་ཏེ། དེ་ཉུང་ངུའི་ཆུང་ངུ་ངན་རྡོ་རྗེ་ཕག་མོ་ལ་ཆེས་སྙིང་པོར་གྱུར་པའི་རྒྱུད་ཇི་ལྟ་བ་བཞིན་བསྟན་པར་བྱའི། ཉོན་ཞེས་པའོ།། སྒྱུ ་བཞིན་པའོ།། སྟོང་པ་པོ་དང་། གསལ་བ་འདེབས་པ་པོའི་འབྲེལ་པ་མངོན་པར་རྗོད་པར་བྱེད་པ་དང་། མངོན་པར་བརྗོད་པར་བྱ་བའི་འབྲེལ་པས་གསུངས་སོ།། ད་ནི་རིགས་ལྡན་མིའི་མཆོད་པ་བརྗོད་པར་བྱ་སྟེ། དབུ་མ་མཆོག ་གི་དབུགས་དང་ནི།། དྲི་དང་ཆུ་དང་ལྡན་པས་ཀྱང་།། རྟག་ཏུ་རིགས་ལྡན་མ་མཆོད་བྱ་ཞེས་པ་ནི།། དབུ་མ་དང་། མཆོག་གཉིས་གཟུང་བར་བྱའོ།། ཐ་མ་ལོ་བཅུ་ལོན་པ་ནི་ཡང་དག་པར་སྤངས་པར་བྱའོ།། དབུགས་ཀྱིས ་ནི་རྡོ་རྗེར་ཀུན་ཏུ་བསྟན་པས་སོ།། དྲི་དང་ཆུ་དང་ལྡན་པས་ནི་ནིའི་ཡི་གེ་ལས་ཉེ་བར་སྤྱོད་པ་ལྔས་དྲི་དང་མེ་ཏོག་རིགས་རྣམས་ཡང་དག་པར་སྦྱིན་ནོ།། རིག་ལྡན་མ་སྟེ་རིགས་ཀྱི་གཞོན་ནུ་མ་རྣམས་མཆོད ་པར་བྱའོ་ནི་མཉེས་པར་བྱའོ།། རྟག་ཏུ་ནི་ཉི་མ་སོ་སོའོ།། བཤད་པའི་རྒྱུད་རྡོ་རྗེ་ཨ་རལླི་རུ་ཡང་། སྦསཽ་དང་སྐྱེ་བོ་བྲལ་བའི་མཆོག། རང་གི་ཁྱིམ་མམ་གཞོན་རྣམས་སུའང་།། བཅུ་གཉིས་ལོ་མ་འམ་དེ་བཞིན་དུའང་།། ་བཅུ་དྲུག་ལོ་མ་མཆོད་པར་བྱ།། བཤད་པའི་རྒྱུད་བཤད་པའི་ཧེ་རུ་ཀ་མངོན་པར་འབྱུང་བ་རུ་ཡང་།། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེ།། བདག་གིས་བཟུང་བར་བྱས་ནས་ནི།། གང་ཞིག་འཁྲིག་པ་མི་བསྟེན་པ།། ཤི་ནས ་དུངུ་འབོད་འགྲོ་བར་འགྱུར།། དེ་ཡི་སྐྱོབ་པ་ཡོད་པ་ཡིན་ཞེས་སོ།། དྲང་བའི་དྲོན་ཏེ་དབུ་མ་ནི་དབུ་མ་ཙམ་དུ་ཉེ་བར་དམིགས་པ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར།། རྫོགས་པའི་བྱང་ཆུབ་པ་བཞི་པའོ།། མཆོག་གི་དབུགས་ཀྱིས་ནི ་ནི་དབུ་མའི་ལྷན་ཅིག་སྐྱེས་པའི་རླུང་གིས་སོ།། དྲི་དང་ཆུ་དང་ལྡན་པས་ནི་ལྟེ་བར་གཏུམ་མོ་འབར་བས་ཕུང་པོ་ལ་སོགས་པ་བསྲེགས་པ། དཔྲལ་བར་ཟླ་བ་ཞུ་བའི་བདུད་རྩི་འཕོ་བ་མེད་པ་གཟུང་བ་དང་འཛིན་པ་སྤངས་པ། ་འགྱུར་བ་དང་འཛག་པའི་རྒྱུད་དང་བྲལ་བ་མི་འཛག་པའི་རྒྱུ་རྫོགས་པ་གྱུར་པ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན། མཆོག་ཏུ་མི་འགྱུར་བར་གྱུར་པ་ལྷན་ཅིག་སྐྱེས་པའི་སྐུ། ཨཱ་ལི་ཀཱ་ལི་དང་ཧཱུཾ་ཕཊ་ཀྱི་ཡི་གེ་དང་བྲལ ་བ་གཟུགས་ལ་སོགས་པ་དང་བསམ་གཏན་ལ་སོགས་པ་དང་ཕྱག་རྒྱས་བྱིན་གྱིས་བརླབས་པས་བླ་མའི་བཀའི་ཀུན་ཏུ་སྤྱོད་པ་དང་བྲལ་བ། སྟོང་པ་ཉིད་དང་སྙིང་རྗེ་ཐ་དད་མེད་པས་རྟག་ཏུ་རིགས་ལྡན་མ་དེ་ལ་མཆོད་པར་བྱའོ།། རིགས ་ནི་ཕུང་པོ་ཞེས་བརྗོད་ལ།། དེ་ལ་གནས་པའི་རྡོ་རྗེ་ཕག་མོ་ནི་ཨ་བ་དྷཱུ་ཏཱིར་མངོན་པར་བརྗོད་དེ། མི་ཤེས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཟད་པར་བྱེད་པ་མོ་ཡིན་ལ་རྣལ་འབྱོར་པ་རྣམས་ཀྱི་ནི་བདུད་ཟད་པར་བྱེད་མའོ།། དེ་བཞིན་ཉིད་ནི ་པདྨ་ཞེས་བརྗོད་པར་བྱ་སྟེ། དེ་ཁོ་ན་མཱ་མཱ་ཀཱི་སྟེ་རང་གི་སེམས་ཀྱི་སོ་སོར་སྣང་བ་བསྒོམ་པར་བྱའོ།། རྟག་ཏུ་ནི་སྤྱོད་ལམ་བཞི་པོ་རྣམས་སུ་གཙང་བ་འམ་མི་གཙང་བར་རོ།། དོན་དམ་པའི་བདེན་པས་ཟུང་འཇུག་བསྒོམ་པར་བྱའོ།། ་ཞེས་པའོ།། ངེས་པའི་དོན་ནོ།། ད་ནི་འཇིག་རྟེན་པའི་དོན་དུ་ཕོ་ཉ་མོའི་མཆིད་པ་བརྗོད་པར་བྱ་སྟེ། དུས་ཁྱད་པར་གྱིས་པོ་ཉ་མོ་ཞེས་པའོ།། དུས་ནི་ལོ་སོ་སོ་དང་། ཉི་མ་སོ་སོ་རྣམ་པ་གཉིས་སོ།། དེའི་བྱེ་བྲག་ནི་དུས་ཀྱི་ཁྱད་པར་ཏེ། ་ཉི་མ་དང་། ཕྱོགས་དང་། ཟླ་བ་དང་། དུས་དྲུག་དང་། དུས་གསུམ་དང་། དུས་བཞི་དང་བགྲོད་པའོ་ཞེས་སོ།། དེ་བཞིན་དུ་ལོ་གཅིག་གི་དུས་ལ་ཉི་མ་རབ་ཏུ་རྒྱུ་བས་དེས་ཕོ་ཉ་མོ་རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་ནས་གཤིན་རྗེ་འཇོམས ་མའི་མཐར་ཐུག་པ་རྣལ་འབྱོར་མ་སུམ་ཅུ་རྩ་དྲུག་པོ་དེ་རྣམས་སྒྲུབ་པ་དང་། ཚེགས་ཀྱི་འཁོར་ལོར་ཁ་ན་མ་ཐོ་བ་མེད་པའི་དམ་ཚིག་རྣམས་ཀྱིས་དང་། ཉེ་བར་སྤྱོད་པ་ལྔ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ།། དྲང་བའི་དོན་ཏོ།། ་དུས་ནི་ནང་གི་བདག་ཉིད་ཀྱི་ཁྱིམ་གྱི་འཁོར་ལོ་དུས་སྦྱོར་བཅུ་གཉིས་ཀྱི་བདག་ཉིད་དོ།། དེའི་ཁྱད་པར་ནི་སླར་ཡང་དབུགས་དང་ཆུ་གསུང་དང་ཆུ་ཚོད་དང་། ཡུད་ཙམ་དང་། དུས་སྦྱོར་ཕྱེད་པ་དང་། ཐུན་དང་། ཐུན་མཚམས་དང་། ་ཉིན་མོ་དང་། མཚན་མོ་སྟེ་སྲོག་རྒྱུ་བས་ཕོ་ཉ་མོའི་ཀུན་དུ་སྤྱོད་པ་ཡེ་ཤེས་དང་ཐུགས་དང་གསུང་དང་། སྐུལ་འཁོར་ལོ་ལ་ཕོ་ཉ་མོ་རྣམས་ཀུན་དུ་སྤྱོད་པས་ལོངས་སྤྱོད་པ་དང་ཐིམ་པ་དང་། དབང་བྱེད་པ་དང་། བདག་པོ་ཉིད་ཕོ་ཉ་མོ་སུམ་ཅུ་རྩ་དྲུག ་རྣམས་རིམ་པ་བཞིན་ནོ།། དེ་བཞིན་དུ་ལོངས་སྤྱོད་པའི་དུས་ལ་རྣལ་འབྱོར་མ་རྣམས་མཆོད་པར་བྱའོ།། ཇི་ལྟར་ཕོ་ཉ་མོ་རྣམས་འཚེད་པར་དེ་ལྟར་དུ་དཔའ་བོ་རྣམས་མཆོད་པར་བྱའོ་ཞེས་འདི་ལས་གསུངས་པ། ཕོ་ཉ་ལྷན་ཅིག་སྐྱེས་གྲུབ་རྣམས ་ཐ་མ་འབྲིང་དང་མཆོག་རྣམས་ཏེ་ཞེས་པ་ལྷན་ཅིག་སྐྱེས་ནི་ལྷན་ཅིག་བསྲེས་ནས་སྐྱེས་སོ་ཞེས་པ་དྲཔའི་བོ་སྐུ་དང་གསུང་དང་ཐུགས་དང་འཁོར་ལོ་རྣམས་ཉི་ཤུ་རྩ་བཞིར་གྲུབ་པ་དེ་རྣམས་ཀྱང་དུས་ཀྱི་ཁྱད་པར་གྱིས་མཆོད་པར་བྱའོ།། ཟོ་མ་འབྲིང་དང ་མཆོག་རྣམས་ནི། ས་འོག་དང་ས་སྟེང་དང་། མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར་བ་པོ་ཉིད་ཀྱི་ཕྱིར་རོ།། དེ་བཞིན་དུ་རིགས་ལྡན་མ་རྣམས་ཕྱག་རྒྱ་ཆེན་མོ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་གིས་སོ།། འཇིག་རྟེན་པའི་དོན་དུ་ཕོ་ཉ་མོ ་དཔའ་བོ་དང་བཅས་པ་མཆོད་པར་བྱའོ།། འདིར་དུས་ཀྱི་ཁྱད་པར་ནི་གདན་བཞི་ལ་སོགས་པར་ཤེས་པར་བྱ་སྟེ། རྒྱུད་ནི་རྒྱུད་གཞན་གྱིས་ཤེས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ།། དང་པོ་རེ་ཞིག་གདན་བཞིར ་ཆུ་སྲིན་ལ་སོགས་པའི་དུས་སྦྱོར་རྣམས་ཀྱི་མཚམས་དང་ལྡན་པ་ནི་རོ་ཧི་ཏ་ལ་སོགས་པའི་རྩ་གཅུ་གཉིས་དང་། དེ་བཞིན་དུ་རྒྱལ་དང་ཆུ་ལ་སོགས་པའི་ཟླ་བ་བཅུ་གཉིས་པོ་དེ་རྣམས་ནི་མ་རིག་པ་ལ་སོགས་པའི་ཡན་ལག་རྣམས་སོ།། ་དུས་སྦྱོར་རེ་རེ་ནི་དབྱུ་གུ་ལྔའི་བདག་ཉིད་དོ།། རྩ་བའི་རྒྱུད་དུ་དབྱུ་གུ་ནི་ཆུ་སྲང་དྲུག་ཅུའི་བདག་ཉིད་དོ།། ཆུ་སྲང་ནི་དབུགས་དྲུག་གི་བདག་ཉིད་དོ།། དེ་བཞིན་ཉིན་དང་མཚན་མོ་ཡིས།། ཉི་ཁྲི་བརྒྱད་གཉིས་བརྒྱ་ཡི་དབྱུགས་ཤེས་སོ།། རྡོ ་མཁའ་འགྲོར་ཡང་ར་ཧི་ཏ་དང་པོའོ།། གཉིས་པ་ལ་མོ་ཧེ་ཏྭེའོ།། གསུམ་པ་ལ་བཟང་པོའོ།། བཞི་པ་ལ་ཁྱུ་མཆོག་གོ། ལྔ་པ་ལ་རུ་སྦལ་ལོ།། དྲུག་པ་ལ་ཆུ་སྲིན་ནོ།། བདུན་པ་ལ་ཁྱོ་མེད་མའོ།། བརྒྱད་པ་ལ་མི་ཀི་རའོ།། དགུ་པ་ལ ་བྷི་དྲི་ཀའོ།། བཅུ་པ་ལ་བྱཱ་ཀུ་ལིའོ།། བཅུ་གཅིག་པ་ལ་མི་པྲི་ཀའོ།། བཅུ་གཉིས་པ་ལ་སའི་དབང་ཕྱུག་གི། ཞེས་སོ།། གདན་བཞིའི་བཤད་པའི་རྒྱུད་དུ་ཡང་གསུམ་པས་རྀ་ཧི་ཏ་དྲང་ཆུ་སྲིན་དག། བཞི་པ་གཏི་མུག་དང་ནི་རུས་སྦྲུལ་དག། ་བཟང་པོ་ཁྱུ་མཆོག་དག་ཀྱང་ལྔ་པ་སྟེ། ཁྱི་མེད་འདོད་པ་དག་ཀྱང་ལྔ་པའོ།། བྷི་དྲི་བྱཱ་ཀུ་ལེ་དག་དྲུག་པ་ཡིན།། མི་ཀི་ར་དང་རྨི་ལམ་བདུན་པའོ།། ཞེས་ཏེ། དབྱུ་གུ་དྲུག་ཅུའོ།། བསྡུས་པའི་རྒྱུད་དུ་ཡང་མདོར་བསྟན་པས་གསུངས་པ་སྟེ་རྒྱུད་གཞན། ་གྱིས་རྒྱས་པར་བཤད་པར་རྟོགས་པར་བྱའོ།། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་པ། ཀྱེ་རྡོར་གྱིས་ནི་འཁོར་ལོ་སྡོམ་པ་དང་། གདན་གཞི་པར་ཡང་ཤེས་པར་བྱེད་པ་ཡིན། བསྡུས་པའི་འཁོར་ལོ་སྡོམ་པའི་ཚིག་རྣམས་ཀྱིས། ་དེ་བཞིན་གདན་གཞི་བ་དང་ཀྱེ་རྡོ་རྗེ།། གདན་གཞི་པས་ནི་ཀྱེ་རྡོ་རྗེ་དང་ནི།། བསྡུས་པའི་འཁོར་ལོ་བསྡོམ་ཚིག་ཤེས་པར་བྱ།། དྲང་པོའི་སངས་རྒྱས་ངེས་དོན་ཚིག་གིས་ཀྱང་།། སླར་ཡང་བསྡོམ་པ་ཆེན་པོ་ཤེས་པར་བྱ ་ཞེས་སོ།། དེ་བཞིན་དུ་འབུམ་ཕྲག་ལྔ་པའི་ཀྱེའི་རྡོ་རྗེར་དབུགས་དྲུག་གི་ཆུ་སྲུང་ངོ་།། ཆུ་སྲང་དུག་བཅུས་ཆུ་ཚེདདོ།། ཆུ་ཚོད་གཉིས་ཀྱིས་ཡུད་ཙམ་གཅིག་གོ། ཆུ་ཚོད་ལྔ་རྣམས་ཀྱིས་དུས་སྦྱོར་དུ་འགྱུར་རོ་ཞེས་པ་ལ་སོགས་པ་རྒྱས་པར་རོ།། ་འདི་ལྟར་དུས་སྦྱོར་ཕྱེད་པའི་དབྱེ་བས་ཉི་ཤུ་རྩ་བཞི་མཆོད་པར་བྱའོ།། དེ་བཞིན་དུ་ཐུན་མཚམས་ཀྱི་དབྱེ་བས་བཞིའོ།། ཐུན་གྱི་དབྱེ་བས་བརྒྱད་མཆོད་པར་བྱའོ་ཞེས་སོ།། གང་གི་ཕྱིར་ཕྱི་རོལ་གྱི་གནས་ལ་སོགས་པར་དཀྱིལ་འཁོར་དུ ་ཚེགས་ཀྱི་འཁོར་ལོར་དེ་རྣམས་ཀུན་ཏུ་སྤྱོད་པར་བྱེད་པའི་ཕྱིར་རོ།། བཅོམ་ལྡན་འདས་ཀྱིས་གསུངས་པོའི་གནས་ལ་སོགས་པ་དེ་རྣམས་སུ། དེ་བཞིན་གཤེགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམ་པར་དག་པ་ཁམས ་རྣམས་ལྷའི་གཟུགས་ཀྱིས་འབྱོན་པའམ་གཤེགས་པ་ནི་འདས་པའི་དུས་སུ་བྱུང་ངོ་།། ད་ལྟར་འབྱུང་ངོ་།། མུ་འོངས་པ་ན་འབྱུང་བར་འགྱུར་རོ།། ཞེས་དྲི་མ་མེད་པའི་འོད་དུའོ།། ཁ་སྦྱོར་གྱི་རྒྱུད་དུ་གསུམ་ངེས་པར་བསྟན་ཏེ། དབང ་བྱེད་པ་དང་། ལོངས་སྤྱོད་པ་དང་། ཐིམ་པ་སྐྱེ་བ་དང་། གནས་པ་དང་འཇིགས་པའི་ངོ་བོའོ་ཞེས་སོ།། རྡོ་རྗེའི་ཚིག་ཏུ་ད་ལྟར་བའི་དུས་ལ་ལོངས་སྤྱོད་དོ།། མ་འོངས་པའི་དུས་སུ་ཐི་མོ།། འདས་པའི་དུས་སུ་དབང་བྱེད་དོ་ཞེས་སོ།། དེ་བཞིན ་དུ་ལངས་སྤྱོད་པ་ད་ལྟར་བ་ལ་སོགས་པས་མཛངས་པ་རྣམས་ཀུན་རྫོབ་པས་སླར་ཡང་ལོངས་སྤྱོད་པ་དང་དབང་བྱེད་པ་དང་། བདག་པ་ཉིད་ཐམ་པའི་གནས་སྐབས་བཞིའོ།། སླར་ཡང་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསུངས་པ་བྱིས་པའི་དུས ་སུ་ལོངས་སྤྱོད་དོ།། ལང་ཚེའི་དུས་ལ་དབང་བྱེད་པ་དང་། རྒན་པའི་དུས་ལ་བདག་པོ་ཉིད་དང་། འཆི་བའི་དུས་ན་ཐིམ་པ་སྟེ། ཐིམ་པ་ལས་སླར་ཡང་སྐྱེ་བ་ནི་བྱིས་པ་ཞེས་བརྗོད་པར་བྱའོ།། སྔ་མ་འགོག་པ་དང་ཕྱི་མ་སྐྱེ་བས། ཁ་ཏོན་དང་མར ་མེ་ལ་སོགས་པའི་དཔེ་བཞིན། འདིར་ཡང་འཆི་བའི་མཐར་སྐྱེ་བའི་ཆ་ཤས་ཅན་གྱི་ཆོས་སུ་ཤེས་པར་བྱའོ།། དེའི་ཕྱིར་ཡང་ན་ལོངས་སྤྱོད་པ་དང་། ཐིམ་པ་རྣམ་པ་གཉིས་སོ་ཞེས་སོ།། གསུངས་པ་ཡང་དབང་བྱེད་པ་ནི་གནས་པའོ།། དེ་ཉིད ་ལོངས་སྤྱོད་པ་སྟེ་བདག་པོ་ཉིད་ཀྱང་ངོ་།། ཐིམ་པ་ཞེས་པ་ནི་འགྲོ་བར་བྱ་བའི་གནས་ལའོ།། དེ་ལྟར་བ་ལ་ལོངས་སྤྱོད་པའོ།། འབྱུང་བར་འགྱུར་བའི་དུས་ལ་ཐིམ་པོའོ་ཞེས་གྲུབ་པོ།། དེ་བཞིན་དུ་ཕྱི་རོལ་ཏུ་ཕྱོགས་ཀྱི་འཁོར་ལོ ་མཆོད་པར་བྱའོ་ཞེས་སོ།། རིགས་ལྡན་མ་རྣམས་དུས་ཐམས་ཅད་དུ་མཆོད་པར་བྱའོ།། ཆུ་སྲིན་གྱི་ཕོ་བ་ལ་ཤར་གྱི་ཞལ་འབྱུང་བ་ནི། ཇི་སྐད་གསུངས་པའི་གནས་སུ། རྡུལ་ཚོན་རྣམས་ཀྱིས་དཀྱིལ་འཁོར་བྲིས་ཏེ་བསད་པའི་དོན་དུ ་མཁའ་འགྲོ་མ་ལ་མཆོད་ཡོན་བྱིན་ནས་མེ་ཏོག་ལ་སོགས་པས་མཆོད་པར་བྱའོ།། དེ་བཞིན་དུ་ས་ག་ཅན་ལ་སོགས་པ་ལ་དབང་དུ་བྱ་བའི་དོན་དུ་ཉི་མ་གུང་ལ་ལཱ་མའོ།། ཀར་ཀ་ཊ་ལ་སོགས་པ་ལ་རེངས་པའི་དོན་དུ་ཕྱེ་མ་རེད་དུམ་སྐྱེས་མ ་མ་ལའོ།། སྲང་ལ་སོགས་པ་ལ་ཞི་བའི་དོན་དུ་མཚན་མོ་ཕྱེད་ན་གཟུགས་ཅན་མ་ལ་མཆོད་པར་བྱའོ།། སླར་ཡང་མཆུ་ཅན་ལ་སོགས་པ་ལ་ཀློང་པའི་དོན་དུ་ཁྭ་གདོང་མ་ལའོ།། བུམྦྷ་པའི་ཕྱེད་ཀྱི་ཉིན་ཞག་ལ་དགུག་པའི ་དོན་དུ་འུག་གདོང་མ་ལའོ།། ལུག་གི་འཕོ་བ་ལ་ཕུར་བུས་གདབ་པའི་དོན་དུ་ཁྱི་གདོང་མ་ལའོ།། སྣརོན་ཅན་གྱི་ཕྱེད་ལ་རྒྱས་པའི་དོན་དུ་ཕག་གདོང་མ་ལའོ།། ཆུ་སྟོད་ཅན་ལ་སོགས་པ་ལ་དྲུག་གཞོལ་བའི་དོན་དུ་གཤིན་རྗེ་སྲེག་མ་ལའོ།། ། ་ཁྲུམས་ཅན་གྱི་ཕྱེད་ལ་རྨོངས་པའི་དོན་དུ་གཤིན་རྗེ་ཕོ་ཉ་མ་ལའོ།། སྨིན་དྲུག་ཅན་ལ་སོགས་པ་ལ་རེངས་པའི་ཆེད་དུ་གཽཤིན་རྗེ་མཆེ་བ་མ་ལའོ།། མགོ་ཅན་གྱི་ཕྱེད་ལ་རྣམ་པར་དབྱེ་བའི་དོན་དུ་གཤིན་རྫུ་འཇོམས་མ་ལ་སྟེ་ཟླ་བ་ཕྱེད་པ་དང་ཟླ་བ་དང ་དྲི་སྲིད་ཐུན་བརྒྱད་ཀྱི་དབྱེ་བས་ཇི་སྐད་གསུངས་པའི་ཆོ་གས་མཆོད་པར་བྱའོ།། ཇི་ལྟར་ཐུན་མཚམས་བཞིར་མཁའ་འགྲོ་མ་ལ་སོགས་པ་མཆོད་པ་དེ་བཞིན་དུ་རབ་ཏུ་གཏུམ་མོ་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་རྣམས་ཕྱོགས་ཀྱི་དབྱེ་བས་མཆོད་དོ་ཞེས ་གས་པར་བྱའོ།། དེ་བཞིན་དུ་ཚོགས་ཀྱི་འཁོར་ལོར་ཡང་མིང་གི་སྔགས་ཀྱིས་མཆོད་ནས་རྣལ་འབྱོར་མ་རྣམས་ཀྱིས་ཀུན་དུ་སྤྱོད་པ་བྱ་སྟེ་ཤེས་རབ་དང་ཐབས་ཀྱི་དབྱེ་བས་ལོངས་སྤྱོད་པའི་དུས་ལ་བཟང་པ་དང་། བཏང་བ་དང་། འཁྲིག་པ་དང་མྱང ་བས་རྣལ་འབྱོར་མ་མཆོད་པར་བྱའོ།། འདིར་གང་དང་གང་དུ་འགྲོ་བ་དེར་ལྷག་མ་ལ་སོགས་པ་ཟ་བས་དེ་དང་དེའི་རིགས་སུ་འགྱུར་ཏེ་ཚུར་འོང་གི་བར་དུའོ།། དཔེར་ན་རྒྱས་པ་ལ་སོགས་པོའི་རིགས་ཁ་ཏོན་ལ་སོགས་པས་བྲམ་ཟེར་འགྱུར་རོ།། བྲམ་ཟེའི་རིགས ་རྣམས་པ་ལང་གི་ཤ་ཟ་བས་རིགས་མ་ཡིན་པར་འགྱུར་རོ།། དེ་བཞིན་དུ་རྣལ་འབྱོར་མ་རྣམས་ཀྱང་རིགས་མ་ཡིན་པ་རྣམས་རིགས་དང་རིགས་ཀྱང་རིགས་མ་ཡིན་པ་ཞེས་གསུངས་ཏེ་གང་དུ་བཞི་ཡོད་པ་དེར་ཐུན་མཚམས་ཀྱི་དབྱེ་བས་རྣལ་འབྱོར་མའི ་ཀུན་དུ་སྤྱོད་པའོ།། རྣལ་འབྱོར་གྱི་ཆུང་ངུ་ཡང་རྣལ་འབྱོར་པའོ་ཞེས་བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་ཏེ་ཤེས་རབ་ཀྱི་རྒྱུད་ཀྱི་དགོངས་པས་རྣལ་འབྱོར་གྱིས་རྒྱུད་རྟོགས་པར་བྱའོ།། རྩ་བའི་འཁོར་ལོ་རྣམ་པར་དག་པའི་དོན་ཏོ།། དེ་བཞིན་དུ་རྣལ ་རྒྱུད་དུ་གསུངས་པ། རྣལ་འབྱོར་མའི་རྒྱུད་དུ་དམ་ཚིག་ཤེས་པར་བྱའོ།། དེ་བཞིན་དུ་གང་དུ་བརྒྱད་ཡིན་པ་དེར་ཐུན་གྱི་དབྱེ་བས་ཉི་མིའི་ཆ་ལ་མཚན་མོ་ཕྱེད་ནས་ཉི་མ་གུང་ཇི་སྲིད་པར་བཞིའོ།། དེ་བཞིན་དུ་ཟླ་བའི་ཆ་ལ་ཡང་བཞིའོ།། འདི་ལྟར་མཚན་མོ ་དང་ཉིན་མོ་མཉམ་པའི་ཐུན་མཚམས་ལས་སོ།། གང་དུ་བཅུ་དྲུག་ཡོད་པ་དེར་ཐུན་ཕྱང་བ་དབྱེ་བས་སོ།། གང་དུ་སུམ་ཅུ་རྩ་གཉིས་ཡོད་པ་དེར་ཡུད་ཙམ་གྱི་དབྱེ་བས་སོ་ཞེས་བྱ་བ་ལ་སོགས་པ་རྟོགས་པར་བྱའོ།། ཞེས་པ་དྲང་བའི་དོན་ཏོ།། དུས་ཁྱད ་པར་གྱིས་ཞེས་པ་གང་དུ་སྲོག་དབང་དུ་བྱེད་ཅིང་བྱིན་གྱིས་བརླབས་པ་དེར་དེའི་དཀྱིལ་འཁོར་གྱི་ལྷ་དང་ལྡན་པ་ཕྲེང་བ་ལ་སོགས་པའི་སྔགས་སྲོག་འབབ་པས་མཆོད་པར་བྱ་ཞིང་། བསྒྲུབ་པར་བྱའོ་ཞེས་པོ་ངེས་པའི་དོན་ཏོ།། དེ་བཞིན་དུ་སྐྱི ་འཁོར་ལོ་ལ་གནས་པ་བརྒྱད་ནི་ས་འོག་གི་དངོས་གྲུབ་སྟེར་བ་པོ་ཉིད་ཡིན་པའི་ཕྱིར་ཐ་མའོ།། ཁྭ་གདིང་མ་ལ་སོགས་པ་རྣམས་ཀྱང་ཡི་དགས་དང་དུད་འགྲོའི་དངོས་གྲུབ་སྟེར་བའི་ཕྱིར།། དེ་བཞིན་དུས་ལ་སྤྱོད་པ་བརྒྱད་ནི་རྒྱལ་སྲིད་ལ་སོགས་པའི ་པའི་དངོས་གྲུབ་སྟེར་བས་འབྲིང་ངོ་།། དེ་བཞིན་དུ་མཁའ་ལ་སྤྱོད་པ་བརྒྱད་ནི་འདོད་པ་ན་སྤྱོད་པའི་དངོས་གྲུབ་སྟེར་བས་མཆོག་སྟེ། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་གཟུགས་ན་སྤྱོད་པའི་དངོས་གྲུབ་སྟེར་རོ།། འདི་ལྟར་འཇིག ་རྟེན་པའི་བདེན་པས་བསྒྲུབ་པར་བྱ་བ་གང་ཡིན་པ་དེ་ཐམས་ཅད་འཇིག་རྟེན་པའི་འབྲས་བུ་དེ་ཅི་ཞེ་ན། དེས་བསྒྲུབས་པས་སངས་རྒྱས་ཉིད་དུ་མི་འགྱུར་རོ།། འདིའི་ཕྱིར་གསུངས་པ།། ཡད་ནི་ནང་དུ་ཆུད་པ་ཡིས།། འདོད་པའི་དངོས་གྲུབ་དེ་བསྒོམ ་བྱཿཞེས་པ་ཕྱག་རྒྱ་ཆེན་མོའི་དོན་དུའོ།། འདིའི་ཚིག་སྔ་མ་ལ་སོགས་པ་ནི་དཔལ་འདུས་པ་སྟོང་ཕྲག་ཉི་ཤུ་རྩ་ལྔ་པར་གསུངས་པ། རྡོ་རྗེ་དཀྱིལ་ཀྲུང་གིས་སེམས་ནི།། ནོར་བུའི་ནང་དུ་ཆུད་པ་ལྟ།། རྒྱུ་མཐུན་ལ་སོགས་བདེ་བ་རྫོགས།། དྲི་མེད ་ཉིད་པར་ཁོ་ནར་དེའོ་ཞེས་སོ།། དེས་ན་རྡོ་རྗེ་སྐྱིལ་དཀྲུང་ནི་བྷ་གར་ལངྒི་བཞག་ནས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནུར་བུའི་ནང་དུ་ཆུད་པ་ནི་ཡིད་ནི་ནང་དུ་ཆུད་པའོ།། ལྷན་ཅིག་སྐྱེས་པའི་སེམས་ནང་དུ་ཆུབ་པ་དེས།། འདོད་པའི་དངོས་གྲུབ་ཕྱག་རྒྱ་ཆེན་མོ ་རྣམ་པའི་མཆོག་དང་ཐམས་ཅད་དང་ལྡན་པའི་སྟོང་པ་ཉིད་དང་། སྙིང་རྗེའི་སྙིང་པོ་ཅན་བདེ་བ་ཆེན་པོའི་ཐབས་ཀྱིས་གཅིག་ཏུ་འདྲེས་པར་གྱུར་པ་བསྒོམ་པར་བྱའོ།། ཉི་མའི་སྣང་བ་ཡེ་ཤེས་ཀྱིས་ཕྱག་རྒྱ་ལ་དམིགས་པ་ཟུང་དུ་འཇུག་པའི་རྣལ ་འབྱོར་པ་ཞེས་པའོ།། ཇི་སྲིད་དུ་ནོར་བུའི་རྩེ་མོ་ནས་སྤྱི་བོར་དྲི་མ་མེད་པ་ཉིད་ཐོབ་པར་གྱུར་པ་དེ་སྲིད་དུ་མི་འགྱུར་བའི་བདེ་བ་དེ་བསྒོམ་པར་བྱའོ།། དེ་ལས་རྣལ་འབྱོར་པ་བརྩོན་འགྲུས་དང་ལྡན་པོ་རྣམས་ཀྱིས་སྐྱེ་བ་འདི་ཉིད་ལ་སངས་རྒྱས ་ཉིད་དོ་ཞེས་སོ།། དབང་མདོར་བསྟན་པར་ཡང་ལས་ཀྱི་ཕྱག་རྒྱའི་སྙོམས་འཇུག་དང་། ཡེ་ཤེས་ཕྱག་རྒྱ་སོགས་དམིགས་དང་། ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས།། མི་འགྱུར་བ་དེ་འཕེལ་བར་བྱེད།། ཅེས་སོ།། ཇི་སྲིད་བྱང་ཆུབ་སེམས་འདོར་བ།། ་སྐྱེ་གནས་ལས་ཐོབ་རྒྱུན་མ་ཆད།། དེ་སྲིད་དུ་ནི་རྣལ་འབྱོར་པས།། མི་བྱ་ཀུན་ཏུ་དགའ་བ་མཆོག། བདེ་བའི་རང་བཞིན་དེ་ཉིད་ཀྱི།། ལྡན་པའི་སངས་རྒྱས་གཟུགས་བརྙན་ནི།། ཇི་སྲིད་ཁུ་བ་བརྟན་གྱུར་པ།། བདག་ཉིད་རྟག་ཏུ་བསྒོམ་པར་བྱ།། ་ལྟོ་བར་རྒྱུ་མཐུན་ཉིད་དུ་བརྗོད།། སྙིང་གར་རྣམ་པར་སྨིན་པར་དཱན།། མགྲིན་པར་སྐྱེས་བུ་བྱེད་པ་ཉིད།། སྤྱི་བོར་དྲི་མེད་ཉིད་རབ་གསལ་ཞེས་གསུངས་སོ།། སྐྱ་རེང་འཆར་བའི་དུས་དག་ཏུ།། ཟླ་བ་ཉ་བ་དེས་བསྒྲུབ་བྱ་ཞེས་སོ།། འདིར་འདོད་པ ་པ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ།། དངོས་གྲུབ་ནི་དམིགས་པ་དང་བཅས་པའི་སྟོང་པ་ཉིད་ཆེན་པོ་རྣལ་འབྱོར་པའི་རང་རིག་པར་བྱ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་སོ།། འགྱུ་བ་དང་གཡོ་བའི་དངོས་གྲུབ་དག་དང་། མཆོག་གི་དངོས་གྲུབ ་ཕྱག་རྒྱ་ཆེན་མོ་སངས་རྒྱས་ཀྱི་ཡོན་ཏན་མ་ལུས་པར་སྟོར་བར་སངས་རྒྱས་ཀྱི་གཟུགས་བརྙན་སྣ་ཚོགས་པའི་མཚོན་ཉིད་བསྒོམ་པར་བྱའོ་ཞེས་སོ།། ཡང་ན་ཕྱིའི་ཡན་ལག་མེད་པ་ལ་ལག་པའི་ཕྱག་རྒྱ་གསོར་བས་ཡེ་ཤེས་ཀྱི་ཕྱག་རྒྱ་དང་ལྷན ་ཅིག་གཟུགས་གཅིག་ཏུ་གྱུར་པ་ཐམས་ཅད་སྟོང་པ་སངས་རྒྱས་ཀྱི་གཟུགས་བརྙན་ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ།། གསུངས་པ་ཡང་སྐྱོན་དང་བཅས་པའི་ཕྱག་རྒྱ་ཡོངས་སུ་སྤང་བར་བྱའོ།། ཕྱག་རྒྱ་བཟང་མོ་བདེ་བ ་བསྒོམ་པའི་དོན་དུ་གཟུང་བར་བྱའོ།། དེ་ནི་མེད་པ་ལག་པའི་སྦྱོར་བའི་ཕྱག་རྒྱ་རང་ལ་རག་ལས་པ་སེམས་ཀྱི་ནུར་བུ་སྤངས་པ་ཡི་ཞེས་སོ།། རང་གི་ལག་གིས་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོར་བྱེད་པ་ཞེས་ཀུན་སྤངས་རྣམས ་ལ་གསུངས་སོ།། ཡང་ན་ལས་ཀྱི་ཕྱག་རྒྱ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱས་རྣམ་པར་རྟོག་པས་སྙོམས་པར་ཞུགས་པ་ཕྱག་རྒྱ་ཆེན་མོ་རྣམ་པར་མི་རྟོག་པ་ལ་དམིགས་པར་བྱའོ།། སྐྱེ་དགུའི་བདག་པོ་འམ་རྣལ་འབྱོར་པས་སོ།། དེ་བཞིན་དུ་ལས་དང ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི་རབ་ཏུ་ཆགས་པས་མཆོག་གི་དགའ་བོའི་གནས་སྐབས་འཕགས་པས་ཅི་ཡང་མི་སྨྲ་བའི་དངོས་པོས་བསྒོམ་པར་བྱའོ་ཞེས་དགོངས་པའོ།། ད་ནི་བདེ་བ་ཆེན་པོའོ་མཆོད་པ་བརྗོད་པར་བྱ་སྟེ། རང་རྫས་ཐིག་ལེས་སངས་རྒྱས ་དང་། བྱང་ཆུབ་སེམས་དཔའ་མཆོད་པར་བྱ་ཞེས་པ་ནི། རྟོག་པའི་རྣལ་འབྱོར་པས་བསྒྲུབ་པ་ཆེན་པོའི་རྣལ་འབྱོར་དབང་བསྐུར་བས་རྣམ་པར་བསྒོམ་པར་བྱ་བ་ཕྱག་རྒྱ་ལ་རྗེས་སུ་ཆགས་པར་བྱེད་པའི་ཡིད་བྱིན་གྱིས་བརླབ་པའི་དོན་དུ་རུང ་རྫས་ཐོག་ལེ་རྣམས་ཀྱི་རོ་མྱོང་བས་མཆོད་པར་བྱའོ།། མཆོད་པའི་རྡོ་རྗེ་ལ་སོགས་པ་ནི་སངས་རྒྱས་ལ་སོགས་པའོ།། ཕྱི་རོལ་དུ་སངས་རྒྱས་གཟི་བརྗིད་ནི་དཀྲོལ་འཁོར་ལ་སོགས་པར་གནས་པའི་སེམས་ཀྱི་ཐིག་ལེ་རྣམས་ཀྱིས་མིང ་མེད་ཀྱིས་ཇི་སྲིད་དུ་གསང་བར་འཕངས་པ་ལའོ།། རང་རྫས་ཐིག་ལེ་འཕོ་བ་མེད་པའི་ཡེ་ཤེས་རྣམས་ཀྱི་དེ་བཞིན་དུ་ནོར་བུའི་བུ་གར་ཕཊ་ཡིག་གིས་འཕོ་བ་མེད་པའི་ཡེ་ཤེས་ཀུན་དུ་གནས་པས་སངས་རྒྱས་རྣམས་མཉེས་པར ་བྱེད་དོ།། མཁའ་འགྲོ་མ་རྡོ་རྗེ་གུར་དུ་རབ་ཏུ་གསུངས་པ་ལུས་ལ། རང་རྫས་མཛེས་པ་ཉིད་ཀྱི་རྫས།། སྟོང་དང་ཤིན་ཏུ་སྟོང་པ་དང་།། སྟོང་པ་ཆེན་པོའི་རྒྱུད་དེ་ཡིས།། ཐམས་ཅད་སྟོང་པ་མངོན་སུམ་དུ།། བྱས་ལས་བདེ་ཆེན་སྐད་ཅིག ་གིས།། མཆོད་པར་བྱ་ཕྱིར་རྫོགས་པར་བྱ་ཞེས་སོ།། མཐར་ཐུག་པའོ།། ཐིག་ལེའི་མཆོད་པའོ།། ད་ནི་འདི་ཡི་འབྲས་བུ་གསུངས་པ།། མཐོང་བ་དང་ནི་རེག་པ་དང་།། ཐོས་པ་དང་ནི་དྲན་པས་ཀྱང་། ཊཱིན་པ་ཀུན་ལས་གྲོལ་བར་འགྱུར ་དེ་ལྟར་ཐེ་ཚོམ་མེད་པ་ཉིད་ཅེས་ཏེ།། མཐོང་བ་ནི་ནུ་མ་དང་སྐུ་དང་ལྡན་མའོ།། རེག་པ་ནི་ཡེ་ཤེས་ཀྱི་ཕྱག་རྒྱ་ལྷའི་གཟུགས་ཀྱིས་རྟག་པའི་ངོའི་འོ།། དེ་ལ་འདི་ལ་སྙོམས་པར་འཇུག་པའི་རིམ་པ་ཇི་ལྟར་གསུངས་པས། ཕག་མོ་དེ་རྣམ ་པར་བསྒོམས་ནས་སྤྱུགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ།། ཨོཾ་ཨཱཿདྷུ་ཧོ་ཧཾ་ཀཱ། སུ་དང་གསུང་དང་ཐུགས་དང་ལྟེ་བ་དང་གཙུག་ཏོར་དང་གསང་བ་རྣམས་སུ་དགོད་པར་བྱའོ།། དེ་ནས་རྐོ་ཆ་གཉིས་ཀྱིས་བྱིན་གྱིས་བརླབས་ནས ་པདྨ་དང་རྡོ་རྗེ་དག་ལ་ཨོཾ་བཾ་བསྒོམ་པར་བྱ།། ཡན་ལག་ལེ་དགོད་པ་བྱས་པས་དཔག་ཏུ་མེད་པ་ཟིལ་གྱིས་མནན་ནས་ཧཱུཾ་ཕཊ་བྱ་ཞིང་དགའ་བ་བ་རྣམ་པར་བྱའོ།། ཐོས་པ་ནི་ཐོབ་མོའི་ཆོས་སོ།། དྲན་པ་ནི་གནས་སོ།། དྲན་པའི་དོན ་ནོ།། མཐོང་བ་ཞེས་པ་ལ་སོགས་པ་ནི་དག་པའི་ཆོས་ཀྱི་རང་བཞིན་ལྷོན་ཅིག་སྐྱེས་པ་ཡིའོ།། དེ་ལས་རྒྱུ་མཐུན་པའི་བདེ་བ་ལ་རེག་པའོ།། དེ་ཉིད་བསོ་པས་ཏེ་ཤིན་ཏུ་དགའ་བའི་སྒྲ་དང་བླ་མིར་ཞལ་སྔ་ནས་ཐོས་པས་སོ།། ་ཡིད་ལས་རྫོགས་པ་དྲུག་གི་བསྙེན་པ་དང་སྦྱིན་པ་ལ་སོགས་པས་རྩ་བའི་ལྟུང་བ་ལས་གྲོལ་ཞིང་མི་དགེ་བ་སྤངས་པས་གྲོལ་བར་འགྱུར་རོ།། མཚམས་མེད་པ་ལ་སོགས་བྱས་པའི་སྡིག་པ་ལས་གྲོལ་བར་འགྱུར་རོ།། ངེས ་པའི་དོན་ནོ།། སྡིག་པ་གྲོལ་བ་བསོད་ནམས་བསྐྱེད་པའི་ཆོ་གའོ།། དེ་ལས་ཅིར་འགྱུར་ཞེ་ན་གསུངས་པ། རྣལ་འབྱོར་པ་ཉིད་བསོད་ནམས་མཆོག། དག་བྱེད་སྡིག་པ་འཇིག་བྱེད་པའོ།། བསྔགས་བཟླས་པ་དང་བསམ་གཏན་དང་།། བདེ་བ ་ཡིས་ཀྱང་བསྒྲུབ་པར་བྱ་ཞེས་སྒྲུབ་ཐབས་གསུངས་སོ།། རྣལ་འབྱོར་པ་ཉིད་ནི་མངོན་པར་ཤེས་པ་ལྔ་དང་དཀྱིལ་འཁོར་གྱི་འཁོར་ལོ་གྲུབ་པ། ས་བདུན་པའི་དབང་པོ་ཉིད། དེ་ནས་ས་བརྒྱད་པའི་དབང་པོ་ཉིད་དེ། སྤྱོད་དུས་སུ་ཡང ་དེ་བཞིན་དུ་གསུང་རྡོ་རྗེའི་ཏི་ངེ་འཛིན་ལ་གནས་པའི་སྔགས་པས་བརྒྱད་པའི་དབང་ཕྱུག་ཅེས་སོ།། ཡང་ན་ས་བཅུ་པའི་དབང་པོ་ཉིད་དེ་རང་བྱིན་གྱིས་བརླབ་པའི་ཡེ་ཤེས་ལ་སྐྱེས་པ་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་སྩོགས ་པའི་རྣལ་འབྱོར་པ་ཉིད་ཀྱང་སྲུབ་པར་བྱེད་དོ་ཞེས་པའི་དོན་ནི་སྒྲུབ་པའི་ཕྱིར་ཞེས་པའི་དོན་ནོ།། སྡུག་ཀྱི་བཟླས་པས་ནི་སྔགས་རྣམས་གསུངས་ཏེ། སྔགས་ཀྱི་སྒོ་ནས་ཨོཾ་སུམྦྷ་ནི་སུམྦྷ་ཧུ~ཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ ་པ་ཡ་གྲྀཧྞཱ་པ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་བཱན་བཛྲ་ཧུཾ་ཧཱུཾ་ཕཊ་ཞེས་པ་ཞལ་བཞི་པའི་སྔགས་སོ།། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རི་ཤཱ་ཡ། མ་ཧཱ་ཀེལྤགྣི་སིནྡྷུ་བྷཱ་ཡ། ཛ་ཊ་མུཾ་ཀུཊོཏྐ་ཊཱ་ཡ། དཾཥྚ་ཀ་རཱ་ལོ་གྲྀབྷཱི་ཥ་ཎ་མུ་ཁཱ་ཡ། ས ་སྱཱབྷུ་ཛ་བྷཱ་སུ་རཱ་ཡྲ། པ་ར་ཤུ་པཱ་ཤོ་དྱཱ་ཏཥ་ཤཱུ་ལ་ཁ་ཌྷཾ་ག་དྷཱ་རི་ནི་ཁཱགྣི་ཛ་ནཱ་མྦ་ར་དྷ་རཱ་ཡ། མ་ཧཱ་དྷུསྠཱནྡྷཱ་ཀཱ་ར་པ་པུཪྵ་ཡ། ཞེས་པ་དང་པ་བརྒྱད་པའི་སྔགས་སོ།། ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ་བྷནྟ་དྷ་བྱཱནྟ་དྷ་ཏྲཱ་ས་ཡ་ཏཱ་ས་ཡ་ཀྵོ་བྷཱུ་ལཱ་ཀྵོ་བྷ་ཡ། ་པྟཱཿ་པཱཙྪ་དྲྀཿ། ནྟི་པཿ། \ུ0f7fཌྷྭེ་བྷཱུཿ། བ་སནྡྷི་དྷ་རཱནྣམྦྷ་ལྱཱ་བ་ལ་ལི་མྦྷིན། བྲཱདྡྷ་གྷཿསབྷཱ་བ་ཏཱ་ལཱ་ཀ་ཏ་བྷཱུཛདྷི་སརྦྦཱ་། ཛཱ་ས་ཏཎྜ་ཡ་ཨཱ་ཀཱམྦྷཿ་ཛྷིདྷཾ། བྷྲཱུཾ་དྷཱ ་ཀི་ལི་ཀི་ལི་སཾ་ལི་སི་ལི་ཙི་ལི་ཧཱུ~ཾ་ལཾ་དྷི་ལི་དྷི་ལི་ཧུཾ་ཧཱུཾ་ཕཊ། ཞེས་པ་རྐང་པ་ཉྩི་ཤུ་རྩ་བཞི་པའི་སྔགས་སོ།། ཡི་གེའི་གྲངས་སྟེང་དུ་ནི་དགུ་བཅུ་རྩ་བདུན་ནོ།། བྱི་མ་ལ་ཡང་རྒྱའོ།། ཨོཾ་ཡིག་ལ་སོགས་པ་ན་ཧུ~ཾ་ཧཱུཾ་པཊ་ཀྱཻ་ཝ~ཾ ་མཐར་ཐུག་བརྩ་བའི་སྔགས་སོ།། དེ་བཞིན་དུ་ཡང་སྙིང་པོ་ལ་སོགས་པའི་སྔགས་ཀྱང་ཤེས་རབ་དང་ཐབས་ལ་སོགས་པ་རྣམས་ཀྱིས་རྟོགས་པར་བྱའོ།། འདི་རྣམས་ཀྱི་རབ་ཏུ་བརྗོད་པའི་བཟླས་པས་སོ།། བསམ་གཏན་གྱིས ་ཀྱང་ནི་དཀྱིལ་འཁོར་གྱི་འཁོར་ལ་སོགས་པ་རྣམ་པར་རྟོག་པའི་བསམ་གཏན་གྱིས་སོ།། ཀྱང་ཡིག་ལས་ཕྱི་རོལ་གྱི་སྦྱིན་སྲེག་དང་། ཚེགས་ཀྱི་འཁོར་ལོ་དང་གཏོར་མ་སྦྱིན་པས་ཀྱང་ངོ་།། བདེ་བ་ཡིས་ཀྱང་ནི་ལས་ཀྱི་ཕྱག་རྒྱ་དང་། ་ཡེ་ཤེས་ཀྱིས་ཕྱག་རྒྱའི་འགྱུར་བ་དང་གཡོ་བའི་བདེ་བས་སོ།། ཀྱང་ཡིག་ལས་དམ་ཚིག་ཀྱང་བས་འོག་མན་གྱི་སྲིད་པའི་མཐར་ཐུག་པའི་བདག་པོ་ལོ་བཅུ་གཉིས་རྣམས་ཀྱིས་འདི་ཉིད་ཁོ་ནར་འགྲུབ་པར་བྱེད་དོ།། ཞེས་པ་དྲང་བའི ་དོན་ཏོ།། རྣལ་འབྱོར་པ་ཉིད་ནི་རྡོ་རྗེ་འཆང་ཉིད་དོ།། དེ་ཉིད་ཁོ་ན་མཆོག་སྟེ་གཉིས་སུ་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་དོ།། བསསོད་ནམས་ན་བསོད་ནམས་ཀྱི་ཚོགས་རྫོགས་པ་ཉིད་ཀྱི་ཕྱིར་རོ།། ངག་བྱེད་ནམ ་ཤེས་ཀྱི་ཚོགས་པ་ཉིད་ཀྱི་ཕྱིར་རོ།། སྡིག་པ་འཇིག་བྱེད་པ་ནི་ཚུལ་ཁྲིམས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཉིད་ཀྱི་ཕྱིར་རོ།། སྔགས་བཟླས་པ་དང་ཞེས་བྱ་བ་ལ་སོགས་པས་རིམ་པ་མིན་པས་གསུངས་པའི་ཡན་ལག་གསུམ་གྱིས་ཡན་ལག་དྲུག་པོ་རྣམས ་རྟོགས་པར་བྱ་སྟེ། དེ་རྣམས་ཀྱིས་ཀྱང་བསྒྲུབ་པར་བྱའོ།། བྱིས་པ་ལས་དང་པོ་པ་རྣམས་ཀྱིས་འདོད་པའི་དངོས་གྲུབ་སྒྲུབ་པ་ལ་ཡང་གསུངས་པ། འདོད་པ་ཉེ་བར་ལོངས་སྤྱོད་པས་ཡན་ལག་དྲུག་གི་སྒྲུབ་ཐབས་སོ།། འདིར་ཕྱག་རྒྱ་ཆེན་མོའི་སྒོ་ནས ་ཡན་ལག་དྲུག་བརྗོད་པར་བྱའོ།། དཔལ་འདུས་པ་ཕྱི་མར་ཡང་མཆོག་གི་ཡན་ལག་དྲུག་རྣམས་ཀྱིས་ཤེས་སོ།། དེ་ཉིད་དུ་གསུངས་པ། སོར་སྡུད་དེ་བཞིན་བསམ་གཽཏན་དང་། སྲོག་རྩེ་ལ་དེ་ནས་འཛིན་པ་དང་། རྗེས་སུ་དྲན་དང་ཏིང་ངེ་འཛིན།། ་རྣལ་འབྱོར་ཡན་ལག་དྲུག་ཏུ་འདོད།། དཔལ་དུས་ཀྱི་འཁོར་ལོར་ཡང་ངེས་པར་བསྟན་པ། སོ་སོར་བསྡུད་པས་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ།། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་པའོ།། སྲོག་གི་རྩོལ་བ་དག་ཀྱང་ལམ་ནི་གཉིས་པོ་བསྒྱེལ་ཞིང་དབུ་མར་སྲོག་ནི་ཞུགས་པ་དག་ཏུ་འགྱུར།། ཐིག་ལེར་སྲོག་ནི་རབ་ཏུ་ཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས ་པ་འཛིན་པའོ།། གཏུམ་མོའི་སྣང་བར་གང་ཞིག་གྱུར་པ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར།། ཤེས་རབ་ཐབས་ཀྱིས་བདག་ཉིད་ཀྱིས་མི་འགྱུར་མེད་བདེ་བའི་དྲུང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན་ཞེས་སོ།། ་འདིའི་རྒྱས་པར་བཤད་པ་གསུངས་པ། འདིར་སོ་སོར་བསྡུད་བ་ཞེས་བྱ་བ་ནི་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པ་རྣམས་ཀྱིས་འབྲེལ་པས་རྣམ་པར་ཤེས་པ་རབ་ཏུ་འཇུག་པ་མེད་པ་སྟེ། སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་གཞན ་མིག་ལ་སོགས་པ་རྣམ་པ་ལྔ་པོ་རྣམས་ཀྱི་རབ་ཏུ་འཇུག་པའོ།། ཤ་ལ་སོགས་པའི་མིག་རྣམས་ཀྱིས་སྟོང་པ་ཉིད་ལ་དམིགས་པར་འགྱུར་རོ་ཞེས་པའི་དོན་ཏོ།། དེ་ནས་དེ་ཉིད་ལ་བལྟ་བ་ནི་ཤེས་རབ་བོ།། རྟོག་པ་ནི་སེམས་ཀྱི་དངོས་པོ་འཛིན ་པའོ།། དཔྱོད་པ་ནི་དེའི་དོན་ངེས་པའོ།། དགའ་བ་ནི་གཟུགས་ལ་ཆགས་པའོ།། གཡོ་མེད་བདེ་བ་ནི་སྟོང་པ་ཉིད་དང་ལྷན་ཅིག་སེམས་གཅིག་ཏུ་བྱེད་པ་གཡོ་མེད་བདེ་བ་མཆོག་ལས་བསྒོམ་པ་ཞེས་པ་བསམ་གཏན་ཡན་ལག་ལྔའོ།། ་དེ་ནས་སྲོག་གི་རྩོལ་བ་ཞེས་པ་གཡོན་པ་དང་། གཡས་པའི་ལམ་བསྒྱེལ་བས་གཅིག་ཅར་ཉིད་དུ་འབབ་པ་སྟེ་སེམས་ཀྱི་བཟླས་པའོ།། དེ་ནས་འཛིན་པ་ཞེས་པ་ཐིག་ལེར་ཏེ་དཔྲལ་བར་སྲོག་ནི་རབ་ཏུ་ཞུགས་ཤིང་ཕྱི་རོལ་ཏུ་རྒྱུ་བ་མེད་པར ་ཡང་དག་པར་སྡོམ་པའོ།། དེ་ནས་རྗེས་སུ་དྲན་པ་ཞེས་བྱ་བ་རང་གི་འདོད་པའི་ལྷ་མཐོང་བ་རྣམ་པར་རྟོག་པ་དང་བྲལ་བའོ།། དེ་ནས་ཏིངངེ་འཛིན་ཞེས་བྱ་བ་ཤེས་རབ་རང་གི་སེམས་ཀྱིས་སོ་སོར་སྣང་བ་དེས་ལྷན་ཅིག་པའི་མི་འགྱུར་བའི ་བདེ་བའི་གོ་འཕང་ཐོབ་པ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་ཕྱིར་གཟུང་བ་དང་འཛིན་པ་དང་བྲལ་བའི་སེམས་ཞི་བའི་བདེ་བ་ཆེན་པོ་ཞེས་པ་ཡན་ལག་དྲུག་གི་སྒྲུབ་ཐབས་སོ།། འབྲས་བུ་ནི་དཔལ་དུས་ཀྱི་འཁོར་ལོར་གསུངས ་པ། སོ་སོར་བསྡུས་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། མངོན་པར་ཤེས་པ་ལྔ་ནི་ཐོབ་འགྱུར་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ།། སྲོག་གི་རྩོལ་བས་དག་པ་རི་བོང་ཅན ་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། བདུད་དང་ཉོན་མོངས་ལ་སོགས་ཉམས་ཤིང་སྟོབས་བཅུ་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ།། རྗེས་སུ་དྲན་པའི་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར ་དངག་ཀྱང་ཡེ་ཤེས་གཟུགས་ལས་སོ།། དཾ་ནས་ཏིང་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་དག་གིས་ཡེ་ཤེས་ལུས་ནི་འགྲུབ་པར་འགྱུར་ཞེས་སོ།། ལྷའི་རྣལ་འབྱོར་དང་ལྡན་པ་ཕྱག་རྒྱ་ཆེན་མོ་བསྒོམ་པ་སོ་སོར་སྡུད་པས་བཅུ་དྲུག་ལས ་ཡོངས་སུ་རྫོགས་པ་འམ། གང་གི་ཚེ་ལོ་ཕྱེད་ཀྱིས་གཟུང་བྱ་སེམས་དང་། འཛིན་པ་པོའི་སེམས་བརྟན་པར་གྱུར་པ་དེའི་ཚེ་ཚིག་གི་མཆོག་སྦྱིན་པར་བྱེད་དེ་ཤའི་མིག་ཏུ་ཡང་འགྱུར།། གྲང་གི་ཚེ་བསམ་གཏན་དག་པ་དེའི་ཚེ་མིག་མི་འཛུམ ་བལྷའི་མིག་དང་ལྷའི་རྣ་བར་འགྱུར་རོ།། གང་གི་ཆ་རྟག་ཏུ་དབུ་མར་འབབ་པ་དེའི་ཚེ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རབ་ཏུ་བསྔགས་པར་འགྱུར་རོ།། རླུང་བཅུ་འགགས་པ་ལས་སེམས་ཐིག་ལེར་གནས་པ་འགྲོ་བ་དངའང་བ ་བྱལ་སྟོང་པ་ཉིད་རབ་ཏུ་ཐོབ་པ་དེའི་ཚེ་བདུད་ལ་སོགས་པ་ཉམས་པར་བྱེད་དོ།། གང་གི་ཚེ་སྟོང་པ་ཉིད་ལ་ཆགས་པ་སྟོབས་བཅུ་ཉིད་ཐོབ་པ་སྒྲིབ་པ་མེད་པའི་སེམས་འདོད་པའི་གནས་སྐབས་བཅུ་ཐོབ་པ་དེའི་ཚེ་འོད་ཟེར་ལྔ་དང་ལྡན་པར་འགྱུར་རོ།། ་ཏིངངེ་འཛིན་གྱི་བདེ་བ་དེ་གང་གི་ཚེ་ལོ་གསུམ་དང་ཕྱོགས་གསུམ་གྱིས་གཙུག་ཏོར་དུ་ཕྱིན་པ་དྲི་མ་མེད་པ་ཐོབ་པ་དེའི་ཚེ་ཡེ་ཤེས་ཀྱི་ལུས་ཏེ་དུས་དེར་རིན་པོ་ཆེ་ལ་སོགས་པ་དེའི་ཆར་འབབ་པར་འགྱུར་རོ།། མཁའ་འགྲོ་མ་རྡོ་རྗེ་གུར་དུ་འབྲས ་བུ་ནི། འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། ཇི་སྲིད་རྡོ་རྗེའི་ལུས་དང་ལྡན།། ཁམས་གསུམ་རྒྱུ་དང་མི་རྒྱུ་བ།། མ་ལུས་ལུས་པ་མེད་པར་འགྲུབ།། བློ་དང་ལྡན་པ་ཡེ་ཤེས་ལྡན།། དེ་ཡི་རྗེས་སུ་ཐམས་ཅད་འབྲང་ཞེས་སོ།། དོན ་དམ་པ་ལ་སོགས་པ་འདིའི་ལམ་སྒོམ་པའི་ཉེ་བར་བསྟན་པ་རྒྱུད་རྣམས་སུ་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དུ་བ་ལ་སོགས་པ་མཚན་མ་དག་དང་ནི།། སྲོག་རྩོལ་གྱིས་ནི་དབུ་མ་རེ་འབབ་པ་དང་། རིག་མའི་བརྟུལ་ཞུགས་དག་གིས ་རྡོ་རྗེ་ནི།། ལྟུང་མིན་སྟེང་དུ་ཁུ་བའི་ལམ་འདིས་ནི།། སངས་རྒྱས་ཀུན་བདེ་རྣལ་འབྱོར་པས་ཐོབ་འགྱུར་ཞེས་དང་། སླར་ཡང་དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡི། སྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། དེ་ཉིད ་དུ་ནི་རྐྱང་མ་དག་དང་ནི། རོ་མ་གཅིག་ཏུ་སྦྱར་བས་མཐོང་བར་འགྱུར་ཞེས་ཏེ་ངེས་པོའི་དོན་ནོ།། ད་ནི་དམ་ཚིག་བསྲུང་བ་བརྗོད་པར་བྱ་སྟེ། ལེགས་པར་མཉམ་གཞག་སྒྲུབ་པ་པོས། རྟག་ཏུ་དམ་ཚིག་བསྐྱང་བར་བྱ།། ཞེས་པ། ་འདིས་དམ་ཚིག་དཔལ་འདུས་པར་བརྗོད་པ་རྣམས་དང་། རྡོ་རྗེ་མཁའ་མཁའ་འགྲོ་མ་ལ་སོགས་པའི་སྒྲུབ་ཐབས་སུ་མུ་སྟེགས་པ་རྣམས་ཀྱི་རྣམ་པ་སྣ་ཚོགས་པ་དང་ཞི་བ་ཉིད་དང་དྲག་པོ་རྣམས་ཀྱི་བྱ་བ ་རྣམས་འཇིག་རྟེན་གྱི་རབ་ཏུ་འཇུག་པ་ལས་བསྟོད་ནམས་ཀྱི་ཚོགས་ཀྱི་དོན་དུ་སྡོམ་པ་དང་ལྡན་པའི་རྣལ་འབྱོར་པས་བསྐྱང་བར་བྱའོ།། དཔལ་འདུས་པ་ཡང་། ངོ་བོ་ཉིད་ཀྱི་ཀུན་འབྱུང་བ།། ཁམས་གསུམ་དག་ན་རྣམ་པར་སྦྱོང་།། ་སེམས་ཅན་ཀུན་ལ་ཕན་འདོད་པས།། དམ་ཚིག་མཐའ་དག་སྤྱད་པར་བྱ་ཞེས་སོ།། རང་གི་བདག་པོ་ཉིད་ཁོ་ནས་དང་པོའི་དུས་ཅན་གྱི་ཚངས་པ་ལ་སོགས་པའི་རྫུ་འཕྲུལ་ཆེན་པོ་རྣམས་སྣོད་རྣམས་ཀྱིས་ལྷན་ཅིག་སྐྱེས་རང་བཞིན ་སྣ་ཚོགས་ཀྱི་འཇུག་པས་སེམས་ཅན་གྱི་དོན་དུ་འགྱུར་བ་གང་ཡིན་པ་དེའི་ཕྱིར། འཇིག་རྟེན་པ་རྣམས་ཀྱི་དམ་ཚིག་ཐམས་ཅད་ཀུན་དུ་སྤྱོད་པར་བྱའོ་ཞེས་པ་འདིའི་དོན་ནོ།། གུར་གྱི་རྒྱུད་དུ་ཡང་། རང་བཞིན་ཆོས་ནི་སུན་མི་དབྱུང་ཞེས།། ་རྣལ་འབྱོར་གྱི་རྒྱུད་དུ་ཡང་། ཕ་རོལ་སྨྲ་བ་གང་ཡང་རུང་།། མཚན་མའི་དབྱེ་བས་རྣམ་པར་གནས།། དེ་འདིར་བསྡུས་པར་མི་བྱ་སྟེ།། རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན་ཞེས་པ་དང་། ཚངས་པ་སྐུ་ཡི་རྡོ་རྗེ་འཛིན། ཞེས་པ་ལ ་སོགས་པོ་འདི་ལས་བྱའོ།། སྒྲ་ཇི་བཞིན་པའོ།། དམ་ཚིག་བྱེ་བས་དཀྱིལ་འཁོར་དུ།། འདོད་པའི་དངོས་གྲུབ་ཐོབ་མི་འགྱུར།། ཞེས་པ་དམ་ཚིག་བྱེ་བའི་ཉེ་བ་བརྗོད་པར་བྱ་སྟེ་གསུངས་པ་ཡང་། དཀྱིལ་འཁོར་དེས་སྡོམ ་དུས་དང་ནི།། བརྡ་དང་སྔགས་དང་ཕྱག་རྒྱ་དག། ལྷ་རྣམས་དང་ནི་གྲུབ་མཐའ་ལ།། རྒྱལ་བ་རྣམས་ཀྱི་དམ་ཚིག་བསྒྲགས། ཞེས་སོ།། དེའི་དབྱེ་བ་གསུངས་པ། སྲིད་པ་དེ་ཕྱིན་ཅི་ལོགས་ཏུ་གྱུར་པ་དེས་མངོན་པར་འདོད་པའི་དོན་དུ ་མི་འགྱུར་རོ།། དམ་ཚིག་ཡང་དག་པོར་བསྲུངས་པ་ལས་དངོས་གྲུ་བོ་ཞེས་སོ།། དེ་བཞིན་དུ་ཡང་། ལྷ་རྣམས་སྲིན་པའི་གཟུགས་ཅན་གྱིས།། དོམ་ཚིག་ལས་ནི་ཉམས་པར་བྱེད།། བ་བྱུང་ལ་སོགས་སར་མཐོང་ནས།། སྲིན་པོ་རྣམས ་ནི་རིང་དུ་འགྲོ། ལྷ་རྣམས་བཤང་བ་སོགས་མཐོང་ནས།། རང་གི་གནས་ནི་རྣམ་པར་འདོར་ཞེས་སོ།། འདི་ལས་དམ་ཚིག་རྣམས་དཀྱིལ་འཁོར་ལ་སོགས་པར་བསྙེན་པ་བྱའོ།། གང་གི་ཚེ་སངས་རྒྱས་ལ་སོགས་པ་ལྷ་ཞི་བ་རྣམས་ཀྱི་བྱ་བ་ནི་མཁའ ་འགྲོ་ལ་སོགས་པ་དྲག་པོ་སྲིན་པོའི་དམ་ཚིག་གིས་བྱས་པ་དེའི་ཚེ་འགྲུབ་པར་འམི་འགྱུར་ཏེ། གསུངས་པ་ཡང་དམ་ཚིགས་གཞན་དང་བྱ་བ་གཞན་གྱིས་འགྲུབ་པར་མི་འགྱུར་ཏེ་སྒྲུབ་པ་པོ་རྣམས་འཆི་བར་འགྱུར་རོ་ཞེས་སོ།། མཆོག་གི ་དང་བའི་སངས་རྒྱས་སུ་ཡང་གསུངས་པ། མི་ཕྱེད་ལམ་ལ་གནས་པ་ཡིས།། དམ་ཚིག་བཞི་པོ་བསྲུང་བར་བྱ།། གོ་ཀུ་ལ་སོགས་རྟག་ཏུ་བཟའ།། དམ་ཚིག་འདི་ནི་འདའ་དཀའ་བའོ།། དམ་ཚིག་བཞི་ནི་རླུང་བཏུང་བ་དང་། བདུད་ནི་ལ ་དང་། སྒྲོན་མ་བཟའ་དང་། བུད་མེད་དང་འགྲོགས་པས་ཁུ་བ་མྱང་བ་ཡང་ངོ་།། སྔགས་ཀྱི་སྤྱོད་པ་ལ་བརྟེན་ནས། རྟག་ཏུ་བཟའ་བར་བྱའོ།། རིགས་སུ་འཛིན་པ་གཞོན་པའི་ཕྱིར་དུ་ལྷ་རྣམས་ཚིམ་པར་བྱའོ།། ཁྱིམ་པ་རྣམས ་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་སོ།། དགེ་ཚུལ་ལ་སོགས་པ་རྣམས་ཀྱིས་བཟའ་བར་མི་བྱའོ།། སྒྲ་ཇི་བཞིན་པའོ།། དེ་ནས་གཞན་ཡང་རབ་འཆང་བྱེད།། ཕྱི་རོལ་བདུད་རྩི་ལྔ་མཛེས་པ།། སྦྲང་རྩི་ཁྲག ་དང་ག་པུར་བཅས།། ཙན་དན་དམར་པོ་དང་སྒྱུར་བ།། ཚོགས་ཀྱི་དབུས་སུ་རབ་ཞུགས་ནི།། ཐམས་ཅད་རྡོར་མཚན་མཚན་མ་འཛིན།། ཞེས་པ་བདུད་རྩི་ལྔ་བཟའ་བ་ངེས་པར་བསྟན་ནོ།། སྦྲང་རྩི་ནི་རྐང་ངོ་།། ཁྲག་ནི་རྡུལ་ལོ།། ་གྲཝ་པུར་ནི་ཁུ་བའོ།། ཙན་ངན་དམར་པོ་ནི་བཤད་པའོ།། ཚེགས་ཀྱི་དབུས་སུ་རབ་ཞུགས་ནི་གཅི་བའོ།། བཤད་པའི་རྒྱུད་རྡོ་རྗེ་མཁའ་འགྲོར་གསུངས་པ། དབང་པོ་ཐམས་ཅད་རྣམ་གྲོལ་བ།། ཚོགས་ཀྱི་དབང་པོར་གང ་ཞིག་འགྱུར། ཞུན་པ་ཞེས་དགོངས་སོ་སྦྱར་བ་ནི་སྒྲོན་མ་ལྔ་སྦྲང་རྩི་ལ་སོགས་པ་རྣམས་ཀྱིས་སོ།། ཐམས་ཅད་རྡོར་མཚན་མཚན་མ་འཛིན་ནི་ཧྲ་ཏི་ཡིག་བཀོད་པའི་སྔགས་པས་བཟའ་བར་བྱའོ།། སྦྱོར་བ་ནི་རྒྱ་ཆེར་འགྲེལ ་དུ་གསུངས་པའི་རིལ་བུའི་ཆོ་ག་བརྗོད་པ་ཐོག་མར་རང་གི་བདུད་རྩི་རྣམས་དང་། གོ་ཀུ་ལ་སོགས་པ་རྣམས་ཀྱི་ཤ་ཇི་ལྟར་རྙེད་པ་གཟུང་ནས་དེ་གཉིས་ཟོས་པའི་ཟླ་བ་འམ་དུས་གཞན་ལ་བུ་མ་སྐྱེས་པའི་གཞོན་ནུ་མའི་དབང་པོ ་གཟུང་བ་ལ་དགའ་བ་བྱས་ནས་ཧཱུཾ་ཕཊ་ཞེས་པས་བྱང་ཆུབ་ཀྱི་སེམས་ཕྱུང་ནས་པདྨའི་གནོད་དུ་རྡོ་རྗེས་གཟུང་བར་བྱའོ།། གཉིས་པ་ལ་རོ་ལ་མཆོད་པ་བྱས་ནས་རྐང་གསུམ་པ་ལ་ལོ་བཅུ་གཉིས་མ་ལ་མཆོད་པ་བྱས་ནས ་རྡུལ་ལ།། བཞི་པ་རང་གི་གཅི་བའོ།། ལྔ་པ་ལ་བཤང་བ་གཟུང་བར་བྱའོ།། ནམ་མཁའ་ལ་སོགས་པའི་འཕེལ་བས་མ་ཤ་ཀ་བཅ་ལྔའོ།། དེ་བཞིན་དུ་དྲུག་པ་ལ་སོགས་པའི་ཚེས་ལྔ་ལ་མི་དང་། རྟ་དང་གླང་པོ་ཆེ་དང་། ་ཁྱི་དང་། བ་ལང་གཱི་ཤ་རྣམས་གཟུང་བར་བྱ་སྟེ། མ་ཤ་བཞིའི་བདག་ཉིད་ཀྱི་ཆ་གཅིག་ལ་སོགས་པ་འཕེལ་བས་མ་ཤ་ཀ་དྲུག་ཅུའོ།། བཅུ་གཅིག་པ་ལ་ཟས་མ་ཟོས་པ་ལ་ཆང་འཐུང་ཏེ་སྐྱུག་པར་བྱས་ནས་དེས་མ་ཤ་ཀ་བདུན ་ཅུ་རྩ་ལྔའི་བདུད་རྩི་དང་། སྦྲང་རྩི་བཅོ་ལྔ་རྣམས་ཀྱིས་ལྷན་ཅིག་ཏུ་བརྟགས་ནས་ཅེ་སྤྱང་གི་པགས་པར་བཅུག་ནས་ཐོད་པ་ཁ་སྦྱོར་དུ་བྱས་ཏེ་མཚན་མོ་ཤི་བ་དང་མ་ཤི་བ་ལྷན་ཅིག་བསྲེགས་པར་ཁྲུ་གང་གྲུ་གསུམ་པའི་དོང ་བྲུས་ནས་དེར་བཅུག་སྟེ་མཆོད་པར་བྱའོ།། ཨོཾ་བཛྲ་ཀྲོ་དྷི་ཤྭ་རི་སརྦ་བྷཱ་ཎཱི་ཤོ་དྷ་ཡ་ཧཱུཾ་ཕཊ། ཞེས་པས་གཏོར་མ་སྦྱིན་པར་བྱའོ།། དེ་ནས་གཤེགས་སུ་གསོལ་ཞེས་བྱ་བ་ལ་སོགས་པ་དང་། ཨོཾ་ཤྲཱི་ཧེ་རུ་ཀ་ཞེས ་བྱ་བ་ལ་སོགས་པ་དང་། ཨོཾ་སུམ་བྷ་ཞེས་བྱ་བ་ལ་སོགས་པས་གཏོར་མི་བྱིན་ནས་བདུད་རྩི་བསྔགས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་པའི་རལ་གྲི་བཞག་ནས་མཆོད་པར་བྱའོ།། ཡི་གེ་བཅུ་པས་བསྲུང་བ་བྱས་ནས་ལྷའི ་སྔགས་ཀྱིས་རང་གི་ཁྱིམ་དུ་བཅུ་གཉིས་པ་ལ་ཐུན་བཞིར་ཞལ་བཞི་པའི་སྔོགས་དང་། བ་རུ་གསུམ་པ་ལ་རྐང་པ་བརྒྱད་པ་དང་། བཅུ་བཞི་པ་ལ་ཀ་ར་ཀ་ར་ལ་སོགས་པཟླས་པར་བྱའོ།། དེ་ནས་ཉི་གཟོས་གཟུང་བ་དང ་བཏོན་ནས་མའི་ཞག་གིས་མོན་སྲན་སྡེའུའི་ཚད་ཙམ་གྱི་རིལ་བུར་བྱའོ།། གང་གིས་ཉེ་བར་བསྟན་པ་ལོངས་སྤྱོད་བསང་གཏོར་བྱས་ནས་བཞག་པར་བྱ་སྟེ་དེ་ཡིས་ཐམས་ཅད་དུ་དག་པའོ།། དམ་ཚིག་གི་རི་བུའི་ཆོ་ག ་ད་ནི་ཚེགས་ཀྱི་འཁོར་ལར་ཞི་བའི་བཏུང་བ་རྒྱས་པར་འཆད་དེ་ཞེས་མང་མེད་མཐེ་བོང་གདེང་དག་གིས། རྣལ་འབྱོར་རིགས་པས་བཟའ་བར་བྱ།། ཞི་བའི་བཏུང་བ་བཞིན་མྱོངས་པས།། དངོས་གྲུབ་རྟག་པ་ཐོབ་པར་འགྱུར་ཞེས་སྦྱངས་པའི ་ཆང་གིས་གཙོ་བོ་ལ་དྲུག་སྐྱེས་ཀྱི་སྔགས་ཀྱིས་ཡང་དག་པར་ཚིམ་པར་བྱ་ཞིང་བདག་ཉིད་ཚིམ་པར་བྱའོ།། བཤད་པའི་རྒྱུད་དུ་ཡང་།། དང་པོར་བླ་མ་ལ་ཕུལ་ནས།། དེ་མ་ཐག་ཏུ་སངས་རྒྱས་རྣམས།། ང་མཐར་ཕྱག་རྒྱ་ལ་བྱིན་ནས།། ཞི་བའི ་བཏུང་བ་བཞིན་དུ་མྱང་ཞེས་སོ།། ཞི་བའི་བཏུང་བ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་མུ་སྟེགས་པ་རྣམས་ཀྱི་སྒྲུབ་པའི་ཕྱོགས་རྣམས་ལ་འགྱུར་ཏེ། ཁྲག་དང་བཅས་པའི་བ་ལང་གི་པགས་པར་སོམ་པ་ལི་ཞེས་པ་བཞིན་དུ་ཉེ་བར་འཇལ ་བ་ལ་ཇི་ལྟར་ཞི་བའི་བཏུང་བ་སྡིག་པ་འཇོམས་ཤིང་དག་པར་བྱེད་པ་དེ་བཞིན་དུ་འདིར་ཆང་འཐུངས་པའོ་ཞེས་པའི་དོན།། མུ་སྟོགས་པ་རྣམས་ཀྱི་དེ་ཉིད་མཆོག་ཏུ་གཟི་བརྗིད་ཅན་ཉིད་ལས་སོ།། དངོས་གྲུང་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལས་སྐྱེས ་པའི་བྱང་ཆུབ་མཆོག་གོ། རྣལ་འབྱོར་གྱི་རྒྱུད་རྡོ་རྗེ་རྩེ་མོར་ཡང་། རྡོ་རྗེ་ལྟ་བུའི་རྣམ་འགྱུར་ཅན།། བྱང་ཆུབ་སེམས་ནི་མཆོག་གྱུར་པ།། སྐུ་གསུམ་ཡོངས་སུ་མཐར་ཐུག་པ།། བྱང་ཆུབ་མཆོག་ཏུ་རྗོད་པར་བྱ་ཞེས་སོ།། བྱང་ཆུབ་ཀྱི ་སེམས་ཡང་དག་པ་གཉིས་སུ་མེད་པ་ངེས་པར་བརྟན་པར་བྱ་བའི་རོ་མྱང་བའི་དམ་ཚིག་རྒྱས་པར་བསྟན་པ་ནི།། འདི་ནི་བདུད་རྩི་ལྔ་རུ་འགྱུར།། དངོས་གྲུབ་ཐམས་ཅད་རབ་འཇུག་པའོ།། ཞེས་པ་ནི་སྤྱི་བོའི་ཟླ་བའི་བདུད་རྩི་གང་ཡིན་པ ་བྷ་གའི་རྡུལ་ལ་སོན་པ་དགའ་བ་ཐམས་ཅད་ཀྱི་རང་བཞིན་འོདི་ནི་ཞེས་པ་དགོངས་པའོ།། བདུད་རྩི་ཁུ་བ་དེ་ཉིད་གཡོ་བས་ལྔ་ཉིད་དུ་འགྱུར་བའི་ཕྱིར་བདུད་རྩི་ལྔའོ།། འདི་ནི་རྣལ་འབྱོར་པས་གཅིག་པུར་བཀོད་ནས་དང་ཕྱག་རྒྱ་མས ་བསླབས་པ་དེ་ལས་ཀྱང་བསྙེན་པ་བྱའོ།། དངོས་གྲུབ་ཐམས་ཅད་རབ་ཏུ་འཇུག་པ་ནི་རྣལ་འབྱོར་པ་ཉིད་དུ་འགྱུར་རོ།། མཆེད་བཞི་དེ་བཞིན་རྣལ་འབྱོར་མ།། དཔའ་བོ་གཉིས་མེད་སྙོམས་པར་འཇུག། སྙོམས་པར་ཞུགས་ལ ་དེ་ཉིད་འཛིན། ཞེས་པས་དམ་ཚིག་བཞི་རྒྱས་པར་བསྟན་ཏེ། ཀུན་ཏུ་སྤྱོད་པའི་རྒྱུད་དུ་ཡང་། མེ་ལོངས་ལ་སོགས་པ་བཞི་རྣམས་ནི།། མཆོད་བཞི་རྗེས་སུ་བརྗོད་པར་བྱ།། མཁའ་འགྲོ་མ་སོགས་པདྨར་གནས།། མཱ་མ ་ཀཱི་སོགས་བཟང་མ་ཡིན་ཞེས་སོ།། དགོངས་པའོ།། གཟུགས་ལ་སོགས་པའི་ཡུལ་དམ་པ་བཞི་རྣམས་སུ།། ཕྱག་རྒྱ་མ་ལྔ་རྣམས་ཀྱི་ལྷན་ཅིག་སྙོམས་པར་འཇུག་པ་བྱས་ནས་སྙོམས་པར་འཇུག་པའི་མཐའ་ལ་དགའ་བ་བཞིའི ་དགའ་བ་ལ་ཐུན་མཚམས་བཞིར་ནན་ཏན་བྱའོ།། ལྟེ་བ་དང་སྙིང་ག་དང་། ནུ་མའི་བར་དང་ལྕེའི་རྩ་བ་དང་། སྤྱི་བོའི་སྟེང་དུ་དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཁྱད་པར་དགའ་བ་དང་། ལྷན་ཅིག་སྐྱེས་པ་དེ་ནམ་མཁའ ་ཞེས་རྒྱུད་མར།། དཔལ་འདུས་པར་ཡང་གལ་ཏེ་འདི་རྗེ་འཆང་ཞེས་སོ།། ཡང་ལག་ནི་འདྲེར་འགྲོ་བའི་དྲན་ཏེ་གླང་གི་ཚོ་འདོར་བ་དེའི་དེའི་གདོན་མི་ཟ་བར་ལྕེས་མྱང་བར་བྱའོ།། དཔལ་འདུས་པར ་ཡང་རྫས་ཀྱང་ལྷག་པར་དབྲོག་པར་བྱ་ཞེས་སོ།། འབྲས་བུ་ནི་དཔལ་དུས་ཀྱི་འཁོར་ལོར་རྒྱལ་པོ་རི་བོ་འཛིན་པ་གཅིག་པུ་འཆི་བའི་འཇིགས་པ་འཕྲོག་པ་ཐམས་ཅད་སུ་བསྟེན་པར་བྱ། ཤེས་རབ་ཆོས་འབྱུང་དག་ལ་གནས ་པའི་ཉིན་མོར་བྱེད་དང་ལྷན་ཅིག་རྣལ་འབྱོར་ལྡན་པས་སྨོས་ནི་ངགས་ཞེསོ།། ལྷ་དང་མིའི་བདེ་བ་ཉིད། བསྡུས་བྱས་ནས་ནི་ཀུན་ནས་སོ།། རྡོ་རྗེ་མཆོག་གི་ཆ་ཡིས་ནི།། བཅུ་དྲུག་ཆར་ཡང་མི་ཕོད་དོ།། ཞེས་པས་ནི་བདེ་བ་ཆེན ་པོ་རྒྱས་པར་འཆད་དེ། ལྷ་དང་སྟེ་ལྷོ་རྣམས་ཀྱི་དང་། མི་རྣམས་ཀྱི་བདེ་བ་བསྡུས་པར་བྱས་ནས་ཏེ་གལ་ཏེ་མཚུངས་པར་བྱ་བ་དེ་བཞིན་དུ་ཡང་སྟོང་ཉིད་དང་སྙིང་རྗེ་གཉིས་སུ་མེད་པ་ཤེས་རབ་དང་ཐབས་ལྷན་ཅིག་སྐྱེས་པ་ལ ་འཇིག་རྟེན་པའི་རྒོད་པ་ལ་སོགས་པའི་བདེ་བ་དེ་རྣམས་ཀྱིས་བཅུ་དྲུག་གི་ཆར་ཡང་མི་ཕོད་དཔེར་ཡང་མི་འགྲོའོ།། དེ་དག་གི་བདེ་བ་ནི་བཤད་པའི་རྒྱུད་དུ་ཡང་། ས་བོན་མངར་བས་བསྒོས་གྱུར་པ།། མངོར་བས་རྗེས ་སུ་བསྟེན་པ་དང་།། གང་ལས་མངར་བས་འཕེལ་འགྱུར་བ།། དེ་ཡི་རོ་ནི་མངར་བཤང་།། དེ་བཞིན་ཆོས་ཀྱི་བདུད་རྩི་འབྱུང་།། བདེ་ལས་སྐྱེས་པ་བདེ་བ་ཐོབ།། ས་གསུམ་པོ་ནི་གང་ན་ཡང་།། དེ་ཡི་དཔེ ་སྤྱོད་མ་སྣུན། ཞེས་དང་། སྒྱུ་སྣང་དུ་མ་ཧཱ་ཙྪ།། བྷྱ་བ་ས་མས་འི་བདག་ནན།། བསྐྱོན་ནན་ནོནྟ།། ཕམྦམྦྷ་པ་བ་ག་བྱ།། ཟླུམ་རྡུལ་དུ་ཡང་དག་བསྐྲུན།། ང་བ་ཉིང་ལས་མ ་སྟོབས་ཀྱིས།། རང་བཞིན་ཁོ་ནར་དེ་དྲུག་པ་པོ།། འདི་ཡི་རང་བཞིན་བརྗོད་པ་ནི།། ཞལ་མཆོག་མ་ནི་ཁྱོད་ལ་བཤད་ཅེས་སོ།། དགོངས་པའོ།། བསྡུས་པའི་དོན་གྱིས་ཡོངས་སུ་བཅད་པ་སྟེ་དང་པོའོ།། ། ་ད་ནི་བདེ་བ་ཆེན་པོ་བསྒྲུབ་པར་བྱ་བའི་གནས་རྒྱས་པར་གསུངས་པ། རི་བོ་ཚང་ཚིང་སྨན་ལྗོངས་དང་།། རྒྱུ་ཚེ་ཆེན་པོའི་འགྲམ་དག་དང་།། གདོང་ནས་གྲུབ་དིང་དུར་ཁྲོད་དུ།། དེར་ནི་དཀྱིལ་འཁོར་བྲི་བར་བྱ་ཞེས་སོ།། འདིར་རི་བོང ་རེངས་པ་ལ་སོགས་པ་དང་གཏོར་གྱི་དངོས་གྲུབ་བསྒྲུབ་པར་བྱའོ།། དེ་བཞིན་དུ་ཚང་ཚིང་སྟྭཾ།། ཤིང་འཁྲིགས་པར་དཀྱིལ་འཁོར་བྲིས་ནས་དབང་ལ་སོགས་པ་དང་རིན་པོ་ཆེའི་དངོས་གྲུབ་པ།། སྨན་ལྗོངས་ཏེ་འཁྲི་ཤིང་གིས ་གཡོགས་པར་ཞི་བ་ལ་སོགས་པ་དང་བཻརྒྱུད་ལེན་གྱིས་དངོས་གྲུབ་བོ།། རྒྱ་མཚོ་ཆེན་པའི་འགྲམ་དུ་མ་རུངས་པ་ལས་དང་། རལ་གྲིའི་དངོས་གྲུབ་བོ།། དང་ཡིག་ལས་སཱའི་ཁྱིམ་མམ་ཕྲག་ཏུ་འཇིག་རྟེན་གསུམ་ཉིད་དང་། ་ཡེ་ཤེས་ཀྱི་དངོས་གྲུབ་བོ།། གདོང་ནས་གྲུབ་པ་ནི་གྲུབ་པའི་གནས་སོ།། དེར་ལས་ཀྱི་ཕྱག་རྒྱའོ།། དྲེར་ཁྲོད་དུ་ཡང་མིག་སྨན་ལ་སོགས་པ་དང་རེངས་པ་ལ་སོགས་པའོ།། དྲང་བའི་དོན་ནོ།། རི་བ་ནི་ནུ་མ་རྒྱས་པ་ལ་སོགས་པ་དང ་ལྡན་པའི་རབ་ཏུ་མྱོས་མའོ།། ཚང་ཚང་ནི་སྐྱེ་བོ་གཞོན་ནུ་མའོ།། སྨན་ལྗོངས་ནི་རྒྱས་པའི་རྐེད་པ་ལའོ།། རྒྱ་མཚོ་ཆེན་པོའི་འགྲམ་ནི་རྗེ་རིགས་ལ་སོགས་པའི་སྐྱེ་བའོ།། དུར་ཁྲོད་དུ་ནི་གཏུམ་པོ་ལ་སོགས་བྱི ་གནས་སོ།། ཡང་ཡིག་ལས་གང་དང་ཅི་ཡིན་པ་ཡང་ངོ་།། གདོད་ནས་གྲུབ་པ་ནི་པདྨ་ཅན་ལ་སོགས་པ་ལྷན་ཅིག་སྐྱེས་པའོ།། དེར་དཀྱིལ་འཁོར་ནི་རྡོ་རྗེ་དང་པདྨ་འདུས་པ་དག་བྱའོ།། ངེས་པའི་དོན་ནོ།། ཆུ་དང་བ་བྱུང་བླབས་ནས་ནི།། ་བདུད་རྩི་ལྔ་དང་ཡང་དག་ལྡན།། དུར་ཁྲོད་ཀྱི་ནི་སོལ་བར་ལྡན།། དེ་ཡིས་ལ་རབ་ཏུ་བྱུག། ཅེས་པ་ལ་ཆུ་སྟེ་བ་ལོང་གི་གཅིན་དང་།། བ་བྱུང་དག་པར་བླངས་ནས་དཀྱིལ་འཁོར་གྱིས་གནས་ལ་ཉེ་བར་བྱུག་པར་བྱ་སྟེ། ཕྱི་དང་ནང་གི ་བདག་ཉིད་ཅན་གྱི་བདུད་རྩི་ལྔ་ལ་སོགས་པས་ཀྱང་ཉེ་བར་བྱུག་གོ། དེ་ནས་སྔགས་པས་དཀྱིལ་འཁོར་བཟང་པོ་བྲི་བར་བྱ་ཞེས་པ་ནི་དྲི་བཟང་པོས་ཀྱང་ཉེ་བར་བྱུགས་ཏེ་སློབ་དཔོན་ལས་ཀྱི་ཆོ་ག་མཐོང་ནས་རང་གི་དཀྱིལ་འཁོར་བརྩམ་པར ་བྱའོ་ཞེས་པ་དྲང་བའི་དོན་ནོ།། བ་བྱུང་ནི་དབང་པོ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཡེ་ཤེས་སོ།། དུར་ཁྲོད་ནི་རླུང་ངོ་།། ཐལ་བ་ནི་འོད་གསལ་ལོ།། ཆུ་ཡིས་ནི་དེ་ཡི་བགྲོད་པས་སོ།། ས་བཞི་ནི་གསང་བར་ཁྱབ་པར་བྱའོ།། ་ཉེ་བར་བྱུགས་ནས་ནི་བསྐྱོད་ནས་སོ།། དཀྱིལ་འཁོར་ནི་དགའ་བའོ།། བྲི་བར་བྱ་ནི་སེམས་ཀུན་ཏུ་རྫོགས་པར་བསྒོམ་པར་བྱ་བ་སྟེ་ངེས་པའི་དོན་ནོ།། རོ་བསྲེགས་སོལ་བ་ནི་རུས་པའི་ཕྱེ་མ་དག་གོ།། དུར་ཁྲོད་སོ་ཕག་ནི་པ་བླ་རྣམས ་ཀྱིས་སོ།། སྤྱོད་པར་བྱེད་དུ་འཇུག་པ་པོ་དང་ལྡན་པས་སློབ་དབེན་དགེ་བཱི་མཚན་ཉིད་ཅན་ཞེས་པས་རྡུལ་ཚོན་གསུངས་ཏེ་སྒྲ་ཇི་བཞིན་པའོ།། ཡང་དག་ཤེས་ཤིང་རྒྱུད་ཤེས་པ་ནི་རིགས་པའོ།། ཧེ་རུ་ཀ་ཡི་གསང་སྔགས་རིག། ཁྲོ་མེད ་གཙང་ལ་མཁས་པ་དང་།། སྦྱོར་ཤེས་ཡེ་ཤེས་ཕ་རོལ་འགྲོ། ཞེས་པས་སློབ་དཔོན་གྱི་མཚན་ཉིད་གསུངས་སོ།། ཡན་ལག་དུར་ཁྲོད་ཐལ་བས་བླུགས།། ཕྱི་མོ་ཆེན་པོས་རྣམ་པར་བརྒྱན།། རུས་པའི་ཕྲེང་བ་འཕྱང་བ་དང་།། ་ཁ་ཊྭཱཾ་ག་ནི་ལག་ན་གནས་ཤེས་པས་འདིའི་སྤྱོད་ལམ་གསུངས་པ་སྒྲ་ཇི་བཞིན་པའོ།། བདག་ཉིད་ཧེ་རུ་ཀར་བྱས་ནས།། དེ་འོག་ཧེ་རུ་ཀ་དྲན་བྱ།། མཁའ་ལ་རྡོའི་གུར་བསམ་ནས།། རྡོ་རྗེ་ཆུ་སྐྱེས་དེར་དགོད་བྱ།། འཁོར་ལོའི་དབུས་སུ ་བདག་ཉིད་དང་།། སྟེང་དུ་མངའ་ཡི་དྲ་བ་དང་།། རྡོ་རྗེའི་རབ་ཡང་དག་ལྡན།། འོག་ཏུ་མཚོན་ཚ་དགོང་པོར་བྱ།། ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཡང་།། བདུད་རྣམས་ཀུན་གྱིས་མི་ཕྱེད་པའི།། གོ་ཆ་གཉིས་པ་བགོས་པ་ནི།། ་གདུག་སྦྱོང་རྣམས་ཀྱིས་མི་ཕྱེད་དོ།། ཞེས་པ་གསུམ་པོ་འདི་རྣམས་ཀྱིས་གསུང་བའི་འཁོར་ལོ་གསུངས་སོ།། བདག་ཉིད་ཅེས་པོ་ནི་དང་པོར་རེ་ཞིག། ཨོཾ་ཤྲཱི་ཧེ་རུ་ཀོ་ཧི་ཞེས་བརྗོད་ལ་ཞེ་སྡང་རྡོ་རྗེ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ ་བུ་འཛིན་པ་ཤེས་རབ་དང་བཙོས་པར་བདག་ཉིད་བསྒོམ་པར་བྱའོ།། དེ་ནས་དཔལ་ཧེ་རུ་ཀའི་ཡེ་ཤེས་འཁོར་ལོ་དྲན་པར་བྱའོ།། འོད་ཟེར་གྱིས་བཀུག་ནས་གསོལ་བ་གདབ་པར་བྱ་སྟེ་དབང་བསྐུར་བ་ལ་སོགས་པའི་དོན་དུ་བདུད་བསྐྲད ་བར་བྱའོ།། ར་ལས་སྐྱེས་པའི་ཉི་མ་ལ་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་དེ་ལས་སྐྱེས་པའི་རྡོ་རྗེ་གུར་དང་རྡོ་རྗེའི་མངའི་དྲ་བ་ལ་སོགས་པ་བསམས་ལ་དབུས་སུ་ཀླ་ཡིག་ལས་སྐྱེས་པའི་འཁོར་ལོ་རྩིབས་བཅུ་པ ་བསྒོམ་པར་བྱའོ།། རྡོ་རྗེས་ཆུ་སྐྱེས་ལ་གནས་པའི་རྡོ་རྗེ་སེམས་དཔའ་མངོན་བརྗོད་བླ་མར་བཤད་པོས་བསམ་པར་བྱའོ།། ཡང་ན་ཉི་མའི་དཀྱིལ་འཁོར་དབུས་གནས་པའི།། རྡོ་རྗེ་སེམས་དཔའ་རྣམས་བསྒོམ་བྱ།། ཞལ་གསུམ ་ཕྱག་དྲུག་ཞི་བ་སྟེ།། དག་པའི་ཤེལ་དང་ཟླ་བའི་འོད།། ཕྱག་རྒྱ་ཆེན་པོས་སྙོམས་པར་ཞུགས།། ཤེས་རབ་སྐྱིལ་ཀྲུང་ལ་གནས་པ།། ཐོད་པའི་ཕྲེང་བའི་ཅོད་པན་ཅན།། མི་བསྐྱོད་པས་ནི་དབུ་རྒྱན་བྱས།། རྒྱན་རྣམས་ཐམས་ཅད་ཡང ་དོག་རྫོགས།། མཚན་རྣམས་ཐམས་ཅད་ཀྱིས་མཚན་ཅིང་།། དཔེ་བྱང་རྣམས་ཀྱི་ཡང་དག་བརྒྱན།། ཁོ་ཊྭཱཾ་ག་དང་ཐོད་པ་འཛིན།། རྡོ་རྗེ་དྲིལ་བུས་ཀུན་འཁྱུད་པ།། དཔའ་བོ་ལྕགས་ཀྱུ་ཞུགས་པ་འཛིན།། བདེ་བ་ཆེན་པོའི་གོ་འཕང ་གནས།། རྣམ་པར་འགྱུར་བའི་ཞབས་གཉིས་སོ།། སེར་དང་དཀར་པོ་ལྗང་གུའོ་ཞེས་སོ།། ཡང་ན་ཞལ་གཅིག་པ་ཕྱག་གཉིས་པའི་རྣམ་པར་བསྒོམས་ནས་དེ་བཞིན་དུ་གྱུར་པའི་རྡོ་རྗེ་ཧཱུཾ་མཛད་རྣམ་པར་གཙིགས་པ་དྲག་པོ་གཡས ་བརྐྱང་གི་སྟབས་ཀྱིས་གནས་པ་མགོ་བོའི་ཕྲེང་བ་ཅན་ཤེས་རབ་དང་བཅས་པ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ།། གནོད་མཛེས་ལ་སོགས་པའི་ཁྲོ་བོ་བཅུ་པོ་སྤྲོས་ནས་སྔགས་ཀྱིས་བཀའ་བསྒོས་པས་རྡོ་རྗེ་ས་འོག་གི་ཁྲོ་བོ་རྣམས ་ཀྱིས་བྱུཀུག་པ་རྣམས་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ལ་ཡང་དག་པར་གཏང་དེ་དགེགས་ཀྱི་གཙོ་བོ་རྣམས་ལྷ་ཕུར་བུས་གདབ་པར་བྱའོ།། ཨོཾ་གྷུཿགྷཱཿགྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུནྡྷ་བྲྀགྷྣ་བྷཱུ་ཕཊ། ཀཱི་ལ་སྭ་ཀཱི་ལཱ་ཡ་སརྦ། ་པཱ་པཾ་ཧཱུཾ་ཕཊ། བཛྲ་ཀཱི་ལ་བཛྲ་དྷ་རོ་ཨཱདྦྷ་པ་ཡ་ཏི་ཀཱ་ཝཱ་ཀྵཱི་དྷཱ་བཛྲཱ་ཀཱི་ལ་ཡ་ཧཱུཾ་ཕཊ། འཁྱིལ་བས་བརྡུང་བར་བྱ་སྟེ། ཨོཾ་བཛྲ་ཧཱུཾ་བཛྲ་མུངྒ་ར་བཛྲ་ཀྲཱྀ་ལ་ཨཱ་ཀོ་ཊ་ཡ་ཧཱུ~ཾ་ཕཊ། བགེ་གས་མཐའ་དག་མེད་པོར་བལྟས་ནེས་དེའི་འོག་ཏུ ་ཐམས་ཅད་བརྣམ་པར་བྱའོ།། དང་གི་དོན་ནོ།། མཆོག་དང་པོ་ཡང་གསུངས་པ།། རང་ཉིད་སྡུག་བསྒྲལ་མིང་བདེ་བས།། བདག་ཉིད་བརྟན་པར་འགྱུར་བར་གྱིས།། གང་ཞིག་མྱུར་དུ་མཆོག་གི་དོན།། རྟོག་པར་བྱ་ཞིང་བསྒྲུབ་པར ་བྱ།། ངེས་པའི་དོན་ཏོ།། དངོས་གྲུབ་ཆེན་པོ་རབ་སྟེར་བྱེད།། དཀྱིལ་འཁོར་འཇིགས་ཆེན་བྲི་བར་བྷྱོ།། ཞེས་པ་ནི་ཐང་ལེ་ཀོར་གྱིས་ཐིག་གདབ་པ་གསུངས་ཏེ། དང་པོར་ས་བཞི་དག་པ་དང་།། སློབ་མ་ཡོངས་སུ་གཟུང་བ་བྱས་ནས ་ཐོད་ལེ་ཀོརྱ་གྱིས་ཐིག་གདབ་པར་བྱའོ།། དང་པོ་རོ་ཁྲག་ནི་ཆེན་པ་ཡིས།། སྦགས་པའི་རོ་ཡི་སྲིད་བུ་ཡིས།། ཧེ་རུ་ཀ་དཔལ་གྲང་ཁྱེར་མཆོག། དཀྱིལ་འཁོར་བཟང་པོའི་ཐིག་གདབ་བྱ།། ཞེས་པས་ཡེ་ཤེས་ཀྱི་ཐིག་གློ ་གསུངས་སོ།། ཁྲུ་གང་བ་དང་ཁྲུ་བཞི་པ།། ཇི་སྲིད་པ་ཁྲུ་ནི་སྟོང་ཕྲག་བར།། གྲུ་བཞི་པ་ལ་བསྒོ་བཞི་པ།། ཞེས་པས་འཁོར་ལོ་སྡོམ་པ་ཆུང་བ་གསུངས་སོ།། ཤིན་ཏུ་ཟླུམ་པོ་སྒོ་བརྒྱད་པ་ཞེས་པས་འཁོར་ལོ་སྡོམ་པ་ཆེན ་པོ་གསུངས་སོ།། དེ་ཡི་དབུས་སུ་པདྨ་ནི།། འདབ་བཅས་གེ་སར་ལྡན་པ་བྲི།། ལྟེ་བར་དགོད་བྱ་དཔའ་བོ་ཆེ།། འཇིགས་བྱེད་འཇིགས་སུ་རུང་བ་སྟེ།། ཐོད་པའི་ཕྲེང་བའི་རྒྱན་དང་ལྡན།། ཞལ་བཞི་པ་ལ ་སྤྱན་གསུམ་པ།། གླང་པོའི་པགས་པ་རྣམ་པར་བགོས།། སྨ་ནི་མ་བཟང་པོ་རྡོ་རྗེ་དབྱེས།། ཕྱག་ན་ཁ་ཊྭཱཾ་གཽ་བྱས་པ།། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན།། ད་བདུན་ལྷ་མོ་མཛེས་མ་ནི།། རྡོ་རྗེ་ཕག་མོ་བྲི་བར་བྱ།། ་ཧོཧེ་རུ་ཀཱ་ལ་མངོན་ཕྱོགས་བྱས།། སྤྱན་གསུམ་དྲུག་པའི་གཟུགས་ཅན་མ།། ཐོད་པ་རྒྱུ་མས་གང་བ་དང་།། ཞལ་ནས་ཁྲག་ནི་འཛག་པ་མོ།། ཕྱོགས་རྣམས་ཀུན་གྱི་ལྷར་བཅས་པའོ།། ལྷ་མིན་མ་རྣམས་བསྡིགས ་པར་བྱེད།། ཅེས་པས་ལྷོ་དགོད་པོ་གསུངས་སོ།། དེའི་ཞེས་པ་ནི་གྲུ་བཞི་དང་ཟླུམ་པོ་དག་གིས་འཁོར་ལོ་གསུམ་དང་འཁོར་ལོ་དྲུག་གི་བདག་ཉིད་ཅན་གྱི་དཀྱིལ་འཁོར་དག་གི་སྙིང་པོར་རོ།། བྲི་བར་བྱ་ཞེས་པ་ནི་རྡུལ ་ཚེན་རྣམས་ཀྱིས་སོ།། དཔའ་བོ་ནི་དཔའ་བའི་ཉམས་དང་ལྡན་པའི་གཙོ་བོའོ།། སྤྱན་གསུམ་ཞེས་པ་ནི་ཞལ་སོ་སོ་རྣམས་ལའོ།། གླང་པོའི་པགས་པ་རྣམ་པར་དགོས་པ་ནི་པུས་མོའི་མཐར་ཐུག་པརོ།། རྡོ་རྗེ་དབྱེ་ཞེས ་པ་ནི་སྣ་ཚོགས་རྡོ་རྗེས་ཕྱེད་པ་སྟེ་སྣ་དང་སྤྱན་གསུམ་ཡང་ངོ་།། མདུན་དུ་རྡོ་རྗེ་ཕག་མོ་ནི་ཤེས་རབ་ཀྱི་རིགས་ཀྱི་དབྱེ་བས་ཕྱེ་བའོ།། གཡོན་མ་དཀར་མོ་དག་པའོ།། བྲི་བར་བྱ་ནི་དགོས་པར་བྱའོ་ཞེས་པའོ།། དྲང་པོའི་དོན་ནོ།། ་རྒྱུད་གཞན་དུ་ཡང་གང་ཚེ་སེམས་ནི་སྟོང་པ་མཁའ།། མཉམ་པར་སྐྱེས་པར་གྱུར་པ་ཡང་།། དེ་ཚེ་སྔགས་དང་ཕྱག་རྒྱ་དང་།། ལྷ་རྣམས་ཀྱང་ནི་བརྟགས་པའོ་ཞེས་སོ།། ངེས་པའི་དོན་ནོ།། མཁའ་འགྲོ་མ་ནི་ཉི་ཤུ་པ་ནཱི། ་ཕག་མོའི་རིགས་ལས་ཡང་དག་བྱུང་།། ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ཡང་།། འཁོར་ལོ་གསུམ་དུ་ངོ་མཆོད་བྱ།། དཔའ་བོ་རྣམས་དང་མ་མོ་ཉིད།། དུར་ཁྲོད་རྣམས་སུའང་མཆོད་པར་བྱ་ཞེས་པས་དཀྱིལ་འཁོར་བ ་དགོས་པ་གསུངས་ཏེ།། དཔའ་བོ་རྣམས་དང་ཞེས་པ་ཉི་ཤུ་རྩ་བཞིའོ།། མ་མོ་རྣམས་དང་ཞེས་པ་བྱ་རོག་གདོང་མོ་ལ་སོགས་པ་བརྒྱད་དོ།། དེ་བཞིན་དུ་མཁའ་འགྲོ་མ་བཞི་རྣམས་སོ།། དུར་ཁྲོད་རྣམས་སུ་ཞེས་པ་ནི། ་མེ་དང་རླུང་གི་འཁོར་ཡུག་གི་དབུས་སུ་དུར་ཁྲོད་དོ།། ཞེས་པ་རྒྱ་ཆེར་བཤད་པ་ལས་འབྱུང་ངོ་།། ཡང་ན་ན་མཁའ་དེར་གནས་པ་བརྒྱད་དོ།། ཡང་ཡིག་ལས་སྙིང་པོར་ཐོད་པ་རྣམས་སོ།། འདིར་གང་གི་ཚེ་རྡུལ་ཆེན་གྱི ་དཀྱིལ་འཁོར་ལ་སོགས་པར་ལྷ་རྣམས་འབྲི་བ་དེའི་ཚེ། རྔུབས་དང་ཤེས་རབ་ཐ་དད་པས་བྱ་བ་ནི་སྐལ་པ་དང་མི་ལྡན་པས་བལྟ་བར་བྱ་བ་ཉིད་ལས་གསང་ནས། ཟུང་དུ་འཇུག་གི་དཀྱིལ་འཁོར་བའི་གཙོ་བོ་ནི།། རིས་རིས་ལ ་སོགས་པར་ཇི་ལྟར་རིགས་པར་ཟིང་འཇུག་ཏུ་བྲི་བར་བྱའོ་ཞེས་གསུངས་པ། དེ་ལ་ལས་ཀྱི་རྗེས་འབྲངས་ནས།། སེམས་ནི་མཁའ་འགྲོ་ལ་སོགས་ཕྱག། གཉིས་བཞི་དྲུག་བརྒྱད་བཅུ་བཅུ་གཉིས།། ཞལ་གཅིག་གཉིས ་གསུམ་ལྔ་སོགས་པ་འམ། ནག་པོ་ལ་སོགས་ཁ་དོག་རྣམས།། དཀྱིལ་འཁོར་ཡང་དེ་བཞིན་ཤེས་ཞེས་སོ།། ད་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་རྡོ་རྗེ་མཁའ་འགྲོ་ཞལ་གཅིག་ཕྱག་གཉིས་པའི ་དཀྱིལ་འཁོར་བསྡུས་པ་སུམ་ཅུ་རྩ་བདུན་གྱི་བདག་ཉིས་ཅན་བརྗོད་པར་བྱ་སྟེ། དེ་བཞིན་དུ་ཡང་རྡོ་རྗེ་སྙིང་པོས་གསུངས་པ།། ཕྱགཉིས་པ་ལ་ཞལ་གཅིག་པ།། སྤྱན་གསུམ་རྣམ་པར་འགྱུར་བའི་ཞལ།། འཇིགས་བྱེད་དང་ནི ་དུས་མཚན་མོ།། གཡས་བརྐྱང་བ་ཡིས་མགོ་བོ་མནན།། སྣ་ཚོགས་རྡོ་རྗེ་ཕྱག་རྒྱ་དྲུག། ཟླ་བ་ཕྱེད་པས་ཉེ་བར་མཛེས།། སྟག་གི་པགས་པའི་ཤཾ་ཐབས་ཅན།། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན།། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་། ་རྡོ་རྗེ་གསོར་བར་མཛད་ལ་བརྩོན།། ཀུན་ནས་འཁྱུད་པའི་ཕག་མོ་ནི།། དེ་ཡི་ཁ་དོག་ཕྱག་དང་དྲ་བྱིབས།། བྱིན་པ་གཉིས་ཀྱིས་མཉམ་པར་འཁྱུད།། ཐོད་པ་རྡོ་རྗེ་སྡིགས་མཛུབ་མཛད།། ཕྱོགས་ཀྱི་གོས་ཅན་སྒྲ་ནི་གྲོལ།། དུམ་བུས ་བརྒྱན་པའི་འོག་པག་ཅན།། འཁོར་དང་བཅས་པའི་དཀྱིལ་འཁོར་པ།། དེ་དག་ཞལ་གཅིག་ཕྱག་གཉིས་པ།། ཕྱག་རྒྱ་ལྔ་དང་ཡང་དག་ལྡན།། སྤྱན་གསུམ་དྲག་པོའི་གཟུགས་ཅན་ཏེ།། ཐམས་ཅད་ཡི་དགས་གདན་ལ་བཞུགས།། ་བླ་མ་སྒོམ་བྱེད་ཀྱིས་བསྒོམ་བྱ།། དབུས་སུ་རྡོ་རྗེ་ཧེ་རུ་ཀ། ཁ་དོག་སྔོན་པོ་བདེ་བ་ཆེ།། དེ་བཞིན་མཁའ་འགྲོ་མ་སོགས་སེར།། ཐུགས་འཁོར་གནས་པའི་དཔའ་བོ་གནག། རབ་གཏུམ་མ་ལ་སོགས་པ་དཀར།། གསུང་འཁོར ་དམར་པོར་དཔའ་བ་དམར།། དཔའ་བོ་རྣམས་ནི་ནག་མའོ།། སྐུ་ཡི་དཔའ་བོ་དཀར་པོ་སྟེ།། དའ་མ་རྣམས་ནི་དམར་བ་མའོ།། བྱ་རོག་གདང་ལ་སོགས་པ་ལྷུང་།། ཀཱ་ཤིན་རྗེ་བསྲེག་སོགས་ངུ་བ་མངག། བཞོན་མ ་དང་ནི།། ཐོད་པ་དང་ནི་ཁ་ཊྭཱཾ་ག། ཐུགས་སོགས་དཔའ་བོ་རྡོར་དྲི་ལྀ་སོགས་འཆང་བ།། རྣལ་འབྱོར་མ་རྣམས་ཐོད་པ་དང་རྡོ་རྗེ་ལ་སོགས་པ་དང་སྔགས་མཛུབ་ཅན་ནོ།། བྱ་རོག་གདོང་མ་ལ་སོགས་པ་རྣམས་ཐོད་པ་དང་ཁ་ཊྭཱཾ་དང་གྲི ་གུག་འཆང་བའོ།། གཞན་རྣམས་ཌ་མ་རུ་དང་མགོ་བོ་དང་སྡིགས་མཛུབ་ཅན་ནོ།། དཔའ་བོ་གཡོས་བརྐྱང་ལ། མཁའ་འགྲོ་མ་རྣམས་ཀྱིས་བྱིན་པ་དཀྲིས་པ་ཇི་ལྟར་གསུངས་པའི་རྒྱན་རྣམས་སོ་ཞེས་པའོ།། དེ་ནས་དཔའ་བོ ་རྣམས་ཐ་དད་པར་དགོད་པ་དང་། རྣལ་འབྱོར་མ་རྣམས་པ་དད་པར་དགོད་པར་བྱའོ་ཞེས་གསུངས་པ། ཡང་ན་སྐུའི་མཁའ་འགྲོའོའཁོར་ལོ་ནི་མཁའ་འགྲོ་མ་ལ་སོགས་པ་དང་། སྐུའི་འཁོར་ལོར་གནས་པ་དང་། དམ་ཚིག་གི་འ ་ལོར་གནས་པ་རྣམས་ཀྱིས་ཉི་ཤུ་རྩ་གཅིག་གི་བདག་ཉིད་ཅན་ནོ།། དེ་བཞིན་དུ་གསུང་དང་། ཐུགས་ཀྱི་འཁོར་ལོ་གཉིས་ལ་གསུང་དང་ཐུགས་ཀྱི་འཁོར་ལོ་དང་ལྡན་པའོ།། རིན་ཆེན་མཁའ་འགྲོའི་འཁོར་ལོ་ལ།། མཁའགྲོ ་ལ་སོགས་པ་ལྔའི་བདག་ཉིད་ཅེན་ཡང་ནའོ།། དམ་ཚིག་གདོན་མི་ཟ་བའི་འཁོར་ལོ་ལ།། མཁའ་འགྲོ་མ་ལ་སོགས་པ་དང་།། བྱ་རེག་གདོང་མ་ལ་སོགས་པ་དང་ལྡན་པ་བཅུ་གསུམ་གྱི་བདག་ཉིད་ཅན་ཡང་ནའོ།། དེ་བཞིན་དུ ་ཕག་མེའི་འཁོར་ལའང་རྟོགས་པར་བྱའོ།། དེ་ནས་ཡང་ན་དཔལ་འདུས་པ་བཞིན་དུ་བཞུགས་པ་དང་། དགུའི་བདག་ཉིད་ཅན་ཡང་ན་སྟེ། གསུངས་པ་ཡང་། གང་བཅོམ་ལྡན་འདས་བཞིན་དུ་རྡོ་རྗེ་ཕག་མོའི་ཞལ ་དང་ཕྱག་དང་། ཁ་དོག་དང་དབྱིབས་དང་ཕྱག་རྒྱ་རྣམས་བྱའོ།། ཞེས་པ་སྟེ་འོན་ཀྱང་། སྟེང་ཞལ་ཕག་པའི་ཞལ་དཀར་པོ་མཆེ་བ་གཙིགས་པའོ་ཞེས་གསུངས་སོ།། ཡང་ན། ཞལ་གཅིག་ཕྱེག་གཉིས་མ་དམར་མོ་སྐྱིལ་གྲུངས ་ཕྱེད་པས་གནས་པའོ།། ཡོང་ན་ཕག་པའི་ཞལ་འདུག་པའོ།། དཔའ་བོ་གཅིག་པུའམ་ཟུར་གསུམ་དུ་གནས་པ་ཡང་ནའོ།། ཕྱག་བཞི་པ་ལ་སོགས་པའང་ཇི་སྐད་དུ་གསུངས་པ། དཀྱིལ་འཁོར་བ་དང་ལྡན་པ་དགོད་ཅེས ་གོགསུངས་པསོ།། ། དེ་ནི་མངོན་པར་བརྗོད་པ་འབུམ་པར་གསུངས་པའི་ས་བོན་དགོད་པས་བརྗོད་པར་བྱ་སྟེ། དེ་ལ་ཡེ་ཤེས་ཀྱི་འཁོར་ལོ་ལ། ཨ་ཨཱ་ཨཾ་ཨཿམདུན་དང་རྒྱབ་དང་། གཡོན་དང་གཡས་ཀྱི་དབྱེ་བས ་ཉེབྱར་བསྟན་པ་ལྟས་སོ།། དེ་བཞིན་དུ་ཐུགས་ལ་ནི་ཨི་ལྀ་རྀ་ཨུ་ཕྱོགས་རྣམས་སུའོ།། དབང་ལྡན་ལ་སོགས་པའི་ཕྱོགས་བྲལ་རྣམས་སུ་ཨཱ་ལཱ་རཱྀ་ཨཱིའོ།། དེ་བཞིན་དུ་གསུང་གི་འཁོར་ལོ་ལ།། ཨེ་ཨར་ཨལ་ཨོཾ་ཕྱོགས་རྣམསུ ་ཨོཾ་ཨཱ་ལ་སྦྱར་ཨོཾ་ཕྱོགས་བྲལ་རྣམ་སུའོ།། དེ་བཞིན་དུ་སྩོལ།། རལ་ལྔ་ཕྱོགས་རྣམས་སུའོ།། ཝཱ་རཱ་ཡ་ཕྱོགས་བྲལ་རྣམས་སུའོ།། དམ་ཚིག་ལ་ཨོཾ་ཨཱ་ཨ~ཾ་ཨཿཕྱོགས་རྣམས་སུ་རོ།། ཧ་དཱ་ཧཱུཾ་ཧ~ཾཿསྲིང ་བཞིན་ནོ།། དབུས་ཟླ་བ་ལ་ཧཱུཾ་རིན་ཆེན་དང་དུར་ཁྲོད་ཀྱིས་བོན་བཅུ་གཉིས་ཉི་མ་ལའོ།། ཉི་ཤུ་རྩ་གཞི་ནི་ཟླ་བ་ནི་སྟེ། ཇི་སྐད་དུ་གསུམ་པ་ཡི་གེ་དགོད་པར་བྱའོ་ཞེས་སོ།། ཡང་ན་མངོན་པར་བརྗོད་པར་གསུངས་པ་རྟོགས་པར་བྱ ་སྟེ། གསུངས་པ་ཡང་། སྡོམ་པ་སྣ་ཚོགས་ཤེས་ནས་ནི།། སྒྲུབ་པའི་ཆོ་ག་བསྙེན་པ་སྟེ།། འདོད་དང་འདོད་པ་མང་ཤེས་ནས།། གཅིག་ནི་འབད་པས་གཟུང་བར་བྱ་ཞེས་སོ།། དེ་ནས་བུམ་པ་བྱ་བ་ནི། རྩ་བ་ནག་པོ་ལ་སོགས ་སྤང་།། བཟའ་བ་ཀུན་གྱིས་ལེགས་བཀང་བའི།། ཐོད་པ་སྟེང་དུ་བཞག་པར་བྱ།། མགྲིན་པ་སྲད་བུས་དཀྲི་བྱ་ཞིང་།། ཁ་ནི་ཡལ་འདབ་ཀྱིས་བརྒྱན་ཅིང་།། གོས་ཟུང་གིས་ནི་ལེགས་བཀྲིས་པ།། བརྒྱད་ནི་སྒོ་རུ་དགོད་པར་བྱ།། ་གོས་ཟུང་གིས་ནི་ལེགས་བཀྲིས་པའི།། བུམ་པ་དགུ་པ་དབུས་སུའོ།། རིན་ཆེན་ལྔ་དང་ཡང་དག་ལྡན།། སྨན་ལྔ་ལ་སོགས་ཡང་དག་ལྡན།། གསེར་རམ་དངུལ་ལམ་རིན་པོ་ཆེ།། མུ་ཏིག་རྣམས་ཀྱིས་མཛེས་པར་བྱ།། ་དཀྱིལ་འཁོར་ཀུན་དུ་དགྲམ་པར་བྱ།། དེ་ནས་གྲོང་མཆོག་མཆོད་པར་བྱ་ཞེས་སོ།། རྗེ་མཚོན་གདབ་པའི་བར་མ་ཆད་པར་བུམ་པ་དགོད་པའོ།། མཆོད་པ་ཡང་གསུངས་པ།། བཟའ་བ་ཀུན་གྱིས་ཤེས་པ་ནི།། དམ་ཚིག་གི ་རིལ་བུ་རྣམས་ཀྱིས་སོ།། སྲད་བུ་ཡིས་ནི་ཞེས་པ་ཚོན་སྣ་ལྔ་པསོ།། ཡལ་འདབ་ནི་ཨ་མྲ་ལ་སོགས་པ་རྣམས་སོ།། བླ་མར་ཡང་ཨཾ་བུ་ཛམྨ་ཀ་དམྦ།། དཔལ་འབྲས་ས་བོན་གང་བས་སོ།། བ་ལཱ་མོ་ཊ་ཐལ་མོ་བྱས། ་གཱི་རི་ཀརྞི་ཀ་རྣམས་དང་། དཔལ་གཅིག་ལྷ་དང་བཅས་པ་ཡང་།། ལྔ་པོ་འདི་རྣམས་སྨན་དུ་བཤད་ཅེས་སོ།། སྒོ་རུ་ཞེས་པ་ནི། སྒོར་དགོད་པ་དང་། གྲཝ་དང་དབུས་སུ་ཡང་ངོ་།། ཤར་དང་ནུབ་ཀྱི་བུམ་པ་དག་གི ་བར་དུ། རྒྱལ་བ་དང་རྣམ་པར་རྒྱལ་བའི་བུམ་པ་ཡང་ངོ་།། ལ་སོགས་པའི་སྒྲ་ལས་ལོ་ཐོག་ལྔ་དང་།། དྲི་བཟང་པོའི་མེ་ཏོག་ལྔ་རྣམས་ཀྱང་ངོ་།། དྲི་ཡི་ཆུ་ཡིས་ལེགས་པར་གདབ།། བདག་ཉིད་ཀུན་ནས་ཞལ་ལ་ནི་ཞེས་པ་ནི་འཕགས ་པའི་ཁྲུས་གསུངས་པའོ།། ཀུན་ནས་ཞལ་ཞེས་པ་ནི།། ཨོཾ་སུམྦྷ་ཞེས་པ་ལ་སོགས་པའི་སྔགས་འདོན་ཅིང་། ཤར་དང་བྱང་ལ་སོགས་པའི་ཕྱོགས་སུ།། མཐེ་བོང་དང་། སྔགས་མཛུབ་ཀྱི་སེ་གོལ་གཏོག་པར་བྱའོ།། ཨོཾ་མེ་དི་ནི་བཛྲཱི་བྷ་བཱ ་བཛྲ་བནྡྷ་དྷྭཾ། ཨོཾ་བཛྲ་པྲཱ་ཀཱ་རཱ་ཧཱུཾ་བཾ་ཧཱུཾ། ཨོཾ་བཛྲ་པཉྫར་ཧཱུ~ཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཛྫ། ཨོཾ་བཛྲཱ་ཤ་ར་ཛྭ་ལོ་ཏྲཱ~ཾ་སཾ་དྷྭཾ་ཞེས་གསུང་བར་བྱའོ།། དེ་ནས་ཡན་ལག་དྲི་བཟང་གཙང་།། ཇི་ལྟར་ཡོད་པའི་རྒྱུན་མཆོག་འཆང་། ཧྲཱི ་ཧྲཱི་བསྒྲགས་ནས་རབ་འཇུག་བྱེད་ཅེས་སོ།། གལ་ཏེ་དང་གྲུབ་མཆོག་འདོད་ན།། མར་མི་བརྒྱ་ཡང་དབུལ་བྱ་ཞེས་པ་མཆོད་པ་བརྗོད་པ་གསུངས་པའོ།། སྒྲ་ཇི་བཞིན་པའོ།། ནམ་མཁའི་མཁའ་འགྲོ་མ་རྣམས་གང་།། ཐུགས་ཀྱི་འཁོར ་ལིར་དེ་དགོདང་བྱ།། ས་སྟེང་མཁའ་འགྲོ་མ་གང་ཡིན།། གསུང་གི་འཁོར་ལོར་རྣམ་དགོང་བྱ།། ས་འོག་མཁའ་འགྲོ་མ་གང་ཡ་ནི།། སྐུ་ཡི་འཁོར་ལོ་ལ་དགོད་བྱ།། མ་མོ་བརྒྱད་པོ་ཕྱོགས་རྣམས་དང་།། ཕྱོགས་བྲལ་རྣམས་སུ་དགོད ་པར་བྱ། ཞེས་ཏེ། ཐུགས་ཀྱི་འཁོར་ལོ་ལའོ།། བླ་མར་ཡང་། རླུང་གི་དཀྱིལ་འཁོར་ལ་གནས་པའི།། སྐུ་ཡི་དཀྱིལ་འཁོར་རྣམས་བསྒོམ་བྱ།། མཁས་པས་ཚུལ་གནས་པ་ཡི།། གསུང་གི་དཀྱིལ་འཁོར་བསྒོམ་པར་བྱ།། མི་ཡི ་དཀྱིལ་འཁོར་ལ་གནས་པའི།། ཐུགས་ཀྱི་འཁོར་ལོ་བདེ་བ་ཆེ།། དབང་ཆེན་དཀྱིལ་འཁོར་ལ་གནས་པའི།། དམ་ཚིག་གི་ནི་དཀྱིལ་འཁོར་མཆོག། སླར་ཡང་འཁོར་ལོ་པད་རྡོ་རྗེའི།། ཕྲེང་བས་འཁོར་ལོ་གསུམ་བསྐོར་བྱ།། ཆོ་ག ་ཇི་བཞིན་དམ་འཁོར་ལོ།། སྣ་ཚོགས་རྡོ་རྗེའི་ཕྲེང་བས་བསྐོར།། རྩིབས་རྣམས་དཀར་དཀར་དམར་སྔོ་སྙིང་པོའི།། ཕྱི་ཡི་མཚན་སོགས་སྣ་ཚོགས་མདོག། དེ་བཞིན་མེ་ཏོག་སྤོས་མར་མེས།། དཔའ་བོ་རྣལ་འབྱོར་མ་མཆོད་བྱ།། ་རྒྱལ་མཚན་དམར་དང་དེ་བཞིན་སེར།། དཀར་དང་ནག་དང་སེར་སྐྱ་དང་།། མེ་ཏོག་ཕྲེང་དང་སྣ་ཚོགས་ཕྱེ།། བླ་རེ་ཡོལ་བ་སྣ་ཚོགས་དང་།། བཟའ་བ་དང་ནི་བཏུང་བ་ཡིས།། རབ་མཉམ་གཞག་པས་མཆོད་པར་བྱ།། མཆོད་པ ་ངེས་པར་བསྟན་པ་སྟེ།། སྒྲ་ཇི་བཞིན་པའོ།། དཀྱིལ་འཁོར་དུ་འཇུག་པའི་ཆོ་གའོ།། ། དེ་ནས་སྒྲུབ་པོས་དངོས་པོ་ཀུན་གྱིས་ནི།། དང་པོར་སློབ་དཔོན་མཉེས་པར་བྱ།། གྲུབ་འདོད་ཤིན་ཏུ་མཉམ་གཞག་པས།། ་གུས་པས་བླ་མ་བཟང་མཆོད་བྱ།། ཞེས་པ་ནི། བླ་མ་མཆོད་པ་བརྗེད་པར་བྱ་སྟེ། སློབ་དཔོན་རྒྱུད་བཞིའི་ཀུན་ཏུ་སྤྱོད་པ་ཤེས་པ་ཉིད་ལས་སོ།། མངོན་བརྗོད་བླ་མར་ཡང་།། དཔལ་ཧེ་ཀའི་རིགས་འབྱུང་བའི།། ཀུན་བརྗོད ་མཛེས་པ་བསླབ་པར་བྱ།། སློབ་དཔོན་ཀུན་སྤྱོད་བསླབ་པ་དང་།། ཡུལ་གྱི་ཀུན་སྤྱོད་ཁྱད་པར་ལས།། རྣལ་འབྱོར་མ་རྒྱུད་ཀུན་སྤྱོད་དང་།། རྣལ་འབྱོར་རྒྱུད་རྣམས་རྒྱས་པ་དང་།། བྱ་བའི་དབྱེ་བའི་རིམ་ཉིད་ཀྱིས ་རྒྱུད་ཀུན་མངོན་པར་ཤེས་པ་ཉིད་ཅེས་སོ།། གདུ་བུ་དང་ནི་ལག་རྒྱན་ཉིད།། དཔུང་རྒྱན་གོས་ཀྱིས་རྣམ་པོར་བརྒྱན།། ལག་སོར་ལ་ཡང་དག་བྱེད་གཅིག། དེ་བཞིན་ཡོ་བྱད་ལྷམ་དང་ནི།། མགོའི་གཙུག་ཏོར་དང་ནི་གདུགས།། ་བླ་མ་འདི་རྣམས་ཀྱིས་མཆོད་བྱ།། སྒྲ་ཇི་བཞིན་པའོ།། སྒྲུབ་པོ་ཡང་ནི་རྔ་ཅན་ནམ།། དབྱངས་སྙན་པའི་དྲིལ་བུ་དཀྲོལ།། ཆོ་ག་བཞིན་དུ་དཀྱིལ་འཁོར་མཆོད།། ཧ་ཧོ་ཞེས་ཀྱང་བརྗོད་པར་བྱ།། ཞེས་ཏེ་དཀྱིལ་འཁོར་རབ་ཏུ ་གནས་པར་བརྗོད་པར་བྱའོ།། རྔ་ཅན་ནི་ཅང་ཏེའུའོ།། ཆོ་གོ་བཞིན་ཡེ་ཤེས་ཀྱི་འཁོར་ལོ་རོ་རབ་ཏུ་བཅུག་ནས། རྡུལ་ཆེན་གྱི་དཀྱིལ་འཁོར་གྱི་མདུན་དུ། དཀྱིལ་འཁོར་བྱས་ནས་སློབ་དཔོན་གྱིས་མཆོད་ཡོན་ལ་སོགས་པ་སྔོན ་དུ་འགྲོ་བས་མཆེད་པར་བྱའོ།། དྲང་བའི་དོན་ནོ།། དྲིལ་བུ་ནི་ཤེས་རབ་པོ་དབྱངས་སྙན་ནི་རྡོ་རྗེ་ཅན་མའོ།། རྔ་ཅན་ནི་པདྨ་ཅན་མའོ།། ནམ་གྱི་སྒྲས་རིན་ཆེན་དང་ལས་དང་། དེ་བཞིན་གཤེགས་པ་རྣམས་སོ།། ཡང་གི ་སྒྲ་ལས་སྐལ་བ་དང་ལྡན་མ་གཞན་རྣམས་ཀྱང་བསྟེན་པར་བྱའོ།། ཧ་ཧ་ཞེས་ཀྱང་བྱ་བ་ནི་བདེ་བ་ཉམས་སུ་མྱོང་བ་བཞིན་ལ་དེ། ཐིག་ལེས་དཀྱིལ་འཁོར་དུ་གཏོར་བར་བྱ་ཞིང་། རྣམ་པར་རྟོག་པ་ལ་ཡང་ངོ་།། དེ་ནས ་དཀྱིལ་འཁོར་གསང་གཏོར་བྱེད་པའོ།། ངེས་པའི་དོན་ནོ།། མཁའ་འགྲོ་མ་ཡི་དྲ་བ་སྡོམ།། སྔགས་པས་ཡང་ན་ཉིས་འགྱུར་བཟླས།། འདབ་མ་འཁོར་ལོ་དུར་ཁྲོད་དང་།། སྒོ་རྣམས་ངེས་པར་ཉིས་འགྱུར་རོ།། ཞེས་པ་འཁོར་ལོ ་དྲུག་གི་དཀྱིལ་འཁོར་ངེས་པར་སྟོན་པར་བྱེད་དོ།། དེ་ལ་སྡོམ་པ་ཆེན་པོའི་འཁོར་ལོ་སྒྱུར་བ་ལ།། སྙིང་པོར་ཆུ་སྐྱེས་འདབ་མ་བཅུ་དྲུག་པའོ།། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའི་འཁོར་ལོ་རྣམས་ལྔའོ།། དུར་ཁྲོད་རྣམས་ནི ་བཅུ་དྲུག་གོ།། སྒོ་རྣམས་ནི་བརྒྱད་དོ།། དབུས་སུ་གཙེ་བོ་དཔལ་ཧེ་རུ་ཀ་ཕྱག་ཉི་ཤུ་རྩ་བཞི་པ།། མགོ་བོ་བརྒྱའི་ཕྲེང་བ་ཅན་མཁའ་འགྲོ་མ་ཡི་དྱ་བ་སྡོམ་དཔལ་དུས་ཀྱི་འཁོར་ལོ་ཞེས་པའོ།། དཀྱིལ་འཁོར་བའི་རྣམ་པར་བཞག ་པ་ནི་མེང་པ་ཉིད་ཀྱི་ཕྱིར་མ་བརྗོད་དེ་ཞེས་པ་དྲང་བའི་དོན་ནོ།། ཉིས་འགྱུར་ནི་སྟོང་པོ་ཉིད་དང་སྙིང་རྗེར་དབྱེར་མེད་པའོ།། མཁའ་འགྲོ་མེ་ཡཾ་དྷཱ་སྣུམ་ནི།། བྱང་ཆུབ་ཀྱི་སེམས་སོ།། བཟླས་པར་བྱ་ནི་ཤེས་པར་བྱ་བའོ།། ཡང་ནའི ་སྒྲ་ལས་བསྒོམ་པར་བྱ་བ་ཡང་ངོ་།། འདབ་མ་ཞེས་པ་ཆོས་ཀྱི་དབྱིངས་སུའོ།། ཉིས་འགྱུར་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་གྱི་འཁོར་ལོ་ལྔ་སྟེ། དངོས་སུ་ན་སྙིང་རྗེར་འགྱུར་རོ།། སོ་འོག་གི་དུར་ཁྲོད་བརྒྱད་ཀྱི་མཐར ་ཐུག་པར་འཕྲོ་བར་བྱེད་པའོ།། ངེས་པ་ནི་གདོན་མི་ལ་བའོ་ཞེས་པ་ངེས་པའི་དོན་ནོ།། ཤིང་ལྔ་ཨུ་དུམྦ་ར་ཡི། སོ་ཤིང་རབ་ཏུ་སྦྱིན་པར་བྱ།། དཀྱིལ་འཁོར་དུ་མགོ་གང་དུ་ལྷུང་།། དེ་ཡིས་ལས་ནི་སྒྲུབ་པར་བྱེད་ཅེས་པསོ་ཤིང ་བརྗོད་པའོ།། ལྔ་ཞེས་པ་བཊ་དང་།། ཨ་ཤྭ་ཐ་དང་། ཨུ་དུ་བ་ར་དང་། པནྡ་ནྡྷ་དང་། ཙཱུ་ཏྱཱ་རྣམས་སོ།། ཨོཾ་བདྡྷ་ཧ་ས་ཞེས་པས་བཟའ་བར་བྱའོ།། སྒྲ་ཇི་བཞིན་པའོ།། སློང་མའི་མིག་དང་གདོང་པ་ལ།། སེར་པོའི་གོས ་ཀྱིས་གཡོགས་ནས་སུ།། དེ་ནས་སྐོར་བ་བྱས་ནས་ནི།། སྒྲུབ་པ་པོ་དེ་བླ་མས་དབུལ།། ལྷོ་ཕྱོགས་ཁ་བལྟོས་མེ་ཏོག་དེ།། དཀྱིལ་འཁོར་དུ་ནི་དོར་བར་བྱ།། གང་དུ་མེ་ཏོག་དེ་ལྷུང་བ།། དེ་ནི་སྔགས་པ་ད་ཡི་རིགས་ཤེས་སོ།། ་དཀྱིལ་འཁོར་དུ་ནི་དགུའི་བདག་ཉིད་དུའོ།། བླ་མར་ཡང་།། སྡང་རྨོངས་དེ་བཞིན་ང་རྒྱལ་དང་།། ཆགས་དང་ཕྲག་དོག་དེ་བཞིན་ཉིད།། འདི་རྣམས་རིགས་ནི་ལྔ་པོར་ངེས།། འདད་དང་ཐར་པའི་འབྲས་རབ་སྟེར།། གླང་པོ་སེངྒེ་མྱུར ་འགྲོ་དང་།། དེ་བཞིན་རྨ་བྱ་ན་མཁའ་ལྡིང་།། ཁྱབ་འཇུག་ཚངས་པ་དེ་བཞིན་ཉིད།། དབང་ཕྱུག་ཆེ་དང་དབང་པོ་ཉིད།། གྲཝ་བཞིར་མ་མོ་བསམ་པར་བྱ།། ཞེས་སོ།། རྨོངས་པ་ལ་སོགས་པ་ནི་མ་མོ་རྣམས་སོ།། གོས་སེར་པོ་ནི་རྒྱས་པའི ་དོན་ནོ།། ཨོཾ་ཙ་བནྡྷ་བ་ར་མཱ་ཎ་ཡེ།། ཞེས་པས་བཅིང་བར་བྱའོ།། བླ་མས་དབུལ་ནི་སྔགས་ཀྱིས་བྱིན་གྱིས་བརླབས་པའི་མེ་ཏོག་ཅིག་གྲ་མོ། ལུས་ཀྱི་རྡོ་རྗེས་སྐོར་བ་བྱེད་དུ་བཅུག་ནས།། དཀྱིལ་འཁོར་གྱི་ལྷོ་སྒོར་ཁྲིད་དུ། ་ཨོཾ་པྲ་ཏཱིནྟིཾ་ཧོ་ཞེས་པས་མེ་ཏོག་དེ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་དོར་བར་བྱའོ།། སྒྲ་ཇེ་བཞིན་པའོ།། བཅུད་དང་བཅུད་ལེན་ནད་མེད་དང་། ནོར་དང་འབྲུ་རྣམས་རབ་རྩོལ་བྱེད།། རྟག་ཏུ་པགས་གཡང་ཞི་བ་སྟེར ་དཀྱིལ་འཁོར་གྱིས་ནི་ལྷོ་སྐོར་རོ།། ཞེས་བཤད་པའི་རྒྱུང་ངུའོ།། ཉི་མ་གཉིས་པར་ཁྲག་གིས་ནི་ཐིག་ལེ་དེ་ལ་བྱ་བའོ།། ཞེས་པ་ནི་ལྷག་པར་གནས་པ་བརྗོད་པ་སྟེ། བསྲུང་བའི་དོན་དུ་སློབ་མ་ལ་ཐིག་ལེ་བྱ་བའོ།། སློབ་དཔོན ་ཤིན་ཏུ་མཉམ་གཞག་པས།། སློབ་མ་ཡི་ནི་གདོང་ཕྱེ་ལ།། ལྷ་གང་གིས་ནི་གནས་གང་ཡིན།། དེ་དང་དེ་ཉིད་རབ་བསྟན་བྱ།། ཞེས་ཏེ། ཨོཾ་དེ་བྱེནྡྷ་ལརྦྦཱ་ད་གྷ་ཊཱ་ཡ་སྭཱ་ཧཱ། ཞེས་པས་མིག་དེར་དགྲོལ་བར་བྱའོ།། ལྷ་ཉིད་ནི་རྣམ ་པར་སྣང་མཛད་ལ་སོགས་དང་མཁའ་འགྲོ་མ་ལ་སོགས་པ་དང་། འདིར་མཁའ་འགྲོ་མ་དང་། ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་སེ་ལ་སོགས་པ་དག་པའོ།། སླར་ཡང་གཡོན་ནས་བོ་རྣམས་པ་ཡིས།། ་དེ་ནས་བསྐོར་བ་བྱས་ནས་ནི།། སྒྲུབ་པོས་བླ་མ་ལ་བཏུང་ནས།། ཡོན་གྱི་མཆོག་ནི་དབུལ་བར་བྱ་ཞེས་པས་ཡོན་གསུངས་པ། ཀྵེ་རྡོ་རྗེ་ལ་དཀྱིལ་འཁོར་མཆོག། དེ་བཞིན་མེ་ལོང་རྟག་པ་ལ།། བཟང་པོའི་གོས་ནི་རྟ་མགྲིན་ལའོ།། རྡོ་རྗེ ་ཉི་མས་གསེར་མཆོག་དང་།། རྟ་མཆོག་ལ་ཡང་རྟ་ཉིད་དེ།། རྟག་ཏུ་ཡོན་གྱི་མཆོག་ཡནི་ནོ།། ཞེས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་དུའོ།། རིན་ཆེན་ལྕགས་ཟངས་པ་ལང་རྟ།། གླང་ཆེན་བུ་མོ་ནོར་འཛིན་བྲན།། བྲན་མོ་འདོད་པའི ་ཆུང་མ་སོགས།། རྣ་རྒྱན་གདུ་བུ་ལ་སོགས་པ།། བདག་ཉིད་དངོས་པོ་ཀུན་གྱིས་ནི།། བློ་དང་ལྡན་པས་དབུལ་བར་བྱ།། དེ་ནས་བརྩམས་ཏེ་བྲན་དུ་བདག། བདག་གིས་བདག་ཉིད་ཡང་དག་དབུལ།། དཔལ་ལྡན་བླ་མ་ཁྱེད་ཞབས། ་ཀྱི། ཡང་དག་རྫོགས་པའི་བྱང་ཆུབ་བརྙེས།། དེ་བཞིན་དཔའ་དབང་མཁའ་འགྲོམ།། རྣལ་འབྱོར་མ་མོ་རྣམ་གཉིས་འགྱུར།། དེ་ལྟར་རྣལ་འབྱོར་གྲུབ་གྱུར་ན།། འཇིག་རྟེན་གསུམ་དུ་མི་བཟློག་གོ། ཞེས་པ་བླ་མ ་མཉེས་པར་བྱེད་པ་བརྗོད་པའོ།། སྒྲ་ཇི་བཞིན་པའོ།། སྔག་པ་དཀྱིལ་འཁོར་མ་མཐོང་བར།། གང་ཞིག་རྣལོ་འབྱོར་པ་ཉིད་འདོད།། མཁའ་ལ་ཁུ་ཚུར་གྱིས་བསྣུན་དང་།། སྨིག་རྒྱུའི་ཆུ་ནི་མཐུང་བར་བྱེད།། གང་ཞིག་དཀྱིལ་འཁོར ་འདིར་དབང་བསྐུར།། རྒྱུད་རྣམས་ཐམས་ཅད་སྒྲུབ་པ་པོས།། ལྷ་དང་ལྷ་མིན་མི་རྣམས་ནི། ཁིལ་དྷི་གནོན་པར་འགྱུར་བ་ཡིན།། ཞེས་པ་དཀྱིལ་འཁོར་དུ་ཞུགས་པའི་ཕན་ཡོན་བརྗོད་པའོ།། དཀྱིལ་འཁོར་ཞེས་པ་ནི། མངོན་བརྗོད ་དུ་གསུངས་པའི་མཁའ་འགྲོ་ལྔའི་དཀྱིལ་འཁོར་འདུས་པ་དང་མཚུངས་པར་རོ།། སྒྲ་ཇི་བཞིན་པའོ།། ཡང་དགེ་བར་མཆོད་ནས། དེ་ནས་སློབ་དཔོན་ལ་ཕྱག་རྒྱ་མོ་དབུལ་བར་བྱའོ།། དེས་དགོད་པའི་དབང་བསྐུར་བ་སྦྱིན་པར ་བླ་མ་ལ་བུས་གསོལ་བ་གདབ་པར་བྱའོ།། ཞེས་པ་དབང་མདོར་བསྟན་པ་སྟེ། ཕྱག་རྒྱ་མུ་ལོ་བཅུ་གཉིས་མ་དང་པོར་བྱས་ནས། ཇི་སྲིད་ལོ་ཉི་ཤུའི་མཐར་ཐུག་པོ་གཟུང་བར་བྱའོ།། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས་གསུང་པ། ་གང་ཞིག་བཅུ་གཉིས་ལོ་ལོན་བུ་མོ་དཀར་ཤམ་དང་།། གཞན་བདེ་བཞིན་སྐྱེ་གནས་ཉི་ཤུའི་ལོ་ལོན་པ།། གཟུང་ནས་བུ་མ་སྐྱེས་པ་དམ་ཚིག་ལ་ཞུགས་པ། བླ་མས་དབང་བསྐོར་དོན་གྱི་རྒྱུ་རུ་ངེས་པར་རྟག་ཅེས་སོ།། གོས་དང ་རྒྱན་ལ་སོགས་པས་ཡང་དག་པར་མཆོད་ནས།། བུས་ཡང་དག་པར་དབུལ་བར་བྱའོ།། ཡང་དག་པར་རབ་ཏུ་སྦྱིན་པས་སྨིན་པར་བྱའོ།། སྒྲ་ཇི་བཞིན་པའོ།། རྒོད་པ་དང་། བལྟ་བ་དང་། ཀུན་ཏུ་རེག་པ་དང་། འཁྲུད་པ་དང་། ་ལག་པ་འཛིན་པ་དང་། གཉིས་གཉིས་སྦྱོར་བས་ཕྱག་རྒྱ་མའི་དབང་བསྐུར་བ་རྣམ་པ་དྲུག་དང་། རྣམ་པ་གསུམ་མོ།། འདི་རྣམས་ཀྱིས་སློབ་དཔོན་དང་གསང་བ་ལ་སོགས་པ་རྣམས་ཀྱི་དབང་བསྐུར་བར་འགྱུར་རོ།། སློབ་དཔོན ་གསང་བ་ཤེས་རབ་དང་། བཞི་པ་དེ་སླ་རོ་བཞིན་ནོ་ཞེས་སོ།། དབང་བསྐུར་བ་ལ་སོགས་ངེས་པར་བསྟན་པ་འདི་ལ།། རྒྱུད་སྣ་ཚོགས་སུ་དབང་བསྐུར་བ་དུ་མ་གསུངས་ཏེ། མདོར་བསྡུས་པས། རྣལ་འབྱོར་དང་རྣལ ་འབྱོར་མའི་རྒྱུད་དུ་བཞི་གསུངས་སོ།། བྱ་བའི་རྒྱུད་དུ་ནི་ཤེས་མས་རྒོད་པས་བདེ་བ་ཉམས་སུ་མྱོང་བ་རྒོད་པའི་དབང་བསྐུར་བའོ།། སྤྱོད་པའི་རྒྱུད་ངུ་ཤེས་རབ་མ་ལ་བལྟ་བ་བདེ་བ་ལས་བལྟ་བའི་དབང་བསྐུར་བའོ།། རྣལ ་འབྱོར་བླ་མའི་རྒྱུད་ངུ་ནི་ཤེས་རབ་མའི་ནུབ་མ་གཉིས་ལ་རེག་པ་ལས་གྱུར་པའི་བདེ་བ་ནི་ནུ་མ་ལ་རིག་པའི་འོ།། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དུ་ཤེས་རབ་མའི་ལྤག་པས་བཛྲ་བ་ནི་ལག་པ་འཛིན་པའི་དབང་བསྐུར་བའོ།། འདུས ་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དུ་འཁྱུད་པའི་བདེ་བ་ལས། འཁྱུང་པའི་དབང་བསྐུར་བའོ།། རྣལ་འབྱོར་མའི་རྒྱུད་དུ་ཡང་གཉིས་གཉིས་བསྐྱོད་བ་ལས་གཉིས་ཀའི་བདེ་བ་ལས་གཉིས་གཉིས་ཀྱི་དབང་བསྐུར་བའོ།། ་བཅུ་དྲུག་གི་ངོ་བོ་ཅན་བཞི་འདོད་པ་ན་སྤྱོད་པའི་མི་རྣམས་ཀྱི་གཉིས་ལ་རྣམ་པ་གསུམ་མོ་ཞེས་པ་མདོར་བསྡུས་ནས་དབང་བསྐུར་བའོ།། བུམ་པ་དང་གསང་བ་དང་ཤེས་རབ་ཀྱི་མཚན་ཉིད་ལས་གསུམ་མོ།། ་སློབ་དཔོན་ལ་སོགས་པའི་དབང་བསྐུར་བ་ལ། འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་རྣམ་པ་གཉིས་སོ།། ཞི་བ་ཡང་རྣམ་པ་གཉིས་ཏེ། བདེན་པ་བདག་གི་རྣམ་པར་འཇུག་པས་བཞི་པའི་མིང་དང་འགྱུར་བ་དང་། ་འགྱུར་བ་མེད་པ་ཤིན་ཏུ་དབྱེར་མེད་པ་བདེ་བ་ཆེན་པོ་ཐམས་ཅད་སྟོང་པ་རྒྱུ་དང་འབྲས་བུ་འགོག་པས་འགྱུར་རོ།། དེ་ནི་ཀཀྐོ་ལར་གནས་པའི་ཧཱུཾ་ཕཊ་ཡི་གེའི་མཚན་ཉིད་གསུམ་པར་འགྱུར་བར་འོས་པ་མ་ཡིན་ནོ།། འདི་ལྟར ་ཡང་། བོ་ལར་གནས་པ་དབང་བཞི་པ་དེ་ཁོ་ན་ཉིད་ཀྱི་དབང་རབ་ཏུ་གསལ་བར་བྱེད་དོ།། ཞེས་པ་འཇིག་པའི་དབང་ནི་དེ་ཁོ་ན་ཉིད་ཚུལ་གཉིས་སུ་མེད་པ་དང་བྲལ་བ་སྟེ། ད་ནི་འདིར་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་འཕོ་བ་མེད ་པའོ་ཞེས་པའོ།། ཐམས་ཅད་གསང་བའི་རྒྱུད་ངུ་ཡང་།། རྒྱུ་ཡི་དེ་ཉིད་མཉམ་སྦྱོར་བ་ལས།། འབྲས་བུའི་དེ་ཉིད་བསྟན་པར་བྱ།། འབྲས་བུའི་དེ་ཉིད་མཉམ་འཇུག་པ།། རྒྱུ་ཡི་དེ་ཉིད་ཐེ་ཚོམ་མེད།། རང་བཞིན་སོ་སོར་སྒྲུབ ་བྱེད་ལའང་།། རབ་ཏུ་བྱ་དང་བྱེད་པའོ་ཞེས་གསུངས་སོ།། འབྲས་བུ་བསྟན་པའི་ཕྱིར་ཡང་།། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ།། འདིར་བཞི་པའི་མངོན་པར་དབང་བསྐུར་བས་མངོན་པར་དབང་བསྐུར་ན་སངས་རྒྱས ་གཉིས་པ་ཉིད་དོ་ཞེས་སོ།། འཕགས་པའི་ཞབས་ཀྱིས་ཀྱང་གསུངས་པ།། དང་པོ་ལས་ཀྱི་སྦྱོར་བ་ཡིས།། ས་བརྒྱད་པ་ནི་ཐོབ་པར་འགྱུར།། སྣང་བ་གསུམ་པོ་མཐོང་བ་དང་།། ས་བཅུ་ལ་ནི་རབ་ཏུ་གནས།། མངོན་པར་བྱང་ཆུབ ་ལེགས་ཐོབ་ནས།། གཙང་མའི་གནས་སུ་ཉེ་བར་འགྲོ་ཞེས་སོ།། གཙང་བ་དང་། ཤེས་རབ་དང་བཞི་པ་ནི་འབྲས་བུ་ཞེས་བརྗོད་དོ།། དེའི་ཕྱིར་མྱ་ངན་ལས་འདས་པའི་བདེ་བ་ཉིད།། འཕོ་བ་མེད་པ་ཡང་ལྷན་ཅིག་སྐྱེས་པ་མི་འགྱུར་པ་ངེས ་པར་བཞི་པར་བརྗོད་དོ་ཞེས་པ་ཟུང་དུ་འཇུག་པ་གྲུབ་པའོ།། བུམ་པས་མངོན་པར་དབང་བསྐུར་བ་ནི་སློབ་དཔོན་གྱི་དབང་བསྐུར་བའོ།། གསང་བ་བལྟ་བས་དང་།། བདུད་རྩི་མྱང་བས་གསང་བའི་དབང་བསྐུར་བའོ།། ལས་ཀྱི་ཕྱག་རྒྱ ་བཏད་པས་དང་། དབང་པོ་ཉིད་ཀྱི་བདེ་བ་རྟོགས་པས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ།། ནོར་བུའི་ནང་དུ་ཆུད་པའི་བྱང་ཆུབ་ཀྱི་སེམས་ཀྱི་བདེ་བ་རྟོགས་པ་ས་བཞི་པའོ།། དྲང་བའི་དོན་ནོ།། འདྲིར་བུམ་པའི་སྒྲས་ནུ་མ་བརྗོད་དེ། ་དེ་ལ་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་ནི་བུམ་པའི་དབང་བསྐུར་བའོ།། གསང་བར་རྡོ་རྗེས་རེག་པ་ལས་འགྱུར་བའི་བདེ་བ་གང་ཡིན་པ་དེ་གསང་བའི་དབང་བསྐུར་བའོ།། དབང་པོ་གཉིས་ཀྱིས་སྙོམས་པར་འཇུག་པ ་ལས། གཡོ་བའི་བདེ་བ་གང་ཡིན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའོ།། ཕྱག་རྒྱ་ཆེན་པོ་ལ་རྗེས་སུ་ཆགས་པས་འགྱུར་བ་མེད་པའི་བདེ་བ་གང་ཡིན་པ་དེ་ནི་བཞི་པ་དེ་སླར་དེ་བཞིན་གྱི་མངོན་པར་དབང་བསྐུར་བ་དོན་དམ ་པའོ་ཞེས་པ་ངེས་པའི་དོན་ནོ།། །། དེ་ཉིད་བསྡུས་པ་དཔལ་དང་ཡང་།། གསང་བའི་རྡོ་རྗེ་འཇིགས་བྱེད་དེ།། དཀྱིལ་འཁོར་རྒྱས་པའི་དབང་པོ་འདི།། མ་བྱུང་འབྱུང་བར་མི་འགྱུར་རོ།། ཞེས་པ་དཀྱིལ ་འཁོར་གྱི་ཕན་ཡོན་ནོ།། སྒྲ་ཇི་བཞིན་པའོ།། ཆུ་དང་ཅོད་པན་ལ་སོགས་པའི་དབང་མདོར་བསྡུས་ནས་བསྟན་པའི་ཚུལ་ལོ།། བཤད་དང་མ་བཤད་གང་ཅིའང་རུང་།། དེ་ཀུན་དཔལ་ཧེ་རུ་ཀར་གནས་ཤེས་པ་ནི།། དབང་མང་པོ་རྒྱུད ་ཕན་ཚུན་དུ་འབྲེལ་པ་དེ་ཡང་བརྗོད་དོ།། སྒྱུ་འཕྲུལ་དྲ་བར་ཡང་གསུངས་པ། ཆུ་སོགས་མངོན་པར་དབང་བསྐུར་བདུན།། མཁས་པས་མཐ་དད་རྟོགས་པར་བྱ་ཞེས་སོ།། ཕྲེང་བ་ཆུ་དང་རྫོགས་སངས་རྒྱས།། རྡོ་རྗེ་དྲིལ ་བུ་མེ་ལོང་དང་།། མིང་དང་སློབ་དཔོན་རྗེས་གནང་སྟེ།། འདི་ནི་མངོན་པར་དབང་བསྐུར་རིམ་ཞེས་རྣལ་འབྱོར་གྱི་རྒྱུད་དུའོ།། འཁོར་ལོ་སྡོམ་པ་ཉིད་དུ་མ་བཤད་པ་ཆུ་དང་ཅོད་པན་ལ་སོགས་པའི་དབང་གང་ཡིན་པ་དེ་ཐམས་ཅད ་དཔལ་ཧེ་རུ་ཀ་ལས་ཏེ། འབུམ་ཕྲག་ལྔ་པ་ཉུང་ངུའི་རྒྱུད་དུ་དང་། མཁའ་འགྲོ་མ་རྡོ་རྗེ་གུར་ལ་སོགས་པར་ཡང་རྒྱས་པར་ཤེས་པར་བྱའོ།། དེའི་དག་པ་ཡང་འབུམ་ཕྲག་ལྔ་པར་གསུངས་པ། བྱིས་པ་སྐྱེས་པ་མ་ཡིས་ནི། ་ཆུ་ཡིས་ཁྲུས་བྱེད་དབང་བསྐུར་རོ།། དེ་ཡིས་གཙུག་པུས་རབ་བཞག་པ། ཅོད་པན་དུ་ནི་ཡོངས་སུ་བཏགས།། དེ་ཡི་རྣ་བ་འབུགས་ལ་སོགས།། དར་དཔྱངས་དབང་ཞེས་བྱ་བར་བཤད།། ངོ་ཡི་རྒོད་དང་སྨྲ་བ་ཉིད། ་རྡོ་རྗེ་དྲིལ་བུའི་དབང་བསྐུར་རོ།། ལྔ་ལ་ལོངས་སྤྱོད་བརྟུལ་ཞུགས་སོ།། མིང་ནི་མིང་གི་དབང་བསྐུར་རོ།། ཕ་ཡིས་རྟག་ཏུ་ཀློག་ལ་སོགས།། སྟེར་བར་བྱེད་པ་རྗེས་གནང་ཡིན།། དེ་ལྔ་རྣམ་པ་བདུན་གྱིས་ནི།། དབང་བསྐུར ་བདུན་དུ་རབ་ཏུ་བསྒྲགས།། དེ་ཡི་ངག་མ་བྱེད་པ་ནི།། གོང་མའི་དབང་དུ་བརྗོད་པར་བྱ།། དེ་ལ་ཤེས་རབ་གཏད་པ་ནི།། ལག་པ་འཛིན་པར་བརྗོད་པར་བྱ་ཞེས་སོ།། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་།། དང་པོ་བུམ་པའི་དབང་ཡིན། ་གཉིས་པ་གསང་བར་འདོད་པ་ཡིན།། ཤེས་རབ་ཡེ་ཤེས་གསུམ་པ་ནི།། ཇི་ལྟར་དེ་བཞིན་གཤེགས་དེ་མིན་ཞེས་སོ།། གཞན་དེས་མི་འགྱུར་བའི་བདེ་བ་སྟོང་པ་ཤེས་རབ་ལ་བདག་སྐྱེས་པ་ནི་བཞི་པར་བརྗོད་དེ། འཇིག་རྟེན ་འདས་པའི་དབང་གང་མཆོག་གི་རྒྱལ་བའི་བདག་པོའི་ཕྱག་རྒྱ་མཆོག་ལ་རྗེས་སུ་སྦྱོར་བའོ།། ཞེས་གསུངས་སོ།། བཞི་པ་མངོན་པར་བྱང་ཆུབ་པའི་རིམ་པར་གང་གི་སེམས་ཀྱི་སྣང་བ་དངོས་པོ་མེད་པའི་མཚན་ཉིད་དག་གི ་ཐམས་ཅད་སྟོང་པ་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་མོ་འགྱུར་བ་མེད་པར་རྟོགས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པ་སྟེ། དབང་གི་ཆོ་གའོ།། ། ད་ནི་མཁའི་འགྲོ་མ་རྣམས་དགོད་པ་གསུངས་པ། མཁའ ་འགྲོ་མ་རྣམས་གནས་རྣམས་སུ།། ཀུན་ནས་རྣམ་པར་རོལ་པར་བྱེད།། ཅེས། དང་པོར་ལུས་རྣམས་དབེན་པའི་དོན་དུ། རྣམ་པར་རོལ་པར་བྱེད་པ་ནི། པུལླི་ར་ལ་སོགས་པའི་གནས་ཉི་ཤུ་རྩ་བཞིར་ཁྱབ་པར་བྱེད་པའོ།། མཁའ ་འགྲོ་མ་རྣམས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་སོ།། བཤད་པའི་བརྒྱུད་དུ་ཡང་།། ཌེ་ན་མཁའ་གྲོ་བྱེད་ལ། དབྱིངས་སུ་འདིར་ནི་བཏགས་པའོ།། ནམ་མཁའ་ཀུན་ཏུ་རྒྱུ་གྲུབ་པས།། མཁའ་འགྲོ་མ་ཞེས་རབ ་གྲུབ་བྱེད་ཅེས་སོ།། དགོངས་པའོ།། ཀུན་ནས་ཤེས་པ་ནི་གླིང་ཐམས་ཅད་ཁོ་ནར་ཏེ་གལ་ཏེ་པུལླིར་ལ་སོགས་པ་ཙམ་ཉིད་ནི་ཕོ་ཉ་མོ་རྣམས་ཁྱབ་པར་བྱེད་པ་ཉིད་དུ་མི་འགྱུར་རོ།། རྒྱུད་གཞན་དུ་ཡང་གསུངས་པ། གནས་ནི་ཤར ་གྱི་ལུས་འཕགས་འགྱུར།། ལྷོ་ཡི་འཛེམྦུའི་གླིང་དང་ནི།། ནུབ་ཀྱི་བ་ལང་སྤྱོད་རྣམས་དང་།། བྱང་དུ་བྱང་གི་སྒྲ་མི་སྙན།། ཉེ་བའི་གནས་ནི་ས་སྟེང་དུ།། ཕྱོགས་བྲལ་ཉེ་བའི་གླིང་དུ་འགྱུར།། དེ་བཞིན་ཞིང་ལ་སོགས་པ་ཀུན།། ་རྒྱ་མཚོའི་འཁོར་ཡུག་ལ་སོགས་སུའོ་ཞེས་སོ།། འདིའི་ཕྱིར་རྟུལ་པོ་རྣམས་ཀྱི་དོན་དུ་པུལླི་ར་ལ་སོགས་པ་ཉི་ཤུ་རྩ་བཞི་ངེས་པར་བསྟན་ནོ།། ཕྱི་རོལ་ཏུ་མཁའ་འགྲོ་མ་སུམ་ཅུ་རྩ་དྲུག་ནི། ལུས་ལ་མགོ་བོ་ལ་སོགས་པའི་གནས་རྣམས ་སུ་ཁྱད་པར་འགྲོ་བྱེད་པའི་རྩ་རྣམས་སོ།། མཁའ་འགྲོ་མ་ནི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ།། རྣམ་པར་རོལ་པར་བྱེད་པ་ནི་གཞན་དུ་ཆོས་ཀྱི་དབྱིངས་སུ་འདུ་བར་བྱེད་པའོ།། ལུགས་ལས་བཟློག་པས་བརྩོན་འགྲུས ་ཆེན་མོ་དང་། འཁོར་ལོ་སྒྱུར་མ་དང་། སྟོབས་ཆེན་མ་དང་། ཤིན་ཏུ་དཔའ་མོ་དང་། ལྔ་པ་འཁོར་ལོའི་གོ་ཆ་མ་དང་། ཆང་འཚང་མ་དང་། དུམ་སྐྱེས་མོ་དང་། འཁོར་ལོའི་ཤུགས་མ་ཞེས་བརྒྱད་ནི། སྐུའི་འཁོར་ལོ་ལ་གནས ་པའོ།། མཁའ་འགྲོ་གདོང་མཱ་དདྱ་དྷཱ་རྣམ་དང་ཤིན་ཏུ་དབང་མོ་དང་། སྔོ་བསངྱས་ལྷ་མོ་དང་། དེ་བཞིན་ཁོ་ནར་བཅུ་གསུམ་པ་འཆང་ཐུང་མ་དང་། རླུང་ཤུགས་མ་དང་། འཇིགས་བྱེད་མ་དང་། ས་སུངས་མྦྷ་སྟེ་བརྒྱད་ནི་གསུང་གི་འཁར ་ལ་ལ་གནས་པའོ།། ཤིང་གྲིབ་མ་དང་། ལང་ཀཱིའི་དབང་ཕྱུག་མ་དང་། མྲིའུ་བྷྲྀང་མཱ་དང་། དེ་བཞིན་དུ་དཔའ་བའི་བློ་གྲོས་མྱ་དང་། སྒྲ་ཆེན་མཱ་དང་། དེ་བཞིན་ཁྱོ་ནར་འོད་ལྡནྡྲ་མ་དང་། གཏུམ་པའི་མིག་མ་དང་། རབ་གཏུམྦྷ་མ ་དངོས་གྲུབ་སྦྱིན་ཞིང་དངོས་གྲུབ་སྒྲུབ་པར་བྱེད་པ་ཡིན་ནོ།། ཞེས་པ་བརྒྱད་ནི་ཐུགས་ཀྱི་འཁོར་ལོ་ལ་གནས་པའོ།། དཔའ་བོ་བཟང་པོ་ཉི་ཤུ་བཞི།། འདི་དག་བཙོ་བོར་གྲུབ་པ་ཡིན་ཞེས་པ་ནི། འཁོར་ལོ་གསུམ་ལ་གནས་པའི་དཔའ ་བོ་རྣམས་ཀྱང་མདོར་བསྟན་ནོ།། ལུགསོ་ལས་བཟློག་པས་རིམ་པ་ལས་འདས་པ་དང་། རིམ་པ་དང་མཐུན་པར་རྟོགས་པར་བྱའོ།། འདི་རྣམས་ཀྱི་ཁ་དོག་ལ་སོགས་པ་ནི་འཆད་པར་འགྱུར་བར་བརྗོད་པར་བྱའོ།། སྒྲ་ཇི་བཞིན ་པའོ།། རང་མིང་བརྗོད་པའི་གསང་སྔགས་ལ།། ཧཱུ~ཾ་ཕཊ་ཡི་གེ་སྦྱར་བར་བྱ།། ཨོཾ་ཡིག་ཀུན་ལ་གསལ་བྱེད་དེ།། ལུས་རྣམས་ཀུན་དང་དངོས་གྲུབ་སྦྱིན།། ཞེས་པ་ནི་དཀྱིལ་འཁོར་བའི་ཤེས་རབ་དང་། ཐབས་དག་གི་སྔགས ་མདོར་བསྟན་པ་སྟེ། འདིའི་དོན་འདི་ཡིན་ཏེ། ཨོཾ་པྲྀ་ཙཎྜེ་ཧཱུཾ་ཕཊ། དེ་བཞིན་དུ་གཞན་རྣམས་ཀྱང་རྟོགས་པར་བྱའོ།། ཨོཾ་ཁཎྜ་ཀ་པཱ་ལི་ནི་ཧཱུཾ་ཕཊ། དེ་བཞིན་དུ་དཔའ་བོ་གཞན་རྣམས་ཀྱང་ངོ་།། དཔའ་བོ་ཉིད་གྱུར་གྲུབ་པ་ནི། ་ཁྱིམ་གྱིས་དཀྱིལ་འཁོར་མཐོང་བ་ཡིན་ཞེས་པ་འདི་ནི་ང་གི་དཀྱིལ་འཁོར་གསུངས་ཏེ། དཀྱིལ་འཁོར་བའི་ལྷ་རྣམས་ལུས་ལ་རྩའི་གཟུགས་སུ་ཐུ་དད་པས་གནས་ཏེ། དཔའ་བོ་ཉིད་སོ་ལ་སོགས ་པ་ཉིད་དུ་གནས་པས་སླར་ཡང་དངོས་གྲུབ་རྫོགས་པར་འགྱུར་རོ།། དེ་བཞིན་དུ་ཡང་གསུང་པ།། རྩ་རྣམས་མཁའ་འགྲོ་མ་རབ་བརྗོད།། དཔའ་བོ་སོ་དང་སེན་མོ་སོགས་ཞེས་སོ།། བླ་མར་ཡང་སོ་དང་སེན་མོ་དག་རབ་གཏུམ ་མའོ།། སྐྲ་དང་སྤུ་དག་གཏུམ་མིག་མའོ།། པགས་པ་དང་དྲི་མ་དག་འོད་ལྡན་མའོ།། ཤ་ལ་སྣ་ཆེན་མའོ།། རྒྱུས་པ་ནི་དཔའ་བའི་བློ་གྲོས་མའོ།། རུས་པ་ནི་མིའུ་ཐུང་བའོ།། མཚན་པ་ལ་ལང་ཀའི་དབང་ཕྱུག་མའོ།། ་སྙིང་ལ་ཤིང་གྲིབ་མའོ།། མིག་ལས་གསུངས་མའོ།། མཁྲིས་པ་ལས་འཇིགས་བྱེད་ཆེན་མོའོ།། གློ་བ་ལ་རླུང་ཤུགས་མའོ།། རྒྱུ་མ་ལ་ཆང་འཐུང་མའོ།། སྤུ་ཟུར་གྱི་རྒྱས་པ་སྔོ་བསངས་ལྷ་མོའོ།། ལྟོ་བཱ་ལ་ཤིན་ཏུ་བཟང ་མོའོ།། ཀེང་རུས་ལ་རྟ་རྣ་མའོ།། མཚམས་མཐའ་ལ་མཁའ་འགྲོ་འོང་མའོ།། བོད་ཀན་ཡང་འཁོར་ལོའི་ཤུགས་མའོ།། རྣག་ནི་དུམ་སྐྱེས་མའོ།། ཁྲག་ནི་ཆང་འཆིང་མའོ།། རྡུལ་ནི་འཁོར་ལའི་གོ་ཆ་མའོ།། ལ་ནི་ཤིན་ཏུ་དབུ་མོའོ།། མ་སྟོན ་མའོ།། མཆིལ་མ་འཁོར་ལོས་སྒྱུར་མའོ།། སྣབས་ནི་བརྩོན་འགྲུས་ཆེན་མོའོ།། ཞེས་པ་དྲང་བའི་དོན་ནོ།། སམྦུ་ཊའི་རྒྱུད་དུ་ཡང་། ཧེ་རུ་ཀཾ་དཔལ་དཔའ་བོ་འདི།། དཔྱིད་ཀྱི་ཐིག་ལེར་འདོད་པ་སྟེ།། དཔྱིད་ཐོབ་པས་ནི་ཆེག་ཤེས་པ། ་སྙོམས་པར་འཇུག་པ་མཉམ་པར་གནས་ཤེས་པ་ངེས་པའི་དོན་ནོ།། རྣལ་འབྱོར་མཆོག་རབ་མཐོང་བ་ནི།། མེ་སྟེ་གཞན་དག་སོགས་མ་བཞིན།། ཞེས་པ་ནི་གཉིས་སུ་མེད་པ་དགོད་པར་བརྗོད་པ་བསྟེ། སྟོང་པ་ཉིད་དང་འདུས་པའི ་རྣལ་འབྱོར་དེ་ཉིད་བྱང་ཆུབ་ཕྱོགས་ཀྱི་རང་བཞིན་རྣམས་ཀྱང་མཐོང་བ་སྟེ། བློ་མའི་མན་ངག་ལས་ཤེས་ཤིང་ལྷག་པར་རྟོགས་ནས་སོ།། གསུངས་པ་ཡང་། གནས་ནི་དཔལ་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེ་ནོར་བུར་སྨྲས་པའོ་ཞེས་སོ།། ་གཞན་ཡོལ་སྣ་ཚོགས་དཀྱིལ་འཁོར་དུ་འདུས་པ་ནི་བསྒྲུབ་པར་བྱ་བ་མ་ཡིན་ནོ།། མེ་ནི་མཁས་པའོ།། ཕྱི་རོལ་ལ་མངོན་པར་ཞེན་པ་སྤངས་པར་བྱའོ།། ཞེས་པ་སམྦུ་ཊིའི་རྒྱུད་དུ་ཡང་། དཔེར་ན་མར་འདོད་དར་བ་ཡི།། སྙིང་པོ་བླངས ་ནས་མདོར་དེ་བཞིན།། ཆོས་ཀྱི་བདུད་རྩི་ལྔ་ཐོབ་ནས།། རྟོག་པ་མ་ལུས་དོར་བར་བྱ།། སྔགས་བཟླས་མེད་ཅིང་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མོད་།། དཀྱིལ་འཁོར་པ་ཡང་ཡོད་མིན་དཀྱིལ་འཁོར་ཡོད་མ་ཡིན།། སྔགས་ཀྱི་བཟླས ་བ་དེ་ཡིན་དཀའ་ཐུབ་སྦྱིན་སྲེག་དེ། དེ་ནི་དཀྱིལ་འཁོར་པ་དང་དཀྱིལ་འཁོར་དག་ཀྱང་དེ། མདོར་ན་སེམས་དེ་འདུས་པའི་ཚུལ་ཅནོ་ཞེས་ཀུན་དུ་སྤྱོད་པའི་རྒྱུད་དུའོ།། བླ་མར་ཡང་། བདག་གིས་འདི་དག་གང་མཛད་པ།། སེམས་ཅན ་བསམ་པའི་སྦྱོར་བ་ལོས།། བསམ་གཏན་ལས་གཞན་བདེ་མེད་ཕྱིར།། དེ་ཕྱིར་བསམ་གཏན་མཆོག་ཏུ་འགྱུར།། ཕྱི་རོལ་ཁྱམས་ལས་རྣལ་འབྱོར་པ།། དེ་རྣམས་ཁམས་རྣམས་ཟད་པར་འགྱུར།། དེ་བས་ཕྱི་རོལ་དོར་བྱས་ནས།། ་རྣལ་འབྱོར་རོལ་པས་གནས་པར་བྱ།། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས།། རྣམ་དག་ཡེ་ཤེས་སྤྱན་གྱིས་གཟིགས།། དང་ལྡན་རྡོ་རྗེ་རྣལ་འབྱོར་མའི།། སྙིང་རྗེ་འཁྲུགས་པའི་སེམས་ཀྱིས་ནི།། དེ་རྣམས་མཉེས་པས ་དངོས་གྲུབ་མཆོག། ཇི་ལྟར་འདོད་བཞིན་སྩོལ་བར་བྱེད།། དེ་ཡིས་རྗེ་བཙུན་ཡེ་ཤེས་ནི།། རབ་ཏུ་འབད་པས་བསྒྲུབ་པར་བྱ་ཞེས་སོ།། མཆོག་གཉིས་སུ་མེད་པ་དགོད་པ།། རྡོ་རྗེ་གསུམ་ཐ་མི་དད་པ།། དང་པ་ལྷུན་གྱིས་གྲུབ་པས་ལྷན་ཅིག ་སྐྱེ་བ་ཐམས་ཅད་སྟོང་པ་སྟེ། དགོངས་པའོ།། གཉིས་སུ་མེད་པ་དགོད་པའི་ཆོ་གའོ།། །། ད་ནི་ངག་རྣམ་པར་དབྱེན་པའི་དོན་དུ་སྔགས་བཏུ་བ་བརྗོད་པར་བྱ་སྟེ། ཐམས་ཅད་ཆོས་འབྱུང་བར། སྣ་ཚོགས་སྟེ། ་པོར་མི་ཤིགས་དགེ། སྔགས་པས་ཆོ་གྲ་བཞིན་དུ་བཱི།། ཆོས་ཀུན་གཅིག་ཏུ་བསྡུ་བར་བྱ།། ཞེས་ཏེ་ཆོས་ཐམས་ཅད་ནི། ཐམས་ཅད་མཁྱེན་པའི་ཆོས་སྟོབས་བ་ནརྀ་དང་མི་འཛགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་པ་དེ་རྣམས ་འབྱུང་བ་གང་ཡིན་པ་དེ་བཞིན་ནོ།། མི་ཤིགས་པ་ནི་ཐམས་ཅད་སྤྱོད་པའོ།། དགེ་བ་ནི་ལྡན་ཅིག་སྐྱེས་པའི་དགའ་བའོ།། ལྟེ་བར་ནཱ་དེ་བཞིན་ཉིད་དུའོ།། སྣ་ཚོགས་ནི་རྒྱུ་ཅན་ནོ།། ཆོས་ཀུན་གཅིག་ཏུ་བསྡུ་བ་ནི་སྐུ་གསུང་ཐུགས ་ཉེ་བར་བསྡུས་པ་ཉིད་དོ།། ཞེས་པ་ངེས་པའི་དོན་ནོ།། གྲུ་གསུམ་གྱི་རྣམ་པ། ལྔ་བཅུར་གཅིག་གི་སོང་མན་པའི་བདག་ཉིད་ཅན་གྱི་རེ་མིག་བྲིས་ནས། འདབ་མི་བརྒྱད་ལ་སྔགས་བཏུ་བར་བྱའོ།། ཨཱ་ལི་ཀཱི་ལི་མཉམ་བྱས་ནས།། ་སྡེ་ཚན་ལྔས་ནི་ཡོངས་སྡོམ་པ། དེར་གནས་དཔའ་བོ་བཏུ་བར་བྱ།། འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན།། ཞེས་པ་ངེས་པར་བསྟན་པ་གསུངས་པ། ཨཱ་ལི་ཀ་ལི་ཞེས་པ་ནི། ལྔ་བཅུ་དམན་པ་བྱིས་པ་དེ་ཉིད་དུ།། བདེ་ཚན ་བརྒྱད་ཀྱི་བདག་ཉིད་བྲིས་ནས།། དཔའ་བོ་ཧེ་རུ་ཀ་སྔགས་ཀྱི་བདག་ཉིད་ཅན་དགོད་པར་བྱའོ།། ཞེས་པ་དྲང་བའི་དོན་ནོ།། ཨཱ་ལི་ཀཱ་ལི་མཉམ་པ་ནི་སྟོང་པ་ཉིད་དང་། སྙིང་རྗེ་ཐ་མེ་དད་པ། ལྷན་ཅིག་སྐྱེས་པ་སྟོང་པ་ལོངས ་སྤྱོ་རྫོགས་པ། ཤེས་རབ་དང་ཐབས་བསྒོམ་པར་བྱའོ།། ཕུང་པ་དང་ཁམས་དགྲ་དྷི་ལྟར་འདུས་པར་འགྱུར་བའོ།། དེ་ནས་ཟུང་འཇུག་གི་སྐུ་གདུལ་བྱའི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་རོ།། ཞེས་པ་ངེས་པའི ་དོན་ནོ།། བཞི་པའི་ལྔ་པ་གང་ཡིནི་དང་།། ཞེས་བྱ་བོ་ལ་སོགས་པ་ནས།། དཔའ་བོའི་དབང་པོ་བཏུ་བར་བྱ།། ཞེས་པའི་མཐར་ཐུག་པས་རྐང་པ་བརྒྱད་པའི་གསལ་བྱེད་གསུངས་སོ།། དེ་ནས་དེ་ལ་དབྱངས་ཀྱི་ཡང་དག་སྦྱར་ཞེས་བྱ་བ ་ལ་སོགས་པ་ནས་འདི་ནི་རྩ་བའི་སྔགས་སུ་བཤད་ཅེས་པའི་མཐར་ཐུག་པས་དབྱངས་སྦྱར་བའི་ཡི་གེ་གསུངས་སོ།། འདིར་འདི་དག་གིས་སྔ་མ་དང་ཕྱི་མའི་གཞུང་དག་ལས། སྔགས་བཏུ་བ་བརྗོད་པར་བྱ་སྟེ། དེ་ལ་དང་པོར་དྲི་བཟོངས ་ཀྱིས་རས་ལ་སོགས་ལ་ཆོས་འབྱུང་བྲིས་ལ་ཇི་ལྟར་ཉེ་བར་བསྟན་པ་བཞིན་དུ་བྱའོ།། སྟེང་དུ་བཅུ་གསུམ། དེ་ནས་དྲག་པོ།། དེ་ནས་དགུ། དེ་ནས་བདུན། དེ་ནས་འདོད་པ། དེ་ནས་གསུམ། དེ་ནས་གཅིག་ཅེས་སོ།། དེ་ལ་ལུགས ་དྲང་འཐུན་པས་ཨཱ་ལི་དང་ཀཱ་ལི་གཉིས་རིམ་པས་བྲིས་ནས་སོ།། འོག་གི་ཆ་ལས་ཞེས་ཁ་ཅིག་གོ།། མེ་ཏོག་ལ་སོགས་པའི་རབ་ཏུ་བྱེད་པ་སྦྱིན་པར་བྱ་ཞིང་། ཆང་དང་ཤ་དང་བདུག་སྤོས་ཀྱི་བདུག་པར་བྱའོ།། ་ཞེས་སོ།། དང་པོར་ཨོཾ་ཡིག་བྱིན་ནས་ཏེ། དང་པོར་བྲི་བར་བྱའོ།། བཞི་པའི་ལྔ་པ་གང་ཡིན་ནི་ནའོ།། ལྔ་པ་ཡིས་ཡང་ལྔ་པ་ལ་ཨཻ་ཡིག་ལྡན་པ་ནི་མའོ།། ལྔ་པའི་བཞི་པ་ནི་བྷ་ཡིག་གེ། དང་པོའི་གསུམ་པ་ག་ཡིག་གོ། ་དེ་བཞིན་ཉི་ཤུ་དགུ་པ་ཝ་ཡི་གོ། བཞི་པའི་དང་པོའི་མཐའ་ཏ་ལ་ཨ་ཡིག་ལྡན་པའོ།། མཐར་གནས་པའི་བཞི་པ་ཨཱི་ཡིག་རིང་པོར་ལྡན་པ་ཝཱིའོ།། དེའི་འང་གཉིས་པ་ཨེ་ཡིག་ལྡན་པ་རེའོ།། སུམ་ཅུ་པ་ཡང་དག་པར་བླངས ་ནས།། ཨཱ་ཡིག་རིང་པོ་ལྡན་པ་ཤཱའོ།། ཉི་ཤུ་དྲུག་པ་གང་ཡིན་ཉིད་ཀྱི་མཐའི་ནི་ཡའོ།། དེ་ནས་རྒྱའི་ཕྱེད་ཕྱེད་གཟུང་ནས་ནི་མའོ།། སླར་ཡང་སུམ་ཅུ་གསུམ་པ་ཨཱུ་ཡིག་རིང་པི་ལྡན་པ་ནི་ཧཱུཾ་ངོ་།། དང་པོ་ཡི་ཡང་དང་པོ་ནི ་ཀཱའོ།། མཐར་གནས་པའི་གསུམ་པ་ལ་འོག་ཏུ་པཾ་ཡིག་ལྷན་ཅིག་པ་ཨ་ཡིག་ལྡན་པ་ནི་ལྷའོ།། དང་པོའི་གསུམ་པ་གང་ཡིན་པ་འོག་ཏུ་ན་ཡི་གེ་ཨི་ཡིག་ཐུང་ངུ་དང་ལྡན་པ་ནི་གླཻའོ།། སུམ་ཅུ་རྩ་གཉིས་གང་ཡིན ་ཉིད་རྗེས་སུ་ང་རོ་དང་ལྡན་པ་ནི་སའོ།། བཞི་པའི་ལྔ་པ་གང་ཡིན་པ་ཨི་ཡིག་ཐུང་ངུ་དང་ལྡན་པ་ནི་ནའོ།། ལྔ་པའི་བཞི་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་བྷའོ།། མཐར་གནས་པའི་དང་པོ་གང་ཡིན་པ་ནི་ར་ཡིག ་གི་དང་པོ་ལའོ།། གཉིས་པའི་གསུམ་པ་ནི་ཛའོ།། གསུམ་པའི་དང་པོ་ཨཱ་ཡིག་རིང་པོ་ལྡན་པ་ནི་ཊའོ།། ལྔ་པ་ཡི་ཡང་ལྔ་པ་མའོ།། དང་པོའི་དང་པོ་ཉིད་ཨུ་ཡིག་ཐུང་ངུ་ལྡན་པ་ནི་ཀུའོ།། དེ་བཞིན་བཅུ་གཅིག་པ་གང ་ཡིན་ཨོ་ཡིག་ལྡན་པ་ནི་ཊོའོ།། བཅུ་དྲུག་པ་ཡང་དག་པར་བླངས་ནས་འོག་ཏུ་ཀ་ཡིག་ལྡན་པ་ནི་ཏཱའོ།། གསུམ་པའི་དང་པོ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ཊའོ།། ཉི་ཤུ་དྲུག་པ་ཡང་དག་བླང་ནི་ལའོ།། བཞི་པའི་གསུ ་པ་རྗེས་སུ་ང་རོ་དང་ལྡན་པ་ནི་དཾའོ།། དྲི་བའི་གཉིས་པ་འོག་ཏུ་ཊ། ཨ་ཡིག་རིང་པོ་དང་ལྡན་པ་ནི་ཌྷྭེའོ།། དང་པོའི་དྲང་པོ་གང་ཡིན་ནི་ཀའོ།། ཉི་ཤུ་བདུན་པ་ཡང་དག་གཟུང་། ཨཱ་ཡིག་རིང་པོ་དང་ལྡན་པ་ནི་རཱའོ།། ཉི་ཤུ་བརྒྱད ་པ་ལྡན་པ་ལས་ཨོ་ཡིག་ལྡན་པ་ནི་ལོའོ།། དང་པོའི་གསུམ་པ་གང་ཡིན་ནི་འོག་ཏུ་ར་ཡིག་ལྡན་པ་ནི་གྲའོ།། ལྔ་པའི་བཞི་པ་གང་ཡིན་པ་ཨཱི་ཡིག་རིང་པོ་དང་ལྡན་པ་ནི་བྷཱིའོ།། སུམ་ཅུ་རྩ་གཅིག་པ་གཟུང་ནས་ནི་ཥའོ།། དེ ་ནས་སྐྱེར་ཡང་བཅོ་ལྔ་པ་ཎཱའོ།། ཉི་ཤུ་རྩ་ལྔ་པ་ཉིད་ནི་ཨ་ཡིག་ཐུང་ངུ་དང་ལྡན་པ་ནི་མུའོ།། དང་པོའི་གཉིས་པ་གང་ཡིན་པ་ཨཱ་ཡིག་རིང་པོ་ལྡན་པ་ནི་ཁཱའོ།། ཉི་ཤུ་དྲུག་པ་ཡང་དག་བྱུང་ནཱི་ལའོ།། དེ་ནས་ལྀ་ག ་གཉིས་པ་ནི་སའོ།། དྲོ་བའི་ཐ་མ་ཡང་དག་བླང་ནི་ཧའོ།། སུམ་བཅུ་གཉིས་པ་ཉིད་འོག་ཏུ་ར་ཡིག་ལྡན་པ་ནི་སྲའོ།། ལྔ་པའི་བཞི་པ་གང་ཡིན་པ་ཨུ་ཡིག་ཐུང་ངུ་ལྡན་པ་ནི་བྷུའོ།། གཉིས་པའི་གསུམ་པ་ནི་ཛའོ།། ་ལྔ་པའི་བཞི་པ་གང་ཡན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་བྷའོ།། དྲོ་བའི་གསུམ་པ་ཨུ་ཡིག་ཐུང་ངུ་དང་ལྡན་པ་ནི་སུའོ།། ཉི་ཤུ་བདུན་པ་ཉིད་དང་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་རཱའོ།། མཐར་གནས ་རྣམས་ནི་དང་པོ་ཡའོ།། ཉི་ཤུ་རྩ་གཅིག་པ་ཉིད་ན་པའོ།། མཐར་གནས་རྣམས་ཀྱི་གས་པ་ནི་རའོ།། དེ་ནས་སུམ་ཅུ་པ་ཉིད་ནི་ཨུ་ཡིག་ཐུང་ངུ་དང་ལྡན་པ་ནི་ཤུའོ།། ལྔ་པའི་དང་པོ་གང་ཡིན་པ་ཨཱ་ཡིག་རིང ་དང་ལྡན་པ་ནི་དཔའོ།། དྲོ་བའི་དང་པོ་གང་ཡནྡི་པ་ཨོཾ་ཡིག་ལྡན་པ་ནི་ཤོའོ།། དྲཱ་ཡིག་ནི་དེ་ནི་དེ་ནས་མཆོག་ཏུ་གསལོ།། བཞི་པའི་དང་པོ་གང་ཡིན་ནི་ཏཱའོ།། དེ་ནས་དྲོ་བའི་དང་པོ་ཨུ་ཡིག་རིང་པོ་དང་ལྡན་པ་ནི་ཤྩའོ།། ་དེ་ལས་ཉི་ཤུ་བརྒྱུད་ནི་ལའོ།། དང་པོའི་གཉིས་པ་ཁའོ།། གསུམ་པའི་དང་པོ་འོག་ཏུ་ཝ་ཡིག་དང་ཨཱ་ཨཻ་ཡིག་དང་ཐིག་ལེ་ལྡན་པ་ནི་ཊཱཾའོ།། དང་པོའི་གསུམ་པ་གང་ཡིན་པ་གའོ།། བཞི་པའི་བཞི་པ་གང་ཡིན་པ ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་དྷཱའོ།། མཐར་གནས་རྣམས་ཀྱིས་གཉིས་པ་ཨི་ཡིག་ཐུང་དྷ་དང་ལྡན་པ་ནི་རིའོ།། གསུམ་པའི་ལྱེ་པ་གང་ཡིན་པ་ཨེ་ཡིག་ལྡན་པ་ནི་ཎེའོ།། དེ་ནས་བྱཱ་ཡིག་སྦྱར་བ་བྱ་བ་ནི ་གསལ་ལོ།། དང་པོའི་བཞི་པ་གི་ང་ཡིན་པ་འོག་ཏུ་ར་ཡིག་དང་ལྡན་པ་ནི་གྷེའོ།། དེ་ནས་ཡོ་གཽ་བརྒྱ་དེ་པ་ཨེ་ཡིག་ཐུང་ངུ་དང་ལྡན་པ་ནི་ཛིའོ།། བཞི་པའི་ལྔ་པ་གང་ཡིན་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ནའོ།། ལྔ་པ ་ཡི་ཡང་ལྔ་པ། འོག་ཏུ་པ་ཡིག་ལྡན་པ་ནི་མྦའོ།། ཉི་ཤུ་བདུན་པ་ཡང་དག་བླང་ནི་རའོ།། བཞི་པ་ཡི་ཡང་བཞི་པ་ནི་བྷཱུའོ།། དེ་ནསཉྩི་ཤཱུ་རྫྫ་བདུན་པ་ཨཱ་ཡིགུ་རི་པོ་དང་ལྡན་པ་ནྡི་རའོ།། ཉྩི་ཤུ་རྩ་དྲུག་པ་ཉིད་དང་ལྷའོ།། ་དེ་ནས་ཀྵི་ཤུ་ལྔ་པ་ཉིད་མའོ།། དེ་ནས་སུམ་ཅུ་རྩ་གསུམ་པ་ཨཱ་ཡིག་རིང་པོ་དང་ལྡན་པ་ནཱི་ཧཱའོ།། བཞི་པའི་བཞི་པ་གང་ཡིན་པ་ཨཱུ་ཡིག་རིང་པོ་དང་ལྡན་པ་ནི་ཛྙཱའོ།། ལྔ་པ་ཡི་ཡང་ལྔ་པ་འོག་ཏུ་ར་ཡ་གྲཱི་དང་ཨ་ཡིག་དང ་ལྡན་པ་ནི་མྲའོ།། བཞི་པའི་ལྔ་པ་གང་ལིཪྴ་པ་འོག་ཏུ་དྷ་ཡིག་ལྡན་པ་ནིརྟྟའོ།། དེང་པོའི་དང་པོ་ཡང་ཨཱ་ཡིག་རིང་པོ་དང་ལྡན་པ་ནི་ཀཱའོ།། དེ་ལས་ཉི་ཤུ་རྩ་བདུན་པ་ནི་རའོ།། མཐར་གནས་རྣམས་ཀྱི་བཞི་པ་ནི་ཝའོ།། དེ་ནས ་ཉི་ཤུ་རྩ་གཅིག་ཨུ་ཡིག་ཐུང་ངུ་དང་ལྡན་པ་ནི་པུའོ།། དྲོ་བའི་གཉིས་པ་ཨ་ཡིག་དང་པོ་དང་ལྡན་པ་ནི་ཥཱའོ་ཉི་ཤུ་རྩ་དྲུག་པ་ཉིད་མཐར་ཡ་ཡིག་གོ། དཔའ་བོ་དབང་པོ་བཏུ་བར་བྱ་ཞེས་པས། རྐང་པ་རྒྱད་པའོ།། ་དེ་ལ་དབྱངས་ཀྱིས་ཡང་དག་སྦྱར།། འདིར་གསལ་བྱེད་བརྗོད་པར་བྱའོ།། བཅུ་གསུམ་པ་ཡིས་ཡང་དག་ལྡན་དང་།། གཉིས་པ་དང་། དྲུག་པ་དང་ལྡན་པ་ལས་ཞེས་པ་བཅུ་གསུམ་པ་ཞེས་པ་དབྱངས་རྣམས་ཀྱི་ནང་ནསོ།། ། ་གཉིས་པ་ཞེས་པ་གསལ་བྱེད་རྣམས་ལ་བལྟོས་ནས་སོ།། དེ་བཞིན་དུ་གཞན་རྣམས་ཀྱང་ཤེས་རབ་བྱའོ།། བཅུ་གཅིག་པ་ཡི་ཡང་དག་ལྡན།། བཞི་པ་ཉིད་ཀྱི་བདུན་པ་ལ།། བཅུ་གཅིག་པ་ཡི་ཡང་དག་ལྡན་པ ་ནི་བརྒྱད་པ་ལའོ།། དེ་ནས་དབྱངས་ཀྱི་གཉིས་པ་ཡང་དག་ལྡན་ནི་དགུ་པ་ལའོ།། དབྱངས་ཡིག་གཉིས་པ་ཡང་དག་ལྡན།། དེ་བཞིན་ཉིད་དུ་བཅུ་གཉིས་པ།། འོག་ཏུ་བ་ཡིག་ཡང་དག་ལྡན།། གཉིས ་པས་བཅུ་བཞི་པ་ལའོ།། འོག་ཏུ་ན་ཡིག་ཡང་དག་ལྡན།། གསུམ་པས་གསུམ་ལྔ་པ་ལའོ།། བཅུ་དྲུག་པ་ལ་ཐིག་ལེ་ལྡན།། དེ་ལས་ཕ་རོལ་གསུམ་པསོ་པ། བཅོ་བརྒྱད་པ་ལ་གཉིས་པས་སོ།། དེ་བཞིན་ཉི་ཤུ་རྩ ་གཅིག་པའོ།། དེ་ནས་ཉི་ཤུ་རྩ་གསུམ་པ།། ལྔ་པ་ཡང་དག་ལྡན་པའོ།། དེ་ནས་ཉི་ཤུ་རྩ་བཞི་པ།། བཅུ་གསུམ་པ་ཡིས་ཡང་དག་ལྡན།། འོག་ཏུ་ཀ་ཡིག་ཡང་དག་ལྡན།། ཉི་ཤུ་རྩཝ་ལྔ་པར་འགྱུར་རོ།། ཉི་ཤུ་དྲུག ་པ་གཉིས་པས་སོ།། ཉི་ཤུ་བརྒྱུད་པ་ཐིག་ལེར་བཅས།། འོག་ཏུ་ཊཱ་ཡིག་ཡང་དག་ལྡན།། གཉིས་པས་ཉི་ཤུ་དགུ་པ་ལའོ།། སུམ་བཅུ་གཅིག་པ་གཉིས་པསོ།། སུམ་ཅུ་རྩ་གཉིས་གང་ཡན་ཉིད།། དབྱངས་ཀྱི ་བཅུ་གསུམ་པ་དང་ལྡན།། འོག་ཏུ་མེ་དང་ཡང་དག་ལྡན།། སུམ་ཅུ་རྩ་གསུམ་པར་འགྱུར་རོ།། ཞེས་པའི་མེ་ནི་མཽའི་ས་བོན་ར་ཡིག་གོ། སུམ་ཅུ་རྩ་བཞི་པ་བཞི་པས་སོ།། སུམ་ཅུ་རྩ་བདུན་པའང་ལྔ་པསོ་སོ།། ་སུམ་བཅུ་བརྐྱང་པ་གཉིས་པས་སོ།། མཁའ་འགྲོ་མ་རྣམས་སྒྲུབ་བྱེད་བཤད།། འོག་ཏུ་མེ་དང་ཡང་དག་ལྡན།། བཞི་བཅུ་རྩ་གཉིས་པར་འགྱུར་རོ་ཞེས་པའི་མེ་ནི་ར་ཡིག་གོ།། ལྔ་པས་ཡང་དགེ་ལྡན་པས་ནི། ་བཞི་བཅུ་རྩ་གསུམ་པ་རུ་འགྱུར།། བཞི་བཅུ་རྩ་པ་ཉིད་ནི།། དབྱངས་ཀྱི་གཉིས་པ་སྦྱར་བར་བྱ།། བཞི་བཅུ་དྲུག་པ་ཨུ་ཡིག་གིས།། དེ་ཡིས་ཕ་རོལ་གཉིས་པས་སོ།། ལྔ་བཅུ་གཅིག་པ་ལྔ་པས་སོ།། དེ་ལས ་པ་རོལ་གཉིས་པས་སོ།། ལྔ་བཅུ་གསུམ་པ་བཅུ་གསུམ་པས།། ལྔ་བཅུ་དྲུག་པ་དྲུག་པས་སོ།། ཝ་ཡིག་ཐིག་ལེ་ཡང་དག་ལྡན།། གཉིས་པས་ལྔ་བཅུ་རྩ་དགུ་པའོ།། གཉིས་པས་དྲུག་ཅུ་རྩ་གཅིག་བཤད།། དེ་ལས ་ཕ་རོལ་གསུམ་པས་སོ།། དྲུག་ཅུ་གསུམ་པ་ཉིད་གང་ཡིན།། བཅུ་གཅིག་པ་ཡིས་ཡང་དག་ལྡན།། དྲུག་ཅུ་རྩ་ལྔ་པ་ཉིད་ཀྱང་།། གཉིས་པས་མེ་དང་ཡང་དག་ལྡན།། དྲུག་ཅུ་དྲུག་པ་གསུམ་པས་སོ།། དེ་ལས་ཕ་རོལ་གཉིས ་པས་སོ།། ད་ལས་ཕ་རོལ་གསུམ་པས་སོ།། འོག་ཏུ་ཡི་གེ་བ་དང་ལྡན།། ཡི་གེ་དྲུག་ཅུ་རྩེ་བརྒྱད་པའོ།། བདུན་ཅུ་རྩ་གཅིག་ཡང་དག་བླང་།། དབྱངས་ཀྱི་གཉིས་པས་སྦྱར་བར་བྱ།། བདུན་བཅུ་བཞི་པ་ཉིད་ཀྱང་ངོ་།། ་དེ་ལས་ཕ་རོལ་དྲུག་པས་ཀྱང་།། དེ་ལས་ཕོ་རོལ་གཉིས་པ་ཡི་སི།། འོག་ཏུ་ཉི་མ་ཡང་དག་ལྡན་ཞེས་པའི་ཉི་མ་ནི་འདིར་ར་ཡིག་གོ། དེ་ལས་བདུན་ཅུ་རྩ་བདུན་པ།། འོག་ཏུ་དྷོ་ཡིག་ཡང་དག་ལྡན།། འདི་ལས་པ། ་རོལ་གཉིས་པ་ཡིས།། ཡི་གེ་བརྒྱད་ཅུ་རྩ་གཅིག་གང་།། དབྱངས་ཀྱི་ལྔ་པར་ཡང་དག་ལྡན།། དེ་ལས་ཕ་རོལ་གཉིས་པ་ཡིས།། ཨོཾ་ཡིག་གིས་ཀྱང་ཡང་དག་ལྡན།། ཡི་གེ་བརྒྱད་ཅུ་རྩ་བཞིའི་བདག། ཆོས་ཀྱི ་ཕུང་པོ་སྟོང་ཕྲག་རྣམས།། འདི་ནི་རྩ་བའི་སྔགས་སུ་བཤད་ཅེས་སོ།། སྦྱར་གསུངས་པ་ཉིད་ལས་འདིར་རབ་ཏུ་རྒྱས་པར་བྱའོ།། ཆོས་ཀྱི་ཕྱུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ནི།། ཐེག་པ་ཆེན་པོའི་སྔོ ་སྣོད་ཡང་དག་པར་གཟུང་ནས། མདོ་སྡེ་དང་རྒྱད་དང་། རྟོག་པའི་ཚུལ་གྱིས་བདག་ཉིད་ཅན་ནོ།། སྔགས་ཀྱི་ཚུལ་ཡང་དག་པར་གཟུང་ནས།། མངོན་པར་བརྗོད་པ་བླ་མར་ཡང་།། བརྒྱད་བཅུ་རྩ་བཞི་ཐེག་པ་ཆེ། ་སྡིགས་ཀྱི་སྤྱོད་པའི་ཚུལ་ལ་གནས་ཞེས་སོ།། འདིར་དེ་ཁོ་ན་ཉིད་ཀྱི་མདོ་སྡེ་གསལ་བའི་ཕྱིར།། རྟོག་པ་ལས་རྟོག་པ་ཉིད་དང་།། སྔགས་ལས་བྱེ་བྲག་ཏུ་རྟོགས་པར་བྱེད་ཕྱིར་རྒྱུད་དང་རྒྱུད་ཀྱི་མིང་ཡང་འདོད་དེ་འདིར ་སྔགས་ཀྱི་ཐོག་པ་ལས་གཞན། ལྕིའི་ཐེག་པ་དང་རྡོ་རྗེའི་ཐེག་པ་དང་། མདོ་སྡེ་དང་། ཆོས་མངོན་པ་དང་། འདུལ་བའི་བདག་ཉིད་ཅན་ནོ།། འདིར་ཕུང་པོའི་ཆོས་རྣམས་ལ་མངོན་དུ་ཕྱོགས་པར་བྱེད་དོ།། ཞེས ་པེ་ཆོས་མངོན་པ་སྟེ། ཕུང་པོ་ལ་སོགས་ངེས་པར་བསྟན་པའི་ཕྱིར་རོ།། རྩ་བ་དེང་སྦོམ་པོའི་ལྟུང་བ་ངེས་པར་བསྟན་པའི་ཕྱིར་འདུལ་བ་ཉིད་དོ།། དངོས་གྲུཔཱ་ཐམས་ཅད་ཀྱི་ནི་བཞི།། མཁའ་འགྲོ་རྣམས་ཀྱི་སྙིང་ཉེ་བྱེད།། ་དཔལ་ཧེ་རུ་ཀའི་ལྷ་ཡི་ནི།། དངོས་གྲུབ་གདོན་མི་ཟ་བར་སྦྱིན།། འབྲས་བུ་ངེས་པར་བསྟན་པའོ།། རྐང་པ་ཀུན་ལོ་དང་པོར་ཨོཾ།། མ་མོ་རྣམས་ཀྱི་མིང་དང་ལྡན།། རེ་རོའི་མཐའ་མར་ཧཱུཾ་ཕཊ་ཡིག། དངོས་གྲུབ ་ཐམས་ཅད་རབ་སྦྱིན་བྱེད། ཅེས་པ་བླ་མའི་དགོངས་པ་གསུངས། བླ་མར་ཡང་། གནས་དང་བླ་མའི་རྒྱུད་རིམས་འབྲངས།། རྣལ་འབྱོར་མ་རྣམས་ཁ་ཅིག་འདོད།། ཨོཾ་ཡིག་དང་པོ་ཞེས་པའོ།། མ་མོ་བྱ་རོག་གདོང ་མ་ལ་སོགས་པ་མིང་དང་ལྷན་ཅིག་བཛྲ་སྔོན་མོའི་ཧཱུཾ་ཧཱུཾ་ཕཊ་ཀྱི་ཡི་གེ་དང་ལྷན་ཅིག་པ་ནི་བཟླས་པར་བྱ་བའོ།། དེ་བཞིན་དུ་ཡང་གསུངས་པ། ན་མོ་བྷ་གཱ་ཝ་ཏྲེ་བཱི་རི་ཤཱ་ཡ་བཛྲ་ཀཱ་ཀཱ་སྱེ་ཧཱུཾ་ཧཱུཾ་ཕཊ། འདི་ལྟ་བུར ་གཞན་རྣམས་ཀྱང་རྟོགས་པར་བྱའོ།། སྒྲ་ཇི་བཞིན་པའོ།། རྐང་པ་བརྒྱད་པའི་སྔགས་སོ།། དེ་ནས་སྙིང་པོའི་སྔགས་སུ་གང་འགྱུར་བ་ནི། ཡི་གེ་ཉི་ཤུ་གཉིས་ཞེས་པས་གནས་ལས་སྐྱེས་པའི་གསུང ་སྔགས་ངེས་པར་སྟོནྡ་པར་བྱེད་པ་སྟེ། དེ་བཞིན་དུ་ཡང་གསུངས་པ། ཨོཾ་ཤྲཱི་བཛྲ་ཧཾ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱཾ་སྭཱམྦ་རཱ་སྭཱ་ཧཱ། མངོན་པར་བརྗོད་པ་འབུམ་པར་ནི་ཡི་གེ་དྲུག་པར་གསུངས་ཏེ། ཨོཾ་ཧཱཾ་ཧཱུཾ་ཧྲིཾ་ཧཱུཾ། ་ཕཊ་ཞེས་སོ།། དེའི་ཉེ་བའི་སྙིང་པ་རབ་ཏུ་གསུངས་པ། ཡི་གེ་བདུན་པའི་གསང་སྔགས་མཆོག། ཅེས་པས་ཉེ་བའི་སྙིང་པོའི་གསང་སྔགས་གསུངས་པས་རྩ་བའི་རྒྱུད་དུ་ཡང་ཨོཾ་ཧཱི་ཧཿཧཱཿཧཱུཾ་ཧཱུཾ་ཕཊ། ་ཡ་ཡིག་བརྒྱད་པའི་ས་བོན་དང་། ཕྱི་མོ་བཅུ་གཉིས་མངོན་པར་ལྡན།། ཡི་གེ་བར་མ་དོར་བྱས་ནས།། ཡན་ལག་དྲུག་སྟཾ་ཧེ་རུ་ཀའི། ཞེས་པས་ཡན་དྲུག་ཏུ་གསུངས་ཏེ། བརྐྱང་པ་ནི་ཧ་ཡིག། དབྱངས ་བཅུ་གཉིས་དང་ཝཱན་ཅིག་པའོ།། ཡྀགྶ་བཱར་མ་ནི། བར་གྱུར་རངདབྱི་བྷར་བྷཱའོ།། དཔའ་དེའི་ཕྱོགས་ལ་དཔེར་ནཱ་ཧ་ཧི་ཧུཧ~ཾཧོ་ཧ། ལྷ་མོ་རྣམས་ནི་ཧཱ་ཧྲཱི་ཧཱ་ཧཱུ~ཾ་ཧཱུ~ཾ་དྷ། དཔའ་བོ་དྲུག་ནི་མཧཱ ་སྦྱོར་བ་ནི་རིམ་པ་ཁོ་ནར་ཡིག་ལ་གནས་པའོ་ཞེས་སོ།། བཾ་བྷཱ་ཨཱཾ་ཧཱུཾ་ཧཱུཾ་ཧཱུཾ། ན་མཿསྭཱ་ཧཱ་དང་བཽཥའོ།། ཧཱུཾ་བཽ་ཥ་ཕཊ་ཡི་གེ་སྦྱར།། དང་པོ་སྙིང་གར་ཤེས་པར་བྱ།། གཉིས་པ་སྤྱི་བོ་རུ་ནི་བཤད།། གསུམ་པ ་གོཙུག་གཏོར་དུ་རབ་བརྗོད།། བཞི་པ་གོ་ཆར་འགྱུར་བ་ཡིན།། ལྔ་པ་མིག་ཏུ་འགྱུར་བ་ཡིན། དྲུག་པ་ཚོན་ཆུར་བརྗོད་པར་བྱཱ།། ཨོཾ་ཡིག་དང་པོར་ཡང་དག་ལྡན།། སྙིང་ག་སྲོགས་སུ་རྣམ་པར་དགོད་། ་ཅེས་ཡནྡ་ལག་དགོད་པར་གསུངས་སོ།། འདི་ལྟ་སྟེ། ཨོཾ་ཧཾ་བཾ་ཧྲྀ་ད་ཡཱ་ཡ་ན་མཾ.ོཾ་ཧི་བྷྲཱུཾ་ཤི་ར་སཽ་སྭཱ་ཧཱ། ཨོཾ་ཧཱུཾ་ཨཱཾ་ཤི་ཁཱ་ཡཽ་བཾ་ཥཊ། ཨོཾ་ཧོ་ཧི་ཀ་བ་ཙི་ཡ་ཧྲཱི། ཨོཾ་ཧི་ཧཱུཾ་ཧཱི་ན་ཛ་ཡཱ་བ་ཥིཊ། ཨོཾ་ཧཾ་ཧཱུཾ་ཨསྟྲ་ཡ ་ཕཊ། ཇི་ལྟར་ཉེ་བར་བསྟན་པ་ལསྣ་ཕྱག་རྒྱ་བཟང་པོས་སྙིང་གཱ་ལ་སོགས་པ་བཞིར་རེག་པར་བྱའོ།། ལག་པ་གཉིས་ཀ་དག་དང་། ཡན་ལག་ཐམས་ཅད་ལཾ་རེག་ནས་གོ་ཆེར་བྱའོ།། དགེ་བ་ལ་གཡོན ་པ་དང་། མི་དགེ་བ་ལ་གཡས་པའི་སྡིགས་མཛུབ་ཀྱིས་སེ་གལ་གྱི་ཕྱོགས་ཐམས་ཅད་དུ་གསྲུང་བར་བྱའོ།། རྣལ་འབྱོར་མ་ཀུན་མཉམ་པར་སྦྱོར།། ཧཱ་ཡིག་དྲུག་པ་སྔོན་མ་ཅ་ནོ།། ཨོཾ་ཡིག་དང་པོ་མིང་ཐོག ་ནཱ་ཐཱར།། སྔར་བཞིན་ཡོངས་སུ་གྱུར་པར་བྱ་ཞེས་ཏེ། ལྷ་མོའི་ཡན་ལགས་དགོད་པ་གསུངས་པ། ཨོཾ་ཧཱཾ་བཱཾ་ཧྲིད་ཡཱ་ཡ་ན་མ་ཨོཾ་ཧཱ་ཡཽ་ཤི་ར་སཾ་སྭཱ་ཧཱ། ཨོཾ་ཧྲིཾ་མྲྀ་ཤཾ་ཁཱ་ཡ་བཽ་ཥཱཊ། ཨོཾ་ཧཱུཾ་ཧཱི་ཀ་པནྣ་ཧཱུཾ། ་ཨོཾ་ཧོ་ཧཱཾ་ནེ་ཏྲེ་ཡ་པ་ཥ་ཊ། ཨོཾ་ཧྲཿཕཊ། ཡན་ལག་ཐམས་ཅད་ལ་མཚོན་ཆའོ།། དེ་ཁོ་ན་བཞིན་དུ་བྱའོ།། གང་གི་ཚོན་བཟླས་པ་བྱ་བ་ནི་ཤེས་རབ་དང་ཐབས་ཀྱི་ས་བོན་གཉིས་མིང་དང་པོར་ལྡན་པ་ཨོ་ཡིག་དང་པོར ་ཤེས་པར་བྱའོ།། ལྷ་མོ་རྣམས་ཀྱི་ཁ་དོག་ལ་སོགས་པ་ནི་ལས་ཀྱི་རྗེས་སུ་འབྲང་བས་སོ།། བླ་མྱུར་ཡང་གསུངས་པ། རྣལ་འབྱོར་མ་དྲུག་གི་གསང་སྔགས་ནི། ཝཾ་ཡིག་དང་ཡཽ་ཡིག་དང་། མོ་ཡིག་དང་། ཧཱུཾ་ཡིག ་དང་། ཧྲི་ཡོག་དང་། ཕཊ་ཡིག་ཉིད་དང་ཞེས་སོ།། བཟླས་པར་བྱ་བའི་གསང་སྔགས་ཀྱང་། ཨོཾ་ཤྲཱི་བཱཾ་བཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། འདི་ལྟ་བུར་གཞན་ཡང་རྟོགས་པར་བྱའོ།། སྒྲ་ཇི་བཞིན་པའོ།། སྙིང་པོ་ལ་སོགས ་པའི་སྔགས་སོ།། །། དེ་ནས་འདི་ལས་གསང་སྔོགས་ཀྱི།། ལས་ཀྱི་སྦྱོར་བ་བཤད་པར་བྱེད།། གསང་སྔགས་འབུམ་དུ་བཟླས་པ་ཡིས།། འདོད་པའི་དངོས་གྲུབ་འབྱུང་བར་འགྱུར།། ཞེས་པས ་བཟླས་པ་དང་མཆོད་པས་སོ།། མངོན་འབྱུང་དུ་ཡང་། དཀྱིལ་འཁོར་གྲུ་གསུམ་ཉིད་དུ་ཡང་།། གལ་ཏེ་བརྡུལ་གྱིས་མཆོད་པར་བྱ།། དེ་ཕྱིར་ང་ནི་རྟག་གནས་ནས།། དེས་ནི་སེམས་ཅན་རྗེས་སུ་གཟུང་ཞེས་སོ།། དྲང་བའི་དོན་གྱིས ་གསལ་ལོ།། རྩ་བའི་སྔགས་ཀྱི་ནི་ཟུང་འཇུག་གའོ།། འབུམ་བཟླས་པས་ནི་རྟག་ཏུ་བསྒོམ་པས་སོ།། སྔགས་ཀྱིས་ནི་ཐམས་ཅད་སྟོང་པ་ཡིའོ།། དངོས་གྲུབ་ནི་ཕྱག་རྒྱ་ཆེན་པོའི་མཚན་ཉིད་དུ་འགྱུར་རོ།། ་ངེས་པའི་དོན་ནོ།། སྒྲུབ་བོ་གསང་སྔགས་འདི་ཡིས་ནི།། འཇིག་རྟེན་གསུམ་ན་གང་ཅི་ཡོད།། དེ་ཀུན་སྐད་ཅིག་གིས་སྒྲུབ་ཅིང་།། ལས་དེ་ཐམས་ཅད་བྱེད་པར་འགྱུར།། དྲང་བའི་དོན་གྱིས་གསོལ་ལོ།། གསང་སྔགས་ནི་ཡེ་ཤེས ་ཀྱིས་སོ།། དེ་བཞིན་དུ་ཡང་གསུངས་པ།། གསང་སྔགས་ཡེ་ཤེས་བརྗོད་པར་བྱ།། སྒྲུབ་པ་པོ་ནི་ཟུང་འཇུག་ཤེས་པའོ།། ཀུན་བྱེད་པར་འགྱུར་ནི་སྒྱུ་མའི་ལུས་ཀྱིས་སོ།། འབུམ་ཕྲག་ལྔ་པར་ཡང་གསུངས་པ།། ཡེ་ཤེས ་གཅིག་པུས་ལས་རྣམས་ཀུན།། བྱེད་དོ་ཡེ་ཤེས་སྨྲ་བ་རྣམས་ཤེས་སོ།། ལྷ་དང་ལྷ་མ་ཡིན་ལ་སོགས་པ་དང་།། གནོད་སྦྱིན་ལ་སོགས་པ་རྣམས་འདི་དྲན་པ་ཙམ་གྱིས་གསོད་པར་བྱེད་དོ།། ཐོག་ལྷུང་བ་དང་། ཆར་འབེབས་པར ་བྱེད་པ་དང་། ཟློག་པར་བྱེད་དོ།། རྒྱ་མཚོ་རྣམས་སྐེམས་པར་བྱེད་དོ།། ཆུ་ཀླུང་ཟློག་ཕྱོགས་སུ་འབབ་པར་བྱེད་དོ།། ས་བཞི་རི་དོང་བཅས་པ་གཡོ་བར་བྱེད་དོ།། དབང་པོ་སྟེ་རྡོ་རྗེ་ཟློག་པར་བྱེད་དོ།། ཤིང་ལ་འཛེགས་ཏེ་སྒྲུབ་པ་པོ་གང ་དུ་འདོད་པ་དེར་འགྲོ་བར་བྱེད་དོ།། འདི་ནི་སྔགས་དང་ཕྱག་རྒྱ་རྣམས་ཐམས་ཅད་དང་། དངོས་གྲུབ་ཐམས་ཅད་འཕྲོག་པར་བྱེད་དོ།། ཁྲག་འདྲེན་པར་བྱེད་དོ།། མྱུར་བ་ཁོ་ནར་སླར་ཡང་གཏོང་བར་བྱེད་དོ།། གཟུགས་སྟོང་ཕྲག ་རྣམས་སུ་བྱེད་དོ།། འདོད་ན་སྙན་པར་བྱེད་དོ།། ཡང་ནཱ་མ་ཡིན་ནོ།། འདི་ཁང་བཟངས་ཀྱི་རྩེ་མོ་ལ་སོགས་པ་དང་།། རོ་ལ་སོགས་པ་རྣམས་ཕྱེ་མར་བྱེད་དོ།། བདུད་རྩི་དྲུག་ཏུ་བྱེད་དོ།། དག་བདུད་རྩིར་བྱེད་དོ།། ཟླ་བ་ཆུ་དང་ཆུ་ཟླ་བ་དང ་དྲིདྲན་པ་དྲི་བཟང་པོར་རོ་ཞེས་ཏེ། ཟླ་བ་ནི་ཆང་ངོ་།། དགོངས་པའོ།། དྲི་འཕྲོག་པར་བྱེད་དོ།། གང་དུ་འདོད་པ་དེ་ཁོ་ནར་འཕོ་བར་བྱེད་དོ།། སྒྲ་ཇི་བཞིན་པའོ།། གདོང་དུ་ནམ་མཁའ་ལྡིང་འགྲོ་བས་འདུས་པོ་ལ་ཟླ་བ་འབྱིན་པར་བྱེང་བ ་འཛིན་པའོ།། བུད་མེད་རྣམས་ཀྱི་ཀུན་དུ་སྤྱོད་པ་མྱུར་བ་གང་ཡིན་པ་དེ་ནི་དངོས་གྲུབ་ཀྱི་འབྲས་བུར་འགྱུར་ཞེས་རྫོགས་པའི་རིམ་པའི་མཆོད་པ་གསུངས་སོ།། ལོངས་སྤྱོད་རྟོགས་པའི་བདག་ཉིད་ཤེས་རབ་མོ་དག་པའི་ཁྲག ་གི་སྐལ་བ་ཅན་གྱི་བྷ་གར་ལིངྒ་རབ་ཏུ་བཅུག་ནས་བདི་སྟོང་བསྒོམ་པར་བྱའོ།། ནམ་ཞིག་མྱུར་བར་གྱུར་པ་ན། གདོང་སྟེ་སྐྱེ་གནས་སུ་ནམ་མཁའ་ལྡིང་ཞེས་པ་ནམ་མཁའ་ལྡིང་གི་ཕྱག་རྒྱས་འགྲོ་བས་གདོང་གི་སྟེ་ཁ་ཡིས་བྱས ་ནས། འདུས་པ་ལ་སྟེ་དགའ་བ་ལའོ།། ཟླ་བ་འབྱིན་པ་འཆང་བ་ཐིག་ལེ་བཞི་འཆང་བའོ།། དགོངས་པའོ།། མེ་སྐྱེད་པར་བྱེང་ངོ་།། འདི་ས་འོག་ལ་སོགས་པ་ཟློག་པར་བྱེད་དོ།། དྲང་བ་ལས་གློག་སྐྱེད་པར་བྱེད་དོ།། འདྲ ་རྟགས་གར་བྱང་དུ་འཇུག་གོ།། བསྒྲུབ་བྱའོ་མིང་གིཟུང་ནས་བཟླས་པ་བྱས་ན་སྐད་ཅིག་ལ་དེ་འཆི་བར་བྱེད་དོ།། སྒྲུབ་པ་པོ་སོ་མ་ལུས་པ་རྣམས་ལ་ལོངས་སྤྱོད་པར་འགྱུར།། ཞེས་པ་འཇིག་རྟེན་པའི་དངོས་གྲུབ་སྟེ། སྒྲ ་བཞིན་པའོ།། བརྟུལ་བཞུགས་མི་དགོས་སོ།། དཀའ་ཐུབ་དང་ལོངས་སྤྱོད་པ་མི་དགོས།། སྨྱུང་བར་གནས་པ་མི་དགོས་ཏེ།། རྟོག་པའི་བྱ་བའི་ཆོ་ག་འདྲིས་ཇི་ལྟར་འདོད་པའི་ལས་རྣམས་བྱའོ།། ་ཞེས་པ་སྡོམ་པའི་རྟོག་པ་ཉིད་ངེས་པར་རྟོན་པར་བྱེད་དེ། རྟོག་པ་ཞེས་པ་སྡོམ་པའི་རྒྱུད་དུའོ།། རྣལ་འབྱོར་གྱི་རྒྱུད་དུ་ཡང་། རྟོགས་པར་བྱེད་པའི་ཕྱིར་རྟོགས་པརོ་བརྗོད་པར་བྱ་སྟེ། འདིའི་ཉེ་བར་སྤྱོད་པ་བསམ་གོ་ཏན ་ཙམ་གྱིས་སོ་ཞེས་སོ།། དགོངས་པའོ།། བསྒྲུབ་པར་བྱ་བས་ཁྲོས་པས་ལན་ཅིག་ཟློས་ན་བྱ་བ་རྣམ་པར་འཇོམས་པར་བྱེད། གལ་ཏེ་ངེས་པར་འཆོལ་བ་ལ་གཡོན་པས་བཟླས་ན་འཚོ་བར་བྱེད་དོ།། གཡོན་པས་ཤེས་པ་ལ ་ལག་པ་གཡོན་པའི་སྡིགས་མཛུབ་བོ།། དུར་ཁྲོད་ཀྱི་སོལ་བ་ཉིད་ཀྱི་ལན་ཅིག་བཟླས་པས་གང་ལ་བསྣུན་པ་དེ་ལྕོང་བར་བྱེད་དེ་ནི།། མྱུར་དུ་སའི་ཆ་ལས་ཤེས་པ་སྟེ། དེ་ནས་མི་འམཽ། ལྷ་མ་ཡིན་ནམ། དུད་འགྲོར་རོ།། ་དུར་ཁྲོད་ཀྱི་ཐལ་བས་བསྟེན་པ་དེ་ཤ་ཟས་འཛིན་པར་བྱེད་དོ།། རྩིག་པ་འམ་སྤང་ལབ་ལ་མཚན་མོ་གང་གི་མིང་རོ་བསྲེགས་པའི་སོལ་བ་ལ་སྔགས་བཟླས་པས་བྲེས་པ་དེ་གདོན་ཆེན་པོས་གཟུང་བར་འགྱུར་རོ།། ཨ་ཏི ་མུགྷ་ཀིའི་ལྕུག་མ་ལ་བཟླས་ནས་གང་ལ་བསྣུན་པ་དེ་ངེས་པར་མྱུར་དུ་གསོད་པར་འགྱུར་ཏེ།། གང་རྟག་ཏུ་གསང་སྔགས་བསྒྲུབས་པས་སོ།། གང་གསེག་མ་ལ་བཟླས་ནས་བསྣུན་པ་དེ་རེངས་པར་འགྱུར་རོ།། ་གུ་གུལ་ལ་ལ་ལན་ཅིག་བཟླས་ཏེ། གང་གི་བདུག་པར་ངེས་པར་སྦྱོར་བ་བྱེད་པ་དེ།། དེ་ལ་མྱུར་དུ་སྐད་ཅིག་གིས་འབེབས་པར་བྱེད་དོ།། གདོན་ཆེན་པོས་ཟོས་ཤིང་ཀུན་ཏུ་ཟོས་པར་འགྱུར་རོ།། གང་གིས་ལག་པ་གཡོན་པ་ལ ་བཟླས་ནས་ཁར་ཟོས་པ་ལ་སྦྱིན་པར་བྱས་པ་དེ། སློང་བར་བྱེད་དོ་སྟེ། མྱུར་དུ་དུག་མེད་པར་བྱེད་དོ།། ཞེས་པ་སྒྲ་ཇི་བཞིན་པའོ།། མཁའ་འགྲེས་རྒྱས་བཏབ་པ་ལ།། ཚུ་ལ་ལན་ཅིག་བཟླས་པས་རྒྱུ་རྣམས་འཇོམས་པར་བྱེད ་ཅིང་། མྱུར་དུ་མཁའ་འགྲོ་མ་རྣམས་ཟློག་པར་བྱེད་དོ།། མཁའ་འགྲོ་མས་རྒྱས་བཏབ་པོ་ནི་འཇིག་རྟེན་པའི་མཁའ་འགྲོ་མ་སེམས་ཅན་ཐམས་ཅད་ལ་གནོད་པར་བྱེད་པ་དེས་ཕྱོགས་བཅིངས་པའོ།། ཀ་ར་བཱི་རིའི་ལྕུག་མ ་དེས་གང་ལ་སྣུན་པའི་སྒྱུམ་མ་དེའི་མངལ་གང་དུ་འདོད་པ་ཁོ་ནར་འཕོ་བར་འགྱུར་རོ།། འདི་རྣམས་ཀྱི་སླར་གསོ་བ་ཡང་ལག་པ་གཡོན་པས་བྱའོ།། གཡས་པའི་ལས་དེ་ལོག་པ་གཡོན་པས་ཞི་བར་བྱའོ་ཞེས་སོ།། རྟེན ་ཅིང་འབྲེལ་པར་འབྱུང་ཞིང་འཁྲུལ་པ་མེད། ནོར་བུ་སྔགས་དང་སྨན་ནི་བསམ་མི་ཁྱབ། སེམས་སྟོབས་ཡོངས་འགྱུར་དེ་ལ་བྱ་བ་འགྲུབ་ཅེས་སོ།། སྒྲ་ཇི་བཞིན་པོའོ།། ཧེ་རུ་ཀ་སྔགས་མི་ཤེས་པར། རྣལ་འབྱོར་གང་ཞིག ་མངོན་འདོད་པ།། ད་ནི་ཕུབ་མ་བརྡུང་བ་སྟེ། གསང་སྔགས་འདིས་ནི་སྤངས་པ་ཡིན། གསང་སྔགས་འདི་ནི་མི་ཤེས་པ། རྣལ་འབྱོར་པ་གང་མ་དོན་འདོད་པ།། དེ་ནི་ངལ་བ་དོན་མེད་དོ།། དེ་ཡིས་འབྲས་བུ་ཐོབ་མི་འགྱུར ་ཞེས་པ་ཡང་དག་པའི་ཡེ་ཤེས་བསྔགས་པའོ།། ཧེ་རུ་ཀཱ་ནི་རྒྱུ་དང་གཟུགས་དང་བྱེད་པའོ།། སྤངས་པ་ནི་དོན་དམ་པའི་བདེན་པ་ཐམས་ཅད་སྟོང་པའོ།། སྔགས་ནི་ཟུང་འཇུག་གི་དཔལ་འདུས་པ་ཕྱི་མར་ཡང་། ་གང་གང་དབང་པོ་ཡུལ་རྣམས་ཀྱིས།། བརྟེན་ནས་བསྐྱེད་པ་གང་ཡིན་པ།། ཡིད་དེ་མན་ཞེས་སུ་བཤད།། ཏྲ་ཡིག་སྐྱོབ་པར་བྱེད་པའི་དོན་ཞེས་སོ།། དགོངས་པའོ།། མདོ་སྡེ་རྒྱུད་དང་རྟོག་པ་ལ།། ངལ་བ་དོན་མེད་འབྲས་བུ་མེད། ་ལྷ་མོ་བཞིས་ཡོངས་སུ་ཞུས་པར་ཡང་།། ཐུབ་པ་ཆེན་པོ་ཆོས་ཕུང་པོ།། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ལས།། གང་གིས་དེ་ཉིད་མི་ཤེས་པས།། དེ་རྣམས་ཐམས་ཅད་འབྲས་མིང་ཉིད་ཅེས་སོ།། འབྲས་བུ་ཤེས་པ་ནི། ཆོས་རྣམས་ཐམས ་ཅད་ཀྱི་ཉེ་བར་བགྲོད་པར་བྱ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ངོ་།། སྒྲ་ཇི་བཞིན་པའོ།། གསོང་སྔགས་འདི་ནི་འདོད་སྤྱོད་པའི།། དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད།། བཟླས་དང་སྦྱིན་སྲེག་གཏོར་མཱ་དང་།། བསམ་གཏན ་བཟའ་བཏུང་གིས་ཀྱང་སྒྲུབ་ཅེས་པ་འདིས་སྒྲུབ་ཐབས་གསུངས་སོ།། འདོད་པ་ན་སྤྱོད་པ་ནི་བདེ་བ་དང་།། དགའ་བས་ཀྱང་སྒྲུབ་པོ།། སྔགས་ཉིད་ནི་མི་ནིང་གིས་བཟླས་པས་སོ།། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་གིས་དང་། ཀུན་ཏུ ་རྟོག་པའི་རྣལ་འབྱོར་གཏོར་མས་དང་།། ལྷན་ཅིག་སྐྱེས་པའི་བསམ་གཏན་གྱིས་དང་།། ཚོགས་ཀྱིས་འཁོར་ལོའི་བྱེད་པས་ཀྱང་བསྒྲུབ་པས་བྱའོ་ཞེས་པ་ངེས་པའི་དོན་ནོ།། དྲང་བའི་དོན་གྱིས་གོ་སླའོ།། མཁའ་འགྲོ་མ་ནི་རིག་པ ་ཚེ།། རྡོ་རྗེ་རྣམ་སྣང་མཛད་མར་འདོད།། ས་སྟེང་ན་ནི་རིན་ཆེན་བཞི།། ཕྲེང་བའི་སྔགས་ནི་ཇི་བཞིན་མཆོག། ཅེས་སོ།། ཕག་མོའི་ཕྲེང་བའི་སྔགས་ཀྱང་ཧེ་རུ་ཀ་མངོན་བྱུང་དུ་གསུངས་པ། འདི་ལྟ་སྟེ། ཨོཾ་ན་མོ་བྷ་ག་བཱ་ཏཱི་བཛྲ་ཧཱ ་རཱ་ཧཱི། ཞེས་པ་ལ་སོགས་པ་ནས། པྲོ་ཏཾ་གེ་ཧ་ན་པྲཱ་ཎཱཾ་ཀིངྒེ་ནི་ཞེས་པ་ལ་སོགས་པ་ནིས་ཕཊ་སྭཱ་ཧཱའི་མཐར་ཐུག་པའོ།། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། རིག་པའི་རྒྱལ་མོ་ཞེས་པ་ཞལ་བཞི་པའི་སྔགས་སོ།། ཉི་ཤུ་བཞིའི་ཡི ་སྔགས་ཀྱིས་སྦྱོར།། ཕྲེང་བའི་སྔགས་སུ་ཡོངས་སུ་བསྒྲགས་ཤེས་པ་ནི། རྐང་པ་ཉི་ཤུ་རྩི་བཱི་ནི་པ་གསུངས་ཏེ།། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་ཡང་། ཨོཾ་ཀ་ར་ཀཱ་ར་ཞེས་པ་ལ་སོགས་པ་ལས། ཧུཾ་ཧཱུཾ་ཕཊ་ཞེས་པའི་མཐར ་ཐུག་པར་རོ།། མཁའ་འགྲོ་མ་རྣམས་རིག་པ་ཆེ།། ཕོ་ཉ་མོ་ཀུནྡ་རང་བཞིན་གཉིས།། ལྷ་མའི་སྙིང་པོ་དང་ཉེ་བའི་སྙིང་པོ་གསུངས་ཏེ། ཨོཾ་བཛྲ་པརྣ་ནི་ཡེ་ཧཱུཾ་ཧཱུཾ་ཕཊ། སྙིང་པོ་གཞན་ནོ།། དེ་བཞིན་དུ་ཉེ་བའི་སྙིང་པོ་ནི། ཨོཾ ་སརྦ་བུདྡྷ་ཌཱ་ཀི་ནཱ་ཡཾ། བཛྲ་པརྣ་ནི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕོ་ཉ་མོ་བཞི་ཡང་དག་ལྡན།། རིག་པའི་རྒྱལ་པོ་རབ་ཏུ་བསྒྲགས།། ཞེས་བཟླས་པ་གསུངས་པ། རྡོ་རྗེ་ཞབས་ཀྱི་རྒྱ་ཆེར་བཤད་པ་གསུངས་པ། ཨོཾ་སུམྦྷ་ནི་སུམྦྷ་བཛྲ་ཌཱ ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་ཞེས་པ་དེ་བཞིན་དུ་གཞན་དུའང་རྟོགས་པར་བྱའོ།། མ་མོ་བརྒྱད་དང་ཡང་དག་ལྡན།། དཔའ་དབང་ཧེ་རུ་ཀ་རུའང་བཤད་ཅེས་རྐང་པ་བརྒྱད་པ་གསུངས་སོ།། མི་ཡིས་ཚོ་གས་བསྒྲུབས་གྱུར་ན། ལས་རྣམས ་ཐམས་ཅད་བྱེད་པར་འགྱུར།། སྙིང་པོ་ཉེ་བའི་སྙིང་པོ་དང་།། ཆོ་ག་བཤད་པ་ལྔ་པོ་འདི།། རབ་ཏུ་འབད་པས་བསྒྲུབ་པར་བྱ།། དངོས་གྲུབ་ཐམས་ཅད་རབ་སྦྱིན་བྱེད།། ཅེས་པ་ངེས་པར་འཛིན་པར ་བྱེད་པའི་སྔགས་སོ།། རྒྱ་ཆེར་འགྲེལ་པ་དྲི་མ་མེད་པའི་འོད་དུ་ཡང་གསུངས་པ། མིང་གི་སྔགས་ནི་ཐམས་ཅད་དུ་སྙིང་པོའོ་ཞེས་སོ།། ཧྲཱིཾཿཡིག་ལོ་སོགས་པ་ཡན་ལག་དྲུག་ནི་ཉི་སྙིང་པོའོ།། གོ་ཆའི་སྔགས་ནི་ཤེས་རབ ་དྲང་ཐབས་ཏེ། ཨོཾ་བཾ་ཡཽ་མ~ཾ་ཧཱུཾ་ཧཱུཾ་ཕཊ། བཞད་པ་ལྔ་པ་ཞེས་པ་ནི། ཧཾ་ཧཾ་ཧུཾ་ཧེ་ཧཾ་སྭཱ་ཧཱ་ཡང་ནའོ།། དེ་བཞིན་དུ་རིགས་གསུམ་གྱི་སྔགས་ནི། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། དེ་བཞིན་དུ་རིགས་དྲུག་ཀྱང་ཨོཾ་ཨཱཿཧཱུཾ་ཧོ་ཧཱུཾ་ཀཱཿསྭཱ་ཧཱ། ་དེ་བཞིན་དུ་དགུག་པ་ལ་སོགས་པ་ཅན་ཡང་། ཛཾ་ཧཱུཾ་བཾ་ཧོཿཞེས་སོ།། མངོན་པར་བརྗོད་པ་བླ་མར་ཡང་།། ཧཾ་ཡིག་རྣམ་པ་ཡང་དག་བྱུང་།། ཧེ་རུ་ཀ་ནཱི་རྣམ་བསྒོམ་བྱ། ཧྲཱི་ཡིག་རྣམ་པ་ཡང་དག་བྱུང་།། རྡོ་རྗེ་མཁ་འགྲོ ་རྣམ་བསྒོམ་བྱ།། ཧཱུཾ་ཡིག་ཡེ་ཤེས་ཀྱིས་རྫོགས་པ།། རྡོ་རྗེ་ཧཱུཾ་མཛད་བསྒོམ་པ་ལས།། ཧཱུཾ་ཡིག་རྣམ་པ་ཡང་དག་བྱུང་།། མི་སྐྱོད་རྣམ་པ་བསྒོམ་པར་བྱེད།། བཾ་ཡིག་ཡེ་ཤེས་ཀྱིས་རྫོགས་པ།། རྡོ་རྗེ་སེམས ་དཔའ་རྣམ་པོ་སྒོམ་བྱེད་།། ཨོཾ་བྷྲཱུཾ་ཨཱཾ་པཱ་རྣམས་པ་རྫོགས།། སངས་རྒྱས་མཁའ་འགྲོ་རྣམ་སྒོམ་བྱེད།། ཨོཾ་ཏཱ་རཱྀ་སྭཱ་རྣམས་པོས་རྫོགས།། རིན་ཆེན་མཁའ་འགྲོ་རྣམ་སྒོམ་བྱེད།། ཧྲིཾ་ཧྲཱིཿཱ་ཡིག་གིས ་རྫོགས་པ། པདྨ་མཁའ་འགྲོ་རྣམ་སྒྲོམ་བྱེད།། ཁེ་ཧོཿཧ་ཡིག་གིས་རྫོགས་པ།། སྣ་ཚོགས་མཁའ་འགྲོ་རྣམ་སྒོམ་བྱེད།། ཌཱ་ཡིག་མཁའ་འགྲོ་མ་ཉིད་ཀྱང་།། ཡཾ་ཡིག་རྣལ་འབྱོར་མ་དེ་བཞིན།། བྷྲཱུཾ་ཡིག་ས་སྦྱོང་ལྷ་མོའོ།། ་ཁཾ་ནི་མཁའ་འགྲོ་དེ་བཞིན་ནོ་ཞེས་སོ།། དེ་བཞིན་དུ། ཨོཾ་བརྡྷ་ཌཱ་ཀི་ནཱི་ཡེ་ཧཱུཾ་ཕཊ། དེ་བཞིན་དུ་གཞན་ནོ།། ཨོཾ་ཀྲྀ་ཀཱ་སྱེ་ཧཱུཾ་ཕཊ། དེ་བཞིན་དུ་གཞན་ནོ།། ཨོཾ་ཀ་ར་ཀ་ར་བཛྲ་པྲ་ཙིཎྜེ་བཛྲ་ཁཎྜ་ཀཱ་པཱ་ལི་ནི་ཧཱུཾ་ཧཱུཾ་ཕཊ། ཞེས་རྒྱ་ཆེར་འགྲེ ་པར་རོ།། འབུམ་ཕྲག་ལྔ་པར་ཡང་གསུངས་པ།། སྐུ་ནི་རྩ་བའི་སྔགས་སུ་འགྱུར།། གསུངས་གི་རང་བཞིན་སྙིང་པོར་བརྗེད།། ཐུགས་ཀྱི་གསང་སྔགས་དཔེར་བརྗོད་པ།། ཉེ་བའི་སྙིང་པོ་ཁོ་ནར་འགྱུར།། ཡིས་ས་བོན ་ཞེས་བཤད་པ།། ཡེ་ཤེས་སྔགས་དང་ལྷན་ཅིག་བརྗོད།། ས་བོན་ཉེ་བའི་སྙིང་པོ་ཉིད།། སྙིང་པོ་རྩ་བའི་གསང་སྔགས་ལས།། ཇི་སྲིད་དེ་གྲུབ་སྦྱིན་འགྱུར་བ།། བསྐལ་ལྡན་རབ་ཏུ་འབད་པས་བཟླས་ཤེས་སོ།། གསུངས ་པ་ཡང་། རྩ་བའི་སྔགས་ལ་སོགས་པའི་སྔགས་སོ་སོ་རེ་རེ་ལ་ལས་ཀྱི་རྗེས་སུ་མཐུན་པས་མཐར་ཧཱུཾ་ཕཊ་ཀྱི་རྣམ་པའི་ཡི་གེའི་གནས་སུ་ལྷ་བོད་པ་ལ་སྭཱ་ཧཱ་མཐར་བྱའོ།། དེ་བཞིན་དུ་ཞི་བ་ཅན་ལ་སོགས་པའི་སྤྱནི་སྲེག་དང ་རྒྱས་པ་ལ་ཡང་ངོ་།། མཆོད་པ་ལ་ཡང་ཞི་བ་ལའང་ནམཿའི་མཐའོ།། དགུག་པ་ལ་བཽ་ཥཊ་མཐའོ།། དབང་ལ་བ་ཥཊ་མཐའོ་རྣམ་པར་སྡང་བ་ལ་སོགས་པ་དང་། རེངས་པ་ལ་སོགས་པའང་ཧུ་ཕཊ་ཡི་གེ་མཐོའོ།། སྦྱིན ་སྲེག་ལའང་། བཟློག་པས་ཐམས་ཅད་རྫོགས་པའོ།། དེ་བཞིན་དུ་ཡང་། འབུམ་ཕྲག་ལྔ་པའི་ཀྱེའི་རྡོ་རྗེར་གསུངས་པ། རིགས་བཞན་དང་ནི་བྱ་བ་གཞན།། དུས་དང་དེ་བཞིན་སྔགས་ཀྱི་རིགས།། གནས ་དང་ཕྱོགས་དང་རྟེན་གཞན་གྱི།། ལས་རྣམས་ཀུན་ལ་འབྲས་བུ་མེད།། གལ་ཏེ་གླེགས་པ་ལས་རྙེད་ན།། མན་ངག་ཅེས་བྱ་དེ་ནི་ཅི།། ཇི་ལྟར་བྲིས་པ་གླེགས་པ་ནི།། དྲང་བའི་དོན་གྱིས་རབ་བསྟན་ནོ།། གླེགས་པ་དག་ལ ་བཀླགས་པའི་སྔགས།། མན་ངག་རྣམ་པར་སྤངས་རྣམས་ཀྱིས།། སྒྲུབ་པ་རབ་ཏུ་བྱེད་པའི་མི།། གང་དེ་ས་ལ་ཉོན་མོངས་འགྱུར།། ཞེས་པ་སྒྲ་ཇི་བཞིན་པའོ།། དེ་ནས་སྐུ་གསུམ་བཤད་པར་བྱ།། ཧེ་རུ་ཀ་དཔལ་གཉིས་མེད་སྦྱོར།། གང ་གིས་རྣམ་པར་ཤེས་ཙམ་གྱིས།། སྒྲུབ་པོས་ས་ལ་བསྒྲུབ་པར་བྱ་ཞེས་པས་སེམས་རྣམ་པར་དབེན་པ་གསུངས་ཏེ། རྣལ་འབྱོར་མིའི་རྒྱུད་དུ་ཡང་།། བསམ་གཏན་རྡོ་རྗེ་ཏིང་འཛིན་ནི།། སེམས་ཀྱི་རིན་ཆེན་རབ་སྒྲུབ་པ།། ཧེ་རུ་ཀོ་དང་གཉིས ་མེད་སྦྱར།། རྡོ་རྗེ་ཕྲེང་བའི་རྒྱུད་དུ་ཡང་།། སྐུ་གསུམ་དག་ནི་ཐ་དད་པ།། སྐྱེ་བ་ཡིས་ནི་ཡང་དག་ལྡན།། རྫོགས་པའི་རིམ་པའི་ཕྱོགས་ལས་ནི།། རྣམ་གཅིག་ཏུ་ཡང་འགྱུར་བ་ཡིན།། སྒྲ་ཇི་བཞིན་པའོ།། ཆོས་ཀྱི་སྐུ་ཡི་ལས་ཅན་དུ། ་གང་ཚེ་སྒྲུབ་པ་པོར་འགྱུར་བ།། དེ་ཚེ་དེ་ཡི་སྣད་ཤེས་ནས།། དེ་ནི་ཡེ་ཤེས་ངོ་རབ་སྨྲ་ཞེས་པ་སེམས་ལ་རག་ལས་པ་ཉིད་དུ་གསུངས་སོ།། ཆོས་ཀྱི་སྐུ་ནི་ཐུགས་རྡོ་རྗེ་མི་བསྐྱོད་པ་སྟེ།། དྲང་བའི་དོན་ནོ།། ཆོས་ཀྱི་སྐུ་ནི་དོན་དམ ་པའི་བདེན་པ་དང་ཟུང་འཇུག་གོ།། ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་ཡང་།། ཆོས་སྐུ་རྣམས་གཉིས་ཤེས་བྱ་སྟེ།། ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་ཞེས་པ་ངེས་པའི་དོན་ནོ།། སྣོད་ནི་སློབ་མ་རིན་པོ་ཆེའི་གང་ཟག་གི་སྣོད་དེ། རྒྱུད ་གཞན་དུ་ཡང་། ཟབ་ཅིང་རྒྱ་ཆེ་ལ་སེམས་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་དང་ལྡན་ཡོན་ཏན་ཤེས།། ཐར་པ་དོན་གཉེར་རྒྱུད་ལ་གུས་ཤིང་གཡོ་བ་མིན་པའི་སེམས་ལྡན་དེ་ཉིད་ཐོབ་པ་ཤིན་ཏུ་སྦེང་།། གདུག ་པ་རྣམས་ཀྱི་གྲོགས་ཉམས་སློབ་མ་དེ་ཉིད་བླ་མ་ཤིན་ཏུ་མཁས་པ་རྣམས་སྐྱེ་བསྡུ་བྱ་བ། ཤེས་རབ་དབང་ལ་སོགས་པའི་རྒྱུར་ཏེ་གཞན་ཞེས་བྱ་བ་སླར་ཡང་འབྲིང་པོ་བསོད་ནམས་ངག་གི་རྒྱུར་ཞེས་སོ།། ཡེ་ཤེས་ནི་ཤེས ་པ་ཁོང་དུ་ཆུད་པས་བརྟག་པ་སྟེ། ལེགས་པར་རྟོགས་པས་བེམས་པོ་མ་ཡིན་པའི་བདེ་བའོ་ཞེས་ཏེ་ངེས་པའི་དོན་ནོ།། རབ་ཏུ་སྨྲ་བ་ནི། དབང་བསྐུར་ནས་དེ་ཉིད་རབ་ཏུ་གསལ་བར་བྱུང་བའོ།། དེ་བཞིན་དུ་ཡང་། ་ཇི་སྐད་གསུངས་པའི་ཚོགས་དབང་བསྐུར་བྱན་ནས་ནི། སློབ་མའི་ལྷག་མར་མོས་པ་ཡིས་ཀྱིས་ཀུན་བལྟས་ཏེ། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་ལྷག་པར་མོས་པ་ལས།། མངོན་པར་དབང་བསྐུར་རིན་ཆེན་ཚིག་ཁོ་ནས་བྱིན ་ཅིག་ཅེས་སོ།། ལོངས་སྤྱོད་རྫོགས་སྐུའི་ལུས་ཅན་དུ།། གང་ཚེ་སྒྲུབ་པ་པོ་འགྱུར་བ།། དེ་ཚེ་དེ་ཡི་སྣོད་ཤེས་ནས།། དེ་ནི་ཡེ་ཤེས་ང་རབ་སྨྲ།། ལོངས་སྤྱོད་རྫོགས་སྐུ་ནི་འོད་དཔག་མེད་དེ་ཡི་སྣོད་དུ་ནི་དེའི་རིགས་ཅན་ནོ།། ་དེ་ལ་གུས་པ་ཡང་ངོ་།། ང་ནི་དཔལ་ཧེ་རུ་ཀའོ།། དྲང་བའི་དོན་ནོ།། ལོངས་སྤྱོད་རྫོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་སྒྲུབ་པ་པའི་དོན་དུ་གཉེར་བའོ།། རྡོ་རྗེ་ཨ་ར་ལླི་རུ་ཡང་། བརྟན་ཞིང་དུལ་བ་བློ་གྲོས་ལྡན། ་བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད།། བླ་མ་ལ་གུས་སྙིང་རྗེར་ལྡན།། དེ་ལ་རྒྱུད་ནི་རབ་བསྟན་བྱ་ཞེས་སོ།། ཡེ་ཤེས་ནི་འདོད་པ་བདག་བྱིན་གྱིས་བརླབ་པའོ།། ངེས་པའི་དོན་ནོ།། སྤྲུལ་པ་སྐུ་ཡི་ལུས་ཅན་དུ། གང་ཚེ་སྒྲུབ་པ་པོ ་འགྱུར་བ། དེ་ཚེ་དེ་ཡི་སྣོད་ཤེས་ནས། དེ་ནི་ཡེ་ཤེས་ང་རབ་སྐྱེ།། སྤྲུལ་པ་ནི་འདིར་རྣམ་པར་སྣང་མཛད་དེ། མངོན་པར་དབང་བསྐུར་བ་བདུན་གྱིས་དབང་བསྐུར་བའི་སྒྲུབ་པ་པོའོ།། བླ་མར་ཡང་། དུས་དང་ཚོད་ནི་རྣམ་པར ་གྲོལ་གཙང་སྒྲའི་ཀུན་དུ་སྤྱོད་པ་སྤངས།། རང་གི་སྒྱུ་དང་སྔགས་སྦྱོར་བ།། སེམས་ཅན་ཀུན་གྱི་དོན་ལ་བརྩོན།། ཡེ་ཤེས་ནི་དེའི་སྒྲུབ་ཐབས་སོ།། དྲང་པོའི་དོན་ནོ།། སྤྲུལ་བ་ནི་ཕྲ་མོའི་རྣལ་འབྱོར་སྒྲུབ་པ་པོས་བདུན་གྱི ་དབང་ཕྱུག་གོ། ཡེ་ཤེས་ནི་རྡོ་རྗེ་བཟླས་པའི་མཚན་ཉིད་དོ།། ང་ནི་དཔལ་བླ་མའོ།། གྲུབ་པ་པདྨ་བཛྲ་ཞབས་ཀྱང་གསུངས་པ། ཀུན་ནས་དྲི་མེད་རང་བཞིན་མེད་པ་ཡི།། ཡིད་བཞིན་ནོར་བུ་རྡོ་རྗེ་བུམ་པ་ལྟར་བཤད་པ།། སོ་སོའི་བདག ་ཉིད་རིག་བློ་ཆོ་ག་བཞིན་རིག་མས་རྒྱལ་བ་རྣམས་ཀྱི་སྐུ་ནི་དོན་དམ་དག་པའོ།། དེ་ལ་སེམས་ནི་རྣམ་པར་རྟོག་བཅས་དོགས་ཤིང་སེམས་དཔར་འགྱུར།། ཟླ་བའི་རྣམ་པ་སངས་རྒྱས་ཀྱི་སྣ་ཚོགས་ལོངས་སྤྱོད་པ་ཅན་གྱིས་སྐུ། ་བདེ་བའི་རང་བཞིན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་བརྗོད་པར་བྱའོ།། གང་ཡང་གནས་སྐབས་དེར་ཁྱད་པར་དགའ་བའི་མིང་སྐད་ཅིག་འཆར་བ་བྷ་གའི་དབུས་སུ་སོན་པ་དེ། ཡུངས་ཀར་མིང་དུ་རྣམ་པར་བཞག་པ།། བརྟེན་པ ་སྤྲུལ་པའི་སྐུ་ཞེས་དེ་ལས་སངས་རྒྱས་རྣམས་ཀྱིས་གསུངས་སོ།། ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ།། ཐོབ་པར་འགྱུར་བར་ཐེ་ཚོམ་མེད།། དཔལ་ཧེ་རུ་ཀཱར་སྦྱོར་ལས་བདག། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད་ཅེས ་རྫོགས་པའི་འབྲས་བུར་གསུངས་སོ།། ཆོས་ནི་ཆོས་ཀྱི་སྐུའོ།། དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱིས་མངོན་པར་རྟོགས་པའི་རྒྱུན་དུ་གསུངས་པ། ཐུབ་པ་ཁོ་ནའི་བཅོ་བརྒྱད་པའོ།། ཆོས་ཀྱི་སྐུ་ཞེས་བརྗོད་པ་ཡིན། ཐེག ་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། ལྗོངས་སྤྱོད་རྫོགས་པའི་སྐུ་རུ་འདོང་།། གོང་གིས་སྲིད་པ་ཇི་སྲིད་པར།། འགྲོ་ལ་ཕན་པ་སྣ་ཚོགས་དོག། མཉམ་དུ་མཛད་པའི་སྐུ་དེ་ནི།། ཐུབ་པའི་སྦྲུལ་སྐུ་རྒྱུན་མི་འཆང་།། བླ་མར ་ཡང་། གཉིས་ནི་གཟུགས་མེད་པ་སྟེ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀཱ་ནི་རྣམ་པར་ཤེས་པའོ།། ཕག་མེ་ནི་ན་མཁའོ།། དཔེ་བྱིད་བརྒྱད་ཅུ་ནི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རྡོ་རྗེའོ།། མོ་ཚན་སུམ་ཅུ་རྩ་གཉིས་གང་ཡིན ་བ་དེ། ཤེས་རབ་མ་བཅོམ་ལྡན་འདས་མ། འཕག་མ་རྡོ་རྗེ་ཕག་མོའོ།། བཅོམ་ལྡན་འདས་སྔོན་པོ་དང་། དམར་པོ་དང་། ཕག་མོ་དམར་མི་དང་སྔོན་མོ་ཅན་ནོ།། ཞེས་པ་སྒྲ་གསུམ་མདོར་བསྟོན་པ་སྟེ། སྒྲ ་བཞིན་པའོ།། དཔལ་ཧེ་རུ་ཀ་སྦྱོར་ལས་བདག། བདག་ནི་ཟུང་འཇུག་ཤེས་པ་སྟེ།། སྟོང་པ་ལྷན་ཅིག་སྐྱེས་པ་བསྒོམ་པ་པོའོ།། དགོངས་པ་མ་ཡིན་པའོ།། ད་ནི་བཤད་པའི་རྒྱུད་དུ་གསུངས་པའི་མདོ་བརྗོད ་པར་བྱའོ།། དང་པོར་ཕུང་པོ་ལ་སོགས་པ་ཡོངསུ་དག་པའོ།། དེ་ནས་ཐུགས་ཀའི་ལྷའི་ས་བོན་ནོ།། དེ་ནས་མཆོད་པ་དང་། སྨོན་ལམ་གདབ་པ་དང་ཚངས་པའི་གནས་བཞིའོ།། དེ་ནས་རང་བཞིན་དག་པ་ལ་སོགས་པ་ནས།། ཇི་སྲིད་པའི ་དཀྱིལ་འཁོར་རོ།། དེ་ནས་གུར་བཅིང་པ་ལ་སོགས་པ་དང་། པུར་བུས་གདབ་པ་དང་བརྡུང་བ་ལ་སོགས་པའོ།། དེའི་སྟེང་དུ་ལྷུན་པོ་ལ་སོགས་པ་ལྷའི་འཁོར་ལོ་བསྒོམ་པའོ།། ཕྱི་ནས་གོ་ཆས་ཀུན་ཏུ་བསྲུང་བ་དང་ཕྱག་རྒྱ་དང ་སྔགས་ཀྱིས་དགུག་པ་དང་། དཔའ་བོ་དང་དཔའ་མོ་རྣམས་ཀུན་ཏུ་ཚིམ་ནས། ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་གཞུག་པ་དང་། མངོན་པར་དབང་བསྐུར་བ་དང་། དེ་བཞིན་དུ་མཆོད་པ་དང་། བསྟོད་པ་དང་། ཐམས་ཅད་རྣམ་པར་དག་པ ་ཡང་ངོ་ཞེས་པའོ།། ད་ནི་མངལ་སྐྱེས་ཀྱིས་རིམ་པས་རབ་ཏུ་འཇོག་པའི་སྒྲུབ་ཐབས་མདོར་བསྟན་པར་བྱ་སྟེ། ཐོག་མར་རེ་ཞིག་བསྲུང་འཁོར་ལོ་དང་། མཆོད་པ་དང་། རྣམ་པར་ཐར་པ་དག་པ་བྱས་ནས་སྟོང་པ་ཉིད་བསྒོམས་ཏེ། ་ཧ་ཡ་ར་ཝ་ལ་ལས་སྐྱེས་པའི་ན་མཁའ་ལ་སོགས་པའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་སུམ་ལས་སྨྱོས་པའི་ལྷུན་པོ་ལ་རྟག་པ་ཁང་པོ་བརྩེགས་པ་དུར་ཁྲོད་དང་ལྡན་པ་ལ་སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་གདན་བལྟ་བར་བྱའོ།། ་དེར་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པའི་བཅོམ་ལྡན་འདས་དང་པོའི་མགོན་གོ།། ཇི་སྐད་གསུངས་པའི་མཚན་ཉིད་ཅན་ཤེས་རབ་དང་ལྷན་ཅིག་ཞུ་བར་གྱུར་པར་བསྒོམ་པར་བྱའོ།། དེའི་འོད་ཟེར་གྱི་ལྷ་མོའི་གླུས་དཔའ ་བོ་རབ་ཏུ་སད་ཅིང་བསླང་སྟེ། དཀྱིལ་འཁོར་པ་དང་བཅས་པ་བསྒོམས་ནས། ཡེ་ཤེས་ཀྱི་འཁོར་ལོ་གཞུག་ཅིང་། མངོན་པར་དབང་བསྐུར་ཏེ། མི་བསྐྱོད་པ་ཅོད་པན་དུ་བསྒོམ་པར་བྱ་ཞིང་། རྣམ་པར་དག་པའི་མཐར་ཐུག་པའོ།། ་ཡང་ན་སྐྱོད་སྐྱེས་ཀྱི་རིམ་པས་རྣམ་པ་ལྔ་ལས་སྐྱེས་པའི་དཔའ་བོ།། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པ། འཁོར་ལེ་དང་བཅས་པ་བསྒོམས་ནས་ཡེ་ཤེས་ཀྱི་འཁོར་ལོ་དང་མངོན་པར་དབང་བསྐུར་བ་གཟུང་ཞིང་བསྒོམ་པར་བྱའོ། ་དེ་ནས་ཐིག་ལོའི་རྣལ་འབྱོར་དང་། མཆོད་པ་དང་བསྟོད་པ་དང་། སྐུའི་དཀྱིལ་འཁོར་པ་རྣམ་པར་ཕྱུང་ནས། གཏོར་མ་བྱིན་ཏེ། བདག་ཉིད་ཚིམ་པར་བྱའོ་ཞེས་སོ།། དེ་ནས་རིན་ཆེན་དབང་པོའི་སྦྱོར་བས་སྦྱང་བར་བྱ་བ་དང་། རྟོགས ་པར་བྱ་བ་དང་། རབ་ཏུ་འབོར་བ་དང་། བདུད་རྩིར་བྱས་ནས་བཟའ་བ་ལྟེ་བའི་མེ་ལ་སྦྱིན་སྲེག་བྱའོ།། དེ་ནས་ཉི་མགུང་ལོ་ཡང་། ཇི་སྐད་གསུངས་པས་བསྒོམས་ནས། ལག་པ་གཡོན་པས་མྱུར་བ་དོང་བུལ་པོ་མ་ཡིན་པ་དང་ཕྱི་མོ་དམན ་པ་མ་ཡིན་པ་ཀུན་དུ་རྟོག་པ་སྤངས་པས་སྔགས་བརྗོད་ཅིང་བཟླས་པར་བྱའོ།། ཡང་ནི་ཉེ་བར་དམིགས་པའི་བཟླས་པ་བྱའོ།། དེ་ནས་ཇི་ལྟར་བདེ་བས་གནས་ནས་ཕྱི་རེད་ཀྱང་ཡང་ཡང་དག་པར་བླངས་པ་བྱས་ནས། དེ་བཞིན་དུ་རྣམ་པར ་སྣང་མཛོད་ཀྱི་སྦྱོར་བ་བྱས་ལག་དྲུག་དགོད་པ་བྱས་གཉིད་ལོག་པར་བྱའོ།། དེ་ནས་མཚན་མོ་ཕྱེད་ལ་ཡང་དེ་བཞིན་དུ་བསྒོམས་ནས་རྨི་ལམ་དགེ་བ་བལྟ་བར་བྱའོ།། ཆུ་ཚོད་ལྔ་པའི་ཐུན་མཚམས་ཀྱི་བདག་ཉིད་ལ ་ཡང་ངོ་།། དེ་ནས་སྔ་དྲོའི་ཐུན་མཚམས་ལ་རྡོ་རྗེ་ཕག་མོ་བསྒོམས་ནས་མངོན་པར་བརྗོད་པ་གསུངས་པ་སྔར་བཞིན་དུ་ཐམས་ཅད་བྱའོ།། ཤིན་ཏུ་དགའ་བ་ལའང་འོད་དཔག་མེད་བསྒོམས་ནས་ཡན་ལག་དགོད་པ་བྱས་ཏེ། ཤིན་ཏུ་དགའ ་བའི་མཐར་དོན་ཡོད་པའི་བདག་ཉིད་མྱང་བར་བྱའོ།། ལྷག་མ་ལས་ཐམས་ཅད་ནི་མི་བསྐྱོད་པའི་སྦྱོར་བས་བྱའོ།། དེ་ལྟར་སྡོམ་པ་ལྔ་པ་སྦོམ་པོའི་ལྟུང་བ་དང་། ཕས་ཕམ་པ་སྤངས་ཏེ་གཟུང་ནས་བསྒོམ་པར་བྱའོ།། དེ་ལས་ན་མཁའ ་ལ་འགྲོ་བའི་དངོས་གྲུབ་ཏུ་འགྱུར་རོ།། ང་ནི་རྫོགས་པའི་རིམ་པས་སངས་རྒྱས་ཉིད་ཆེད་དུ་ངེས་པར་འཇུག་པའི་སྒྲུབ་ཐབས་བརྗེད་པར་བྱ་སྟེ། བཤ་ད་པའི་རྒྱང་དུ་ཡང་གསུངས་པ། འདི་རྟག་ངེས་པར་འཛིན་བྱེད་པ། ཆོས་ཀུན་རྟོགས ་པར་བྱེད་པ་ཡིན།། ཨཱ་ལི་ཀཱ་ལི་མདུན་བསམས་ནས། རྣལ་འབྱོར་ཆེན་པོས་ངལ་བས་བྱ་ཞེ་བ་འདི་མདོར་བསྟན་པ་དང་རྒྱས་པར་བཤད་པ་གསུངས་པ་དེ་ཉིད་དུ་རྣལ་འབྱོར་པ་དང་པོར་བརྗོད།། དེ་ཉིད་ཧེ་རུ་ཀ་གཉིས་མེད། ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རཾ་རཱྀ་ལཾ་ལཱི་ཨེ་ཨཻ་ཨོ་ཨཽ་ཨཻ་ཨཿཀ་ཁ་ག་གྷ་ང། ཙེ་ཚ་ཛ་ཛྷཉ། ཊ་ཛི་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་པ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀླཿཞེས་སཽ།། སོ་སོར་རྒྱས་པར་བཤད་པ་ཡང་ཀུན་སྤྱོད་དུ། ཟླ་བའི ་དཀྱིལ་འཁོར་ལེགས་རྫོགས་པ།། ལྟེ་བའི་རྩ་བར་གནས་པ་བསྒོམ།། དེ་ཡི་དབུས་སོན་བསམ་པ་ནི།། ཡི་གེ་དམ་པའི་གོ་འཕང་སྟེ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ལྷ་ཡི་གཟུགས་སུ་བསྒོམ་པར་བྱའོ།། གོང་བུ་ལས་འདས ་བསྒོམ་པ་དེ།། སེམས་ཉིད་དུ་ནི་མ་བསྒོམ་མོ།། བདག་གི་རྣལ་འབྱོར་པ་ཡི་སྦྱོར།། རྗེས་སུ་ཆགས་པའི་སྦྱོར་བ་ཡིས།། རབ་ཞུགས་རོ་ནི་མཉམ་པར་འགྱུར།། ཀུན་དགའ་ལྡན་པའི་གཉིས་ཉིད་ནི།། ཤིན་ཏུ་དགའ་བའི་གནས ་སུ་འགྱུར།། ཆོས་དབྱིངས་དག་པའི་གྲོང་ཁྱེར་དུ།། སེམས་ཅན་ཁམས་ནི་རབ་འཇུག་བྱེད་།། འདི་ནི་ཆེས་གསང་ཤེས་པར་བྱ།། གང་དུ་ཡང་ནི་མ་བསྟན་ཏེ།། རྣལ་འབྱོར་ཀུན་ལ་མཆོག་གྱུར་པ།། ཕྱག་རྒྱ་ཆེ་ལས་གཞན་མེདོ།། ། ་རྒྱུད་རྣམས་ཀུན་དུ་གང་གསང་བ།། མྱ་ངན་འདས་པའི་དེ་ཉིད་བསྟན།། རྒྱུ་འདི་ཡིས་ནི་རྣལ་འབྱོར་པ།། བདེན་པ་གཉིས་ལ་ཡང་དག་བརྟེན།། བསམ་པ་ཐམས་ཅད་གསལ་ནོས་ནི།། ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་བྱེད།། གཉིས ་མེད་ཡེ་ཤེས་སེམས་ལྡན་པས།། མི་བྱ་ཅུང་ཟད་ཡོད་མ་ཡིན།། རྣམ་པར་མི་རྟོག་སེམས་གཅིག་བདག། འདོད་པའི་ཡོན་ཏན་ལྔ་རྣམས་སྦྱང་།། གང་ཞིག་རྟག་ཏུ་འདི་བསྒོམ་པ།། ས་ལ་འདོད་པ་ཀུན་དབང་ཕྱུག། མཐོ་རིས་ལོངས་སྤྱོད ་ཐོབ་པར་འགྱུར།། ཡང་ནི་འཁོར་ལོ་སྒྱུར་བ་ཉིད་ཅེས་སོ།། འདིའི་དོན་ཀུན་སྤྱོད་དུ་ཡང་།། དེ་ཉིད་ཆོས་ཀྱི་རང་བཞིན་ནི།། མྱ་ངན་འདས་པ་འབའ་ཞིག་འདོད་ཅེས་སོ།། ཐོག་མ་མེད་པ་ནས་གནས་པའི་ཙ་ཡིག་གི་འོད་ཟེར་གྱིས་འཇིག ་རྟེན་གསུམ་གྱི་གཟུགས་དང་ལྡན་པར་བསྒོམ་པར་བྱའོ།། འདི་ལྟར་ངག་རྣམ་པར་དག་པའི་སྔགས་པའི་ལྟེ་བ་སྟོང་པར་དཀར་ཞིང་དམར་བར་གསལ་བའི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ཕྱག་གཉིས ་ཕན་ཚུན་འཁྱུད་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་གནས་པ།། འོད་ཟེར་ལྔའི་རང་བཞིན་བདེ་བ་ཆེན་པོའི་སྐུར་བསྒོམ་པར་བྱའོ།། འདི་ལྟར་སྐུ་རྣམ་པར་དག་པའི་རྣལ་འབྱོར་པ་རྡོ་རྗེ་དང་པདྨ་མཉམ་པར་སྦྱོར་བ་ལས། སྐུ་གཉིས ་བདེ་བ་ཆེན་པོར་བསྒོམས་ནས་བརྟན་པ་དང་གཡོ་བ་ཐམས་ཅད་དེ་བཞིན་ཉིད་ཀྱི་གནས་སུ་རབ་ཏུ་བཅུག་སྟེ། ཇི་ལྟར་ཉེ་བར་བསྟན་པའི་བདེ་བས་ཟུང་འཇུག་ཉིད་བསྒོམ་པར་བྱའོ།། རྫོགས་པའི་རྣལ་འབྱོརརོ།། ཀུན་གསུམ་གྱི་ཚི་གའོ ་དེ་ནས་སྙིང་པོའི་གསང་སྔགས་ཀྱི།། ལས་རྣམས་བཤང་བྱ་དེ་ཉོན་ཅིག། གསང་སྔགས་འབུམ་དུ་བཟླས་པ་ཡིས།། དཔག་ཚེད་བྱེ་བར་དེ་ལྡིང་འགྱུར་ཞེས་པ་ནི།། སྔོན་དུ་བྱེ་བ་སྒྲུབ་པར་བྱེད་པས།། སྔགས་གྲུབ་པའི་སྔོན་དུ་བསྙེན། ་པ་འབུམ་བཟླས་པར་བྱ་བའམ། རབ་ཏུ་སྦྱོར་བའི་དུས་སུ་འབུམ་བཟླས་པས་སམ། ཡང་ན་བཀླགས་པས་གྲུབ་པའི་འབུམ་བཟླས་པ་འམ། ཡང་ན་སྐྱེ་བ་སྔ་མ་ལས་བསྒྲུབས་པས་སོ།། ཞེས་པ་སྒྲ་ཇི་བཞིན་པའོ།། འགྲོ་ཞིང་འོང ་བར་འགྱུར་བ་མྱུར་དུའོ།། གཟུགས་རྣམ་པ་དུ་མར་བྱེད་དོ།། འདི་ཁང་བཟང་དང་ཤིང་ལ་འཛེགས་ཏེ། དཔག་ཚད་བྱེ་བར་འགྲོ་བའོ།། རྣལ་འབྱོར་པ་རྣམས་དང་ཡང་དག་པར་ལྡན་པས། ནམ་མཁའ་ལ་འགྲོ་བ་དང་འོང་བར་བྱེད་དོ།། ་འདོད་ན་སྣང་བར་བྱེད་དེ།། མ་ཡིན་པ་ཁོ་ནར་ཞེས་ཏེ་རྣལ་འབྱོར་དང་ལྡན་པ་སྐབས་གསུམ་པར་ཡང་ངོ་།། འདོད་ན་སྒྲུབ་པ་པོ་བྱིས་པ་དང་རྒན་པོ་དང་དར་ལ་བབ་པའི་མི་མོར་འགྱུར་རོ།། སྒྲུབ་པ་པོ་མཁའ་ལ་སྤྱོད་པ་དང་ས་ལ་སྤྱོད་པ་འམ། ་བྱོལ་སོང་དུ་ཡང་འགྱུར་རོ།། དབང་པོ་རྣམས་འཕྲོག་པར་བྱེད་དོ།། འདི་རྣམས་སྐྱེ་བོ་རྣམས་ཀྱི་ལག་པ་གཡས་པས་སོ།། གཡོན་པས་མྱུར་དུ་སླར་གསོ་བའི་མཆོག་ཏུ་བྱེད་།། ཉི་མ་དམར་པོ་དང་ཁུ་བ་གཉིས་ལ་གལ་ཏེ་ལན་ཅིག་བཟླས ་ནི། སྐྱེ་བོ་ཐམས་ཅད་ཀྱི་ལུས་དང་ངག་དང་སེམས་དང་དབང་པོ་རྣམས་རེངས་པར་བྱེད་དོ།། སྒྲ་ཇི་བཞིན་པའོ།། །། དེ་ནས་གཞན་ཡང་འདིར་བཤད་བྱ།། དམ་ཚིག་ཆེན་པོའི་མཆོག་གྱུར་པ།། གང་གིས་ཐོས་པ་ཙམ ་གྱིས་ནི།། མྱུར་དུ་དངོས་གྲུབ་རབ་འཇུག་པའོ།། གང་གིས་ལུས་སམ། ཁ་ལ་ཡང་པདྨ་དང་གླ་རྩི་དང་། ག་པུར་དང་མ་ལི་ཀ་ལ་སོགས་པའི་དྲི་བྲོ་བ། རྟག་ཏུ་མིག་མི་འཛུམ་པ་གྲིབ་མ་དམན་པ། ཁྲོ་བ་མེད་པ་མར་སྐྱེ་བ་ལན ་བདུན་པའོ།། དེ་ཟོས་པ་ཙམ་གྱིས་རྣལ་འབྱོར་མ་མཁའ་ལ་སྤྱོད་པར་འགྲོའོ།། དེའི་སྙིང་གཱི་ན་རོ་ཙ་ན་ཡོད་དེ། སྙིང་པོ་བརྒྱ་བཟླས་པས་ཐིག་ལེ་བྱས་ན། དཔག་ཚོང་བྱེ་བ་བརྒྱར་འགྲོ་བར་འགྱུར་རོ།། དཔལ་ཧེ་རུ་ཀཱའི་སྙིང་པོ་གང ་ཞིག་ཤེས་པ་ཡང་ཤིན་ཏུ་གདོན་མི་ཟ་བར་པོ་ཟང་པོའི་ལུས་དང་། འདོད་པ་ཡང་ཇི་ལྟར་འདོད་པ་བཞིན་ཐོབ་པར་འགྱུར་རོ།། སྒྲ་ཇི་བཞིན་པའོ།། སྙིང་པོའི་ལས་སོ།། །། དེ་ནས་ཉེ་བའི་སྙིང་པོའོ།། དངོས་གྲུབ ་ཐམས་ཅད་རབ་གྲུབ་བྱེད།། འཇིག་རྟེན་གསུམ་གྱུར་གང་ཅུང་ཟད་།། དེ་ཀུན་སྐད་ཅིག་གིས་འགྲུབ་བཤང་།། གསང་སྔགས་འབུམ་བཟླས་པས་འཇིག་རྟེན་གསུམ་ཡང་གཡོ་བར་བྱེད་དོ།། མཁའ་འགྲོ ་མ་ཐམས་ཅད་སྒྲུབ་པ་པོའི་མངག་གཞུག་བྱེད་པར་ཐེ་ཚོམ་མེད་དོ།། འདི་ཁོ་ནས་ཚུ་ལ་བཟླས་ཏེ། དེས་མིག་བཀྲུས་ནས་སྐྱེ་བ་བདུན་པ་ལ་སོགས་པ་འམ། འཚེ་བ་དང་འཆི་བ་ཡང་འཐོང་བར་འགྱུར་རོ།། མི་གཽ་དག་ལ་བཟླས་ནས ་བལྟས་པ་གང་ཡིན་པ་དེ་སྐད་ཅིག་གིས་གནོན་པར་བྱེད་དོ།། དཔའ་བོ་ཤི་བའི་རྐང་ཟིལ་གྱི་པགས་པ་བླངས་ནས་འབད་པས་བརྟགས་པར་བྱའོ།། མེའི་ཁྲག་གིས་རྣ་བའི་མིག་སྨན་གྱི་དབུས་སུ་བཅུག་ལ་ཟླུམ་སྐོར་གྱི་རྣམ་པར་བྱའོ།། ་དེའི་ཕྱི་རོལ་ཏུ་ལྡོང་རོས་དང་གིའུ་ལྷུང་དང་། བུད་མེད་ཀྱི་མེ་ཏོག་དང་། གུར་གུམ་གྱི་དེ་བསྒོ་བར་བྱ་ཞིང་། སླར་ཡང་གྲིབ་བསྐམས་བྱས་ནས་ལྕགས་གསུམ་གྱིས་དཀྲིང་ཏི། དེ་ནས་ལྷག་པར་གནས་པ་བྱས་ཏེ། སྐར་མ ་རྒྱལ་ལ་རྣལ་འབྱོར་པས་ཧེ་རུ་ཀའི་ཁར་བཅུག་ལ། ལག་པ་གཡོན་པས་བཀབ་ནས་གསང་སྔགས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ཇི་སྲིད་དུ་རིལ་བུ་གཟུགས་བརྙན་གྱིས་ནས་འཛེགས་ཏེ་སྦྱིན་པར་བྱེད་དེ། སྒྲུབ་པ་པོ ་དེ་ཡིས་དེ་གྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ།། དེ་ཁར་བཅུག་པས་རྣལ་འབྱོར་པ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་།། ཁ་ན་སོ་བཏོན་ན་ནི་མཐོང་བར་འགྱུར་རོ།། རིལ་བུའི་རིག་པ་འཛིན་པར་འགྱུར་རོ།། རི་ལ་བུ་འདི ་ནི་མཁའ་སྤྱོད་གྲུབ་པར་དགའ་བོ་རང་ཉིད་ཀྱིས་གསུངས་སོ།། ཐེད་པ་བླངས་ནས། སྒྲུབ་པ་པོའི་སྡིགས་མཛུབ་ཀྱི་རྩེ་མོས་གང་གིས་མིང་ནས་སྨོས་ཏེ་མཉེས་ན་དེའི་ཁྲག་སྐེམས་པར་བྱེད་དོ།། གཡོན་པའི་མིང་མེད་ཀྱི་མཉེས་ན ་སླར་ཡང་དེ་ཉིད་དུ་འདྲེན་ནོ།། མངོན་པར་བསྔགས་པ་བརྗོད་དེ།། གང་གིས་མིང་ནས་སྨྱོས་ཏེ་ཐོད་པ་ལ་བསྣུན་པ་བྱིན་ན། དེའི་ཀླད་པ་འགགས་པར་འགྱུར་རོ།། ཐོད་པ་དེ་བའི་འོ་མས་རྐང་ན་ཉེ་བར་ཞི་བར་འགྱུར་རོ།། རོ ་ནས་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་རྒྱས་བཏབ་པར་འགྱུར་རོ།། སྡུག་མཛུབ་ཀྱིས་བསྡིགས་པར་བྱས་ན་དེ་སྐད་ཅིག་གིས་ས་ལ་ལྟུང་བར་འགྱུར་རོ།། གང་གིས་མིང་ནས་སྨོས་ཏེ། ས་ལ་རྐང་པས་བསྣུན་ནད་འཆི་བ ་འགྱུར་རོ།། སླར་གསོ་བ་ལ་ཆུ་ལ་མངོན་པར་བསྔགས་ནས། ས་ལེ་མངོན་པར་གཏོར་བར་བྱའོ།། མངོན་པར་བསྔགས་པའི་སྡིགས་མཛུབ་ཀྱི་སྟོང་པ་ལ་ཡང་བསྡིགས་པར་བྱའོ།། ཚིག་གིས་གྲོལ་པ་ནི།། དེ་རྣམས ་དེ་ལྟར་གནས་པར་ཐེ་ཚོམ་མེད་དོ།། སྒྲུབ་པ་པོས་གཏུམ་པོའི་ཐལ་བ་ལ་ལན་བརྒྱ་བཟླས་ནས་བསྣུན་ན། སེམས་ཅན་གང་དང་གང་རྗེས་སུ་དྲན་པ་དེ་དང་དེའི་གཟུགས་འཛིན་པར་ཡོང་འགྱུར་རོ།། སྦྱིན་སྲེག་གི་ཐལ་བ་བསྣུན ་ན། དེ་བཞིན་དུ་ལྷ་རྣམས་ཀྱིས་ཀྱང་མི་མཐོང་ངོ་།། ཆུ་ལ་ལན་བརྒྱར་བཟླས་ནས་བསྣུན་ན་སླར་ཡང་མཐོང་ངོ་།། ཟོད་པ་ཁ་སྦྱར་གྱི་ཕྱག་རྒྱ་བཅིངས་ནས་ཁྲོད་པར་གྱུར་པས་གལ་ཏེ། གང་གི་མིང་ནས་སྨོས་ཏེ། དབུགས་མི ་འབྱིན་པར་བཟླས་པ་དེ་རྟག་ཏུ་སྦྱོང་བར་འགྱུར་རོ།། ཕྱག་རྒྱ་ཞེས་པ་འཆེ་བའི་ཕྱག་རྒྱའོ།། ཁྲོས་པ་ནི་མཆེ་བ་གཙིགས་པའོ།། ཡིད་ཀྱི་གྲོལ་བ་ནི།། ཕྱག་རྒྱ་བཅིངས་པ་དེ་གཤེགས་པའོ།། སྒྲུབ་པ་པོའི་གཙུག། ་པུད་ལ་མངོན་པར་བསྔགས་ཏེ། གང་གི་མིང་ནས་སྨོས་ཏེ་བཅིངས་ན། སྒྲུབ་པ་པོ་གང་ན་ཡོད་པ་དེར། མཁའ་འགྲོ་མ་དེ་རྣམས་མྱུར་དུ་འོང་བར་འགྱུར་རོ།། སྒྲུབ་པ་པོའི་གཙུག་པུད་ལ་ལན་བརྒྱ་བཟླས་ནས་བཅིངས་ན་མི་སྣང་བར ་འགྱུར་རོ།། གསེག་མ་ལེ་ལན་བདུན་མངོན་པར་བསྔགས་ཏེ། ཕྱོགས་སུ་གཏོར་ན་འཆི་བར་བྱེད་དོ།། ལྷ་ལ་སོགས་པ་རྣམས་དང་མ་མོ་རྣམས་ཀྱི་སྦྱོར་བ་འཕྲོག་པར་བྱེད་དོ།། སྐྱེས་པ་དང་བུད་མེད་འཁྲིག་པར་བྱེད་པ་ན་ཁྱི་བཞིན་དུ་མྱུར་དུ་འབྱར ་བར་འགྱུར་རོ།། གསེག་མ་ལ་བཟླས་ནས་ཆུ་ཀླུང་ལ་གཏོར་ནི་ཆུ་ཀླུང་རྒྱུན་ལས་བཟློག་ཕྱོགས་སུ་འབབ་པར་འགྱུར་རོ།། མཁས་པས་གསེག་མ་དེ་ཉིད་ཀྱི་སྒྲ་རླབས་གནོན་པར་བྱེད་དོ།། སྟེང་དུ་བལྟས་བཞིན་དུ་སྟོང་ཕྲག་གཅིག། ་བཟླས་པ་བྱས་ན་ཆར་ཆེན་པོ་ཟློག་པར་བྱེད་དོ།། ཡིད་ཀྱིས་བཅིངས་པ་གྲོལ་བར་བྱེད་དོ།། གལ་ཏེ་ཕ་རོལ་གྱི་དཔུང་ལ་མངོན་དུ་ཕྱོགས་པར་གྱུར་པས་སྟོང་ཕྲག་གཅིག་བཟླས་པ་བྱས་ནས། གཡུལ་གྱི་ནང་དུ་རབ་ཏུ་ཞུགས ་པིའི་ལུས་ལ་མཚོན་གྱི་རྒོད་པར་མི་འགྱུར་རོ།། ལན་འབུམ་བཟླས་པའི་ཚོགས་སོ།། ཉེ་བའི་སྙིང་པོའི་སྒྲུབ་པའོ།། །། དེ་ནས་འདི་ལས་ཆོ་གའི་ལས།། འཇིག་རྟེན་གསུམ་ན་གང་ཡོད་པ།། འབད་པས ་འབུམ་ཕྲག་བཟླས་པ་ཡིས།། སྒྲུབ་བྱའི་ལས་འདི་བཤད་པར་བྱ།། ཟླས་བཞིན་ལམ་དུ་འགྲོ་བ་མ།། ཆོས་རྐུན་རྣམས་ཀྱིས་མཐོང་མི་འགྱུར།། ས་བདག་ཁྱིམ་དུ་རབ་ཞུགས་ནས།། གང་འདོད་བླངས་ནས་འགྲོ་བར་འགྱུར།། ་བཟླས་བཞིན་གང་གང་ལ་རེག་པ།། ད་དེ་སྐད་ཅིག་ལ་རེངས་བྱེད།། གསང་སྔགས་བཟླས་པས་རྐང་པ་ཡིས།། བསྣུན་ན་དེ་ཚེ་གྲོལ་བར་འགྱུར།། ལན་གསུམ་བཟླས་པའི་རང་ཁྲག་གིས།། ཐིག་ལེ་བྱས་ནས་གང་དག་གིས།། ་ལྷན་ཅིག་མཐོང་བའམ་སྨྲ་བ་དེ།། དེ་ཡི་ཁྲག་ནི་འདྲེན་པར་བྱེད།། ཁྲོས་པས་ཁྱིམ་གང་དུ་ཞུགས་ཏེ།། ཟླས་ན་དེ་ལ་རིམས་ཀྱི་འདེབས།། ཆུ་ལ་ལན་བདུན་མངོན་བསྔགས་པས།། གཏོར་ན་སླར་ནི་འཚོ་བར་འགྱུར།། གང་གི་གདོང་ལ ་བལྟ་ཞིང་བཟླས།། དེ་ཡི་ངག་ཀྱང་འཕྲོག་པར་བྱེད།། སྟོང་ཕྲག་གཅིག་ནི་བཟླས་བྱས་ནས།། ཆུ་ཡི་སྟེང་དུ་འགྲོ་བར་འགྱུར།། ཚུ་ལ་ཇི་བཞིན་ཐང་ལ་ཡང་།། དེ་བཞིན་འདོད་ཞིང་འགྲོ་བཞིན་གནས།། གང་གིས་ལག་པ་དྲིལ་ཕྱིས་བྱས།། ་རྟག་ཏུ་སྟོང་ཕྲག་བཟླས་བརྗོད་གྲཝ་འཇིག་རྟེན་གསུམ་དུ་རྣམ་གནས་པའི།། རྣལ་འབྱོར་མ་རྣམས་དབང་དུ་འགྱུར།། སྐར་མ་རྒྱལ་གྱི་སྦྱོར་བས་རས་བྱས་ནས།། དེ་གྱོན་ཏེ་གསང་སྔགས་སྟོང་ཕྲག་བཅུར་བཟླས་པའི་མི་དེ་དེ་ནས་འདི ་འགྲུབ་པར་འགྱུར་ཏེ། དེ་གྱོན་པ་ཙམ་གྱིས་མི་སྣང་བར་འགྱུར་ཞིང་མཁའ་ལ་སྤྱོད་པར་འགྱུར་རོ།། དབང་པོ་གང་དང་གང་ལམ་ཉིད།། དེ་དང་དེ་ཡི་རང་བཞིན་ལས།། མཆོག་ཏུ་མཉམ་གཞག་སྦྱོར་བ་ཡིས།། སངས་རྒྱས་ཀུན ་གྱི་རང་བཞིན་འགྱུར་ཞེས་སོ།། དེ་ལྟར་ནན་ཏན་བྱེད་པ་གསུང་པ། དབང་པོའི་ལམ་ཉིད་ཅེས་པ། མིག་ལ་སོགས་པ་རྣམས་ཀྱི་ཡུལ་ཉིད་དོ།། སངས་རྒྱས་རང་བཞིན་ནི།། ཤེས་རབ་གསུངས་སོ།། རྡོ་རྗེ ་མཁའ་འགྲོར་ཡང་། ཐམས་ཅད་ཚེ་ན་ལས་རྣམས་ཀུན།། རྣམ་པར་མི་རྟོག་ངོ་བོ་ལས།། དོགས་པ་མེད་པར་ཀུན་དུ་སྤྱད།། དེ་དང་དེ་དག་འདའ་བར་དགའ་ཞེས་སོ།། ཤེས་རབ་གསལ་བའི་རང་བཞིན་གྱིས།། ་རྣམ་པར་མི་རྟོག་སེམས་དཔའ་ཡིས།། དོགས་མེད་སྤྱོད་པ་ཀུན་ཏུ་སྦྱང་།། བརྟུལ་ཞུགས་དེ་རྣམས་བདག་ཉིད་ཆེ།། ཐབས་ཤེས་ཆོ་ག་ལས་གཞན་དུ།། གལ་ཏེ་སེམས་ནི་འཕོ་མི་བྱ།། ངེས་པར་ཀུན་ཏུ་བརྟན་པ་སྟེ།། བྱུང ་ཆུབ་ཆེན་པོ་རབ་སྦྱིན་བྱེད།། དེས་ན་ལ་ལར་གནས་པ་དང་།། གང་དུ་མངོན་ཞེན་འགྱུར་བ་མེད།། བདེ་བ་ཡོངས་སུ་འགྱུར་བའི་ཚུལ།། འབྲས་བུ་ཅི་ཞིག་ཐོབ་འགྱུར་བར།། དེ་ཡི་ཆེན་ཅིས་མི་འདོད།། བརྟན་དང་གཡོ་བའི་དངོས ་འདི་མེད།། འོན་ཀྱང་སྣང་བ་ཙམ་མཚན་ཉིད་།། གལ་ཏེ་ཁྱད་འཕགས་བསྒོམ་པ་འདི།། གོམས་པའི་སྟོབས་ལས་ཁྱད་འཕགས་བདེ།། ཡད་བདེ་ལ་སོགས་ལས་བསྐྱེད་ནས།། བླ་མེད་འབྲས་བུ་ཐོབ་པ་ལ།། སྒྱུ་ཡི་དངོས ་པོ་སྒྲུབ་པའི་ཚེ།། བཅོམ་ལྡན་ལྷ་མོ་སྐྱོན་ཅིའང་མེད།། དེ་བས་འབད་པ་ཐམས་ཅད་ཀྱིས།། ཀུན་ཏུ་འགྲོ་མ་མཆོད་པར་བྱའོ།། བྱ་དཀའི་སྡོམ་པ་མི་བཟད་པས།། སྡུག་བསྔལ་གྱིས་གདུངས་ལུས་སྐམས་བྱེད་།། སྡུག ་བསྔལ་ལས་སེམས་རྣམ་གཡེང་འགྱུར།། གཡེངས་ལས་དངོས་གྲུབ་གཞན་དུའོ།། ཡིད་ཀྱི་ལུས་ནི་བརྟན་པའི་ཕྱིར།། ཐམས་ཅད་བདེ་ཉིད་བརྟན་པར་འགྱུར།། སྡུག་བསྔལ་ཉིད་ཀྱིས་གཡོ་བར་འགྱུར།། འགོག་པ ་ཡང་ནི་ལྷག་པར་འགྲོ། ལུས་དང་ངག་སེམས་བདེ་གནས་ཉིད།། ཐོབ་ནས་བྱང་ཆུབ་ཐོབ་པར་འགྱུར་ཞེས་སོ།། ང་སོལ་འདུས་པ་ཕྱི་མ་རུ།། མཉམ་པར་མ་བཞག་རྣལ་འབྱོར་གྱིས།། རྟག་པ་ཁོ་ནར་མཉམ་པར་བཞག ་ཐམས་ཅད་སེམས་སུ་གང་སྤྱོད་པ།། ཀུན་ཏུ་སྤྱོད་པར་ཞེས་བསྒྲགས་སོ།། ལྷ་ནི་སྐྱེས་སེམས་ལ་སྐྱེ་བཏགས་ནས།། དེ་ནི་བདེ་ལས་གཡེང་མི་བྱ།། འདི་ལ་རྣམས་གཡེང་ཀུན་རྟོགས་ནས།། དེ་ནི་བདེ་ལ་སླར་ཡང་བསྡུ།། སྒོམ་པ་གོང ་ནས་གོང་དུ་ཡང་།། སེམས་ནི་སོ་སོར་རང་ལ་བསྡུ།། དེ་ལས་ཡོན་ཏན་མཐོང་བའི་ཕྱིར།། ཏིང་འཛིན་ལ་སེམས་དགའ་བྱ།། རྣམ་གཉེར་ཉེས་པ་མཐོང་བའི་ཕྱིར།། དེ་ལ་མི་དགའ་ཞི་བར་བྱ།། བརྣབ་སེམས་ཡིད་མི་བདེ་ལ ་སོགས།། ལངས་པ་དེ་བཞིན་ཞི་བར་བྱ།། དེ་ལ་སེམས་ལ་མངོན་འདུ་བྱེད།། རང་གི་ངང་གིས་འབྱུང་བ་ཐོབ།། དེ་གོམས་པ་ལས་འདུ་མི་བྱེད།། དེ་ནས་དེ་ཡི་ལུས་དང་སེམས།། ཤིན་ཏུ་སྦྱངས་པ་ཕྲ་མོ་ཐོབ།། སླར་ཡང ་དེ་ནི་རྣམ་འཕེལ་བས།། དམ་པའིའོ་ཚེགས་སུ་རྣམས་ཤེས་བྱ།། འཕེལ་བ་རིང་དུ་འགྲོ་བ་ཡིས།། དངོས་བཞིའི་གནས་པ་དེ་ཐོབ་བོ།། ངོ་སྦྱངས་པ་ལས་མངོན་པར་ཤེས།། སེམས་ནི་ལོས་རུང་མཆོག་ཏུ་འགྱུར།། ད་ནི ་འདའ་ས་སྦྱོར་སྒྲུབ་པའི་དོན་དུ་ཚངས་པའི་སྨང་པཱ་ལ་སོགས་པའི་སྔགས་བཛྲད་པཱུར་བྱ་སྟེ། དཔའ་བའི་སྔགས་པ་ཀེ་ཉི་ཤཱ་ནྡྷ་གཉིས་པས་ཚངས་པའི་སྤྱད་པ་བྱིན་གྱིས་བརླབ་པནྡྷ།། མན་དྷ་ནུ ་པཊ། ཞེས་པ་འདིས་བརྒྱ་ཕྱེད་མགོ་བའི་ཕྲེང་བ་རྣམས་སོ།། ཨོཾ་ཧཱུཾ་ཧཱུ~ཾ་ཧྲཱི་ནྡྲ་ཧཱུཾ་ཧཱུཾ་བཱདུཞེས་པས་ཐེ་བིང་གི་རྡོ་རྗེ་བྱིན་གྱིས་བརླབ་པོ།། ཨོཾ་བཛྲ་དྷཱ་ར་ཧཱུ~ཾ་ཧཱུ~ཾ་ཕཊ་ཞེས་པས་མགུལ་རྒྱན་ནོ།། ཨཱ་སརྦྦ་བཱདྡྷཱ་ཌཱ་ཀཱི་ནཱི་ཡེ་དྷཱུ་ཕཊ ་ཞེས་པས་པགས་པའི་གོས་སོ།། ཉེ་བའི་སྙིང་པོས་གསལ་བ་ར་བ་རྒྱན་ནོ།། ཨོཾ་ཧཱཾ་ཧཱཾ་ཧཱ་ཧཾ་ཕཊ་ཞེས་པས་འོག་པག་གོ།། ཕྲེང་བའི་སྔགས་ཀྱིས་ཐོད་པའོ།། ། ཨོཾ་བཛྲ་བཻ་ར་ཙེ་ནཱི་ཡེ་སྭཱ་ཧཱ་ཞེས་པས་མགུ ་པའི་ཕྲེང་བའོ།། ཐོད་པའི་དུམ་བུ་ལ་སོགས་པའི་སྔགས་ཀྱིས་སེན་མོ་དང་སོ་བྱིན་གྱིས་བརླབ་པར་བྱ་སྟེ། གནས་པར་བྱེད་པའི་དུས་ཀྱིས་དང་པོར་རོ།། དེ་བཞིན་དུ་ཁ་ཊྭཱཾ་ག་ལ་ཨོཾ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཞེས་པས་བྱིན་གྱིས་བརླབ ་པར་བྱའོ།། ཨོཾ་བཛྲ་བཱ་རཱ་ཧཱི་ཧུ~ཾ་ཧཱུཾ་ཕཊ་ཞེས་པས་ཅང་ཏིའུའོ།། དེ་ལྟར་གཽ་ཆ་གཉིས་དང་ཞལོ་བཞི་པས་བདག་ཉིད་གོ་བགོས་ནས་གནས་པར་བྱའོ།། ཡང་ན་ཕྱག་རྒྱ་ལྔ་པོ་སྔགས་དང་བྲལ་བ་ཉིད་ཀྱིས་བྱིན་གྱིས་བརླབ ་པར་བྱས་ནས། གོ་ཆ་གསུམ་པོ་བགོས་ཏེ། རྐང་པརྒྱད་པའི་སྔགས་ཀྱིས་བརྒྱན་ཏེ། ངེས་པར་འཇིགས་པ་དང་། གཙོ་བར་བྱེད་པ་དེའི་དོན་དུ་ཀུན་ནས་སྤྱད་པར་བྱའོ།། ཤིང་གི་ཁུ་བ་ལ་མགོན་པོ་རྣམ་པ ་སྟོང་དུ་བཟླས་པས།། གང་ལ་ཐིག་ལེ་བྱས་པ་དེ་ཤིང་དང་འདྲ་བར་འགྱུར་རོ།། གླང་པོ་ཆེ་ལ་སོགས་པའི་རྐང་པའི་རྡུལ་གྱིས་བསྣུན་ན་དེའི་གཟུགས་འཛིན་པར་འགྱུར་རོ།། ལན་གསུམ་བཟླས་པའི་ཆུས་གཏོར་ན་སླར་འཚེ་བར ་འགྱུར་རོ།། སྒྲ་ཇི་བཞིན་པ་མ་ཡིན་པའོ།། སྐྱེ་བ་བདུན་པའི་ཆོ་གའོ།། དེ་ནས་འདི་ལས་བསྒྲུབ་པ་བཤད།། སྒྲུབ་པོ་གང་གིས་འགྲུབ་འགྱུར་བ།། བོང་བུའི་རྣམ་པའི་རྣལ་འབྱེར་བདག། ཡིད་ཀྱི་ཤུགས་ནི་བཟློག་བྱའི་ཕྱིར།། ་ཞེས་པ་ཧེ་རུ་ཀར་བྱེད་པ་གསུངས་པ། བོང་བུའི་རྣམ་པ་ནི། བོང་བུའི་སྒྲུབ་པའོ།། སྡོམས་པའི་ཡིད་ཀྱི་ཤུགས་ཤེས་པ། ཡིད་ཀྱི་ཤུགས་འདོད་པ་ཙེ་ཉིད་ཀྱིས་བྱ་བའི་དངོས་གྲུབ་པོ།། དྲང་བའི་དོན།། བོང་བུའི་རྣམ་པའི་རྣལ ་འབྱོར་བདག་གང་ཡིན་པ་དེ། དེ་བཞིན་ནོ།། དེའི་རང་བཞིན་བརྒྱད་ཅུ་ལྡོག་པའི་ཆེད་དུ་མངོན་པར་རྟོག་པའོ་ཞེས་པ་ངེས་པའི་དོན་ནོ།། བོང་བུ་ཡི་ནི་མཁའ་འགྲོ་མ་རྣམ་པ་ཞལ་ནས་ཁྲག་འཛག་པ་གྲི་གུག་དང་། ཐོ་བ་དང་ཁ་ཊྭཱཾ་ག་དང་། ་རྩེ་གསུམ་ལག་ན་གནས་པའོ།། དཀྱིལ་འཁོར་པ་རྣམས་གསུངས་པ། ཇི་སྐད་གསུངས་པ་བཞིན་དུ་ཀུན་དུ་གནས་པའི་དཔའ་བོ་དང་། དཔའ་མོ་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་། ཞལ་ནས་ཁྲག་འཛགས་པ ་དེ་དག་ཞལ་དམར་པོ་ཕག་མོ་རྡོ་རྗེ་སྡིགས་མཛུབ་དང་། ཀ་པཱ་ལའི་ཕྱག་ཅན་མཁའ་འགྲོ་མ་ལ་སོགས་པ་རྣམས་ལང་ཚོ་རྒྱས་པ། མངོན་སྤྱོད་བླ་མར་གསུངས་པར་རྟོགས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ།། རྟག་ཏུ་བདག ་ཉས་བུང་བུ་ལས། བྱས་ན་རྣལ་འབྱོར་ལྡན་པས་མཐོང་ཞེས་པ་ནི་རྟག་པའི་རྣལ་འབྱོར་གསུངས་ཏེ། གསུངས་པ་ཡང་སངས་རྒྱས་རྣལ་འབྱོར་མ་བྲལ་བས།། རྣལ་འབྱོར་སངས་རྒྱས་བདག་ཉིད་འགྱུར། ་ཞེས་སོ།། ཚེ་བྱུང་བ་དང་། ཚེ་རང་བ་དང་། སྐྱེ་བ་བདུན་པའི་ཕྱུགས་དང་། མི་དང་སེམས་ཅན་གང་དང་གང་ཡིན་པའི་གཟུགས། དེའི་གཟུགས་སུ་སྒོམ་པ་པོར་འགྱུར་རོ།། ཞེས་ཕན་ཡོན་གསུངས་སོ།། སྐྱེ་བ་བདུན་པའི་སྐྱེས་བུ་གྲིབ ་མ་བདུན་པར་དེ་མཐོང་བར་འགྱུར་ཏེ། བསྒོམས་པའི་སྟོབས་ལསོ།། གཞན་རྣམས་ཀྱང་།། སྒྲ་ཇི་བཞིན་པའོ།། དེས་ཤས་གཏོར་མ་སྦྱིན་སྲེག་ནི།། ཐུན་མཚམས་གསུམ་དུ་རྟག་ཏུ་བྱ།། བཟའ་བ་ཡང་ངོ་མཚན་ཕྱེད་ལ། ་འགྲུབ་འགྱུར་འདི་ནི་ཐེ་ཚོམ་མེད་ཅེས་སོ།། དྲི་བཟང་པོའི་ལུས་དེ་རང་ཉིད་ཤི་བ་བསྒྲུབ་པར་བྱ་སྟེ། ན་མཁའ་ལ་འགྲོ་བར་འགྱུར་རོ།། སྒྲ་ཇི་བཞིན་པའོ།། མཁའ་འགྲོ་རྣམས་ལ་ཙཱ་རུ་སྦྱིན།། བདུན་དུ་འཇུག་པར་ཐེ་ཚོམ་མེད ་ཅེས་པ་དེ་རྣམས་ཀྱི་ཆེད་དུཙུ་རུ་དབུལ་བར་བྱ་སྟེ། བདུན་དུ་འཇུག་པ་ནི་བར་ཆད་པས་སྐྱེ་བ་བདུན་དུ་མིར་སྐྱེས་པའོ།། དྲང་བའི་དོན་ནོ།། འབུམ་དྲུག་ལྔ་བཟླས་པར་ཡང་གསུངས་སོ།། སྐྱེ་བ་བདུན་པའི་ཕྱུགས་ཉིད་ཀྱང་།། མཁའ ་སྦྱོང་དངོས་གྲུབ་སྦྱིན་པར་བྱེད།། ཕུང་པོ་ཁམས་ནི་འཁོགས་པ་དང་། ནད་ང་ང་རྒྱལ་བ་སེལ་བར་བྱེད།། འཆི་མེད་ཉིད་ཀྱི་རྗེས་འབྲངས་པ། འཆི་མེད་གྲུབ་པ་སྟེར་བར་བྱེད།། བསད་པསྲེག་པ་ཡི་རྗེས་འབྲང་བ།། སངས་རྒྱས་ཉིད ་ཀྱང་མྱུར་དུ་སྦྱིན།། ཕྱི་རུ་སྐྱེས་པ་ཇི་ལྟར་བཅིངས།། དེ་བཞིན་ཡེ་ཤེས་རོ་ཉིད་ཀྱང་།། ཇི་སྲིད་རྣམ་པར་ཡོངས་རྫོགས་པའི།། ཚེ་ནི་རྒྱ་ཆེན་སྟེར་བར་བྱེད།། ཅེས་པ་ངེས་པའི་དོན་ནོ།། གསང་བའི་རྒྱུད་ནི་ཐམས་ཅད་དུ།། སྔགས་ཀྱི་སྙིང ་པོ་དམ་པ་ནི།། དེ་ཉིད་གང་གིས་ཤེས་པ་ཏེ།། འདིར་ནི་འགྲུབ་འགྱུར་ཐེ་ཚོམ་མེད།། ཅེས་པ་ནི་གསང་བ་ནི་བྱིས་པའི་སྐྱེ་བོ་ལ་སྦ་བར་བྱའོ།། རྒྱུད་རྣམས་ཐམས་ཅད་ནི།། རྒྱུད་རྣམས་དྲུག་པོ་རྣམས་སོ།། སྔགས་ནི་ཡི་གེ་བདུན་པའི་གསང ་སྔགས་སོ།། སྙིང་པོ་ནི་བོང་བུའི་སྒོམ་པའོ།། དེ་ཉིད་ཀྱིས་ནི་ཟུང་འཇུག་གིས་མཚན་ཉིད་ཀྱིས་སོ།། ཤེས་པར་བྱེད་པ་ནི། དཔལ་བླ་མིའི་ཞལ་ལས་སོ།། དེ་འགྲུབ་པར་འགྱུར་ནི་སྒྲ་ཇི་བཞིན་པའོ།། རྟགས་པའི་རྣལ་འབྱོར་རོ།། དེ་ནས་འདི ་ལས་རབ་འཆང་བྱེད།། ཡི་གེ་རེ་རོའི་བརྡར་འགྱུར་བ།། གང་གིས་སྨྲས་པ་ཙམ་གྱིས་ནི།། ཕོ་ཉ་མོ་རྣམས་དབུགས་དབྱུང་བྱེད།། ཅེས་བྱ་བ་ལ་སོགས་པས་བརྡའི་སྐད་གསུངས་པ།། བརྡ་ནི་ལུས་དང་ངག་གི་བཛྲའོ།། སྐལ་དྲན་གྱིས ་ཡོངས་སུ་མི་ཤེས་པའི་ཆེད་དུ།། དམ་ཚིག་ལ་སོགས་པར་རྣལ་འབྱོར་པ་དང་རྣལ་འབྱོར་མ་རྣམས་ཀྱིའོ།། ཌཱ་སྐྱེས་བུར་བཤད།། ཌཱི་བུད་མེད། པཱ་མན་པ། སུ་ཟ་བ། མཱ་མའོ།། ཞེས་པ་ཡང་ངོ་།། ཡོ་ཆུང་མ། བྷི་སྲིང་མོ།། བཱི་གྲོག་མོ།། ་དེ་བཞིན་དུ་ཤྲཱི་ཁྲག། ལུ་བུ་མོ། སི་ཞི་བའི་བཏུང་བ། སེ་བཏུང་བ། པཱི་ཤ་བྷ་བཟའ་བོ་ཡང་ངོ་།། བྷུ་འདུས་པ་ཅན་ཉིད་ཀྱང་ངོ་།། གཱ་འགྲོ་བའོ་ཞེས་བཤད་དོ།། སི་དུར་ཁྲོད་ཀྱང་ངོ་།། བྷཱུ་ཤི་བའོ།། ཌཱི་རྣལ་འབྱོར་མའོ།། གཱ་ལཱ་མའོ།། ་སྟི་གཟུགས་ཅན་མ་ཀུན་མཁའ་འགྲོ་མ། ཧཱ་དེ་བཞིན་དུ་དུམ་སྐྱེས་མའོ།། རྔ་བྱིན་པ་གཉིས་སུ་འགྱུར་རོ།། བྷ་གསོང་པོར་སྨྲ་བ། ཀ་འག་པ་དག་གོ།། སུའི་སྒྲ་ནི་ལེག་པར་འོང་བའི་བྱ་བའོ།། གཞན་མང་པོ་རྣམས ་ཀྱང་མིང་ཡིག་དང་པོ་ལས་ཤེས་པར་བྱ་སྟེ། འཇིག་རྟེན་གསུམ་ན་བརྟན་པ་དང་། གཡོ་བའི་ཆོས་གང་དག་བཤད་པ་དེ་རྣམས་སོ།། ཡང་ཞེས་པ་ནི། དེ་བཞིན་དུ་བླ་མར་ཡང་མའི་ཞེས་པ་འདུས་པའོ།། བྷ་ཞེས་པ་ཟ་བའོ།། བྷྲཱུཾ་ཞེས ་པ་མི་ཟ་བའོ།། སྱ་ཞེས་པ་བཏུང་བྱ་དང་བཏུང་བྱ་མ་ཡ་ནི་པའོ།། ག་ཞེས་པ་བགྲོད་བྱ་དང་བགྲོད་བྱ་མ་ཡིན་པའོ།། ཀླུ་ཞེས་པ་འདོད་བྱའོ།། མིང་གི་དང་པོ་ཞེས་པ་མངོན་བརྗོད་དུ་ཡང་ས་ཞེས་པ་དམ་མའོ།། ར་ཞེས་པ་ཁྱོ་མེད་པའོ།། ་དུ་ཞེས་སྤྱོད་ངན་མའོ།། སུ་ཞེས་པཾ་སྐལ་བཟངས་མོའོ།། ས་ཞེས་པ་དམ་ཚིག་ཅན་མའོ།། ཨ་ཞེས་པ་འོངས་པའོ།། ན་ཞེས་པ་མ་འོངས་པའོ།། ས་ཞེས་པ་སྐྱེས་བུ་དམ་པའོ།། དབང་བསྐུར་བའི་དུས་སུ་དམ་ཚིག་གི་དོན་ལ་ལྷག་པར ་མོས་པ་རྣམས་ལ་སློབ་དཔོན་གྱིས་འདི་དག་སྦྱིན་པར་བྱའོ།། ཞེས་པ་སྒྲ་ཇི་བཞིན་པའོ།། དེ་ནས་སྐད་བཞིན་རབ་བརྗོད་པའི།། བརྡ་ནི་ང་ཡིས་རབ་འཆང་བྱེད།། གང་གིས་སྤྱན་དང་སྲིང་མོས་ཀྱང་།། ཐེ་ཚོམ་མེད་པར་ཤེས་པར་འགྱུར ་ཞེས་པས་བརྡ་གཞན་གསུངས་ཏེ། སྐད་གཞན་ནི་རི་ཁྲོད་པ་དང་། ཀླ་གློ་ལ་སོགས་པའི་སྐད་མཐའ་ཡས་པའི་སྒྲའོ།། ཤེས་ནས་ང་ཡིས་རབ་ཏུ་འཚོད་པར་བྱེད་ནི་བདེན་པའི་ངག་གོ།། པོ་ཏཾ་གཱི་ནི་གསོང་པོར་སྨྲ་བའོ།། པྲ་ཏི ་བོ་ཏཾ་གཱི་ན་གསོང་པོར་སླུ་བའི་ལན་ནོ།། ག་མུ་འགྲོ་བར་ངེས་པར་སྟོར་པ་ཉིད་དོ།། ལུམ་པ་རྣལ་འབྱོར་པ་འོང་ཞེས་པའོ།། གསོང་པོར་སྨྲ་བ་ནི་ཕྱག་འཚལ་བའོ།། ཏཱཾ་གི་སྔོན་མའོ།། པྲ་ཏི་རྟོག་པས་བརྟགས་ནས་སོ།། གམུ ་ཞེས་བརྗོད་པ་ལ་འགྲོའོ་ཞེས་བརྗོད་པར་འགྱུར་རོ།། རྣལ་འབྱོར་མ་རྣམས་ཀྱི་ཡང་ངོ་།། དེ་ཚིག་ལ་སོགས་པར་ངག་གིས་ཀླ་ཀློའི་སྐང་ངོ་།། ཀཱ་ཊ་ཀཾ་ནི་ཟུར་ཅིག་ཅེས་བརྗོད་པའོ།། མ་ར་ཎ་ནི་སྒྲ་ངན་དུ་བཤད་དོ།། ཤི་རོ་ན ་བརྫུན་ནོ།། ཀརྟྟི་ཀ་ནི་དྲིལ་བུའོ།། བཱི་ར་ཎ་སྙིང་ངོ་།། ཀ་ར་ཎ་ནི་ཕག་པའི་ཟ་བར་འགྱུར་རོ།། ཤྲཱ་བ་ཎ་ནི་རྣ་བར་རབ་ཏུ་བསྒྲགས་སོ།། མནྟྲ་ན་ནི་བདུད་རྩིའི་གནས་སོ།། ཨཱ་ལི་ཀཱ་ལི་མཁའ་འགྲོར་བཤད།། ར་ན་ཀ་ནི་དཀྱིལ ་འཁོར་བརྗོད།། ཨ་ནུ་ཀཾ་ནི་དུར་ཁྲོད་བཤད།། ཀ་ཁི་ལ་ནི་སྒོ་ཞེས་བརྗོད་པའི།། ཤྭ་ས་ནཾ་ནཱི་པྲཾ་ཟེར་བཤད།། པ་རི་ཌྷོ་ནི་རྒྱལ་རིགས་སོ།། པ་ར་ཏི་ནི་རྗེ་རིགས་སོ།། ཀུ་ར་ནི་དམངས་རིགས་སོ།། ཨན་ཏསྠ་ཉིད་གཏུམ་པོའོ།། ་པཱུ་ཤུ་ལི་ཀ་ཁྱིམ་དུ་བཤད།། བྷཱ་གི་ནཱི་མཁའ་འགྲོ་མ་རབ་བརྗོད།། དེ་བཞིན་མེད་ཀ་ནི་ཆུ། གྲི་ཧི་ཎཱི་ཕྱག་རྒྱས་འདེབས་པའོ།། ལྕེས་སོ་ལ་རེག་པ་ནི་རྟོགས་པའོ།། རེག་པ་ནི་ཟོས་སོ་ཞེས་པའོ།། ཏྲིཥྚི་དྲྀ་ཡིས་བསྒོས་པའོ།། ་ཀ་རི་ཎ་ནི་མེ་ཏོག་གོ། ཧཱ་སྱོ་ནི་ལྟ་བ་འབྱང་བར་བཤང་ངོ་།། དནྟ་ན་ཆེར་འགོག་པ་ཞེས་བཤོད་དོ།། ཏྲིཔྟ་ཞུ་བ་ཞེས་བརྗོད་པར་བྱའོ།། དེ་ཅི་གྲོང་ཁྱེར་ཞེས་བརྗོད།། དྷུརྨུ་ཕྱི་རོལ་ཞེས་བཤད་དོ།། དྷུ་མ་ཐི་ཡ་ནི ་སྤྱན་ནོ།། ས་རུ་ནི་རོའོ།། ས་རྀ་ཏ་ནི་འབབ་ཏུ། ཨ་ད་ནཱི་ནཱ་སའོ།། བ་ཀཱ་རྒྱལ་མཚན་ན།། ཚན་དོ་ནི་འཕྲེང་བའོ།། ཎཱཎྜཾ་ནི་བྱུགས་སོ།། ས་སཾ་ནི་བཞི་མདོར་རབ་ཏུ་བརྗོད་པ་ཝུ་ཥ་ནི་སྐྱེ་བོར་བརྗོད།། ས་མ། ་ཡཾ་ནི་ར་ཆེན་ཤེས་པར་བྱ།། མ་ཧཱ་གཱ་རཾ་བདུན་དུ་འཇུགས་པ་ཕྱུགས་ཆེན་པོའོ།། གང་ལ་སོགས་པ་ཡི་གེ་རེ་རེའི་མིང་གོས་སོ།། ཧྲཱི་ནི་ངོ་ཆེ་བྱེད་པ་རྣམས་ཞེས་པ་འཁྲིག་པ་སྨྲས་པར་འགྱུར་རོ།། ཧཱ་རྣམ་གྲངས་སོ་ཞེས་པ ་ཡུལ་ཁ་ཅིག་ཏུའོ།། ཧཾ་རྣམ་གྲངས་ཤེས་པར་བཤད་ཅེས་པ་ཡུལ་ཁ་ཅིག་ཏུའོ།། བོད་དང་ཏི་ནུ་དང་། ཀརྞྞ་ཊ་ལ་སོགས་པརོ།། དེ་བཞིན་དུ་ཡང་གསུངས་པ། ཀཎྛ་ཊ་རུ་ཀཪྵའི་སྒྲས་རྡོ་དང་རྐང་པ་བརྗོད་པ་ཡིན། ་ལ་ལར་འོན་པ་རབ་ཏུ་བརྗོད།། དེ་བཞིན་རྒྱུད་དུ་བསྟན་པ་རྣམས་ཤེས་པ་སྒྲ་ཇི་བཞིན་པའོ།། འཛག་རྟེན་དང་འཇིགས་ལས་འདས་པའི་བསྟན་བཙས་སུ་རབ་ཏུ་གླགས་པའི་རང་གི་བརྡ་དང་། ཀླ་ཀློའི་སྐད་དོ།། དེ་ནས ་གཞན་ཡང་རབ་ཏུ་བཤད།། ཇི་ལྟར་མཁའ་འགྲོ་མ་མཚན་ཉིད།། གང་གིས་རྣམ་པར་ཤེས་ཙམ་གྱིས།། སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་རོ།། ཞེས་པ་ནི་ལས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཆེན་པོ་ནི། ལས་ཀྱི་ཕྱག ་རྒྱ་དང་ལྷན་ཅིག་པའི་དངོས་གྲུབ་ཆེན་པ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་དུ་ཡང་། རང་རིག་མཱ་མ་ཀཱི་ཕྱུང་སྟེ། པདྨ་རྡོ་རྗེ་ཅན་བཅུག་ནས།། དེས་ནི་དངོས་གྲུབ་ཐབས་ཅིག་འགྱུར།། ཕྱག་རྒྱ་ཆེན་པོ་ཞེས་བསྒྲག་སོ།། ་ཕྱག་རྒྱ་ཆེ་ལ་རྣམ་རོལ་ཏེ།། དགོངས་པ་མངོན་སུམ་ཉིད་དུ་གྱུར།། ཐམས་ཅད་རིག་ཅིང་ངེས་རྣམས་གྲོལ།། སྐྱེ་བ་འདི་ཉིད་ལ་འགྲུབ་འགྱུར་ཞེས་སོ།། པདྨའི་འདབ་ལྟར་དཀྱུས་རིང་མིག། དཀར་མོ་གོས་དཀར་ལ་དགའ་བ།། ཙན ་དན་སར་པའི་དྲི་དང་ལྡན།། བརྟག་ཏུ་བདེ་གཤེགས་འདུས་ལ་དགའ།། རྣམ་པར་སྣང་མཛད་རིགས་ལས་སྐྱེས།། དེ་རིགས་རུས་སྐྱེས་ཤེས་པར་བྱ།། བུད་མེད་བཙོ་མའི་གསར་དང་འདྲ།། རྟག་ཏུ་དམར་སེར་གོས་ལ་དགའ།། ཛཱ་ཏི་ཙམ་པ་ཀ་དྲི་ལྡན ་དེ་ཡང་རིན་ཆེན་རིགས་ལས་བྱུང་།། བུད་མེད་གང་ཞིག་ཁ་དོག་དམར།། དམར་པའི་གིས་ནི་རྗེས་སུ་འཆང་།། མ་ལི་ཀ་དང་ཆུ་སྐྱེས་དྲི།། དེ་འོད་དཔག་མེད་རིགས་ཅན་བཤད།། གང་ཞིག་ཨུཏྤལ་ལྟར་སྔོ་བསངས།། རྟག་ཏུ་སྔོན་པོའི་གོས ་ལ་དགའ།། བུད་མེད་ཨུཏྤལ་སྔོན་པོའི་དྲི།། དེ་ཡང་དོན་ཡོད་རིགས་ལས་བྱུང་།། བུད་མེད་གང་ཞིག་ཁ་དོག་ནག། ནགེ་དོང་སྟོན་པའི་གོས་ལ་དགའ།། ལྟེ་བ་ཀེ་ཏ་ཀ་ཡི་དྲི།། དེ་ནི་མི་སྐྱོད་རིགས་ལས་འབྱུང་།། ལྟེ་བ་ཞེས་པ་གླ་རྩིའོ།། ་དཔལ་བཟང་པོ་ཡི་རིགས་སུ་གསལ་ཞེས་སོ།། དམར་ཞིང་དཀར་བའི་བུད་མེད་གང་།། དམར་ཞིང་དཀར་བའི་གོས་ལ་དགའ།། རྟག་ཏུ་ག་པུར་དྲི་དང་ལྡན།། དེ་ཡང་རྡོད་སེམས་རིགས་ལས་བྱུང་།། རྣལ་འབྱོར་མ་ཡི་རིགས་དག་ནི།། ་དྲུག་པོ་འདི་དག་ངས་བཤད་དོ།། ཞེས་པ་ནི་བྲམ་ཟེ་མོ་དང་། གར་མཁན་མོ་དང་། གཏུམ་མེ་དང་། རྗེ་རིགས་མོ་དང་། དམངས་རིགས་མོ་དང་།། གཡུང་མོ་ཞེས་པ་དྲུག་གོ། སྤྱན་མ་དང་། དཀར་མོ་དང་། ཤེས་རབ་ཀྱི་ཕ་རོལ ་ཏུ་ཕྱིན་མ་དང་། མཱ་མ་ཀཽ་དང་། སྒྲོལ་མ་དང་། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། འདི་རྣམས་ཀྱི་དྲི་ཡང་། ལུས་དང་བྷ་ག་ལ་ཡང་རྟག་ཏུ་འགྱུར་ཏེ། ཞེས་ཇི་སྐད་གསུངས་པའོ།། སྒྲ་ཇི་བཞིན་པའོ།། གཡོན་པའི་ཀུན ་སྤྱོད་ལ་རྟག་དགའི།། རིགས་ཀྱི་རིག་པའི་ཡི་གེ་ཟློས།། རང་གི་ཕྱག་རྒྱའི་འཆིང་བ་དང་།། རང་རིགས་ལས་བྱུང་ཚིག་རྣམས་སྨྲ་ཞེས་པ་ནི་གཡོན་མ་ནི་བུད་མེད་དོ།། རིགས་ཀྱི་རིག་པའི་ཡི་གེ་ནི་རྣམ་པར་སྣང་མཇེད་ལ་སོགས་པའི་སྔགས་སོ།། ་རོང་གི་ཕྱག་རྒྱ་ནི་རིགས་གང་ཡིན་པ་སོ་སོའི་འཆིང་བ་དེའི་རིགས་ཀྱི་ཕྱག་རྒྱའོ།། ཚིག་རྣམས་ནི་ཚིག་གོ། གཡོན་པས་འགྲོ་བའི་བུད་མེད་གང་ནི། བུད་མེད་རྣམས་སོ།། རྣལ་འབྱོར་མ་རྣམས་རྟག་ཏུ་སྐད་ཆེན་པོ་རབ་ཏུ་སྨྲ་བ་དང་། གཡོན ་པའི་ལྟ་བས་ཀུན་ཏུ་བལྟ་བའོ།། བུད་མེད་ནི་མི་མོ་རྣམས་ལ་གསོལ་བ་འདེབས་པར་བྱེད་པ་དང་། རིགས་ཀྱི་ས་བོན་རབ་ཏུ་སྨྲ་བ་རིགས་ཀྱི་བྱ་བའི་དོར་བ་ཉིད་ཀྱིས། རང་གི་བསྟེན་བཅོས་སུ་གསུངས་པ། མི་འདོར་ཞིང་རང་གི་རིགས ་ཀྱི་རིག་པ་ཟློས།། ད་ནི་དམ་ཚིག་ལྡན་པར་བརྗོད།། ཕྱག་འཚལ་བ་ནི་གང་འཆིང་བ།། གཡོན་པའི་ཡན་ལག་རྟག་ཏུ་འདུད།། བུད་མེད་རྣམས་དང་ཀུན་སྨྲ་བྱེད།། དེ་ཉིད་དམ་པའི་དངོས་པོར་འགྲོ།། ཞེས་པ་ནི་ལྷན་ཅིག་སྤྱོད་པའི་སྤྱད་པའོ ་ས་ཉིད་ལས་ལྷན་ཅིག་སྤྱོད་པ་གསུངས་པ། དམ་པའི་དངོས་པོ་ནི་རང་གི་ངོ་བོའོ།། འགྲོ་བ་ནི་སྟོན་པར་བྱེད་པའོ།། དམ་ཚིག་ཅན་དེའི་མཐེ་བོས་སོ་ལ་རི་མོ་འདྲི་བ་ནི།། རྐང་པ་དང་ལག་པ་གཡོན་པས་སོ།། མགོ་བོ་འཕྲུག ་པར་བྱེད་པ་དང་། དེ་བཞིན་རང་དྷན་མྦྷའོ།། མ་བྱུ་བ་འ་མགས་ཀཱང་ག་དང་།། སྣ་དག་དྷཱ་ནས་མྦྷ་སྟོན།། ཟང་གྱིས་པནྡྷ་གང་ལན་ཅིག་སྔགས།། རྣས་གང་གབླངས་པར་བལྟ།། དམ་པའ་དངས་འགྲ་རྣལ་འགྱུར་མ།། གང ་ཡང་དམ་ཚིག་ཅན་རྣལ་འབྱོར་ཞེས་སོ།། ས་ལ་རི་མོ་འདྲི་བ་ཉིད་ནི་བླ་མ་དང་སྐྱེ་བོ་བདག་གི་རང་གི་རྗེས་སུ་ཆགས་པ་གསལ་བར་བྱེད་པའོ།། མགོ་བོ་འཕྲུག་པར་བྱེད་པས་རང་ཉིད་གཞན་དབང་དུ་འགྱུར་བར་སྨྲ་བར་བྱེད་དོ།། ་སྣ་དག་ལ་སོར་མོ་སྟོན་ཞེས་པ་འདིས་བདག་བསྲུངས་པས་ཁྱོད་ཀྱི་མ་ལྟ་བུར་རྗེས་ཆགས་པས་འཇིགས་པར་བྱེད་དོ།། ཟུར་གྱིས་བལྟ་བས་ནི། འོང་བའི་ཡན་ལག་བལྟ་བ་དེ་ལྟ་བར་བྱེད་དོ།། སྒྲ་ཇི་བཞིན་པོའོ།། ཆགས་པའི ་སེམས་སོ།། རྙེད་དཀའ་མཁའ་འགྲོ་མ་རྣམས་དང་།། དེ་བཞིན་ཁོ་ན་མ་རྣམས་ཀྱང་།། བདུད་རྩི་ལྔ་རྣམས་དམ་པའི་དངོས།། རང་གི་མཚན་ས་བརྗོད་བྱ་ཞེས་པ་ནི།། གཟུགས་ཡོངས་སུ་བསྒྱུར་བའི་མཚན་མ་དང་ཕྱག་རྒྱ ་གཟུངས་ཏེ། བདུད་རྩི་ལྔ་ནི་རིགས་ལྔ་སྟེ་དགོངས་པའོ།། གཟུགས་ཅན་མ་དང་འོ་བྱེད་མ།། ལཱ་མ་ཡོངས་གྱུར་བྱིས་བཅས་མ།། མི་ལྡོག་འདི་པ་མེ་ལྷ་མོ།། མཁའ་འགྲོ་མ་ནི་རྣམ་བདུན་བཤད་ཅེས་པ་མདོར་བསྟན་པའོ།། ་བྲམ་ཟེ་དང་། གཏུམ་པོ་དང་། གར་མཁན་དང་། ཆོས་མཁན་དང་། གཡུང་པོ་དང་། རྒྱལ་རིགས་དང་། དམང་རིགས་ཏེ། དེ་དག་གིས་རིགས་ལས་ཡང་དག་པར་བླང་བ་འདི་དག་ཀྱང་བདུན་ནོ།། གང་ཞིག་སྤྲིན་མ་འདེགས ་བྱུང་ཅིང་། མངོན་པར་ཞེན་པས་བལྟ་བ་དང་།། སྔོན་གྱིས་གཟུགས་ནི་སྤྱད་བྱེད་ཅིང་།། ཕྱི་ནས་འཇིགས་པར་བྱེད་པ་ཉིད།། དེ་ནི་གཟུགས་ཅན་མར་ཤེས་བྱ།། དཔའ་བོ་གཉིས་མེད་བསྟན་པའོ།། ཞེས་པ ་རྒྱས་པར་བཤད་པའི།། གསུངས་པ་ཡང་། དེ་ཡིས་གང་བྱིན་པའི་དམ་ཚིག་གི་རྫས་དེ་བཟའ་བར་བྱའོ།། ཇི་སྐྱེད་དུ་ལན་བདུན་བཟླས་ལ་དབང་དུ་བྱས་ཏེ། དེ་ནས་མཁའ་འགྲོ་ལ་སྤྱོད་པ་ཉིད་དོ་ཞེས་སོ།། སྔོན་ནི་དང་པོ་པའི ་གཟུགས་སོ།། འཇིག་པ་ནི་ཡོངས་སུ་བསྒྱུར་བའི་གཟུགསོ་རང་གི་གཟུགས་ཀྱིས་གནས་པར་བྱེད་ཞེས་པའི་དོན་ནོ།། འདོད་པ་འམ་གལ་ཏེ་མི་འདོད་རུང་།། བྱིས་པ་འཁྱུད་ཅིང་འོ་བྱེད་པ།། དེ་ནི་འོ་བྱེད་མར་ཤེས་བྱ།། མཁའ་འགྲོ ་སྡིག་པ་འཇོམས་བྱེད་མའོ།། ཟུར་བལྟ་གདོང་ལ་ཁྲོ་གཉེར་ཅན།། རྡོ་རྗེ་སྨན་བསྒྱུར་སྡིགས་མཛུབ་དང་། དབུགས་འབྱིན་འཇིགས་པར་བྱེད་གང་ཡིན།། དེ་ནི་ལམར་རྣམ་ངོས་བསྟན།། འཇིགས་པར་བྱེད་པོ་ནི།། ཧཱུཾ་ཡིག། ་ལ་སོགས་པའི་བདག་ཉིད་དང་ཆགས་པའི་བདག་ཉིད་དོ།། ཕག་དང་རི་བོང་ཅན་བྱི་ལ།། ཅེ་སྤྱང་ར་དང་རྟ་སོགས་ཀྱིས།། གཟུགས་ཀྱིས་ཀུན་ཏུ་སྐྲག་ཅིང་འཇིགས།། དེ་ནི་ཡོངས་འགྱུར་མ་ཞེས་བཤད་ཅེས་སོ།། བག་ནི་ཕག ་གོ་བྱི་ལ་ནི་བྱི་དགྲའོ།། ར་ནི་རའོ།། སྒྲ་ཇི་བཞིན་པའོ།། གང་ཞིག་ཀུན་དུ་དགའ་བས་དགོད།། སོང་ནས་སླར་ཡང་མི་བཟློག་པ།། རྗེས་སུ་ཆགས་པས་གསལ་བར་དགོད།། དེས་ནི་བྱིས་བཅས་མར་ཤེས་བྱ།། ་རྗེས་སུ་ཆགས་པ་ནི་རབ་དང་བའི་བཞིན་ནོ་སྒྲ་ཇི་བཞིན་པའོ།། ཡིད་ནི་སྐྱོ་བས་ལག་པས་སམ།། བོང་བས་སམ་ནི་རྐང་པ་ཡིས།། གོམ་སམ་ཤིང་གིས་རེག་པ་དང་།། དེ་ཡིས་རེག་པས་འཚོ་མི་འགྱུར།། དེ་ནི་མི་ལྡོག་མར ་ཤེས་བྱ།། བསྒྲུབ་བྱ་མིན་པར་ཡོངས་སུ་བསྒྲགས་ཞེས་སོ།། ཚོན་ཆ་ལ་སོགས་པས་རེག་པ་དང་།། ལག་པ་ལ་སོགས་པས་སྨྲས་པ་ནི་མི་འཚེ་བར་ཐེ་ཚམ་མེད་པའོ།། དེའི་ཕྱིར་རང་བཞིན་རྗེས་སུ་ཆགས་པར་བྱའོ།། ཞེས་རྟོགས ་པར་བྱའོ།། ཁྲུས་སེམ། ཟ་བ་དང་བཏུང་འགྲོ་བ་དང་། ཁྲོས་པའི་ལྟ་བས་ཀུན་ཏུ་བལྟ་བར་བྱེད་པ་ནི། རྣམ་པར་འགྱུར་བ་སྟོན་པར་བྱེད་པའོ།། ཕྱི་ནས་མཁའ་འགྲོ་མ་སྟེ་འདི་དཔའ་མོར་བཤད་ཅེས་པའོ།། ཕྱི་ན་ནི།། དེས་མཐོང་བ ་དང་། བཟའ་བ་ལ་སོགས་པ་ཟོས་པར་གྱུར་པ་ལའོ།། སྒྲ་ཇི་བཞིན་པའོ།། མཁའ་འགྲོ་རྣམས་ཀྱི་ལག་པར་ཕྱག་རྒྱ་འམ། ཁྱིམ་དུ་གནས་པས་མཚོན་པར་བྱེད་པ་ནི།། ཐོད་པ་སྒྲ་སྟེ་མཆེ་བ་དང་། འཁོར་ལོ་ཉིད་དང་རྒྱལ་མཚན ་མཉམ། རྡོ་རྗེ་དང་ནི་རས་ཀྱི་གྲགས།། བདུན་པོ་རིགས་ཀྱི་ཕྱག་རྒྱར་གྲགས།། ཁྱིམ་དུ་ནི་རྣམས་མཆོད་པར་བྱེད།། རིགས་ཀྱི་རིག་པ་ཟློས་པར་བྱེད་ཅེས་པ་ལ་ཁྱིམ་དུ་ནི་ཆོས་འབྱུང་དུའོ།། རིགས་ཀྱི་རིགས་ནི་རིགས ་སོ་སོར་བཅིངས་པ་གང་ཡིན་པ་དེའི་རིགས་ཀྱི་ལྷ་ཉིད་སྒོམ་པར་བྱེད་པ་ཡང་ངོ་།། དགོངས་པའོ།། མཁའ་འགྲོ་མའི་མཚན་ཉིད་དོ།། །། དེ་ནས་གཞན་ཡང་མཁའ་འགྲོ་མའི།། མཚན་ཉིད་ཇི་བཞིན ་རབ་འཆང་བྱེད།། མཁའ་མགྲོའི་དམ་ཚིག་ལ་གནས་པ།། སྒྲུབ་པོ་གང་གིས་ཤེས་པར་བྱེད་ཅེས་པ་ནི་དཔལ་ཧེ་རུ་ཀཱའི་རིགས་ཀྱི་མཁའ་འགྲོ་མའི་ཁ་དོག་གིས་མཚན་ཉིད་དང་མཚན་མ་གསུངས་པ། སྒྲུབ་པ་ས ་ནིཿཧེ་རུ་ཀའི་དམ་ཚིག་ལ་གནས་པའི་དམ་ཚིག་ཅན་རྣམས་སོ།། སྒྲ་ཇི་བཞིན་པ་འོ།། བུད་མེད་གང་ཡང་ཁ་དོག་དུ་མར།། པདྨའི་དྲི་ནི་རྣམ་པར་གཏོང་།། ཁྱིམ་དུ་པདྨར་བྲི་བར་ཡང་། པདྨ་གར་དབང་རིགས་བྱུང་ཡིན་པདྨ་གར ་དབང་ནི་འོད་དཔག་མེད་དེ། དགོངས་པའོ།། རང་གི་ཁྱིམ་དུ་དཔལ་རྡོ་རྗེ།། བྲིས་པ་རྟག་ཏུ་མཆོད་བྱེད་གང་།། ལུས་ནི་གནག་དང་སྔོ་བསངས་མ།། དེ་ནི་རྡོ་རྗེའི་རིགས་འབྱུང་ཡིན།། གང་གིས་དཔྲལ་བ་འམ་ལག་པར་ནི།། འཁོར ་ལོ་ཡང་ནི་རབ་སྣང་བ།། སེར་ཞིང་སྐལ་བཟངས་ཕུན་སུམ་ཚོགས།། རྟག་ཏུ་མཆོག་ཏུ་ཆེས་ལགས་པ།། རང་ཁྱིམ་འཁོར་ལོ་བྲིས་པ་ནི།། ཐུན་མཚམས་བཞི་རུ་མཆོད་པར་བྱེད།། རྣམ་པར་སྣང་མཛད་རིགས་ལས་སྐྱེས།། ་མཁའ་འགྲོ་མ་ཡི་སྟོབས་ཀྱི་དྲེགས་ཤེས་པ་ནི། འཁོར་ལོ་ནི་གསེར་ལས་གཞན་གྱིས་གནས་པའོ།། ལེགས་པ་ཅན་ནི་བག་མར་བཏང་བ་གཡོ་བ་གསལ་བའོ།། སྔོ་གསངས་སོ་མཐོ་མ་རུངས་པ། གཡོ་ཞིང ་མང་དུ་མི་སྨྲ་མོ།། རང་ཁྱིམ་རལ་གྲི་མཆོད་བྱེད་པ།། དོན་ཡོད་གྲུབ་པའི་རིགས་བྱུང་བའོ།། སེར་ཞིང་གསེར་དུ་སྣང་བ་དང་།། མིག་མི་གཡོ་ཞིང་ཁ་སྤུ་སེར།། རིན་ཆེན་དཔྲལ་བར་སྣང་བའམ།། ལག་པར ་ཡང་རུང་ཁྱིམ་དུའང་རུང་།། རྟག་ཏུ་རྒྱུལ་སྲིད་གནས་པ་གང་།། བསྙེམས་ཤིང་བདེན་པར་སྨྲ་བ་དང་།། མ་ལི་ཙམྦ་ཀ་དྲི་ཡང་།། དེ་ནི་རིན་ཆེན་རིགས་ལས་བྱུང་ཞེས་སོ།། འམ་གྱི་སྒྲ་ནི་དཀར་པོ་དང་བ་ལང་ཚེ་དང་ལྡན་པ་དང ་རྒྱལ་བ་དང་།། མྱ་རྒྱལ་བ་དང་ལྡན་པ་ནི་གོ་སྨྲའོ།། མདོག་ནག་མ་རུང་ཤུ་ལ་དགའ།། རྟག་ཏུ་མ་རུངས་ལས་ལ་དགའ།། རྩེ་གསུམ་འམ་ནི་ཐོད་པའང་རུང་།། དཔྲལ་བ་འམ་ལག་པ་ལག་པ་ཁྱིམ་དུའང་རུང་།། བྲིས་པ་རྟག་ཏུ ་མཆོད་བྱེད་པ།། དེ་ནི་འཇིགས་བྱེད་རིགས་ལས་བྱུང་ཞེས་ཏེ། འཇིགས་བྱེད་ནི་རྒྱལ་རིགས་སོ།། ཞེས་གྲུབ་ཐོབ་ལ་བའི་ན་བཟའ་ཅན་གྱི་ཞབས་སོ།། སྤྲིན་གྱིས་ཁ་དོག་དང་འདྲ་ཞིང་།། སོ་ནི་མི་མཉམ་པར་གནས་པ།། རྟག་ཏུ་མ ་རུངས་ལས་ལ་དགའ།། གཡོན་གྱི་མཆེ་བ་གཙིགས་པ་གང་།། རྟག་ཏུ་དགྲ་སྟ་མཆོད་བྱེད་པ།། རྣམ་པར་འདྲེན་པའི་རིགས་ལས་བྱུང་ཞེས་པ།། རྣམ་པར་འདྲེན་པ་ནི་སྒྲུབ་ཐབས་ཀྱི་ཆོ་ག་ལ་ཡང་དམངས་རིགས་སོ།། ཞེས་སོ།། ་སྒྲ་ཇི་བཞིན་པའོ།། གཟུགས་ཡོངས་སུ་བསྒྱུར་བའི་མཚན་མའོ།། ། དེ་ནས་འདི་ལས་ལཱ་མ་ཡི།། མཚན་ཉིད་ཇི་བཞིན་རབ་འཆང་བྱེད།། གང་གིས་རྣམ་པར་ཤེས་ཙམ་གྱིས།། སྒྲུབ་པོས་དངོས་གྲུབ་ཐོབ ་འགྱུར་བའོ།། ཞེས་བྱ་བ་ལ་སོགས་པས་ཕྱག་རྒྱ་རྒྱས་པར་བཤད་པ་གསུངས་ཏེ། ལཱ་མ་རྣམས་ནི་ཡིད་འཕྲོག་མ་རྣམས་སོ།། དངོས་གྲུབ་ནི་རྣམ་པ་ཐམས་ཅད་ཤེས་པ་ཉིད་དང་། ལམ་ཤེས་པ་ཉིད་དང་། རྣམ་པ་ཐམས་ཅད་མངོན ་པར་རྫོགས་པར་བྱང་ཆུབ་པའི་མཚན་ཉིད་ཕྱག་རྒྱ་ཆེན་པོ་མཆོག་གི་དོན་རབ་ཏུ་སྒྲུབ་པ་པོ་གསལ་ལོ།། གང་གི་ནཱ་ཆུང་ཀུན་མཐོང་བ།། གདོང་པ་ཡོངས་སུ་ཟླུམ་པ་དང་།། ཁ་ལ་སླར་ཅན་ཉིད་དང་།། སྤུ་དང་སྨིན ་མ་རིང་བ་དང་།། གོས་བཟང་བཅང་ལ་ཞི་བ་དང་། མི་གཡོ་བདེན་པར་སྨྲ་བ་དང་།། རྟག་ཏུ་དམ་པའི་ཆོས་ལ་དགའ།། པདྨའི་དྲི་ནི་རྣམ་པར་གཏོང་།། དེ་ནི་བཅུ་པའི་ཚིགས་མཚམས་ལ།། ཁྱིམ་དུ་པདྨ་བྲིས་པ་ཡང་།། པདྨ་ལས་བྱུང་ལཱ་མི ་ཡི་མཚན་ཉིད་གྱུར་པ་འདི་དག་ཡིན།། པདྨའི་ཕྱག་རྒྱ་སྦྱིན་པར་བྱ།། ཡང་ན་རུས་སྦལ་ཕྱག་རྒྱ་ཡང་།། པགས་དང་རི་བ་སྤྱི་ལུགས་ཉིད།། ཕྱག་རྒྱའི་ལམ་དུ་བརྗོད་པར་བྱ།། པདྨའི་ཕྱག་རྒྱ་ནི་ལེག་པ་གཉིས་ཀ་དག་གི་སོར་མོ ་ཐམས་ཅད་བསྐུམ་སྟེ་པདྨ་ཁ་འབུས་པའི་རྣམ་པར་འགྱུར།། རུས་སྦལ་གྱི་ཕྱག་རྒྱ་ནི་གཡོན་པའི་སྟེང་དུ་ལག་པ་གཡས་པས་པགས་པའི་ཕྱག་རྒྱ་ནི་གླང་པོ་ཆེའི་པགས་པ་འཛིན་པ་ཉིད་དོ།། རིལ་བ་སྤྱི་ལུགས་ཀྱི་ཕྱག་རྒྱ་ནི་དེ་བཞིན ་དུ་གསལ་ལོ།། མཆུན་གློ་ཞིང་མིག་དཀྱུས་རིང་།། མིག་ནི་དམར་ཞིང་སེར་སྐྱ་སྟེ།། ཕྱུག་ཅིང་སྐལ་བཟངས་དཔལ་ཡོན་ཅན།། དཀར་ཞིང་ཙམྦ་ཀི་ཡི་དྲི།། རིང་དང་རིང་མིན་ལག་ཉིད་དང་། རྣམ་པ་སྣ་ཚོགས་གོས་ལ་དགའ།། དཔྲལ ་བར་རི་མོ་གསུམ་པ་ཉིད།། མཚམས་ནི་གྱེན་དུ་བསྟན་པ་ཉིད།། དགོད་ཅིང་དགའ་བ་ཉིད་དག་དང་།། ལམ་ནི་རྣམ་པར་གནོན་ཅིང་གནས།། གཡུལ་དུ་ཤི་བ་རྣམས་ཀྱི་ནི།། གཏམ་ལ་རྟག་ཏུ་ཤིན་ཏུ་དགའ།། དེ་ཡི་བཅུ ་བཞི་དང་བརྒྱད་པ།། དེ་ཡིས་དུས་ཚིགས་ཡིན་པར་བཤད།། ཁྱིམ་དུ་རྩེ་གསུམ་བྲིས་པ་ལ།། རྟག་ཏུ་དེ་ནི་མཆོད་པར་བྱེད།། འཇིག་རྟེན་དབང་ཕྱུག་ལཱ་མ་ཡི།། མཚན་ཉིད་གྱུར་པ་འདི་དག་གོ། འདི་འདྲིའི་རབ་མྱོས་མ་མཐོང ་ནས།། མདུང་གི་ཕྱག་རྒྱ་རབ་བསྟན་བྱ།། རྐང་པ་གཡོན་པ་བསྐུམ་བྱས་ནས།། གར་ནི་དེ་ལ་རབ་བསྟན་བྱ།། གཡོན་པས་ཡོངས་སུ་བསྐོར་བ་ཡང་།། ཕྱག་རྒྱའི་ལན་ནི་ཡིན་པར་བཤད།། མཐེ་ཆུང་མཐེ་བོས་མནོན་ནུས་སོར་མོ ་གསུམ་པ་རྣམས་ཀྱང་བ་ལས་རྩེ་གསུམ་གྱི་ཕྱག་རྒྱའོ།། ག་རེ་ནི་གཽཡས་རྐྱང་དུ་གསལ་ལོ།། གང་གིས་མཁུར་བ་མཁུར་ཆོས་ལ།། ཁུང་བུར་སྣང་བ་གནས་པ་དང་།། རྟག་ཏུ་སྦྱར་ཞིང་སྡེར་ལ་གཙང་།། མིག་ནི་ལྗང་དང ་སྡེར་སྐྱ་དང་།། གང་གི་དཔྲལ་བ་འམ་ལག་པ་ལ།། རི་མོ་གཅིག་པ་སྣང་བ་དང་།། མགྲིན་རིང་སྐྲ་ནི་འཁྱིལ་པ་དང་།། རྟག་ཏུ་གོས་དམར་ལ་དགའ་བ།། དགོད་ཅིང་ཀླུ་ནི་ལེན་པ་ཡང་།། བློ་བུར་ཉིད་དུ་རབ་ཁྲོ་བྱེད།། སེམས་ནི་གཡོ ་ཞིང་ཁྱད་པར་དུ།། འཐབ་མོ་ལ་ཡང་ཞེན་པ་སྟེ།། ད་ནི་ཉ་ཡི་དུས་ཚིགས་སུ།། ཁྱིམ་དུ་དྲིལ་བུ་བྲིས་པོ་ཡང་།། ཤེས་རབ་ཕ་རོལ་ཕྱིན་བྱུང་བའི།། ལ་མིའི་མཚན་ཉིད་ཡིན་པར་བཤད།། འདི་འདྲའི་རབ་མྱོས་མཐོང་ནས་ནི།། ་དྲིལ་བུའི་ཕྱག་རྒྱ་རབ་བསྟན་བྱ།། གཉིས་པ་མདུང་ཐུང་ཕྱག་རྒྱ་ཡང་།། སྒྲུབ་པོ་ཤིན་ཏུ་མཉམ་གཞག་པས།། གཡོན་ནས་ཡོངས་སུ་བསྐོར་བ་ཡིས།། ཕྱག་རྒྱའི་ལན་ནི་ཡིན་པར་བཤད།། དྲིལ་བུ་དཀྲོལ་པའི་སྦྱོར ་བ་ཡང་། ལག་པ་གཡོན་པས་རབ་བསྟན་བྱ་ཞེས་སོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བ་ནི་གཏུམ་པོའི་རིགས་སོ།། མདུང་ཐུང་གི་ཕྱག་རྒྱ་ནི་ལག་པ་གཉིས་ཁ་སྦྱར་ལ།། སྡིགས་མཛུབ་གཉིས ་བསྐུམ་སྟེ། གུང་མོའི་ཚིགས་གསུམ་པའི་གློར་བཞག་ནས། དེ་བཞིན་དུ་མཐེ་བོ་གཉིས་ཚིགས་པར་མར་བཞག་པ་ལས་སོ།། སྒྲ་ཇི་བཞིན་པས་སོ།། གང་ཞིག་ཐུང་ཞིང་བྱིན་པ་སྦོམ།། ཛཱ་ག་ཏུ་སེར་པོའི་གོས་ལ་དགའ། ་དེ་ནི་བཅུ་བཞིའི་དུས་ཚིགས་ལ།། ཁྱིམ་དུ་རིན་ཆེན་བྲིས་པ་ཡང་།། འདི་འདྲིའི་རབ་མྱོས་མཐོང་ནས་ནི།། རིན་ཆེན་ཕྱག་རྒྱ་རབ་བསྟན་བྱ།། གཉིས་པ་དུང་གི་ཕྱག་རྒྱ་ཡང་།། རབ་ཏུ་འབད་པས་སྦྱིན་པར་བྱ།། གཡོན་ནས་ཡོངས་སུ ་བསྐོར་བ་ཡི།། ཕྱག་རྒྱའི་ལན་ནི་ཡིན་པར་བཤང།། རིན་དབང་ལས་བྱུང་ལཱ་མ་ཡི།། མཚན་ཉིད་གྱུར་པ་འདི་དག་ཡིན།། དུང་གི་ཕྱག་རྒྱ་ནི་ལག་པ་གཡས་པ་བཀན་ལ་མིཐེ་བོང་ནང་དུ་བཅུག་པའི་ཁུ་ཚུར་ལ་སྡིགས་མཛུབ ་རབ་ཏུ་བརྐྱང་བར་བྱེ་བ་ལ་སོ།། ལུས་ཀུན་ལ་ནི་བ་སྤུ་ཡོད།། མིག་ནི་ནེག་ཅིང་སེར་སྐྱ་དང་།། སྦོམ་ཞིང་རྣམ་འགྱུར་མི་བཟད་པ།། ག་སུས་པ་གློ་ཞིང་སྣ་ནི་ཉམས།། གང་ཞིག་གནག་ཅིང་མིག་ཟླུམ་པ།། རྟག་ཏུ་གླུ་དང ་གར་ལ་དགའ། དེ་ཡིས་བཅུ་གཅིག་ཚིགས་མཚམས་ལ།། ཁྱིམ་དུ་མཆེ་བ་བྲིས་པ་ཡང་།། འདི་འདྲའི་རབ་མྱོས་མཐོང་ནས་ནི།། ཀླུ་ཡི་ཕྱག་རྒྱ་རབ་བསྟན་བྱ།། སྒྲུབ་པོ་དངོས་གྲུབ་བརྩོན་པ་ཡིས།། གཉིས་པ་མདུང ་ཕྱག་རྒྱ་ཉིད།། གཡོན་ནས་ཡོངས་སུ་བསྐོར་བ་ཡིས།། ཕྱག་རྒྱའི་ལན་ནི་ཡིན་པར་བཤད།། ཀླུ་དབང་རིགས་ཀྱི་ལཱ་མ་ཡི།། མཚན་ཉིད་འདི་འདྲར་འགྱུར་བ་ཡིན་ཞེས་སོ།། ཀླུའི་དབང་པོ་ནི་ནམཁའ་ལྡིང་ངོ་།། དེ་ཡི་བདག ་པོ་ནི་དོན་ཡོད་དེ་དགོངས་པའོ།། ལག་པ་གཡོན་པའི་སྟེང་དུ་གཡས་པའི་ཁུ་ཚུར་བཞག་ལ། ལག་པོའི་མཐེ་བོང་དང་མཐེ་ཆུང་བརྐྱང་ནས་སོར་མོ་གསུམ་གདེངས་ཀའི་རྣམ་པ་ནི།། མིག་སྨན་གྱི་ཀླུའི་ཕྱག་རྒྱའོ ་ཞེས་པ་སྒྲ་ཇི་བཞིན་པའོ།། དེ་ནས་འདི་ལས་ལག་གཡོན་གྱི།། བརྡ་གཞན་རབ་ཏུ་འཆད་པར་བྱེད།། གང་གིས་སྤུན་ནམ་སྲིང་མོར་ཡང་།། ཡང་དག་པར་ནི་རྣམ་ཤེས་བྱེད་ཅེས་བྱ་བ་ལྔ་སོགས་པས་བརྡ་གསུངས་སོ།། གསོང ་བོར་སྨྲ་ཞེས་བརྗོད་པ་ཡིན་ནི།། ལག་པ་གཡོན་པས་གསོང་པོར་སྨྲ་བ་ལས་སོ།། མིང་མེད་སྟོན་པ་ཉིད་ལས་ནི།། གསང་པོར་སྨྲ་བའི་ལན་དུ་བརྗོད་།། གང་ཞིག་ལྟོ་བ་རྡེ་བས་པ་ནི།། བཀྲེས་པ་རེ་རབ་ཏུ་གསལ་བར ་བྱེད།། གང་ཞིག་དཔྲལ་བ་སྟོན་པ་ནི།། དེ་ཉིད་གང་འོངས་ཞེས་པ་འདྲི།། ཁར་ནི་སོར་མོ་རབ་འཇུག་པ།། ཁྱོད་ཀྱི་ཟོས་པ་རབ་གསལ་བྱེད།། གང་ཞིག་ལྕེ་ནི་སྤྱོད་པར་བྱེད།། བཟའ་བར་བྱ་ཞེས་རབ་གསལ་བྱེད།། ་གང་ཞིག་པུས་མོ་ལ་རེག་པ།། ངལ་སོ་ཞེས་ནི་བརྗོད་པ་ཡིན།། གང་ཞིག་སོར་མོའི་རྩེ་རེག་པ།། ངལ་ནི་སོས་པར་རབ་གསལ་བྱེད།། གང་ཞིག་སོ་ནི་འཚོའ་བྱེད་པ།། ཁྱོད་ཀྱི་ཤ་ནི་བཟའ་བྱའོ།། གང་ཞིག ་ཁྲོ་གཉེར་སྟོན་བྱེད་པ།། བཅིངས་སོ་ཞེས་ནི་བརྗོད་པ་ཡིན།། གང་ཞིག་མཁའ་ལྡིང་སྟོན་བྱེད་པ།། སྒྲུབ་པོ་བདག་གིས་གྲོལ་བའོ།། ལག་པར་ལག་པས་བརྡེབས་པ་ནི།། གཏོར་མ་བཟའ་ཞེས ་བརྗོད་པ་ཡིན། ལགས་པ་གཡས་པ་སྟེན་བྱེད་པ།། དེ་ལྟར་གྱིས་ཞེས་རབ་ཏུ་བརྗོད་།། གང་ཞིག་རྣ་བ་ལ་རེག་པ།། བདག་ནི་ངལ་གསོ་གནས་པར་བྱ།། གང་ཞིག་སེན་མེས་སེན་མོ་རེག། ཤི་བ་དུར་ཁྲོད་དུ་ཁྱེར་ཅིག། གང་ཞིག ་ས་ལ་རྣམ་པར་འབྲི།། དཀྱིལ་འཁོར་དུ་ནི་རབ་འཇུག་བྱེད།། གང་ཞག་ཀོས་ཀཽ་ལ་རེག་པ།། བདེ་བས་ཉལ་བར་བྱེད་དོ་ཞེས། ཞེས་པས་འཕོངས་ནི་བཤང་ལམ་སྟེ་གསལ་ལོ།། ། དེ་ནས་གཞན་པ་ཕྱག ་རྒྱལ། ཕྱག་རྒྱའི་ལན་ནི་རབ་འཆད་བྱེད།། གང་གི་རྣམ་པོར་ཤེས་ཙམ་གྱིས།། ཕོ་ཉ་མོ་རྣམས་དབུགས་དབྱུང་འགྱུར།། གང་ཞིག་ཁུ་ཚུར་སྟོན་བྱེད་པ།། དེ་ལ་ལག་པ་རབ་བསྟན་བྱ།། གང་ཞིག་སྒྲ་ཡང་སྟོན་བྱེད་པ།། རྟོག ་ཏུ་ཁ་ཊྭཱཾ་གོ་བསྟོན་བྱ།། གང་ཞིག་ཡོན་ལག་རྣམ་པར་བསྐྱོད།། དེ་ལ་ཆེ་བ་རབ་བསྟན་བྱ།། ཞེས་སོ།། བུད་མེད་གང་ཞིག་སྤྱི་གཙུག་སྟོན་བྱེད་པ། དེ་ལ་མགོ་བོ་རབ་བསྟན་བྱ།། གོང་ཞིག་དཔྲལ་བ་སྟོན་བྱེད་པ།། དེ་ལ ་མཁུར་ཆོས་རབ་སྟན་བྱ།། གང་ཞིག་སོ་རྣམས་སྟོན་བྱེད་པ།། དེ་ལ་ལྕེ་ནི་རབ་བསྟེན་བྱ།། གང་ཞིག་མཆུན་སྟོན་བྱེད་པ།། དེ་ལ་ཀོ་སྐོ་ར་བོ་བསྟན་བྱ།། གང་ཞིག་མགྲིན་པར་ཀུན་ནས་རེག། དེ་ལ་ལྟོ་བ་རབ་བསྟན་བྱ།། ་གང་ཞིག་ལག་པ་སྟོན་བྱེད་པ།། དེ་ལ་དཔུང་བ་རབ་བསྟན་བྱ།། གང་ཞིག་ལྷག་པ་སྟོན་བྱེད་པ།། དེ་ལ་རྒྱུ་བ་ནི་རབ་བསྟན་བྱ།། གང་ཞིག་ནུ་མ་སྟོན་པ་བྱེད་པ།། དེ་ལ་འོ་ནི་རབ་སྟན་བྱ།། གང་ཞིག་ལྟོ་བ་སྟོན་བྱེད་པ།། དེ་ལ་ལྟུ ་བ.རབ་བསྟན་བྱ།། གང་ཞིག་གསང་བ་སྟོན་བྱེད་པ།། དྲི་ལ་རྟགས་ནི་རབ་བསྟན་བྱ།། གང་ཞིག་བརླ་ནི་སྟོན་བྱེད་པ།། དེ་ལ་འཕོངས་ནི་བསྟན་པར་བྱ།། གང་ཞིག་པུས་མོ་སྟོན་བྱེད་པ།། དེ་ལ་བྱིན་པར་རབ་བསྟན་བྱ།། གང་ཞིག ་རྐང་པ་སྟོན་བྱེད་པ།། དེ་ལ་རང་གི་རྐང་མཐིལ་ལོ།། གང་ཞིག་སོར་མོ་སྟོན་བྱེད་པ།། དེ་ལ་སེན་མོ་རབ་བསྟན་བྱ།། གང་ཞིག་ས་ནི་སྟོན་བྱེད་པ།། དེ་ལ་ན་མཁའ་རབ་བསྟན་བྱ།། གང་ཞིག་ན་མཁའ་སྟོན་བྱེད་པ།། དེ་ལོ་ཉི་མ་རབ་བསྟན ་བྱ།། གང་ཞིག་ཆུ་ཀླུང་སྟོན་བྱེད་པ།། དེ་ལ་རྒྱ་མཚོ་བསྟན་པར་བྱ།། གང་ཞིག་གུང་མོ་སྟོན་བྱེད་པ།། དེ་ལ་སྔགས་མཛུབ་རབ་བསྟན་བྱ།། གང་ཞིག་མིང་མེད་སྟོན་བྱེད་པ།། དེ་ལ་ལྕེ་ནི་རབ་བསྟན་བྱ།། གང་ཞིག་བནྟི་ས་སྟོན་པ།། ་དེ་ལ་མདུང་ནི་རབ་བསྟོན་བྱ།། གང་ཞིག་མགོ་བོ་རབ་སྟོན་བྱེད།། དེ་ལ་མཚམས་ནི་རབ་བསྟན་བྱ།། གང་ཞིག་ངོས་ནི་སྟོན་བྱེད་པ།། དེ་ལ་མཁ་ནི་རབ་བསྟན་བྱ།། གང་ཞིག་ཁྲོ་གཉེར་སྟོན་མཛད་པ།། དེ་ལ་གཙུག་པུད་རབ་བསྟེན་བྱ། ་གང་ཞིག་སོ་ནི་སྟོན་བྱེད་པ།། དེ་ལ་མཆུ་ནི་རབ་བསྟན་བྱ།། གང་ཞིག་མགྲིན་པ་སྟོན་བྱེད་པ།། དེ་ལ་ཁ་ནི་རབ་བསྟན་བྱ།། གང་ཞིག་དཔྲལ་བ་སྟོན་བྱེད་པ།། དེ་ལ་མིག་ནི་རབ་བསྟན་བྱ།། སོར་མོ་གཅིག་ནི་རབ་སྟོན་བྱེད།། སྔགས ་པས་ལེགས་པར་འོངས་སམ་བརྗོད།། གཉིས་ཀྱིས་ལེགས་པར་འོངས་བརྗོད་འགྱུར།། མཐེ་བོང་བཙིར་ལས་དགེ་བའོ།། སྡིགས་མཛུབ་མཐེ་བོང་སྦྱོར་བ་ཡིས།། མིག་གི་ཕྱག་རྒྱར་རབ་ཏུ་གྲགས།། དེ་ལྟར་ཕྱག ་རྒྱ་སོ་སོ་ནི།། རབ་ཏུ་འབད་པས་བསྟན་པར་བྱ།། ཇི་སྲིད་འཚོ་བར་རྣལ་འབྱོར་མ།། དབང་དུ་འགྱུར་བར་ཐེ་ཚོམ་མེད།། ཞེས་པ་ནི་ལག་པ་གཡས་པའོ།། འོ་ནི་ཀོསྐོའོ།། ཆུ་ཀླུང་ནི་སོར་མོ་ཀྱོག་པོའི་རྣམས་པས་ན་མཁའ་ལ་རི་མོ་བྲིས་པ ་ལས་སོ།། རྒྱ་མཚོ་ནི་དུག་ཅན་པས་ཏེ།། དེ་བཞིན་དུ་ལག་པ་གཉིས་ཀྱི་རི་མོ་ལས་སོ།། ལྕེ་ན་ནི་མཐེ་ཆུང་ངོ་།། མཚམས་བསྟན་པར་བྱ་ཞེས་པ་ནི་སྡིགས་མཛུབ་དང་མཐེ་བོའི་སྦྱོར་བས་སོ།། གསུངས་པ་ཡང་། སྡིགས་མཛུབ་དང་མཐེ་བོའི ་སེ་གོལ་སྒྲོག་པར་བྱེད་པ་ནི།། འདིར་སྔགས་པ་གཙོ་ཉིད་དུ་ངེས་པའོ་ཞེས་སོ།། ཕྱག་རྒྱ་གང་ཡིན་བདེ་ལ་ཀུན་དུ་སྨྲ་བ་བཞི་པོ་འདི་དོག་གོ་ཞེས་སོ།། རང་གི་སྐལ་པ་ཉིད་ཡོངས་སུ་ཤེས་པའི་དོན་དུ་ཕྱག་རྒྱའི་ལན་བསྟན་པར་བྱའོ།། ་འགའ་ཞིག་དང་རྩོད་པ་མངོན་པར་འདོད་པས་ནི་མ་ཡིན་ཏེ། གང་ནུས་པ་མེད་པས་རྣལ་འབྱོར་མ་ཞིང་སྐྱེས་གྲུབ་པ་རྣམས་ཁྲོས་པ་དེ་ལས་རྩོད་པའི་དུས་སུ་ལག་པ་གཡོན་པ་སྙིང་གར་བཞག་སྟེ་ཕྱག་བྱའོ།། རྒྱུད་གཞན་དུ་ཡང་། ་རྣལ་འབྱོར་པ་རྣམས་ཇི་སྲིད་ཏིང་ངེ་འཛིན་དང་མངོན་པར་ཤེས་པ་མ་སྐྱེས་པ་དེ་སྲིད་དུ། འཇིག་རྟེན་པ་དང་རྩོད་པའི་དོན་དུ་ཕྱག་རྒྱའི་ལན་བསྟན་པར་མི་བྱའོ།། ཞེས་སོ།། ཀཱམྦོ་ཛཱི་ཀཱི་ཆེད་དུ་བརྡའོ།། །། དེ་ནས་གཞན ་ཡང་མཁའ་འགྲོ་མའི།། མཚན་ཉིད་ཇི་བཞིན་རབ་འཆད་བྱེད།། སྒྲུབ་པོ་གང་གིས་མཁའ་འགྲོ་མ།། འདི་ནི་རིང་ཡང་ཤེས་པར་བྱ།། རྗེས་སུ་ཆགས་པའི་མཚན་གསལ་བར་གསུངས་པ།། དམ་ཚིག་ཅན་གང་རྗེས་ཆགས་པ།། ་དཔའ་བོའི་ལོངས་སྤྱོད་ས་བཞི་ཡིན།། གཞི་ནི་ས་གཞིར་བྱས་ནས་སུ།། རྣལ་འབྱོར་པ་ཡི་སྡོམ་པ་མཆོད།། ཅེས་པ་ནི་རྗེས་སུ་ཆགས་པ་ནི་ཁོལ་མོ་བཞིན་དུ་དབང་གྱུར་ཅིང་།། མ་བཞིན་དུ་ཕན་པར་འདོད་པ།། སྲིང་མོ་བཞིན་དུ ་མཉེས་པཤིན་པ་ཞེས་བརྗོད་པ་ནི་དམ་ཚིག་ཅན་དུ་ལུང་ཉིད་ལས་སོ།། བུད་མེད་ཀྱི་རྟགས་ལེ་སླར་ཡང་རྟགས་ཉིད་དོ།། གང་གིས་ན་རྣལ་འབྱོར་པ་ཡིའོ།། དཔའ་བོ་ཞེས་པ་ནི་ལུང་ལས་གང་གི་ཚེ་ངེས་པར་རྣམ་པར་ཟ་བ ་ནི་དཔའ་བོ། དེའི་ལོངས་སྤྱད་བྱ་ནི་དབྱིག་འཛིན་ཏེ། དབྱིག་ནི་རིན་པོ་ཆེ། འཛིན་པར་བྱེད་དོ་སྟེ་བྱས་ནས་སོ།། གཞི་ནི་གནས་ཏེ་ས་བཞིའོ།། དེ་ལས་གནས་སུ་བྱས་ནས།། ཡང་དག་པ་ཡང་དག་པའི་རྣམ་པས་བསྒོམ་པར ་བྱའོ།། རང་གི་སེམས་ལ་གནས་པའི་རྣལ་འབྱོར་དང་ལྡན་པ་རྣལ་འབྱོར་རོ།། སྡོམ་པ་ནི་དྲི་མོ་མེད་པའི་འོད་དུ་ཡང་།། ལྷན་ཅིག་སྐྱེས་པའི་སྐུ་གསུང་ཐུགས།། ཡེ་ཤེས་གཅིག་སྦྱོར་སྡོམ་པ་དང་། ཞེས་སོ།། སྤྲོས་པ་མེད་པའི་དབྱིག ་གཉེན་ཞབས་ཀྱིས་ཀྱང་གསུངས་པ། དེ་ཉིད་ཟག་པ་མེད་པའི་དབྱིངས།། བསམ་གྱིས་མི་ཁྱབ་དགེ་དང་བརྟེན།། བདེ་བ་རྣམ་གྲོལ་སྐུ་འདི་ནི།། ཐུབ་པ་ཆེན་པོའི་ཆོས་ཞེས་བཤད་ཅེས་སོ།། རྡོ་རྗེ་གུར་དུ་ལོང་།། འགྲོ་གཉིས ་དངོས་པོ་མཐོང་ནས།། ཤེས་རབ་ཐབས་ཀྱི་དདག་ཉིད་དེ།། ཤིན་ཏུ་ཁ་སྦྱོར་རྣལ་འབྱོར་གྱིས།། མ་མ་ཀཱི་མེད་མི་བསྐྱོད་མེད།། དགོངས་པའོ།། ལྕགས་བཟློག་པ་ཡི་བལྟ་བ་དང་།། བཞིན་ནི་རྣམ་པར་འགྱུར་བ་ཉིད།། ་གདོང་ནི་རྟག་པར་སྨིན་མ་གཡོ།། མཁའ་འགྲོ་རྣམས་སུ་ཐེ་ཚོམ་མེད་ཅེས་པ་མཁའ་འགྲོ་མ་ཐམས་ཅད་རྗེས་སུ་ཆགས་པ་གསུངས་ཏེ། ལུགས་བཟློག་པས་ནི། གཡོན་པའི་ཡན་ལག་གིས་བལྟ་བ་དང་རྣམ་པར་འགྱུར་བའོ།། བདུད ་རྩི་དང་བཅས་པ་ཞུ་བར་ལྡན་པ་ཞེས་པ་དཔའ་མོ་ལྷའོ།། རྟག་པ་ནི་རབ་ཏུ་དང་བའོ།། འདོད་པའི་བསྟན་བཅོས་སུ་ཡང་།། བཞིན་ནི་རང་དང་མིག་ཀྱང་དྲི་མ་མེད།། གཏམ་ནི་རྒྱུན་ཆགས་སྙན་པར་ཡང་སྨྲ་ཞིང་།། ཡང་དང་ཡང་དུ་ངེས་པར ་བལྟ་བ་ཡང་།། སྐེ་བོ་དངོས་ལ་རྗེས་ཆགས་མཚན་མའོ།། ཞེས་སོ།། སྒྲ་ཇི་བཞིན་པའོ།། རྣམ་འགྱུར་སྐོར་བ་ཞེས་བྱས་ཏེ། རི་མོ་གསུམ་པ་ཡོངས་སུ་ཟླུམ།། གློ་བུར་དུ་ནི་ཟློག་པར་བྱེད།། འགྲོ་ཞིང་གདོང་ནི་འཇིགས་པ་ཉིད།། ཅེས་པ ་མོ་གསུམ་ནི་དབུས་མའོ།། རྣམ་འགྱུར་བསྐོར་བ་མཛེས་པ་སྟེ།། ཡོངས་སུ་ཟླུམ་པའི་རྣམ་པས་སོ།། ཡང་ན་ཡོངས་སུ་ཟླུམ་པ་ཉིད་ནི་འབྲུའི་རྣམ་པ་སྟེ། དུ་མ་གཉིས་པོ་སྟོན་པར་བྱང་ངོ་།། བློ་བུར་དུ་ཟློག་པར་བྱེད་པ་ནི་བྱ་བ་བྲལ ་བས་སོ།། གདོང་འཇིག་པ་ཉིད་ཀྱང་བརྗོད་པའི་ཚིག་རྣམ་པར་གཏིང་ནས་གཞན་ཉིད་སྨྲ་བར་བྱེད་དོ།། སྒྲ་ཇི་བཞིན་པའོ།། དེ་རྣམས་ཀྱིས་ཁྱིམ་དུ་རང་རང་གི་མཚན་མ་རྡོ་རྗེའི་རྣམ་པ་མེ་ལོང་དང་བཅས་པ་དང་། འཁོར་ལོ་དང་། རིན ་པོ་ཆེ་དང་། ཆུ་སྐྱེས་དང་། རལ་གྲི་དང་། བདེ་བར་གཤེགས་པ་རྣམས་ཀྱི་མེ་ལོང་དང་བཅས་པ་ཞེས་པའོ།། རང་གི་མཚན་མ་ནི་རིག་ཀྱི་མཚན་མའོ།། དེ་བྲིས་པ་ནི་མེ་ལོང་སྟེ།། མེ་ལོང་གནས་པ་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིའོ།། སྒྲ་ཇི ་བཞིན་པའོ།། ནམ་མཁའ་ལ་སྐྱེས་པ་གང་ཡིན་པ་རྣམས་ཀྱི་རྒྱལ་མཚན་དང་། མདུང་ཐུང་ཁ་སྦྱོར་རོ།། དགྲ་སྟ་དང་། མདུང་རྩེ་གསུམ་ཡང་དག་པར་ལྡན་པ་དེ་མ་མོའི་རིགས་ལས་སྐྱེས་པ་རྣམ་ཀྱིར་ཤེས་པར་བྱའོ།། འདིར་སྔ་མ་ཕྱོད ་ཀྱིས་རྣལ་འབྱོར་མ་རྣམས་རྟོགས་ལ། ཕྱི་མ་ཕྱེད་ཀྱིས་མ་མོ་བདུན་པོའི་གཟུགས་སོ།། རྒྱལ་མཚན་དང་མཐུང་ཐུང་ཁ་སྦྱར་ནི་རྡོ་རྗེ་པདྨ་སྦྱོར་བའོ།། མཁའ་ལ་འགྲོ་བ་ནི། མེ་ལོང་རྣམས་ལས་ཏེ། དེ་བཞིན་དུ་དགྲ་སྟ་དང་ཡང་དག ་པར་ལྡན་པའི་མེ་ལོང་ངོ་།། སྒྲ་ཇི་བཞིན་པའོ།། དེ་ནས་འདི་ལས་གསང་མཆོད་ཀྱི།། གོ་ཆའི་རིམ་པ་བར་འཆུང་བྱེད།། གང་གིས་རྣམ་པར་ཤེས་ཙམ་གྱིས།། རྣལ་འབྱོར་པ་རྣམས་དངོས་གྲུབ་འགྱུར།། ཞེས་རང་བྱིན་གྱིས ་བརླབས་པ་གསུངས་ཏེ། རང་བྱིན་བརླབ་པའི་གོ་འཕང་དགའ།། སངས་རྒྱས་མུ་སྟེགས་ཅན་ལ་གསང་།། འདི་ནི་གསལ་བར་བྱ་མ་ནི་གསང་།། ཞེས་བླ་མར་རོ།། ལུགས་འབྱུང་ལུགས་ལས་བཟློག་པ་ཡི།། ཕོ་ཉ་རྣམས་ནི་ཡང ་དག་གནས།། རྟག་ཏུ་འོག་སྟེང་དངོས་གྲུབ་སྟེར།། བདག་དང་ཕོ་ཉ་མོ་ཀུན་ནས།། ལྷ་མོ་མཐོང་དང་རེག་པས་ཀྱང་།། ཕོ་ཉ་མི་དེ་དངོས་གྲུབ་སྟེར།། གང་ཞིག་ཉིན་མཚན་དུ་བསྟེན་པ།། དེ་ནི་འགྲུབ་འགྱུར་ཐེ་ཚོམ་མེད།། ཅེས་པས ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒྲུབ་ཐབས་གསུངས་སོ།། ཕོ་ཉ་མོ་རྣམས་ནི་ནུ་མ་དང་སྐུར་ལྡན་པ།། ཞི་བ་ལ་སོགས་པའི་མངོན་པར་དབང་བསྐུར་བ། དངོས་གྲུབ་སྦྱིན་པ་ནི་འཇིག་རྟེན ་པའི་གཟུགས་ཡོངས་སུ་བསྒྱུར་བ་གསུམ་སྦྱིན་པའོ།། བདག་དང་པོ་ཉ་མོ་ནི་མངོན་པར་དབང་བསྐུར་བ། དེ་ཁོ་ན་ཉིད་ཤེས་པ་ཉིད་ཀྱིས་ལས་ཀྱི་ཕྱག་རྒྱ་ཕོ་ཉ་མོ་ངེས་པར་འཇོམས་པའོ།། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག ་རྒྱ་ཆེན་པོའི་རྒྱུར་གྱུར་པའི་ཡེ་ཤེས་ཞེས་བཤད་པའི་དངོས་གྲུབ་སྟེར་བ་དང་། ཕྱག་རྒྱ་ཆེན་མོ་དང་དམ་ཚིག་གི་ཕྱག་རྒྱའི་རྒྱུར་གྱུར་པ་སྟོན་ཁའི་ནོ་མཁའ་དང་མཚུངས་པའི་ལྷ་མོ་གསུམ་པོ་རྣམས་ཀྱི་སྐུ་རྣམས་ཀྱིས ་རྩེ་བར་བྱེད་པ་དམ་ཚིག་གི་ཕྱག་རྒྱ་བསྒོམ་པར་བྱ་ཞིང་ཤེས་པར་བྱའོ།། ཉིན་དང་མཚན་མོར་ནི་ཤེས་རབ་དང་། ཐབས་དཔལ་བླ་མའི་ཞལ་ལས་སོ།། འགྲུབ་འགྱུར་ནི་སངས་རྒྱས་ཉིད་དུ་ཉེ་བར་འགྲོ་བའི།། ཕ་རོལ ་ཏུ་ཕྱིན་པའི་ཚུལ་དུ་ཡང་། དངོས་མེད་དངོས་ཀྱང་མེད་པའདྲ་།། དེས་ཀྱང་སངས་རྒྱས་ཉིད་དུ་བརྗོད་ཅེས་སོ།། སྒྲ་ཇི་བཞིན་པའོ།། རིགས་སུམ་ཅུ་རྩ་དྲུག་གི་ཕོ་ཉི་མོ་གང་ཡིན་པ་དེ་རྣམས་འོ་བྱེད་པ་དང་། འཁྱུད་པས ་རབ་ཏུ་འབད་པས་བསྒྲུབ་པར་བྱའོ།། རྣལ་འབྱོར་གནས་ཀྱི་ཁྱད་པར་ལས། ཞེས་པ་ནི་རིགས་སུམ་ཅུ་རྩ་དྲུག་པོ་རྣམས་ཀྱི་རིགས་ལྡན་མ་ནི་སུམ་ཅུ་རྩ་བདུན་པའོ།། དེ་བཞིན་དུ་རྩ་བའི་རྒྱུད་དུ་ཡང་། འདིར་རྡོ་རྗེ་ཕག་མོ ་ནི་རིགས་ལྡན་མའོ།། རིགས་མེད་མ་ནི་གཡུང་མོའོ།། མཁའ་འགྲོ་མ་ནི། དམངས་རིགས་མའོ།། ལཱ་མ་ནི་རྒྱལ་རིགས་མའོ།། དུམ་སྐྱེས་མཱ་ནཱི་རྗེ་རིགས་མའོ།། གཟུགས་ཅན་མཱ་ནཱི་བྲམ་ཟའོ།། བྱ་རོག་གདོང་མ་ནི་ཀླ་ཀྐོ ་མྱའོ།། འགྲོ་གདོང་མ་ནི་ཕྱག་བདར་མཁྱེན་མའོ།། ཁྱི་གདོང་མ་ནི་གདོལ་པ་མོའོ།། ཕག་གདོང་མ་ནི་སྟག་གཟིགས་མའོ།། གཤིན་རྗེ་བསྲོག་མ་ནི་ར~ཾ་ཥ་ནན་ནི་རྫོབ་ཉ་མོ་ནི་སྤོས་མོའོ།། གཤིན་རྗེ་འཇོམས་མ་ནི ་སྨྱོན་ཐབས་མའོ།། རབ་ཏུ་གཏུམ་མོ་ནི་མདའ་མཁའ་མའོ།། གཏུམ་མིག་མ་ནི་ཆང་འཚོང་མའོ།། འོད་ལྡན་མ་ནི་ཕྲེང་མཁན་མའོ།། སྣ་ཆེན་མན་གསེར་མགར་མཁན་མའོ།། དཔའ་བོའི་བློ་གྲོས་མ་ནི་ཁྲོན་པ་མཁན ་མའོ།། མིའུ་ཐ་མཱ་ནི་འོད་མའི་གར་མཁན་མའོ།། ལང་ཀཱའི་དབང་ཕྱུག་མ་ནི་འཁར་བ་མཁན་མའོ།། ཤིང་གྲིབ་མེ་ན་ནོར་བུ་མཁན་མའོ།། ས་སྲུངས་མ་ལྕགས་མཁན་མའོ།། འཇིགས་བྱེད་མ་ནི་རྒྱ་སྐྱིགས་མཁན་མའོ།། ་རླུང་ཤུགས་མ་ནི་སྲིན་བལ་མཁན་མའོ།། ཆང་འཐུང་མ་ནི་ཏིལ་མར་མཁན་མའོ།། སྟོ་བསངས་ལྷ་མོ་ནི་འབྲེག་མཁྱེན་མའོ།། ཤིན་ཏུ་བཟང་མོ་ནི་ཀཽ་ལྤགས་མཁན་མའོ།། རྟ་རྣ་མ་ནི་ཤིང་མཁན་མོའོ།། བྱ་གདོང་མ་ནི ་གླིང་བུ་མཁན་མའོ།། འཁོར་ལོའི་ཤུགས་མ་ནི་ཤན་པ་མའོ།། དུམ་སྐྱེས་མ་ནི་མཁུར་མཁན་མའོ།། ཆང་འཚོང་མ་ནི་ཚིམ་བུ་མའོ།། འཁོར་ལོ་རིག་ཆ་མ་ནི་གར་མཁན་མའོ།། ཤིན་ཏུ་དཔའ་མོ་ནི་བཙོ་བླག་མཁན ་མའོ།། སྟོབས་ཆེན་མ་ནི་ཉ་པ་མའོ།། འཁོར་ལོ་སྒྱུར་མ་ནི་རྒྱུ་མཁན་མའོ།། བརྩོན་འགྲུས་ཆེན་མོ་སྨད་འཚོང་མའོ།། ཞེས་སོ།། འདི་རྣམས་ཀྱི་ཁྱིམ་ཡང་གནས་ལྔ་སོགས་པའི་མིང་དུ་རིགས་པར་བྱའོ།། དེའི་ཕྱིར ་གྲོང་ཁྱེར་ཆེན་པོ་གཅིག་ཉིད་ནའང་གནས་ཏེ། དེ་རྣམས་མཆོད་པར་བྱའོ།། དེའི་ཕྱིར་ཡང་དེ་དོན་དུ་གཉེར་བ་པོས་ཡུལ་སྦྱོར་བར་མི་བྱའོ།། མངོན་བརྗོད་དུ་ཡོང་། ཉི་ཤུ་རྩ་བཞིའི་དབྱེ་བ་ཡིས།། གནས་གང་འདི་ན་ཁོ་ནར ་གནས།། དེ་ཕྱིར་སྐོར་བ་དེ་ཉིད་ཀྱིས།། སྐྱོ་བའི་བྱ་བ་དོན་མི་གཉེར།། གལ་ཏེ་དེ་ཉིད་དམན་གྱུར་ན།། དེ་རྣམས་བསྐོར་བས་ཅི་ཞིག་བྱ།། ཙཱི་སྟེ་དེ་ཉིད་ལྡན་གྱུར་ན།། དེ་རྣམས་སྐོར་བས་ཅི་ཞིག་བྱ།། ཞེས་སོ།། འོ་དང་འཁྱུད་པས་ཞེས ་བ་ནི། བླ་མར་ཡང་དེ་བཞིན་འོ་དང་འཁྱུད་པ་ཡིས།། རྣམ་པ་སྣ་ཚོགས་དགའ་བ་རྣམས།། བྷ་གར་ལིང་ཀ་རབ་སྦྱོར་བས།། རྣམ་པར་སྨིན་པའི་ཡེ་ཤེས་མཆོག། རྣམ་ཉེད་ཕྱག་རྒྱ་ཉེད་པར་བྱེད།། མཚན་བྲལ་ངེས་པར ་མཚོན་པར་བྱ།། དང་པོ་དགའ་བའི་ཡེ་ཤེས་ཏེ།། མཆོག་ཏུ་དགའ་བ་ཡང་དག་ལྡན།། རབ་དགའི་དགའ་བ་དངོས་གྲུབ་ཆེ།། ལྷན་ཅིག་སྐྱེས་པའི་དགའ་བ་མཆོག་ཅེས་དགོངས་པའོ།། རབ་ཏུ་འབྱུད་བས་ནི་འདོད་པའི་བསྟན་བཅོས་སུ ་གསུངས་པས་སོ།། རྒྱུང་གཞན་དུ་ཡང་། མཆོད་པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་མང་པོའི་གནས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ།། ཤིན་ཏུ་དགའ་བར་གྱུར་ཀྱང་རྣལ་འབྱོར་མ་རྣམས་རྣལ་འབྱོར་པ་ལ་མཆིམ ་དངོས་གྲུབ་སྦྱིན་མི་འགྱུར། ཞེས་སོ།། རྣལ་འབྱོར་གནས་སུ་ནི། གསང་བཪྵ་ཏེ་ཁྱད་པར་ལས་སོ།། རྡོ་རྗེ་བདུད་རྩིར་ཡང་། བྱེད་པ་བཅིང་བའི་སྦྱོར་བ་ཡིས།། ས་གསུམ་པོ་ནི་བསྒྲུབ་པར་བྱ།། ཁྱོགས་དང་གྲུ་མོ་ཡིས་ཀྱང་ནི།། ་དེ་བཞིན་ཤིན་ཏུ་རབ་བརྐྱང་ཉིད་ཅེས་སོ།། རྡོ་རྗེ་ཨ་རིལླི་རྒྱུད་དུ། ཇི་སྲིད་མི་འཇིག་དེ་སྲིད་དུ།། པདྨར་རྡོ་རྗེ་གཞུག་བྱ་མིན་ཞེས་སོ།། པདྨ་ཆེན་པོ་དེར་ཕྱིན་ནས་རྡོ་རྗེ་གཞུག་པར་བྱའོ།། ཞེས་པ་དགོངས་པའོ།། ཇི་སྲིད་རྣལ་འབྱོར ་ཚོགས་པ་ཉིད།། དངོས་གྲུབ་ཐམས་ཅད་བྱེད་པར་བཤང་།། ཇི་སྲིད་རྡོ་རྗེ་མཁའ་འགྲོ་རྣམས།། རྣལ་འབྱོར་པོས་ནི་བསྒྲུབ་པར་བྱ་ཞེས་སོ།། སྦྱོར་དང་ཀུན་སྦྱོར་དེ་རྗེས་འགྲོ། ཡང་དག་གཟུང་ནས་ཚོགས་པ་ཉིད།། འདོད་ཁམས ་གནས་བིར་བུད་མེང་།། ཅེས་པའི་དོན་ནོ།། དེ་བཞིན་དུ་ལྷ་མོ་དང་ཀླུ་མོ་དང་།། དེ་བཞིན་འདབ་ཆགས་མོ་དང་ལྷ་མིན་མ་དང་མི་ཡང་སྟེ། རྒྱུད་གཞན་དུ་ཡང་། སྐྱེ་མོ་དང་ནིདྡྷི་མོ་ཡང་།། བོང་མོ་དེ་བཞིན་རྔ་མོ་སྐྱེས།། རི་དགས ་མོ་དང་ར་མུ་ཉིད།། ཕྱག་མོ་པ་མིན་ལས་བྱུང་བ།། བདག་ཉིད་ཧེ་རུ་ཀ་ཁོ་ནས།། འདོད་པར་བྱའོ་ཟླ་དྲུག་གིས།། འགྲུབ་འགྱུར་འདིར་ནི་ཐེ་ཚིམ་མེད།། སྒྲ་ཇི་བཞིན་པའོ།། རྡོ་རྗེ་མཁའ་འགྲོ་མ་རྣམས་ནི། རྒྱུད་སྣ་ཚིགས་སུ་གསུངས ་པའི་ལྷ་མོ་རྣམས་སོ།། སྒྲ་ཇི་བཞིན་པའོ།། མ་དང་སྲིང་མོ་བུ་མོ་དང་། ཆུང་མ་ཕོ་ཉ་མོ་ཅན་གནས་ཞེས་སོ།། ཐམས་ཅད་བསྟན་པ་གསུངས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། རྡོ་རྗེ་མཁའ་གྲོ ་མ་ནི་རེག་བྱ་རྡོ་རྗེ་མའོ།། དགོངས་པའོ།། པོ་ཉ་མོ་དེ་དབང་གྱུར་ལས་ཀྱི་ཕྱག་རྒྱར་འགྱུར་ཞིང་གསང་བའི་མི་མོ་གཞན་གྱི་བུད་མེད་དམ་ཚིག་སྟེ། རང་དབང་ཆོས་ཀྱི་ཕྱག་རྒྱ་ཡུལ་ནི་མང་པོ་ལ་དགའ་རང་གི་ཆུང་མ་ཡེ་ཤེས ་ཕྱག་རྒྱའོ།། དོན་དམ་པའི་བསྙེན་པར་ཡང་།། དེ་བཞིན་འདིར་ནི་ལྡན་ཁྱོད་མེད་པ་བསྟེན་པར་བྱ།། ཇི་ལྟར་ཆགས་པས་མངལ་ནི་འཛིན་པར་མི་བྱེད་དེ། མངལ་ནས་འདོད་མིན་སྐྱེ་བོའི་ཁ་ན་མ་ཐོར་འགྱུར།། སྐྱེ་བོའི་ཁ་ན་མ་ཐོས་འཇིག ་རྟེན་ཕ་རོལ་ཉམས་ཞེས་སོ།། གླང་གིས་སྔགས་འདྲི་སྦྱིན་བྱེད་པ།། གང་ཡང་དེ་ཡི་ཆོ་གར་འགྱུར་ཞེས་པ་ནི་བསྟེན་པའི་འབྲས་བུ་གསུངས་པའོ།། གང་ལ་སྔགས་གང་ཡོད་པ་དེ་ཤིན་ཏུ་ཆགས་པ་ལས་དེའི་ཡེ་ཤེས་དགའ་བར་སྟོན ་པར་བྱེད་དོ།། དེའི་ནི་སྒྲུབ་པ་པོའི་དངོས་གྲུབ་ཀྱི་ཆོ་ག་དེ་ཉིད་དུ་འགྱུར་རོ།། གསལ་ལོ།། དེ་ནས་རྣལ་འབྱོར་རྒྱུད་དུ་ནི། རྙད་དཀའི་དམ་ཚིག་ང་ཡིས་བཤད།། ཧེ་རུ་ཀ་དཔལ་རྣལ་འབྱོར་མཆོག། མ་བྱུང་འབྱུང་བར་མི་འགྱུར་རོ།། ་ཞེས་སོ།། རྣལ་འབྱོར་རྒྱུད་རྣམས་སུ་ནི་སངས་རྒྱས་ཐོད་པའི་རྒྱུད་དུ་ཡང་། རྣལ་འབྱོར་གྱི་རྒྱུད་ནི་ངེས་པར་བྱེ་བ་ཕྲག་དྲུག་གོ། རྣལ་འབྱོར་མིའི་རྒྱུད་ནི་བྱེ་བ་ཕྲག་བཅུ་དྲུག་གོ་ཞེས་སོ།། དཔལ་ཧེ་རུ་ཀཱ་ནི་གཉིས་སུ་མེད་པའི་ཡེ་ཤེས ་ཉེ་བར་བསྟེན་པའོ།། བླ་མར་ཡང་། རྡོ་རྗེ་ཐེག་པར་ཉེར་བསྟན་པའི།། ངག་དེ་དངོས་གྲུབ་གོ་འཕང་ཉིད་མོ་ཐོས་པ་ཡི་ཆོས་སྟོན་པས།། སེམས་ཅན་སྲིད་ལས་གྲོལ་བར་འགྱུར།། བསྟན་བྱ་བླ་མེད་སྟོན་བྱེད་པ།། མི་སྣང་ལ་སོགས ་གྲུབ་པར་བྱེད།། འཇིག་རྟེན་གསུམ་ན་གང་ཅུང་ཟད།། དེ་ཀུན་སྐད་ཅིག་ལས་གྲུབ་འགྱུར་ཞེས་སོ།། རྣལ་འབྱོར་ནི། ཡེ་ཤེས་ཀྱི་སྐུ་སྟེ་སྐུ་བཞི་འཆང་བའོ།། གཟུགས་བརྙན་གྱི་ཆོས་ཀྱི་གཟུགས་ཉིད་ཀྱིས། བྱམས་པཱལྱ ་སོགས་པོ་རྣམས་ཀྱིས་བལྟ་བྱུར་བྱའོ།། ལངས་སྤྱོང་རྟགས་པས་གཟུགས་རྒྱུན་རྣམས་དང་། མཁའ་ལ་རྒྱལ་པོའི་སྲས་སོགས་དགེ་བྱི་མ་རྣམས་ལ་ཚྭས་སྒྱུ་ཡིས་ཞེས་པ་རྐོས་ཀྱི་རང་བཞིན་གྱི་སྐུ་རྣམས་ཀྱི་མོ་ཤེས་ཀྱི་འོད ་ཟེར་སྤྲོ་བར་བྱེད་དོ་ཞེས་བགྲོ། དེའི་ཕྱིར་ལོངས་སྤྱོད་རྫོགས་པ་ཉིད་ནི། ཉན་ཐོས་དང་ལྷ་དག་གི་བལྟ་བར་བྱ་བ་སྟེ། འོག་མིན་ལ་སོགས་པར་རོ།། དེ་བཞིན་དུ་སྤྲུལ་པ་ནི་མི་རྣམས་ཀྱི་བལྟ་བར་བྱ་སྟེ། རྡོ་རྗེ་བཙུན་མོའི་བྷ་གར ་སེམས་ཅན་རྣམས་སྨིན་པའི་དོན་དུའོ།། ཞོས་གསུངས་སོ།། དགོངས་པའོ།། རྟག་པར་དངོས་གྲུབ་རྣམས་ཀྱི་རྒྱུ།། དམ་ཚིག་རྣམས་ཀྱང་སྐྱོང་བ་དང་།། ཕོ་ཉ་མོ་གཞན་རིགས་བྱུང་བ།། འདོད་ལ་ཆགས་པ་འདོད་མི་བྱ།། གཉིས ་སུ་མེད་དང་ཐོགས་པ་མེད།། དམ་ཚིག་རྣམས་ནི་སྤྱོད་པ་དང་།། མི་མོའི་སྤྱོད་པ་ལེགས་པར་སྲུབ།། ཚངས་པར་སྤྱོད་པའི་དེ་བཞིན་ཞལ།། འདྲེན་པའི་རྩ་ཡི་ཀུན་སྤྱོད་དེ། འདི་བརྒྱད་དམ་ཚིག་ཡིན་པར་བཤད།། རྣལ་འབྱོར་བ ་གང་དེ་སྲུང་བྱེད།། མྱུར་དུ་དངོས་གྲུབ་དེ་ཐོབ་འགྱུར་ཞེས་སོ།། དངོས་གྲུབ་རྣམས་ནི་འདོད་པ་དང་།། གཟུགས་དང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རྣམས་ཏེ་འཛེག་པ་དང་། གཡོ་བ་དང་། མི་གཡོ་བའི་བདེ་བའི་མཚན་ཉིད ་རྣམས་ཏེ། འདོད་པ་ལྔ་ལ་ཉེ་བར་ལོངས་སྤྱོད་པའི་སྐྱེ་བོ་རྣམས་ཀྱི་རྒྱུའི་བྱང་ཆུབ་ཀྱི་སེམས་རྟག་ཏུ་སངས་རྒྱས་ཉིད་ཀྱི་རྒྱུ་ཟུང་འཇུག་མ་ཉམས་པའོ།། ཞེས་པའི་དོན་ནོ་དགོངས་པའོ།། དམ་ཚིག ་ནི་ཁུ་བའི་ཐེག་ལེ་བཞི་རྣམས་སོ།། དེ་རྣམས་ཤེས་རབ་ལ་ཆགས་པོས་འོངས་པ་རྣམས་གསང་བར་སྲུང་བར་བྱེད་པའོ།། ཕོ་ཉ་མོ་ནི་རིགས་ལྡན་མ་དོར་ནས། ཕྱི་རོལ་གྱི་དོན་དུ་མཁའ་འགྲོ་མ་ལ་སོགས་པ་རྣམས ་བསྒོམ་པ་མི་བྱའོ་ཞེས་སོ།། འདོད་ལ་རྣམ་པར་རྨོངས་པ་ཡིས།། ཕོ་ཉ་མོ་རྣམས་གཞན་ཀུན་སྦྱོར་འགྲོ་ཞེས་ཀློག་པ་ནི་གཞན་ནོ།། གཉིས་སུ་མེད་པ་ནི་ཐིག་ལེ་བཞི་པོ་རྣམས་ཉའི་ཐར་གཉིས་སུ་མེད་པའི་རྣམ་པར་བྱེད ་པའོ་མ་ཐོགས་པ་མེད་པའི་དམ་ཚིག་རྣམས་ཀྱི་སྤྱོད་པ་ནི། དགའ་བ་བཅུ་དྲུག་གི་རང་བཞིན་འགྱུར་བ་མེད་པར་རབ་ཏུ་ཞུགས་པའོ།། མི་མོའི་སྤྱོད་པ་ལེགས་པར་སྲུབ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཀུན་ཏུ་བཟོད ་མོ་ནི། མི་མོའི་དེའི་སྤྱོད་པ་བཞི་སྟེ། གསུངས་པ་ཡང་། བརྟན་པ་རྣམས་ཀྱི་སྦྲིད་པ་བཞི་ཞེས་ཏེ། བྱང་ཆུབ་སེམས་དཔའ་སོ་སོ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ། དེ་རྣམས་ལ་རྟག་ཏུ་བདེ་བའི་སེམས་སོ་ཞེས་སོ།། ་བརྩེ་བདག་གཞན་གྱི་དོན་བརྩོན་ལྡན།། གནས་མེད་གནས་ལ་དགའ་བ་ཉིད།། ཅེས་མདོ་སྡེ་རྒྱན་དུའོ།། ཞལ་ནི་རྡོ་རྗེའི་སྒོ་རུའོ།། ཚངས་པར་སྤྱོད་པ་རྟག་ཏུ་མི་འཕོ་བའི་ཚུལ་ཁྲིམས་སོ།། འོག་ཏུ་སོན་པ ་བཞི་པོ་རྣམས་ཀྱི་རྩཝའི་ཀུན་སྤྱོད་ནི། མཁའ་འགྲོ་གདོང་གི་ཀུན་སྤྱོད་ལྔ་སྟེ། རྡོ་རྗེ་ནོར་བུ་ལས་བཀུག་ནས་ཁུབ་སྟེང་དུ་འགྲོ་བ་ཞེས་པ་ངེས་པའི་དོན་ནོ།། འོག་མིན་གྱི་སྲིད་པའི་མཐར་ཐུག་པའི་དངོས་གྲུབ་ཀྱི་རྒྱུ་རྟགཏུ ་སྨྱོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པའོ།། དྲ་མོ་ཚིག་ནི་མྱོས་བྱེད་དང་གཽ་ཀུ་ལ་སོགས་པ་དང་རིགས་མ་ཡིན་པ་ལ་སོགས་པ་ལ་འགྲོ་བ་དྲི་རྣམས་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱིས་སྲུང་བར་བྱེད་པའོ།། ་རིགས་གཞན་ཞི་བ་ལ་སོགས་པའི་མངོན་པར་དབང་བསྐུར་བ་དེ་སངས་རྒྱས་པོའི་དམ་ཚིག་སུན་འབྱིན་པ་གཞན་གྱི་དམ་ཚིག་སྤྱོད་པ་རྣམས་འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་འདོད་པར་མི་བྱའོ།། གཉིས་སུ་མེད་པ ་ནི་ཕོ་ཉྫ་མོ་དང་དཔའ་བོ་དག་གི་དུས་གཅིག་ཏུ་བདེ་བ་བྱུང་ཆུབ་སེམས་ཀྱིར་མྱོང་བའོ།། ཐོགས་པ་མེ་པ་ནི་བསྙེན་པ་རྣམས་དང་དམ་ཚིག་རྣམས་ཀྱི་སྦྱོང་བ་སྔགས་ལ་སོགས་པ་སྤྲོ་བར་བྱེད་པའི་ལྷ་ལ་སོགས་པས་གན ་པར་མི་ནུས་པའོ།། མི་མོའི་སྤྱོད་པ་ལེགས་པར་སྲུབ་ནི། རིགས་ཐམས་ཅད་ལ་སྐྱེས་པ་དེ་རྣམས་ལ་འཁྲིག་པ་བྱེད་པའི་རྒྱུའོ།། ཚངས་པར་སྤྱོད་པ་ནི་བདེ་བ་དེ་བཞིན་ཞེས་པ་སྲུབ་པ་ཞལ་རྡོ་རྗེའི་ཁར་རྟོགས ་པར་བྱའོ།། འདྲེན་པ་ནི་བྱང་ཆུབ་ཀྱི་སེམས་འཛིན་པ་སྟེ། རྒས་པ་ལ་སོགས་པ་འཇོམས་པོའི་ཆེད་དུའོ།། དམ་ཚིག་བརྒྱད་པོ་འདི་རྣམས་ནི།། འཇིག་རྟེན་བྱ་བ་སྤངས་ནས་ནི།། ཤིན་ཏུ་མཉམ་བཞག་བརྐྱང་བར་བྱ།། མྱུར ་དུ་དངོས་གྲུབ་ཐོབ་པར་འགྱུར། ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ།། སྒྲུབ་ལ་ཡང་ངག་རྣམས་གནས་པས། སྒྲུབ་པོས་རྟག་ཏུ་ཤེས་པར་བྱ།། ཞེས་ཀློག་པ་ནི་གཞན་ནོ།། དྲང་བའི ་དོན་ནོ།། ཐུན་མོང་རྒྱུད་རྣམས་ཐམས་ཅད་དུ།། གཏན་ཚིགས་དེས་ནི་གཞོམ་མི་བྱ།། དད་པ་ཙམ་གྱིས་བླང་བྱ་ཡི།། མིག་དང་ལག་པར་མ་ཡིན་ནོ།། ཞེས་པ་བསྙེན་པ་ལ་དྲོན་སྨོད་པར་བྱེད་པ་འདིས་ཅི་ཞིག་ཅེས་རིགས ་པ་རྣམས་ཀྱིས་གཞན་དུ་མ་ཡིན་ནོ།། གསུངས་པ་ཡང་། རྫས་ཀྱི་ནུས་པ་བསམ་མི་ཁྱབ་ཅེས་གསུངས་སོ།། དེ་ཕྱིར་སངས་རྒྱས་ཉིད་ཐོབ་པར་འགྱུར་ཞེས་སོ།། བདུད་རྩི་ལྕེས་བླང་བར་གསལ་ལོ།། དགྲ་དང་མ་དག ་རྣམ་དག་པ།། སྒྲུབ་པོ་རྣམ་པ་གསུམ་དུ་གནས།། གཉིས་བྱེད་རྣམ་པར་དག་པ་དང་། གསལ་བྱེད་ཡོན་ཏན་ལྡན་པའི་མི་ཞེས་བྱས་སློབ་མ་རྣམ་པ་གསུམ་གྱི་མཚན་ཉིད་གསུངས་ཏེ། དག་པ་ནི་ཐར་པ་དོན་དུ་གཉེར་བ་རང ་གིས་ལུས་ལ་སོགས་པ་གཏང་བའོ།། མ་དག་པ་ནི་རང་ལྷག་པར་གནས་པའི་དོན་དུ་གཏོར་བའོ།། རྣམ་པར་དག་པ་ནི་ཕྱག་རྒྱ་དང་དཀྱིལ་འཁོར་ལ་སོགས་པ་དོན་དུ་གཉེར་བ་དེ་ཉིད་བླ་མ་མཉེས་པར་བྱེད་པའོ།། ་གསལ་བྱེད་ནི་དབང་པོ་འབྲིང་པོའོ།། ཡོན་ཏན་ལྡན་པ་ནི་རིན་པོ་ཆེའི་གང་ཟག་བདེན་པ་དོན་དུ་གཉེར་བར་གསལ་ལོ།། སྒྲུབ་པོས་གསུམ་པོ་འདི་རྣམས་ལ།། མཆོད་པ་བྱ་ཕྱིར་བརྙས་མི་བྱ།། སྒྲུབ་པ་པོས་རྣམས ་བརྙས་མི་བྱ།། མཆོད་པར་བྱ་ཞིང་གུས་པར་བྱ་ཞེས་སོ།། ཞེས་པས་བླ་མ་དང་སེམས་ཅན་དག་མཉེས་པར་བྱེད་པ་གསུངས་སོ།། སློབ་དཔོན་ནི་འཇིག་རྟེན་ལས་འདས་པའི་ཀུན་དུ་སྤྱོད་པ་ཤེས་པ་ཉིད་ཀྱི་ཕྱིར་རོ།། བླ་མར ་ཡང་ཀུན་སྤྱོད་རྣལ་འབྱོར་མ་རྣམས་དང་། དེ་བཞིན་ཉིད་དུ་མཁའ་འགྲོ་མ།། མུ་མོ་ཕྱི་ཡི་ཕྱག་རྒྱ་རྣམས།། པག་མོའི་རིགས་ལས་ཡང་དག་བྱུང་།། ལུང་དང་གྲུབ་པའི་བསྟན་བཅྡོཾས་རྣམས།། དེ་བཞིན་མདོ་ཡི་མཐར་སྐྱེས ་རྣམས།། བློ་མེད་གོ་འོ་བང་ཀུན་དུ་སྤྱོད།། ཤེས་རབ་ཕ་རོལ་ཕྱིན་འབྱུང་བ་ཞེས་སོ།། སྐྱོབ་མས་ཕྱིར་བརྙས་པར་མི་བྱ་བ།། མཆོག་དང་པོའི་བརྟག་པར་ཡང་།། གལ་ཏེ་སློབ་མ་ཕྱིར་ཞིང་དེ། སློབ་དཔོན་ལ་ནི་གང་བརྙས་པོ།། ་དེས་ནི་སངས་རྒྱས་ཀུན་བརྙས་པས།། རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར་ཞེས་སོ།། གུར་གྱི་རྒྱུང་ངུ་ཡང་བླ་མའི་གྲིབ་མ་རླུང་མ་དང་། མཆིལ་ལམ་སྤྱན་དང་སྟསྒྲ་རྣམས་ལ།། རྨོངས་ཆེན་གང་ཞིག་འགོམ་བྱེད་ན།། མི་དེ་རྣམས ་ནི་སྒྱུ་གྲིའི་སོ།། གོང་ཚེ་དབང་བསྐུར་མཆོག་ཐོབ་པའི།། སློབ་མ་བླ་མིའི་བཀའ་འགོམས་པའི་ངོ།། འཇིག་རྟེན་འདི་རུ་སྡུག་བསྔལ་འགྱུར།། འཇིག་རྟེན་ཕ་རོལ་དམྱལ་བར་གནས།། སྒྱུ་དང་གཡོ་ཡི་རབ་སྦྱར་གྱིས།། གུས ་པ་ལོག་པར་གསལ་བྱས་ནས།། ཟག་བྱེད་མཛེ་དང་ནད་ཆེན་དང་།། དམྱལ་བ་ལ་སོགས་རྣམས་སུ་སྐྱེ།། དེ་ལྟར་ཤེས་ནས་སློབ་མ་དེས།། བླ་མ་ལ་གུས་མཆོག་ཏུ་གཞོལ།། བླ་མའི་བཀའ་ནི་རི་བ་སྐྱོང་བྱེད།། དངོས་གྲུབ་རྒྱ་ཆེནི ་འགྲུབ་པར་འགྱུར།། འདིར་རྣལ་འབྱོར་མའི་རྒྱུད་རྡོ་རྗེ་གུར་དུ་ཡང་།། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས།། འདི་ནི་རྣལ་འབྱོར་མར་བརྗོད་དེ།། ཕྱག་རྒྱ་ཆེན་པོ་རབ་སྦྱོར་བས།། གང་ཕྱིར་དེ་ཉིད་རྒྱུད་དུ་བྱེད་ཅེསོ།། ་སྒྲུབ་པ་པོ་ལེགས་པ་རྣམས་མཆོད་པར་བྱ་ཡིས་རྣམ་པར་འཚེ་བར་མི་བྱའོ།། དེ་བཞིན་དུ་ཡང་གསུངས་པ། སེམས་ཅན་ཁོ་ན་རྫོགས་སངས་རྒྱས།། སངས་རྒྱས་པ་ཡི་འདོད་པའོ་ལྷ།། གསལ་ལོ།། དམ་ཚིག་དང་སློབ་མ ་ཡོངས་སུ་བརྟག་པའི་ཆོ་གའོ།། །། དེ་ནས་རྣལ་འབྱོར་དངོས་གྲུབ་རྣམས།། སྒྲུབ་པའི་མཚན་ཉིད་དབྱེ་ཤེས་ནས།། མྱུར་དུ་དངོས་གྲུབ་རབ་འཇུག་པའི།། སྤྱོད་པའི་བརྟུལ་ཞུགས་བཤད་པར་བྱ་ཞེས་པ་ནི ་སྤྲོས་པ་དང་བཅས་པ་དང་། སྤྲོས་པ་མེད་པ་དང་། ཤིན་ཏུ་སྤྲོས་པ་མེད་པའི་དབྱེ་བས་རྣམ་པ་གསུམ་ལུས་དང་སེམས་ཀྱི་གསོང་སྔགས་ཀྱི་སྒོའི་སྤྱོད་པ་སྤྱོད་པ་པོ་རྣམས་ཀྱིའོ།། དེའི་སྤྱོད་པའི་བརྟུལ་ཞུགས་ནི་འཇུག་པའི་བྱེ་བྲག་གོ།། དངོས ་གྲུབ་ནི་འདི་ཉིད་དུ་མཁའ་ལ་སྤྱོད་པའོ།། མཚན་ཉིད་དང་དབྱེ་བ་ནི་རྣལ་འབྱོར་མའི་བརྡ་དང་། རིགས་དང་ཀུན་ཏུ་སྤྱོད་པ་ལ་སོགས་པའོ།། གྲོང་དང་གྲོང་དུ་དེ་སོང་ནས།། ཕོ་ཉ་ཀུན་ཏུ་རྣམ་པར་གནས།། ཕོ་ཉ་རལ་གྲིའི་སོ་བསྟེན་དང་།། ་དག་བྱེད་སྡིག་པ་འཇིག་བྱེད་པོ།། རྟག་ཏུ་རབ་མྱོས་མོར་གསུངས་པ།། རྣལ་འབྱོར་པ་གྲོང་དང་གྲོང་གི་ཁྱོར་ལ་སོགས་པར་སོང་བ་སྟེ་ཀུན་སྤྱོད་དུ་ཡང་ཇི་ལྟར་ཧེ་རུ་ཀ་དཔལ་ཤོས། ཇི་ལྟར་འདོད་བཞིན་ཡོངས་སུ་རྒྱུ་ཞེས་སོ།། ་རྣལ་འབྱོར་མདོའི་མཆོད་པ་དང་ཧཱུཾ་གི་གཟུགས་དང་། བཛྲ་དང་བརྡ་ཅན་དང་། ཁྱིམ་ལྔ་ལ་སོགས་པའི་གྲོང་དུ་གནས་པ་ཉིད་ཀྱི་འཁོར་ལོའི་རྣལ་འབྱོར་མ་རྣམས་བསྒྲུབ་པར་བྱ་སྟེ། གང་ལས་ཐམས་ཅད་དུ་གཡོན་མའི་འཇུག་པར ་འགྱུར་བ་ལྷུར་ལེན་པའོ།། རལ་གྲིའི་སོ་ནི་རྣམ་པར་འཇོམས་པའི་མཚན་ཉིད་དོ།། གང་ལས་མཆོད་པར་བྱས་པ་དང་མཆོང་བར་འདོད་པ་ངེས་པར་སྲེག་པར་བྱེད་ངོ་།། ངེས་པར་རློམ་པའོ་ཞེས་པའི་དོན་ནོ།། སྒྲ་ཇི་བཞིན་པའོ།། ་ཕོ་ཉ་མོ་འཁྲིག་པས་ལེགས་པར་འགྲོགས་པ་ལས་སྒྲུབ་པ་པོས་དངོས་གྲུབ་ཐོབ་པར་འགྱུར། བཟླས་བརྗོད་བསམ་གཏན་སོགས་བྲལ་བས།། ཡུན་མི་རིང་བར་ཉེད་གྲུབ་བྱེད།། རྣལ་འབྱོར་པ་རྣམས་སྔགས་ཕྱག་རྒྱ།། སྣ་ཚོགས ་མཆོད་པ་རབ་འཇུག་པ།། རྡོ་རྗེ་མཆོད་པ་ལས་གཞན་མེད།། སྤྱོད་པའི་བརྟུལ་ཞུགས་བླ་ན་མེད་ཅེས་སོ།། བསྟེན་པའི་འབྲས་བུ་གསུངས་པ།། དངོས་གྲུབ་སྐད་ཅིག་གཅིག་གིས་རྫོགས་པར་བྱང་ཆུབ་པའོ།། བླ་མར་ཡང་། རྣལ་འབྱོར ་བཟང་མོའི་སྤྱོད་པ་ཡིས།། གཉིས་མེད་ཡེ་ཤེས་སེམས་ལྡན་པས།། སྐད་ཅིག་གཅིག་གིས་རྫོགས་བྱང་ཆུབ།། མཆོག་ཏུ་རྟག་པ་ཐོབ་པར་འགྱུར་ཞེས་སོ།། ཡུན་མི་རིང་བ་ནི་སྐད་ཅིག་གཅིག་གིས་སྒྲུབ་པར་བྱེད་པ་སྟེ། མཐར་ཐུག ་བའི་རྟེན་ཡོངས་སུ་གྱུར་པའི་སངས་རྒྱས་ཉིད་རྡོ་རྗེའི་མཆོད་པ་བུད་མེད་དང་འགྲོགས་པའོ།། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ། ཕྱག་རྒྱ་རབ་ཏུ་འགྲོགས་ལས་ཤིན་ཏུ་རྣམ་བླང་བ་ཉིད།། ཡང་དག་ཐོབ་སྟེ་དམྱལ་བའི ་སྡུག་བསྔལ་འཇིག་པར་བྱེད།། སྐྱེ་བ་འདི་ཉིད་ལ་ཡང་རུང་གི་ལུས་ཀྱིས་ནི། བདུད་ནི་བཅོམ་པ་དེ་དང་འདི་ལ་ངོ་མཚར་རོ།། བུད་མེད་སྐྱེ་གནས་འགྲོགས་ལས་མ་ཉམས་བདེ་བ་ནི། སྐུལ་ལྡན་རྣམས ་ཀྱིས་དེ་ཐབས་སྦྱོར་བས་བླང་བར་གྱིས་ཞེས་སོ།། ཕོ་ཉོའི་ལམ་ལ་དགའ་བ་ནི་དག་པའོ།། སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན།། ཙཱ་རུ་རྟག་ཏུ་བཟའ་བར་བྱ།། རིག་མས་ལྷན་ཅིག་དེ་ཉིད་འཆུང་ཞེས་སོ།། ཁ་སྦྱོར་འབྱུང་བའི ་རྒྱུད་དུ་ཡང་། མཽ་འི་སྔགས་པ་བསྲེས་དང་ཤ། རྡོ་རྗེའི་ཆུ་དང་སྦྲད་ནཱིར་ལྡན།། རྣམ་སྣང་མཛད་དང་ཀུན་དུ་བསྲེས།། རྣལ་འབར་པོ་སོ་ནི་རྟག་ཏུ་བཟའ་ཞེས་སོ།། རྡོ་ཉྀངའི་ཆང་ནི་དེ་དེ་ཉིད་སྟོང་པ་ཉིད་དང་སྙིང་རྗེ་མི་དང ་པདེའི་ཚོང་བའོ།། དག་ངས་པ་མ་ཡིན་པའོ།། དགེ་པའི་སྤྱོད་པའོ།། རིགས་རྣམས་ཀུན་ལ་སྤྱད་པར་བྱ།། བཟའ་མིན་པར་ནི་མི་བརྟག་གོ།། དབྱེར་མེད་ཕོ་ཉ་མོ་དེ་ཡི།། དེ་ཉིད་ལས་ཀུན་རྣམ་པར་གནས་ཞེས་བྱ་བ་ལ་སོགས ་པའི་སྤྲོས་པ་མེད་པའི་སྤྱོད་པ་གསུངས་ཏེ། རིགས་ཀུན་ལ་ནི་རིགས་ལྔ་པོ་རྣམས་ལའོ།། དབྱེར་མེདོ་ནི་རྣམ་པར་རྟོག་པ་མེད་པའོ།། དེ་ཉིད་ལས་ནི་རང་བཞིན་ལསོ།། ཀུན་དུ་རྣམ་པར་གནས་པ་ནི་མཐོང་བའོ།། སྒྲུབ ་པ་རྣམ་པ་གཉིས་རབ་བརྗོད།། པོ་ཉ་མོ་གཅིག་པོ་འདི་ལས་གཞན་སྣ་ཚོགས་གཟུགས་དང་། ཕོ་ཉ་མོ་དེ་བསྐུལ་བའི་དངོས་གྲུབ་ཡང་དག་པར་གནས་པའོ།། འདི་ཡང་ཕོ་ཉི་མོ་གཅིག་མཚན་ཉིད་ཐམས་ཅད་དང་ལྡན་པ ་ལས་གཞན་སྒྲུབ་པ་པོ་ལ་གུས་པ་སྣ་ཚོགས་གཟུགས་དང་། གཉིས་པ་ཕྱག་རྒྱ་རྒྱུན་མའོ།། གསུངས་པ་ཡང་། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱང་། ཡང་དང་ཡང་དུ་བསྟེན་བཞིན་པ། རྣལ་འབྱོར་གདོན་མི་ཟ་བར་སྐྱེ ་ཞེས་སོ།། དངོས་གྲུབ་ཡང་དག་པར་གནས་པ་ལ་ནི་དངོས་གྲུབ་ལ་རྒྱུ་མཚན་ཉིད་འདིར་གསུངས་པ། བླ་མ་བརྒྱུད་རིམས་ལས་ཐོབ་པས།། མངོན་པར་དབང་བསྐུར་སྔགས་ལེགས་ལྡན།། ཕྱག་རྒྱ་ཀུནྡ་སྦྱོར་ལས་ཚུལ ་ཁྲིམས།། ཡོངས་རྫོགས་ཡེ་ཤེས་ལུས་ལ་སྐྱེ།། ཞེས་པས་ཚོགས་གསུམ་ངེས་པར་སྟོན་པར་བྱེད་དེ། བླ་མ་བརྒྱུད་པ་དང་དྲུག་རྫོགས་པ་དང་འཁོར་ལོ་སྐྱེས་པའི་བསོད་ནམས་སོ།། རིམ་པས་ཐོབ་པས་ནི་བསོད་ནམས ་ཀྱིས་སོ།། མངོན་པར་དབང་བསྐུར་ནི་བཞི་པ་ཐོབ་པའོ།། ལེགས་སྔགས་ལྡན་ནི་རྒྱུ་དང་འབྲས་བུ་གཉིས་སུ་མེང་པ་འོདས་སོ།། བླ་མ་རྣམས་ཀྱི་རྗེས་སྐུ་ཞེས་པ་འདིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསུངས་སོ།། ་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཀྱི་ཚོགས་ཏེ་ཚུལ་ཁྲིམས་ཀྱི་སྤྱོད་པའོ།། གསུངས་པ་ཡ་ང་ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་རྫོགས་པ། རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པ་ནི་ཞེས་སོ།། གསུངས་པ་ཡང་ཚུལ་ཁྲིམས་ཀྱི ་ཚོགས་ཀྱི་དོན་དུ་བུད་མེང་རྣམས་ཀྱི་མཁའི་པདྨར་སྨད་པར་མི་བྱའོ་ཞེས་སོ།། ཡོངས་སུ་རྫོགས་པའི་ཚོགས་གསུམ་པོ་རྣམས་ཀྱི་ཡེ་ཤེས་ལུས་སྐྱེ་སྟེ་ཐམས་ཅད་མཁྱེན་པ་ཉིད་དོ།། གསུངས་པ་ཡང་། ཚོགས་གཉིས ་ཡོངས་སུ་རྫོགས་པ་ནི།། བྱང་ཆུབ་སེམས་དཔའ་རབ་ཏུ་བརྗོད།། ཚོགས་གསུམ་ཡོངས་སུ་རྫོགས་པ་ནི།། སྟོན་པ་ཐམས་ཅད་མཁྱེན་པར་བརྗོད་ཅེས་ཏེ་སྒྲ་ཇི་བཞིན་པའོ།། ནང་པར་སྔར་ལངས་སེམས་བདག་ཉིད ་ལུས་ལ་མ་ལུས་བྱས་ནས་ནི།། ཡན་ལྤག་ལས་འདས་མི་ཚུན་ཆ་རྣམས།། ལུས་ལ་གནས་པ་ཀུན་ཏུ་སྤྱོད་ཅེས་པས་དཔའ་བོའི་རིམ་པས་སྤྱོད་པ་གསུངས་ཏེ། སེམས་བདག་ནི་རྡོ་རྗེ་མཁའ་འགྲོར་གསུངས་པའི་དགོངས་སུ་གསོལ་ཞེས ་བྱ་བ་ལ་སོགས་པོས་རྡོ་རྗེ་སེམས་དཔའི་སྡོམ་པ་གཟུང་བའོ།། རྡོ་རྗེ་རྩེ་མོའི་རྒྱུད་དུ་ཡང་གསུངས་པ། སེམས་ནི་མ་སྐྱེས་པ་ལ་ཡང་།། དངོས་གྲུབ་མངའ་ཡང་ཐོབ་མི་འགྱུར།། དཔལ་འདུས་པར་ཡང་འདི་ལྟ་སྟེ།། དངོས་པོ ་ཐམས་ཅད་དང་བྲལ་བ།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། གཟུང་བྱ་འི་ཛིན་པ་པོ་སྤངས་པ།། ཆོས་བདག་མེད་པ་མཉམ་ཉིད་པ།། རང་སེམས་གདོད་ནས་མ་སྐྱེས་པ།། སྟོང་པ་ཉིད་ཀྱི་རང་བཞིན་ནོ་ཞེས་སོ།། ལུས་པ་ནི་དུམ་བུའོ ་ལུས་པ་ནི་ལུས་པ་མེད་པ་སྟེ།། བྱས་ནས་ནི་སོ་སོར་བྱིན་གྱིས་བརླབས་པའོ།། འདི་ལྟ་སྟེ་ཀུན་སྤྱོད་དུ་གཟུགས་ཀྱི་ཕུང་པོ་ལ་རྣམ་པར་སྣང་མཛད་དོ།། ཚོར་བའི་ཕུང་པོ་ལ་རྡོ་རྗེ་ཉི་མའོ།། འདུ་ཤེས་ཀྱི་ཕུང་པོ་ལ་པདྨ་གར་གྱི་དབང ་ཕྱུག་གོ། འདུ་བྱེད་ཀྱི་ཕུང་པོ་ལ་རྡོ་རྗེ་རྒྱལ་པོའོ།། རྣམ་པར་ཤེས་པའི་ཕུང་པོ་ལ་རྡོ་རྗེ་སེམས་དཔའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ལ་དཔལ་ཧེ་རུ་ཀ་རྡོ་རྗེའོ།། མིག་ངག་ལ་གཏི་མུག་རྡོ་རྗེའོ།། རྣ་བ་དག་ལ་ཞེ་སྡང་རྡོ་རྗེའོ།། ་སྣ་དག་ལ་ཕྲག་དོག་རྡོ་རྗེའོ།། ཁ་ལ་འདོད་ཆགས་རྡོ་རྗེའོ།། རེག་ལྷ་སེར་སྣ་རྡོ་རྗེའོ།། སྐྱེ་མཆེད་ཐམས་ཅད་ལ་དབང་ཕྱུག་རྡོ་རྗེའོ།། སའི་ཁམས་ལ་ལྷུང་བྱེད་མའོ།། ཆུའི་ཁམས་ལ་གསོད་བྱེད་མའོ།། མེའི་ཁམས་ལ་འགུགས ་བྱེད་མའོ།། རླུང་གི་ཁམས་ལ་གར་གྱི་དབང་ཕྱུག་མའོ།། ནམ་མཁའི་ཁམས་ལ་པདྨའི་བ་ནྡན་མའོ།། དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ལྷའི་ང་རྒྱལ་བསྐྱེད་པར་བྱ་སྟེ་ཐམས་ཅད་ལའོ།། བླ་མར་ཡང་། ལུང་དང་སྤྲུལ ་བོའི་རྣལ་འབྱོར་པ།། སངས་རྒྱས་རིགས་ཅན་འབྱུང་བར་འགྱུར།། ལུང་ནི་དོར་བར་མི་བྱ་ཤིང་།། དཀོན་མཆོག་གསུམ་ཤེས་དར་མི་བྱ།། ཐོགས་མེད་ལུས་ལ་གནས་པ་ནི།། བསྟན་བཅོས་བཤད་པ་མཐོང་བའི་ཕྱིར།། རིལ ་བུ་ཁ་རུ་གཞུག་པར་བྱ།། ལུས་ཀྱི་ངག་བྱེད་བྱས་ནས་ནི།། དེ་ནས་ཕྱག་རྒྱ་ཀུན་དུ་སྤྱད་ཅེས་སོ།། ངག་བྱེད་བྱས་ནས་ནི་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་སོ།། ཡང་ན་དང་པོར་གསང་སྔགས་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷཱ ་བ་ཤུདྡྷཿསརྦ་དྷརྨྨཿསྭ་བྷཱ་ཤུདྡྷོ་ཧ་ཞེས་བསམ་པར་བྱའོ། རང་གི་སློང་གཽ་ར་རེ་ཡིག་བསྐལ་པའི་མེ་ལྟོར་བསྒོམ་པར་བྱའོ།། དེ་ལས་བྱུང་བའི་རྡོ་རྗེ་ཉི་མ་འབར་བའི་ཕྲེང་བས་འཁྲུགས་པ། དེའི་སྟེང་དུ་ཧཱུཾ་ཆེན་པོ་འཇིག་པའི ་མེ་དང་མཚུངས་པ་ར་འགྱུར་རོ།། རྡོ་རྗེ་དེས་སླར་ཡང་རྡོ་ལས་བྱུང་བའི་ཧེ་རུ་ཀར་བསམ་པར་བྱའོ།། ཞེས་བཤད་པའི་རྒྱུད་དུའོ།། ཕྱག་རྒྱ་ཁ་ཅིག་ལ་སོགས་པ།། རྣལ་འབྱོར་གནས་རྣམས་ངེས་བསྟན་བྱ།། མཚན ་ཆར་བརྗོད་ལ་མགོམ་མི་བྱ།། དམ་ཚིགས་གནས་གང་སླད་མི་བྱ།། མངོན་པར་བརྩོན་ལས་འདའ་མི་བྱ།། དེ་ཡིས་ལྷན་ཅིག་བདེ་བ་བྱ།། གྲོལ་བའི་དོན་དུ་བདེ་བ་གཟུང་ཞེས་ཏེ། མངོན་པར་བརྩོན་པ་ནི་སྒྲུབ ་པ་དང་ལྡན་པའོ།། དེ་ཡིས་ནི་མཁའ་གྲོ་མ་རྣམས་ཀྱིས་སོ།། བདེ་བ་གཟུང་བར་བྱའོ།། གྲོལ་བའི་དོན་ནི་སྐྱེ་བ་འདི་ཁོ་ན་ལ་བདེ་བ་བྱང་ཆུབ་ཀྱི་སེམས་ཏེ།། རྣལ་འབྱོར་གྱིས་ཆུང་ངུ་ཡང་གསུངས་པ། དངོས་གྲུབ་ཀུན་གྱི་གཏེར་གྱུར ་བྱང་ཆུབ་སེམས་ནི་ལྷུང་གྱུར་ན།། ཕུང་པོ་རྣམས་ཤེས་བརྒྱལ་གྱུར་ལ།། དངོས་གྲུབ་རྨད་མེད་ག་ལ་ཡིན་ཞེས་སོ།། ད་ནི་དུར་ཁྲོད་ལ་སོགས་པར་མཚན་མོ་རྒྱུ་བ་གསུངས་པ། དེ་ནས་དམ་ཚིག་སྤྱོད་བྱས་ནས།། སླར་ཡང ་རྣམ་འཁྲུལ་སེམས་དཔའ་ཉིད།། མཚན་མོ་གཅེར་བུར་ཡོངས་སུ་རྒྱུ།། རྟག་ཏུ་གནག་དང་དམར་བར་འགྱུར་ཞེས་བྱ་བ་ལ་སོགས་པས་ཐོག་མར་རང་གི་ཁྱིམ་དུ་མཉམ་པར་བཞག་པས་དམ་ཚིག་གི་སྤྱོད་པོ་སྤྱད་པར་བྱའོ།། ཀུན་སྤྱོད་དུ ་ཡང་དང་པོར་མཉམ་གཞག་རྣལ་འབྱོར་པས།། འབད་དེ་ནུས་པ་སྐྱེས་པར་བྱ།། ནུས་པ་སྐྱེས་པའི་རྗེས་ཐོག་ལ།། ཡིད་ལ་འདོད་པའི་བརྟུལ་ཞུགས་སྦྱང་།། སེམས་ཅན་རྗེས་སུ་གཟུང་བའི་རྒྱུར།། དཔའ་བོ་ཆེན་པོ་རྒྱུ་བར ་བྱེད་ཅེས་སོ།། རྣམ་འཁྲུལ་སེམས་ཅན་ཐམས་ཅད་ནི།། རྣམ་པར་འཁྲུལ་པའི་གནས་སྐབས་ཀྱི་ལུས་ཀྱི་བྱ་བའོ།། སླར་ཡང་བསམ་གཏན་ལས་ནུས་པ་བསྐྱེད་ནས། ཕྱི་ནས་སྤྱོད་པ་ཀུན་དུ་བརྩམ་མོ།། རང་སེམས ་བསྐུལ་བའི་དོན་གྱི་ཕྱིར།། ཡིད་ནི་བརྟན་ནམ་གཡོ་འམ་ཅི།། ནག་པོ་དམར་པོ་མི། ནག་པོ་ཧེ་རུ་ཀ། དམར་པོ་ཕག་མོའི་དངོས་པོར་འགྱུར་རོ་ཞེས་པ་དྲང་བའི་དོན་ནོ།། ནག་པོ་འཇིགས་པའི་ཕུང་པོར་གནས་པ་དེའི་ཚེ་མ་ཆགས་པ ་ཐམས་ཅད་སྟོང་པ་བསྒོམ་པ་པོའོ།། ངེས་པའི་དོན་ནོ།། མགུལ་རྒྱུན་གཙུག་པུད་དཔུང་རྒྱན་དང་།། རྣ་རྒྱན་ཚངས་པའི་སྐུད་པ་ཅན།། མགྲིན་པར་མགོ་བོའི་ཕྲེང་བ་འཕྱང་།། འོག་པག་སིལ་སིལ་སྒྲ་སྒྲོགས་པ།། རལ་པའི ་ཅོད་པན་དཱར་དབྱངས་དང་།། སྒྲ་སོགས་ཕྱིན་ཅི་ལོག་གིས་བརྒྱན།། རྡོ་རྗེ་པདྨ་ཁ་ཊྭཱཾ་བཅས།། ཅང་ཏེའུ་ཧཱུཾ་གི་སྒྲ་སྒྲོགས་པ་ཞེས་སོ།། དཔལ་ལྡར་རྒྱལ་བ་གཞོན་ནུའི་བརྟུལོ་ཞུགས་ཀྱི་ལམ་གསུངས་པ། རྡོ་རྗེ་པདྨ་བཅས་པ་ནི། ་རྡོ་རྗེ་ཨ་རལླིར་ཡང་། ཤིང་ལ་སེ་བྱུང་བའི་རྡོ་རྗེ་བྱས།། དེ་བཞིན་ཤིང་བྱུང་དྲིལ་བུ་ནི།། གཟུང་ནས་རྟག་ཏུ་ཡོངས་སུ་རྒྱུ།། ཧེ་རུ་ཀ་ཉིད་རབ་སྒྲུབ་ཆེ་དེ།། མི་ཡ་རུས་པའི་མགུལ་བའི་རྒྱན།། སོགས་བྱས་རལ་པའི་ཅོད་པ་ནི་སོགས།། ཕྱིན ་ལོག་རོའི་སྒྲ་ལས་སྐྱེས་ཞེས་སོ།། དཔའ་བོ་ཀུན་དང་རྣལ་འབྱོར་མ།། གོ་ཆ་གསུམ་གྱིས་བརྒྱན་པ་དང་། སྲོགས་ཚིགས་ཡན་ལག་པགས་པ་གྱོན།། བདེ་བ་དོན་གཉེར་བདེ་བསྐྱེད་བྱ།། མཆེད་ཕྱིར་ཐོགས་པ་སྤངས་ནས་ནི།། ཧེ་རུ་ཀ ་དཔལ་གཙང་སྤར་གནས།། ཕྱག་རྒྱ་ལྔ་དང་ཡང་དག་ལྡན།། སྒྲུབ་པ་པོ་ནི་དངོས་གྲུབ་བརྩོན་ཞེས་སོ།། དཔའ་བོ་ཞེས་པ་ནི་དཔའ་བོ་ཉི་ཤུ་བཞི་རྣམས་ཀྱིས་ལུས་ཀྱི་ཁམས་ལ་ལྷག་པར་གནས་པར་བྱའོ།། གསུངས་པ་ཡང་། ཐོད་པའི་དུམ ་བུ་ལ་སོགས་ཀུན།། ལུས་ཀྱི་ཁམས་ལ་བརྟགས་པའོ།། གོ་ཆ་གསུམ་ནི་ཤེས་རབ་དང་ཐབས་བདག་གི་གོ་ཆ་གཉིས་སོ།། དཔའ་མོ་རྣམས་ཀྱིས་སྤྱི་བོ་ལ་སོགས་པར་རབ་ཏུ་མ་མ་རྣམས་སོ།། ཞེས་འདི་ཉིད་དུ ་འཆད་པར་བྱེད་དོ།། དེ་བཞིན་དུ་ཡང་སྤྱི་བོར་རབ་གཏུམ་མའོ།། སྤྱི་གཙུག་ཏུ་གཏུམ་པའི་མིག་ཅན་མའོ་ཞེས་པ་ལ་སོགས་པའི་ང་རྒྱལ་བརྗོད་ལ་བསམ་པར་བྱའོ།། རྒྱུད་དུ་ལྷག་པར་གནས་པ་ལས་གཞན་དཔའ་བོ་དྲུག་ཤེ་ར་བ་དང་ཐབས་སུ ་གསུངས་སོ།། དཔའ་བོ་རྣམས་པ་རྗོད་པར་བྱ་སྟེ། དེ་བཞིན་དུ་བླ་མར་ཡང་སེན་མོ་དང་སོ་དག་ལ་ཐོད་པའི་དུམ་བུའོ།། སྐྲ་དང་སྤུ་ངག་ལ་ཀེང་རུས་ཆེན་པོའོ།། པགས་པ་དང་དྲི་མ་ལ་ཀེང་རུས་སོ་ཞེས་བྱ་བ་ལ་སོགས་པ་ལྷ་མོ་རྣམས ་དགོད་པ་བཞིན་དུ་རྟོགས་པར་བྱའོ།། དེ་ལྟར་བདག་ཉིད་རྣམས་བསམས་ནས། ཚམ་ངམ་སྔགས་ཀྱིས་ལེག་པ་བསྲུང་། རྐང་པ་བརྒྱད་པོའི་སྔགས་ཉིད་ལྡན།། ཚངས་པར་སྤྱོད་པས་རྟག་ཏུ་བཟའ་ཞེས་གསུངས་སོ།། སྲོག་ཆགས་ནི་སྟག་གོ། ་བསྐྱེད་པར་བྱ་བ་ནི་འགྲོ་བའོ།། བདེ་བ་ནི་ཇི་ལྟ་བ་བཞིན་འགྱུར་རོ།། དྲང་བའི་དོན་ནོ།། རྣལ་འབྱོར་བང་ལྡན་སྡུག་བསྔལ་བྲལ་ཞེས་སོ།། མཆོད་ཕྱིར་ཐོགས་སྐུད་པ་ལས་སྐྱེས་པ་ཡང་དག་པར་སྤངས་ནས། སྐྲ་ལས་སྐྱེས་པ ་བཅིང་བར་བྱའོ།། གཙང་སྦྲར་འདི་དག་དཔལ་ཧེ་རུ་ཀའི་རྒྱུང་ངུ་རྣམ་པ་གསུམ་དུ་གནས་སོ།། ཐལ་བ་དང་ནི་མཆོད་ཕྱི་རེ་ཐོགས།། དུས་ཀུན་དུ་ནི་རྣམ་པར་གནས།། རིགས་དང་རིགས་མནི་ངོར་མི་བལྟ།། གཙུག་ཏོར་འཆིང་བར ་བྱེད་པ་སྦྱང་།། ཞེས་པའི་རིགས་ནི་བྲམ་ཟེ་ལ་སོགས་པའོ།། རིགས་མ་ཡིན་པ་ནི་གཏུམ་མོ་ལ་སོགས་པའོ།། གཙུག་ཏོརྭ་ལ་སོགས་པ་འཆིང་བར་བྱེད་པའོ།། རིགས་དང་རིགས་མ་ཡིན་པ་རང་བཞིན་གཅིག་པ་དང་གཅེར་བུ་དང་སྐྲ་གྲོལ ་བ་ཡང་ངོ་།། སྒྲ་ཇི་བཞིན་པའོ།། ཕེཾ་ཉ་གཙང་སྦྲ་དང་པོ་སྟེ།། གཉིས་པ་ཟླ་བ་ཡིན་པར་འདོང་།། གསུམ་པ་རྣལ་འབྱོར་མ་ལྷན་ཅིག། ཟས་གཅིག་ཏུ་ནི་ཟ་བ་ཡིན།། ཞེས་པོ་ཉ་མོ་ཉིད་ཀྱིས་ལྷན་ཅིག་པའོ།། རྡོ་རྗེ་ཨ་རལླི་རུ་ཡང་། གཟུགས ་དང་ལང་ཚོ་ཕྲིན་སུམ་ཚོགས།། ཚུལ་ཁྲིམས་ཀུན་སྤྱོད་ཡོན་ཏན་ལྡན།། ཕྲག་དོག་རྨོངས་ཆགས་ལ་སོགས་སྤང་།། དེ་བཞིན་སྦྱིན་ཞིང་ངོ་ཚ་ཤེས།། བླ་མར་ཡང་། རང་ཉིད་གསང་སྟེགས་རིག་པ་སྟེ། ཐབས་གཅིག་རིག་པའི་བརྟུལ ་ཞུགས་སྤྱད་ཅེས་སོ།། ཟླ་བ་ནི་མྱོས་བྱེད་དོ།། ཀུན་སྤྱོད་དུ་ཡང་། ཟླ་བ་འཐུངས་ནས་རྟག་པ་ཡིས།། དངོས་གྲུབ་གོ་འཕང་མཆོག་ཏུ་འགྱུར་ཞེས་སོ།། བླ་མར་ཡང་། བཤང་བ་ཤ་ཆེན་ཟོས་ནས་ནི། དགའ་བ་ལྷན་ཅིག་མྱོས་བྱས་འཐུང་།། ་སེམས་གནས་འཆི་མེད་ཁང་པ་རུ།། འདྲེན་པ་དཔའ་བོ་བསྒོམ་པར་བྱ།། སྒྲུབ་པོ་གཙང་སྦྲ་འདི་ཡིས་ནཱ།། དངོ་བ་གྲུབ་རྟག་པ་ཐོབ་པར་འགྱུར།། གཙང་སྦྲ་འདི་ཙམ་ཉིད་ཀྱིས་ནི།། རྣལ་འབྱོར་པ་རྣམས་ཀུན་དུ་འགྲོ་ཞེས་སོ།། ཡན་ལག ་དང་། མགོ་བོ་དང་། ཡིད་འདིས་དངོས་གྲུབ་དྲི་མ་གསུམ་དང་བྲལ་བའོ།། ཆུ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ནོ།། བཤད་པའི་རྒྱུད་དུ་ཡང་ཟླ་བ་ཉ་དང་འཕོས་པ་དང་། ཆོས་དང་ཆོས་ལ་བརྟག་པར་བྱ།། རྣལ་འབྱོར་དྲི་མ་བསལ་བའི ་ཁྲུས་བྱ་འམ་ཡང་ན་མི་བྱའོ་ཞེས་སོ།། བྱ་བ་གཞན་ལ་སོགས་པ་ཡང་གསུངས་པ།། བརྗོད་པ་བཟླས་པས་ཀུན་དུ་བཤད།། ཡན་ལག་བསྐྱེད་སོགས་ཕྱག་རྒྱ་སྟེ།། ལྷ་ཡི་རྣལ་འབྱོར་དམིགས་ནས་ནི།། གང ་ཕྱིར་རྟག་ཏུ་གནས་པར་བྱ།། མང་དུ་བརྗོད་པས་ཅི་ཞིག་བྱ།། འཇིག་རྟེན་བྱ་བ་གྲང་ལ་གནས།། རྡོར་སེམས་གོ་འཕང་ཐོབ་དོན་དུ།། ཕྱིན་ཅི་ལོག་གིས་གནས་པར་བྱ།། རིགས་བཞི་ལ་ནི་སློངས་མོ་སྤང་།། མཁས་པས་ཕྲུ་བ་ཆག། ་བར་ནི།། བཟའ་བྱ་ཆུ་ཀླུང་འགྲམ་དུ་ནི།། རང་སེམས་རབ་ཏུ་གསལ་བར་བྱ། བྱི་ལཱིའི་རྐང་པ་ཙམ་གྱིས་ནི།། བསོད་སྙོམས་གཟུང་ནས་བླ་བཟངས་ལྡན།། བླངས་པོ་ཉིད་བཅས་བཟའ་ཞིང་།། མ་བྱོ་ནི་རྟག་ཏུ་བླང་བར་བྱ།། མི་ཡི ་གཡོན་ནས་བསྐོར་བྱ་ཞིང་།། རབ་མྱོས་སྐྱེ་བོའི་གཡས་ནས་སོ།། མ་ངེས་པ་ཡིས་ཁྱིམ་དུ་གནས།། འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད།། དེ་ནས་འདིར་ནི་ལྷ་མཆོད་པ།། ཆུ་ཀླུང་འགྲམ་དང་ནགས་ཡུལ་དུ།། བདག་གི་ལྷ་ཉིད ་མཆོད་པར་བྱ།། བོདག་གིས་གསང་སྔ་གས་ཡང་དག་བརྗོད།། མེ་ཏོག་ལ་སོགས་ལྡོག་གནས་བྱ།། མི་གང་ཕྱག་རྒྱ་འགོམ་མི་བྱ།། འཇུག་བྱ་མངོན་པར་དགའ་མི་བྱ།། འགྲོད་བྱིའི་གཞོན་ནུ་མ་རྟག་བཏང་།། བློ་ལྡན་བགྲོང་བྱ་མིན ་པ་བསྟེན།། དེ་བཞིན་ཉན་ཐོས་སྐལ་ངན་ལ།། ཡིད་བརྟན་པ་ཉིད་མི་བྱའོ།། ཟད་བྱེད་པ་དང་ཐོད་ཅན་ཉིད།། དེ་བཞིན་རལ་པ་འཚོད་ཉིད་ལང་ཞེས་སོ།། གདིང་བའི་དམ་ཚིག་ནི་བགོས་པའོ།། འཕངས་ཀྱི་དམ་ཚིག་ནི་གང་ཟག ་རྣམས་ཀྱིས་སོ།། སྟན་གྱིས་དམ་ཚིག་ནི།། སྒྲོག་རྒྱགས་ཁྱི་ག་ཞམ་པར་མི་བྱའོ།། བརྗོད་པར་བྱ་བ་ནི་བརྫུན་རླིག་མ་ཡིན་པའོ།། མ་བྱིན་པ་ནི་གཟུང་བ་མ་ཡིན་པ་ཁ་ན་ལ་སྟེ། གཞན་གྱི་ཆུང་མ་བསྟེན་པར་མི་བྱའོ།། ཉན ་གཉིད་ལོག་མཚན་དུས་སུ།། སད་ལས་ཤིན་ཏུ་མཉམ་པར་བཞག། ཤུ་ཆེན་མོ་ནི་ཟ་བོར་བྱེད།། ཆུ་ཆེན་རབ་ཏུ་འཐུང་བྱེད་དང་ཞེས་སོ།། སྒྲ་ཇི་བཞིན་པའོ།། དེ་ཉིད་བསྡུས་ལས་གང་རབ་གསུངས།། མཆོག་གི་དང་པོ ་འཕྲོག་བྱེད་རྒྱུད་།། གསང་བའི་རྒྱུད་དུ་ཡང་དག་བཤད།། རྡོ་རྗེ་འཇིགས་བྱེད་ཀྱི་རྡོ་རྗེར།། དརྟུལ་ཞུགས་བྱ་བ་སྦྱོང་བཟླས་པས།། དངོས་གྲུབ་ཉིད་སྒྲུབ་བརྟུལ་ཞུགས་ཅན།། དེ་འདིར་བསམ་གཏན་ཙམ་གྱིས་ནི།། ་སྔགས་པོས་སྙིད་ཅིག་ལས་བསྒྲུབ་བྱ་ཞེས་པ་ནི།། དེ་ཉིད་བསྡུས་པ་ཞེས་པ་གཉིས་ཀའི་རྒྱུང་ངོ་།། མ་ཆོག་གི་དང་པོ་ནི་རྟོག་པ་རུའོ།། འཕྲོག་བྱེད་རྒྱུད་དུ་ནི་རྟ་མགྲིན་གྱི་རྒྱུང་ངུ་འམ་གསང་བའི་རྒྱུད་དུ་འམ་ཐུན་མོང་མ་ཡིན་པའི་གསུང ་བཻ་རུའོ།། བསམ་གཏན་གྱིས་ནི་འདིར་སྤྱོད་པ་ལ་སོགས་པ་དང་བྲལ་བས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་བརྗོད་དོ།། འདིས་རྒྱུད་ཀྱི་བདག་ཉིད་ཆེ་བ་ཉིད་སྨོས་སོ།། སྒྲ་ཇི་བཞིན་པའོ།། ཤིན་ཏུ་སྤྲོས་པ་མེད་པའི་སྤྱོད ་པའོ།། ད་ནི་རང་བྱིན་གྱིས་བརླབ་པ་ཤིན་ཏུ་རིག་པའི་རིམ་པས་སྤྱོད་པ་བརྗོད་པར་བྱ་སྟེ། རྣལ་འབྱོར་ལམ་དགའ་རྣལ་འབྱོར་པ།། གཙང་སྦྲ་འདི་ནི་ཀུན་དུ་སྦྱང་།། གཙང་སྦྲའི་བསོད་ནམས་གང་འགྱུར་བ།། དེ་ནི་སྒོ ་བར་ནུས་མ་ཡིན།། ཞེས་བྱ་བ་ལ་སོགས་པས་སོ།། འདིར་བརྗོད་པ་གསུམ་དང་། འཆང་བཞིན་པ་ཡི་བཞི་པའོ།། ཧེ་རུ་ཀ་དཔལ་ཡེ་ཤེས་ཆེ།། རྣམ་དགུ་དངོས་གྲུབ་ཐམས་ཅད་སྦྱིན།། བདེ་བའི་ཆུ་བ་ཐུངས་པ་ཉིད ་ལསཿསྒྲུབ་པ་གཉིས་མེད་རྣལ་འབྱོར་ལྡན་ཞུས་པོ་ལ་དཔལ་ཧེ་རུ་ཀ་ནི་དམྱིགས་པ་དང་བཅས་པའི་སྟོང་པ་ཉིད་དོ།། ཡེ་ཤེས་ཆེ་ནི་དམིགས་པ་མེད་པའི་སྙིང་རྗེའོ།། རྣམ་དག་ནི་དེ་གཉིས་འོད་གསལ་བའོ།། དངོས་གྲུབ་ཐམས་ཅད་སྦྱིན ་པ་དེའི་ཆུ་ནི་བདེ་བ་ཉིད་ཁོ་ན་ཆུ་སྟེ། ཁུ་བའི་གཟུགས་དང་བ་ཉིད་ལས་སོ།། འཐུངས་པ་ལས་ནི་སྣང་བ་མེད་པར་བྱེད་པ་ལས་སོ།། གཉིས་མེད་ནི་གཉིས་མ་ཡིན་པ་ལ་དེར་བརྗོད་དོ།། དེ་བཞིན་དུ་ཡང་གསུངས་པ། དམ་ཚིག ་ཟླ་བ་བདུད་རྩི་དེ་ཟ་བ་ནི་འཕོ་མོད་ཡིན།། དགོངས་པ་མ་ཡིན་པའོ།། བྱང་ཆུབ་སེམས་ནི་གང་སྲུང་བ།། ངག་བྱེད་སྡིག་པ་འཇིགས་བྱེད་པའོ།། སྡིག་པ་ཐམས་ཅད་རྣམ་ངེས་གྲོལ།། དག་པའི་ལུས་ནི་ནད་མེད་པ་ཞེས་པས་ཟུང ་འཇུག་གསུངས་སོ།། བྱང་ཆུབ་ཀྱི་སེམས་ནི་ལྷའི་རྣལ་འབྱོར་རོ།། ཕྱི་རོལ་ཏུ་འགྱུར་བ་མེད་པའི་དོན་ནོ།། བྱང་ཆུབ་ཀྱི་སེམས་ནི་རླུང་གི་ཡན་ལག་བསྡུས་པའོ།། བྱང་ཆུབ་ཀྱི་སེམས་ནི་ཟླ་བར་འགྱུར་རོ།། སྦས་པའོ།། བྱང་ཆུབ ་ཀྱི་སེམས་ནི་མཆོག་གི་དེ་ཁོ་ན་ཉིད་སྟོང་པ་ཉིད་དོ་ཞེས་པ་ཡང་ཐོར་ཐུག་པོའོ།། བསྲུང་བར་བྱ་བ་ནི་བསྐྱེད་པར་བྱ་བ་སྟེ་སློབ་དཔོན་གྱིས་ཞབས་ཀྱིས་ཀྱང་གསུངས་པ། ཤིན་མཉམ་གཞག་བྱང་ཆུབ་སེམས།། འབད་པས་བསྐྱེད་པར་བྱ་བ ་ཡིན། འཁོར་བར་བྱ་བར་རབ་སྒྲུབ་ཕྱིར།། ཐབས་གཞན་ཡོད་པ་མ་ཡིན་ནོ།། སྐྱེས་གང་སྐད་ཅིག་གཅིག་ཉིད་ལ།། བྱང་ཆུབ་སེམས་ནི་རབ་བསྒོམ་པ།། དེ་ཡི་བསོད་ནམས་ཕུང་པོ་ནི།། བགྲང་བར་ནུས་པ་མ་ཡིན་ནོ།། དག་པའི་ལུས ་ནི་རྣམ་པར་དག་པའི་ལུས་དང་། ངག་དང་། ཡིད་དང་། ཡེ་ཤེས་དང་ལྡན་པའོ།། གསུངས་པ་ཡང་། རྒྱུ་དང་འབྲས་བུ་འགོག་པ་ལས།། རྒྱལ་བའི་ལུས་དང་དབང་པོ་བཞིན།། གསུང་དང་ཐུགས་དང་བདེ་བའང་གཞན།། ཕུང་པོའི ་པ་གཞན་པའོ།། དགོངས་པ་མ་ཡིན་པའོ།། དེ་ནས་ཕོ་ཉ་མོ་རྣམས་གང་། རེག་དང་སྨྲ་བས་ཀུན་དུ་སྦྱང་།། ཉོན་མོངས་ཐམས་ཅད་རྣམ་ངག་བདག། བང་པར་གཤེགས་པའི་ས་ཐོབ་བྱེད།། རྒྱལ་བའི་དབང་པོ་སྐྱེ་འགྱུར་ཞིང་།། ་ཆོས་ལྡན་རྒྱལ་པོའི་རིགས་སུ་འགྱུར།། རྡོ་རྗེ་རྟག་ཏུ་མཆོད་བྱས་ནས།། རང་ཉིད་གུས་པར་གཽཏྟོ་མ་སྦྱི་ནི་ཞེས་པ་ནི།། རེག་པ་ངེས་པར་རྟོག་པ་དང་། ཀུན་དུ་སྨྲ་བ་ཐོབ་པ་ཉིད་ནི་ཕོ་ཉ་མོ་ནི་རིགས་ལྡན་མོའོ།། རྣོ་བའི་རྒྱུད་དུ་ཡང་། ་ཁྲག་ནི་ཤེས་རབ་ཟླ་རྟག་ཏུ།། ཐབས་དེ་ཉི་མ་ཉོན་མོའོ།། གཉིས་ཀ་ལ་གཞན་སྟོང་པ་ཉིད།། རིག་ས་ལྡན་མ་ཞེས་ངེས་པར་བརྗོད།། རྟག་ཏུ་འཇིག་རྟེནི་བདེ་བ་ཆེ།། དགོངས་པའོ།། ཀུན་དུ་སྤྱོད་པར་བྱ་བ་ནི་དམིག་སཱ་པ་མེད ་པས་བསྒོམ་པར་བྱ་བའོ།། འཕགས་པའི་ཞབས་ཀྱིས་ཀྱང་གསུངས་པ། སྐྱེ་བ་མེད་ཅིང་དམགས་མེད་དང་།། སྟོང་ཉིད་གང་ཞིག་བསྒོམ་པར་བྱེད།། ཞན་པའི་བདག་ཉིད་དེ་བསྒོམ་པ།། འདི་ནི་དམིགས་པ་མེད་པའི་སེམས ་གནས་པ་ན་མཁའི་མཚན་ཉིད་དོ་ཞེས་སོ།། ཉོན་མོངས་ཐམས་ཅད་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་སོ།། བདེ་བར་གཤེགས་པ་ནི་བཅུ་གསུམ་པ་སངས་རྒྱས་ཀྱིས་ཀུན་དུ་བཟང་པོ་ལ་སོགས ་པའོ།། གསུངས་པ་ཡང་། རྡོ་རྗེ་འཛིན་པ་དགེ་བའི་ས།། བཅུ་གསུམ་པར་ཡང་རྣམ་པར་བཤད།། གྲུ་གསུམ་རྣམ་པའི་ཆོས་འབྱུང་བ།། དེ་ནི་བྷ་གར་བརྗོད་པར་བྱ།། སྐྱེ་བ་ནི་དེ་ནས་ཐོབ་པའོ།། རྒྱལ་བའི་དབང་པོ་རྣམས་ནི་ཐུབ་པ་རྣམས ་སོ། རྒྱལ་པོ་ནི་འཁོར་ལོ་སྒྱུར་བའོ།། རྒྱུད་གཞན་དུ་ཡང་གསུངས་པ། རྣལ་འབྱོར་དབང་པོ་རབ་ཏུ་གཡོ་བའི་ཡིས་ཀྱིས་རྣལ་འབྱོར་མ་ཐོབ་ནམ་ཞིག་འཆི་བར་གྱུར་པ་ན། དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་གྲུབ་པའི ་རིགས་སུ་རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར་ཞེས་སོ།། ཆོས་དང་ལྡན་པ་ནི་མི་དག་པ་བཅུ་དང་བྲལ་བའོ།། རྡོ་རྗེ་མཆོད་པ་ནི་མྱོས་བྱེད་དང་བསམ་གཏན་ནོ།། དཔལ་འདུས་པ་ཕྱི་མར་ཡང་། མྱོས་བྱེད་རིགས་ནི་དབྱེར་མེད་པ། ་རིགས་མའམ་པདྨའི་ཕྱག་རྒྱའོ་ཞེས་སོ།། དཔལ་རྡོ་རྗེ་མཁ་འགྲོར་ངེས་པར་བསྟན་པ།། ཆང་ནི་ཟླ་བ་ཞེས་སུ་གྲགས།། རྡུལ་ནི་ཉི་མ་ཞེས་བཤ་།། རབ་འཇུག་རོ་མཉམ་དངོས་པོར་རོ།། བྱིན་གྱིས་བརླབ་པ་གོ་འཕོང་སྤྱོད་ཅེས ་ཕྱི་མར་རོ།། གཏོར་མ་ནི་བགེགས་ཀུན་རྣམ་པར་འཇོམས་བྱེད་པ་ཞེས་སོ།། བླ་མར་ཡང་། རྐང་པ་གཡས་བརྐྱང་སྦྱར་བ་ཡིས།། འབར་བའི་ཕྱག་རྒྱ་བཅིང་བར་བྱ།། ཁ་ནི་དམ་ཚིག་གིས་བཀང་ནས། འདི་ལྟའི་གསང ་སྔགས་རྗེས་དྷན་བྷུ།། ཨོཾ་ཨ་ར་མྲྀ་ཙྪཿཛ། བྷཱུབ་ཙཿབཛྲཊ་ཀཱིནྡཿས་མ་ཡ་སྟུ་ཎྜི་ཤྭཧྞ། དེ་ལྟར་ལན་གསུམ་བཞི་འམ་ལྡར།། ཡང་ནས་ཡང་དུ་བརྗོད་པར་བྱ།། ལུགས་འཐུན་ལུགས་དང་མི་མཐུན་པས།། ཐོད་པར་སྦྱིན་པར། ་བྱབའོ།། གཙྪང་སྦྲའོ།། རྡོ་རྗེ་ཐལ་མོ་གྱེན་ཕྱེ་ལྀ། སྔགས་འདི་བཟླས་པར་བྱ་བའོ།། ཨ~ཾ་ག་ག་པྣ་ཧྣི་ཁཱ་ཧྲི་སརྦ་ཡཀྵ་རཱཀྵ་ས་དྷུ་ཏེ་པྲེ་ཏ་པཾ་ཤཱཿ་ཨུནྡུ་། ཨ་བསྨཱ་ར་ཌཱ་ཀཱིནྟ་ད་ཡཿོཾ་མཾ་བ་ལི་གྲཱྀདྷཱནྟུ་ས་མ~ཾ་ཡ་རཀྵནྟུ་མ་མ་སིདྡྷིནྡོ་ཡཙྪནྟུ ་ཡ་ཐེ་ཝ། ཡ.ེཥྚཾ། བྷཱཉྫ་ཐ། བི་བཿ། ཛིགྷྲ་ཐ། མཱ་ཏི་ཀྲ་མ་ཐ། མ་མ་སརྦ་ཀཱ་ར་ཏ་ཡཱ་སཏ་སུ་ཁ་བི་བྲྀདྡྷ་ཡེ་ས་ཧ་ཡི་ཀཱ་བྷི་དཙྪ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱི། དེ་ལྟར་ཆོ་ག་འདི་ཡིས་ནི།། ཐུན་མཚམས་བཞི་རུ་སྦྱིན་པར་བྱ་ཞེས་པ་དྲང་པའི་དོན་ཏོ།། ་གཏོར་མ་སྦྱིན་པར་བྱའོ།། བཟའ་བར་བྱའོ།། དེ་ཉིད་དུ་ཤ་བཟའ་བར་བྱ་བའི་དོན་དུ་མཐའ་གཅིག་ཏུ་བདེ་བར་ཀུན་ཏུ་གནས་ཏེ་མཉམ་པར་གཞག་པའི་སྦྱོར་བ་ནི་ཐམས་ཅད་ཁོ་ནས་བཟའ་བར་བྱའོ་ཞེས་པ་ངེས་པའི་ངེས་པའི་དོན་ནོ།། རང ་རང་ལས་ལ་གང་གསུངས་བཞིན།། ཆོ་ག་སྦྱར་ལ་སྦྱིན་པར་བྱ།། ནག་པོའི་ཕྱོགས་ཀྱི་བཅུ་བཞི་པ་འམ།། དཀར་པོ་འམ་དེ་ནས་ཕོ་ཉ་མོ།། མྱུར་དུ་དངོས་གྲུབ་ཕྱེད་པ་ནི།། རབ་ཏུ་འབད་པས་མཆོད་པར་བྱ།། རྡོ་རྗེ་མཆོད་པའི ་ཆོ་ག་ཡིས།། དེ་བཞིན་མྱོས་བྱེད་ཤ་སོགས་ཀྱིས།། ཞེས་པས་རྣལ་འབྱོར་མའི་མཆོད་པ་གསུངས་ཏེ། རང་ལས་ཤེས་པ་སོ་སོའི་ལས་ཀྱི་རྗེས་སུ་འབྲངས་ནས་གཏོར་མ་སྦྱིན་པར་བྱའོ།། བཅུ་པ་ལ་སོགས་པ་རྫོགས་པ ་དྲུག་གཟུང་བར་བྱའོ།། ཀུན་སྤྱོད་དུ་ནུག་པོའི་ཕྱོགས་ཀྱི་བ.རུ་པ་དང་། དེ་བཞིན་དཀར་པོའི་ཕྱོགས་ལང་འགྱུར།། དེ་ནས་ཀྱི་སྒྲ་ལས་རྒྱལ་ཅན་གྱི་བཅུ་པ་བཟུང་བར་བྱ་སྟེ།། ཀུན་སྤྱོད་དུ་ཡང་། རྒྱལ་གྱི་ཟླ་བ་སོགས ་བརྩམས་ནས། བཅུ་པ་ལ་ནི་གུས་པས་མཆོད།། དམ་པའི་སྐྱེ་བོ་ཀུན་འདུས་ལ།། དངོས་པོ་དམ་པ་ཐམས་ཅད་དབུལ།། དེར་ནེ་རཱི་རུའང་བཟའ་བྱ་ཞིང་།། སྣོད་གཉིས་མ་ལུས་ཀུན་དུ་གནས།། དེ་ཡི་ལག་ཏུ་འོངས་པའི་དཔལ།། སུ་ཡིས ་ཀྱང་ནི་གཞོམ་མི་ནུས་ཤེས་ཏེ་སྒྲ་ཇི་བཞིན་པའོ།། པུཎྜ་ལ་སོགས་པར་གཙོ་བོ་བཟང་།། མཁའ་འགྲོ་མ་བརྒྱད་ཁོ་ན་དེ་ལྟར་གནས་པ་ཡང་།། རྡོ་རྗེ་ལྷ་མོ་མྱོས་བྱེང་རྣམས་དང་ཤ་ཡིས་ཀྱང་།། དཔལ་གསང་མཆོད་པ་ལ་སོགས་རྣམས་ཀྱིས ་ཕྱོགས་ཅིག་ཏུ། སྐྱེ་བོ་གུས་པ་ལྡན་པས་དེ་རྣམས་མཆོད་བྱས་པ། ཧེ་རུ་ཀ་དཔལ་མངོན་པར་མཉེས་གྱུར་པ།། རང་གི་ཕོ་ཉ་མཆོག་དང་རྣལ་འབྱོར་པ་རྣམས་ལ།། མགུ་བའི་སེམས་ཀྱིས་མཆོག་ནི་སྩོལ་བར་འགྱུར་ཞེས་སོ།། དེ་རྣམས ་དུ་ཞིག་ན་སུམ་ཅུ་རྩ་བདུན་ནོ།། པོ་ཉ་ཕྱོགས་འབའ་ཞིག་ཏུ་མོ་ཟད་ཀྱིས་རྣལ་འབྱོར་པ་ལ་མཆོག་སྩོལ་བར་འགྱུར་རོ་ཞེས་སོ།། མཚན་མོ་སྐྲ་གྲོལ་གཅེར་བུར་གྱུར།། དཎྜལ་བུགས་ཅན་གྱིས་གཏོར་མ་སྦྱིན།། ཕྱག་རྒྱ་ཧ་རུ་ཀར་སྦྱོར ་བས།། དེ་ནིམ་མོ་རྣམ་གཉིས་འགྱུར་ཞེས་སོ།། བརྟུལ་ཞུགས་ནི་རིག་མའི་བརྟུལ་ཞུགས་བཟུང་པོའོ།། ཕྱག་རྒྱ་ནི་འབར་བའི་ཕྱག་རྒྱའོ།། སྦྱོར་བས་ནི་ལས་ཀྱི་རྗེས་སུ་འབྲིང་ངོ་།། སླར་ཡང་། གནས་ནི་མཐོན་པོར་རྣལ་འབྱོར་པས ་གཅེར་བུ་སྐྲ་གྲོལ་གྱུར་ནས་ནི།། ལྷོ་ཕྱོགས་ཁ་བལྟས་འདུག་པ་ཡིས།། ཇི་ལྟའི་ལས་ཀྱི་རྗེས་འབྲང་བས།། དེ་ཉིད་གསུམ་གྱིས་མངོན་བསྔགས་ཏེ།། མཚན་ཕྱེད་དུས་སུ་གཏར་མ་སྦྱིན་ཞེས་སོ།། དྷ་ནཱི་རྡོ་རྗེའི་སྡོམ་པ་བརྗོད་པར་བྱ་སྟེ།། དེ་བཞིན ་དུ་རྡོ་རྗེ་མཁའ་འགྲོར་གསུངས་པ།། སངས་རྒྱས་ཆོས་དང་དགེ་འདུན་ལ།། རྟག་པར་བདག་ནི་སྐྱབས་སུ་མཆི།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན།། བདག་ལ་དགོངས་པར་མཛད་དུ་གསོལ།། བདག་མིང་ཆེ་གེ་ཞེས་བགྱི་བས།། དུས་འདི་ནས་གཟུང ་ཇི་སྲིད་དུ།། བྱང་ཆུབ་སྙིང་པོར་གནས་ཀྱི་བར།། ཇི་ལྟར་དུས་གསུམ་མགོན་པོ་རྣམས།། རྫོགས་བྱང་ཆུབ་ཏུ་ངེས་མཛོད་པ།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། རྣམ་གསུམ་ཚུལ་ཁྲིམས་བསླབ་པ་ཡང་།། ་དགེ་དང་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱའི་ཚུལ་ཁྲིམས་དང་།། བདག་གིས་བརྟན་པོར་སོ་སོར་གཟུང་།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། དཀོན་མཆོག་མཆོག་གསུམ་བླ་ན་མེད།། སངས་རྒྱས་རྣལ་འབྱོར་ལས་སྐྱེས་སྡོམ།། དེང་ནས་བརྩམས ་ཏེ་བཟུང་བར་གྱི།། རྡོ་རྗེ་ཆེན་པོའི་རིགས་བསྡུས་ལ།། རྡོ་རྗེ་དྲིལ་བུ་དང་ཕྱག་རྒྱ།། དེ་ཉིད་ལས་ནི་སོ་སོར་གཟུང་།། སློབ་དཔོན་ཡང་ནི་གཟུང་བར་བགྱི།། རིན་ཆེན་ཆེན་པོའི་རིགས་རུང་བ།། དམ་ཚིག་ཡིད་དུ་འོང་བ་ལེ།། ཉི་མ་ཉི་མར ་དྲུག་བྱས་ནས།། སྦྱིན་པ་བཞི་ནི་རབ་སྦྱིན་བགྱི།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་ཆེན་དག་པ་ལ།། ཕྱི་དང་གསང་བ་ཐེག་པ་གསུམ།། དམ་ཆོས་སོ་སོར་གཟུང་བར་བགྱི།། ལས་ཆེན་པོ་ཡི་རིགས་བསྡུས་ལ།། སྡོམ་པ ་ཐམས་ཅད་ཡང་དག་ལྡན།། དེ་ཉིད་ལས་ནི་སོ་སོར་གཟུང་།། མཆོད་པའི་ལས་ནི་ཅི་ནུས་བཞིན།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་བགྱིས་ནས།། སེམས་ཅན་ཀུན་གྱི་དོན་གྱི ་ཕྱིར།། སྡོམ་པ་མཐའ་དག་གཟུང་བ་དང་།། མ་བསྒྲིལ་བ་རྣམས་བསྒྲལ་བར་བགྱི།། མ་གྲོལ་བ་རྣམས་བདག་གིས་དགྲོལ།། དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལ་དགོད།། དེ་ལ་དང་པོར་བདེ་བས ་ཉེ་བར་ཞུགས་ཏེ། ལྕེ་ལ་མ་ལས་སྐྱེས་པའི་ཟླ་བ་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་རྣམ་པར་བསམས་ནས།། རྡོ་རྗེ་ཐལ་མོ་སྤྱི་བོར་བཅིངས་ཏེ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ་ཧཾ། ཞེས་བརྗོད་ནས་སྡོམ་པ ་གཟུང་བར་བྱའོ།། དེ་ནས་རས་རིས་ལ་སོགས་པ་ལ་གནས་པ་འམ།། མངའ་བདག་ཡང་དག་པར་མཆོད་ནས།། ཐོག་མ་བ་རོ་དང་ཐ་མར་ནི།། གསང་སྔགས་ཡི་གི་བརྒྱ་པ་བཟླས།། དེ་བཞིན་དུ་ཡང་བླ་མར་གསུངས་པ། ཨོཾ ་བཛྲ་ཧེ་རུ་ཀ་ས་མ་ཡ་མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ་སུ་ཏོ་ཥྱོ་མེ་བྷ་བ་ཨ་ནུ་རཀྟོ་མེ་བྷ་བཱ་སརྦ་སི་དྷིམྨེ་པྲ་ཡནྡྷེ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧུ་ཧ་ཧོཿབྷ་ག་བན་བཛྲ་ཧེ་རུ་ཀ་མཱ་མེ་མུཉྩ་ཧེ་རུ་ཀ་བྷཱ་བ་མཱ ་ཧཱ་ས་མ་ཡ་སཏྭ་ཨཿཧཱུཾ་ཕཊ། དེ་ལྟར་ཀུན་ལ་ཁྱབ་པ་ཡི།། བཅོམ་ལྡན་ཡི་གེ་བརྒྱ་པའོ་ཞེས་སོ།། དེ་ནས་ཏིང་ངེ་འཛིན་གསུམ་གྱིས།། བརྟགས་པའི་རྣལ་འབྱོར་བསྒོམ་པར་བྱའོ།། རྡོ་རྗེ་ཕག་མོའི་རང་བཞིན་ཉིད་ཀྱིས་སིན ་དྷུར་བསྒྲུབ་པར་བྱའོ།། གྲུབ་པ་ཤཱ་བཱར་ལ་སོགས་པས་སྦྱར་བའི་ཚོགས་འཛིན་པའི་དུས་སུ་ཤིན་ཏུ་ཕྱིས་པའི་མེ་ལོང་གི་མཐིལ་དུ་སནི་དྷཱ་ར་བཏབ་ནས་གསེར་གྱི་ཐུར་མས་ཟུར་དྲུག་པ་བྱིས་པའི་དབུས་སུ་གསང་སྔགས་བྲིས་ནས་ཕྱི ་རོལ་གྱི་ཟུར་དུ་དགའ་བ་འཁྱིལ་པའི་ཕྱག་རྒྱ་བྲི་བར་བྱའོ།། ཉེ་བར་སྤྱོད་པ་ལྔ་ལ་སོགས་པས་མཆོད་ནས་བཟླས་ཏེ་གཤེགས་སུ་གསོལ་བར་བྱའོ།། སིན་དྷཱ་ར་དེ་ཟངས་ཀྱི་སྣོད་དུ་བཞག་པར་བྱའོ།། དེ་ནས་ལཱརྒ་ལིའི ་སྐྱབས་ཀྱི་དབུས་སུ་བཅུག་ན་ཇི་སྐད་གསུངས་པའི་དམ་ཚིག་གིས་ཡང་དག་པར་མཆོད་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དག་ལ་བྱིན་ཅིག་ཅེས་ཕྱག་འཆེལ་བར་བྱའོ།། དེ་ལྟར་ཟླ་བ་དྲུག་ཏུ་ཉི་མ་སོ་སོར་བྱས་ནས་མཐར་རྣལ ་འབྱོར་མ་རྣམས་བཟའ་བ་དང་། བཏུང་བས་ཀུན་ཏུ་ཚིམ་པར་བྱའོ།། སྤྱོད་པ་ལ་འཇུག་པའི་གནང་བ་དང་དངོས་གྲུབ་ཀྱང་གསོལ་བར་བྱའོ།། དེ་སྨྱོན་པའི་སྤྱོད་པ་སྤྱད་པར་བྱ་སྟེ། ཐོད་པ་གཟུང་ནས་དཾ་སཱིན་དྷུ་རས་དགའ ་བ་འཁྱིལ་པའི་ཐིག་ལེ་བྱས་ཏེ་སྲང་བུ་ཐོགས་ལ་ཚོངས་དུས་དང་། ཁྲོན་པ་དང་ཉེ་བར་བུད་མེད་རྣམས་རྣམ་པ་མང་པོས་གཡོན་ནས་བསྐོར་བས་བསྐོར་བར་བྱའོ།། སྔགས་ཀྱང་བཟླས་པར་བྱའོ།། གང་ལ་ཐིག་ལེའི་མནན་པ ་མཐོང་བ་དེ་མཉེས་པར་བྱེང་ངོ་།། ཟླ་བ་དྲུག་གིས་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ།། མཉམ་པར་མ་བཞག་པའི་སྦྱོར་བས་བསྒོམ་པར་བྱའོ།། ཞེས་པ་ནི་སྒོམ་པོར་བྱེད་པ་ན་ཅེར་བུ་འམ་གལ་ཏེ ་གཅེར་བུ་མ་ཡིན་པ་རུང་སྟེ། གང་དུ་ཇི་ལྟར་གསུངས་པ་དེ་ལྟར་དེར་རོ།། གཏོར་མི་ཆོ་གའོ།། །། ནང་གང་གི་གཏོར་གསུངས་པ། རྡོ་རྗེ་མཆོད་པ་རྣམ་དག་བདག། རི་བོང་ཅན་དུ་ཐིག་ལེ་འཆང་།། མྱ་ངན་འདས་བྱུང ་དཔའ་བོ་ནི།། དེ་ནས་བདག་ཉིད་མཆོད་པར་བྱ།། ཞེས་པ་ནི་དག་པ་ནི་ཆགས་པ་དང་ཆགས་པ་མ་ཡིན་ལྷས་དག་པ་དག་ཡོད་པ་མ་ཡིན་ནོ་ཞེས་བརྗོད་དོ།། ཆགས་ལ་ཞེན་པ་ཞེས་སོ།། མྱ་ངན་འདས་བྱུང་ནི་གསལ་བར་ཧེ ་རུ་ཀར་ཡང་དག་པར་བྱུང་བའོ།། ཀུན་སྤྱོད་དུ་ཡང་ཧེ་རུ་ཀ་དཔལ་མྱང་འདས་བྱུང་།། དྲུག་པ་སེམས་ཀྱི་སྤྲུལ་པ་ཡིན།། དག་པའི་ཆོས་ཀྱི་སྤྲུལ་པ་ནི།། པགྲ་མོའི་གཟུགས་སུ་གསྟན་པ་ཡིན་ཞེས་སོ།། དཔའ་བོ་སྔོན་པོ ་འམ། དགོངས་པའོ།། སངས་རྒྱས་སོགས་རྣམས་དཔཀྐ་རྣམས།། རྣལ་འབྱོར་མ་རིགས་འདྲེན་པ་མོ།། ཟླ་བ་འདུས་པ་ལེགས་གནས་པའི།། སྤྱོད་པའི་སྤྱན་ནི་མཆོད་པར་བྱ།། སྤྱོད་པའི་སྤུན་ནི་རྡོ་རྗེ་སྤུན་རྣམས་སོ།། ་ཟླ་བ་འདུས་པ་ལེགས་གནས་པ་ནི་དམ་ཚིག་ཅན་དུ་གསལ་ལོ།། སྤུན་རྣམས་ཀྱིས་དང་རང་གི་བུ་རྣམས་ཀྱིས་ལྷན་ཅིག་ཏུ་བདེ་བ་དང་སྡུག་བསྔལ་རྗོད་པོར་བྱེད་ཀྱིས་དེ་རྣམས་ལ་སྔགས་དང་ཕྱག་རྒྱ་ལ་སོགས་པ་དང་སངས ་རྒྱས་ཀྱི་ཡེ་ཤེས་རབ་ཏུ་གསལ་བར་བྱ་བ་ནི་མ་ཡིན་ནོ་ཞེས་སོ།། དེ་རྣམས་ཀྱི་ཕ་མ་དང་འབྲེལ་པ་དེ་རྣམས་ལ་གསང་སྔགས་སྦྱིན་པར་མི་བྱའོ།། རྣལ་འབྱོར་གྱི་རྒྱུད་དུ་ཡང་། ལྷ་མོ་སྦས་པ་དེ་གཟུངས་བྱ།། ་ཕ་དང་བུ་ཡིས་ཡིད་བརྟན་མིན།། སྒྲ་ཇི་བཞིན་པའོ།། དེ་རྣམས་ཀྱིས་ལྷན་ཅིག་ཏུ་ནཱཾ་རུ་བཟའ་བར་མི་བྱའོ།། དམ་ཚིག་སྤྱོད་པ་སུན་འབྱིན་པ་འདི་རྣམས་ལ་སྔགས་ལ་སོགས་པ་སྦྱིན་པར་མི་བྱའོ།། ཉེ་བར་བསྟན་པ་ཉམས་མི ་བྱ་ཞེས་ཏེ་འབྲེལ་པར་གྱུར་པ་དེ་རྣམས་ཀྱིས་དང་སློབ་དཔོན་གྱི་བུ་དད་པ་མེད་པ་རྣམས་དམ་ཚིག་གི་སྤྱོད་པ་སུམ་ཞེསལ་པོའི་ན་བཟའ་ཅན་གྱི་ཞབས་ཀྱིས་སོ།། དམ་ཚིག་ཅེས་པོ་ནི་བསྲུང་བར་བྱ་བ་དང་བཟའ་བར་བྱ་བའི་མཚན ་ཉིད་དོ།། དེ་རྣམས་ཀྱང་སྦྱིན་པར་མི་བྱ་ཞིང་།། དེ་རྣམས་ལ་དེ་ཁོ་ན་ཉིད་ཀྱང་ངོ་།། སྒྲ་ཇི་བཞིན་པའོ།། དམ་ཚིག་ལ་གནས་པ་རྣམས་ལ་དོན་ཇི་ལྟ་བ་བཞིན་དུ་ཉེ་བར་བསྟན་པ་ལས་སོགས་པ་སྦྱིན་པར་བྱའོ།། ཕོ་ཉ་མ ་གཏོགས་གཞན་དག་ལ།། འདོད་པས་རྨོངས་པས་འགྲོ་མི་བྱ་ཞེས་པ་ནི་ཉེ་བར་བསྟན་པ་ལ་སོགས་པ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་བཟུང་འཇུག་གོ།། ལ་སོགས་པའི་སྒྲ་ལས་རྡོ་རྗེ་བཟླས་པ་དང ་ཕྲ་མོའི་རྣལ་འབྱོར་རོ།། དམ་ཚིག་གནས་པ་ནི་དམ་ཚིག་གཅིག་པའི་སློབ་མ་བཟང་པོ་རྣམས་ལའོ།། རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང་།། གཡོ་ཅན་ལ་མིན་རྒྱན་པོ་རྣམས་ལ་མནྡ།། དམ་ཚིག་སྣང་ལ་ཡོད་པ་མ་ཡིན་ནོ།། བླ་མ ་ལ་གུས་རྣམ་པར་དུལ་བ་དང་།། ཕྲག་དོག་ཆགས་པ་རྣམ་པར་སྤངས་པ་དང་།། དཀྱིལ་འཁོར་རབ་ཞུགས་སློབ་མ་བཟང་པོ་ལ།། རྡོ་རྗེ་ཐེག་པའི་འདྲེན་པ་པོ་ལ་ནི།། དེ་ལ་རྒྱ་ཆེན་མཆོག་འདི་ནི།། དེ་ཉིད་མཆོག་ནི་བསྟན ་པར་བྱ།། རྒྱུད་གཞན་དུ་ཡང་། གང་ཡང་རྒས་པའི་དངོས་པོར་གནས།། གང་ཡང་རྟོག་གེ་དགའ་བའི་མི།། དགེ་སློང་དངོས་པོར་གནས་པ་གང་།། དེ་ལ་དེ་ཉིད་བསྟན་མི་བྱ་ཞེས་སོ།། ཕོ་ཉ་མོ་ནི་ཕྱག་རྒྱ་རྣམས་སོ།། ་དྲང་བའི་དོན་ནོ།། ཕོ་ཉ་མོ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ་ངེས་པའི་དོན་ནོ།། གཞན་ནི་དམ་ཚིག་དང་བྲལ་བའོ།། སྒྲ་ཇི་བཞིན་པའོ།། ཕོ་ཉ་མོ་ལ་ཞེན་པ་ནི་གྲུབ་པའོ།། ཕོ་ཉ་མ་གཏོགས་ནི་ཟད་པར་གྱུར་པའོ།། གང ་རིམ་པ་ལས་འདའ་བར་བྱེད་པ་ནི་སྐྱེ་གནས་དམན་ལ་དགའ་བས་གནས་པ་ལ་ལེགས་པའི་རྣམ་པ་ལ་སྦྱིན་པར་མི་བྱའོ།། ཐ་མེལ་པའི་རྣལ་འབྱོར་པ་དེ་རྣམས་ཀྱི་མ་འམ་སྲིང་མོ་བུ་མེ་དང་། ཆུང་མ་འམ་ཕོ་ཉ་མོ་ཉིད་གནས་ཞེས་པ ་ལ། ཕོ་ཉ་མོ་ནི་བུད་མེད་དེ། རྣལ་འབྱོར་སྡོམ་པའི་རྒྱུད་དུ་ཡང་།། སྒྱུ་མ་དག་ནི་ཐམས་ཅད་ལསོ།། བྱང་མེད་སྒྱུ་མ་ཁྱད་པར་འཕགས།། ཡང་དག་རྫོགས་སངས་རྒྱས་འགྲུབ་འགྱུར།། ཟད་པར་གྱུར་པ་ནི་དམན་པའི་ཐེག་པ ་ལ་བརྟེན་པའོ།། རྣལ་འབྱོར་གྱིས་རྒྱུད་དུ་གསུངས་པ་ཡང་། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། རིག་མོའི་བརྟུལ་ཞུགས་བླ་ན་མེད།། བླུན་པོ་གང་ཞིག་འདའ་བྱེད་པ།། དྲི་ལ་མཆོག་གི་དངོས་གྲུབ་མེད་ཅེས་སོ།། དཔལ ་ཧེ་རུ་ཀ་མངོན་པར་བརྗོད་པར་ཡང་།། ཕོ་ཉ་མ་རྟག་ཞེན་ཐར་ལ།། འདའ་བ་ཡིས་ཀྱང་ལོངས་སྤྱོད་བྱ།། སྐྱེ་གནས་དམན་ལ་དགའ་བར་གནས།། བསྙེན་བཀུར་ཉིད་ནི་བྱ་བ་མིན་ཞེས་སོ།། འང་གི་སྒྲ་ལས་མཐར ་སྣུ་མ་སྦྱིནམ་དུས་ཤིན་ཏུ་བབྱུད་ཅིང་ལྟུང་ཕྱུ་གས་ས་བསྟེནྡྷ་པ་གྱུ།། དམ་ཊཱིག་ལ་སོགས་གྱུནན་ན།། སྠཱ་ཏྶཱ་བྱར།། དུ་ཡ་ས་སླ་འདྲུར་འགྱུར།། འཁང་ས་འམ་མཆོག་ཏུ་སྒྲུབ་པ་རྣམས། ་འདྲི་རྣམས་ཁུ་བའི་གུགས་པར་བྱེད།། ལྷན་ཅིག་དྷཱ་ས+འུ་ཀྱིས་པ་རྒྱུ་མེ་མེད་ཅེས་པས་མྦྷ་བསྟན་པ་ཉིས་དམིག་ས་གས་ས~ཾ་ཏེ། འདོད་པ་ཅན་དེ་རྣམས་ཀྱིས་མ་སྟེན་པ་ལས་རྫས་པ་རྣམས་མས་དཀའ་བབ་སྟྭ~ཾ། བརྟུལ་ཞུགས ་ལ་སོགས་པ་ཉམས་པར་འགྱུར་རོ།། སྦྱིན་པའི་བདག་པོའི་འཁོར་ལོ་ལས་སྐྱེས་པའི་བསོད་ནམས་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་རྫས་རྣམས་ཀྱིས་ལྷན་ཅིག་པའི་ཆོས་ལ་སོགས་པ་དེ་ལས་ཀྱང་གདོན་མི་ཟ་བ.རོ།། ཉ་ལ་རྣལ ་འབྱོར་མ་བསྟེན་བྱ།། ཚོགས་ཀྱི་འཁོར་ལོ་འམ་བརྒྱད་པ་གཉིས།། བཅུ་བཞི་པ་དང་ཉ་ལ་ཡང་།། དེ་ཡི་ཚེས་ལ་རྣལ་འབྱོར་མ།། སྔགས་པས་བཏུང་བས་མཆོད་པར་བྱ།། བདེ་བས་ཀྱང་ངོ་།། སྦྱིན་བདག་གི་འཁོར་ལོ་ལ་ཡང ་གདོན་མི་ཟླ་བར་འདོད་པ་སྦྱིན་པས་ཕྱག་རྒྱ་སྦྱིན་པར་བྱའོ།། གསུངས་པ་ཡང་། ནོར་གྱིས་ནོར་རྙེད་འགག་པ་མེད་པའི་སླད་འཚིང་མ། བསོད་ནམས་མང་པོའི་རྒྱུ་རུ་དེ་རྣམ་རབ་སྦྱིན་བྱ།། རྟག་པའི་དངོས་གྲུབ་རྒྱུ་རུ་གསང་བའི་ཡན་ལག ་མི། སློབ་དཔོན་ཆེན་པོའི་གོ་འཕོང་རྒྱུ་རུ་དབུལ་པོར་བྱ།། རྣམ་པ་གཞན་དུ་བསོད་ནམས་ཕྱི་ནི་ལོག་ཏུ་འགྱུར།། བཟའ་བ་ཡོན་ཏན་བརྒྱང་འགྱུར་མར་མོའི་འབྲས་བུ་གཏེར། མར་མེའི་བརྒྱད་འགྱུར་ཤིན་ཏུ་རྣམ་པར་དག་པའི་ཆང་། ་ཆང་གི་བརྒྱང་འགྱུར་ན་ཆུང་མ་ལ་རབ་སྦྱོར་ཏེ། དེ་ཕྱིར་འདོད་པའི་སྦྱིན་པ་ངེས་པར་ཁྱད་པར་འཕགས། རྒྱུད་གཞན་དུ་ཡང་། འདོད་པའི་སྦྱིན་པ་ཐམས་ཅད་དུ་ནི་བདེ་མཉམ་འབྲས་ཏེར་འཁོའི་དུས་སུ་སྨོས་ཅི ་དགོས།། ཡིད་འོང་ཆུང་མ་སྲིང་མོ་སྐལ་བཟང་བུ་མོ་རྣམས་ཀྱང་གསོང་བའི་སྦྱིན་པ་ལ་ནི་རབ་སྦྱིན་བྱ།། བུ་མོ་རྒན་མོ་དང་མ་རྣམས་དང་ལུས་ནི་དྲི་མ་དང་བཅས་བྲམ་ཟེ་མོ་དང་རྒྱལ་རིགས་མོ།། རྗེ་མོ་དམངས་མོ་མཐར་སྐྱེས་རྣམས་སམ ་མིག་དང་ལག་པ་དང་བྲལ་རྣམ་མུ་སྱཱ་ནི་ཆང་མ་རྣམས།། མཐའ་དག་བྱང་ཆུབ་རྒྱུ་རུ་ཐབས་དང་ཤེས་རབ་ཐབས་ཀྱིས་མཆོད་པར་བྱ་སྟེ་རྒྱལ་པོ་སློབ་དཔོན་སྙིང་རྗེ་ཆེ་བ་དང་། བཅས་པའི་ཐུགས་ལྡན་དྲི་མ་དག་དང་རྣམ་པར་བྲལ་ཞིང་བྱང་ཆུབ ་སྤྱང་ལ་རྗེས་སུ་ཞེན་པས་སོ།། རྡོལ་འབྱོར་པ་རྟག་གཡོན་ནས་སྦྱོང།། རྐང་པ་གཡོན་པ་སྔོན་དུ་འདོར།། ལག་པ་གཡོན་པ་རབ་ཏུ་བསྒྱུར།། གཡོན་པ་སྟེང་དུ་སོ་སོར་མཆོད།། པོ་ཉ་གཡོན་པ་ཀུན་ཏུ་སྦེངད་།། གཡོན་པ་ཚིམ་བྱེད་ཟ་བར ་བྱེད།། བརྟུལ་ཞུགས་མེད་འཇོམས་བརྟུལ་ཞུགས་རྫོགས།། སྒྲུབ་པ་པོ་ནི་དེ་ཉིད་བརྩོན་ཞེས་པའོ།། གཡོན་པ་ཚིམ་བྱེད་ཟ་བར་བྱེད་ཅེས་ནི་གཡོན་པའི་མིང་མེཎྜཱི་ཚིམ་པར་བྱེད་པ་ལ་སོགས་པར་བྱའོ།། ཚིམ་པར་བྱེད་པ་བརྗོད་པར་བྱ། ་སྟེ་སྔགས་པའི་ལག་པ་ལ་དགོད་བྱས་ལ་མྱོས་བྱེད་ལག་པ་གཡོན་པ་དང་ཨོཾ་ཡིག་གིས་སྦྱང་བར་བྱའོ།། གཡས་པ་དང་ཨཱཿཡིག་གིས་རྟོགས་པར་བྱའོ།། ཐལ་མོ་བཀབ་ནས་ཧཱུཾ་ཡིག་གིས་འབར་བར་བྱའོ།། ནམ་མཁའ ་ལྡེང་གི་ཕྱག་རྦྷ་དང་\ུ0f7fཡིག་གིས་བྱད་དུ་ནིར་བྱས་ནས་ཡེ་ཤེས་ཀཱ་ནཱི་མཱ་ལཱ་བུ་བ.ལཱས་ཏྭེ་དྷེ་ནས་མྱས་བྱེད་ཀྱི་ཐིག་ལེ་གཡོན་པའི་སྙིང་མེད་ཀྱིས་རྩེ་མོས་ས་ལ་ཆོས་འབྱུང་གྲུགསམ་སྨྲ་བྱས་ནས་དབུས་སྨྲ་ཟླུམ་པོ་དམར་པོ།། དེར་ལྕེ་ཤེས ་འཁོར་ལོ་གསལ་བར་བལྟས་ལ་དེ་ཚིམ་པོར་བྱའོ།། ཧཾ་དང་རྡོ་རྗེའི་ཕྱེག་རྒྱས་ཕྱི་རོལ་རྣམས་སྐྱོན་དྲང་། འདིར་ཨོཾ་ཨཱཿཧཱུཾ་ཧོ་ཧ་ཀྵ་ཨ་ཨཱ། ཨི་ཨཱི། རྀ་རཱཾ། ཨོཾ་ཨཱུ། ལཾ་ལཱྀ། ཨ་ཨཱ། ཨེ་ཨཻ། ཨར་ཨཱར། ཨོཾ་ཨཱ~ཾ། ཨ ་ཨཱ། ཧཱ། ཡ་ཡཱ། རཻརཱ། !།། ཀྲྀ། ཁཝཱི། གོ་ཀྟཾ་། སོ+ོ།། ། དྷིདྷཱ།། ཌྷཱ། ནམྦུཊཱ། ཊཱཌྷྭེ། ཎཱཿ། བྱཱ་ཡྀ་པ་རཱ། བཀྠཐཱབྷྱཱཾ། མམྨཱ། ཏཏྠ། ཀྵདཔྟ། ཏྐ་པྤནྡྷཿ ་ས་སེ། ཝཱཥྐཾ། ཥཥྚ། ཤ་ཤྭཱ། བྷཱ་བྷཱ། ལ་ཡཱ། ཝ་ཝུ། ར་རཱ། ཡ་ཡཱ། ཧཱ་ཧཱ། ཀྵ་ཀྵ། ཞེས་ཤེས་རབ་དང་ཐེབས་སུམ་ཅུ་རྩེ་དྲུག་ཚིམ་པ་བྱའོ།། ཀྵེ་ཡིག་དང་ལག་པ་གཡོན་པོའི་རྒྱབ་ཀྱིས་གཤེགས་སུ་གསོལ་ལོ།། ་ཡུལ་གྱི་བདག་པོ་གཏོར་མས་ཚིམ་པ་ཡང་གསུངས་པའི་ཆུ་གཱ་ཉིད་ལས་སོ།། འདིར་རྒྱས་པར་བྱ་བ་མ་ཡིན་ནོ།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིམ་པར་བྱེད་པའི་ཆོ་གའོ།། བརྟུལ་ཞུགས་མེད་འཇོམས་ནི་བརྟུལ་ཞུགས ་ངན་པ་ནི་བརྟུལ་ཞུགས་མེད་པ་སྟེ། མུ་སྟེགས་པ་རྣམས་ཀྱི་ཁྱི་ལ་སོགས་པའི་དརྟུལ་ཞུགས་ཏེ། དེ་འཇོམས་པ་ཡང་ངོ་།། རྣལ་འབྱོར་པའི་བརྟུལ་ཞུགས་ཀྱིས་རྫོགས་པ་ནི་བདེ་བར་གཤེགས་པའི་རིག་མའི་བརྟུལ་ཞུགས ་ལྡན་པ་ཉིད་ཀྱི་ཕྱིར་རོ།། སྒྲ་ཇི་བཞིན་པའོ།། རང་གྲི་མ་ཚིག་རིགས་ཀུན་སྤྱོང་།། གཅིག་ཏུ་དྷཱ་རུ་བཟའ་བར་བྱ།། རིགས་ལྔ་རྣམ་པར་ཀུན་དུ་སྤྱོང་།། རིགས་བཞིར་ཡང་ནི་གྲགས་པ་ཡིན།། རང ་གི་དམ་ཚིག་ནི་རྒྱུད་མཚུངས་པ་ཉིད་དོ།། རིགས་ཀྱི་ཀུན་དུ་སྤྱོད་པ་ཞེས་པ་ནི་ཡུལ་དང་རིགས་ཀྱི་ཐ་སྙད་ཀྱི་རིགས་དང་ལྡན་པ་རྣམས་ཀྱིས་བྱ་བའོ།། རིགས་ལྔ་མཉམ་པོར་ཀུན་དུ་སྤྱོད་ནི་འཇིག་རྟེན་ལས་འདས་པ་ཀུན་སྤངས ་རྣམས་ཀྱིས་སོ།། རིགས་བཞི་ཀུནུ་དུ་སྤྱོད་པ་སྤྲོས་པ་མེད་པོ་བརྟན་པ་རྣམས་ཀྱིས་སོ།། ཞེས་པ་ནི་སྒྲ་ཇི་བཞིན་པའོ།། རིགས་གཅིག་མཉམ་པར་ཀུན་དུ་སྦྱོང་།། རྣལ་འབྱོར་དངོས་གྲུབ་རབ་སྟེར་བྱེད།། ཅེས་པ་ནི། ་གཅིག་ཏུ་སྨྱོན་པའི་བརྟུལ་ཞུགས་འཛིན་པ་རྣམས་ཀྱིས་སོ།། རྣལ་འབྱོར་གྱིས་རྒྱུད་དུ་ཡང་གསུངས་པ།། ཇི་ལྟར་འདོད་བཞིན་བསྒྲུབ་བྱ་སྒྲུབ།། དེ་ཡི་ཕྱི་ནས་ཇི་འདོད་པས།། འདོད་པའི་བྱ་བ་འམ་ཛི་འདོད་བཞིན།། ཀུན་ཟ་དེ ་བཞིན་ཐམས་ཅད་བྱེད།། དབང་པོ་གང་དང་གང་ལམ་ཉིད།། གང་གང་དེ་དེའི་རང་བཞིན་ལས།། མཉམ་པར་མ་བཞག་སྦྱོར་བ་ཡིས།། རང་ལྷག་ལྷ་ཉིད་ཀུན་དུ་སྦྱང་།། དེ་ཉིད་སྦྱོར་བ་འདི་ཡིས་ནི།། ཐམས་ཅད་མྱུར་བ་ཁོ་ན ་འགྲུབ།། ངན་ཟོང་ངན་བྱས་ཐམས་ཅད་ཀྱིས།། ཀུན་མཆོག་ཉིད་ཕྱིར་ཉེས་པ་མེད།། ཅེས་པ་མཉམ་པར་མ་བཞག་པའི་རྣལ་འབྱོར་པ་ཡིས་སྤྱོད་པའོ།། བ་ལང་ཤཾ་དང་རྟ་ཤ་དང་། མི་ཁྱི་གླང་པོ་སྣ་ཚོགས་རྣམས།། སྔགས ་དང་ཕྱག་རྒྱར་ཡང་དག་ལྡན།། དཔའ་བོ་རྣམས་ཀྱི་ཟས་སུ་བཤད་ཅེས་སོ།། གསུངས་པ་ཡང་བ་ལང་ནི་མིག་གོ།། རྟ་ནི་ལྕེའོ་མི་ནི་ལུས་སོ།། ཁྱི་ནི་རྣ་བའོ་གླང་པོ་ཆེ་ནི་སྣའོ།། སྣ་ཚོགས་ནི་སྦྲང་བུ་སྟེ་ཡིད་དོ།། འདྲི་རྣམས ་ཀྱི་ཤྭ་ནི་གཟུགས་ལ་སོགས་པའི་ཡུལ་ལོ།། ཟ་བ་ནི་སྣང་བ་མེད་པར་བྱེད་པའོ།། སྒྲ་ཇི་བཞིན་པ་མ་ཡིན་པའོ།། ཕྱག་རྒྱ་ནི་རྡོ་རྗེ་ལ་སོགས་པའོ།། སྔགས་ནཱི་ཡི་གེ་གསུམ་ལ་སོགས་པའོ།། བླ་མར་ཡང་རླུང་དང་མེའི ་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿཡིག་ལས་སྐྱེས་པའི་ཐོད་པ་ཡེ་ཤེས་ལྔའི་བདུད་རྩི་སཱ་ཡོངས་སུ་གང་བ་ཆ་བཅུ་དྲུག་པ་ཧཱུ~ཾ་ཡིག་གྲིས་བྱིན་གྱིས་བརླབས་པ། ཡི་གེ་གསུམ་ལས་བྱུང་བ་སྤྲོས་པའི་འཁོར་ལོ་གསུམ་བསྒོམ་པར ་བྱའོ།། ས་མ་ཡ་ཤུདྡྷཿསརྦ་དྷརྨཱཿས་མཾ་ཡ་ཤུདྡྷོ་ཧཾ་ཞེས་སོ།། དེ་ནས་རྡོ་རྗེའི་ལྕེས་བཟའ་བར་བྱའོ།། རྡོ་རྗེ་བདུད་རྩིའི་ཆུ་བཏུང་བར་བྱའོ།། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཐྱ་པྲོ་ཧཱུཾ་ཐེ་ཐཱ་ཏཱཾ་ཨཱཿཁཾ་ཧཱུཾ་ཞེས་པ་དྲང་བའི་དོན ་ཏོ། རང་གི་ལྷག་པའི་ལྷ་ཉིད་ཀྱི་སྦྱོར་བས་བདུད་ཎྜིར་བྱས་ནས་བཟའ་བར་བྱའོ་ཞེས་པོ་ངེས་པའི་དོན།། ནང་གི་གཏེར་མའོ།། ཧི་རུ་ཀླྀ་དཔལ་གྱི་སྤྲུལ་པ།། ཉེར་སྤྲིང་བསྟན་བཅོས་མིཚན་ཉིད་དོ་ཞེས་པ་ནི་ཧེ་རུ་ཀཱའི་རྒྱུད་འདི ་ཉིད་ཀྱི་ཆོ་ག་བསྟན་བཅོས་ཏེ། ཉེ་བར་བསྟན་པའི་བསྟན་བཅོས་ཐེག་པ་ཆེན་པོ་ཡང་དག་པར་གཟུང་བ་ཐམས་ཅད་ཀྱི་མཆོག་ཉིད་ཡིན་པའི་ཕྱིར་རྣམ་པར་མཚོན་པར་བྱེད་པ་སྤྲུལ་པའོ།། གསུངས་པ་ཡང་། དོན་གཅིག ་ཉིད་ཕྱིར་མ་རྨོངས་ཕྱིར།། ཐབས་མང་ཕྱིར་དྲང་དཀའ་མེད་ཕྱིར།། དབང་པོ་རྣོན་པོས་དབང་བྱས་ཕྱིར།། སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས་ཤེས་ཏེ་སྒྲ་ཇི་བཞིན་པའོ།། གཉིས་སུ་མེད་པའི ་ཡེ་ཤེས་མཆོག། རྣལ་འབྱོར་རྟག་ཏུ་གཟུང་བར་བྱ།། བགེགས་མོང་ཇི་བཞིན་དངོས་གྲུབ་དེའོ།། གཞན་དུ་འགས་ཀྱང་རབ་འགྲུབ་མིན་སྐྱེས་པ་ནི་འདི་ཁོ་ན་ཁྱད་པར་དུ་འཕགས་པའི་ཟུང་འཇུག་གསུངས་པའོ།། གཟུང་བར་བྱ། ་ནི་རྣལ་འབྱོར་བསྒོམ་པར་བྱའོ།། གསུངས་པ་ཡང་། སྔགས་དང་དབྱིབས་དང་ཆོས་བདག་ཉིད།། རྣལ་འབྱོར་རྣམ་པ་གསུམ་དུ་འདོད་ཅེས་སོ།། ཁྲག་ནི་ཤེས་རབ་པོ།། དཀར་པོ་ནི་ཐབས་སོ།། གཉིས་པོ་གཉིས་མ་ཡིན ་པ་ནི་གཉིས་མེད་ད་གཅིག་ཏུ་འདྲེས་པར་གྱུར་པ་ལས་ཡེ་ཤེས་སོ།། ཐམས་ཅད་གསང་བའི་རྒྱུ་དུ་ཡང་།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིས།། རྒྱས་གདབ་ཡེ་ཤེས་བརྗོད་བྱ་སྟེ།། མཆོག་གཞན་ཐེག་པ་ཐུན་མོང་ནི། ་སེམས་མེད་སེམས་ནི་བདེ་བ་ཆེ་ཞེས་སོ།། དགོངས་པ་མ་ཡིན་པའོ།། བགེགས་མེད་ནི་གང་དེ་ལྟ་བུར་བགྱིད་པ་བྱ་བའི་ཕྱིར་དང་། བདུད་རྣམས་ཀྱིས་དབྱེར་མི་ཕྱེད་པའི་ཕྱིར་རོ།། ཇི་བཞིན་དངོས་གྲུབ་ནི་མངོན་པར་འདོད ་པའི་དངོས་གྲུབ་དང་དེའི་བསྲུང་བ་ཡང་ཐམས་ཅད་སྦྱིན་པར་འགྱུར་རོ།། གཞན་དུ་སེམས་ཅན་འགས་ཀྱང་དེའི་དོན་དུ་རབ་ཏུ་སྒྲུབ་པ་སྟེ། རབ་ཏུ་འཇུག་པ་མ་ཡིན་ནོ།། དེ་ཁོ་ནས་དོན་ཐམས་ཅད་སྒྲུབ་པ་ནི་སྟོང་པ་ཉིད་ཀྱི་རྣལ ་འབྱོར་དང་ལྡན་པའོ།། དེ་ཡི་ཕོ་ཉ་མོ་མཆོག་བཟང་།། ལྷན་ཅིག་བརྩོན་པར་ལྡན་པ་ཡིན།། གང་ཆགས་དགའ་བའི་ལེགས་སྦྱོར་ལས།། རྣལ་འབྱོར་རྫས་ཀྱི་རྣམ་དབྱེ་ལས།། སྙོམས་པར་འཇུག་པ་སེམས་འཛིན་པ།། ་བྱང་ཆུབ་མཆིག་ནི་བསྒྲུབ་པར་བྱ།། བླ་མིའི་ཉེ་བསྟན་ལ་ཀུན་ཞེ་ན།། དེ་ཡི་དོན་གྱིས་ནོར་སྦྱིན་མཚུངས་ཤེས་པས་འབྲས་བུ་གསུངས་ཏེ། གང་དེ་ལྟ་བུར་གྱུར་པའི་སྒྲུབ་པ་པོ་དེའི་རལ་གྲི་དང་སྣག་ཆེ་དང་ཚོང་ལ་སོགས་པ་བརྟེན ་པའི་ཆོས་སྤངས་པ་དེའི་བྱ་བ་ཐམས་ཅད་བྱེད་པ་ནི་ཕོ་ཉ་མོ་ཤེས་རབ་མའོ།། གསུངས་པ་ཡང་བྱང་ཆུབ་སེམས་དཔའ་ནི་ཟོལ་བ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་བཅོས་མར་བྱེད་དོ།། མཆོག་ཏུ་ལེགས་པར ་བསླབས་པའི་ལྷ་མོ་གཞན་ལ་ཆགས་པ་མ་ཡིན་པ་ལ་མཆོག་ཏུ་བརྩོན་པ་ནི་དེའི་བྱ་བ་ལ་རང་བདེ་བ་ཆེན་པོ་བསྒྲུབ་པ་ལ་ཡང་ངོ་།། དེའི་མཚན་ཉིད་ཐམས་ཅད་དང་ལྡན་པའི་བཤེས་གཉེན་ཅན་གང་འདི་ལ་ཆགས་པ ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་སེམས་ངེས་པར་ཆགས་པའི་རྣལ་འབྱོར་པའོ།། བླ་མར་ཡང་། འཇིགས་པ་ངེས་བཅོམ་ཡོངས་སུ་དག་པའི་བློ།། སྤྲོས་པའི་རྣམ་རྟོག་མ་ལུས་བཅོམ་བྱས་པ། བྱམས་དང་སྙིང ་རྗེའི་རྒྱན་གྱིས་རྒྱན་པའི་ལུས།། རྣལ་འབྱོར་པ་བདག་མ་ཆགས་བདེ་པར་གནས་ཞེས་སོ།། དགའ་བ་ལེགས་སྦྱོར་ལས་ནི་མི་འཕོ་བ་རྫོགས་པར་ལོངས་སྤྱོད་པ་ལས་སོ།། བྱང་ཆུབ་མཆོག་ནི་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཀྱི་བདག་ཉིད་གདུལ་བྱ་རྣམས་ལ་རྟོགས་པར་བྱེད་དོ་ཞེས་པས་བྱང་ཆུབ་སྟེ་གཞན་གྱི་དོན་བྱེད་པ་པོའོ།། སྙོམས་འཇུག་ལ་ནི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དག་གསུངས་པ ་ཡང་། ལས་ཀྱི་ཕྱག་རྒྱའི་སྙོམས་འཇོག་དང་།། ཡེ་ཤེས་ཕྱག་རྒྱ་རྗེས་ཆགས་ལ།། བདེ་བྱ་ཆེན་པོ་བྱང་ཆུབ་སེམས།། བརྟུལ་ཞུགས་བརྟན་པོས་བསྲུང་བར་བྱ་ཞེས་སོ།། སེམས་ནི་སངས་རྒྱས་ཐམས་ཅད་ཀྱི་ཡོན ་ཏན་རྣམས་ཀྱིས་བསགས་པ་ཉིད་ཀྱི་ཕྱིར་སེམས་སོ།། དག་པ་མཆོག་ཏུ་མི་འགྱུར་བ་དེ་འཛིན་པར་བྱེད་དོ་ཞེས་པས་འཛིན་པའོ།། དགོངས་པའོ།། བླ་མས་ཉེ་བར་བསྟན་ཞེས་པ་དགོངས་པའི་སྐད་ལ་སོགས་པ་དང ་བཤད་པའི་རྒྱུད་དུ་གསུངས་པའོ།། དེས་ཀུན་ནས་ཞེན་པ་ནི་དེ་མངོན་པར་ཤེས་པའོ།། བཤད་པའི་རྒྱུད་དུ་ཡང་ཉེ་བར་བསྟན་པ་གསུངས་པ་འདི་ལྟ་སྟེ། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། ལྟེ་བའི་དབུས་སུ ་བསྒོམ་པར་བྱ།། མཆོག་ཏུ་མི་འགྱུར་གོ་འཕང་ན།། དེ་ཡི་དབུས་སོན་བསམ་པར་བྱ།། སྐུ་དང་གསུང་ཐུགས་འདྲེས་པ་ཡི།། ལྷ་ཡི་གཟུགས་སུ་བསྒོམ་པར་བྱ།། གོང་བུ་ལས་འདས་དེ་བསྒོམ་བྱ།། ་སེམས་ཉིད་དུ་ཡང་བསྒོམ་པ་མིན།། ཆགས་པ་མ་ཡིན་ཆགས་བྲལ་མིན།། འདོད་ཚོགས་བྲལ་ཞེས་རིགས་པར་ལྡན།། བླ་མས་ཉེར་བསྟན་ལམ་གྱིས་ན།། མཆོག་ཏུ་འབད་པས་བསམས་པ་ལས། ་དེ་ལྟར་དུ་སྨོས་པ་ལ་གནས།། འཇིག་རྟེན་དུ་མུས་མི་ཤེས་སོ།། རྣལ་འབྱོར་རྣལ་འབྱོར་བྲལ་མི་བྱ།། མྱང་འདས་གོ་འཕང་འབའ་ཞིག་པ།། དེ་ལྟའི་བྱང་ཆུབ་འགྱུར་རྙེད་དཀའ།། རྣམ་བཞིན་འབྲས་བུ་མེད་པར་འདོད།། རྣམ ་གཞན་མུ་སྟེགས་ངན་པ་ལ།། འོད་གསལ་ལ་སོགས་ཡང་མ་ཡིན།། ཀུན་སྤྱོད་དུ་ཡང་།། ལྡོག་པ་ཇི་སྐད་མདོར་བསྟན་པ།། བཤད་བྱ་སྒྲུབ་པ་པོ་རྣམས་ཉོན།། ཤྲཱི་ཡིག་གཉིས་མེད་ཡེ་ཤེས་ཏེ།། ཧཱུཾ་ཞེས་རྒྱུ་སོགས་སྟོང་པ ་ཉིད།། རུ་ཡིག་བཀོད་པ་དང་བྲལ་བ།། ཀ་ཞེས་གང་དུའང་མི་གནས་པའོ།། འདི་རྣམས་རང་བཞིན་ལས་སྟོང་པ།། ཀུན་འགྲོ་གཞོམ་དུ་མེད་པའོ།། མདོར་བསྡུས་ནས་ནི་བསྒོམ་བྱས་ན།། འདོད་པའི་དངོས་གྲུབ་ཐོབ་པར ་འགྱུར་ཞེས་སོ།། དེའི་དོན་གྱིས་ནི་དེའི་རྣམ་པར་འབྱོར་པས་སོ།། ནོར་སྦྱིན་ཏེ་ལུས་ངན་པོ་དང་མཉམ་པར་ནམ་ཞིག་འགྱུར་ཏེ་ན་མཁའ་མཛོད་ཉིད་ལས་སོ།། ནོར་རྒྱུན་མིའི་རྟོག་པར་ཡང་གསུངས་པ།། གང་ཤིན་ཏུ་ཡུན ་ཡིན་པོར་ཆེས་ལེག་པར་ཡང་དག་པར་སྤྲོས་ཤིང་། རབ་ཏུ་རྟོགས་པ་ནི་མི་རྣམས་ཀྱི་དབུལ་བའི་སྡུག་བསྔལ་གྱིས་ཉེས་པ་ཞི་སྟེ་གཞན་དུ་དེའི་ལག་དུ་དཔལ་སོན་ཏོ།། ཞེས་ཏེ་སྒྲ་ཇི་བཞིན་པའོ།། སྟོང་ཕྲག་ཉི་ཤུ་རྩཝ་གཅིག ་དང་། དེ་བཞིན་ཁོ་ནར་དྲུག་བརྒྱ་ཡིས།། སྲེག་རྣམས་རྣལ་འབྱོར་པས་བསར་བྱ།། ཨ་བ་དྷཱ་ཏིའི་ཞབས་ལ་གནས་ཤེས་པས་འོད་གསལ་གསུངས་སོ།། ཨ་བ་དྷཱ་ཏཱི་ནི་མ་རིག་པའོ།། དེའི་ཞབས་ནི་འོད་གསལ་ཏེ་རྟོག ་པ་ལས་རྣམ་པར་གྲོལ་བའོ།། གསད་པར་བྱ་ནི་བདེ་བ་ཆེན་པོ་ཉིད་ཀྱི་ཚྭ་ལྔ་དུ་བྱའོ།། ངེས་པའི་དོན་ནོ།། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་བརྒྱ་ཕྲག་དྲུག་ལྷག་པའི་དབུགས་ཉིན་དང་མཚན་མོས་ལ་ལ་ནཱ་དང ་རས་ནཱ་དང་། དབུ་མ་ནས་སོ།། དེ་ལ་དུས་སྦྱོར་བཅུ་གཉིས་འཕོ་བ་རྣམས་སུ་བདུན་ཅུ་རྩ་ལྔ་ལྷག་པའི་དྲུག་རྒྱའི་གྲངས་ཉིན་ཞག་སོ་སོར་དབུ་མ་ནས་སོ།། ལྷག་མ་ལ་ལ་ནཱ་དང་། ར་ས་ན་ནས། རབ་ཏུ་འབབ་པ་དུས་སྦྱོར་བཅུ ་གཉིས་པོ་དེ་རྣམས་སུ་སོ་སོར་རེ་རེར་ལུག་ལ་སོགས་པ་མི་མཉམ་པའི་དུས་སྦྱོར་གྱིས་བརྒྱ་ཕྲག་བཅོ་བརྒྱད་ཀྱི་དབུགས་སོ།། དེ་བཞིན་རཱུ་ས་ནཱ་ནས་རབ་ཏུ་འབབ་པ་སོ་སོ་རེ་རེར་གླང་ལ་སོགས་པ་མཉམ་པའི་དུས་སྦྱོར་གྱིས་སོ།། ་སོ་སོ་རེ་རེར་འཕྲོ་བའི་དུས་སུ་སྒྲ་གཅན་ཨ་བ་དྷཱུ་ཏིར་རྐང་པ་དང་བཅས་པའི་ལྔ་བཅུ་རྩ་དྲུག་གི་གྲངས་སོ།། དེ་རྣམས་སུ་དཀྱིལ་འཁོར་རེ་རེ་འབབ་པ་ནི་གཡོན་པ་དང་གཡས་པ་དག་ལ་དྲུག་ཅུ་ལྷག་པའི་སུམ་བརྒྱའི་གླེངས་ཏེ་རྐང ་པ་དང་བཅས་པའི་བཅུ་གཅིག་གི་དབུགས་རྣམས་དཀྱིལ་འཁོར་སྔོ་སོའི་དབུས་ནས་སོ་སོར་བཅིངས་པས་དམན་པའོ།། འདྲིར་དཀྱིལ་འཁོར་ནམ་མཁའ་ལ་སོགས་པ་ལྔ་ལ་ལ་ནཱ་ནས་སོ།། ས་ལ་སོགས་པ་ནི་རས་ནཱ་ནས ་སོ།། གཡོན་དང་གཡས་སུ་ཡང་ངོ་།། འདིར་ལྟེ་བའི་པདྨ་ཆུ་སྲིན་ལ་སོགས་པའི་དབ་མ་དྲུག་བཅུའི་རྟེན་ལ་གྲངས་ཇི་ལྟ་བ་བཞིན་དུ་འདབ་མིའི་དབུས་དང་། ཤར་དང་། གཡས་དང་། གཡོན་དང་། ནུབ་ཏུ་སྟོང་པ་དང་། རླུང་དང་། ་མེ་དང་ཆུ་དང་། སའི་དཀྱིལ་འཁོར་རྣམས་འདབ་མ་རྣམས་སུ་དང་། སྣའི་བུ་གླུ་དབུས་ལ་དང་།། སྟེང་དང་གཡས་དང་གཡོན་དང་། འོག་ཏུ་འབབ་སྟེ་བཅུ་གཉིས་ཀྱི་མཐར་ན་མཁའ་ལ་སོགས་པ་དང་། ས་ལཱ་སོགས་པའི་དབྱེ་བས ་འབྱིན་པ་དང་། སྡུད་པའི་རིམ་པས་འོད་དཔག་མེད་དང་། དོན་ཡོད་པའི་རང་བཞིན་གྱིས་སོ།། རྣམ་པར་སྣང་མཛད་ཀྱི་རླུང་ཡང་ལུས་ལ་རྗེས་སུ་འགྲོ་བར་རྟོགས་པར་བྱའོ།། དྲུག་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་ན་ལྟེ་བའི་ཟེ་འབུལ་སྟེང་གི ་བུ་གར་ཅིག་ཅར་ཉིད་ཀྱིས་སོ།། དཀྱིལ་འཁོར་ལྡིའི་དབུག་ཀྱི་བདག་ཉིད་ཅེས་པ་རླུང་གི་དེ་ཉིད་དོ།། འདི་རྣམས་ཀྱིས་གཡས་པ་དང་། གཡས་མིན་གྱི་དབུགས་རྩཝའི་ཀུན་དུ་སྤྱོད་པའི་སྟོབས་ཀྱིས་སྲོག་དང་ཐུར་སེལ་གྱིས་དབུ་མར ་རྒྱུན་ཏུ་རབ་ཏུ་ཞུགས་པས་ཐུན་མོང་བའི་འཆི་བལྟས་ཀྱིས་འཆི་བ་བླུ་བར་འགྱུར་རོ།། དབུ་མ་ཡི་ཡང་དབུགས་རྣམ་པ་གསུམ་སྟེ་ཐ་མ་དང་འབྲིང་དང་། མཆོག་གི་དབྱེ་བས།། དེ་ལ་ཐ་མ་ནི་འགྱུར་བའི་རང་བཞིན་འཆི་བ་སྟེར་བར་བྱེད ་པོའོ།། འབྲིང་ནི་འཆི་ལྟས་འཇོམས་པ་སྟེ་ལྷན་ཅིག་སྐྱེས་པའི་དབུགས་ཀྱུ་འཁོར་ལོའི་གྲངས་རེངས་པ་དཀར་པོ་མི་སྐྱོད་པའོ།། མཆོག་ནི་སངས་རྒྱས་ཉིད་སྟེར་བ་བྱེད་པ་པོ་སྟེ་རྡོ་རྗེ་བཟླས་པར་ཇི་ལྟར་ཉེ་བར་བསྟན་པ་ལས་རབ་ཏུ ་འབྱུང་བ་དང་འཇུག་པ་ཉིད་ཀྱིས་སྲོག་དབུ་མར་རབ་ཏུ་གཞུག་པར་བྱ་སྟེ་ཉི་ཁྲི་བརྒྱད་གཉིས་བརྒྱའི་གྲངས་ཇི་སྲིད་པོར་ཞེས་སོ།། གསུངས་པ་ཡང་། རྣལ་འབྱོར་པའི་དབུགས་འབྱུང་རྔུབ།། སྦྱོར་གཞི་གཅིག་པ་ལ་བརྩོན ་པ། ཤེས་རབ་ཐབས་ཀྱི་བཞིར་གནས་ཏེ།། སྔགས་ཀྱི་ཡན་ལག་མ་ཉམས་བཟླས།། དེ་ལ་བརྟུལ་ཞུགས་བཤད་པ་མེད།། བགྲང་ཕྲེང་མེད་ཅིང་སྔགས་རྣམས་མེད།། གཟུངས་དང་སྦྱིན་སྲེག་ལས་རྣམས་ཀུན།། ། ་གཅིག་ནས་གཅིག་ཏུ་བཟློག་པར་འགྱུར།། འདི་སེམས་ཀྱི་བསམ་པ་ཐོབ་པར་འགྱུར་ཏེ་འདིར་ཡང་རང་བཞིན་བརྒྱད་བཅུ་འཕྲོ་བ་ལས་སེམས་རྣམ་པར་དབེན་པར་རྟོགས་པར་བྱ་སྟེ་སྣང་བ་གསུམ་གྱིས་རླུང་འབབ་པའི་ཕྱིར་རོ།། འཕགས་པའི ་ཞབས་ཀྱིས་གསུངས་པ་ཡང་། རླུང་ནི་གང་དུ་དེར་གནས་པ། རང་བཞིན་དེ་དང་དེ་འབྱུང་འགྱུར།། ཇི་སྲིད་རླུང་ནི་མི་རྒྱུ་དང་། སྣང་བ་མི་གཡོ་བར་འགྱུར་རོ།། རླུང་རྣམས་ཕྲ་མའི་གཟུགས་ཀྱིས་ནི།། ཤེས་དང་ཡང་དག་འདྲེས་གྱུར་ཏེ།། ་དབང་པོའི་ལམ་ནས་བྱུང་ནས་ནི།། ཡུལ་རྣམས་ལ་ནི་དམིགས་པར་བྱེད།། དགོངས་པ་ལུང་སྟོན་དུ་ཡང་། ཇི་སྲིད་འཇིག་རྟེན་བརྡ་དང་ནི།། དེ་བཞིན་རྣམ་པ་སྣ་ཚོགས་བརྟགས།། རྣམ་རྟོག་རླུང་ལས་རྟག་ཏུ་ནི།། བྱང་ཆུབ་སེམས་སུ་འགྱུར ་བ་ཡིན་ཞེས་སོ།། དེ་ལ་སྣང་བའི་སུམ་ཅུ་རྩ་གསུམ་སྣང་བ་མཆེད་པའི་བཞི་བཅུ་ཐམ་པའོ།། སྣང་བ་ཉེ་བར་ཐོབ་པའི་བདུན་ནོ།། འདི་དག་ཀྱང་སྤྱོད་བསྡུས་ལ་སོགས་པར་རྟོགས་པར་བྱའོ།། བཟླས་པ་འདིའི་ཕན་ཡོན་གསུངས་པ ་དགྲ་དང་སེངྒེ་གླང་ཆེན་དབང་པོ་མེ་དང་ལྟོ་འཕྱེའི་བདག་པོ་ཆོམ་རྐུན་ཞགས་པས་འཆིང་བ་དང་། ཆུ་གཏེར་འཁྲུགས་པ་དང་ནི་ཤ་ཟ་འཆི་བའི་འཇིགས་བྱེད་ནད་དང་དབང་པོ་ཉེ་བར་འཚེ་བ་དང་། དབུལ་དང་བུད་མེད་བྲལ་དང་མི་བདག་འཁྲུགས ་པའི་འཇིགས་པ་དང་ནི་རྡོ་རྗེ་ལྟུང་དང་དོན་ཉམས་པ།། གང་ཞིག་རྣལ་འབྱོར་མ་རྣམས་ཞབས་ནི་གསལ་བར་ཡང་ནི་དྲན་བྱེད་དེ་ལ་རབ་ཏུ་ཉམས་པར་འགྱུར།། བླ་མར་ཡང་། རྟགས་ནི་གཉིས་གཉིས་སྦྱོར་བས་སོ།། དངོས་གྲུབ་ཆེད ་དུ་གསང་སྔགས་བཟླས།། འཁོར་ལོ་སྒྱུར་དྲུག་འགྲུབ་པར་བྱེད།། ངེས་པར་ཟླ་དྲུག་གིས་གཞན་མིན་ཞེས་སོ།། རྡོ་རྗེ་བཟླས་པ་འདིས་བསྙེན་པ་བྱས་ནས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལས་རྣམས་ཐམས་ཅད་ཚྭ་ག་ཇི་ལྟ་བ་བཞིན ་དུ་བསྒྲུབ་པར་བྱའོ།། སྔགས་ཀྱི་དེ་ཉིད་གསོལ་བ་འདི།། གསུངས་གི་རྡོ་རྗེའི་སྒྲུབ་ཐབས་སོ།། རྣལ་འབྱོར་བྱིས་པའི་རྟོགས་བྱེ་མིན།། རྟོག་གེ་པ་ཡིས་མི་ཤེས་སོ།། ཡེ་ཤེས་གསུམ་གྱིས་དབྱེ་བ་ཡིས།། སེམས་ཙམ་ལ་ནི་ངེས་པར ་སྦྱོར།། སེམས་རྣམས་དབེན་པ་ཞེས་བཤད་པ།། རིམ་འདི་སངས་རྒྱས་སྤྱོད་ཡུལ་ཞེས་སོ།། དྲང་བའི་དོན་ནོ།། འོད་གསལ་བའི་རིམ་པའོ།། །། དེ་ནས་ཕོ་ཉའི་མཚན་ཉིད་མཆོག། གཞན་པ་ཡང་དག་མདོར་བསྟན ་པ།། གང་གིས་ཡང་དག་རྣམ་ཤེས་བྱེད།། མཁའ་འགྲོའི་དམ་ཚིག་ལ་གནས་པའོ།། མིང་པོ་དང་ནི་ཕ་ཉིད་དང་།། རྗེ་བོ་སྐད་ཅིག་ལས་མཐོང་བྱེད།། ལྕེ་སྦོམ་མིག་ནི་དམར་སྟེར་ལྟ།། སྒྲ་ནི་དམར་སེརརཱ་དྷི་ནས་རྩུབ།། ཐུན་མ ་དངོས་གྲུབ་ཐམས་ཅད་དང་།། བཟླས་དང་བརྟུལ་ཞུགས་ལ་རྟག་དགའ་ཞེས་པས་ཕོ་ཉ་མོའི་རང་གི་ངོ་བོ་གསུངས་སོ།། རྗེ་བོ་ནི་བདག་པོ་ཉིད་དུ་ཀུན་དུ་སྤྱོད་པར་བྱེད་དེ་འདོད་པའི་བརྒྱང་འགྱུར་ཉིད་ཀྱི་ཕྱིར་རོ།། དེ་ཕྱིར་དེ་རྣམས ་བསྟེན་པར་བྱ་སྟེ་ཇི་ལྟར་སུས་ཀྱང་མི་ཚོར་བར་བྱའོ།། སྒྲ་ཇི་བཞིན་པའོ།། མཁའ་འགྲོ་མ་ནི་ཉི་ཤུ་བཞི།། སྤྱོད་དང་གྲོལ་བའི་འབྲས་རབ་སྟེར།། ཞེས་པ་གསལ་ལོ།། དྲན་པས་ཡང་དག་ལྡན་པ་མ ་ཕོ་ཉ་ཞེས་བྱའི་གོ་འཕང་ལྡན།། ཕྲེང་བའི་སྔགས་ནི་རྟག་ཏུ་ཟློས།། འདོད་པའི་དོན་ཀུན་གྲུབ་བྱེད་པ་ཞེས་ཏེ།། དྲན་པས་ནི་ལྷའི་བསམ་གཏན་ནོ།། གཞན་དུ་རྟོག་པར་སླའོ།། དཔའ་བློ་དབང་པོ་སྒྲུབ་པར་བྱེད་དེ་བཞིན་དུའོ། ་རྣལ་འབྱོར་རོལ་པ་འབྲས་རབ་སྟེར།། སྒྱུ་དང་མེ་སྒྱུའི་འཇིག་རྟེན་གསུམ།། གདོན་མི་ཟ་བར་བློ་བུར་འབྱུང་ཞེས་པ་ནི་དཔའ་བོའི་དབང་པོའི་རྐང་པ་བརྒྱད་པ་དང་དེ་བཞིན་དུ་ལྷའི་རྣམ་པའི་རྣལ་འབྱོར་ལས་སོ།། མཁའ་གྲོ ་མ་ལ་སོགས་པ་ནི་བྱ་རོག་གདོང་མ་ལ་སོགས་པ་དང་ལྡན་པའི་འཇིག་རྟེན་གསུམ་སྒྲུབ་པར་བྱེད་དོ།། སྔགས་དང་ཕྱག་རྒྱར་ཡང་དག་ལྡན།། སྒྲུབ་པ་པོ་ཡི་ཐེ་ཚོམ་མེད།། ཕྱག་རྒྱ་དམན་པའི་གསང་སྔགས་རྣམས།། ་ལུས་ཅན་རྣམས་ཀྱིས་འགྲུབ་མི་འགྱུར་ཞེས་པ་ནི་གསང་སྔགས་ཞལ་བཞི་པའོ།། ཕྱག་རྒྱ་མཁའ་འགྲོ་མ་ལ་སོ་གྶ་དས་ཏེ་དྲང་བའི་དོན་ནི།། གསང་སྔགས་ཤེས་པའོ།། ཕྱག་རྒྱ་ཤེས་བྱ་སྟེ་ཟུང་དུ་འཇུག་པའོ་ཞེས་པ ་ངེས་པའི་དོན་ནོ།། སྔགས་པས་དྲོ་བའི་བྱ་བ་དག། མངོན་པར་བརྩོན་པས་རྟོགས་པར་བྱ།། འདོད་པའི་དོན་ཀུན་སྒྲུབ་བྱེད་པའི།། རྣལ་འབྱོར་ཆེན་པོ་སུན་འབྱིན་གང་།། ཁྱི་ཡི་སྐྱེ་གནས་བརྒྱར་སོང་ནས། གཏུམ ་པོ་རུ་ཡང་སྐྱེ་བར་འགྱུར།། དམ་ཚིག་གིས་སྤྱོད་པ་སུན་འབྱིན་པ་དེ་རྣམས་རྨོངས་པ་དང་ངན་འགྲོར་འགྲོ་བར་འགྱུར་རོ།། གཏུམ་མོའི་རྣལ་འབྱོར་ཆེན་པོ་ལ་མངོན་པར་བརྩོན་པས་སོ།། གསུངས་པ་ཡང་། ཇི་ལྟར་གཡོ་བ་དེ ་ཡང་སྨན་སོགས་ཀྱི།། སྟོབས་ཀྱིས་མེ་དང་ཡང་དག་ཕྲད་པས་འཆིང་།། དེ་བཞིན་ཁུ་བ་ཤིན་ཏུ་རྣལ་འབྱོར་གྱིས།། ཤེས་རབ་མ་དང་ཡང་དོག་ཕྲད་མ་པས་ཞེས་སོ།། དྲོ་བའི་བྱ་བ་ནི་གཏུམ་མོའི་མེའི་རི་མོའོ།། བཤད་པའི ་རྒྱུད་དུ་ཡང་།། ཨ་ལི་ཀཱ་ལཱི་མཉམ་བྱས་ནས།། རི་མོ་དེ་ལ་ངེས་པར་སྦྱར།། སྟེང་དུ་འབར་བའི་རི་མོཾ་ལས།། འོག་ཏུ་འཛག་པར་བྱེད་པའོ།། དྲང་བའི་དོན་ནོ།། དྲོ་བའི་བྱ་བ་ནི་འདོད་པའི་འདོད་ཚོགས་རབ་ཏུ་གསལ་བ་དབང་པོ་གཉིས ་ཀྱི་སྦྱོར་བས་ཇི་ལྟར་འགྱུར་བ་དེ་ལྟར་བསྒོམ་པར་བྱའོ།། བླ་མར་ཡང་། བདུད་རྩི་ཐིག་ལེའི་གཟུགས་ཅན་ནི།། ཁུ་བའི་གཟུགས་ཀྱིས་འཛག་པར་བྱེད།། བསྲུབ་བྱ་སྲུབ་བྱེད་སྦྱོར་བ་ལས།། ཡེ་ཤེས་མེ་སྟེ་འདི་ཡིས་ལྔས་ཤེས་སོ།། ་དེས་པའི་དྲོན་ནོ།། རྣལ་འབྱོར་ཆེན་པོ་ནི་ཀུན་སྤྱོད་དུ། ལོངས་སྤྱོད་རྫོགས་པར་ཤེས་པར་བྱ།། རྣལ་འབྱོར་ཆེན་པོར་རྣམ་པར་གནས། བླ་མར་ཡང་། སྙིང་ལ་གནས་པར་ངས་བསྟན་པ། ཐིག་ལེ་གཅིག་ནི་འགྱུར་བ་མེད།། དེ་སྒོམ ་བྱེད་པའི་སྐྱེས་བུ་ལ།། རང་གི་ཡེ་ཤེས་སྐྱོ་བར་འགྱུར་ཞེས་ཏེ་དྲང་པོའི་དོན་ནོ།། རྣལ་འབྱོར་ཆེན་པོ་ནི། རྡོ་རྗེའི་རྣལ་འབྱོར་བླ་ན་མེད་ཅེས་གསུངས་པའོ།། རྒྱས་པར་བསྟན་པ་ཡང་བླ་མར།། ཆོས་བདག་མེད་པའི་ལམ་གྱིས་ནི།། ་དཀྱིལ་འཁོར་མཆོག་ཏུ་རབ་ཞུགས་ནས།། ཤེས་རབ་ཕ་རོལ་ཕྱིན་སྦྱོར་ལ།། དེ་བཞིན་རྣལ་འབྱོར་པ་ངལ་སོ།། ཞེས་ཏེ་ངེས་པའི་དོན་ནོ།། ཁྱི་ནི་ཁྱི་རྣམས་སོ།། དཔེར་ན་ཁ་ཅིག་མར་འདོད་པས།། དད་པས ་ཆུ་ལ་སྲུབ་པར་བྱེད།། དེ་ལ་མར་སར་མི་འབྱུང་ཡང་།། ལུས་ཉོན་མོངས་པ་ཁོ་ནར་ཟད་།། ཅེས་པ་ངེས་པར་བསྟན་པ་གསུངས་པ་གསལ་ལོ།། བཟང་པོར་འཛིན་དང་མཆོད་དང་བཏུང་། འཚོ་བའི་ཐབས་ཀྱི་རྒྱུ་ཉིད་ཕྱིར།། རྣལ་འབྱོར ་གཞན་ལ་བརྟེན་པ་དང་།། བཟླས་པ་གཞོན་ནི་དོན་མེད་དོ།། ཞེས་པས་སྔགས་པ་གསུངས་ཏེ།། ཤེས་རབ་མ་ནུས་མའི་ཟླ་བ་ཅན་དབྱེར་མེད་པའི་ཆོས་ཅན་གྱི་ཕྱག་རྒྱ་ཆེན་མོའི་སྐབས་ལས་གཞན་པའི་ལྷ་དང་སྔགས་ལ ་སོགས་པ་མཆོད་པ་དོན་མེད་དོ་གསུངས་པ་ཡང་།། ཐུབ་པ་འགྲོ་བ་འཇིགས་མེད་ལྡན།། ཕྱག་རྒྱ་དཀྱིལ་འཁོར་སྔགས་ལ་སོགས། ཟབ་ཅིང་རྒྱ་ཆེའི་ཆོས་རྣམས་ལོ།། སྐལ་པ་བྲལ་བའི་བདག་ཉིད་ལའོ།། བཟང་པོ་ནི ་དཔལ་བཟང་པོའི་རིགས་ཉིད་ཀྱི་ཕྱིར་ཀུན་རྫོབ་དང་དོན་ངམ་དག་གིས་བཟང་པ་ཉིད་ཀྱི་ཕྱིར་བཟང་པོ་འཚོ་བའི་ཐབས་ཤེས་པ་ནི་འཚོ་བའི་དོན་ནོ།། དགོངས་པ་ལུང་སྟོན་པ་རྣལ་འབྱོར་གྱི་རྒྱུད་དུ་ཡང་། སྔགས་དང་ཕྱག་རྒྱའི་སྦྱོར་བ ་ཡིས།། དེ་རྣམས་འཚོ་བ་རྟོག་པར་བྱེད།། དེ་རྣམས་འདུས་པ་མི་ཤེས་ཏེ།། གང་དེའང་དམན་པའི་ལམ་དུ་ལྟུང་།། སྒྲ་ཇི་བཞིན་པའོ།། རྣལ་འབྱོར་ཆེ་འཛིན་དཔའ་བོ་ནི།། ཡུལ་ཕྱོགས་གང་དུ་གནས་གྱུར་ཏེ།། གཏུམ་པོ ་རྨ་ཀློས་གང་བ་ཡང་།། ཡུལ་དེ་ཡོངས་སུ་བརྟགས་པ་ཡིན་ཞེས་ཏེ།། རྣལ་འབྱོར་ཆེན་པོ་ནི་ཆ་དང་བཅས་པ་རྡོ་རྗེ་སེམས་དཔའ་ཞེས་བརྗོད་པ་སྟེ་དྲང་བའི་དོན་ནོ།། རྣལ་འབྱོར་ཆེན་པོ་ནི་ཤེས་རབ་མཆུ་མེད་པར་སྣང་བའི་རྗེས་སུ ་འགྲོ་བ་ཐམས་ཅད་ཀྱི་མཆོག་རྣལ་འབྱོར་ཆེན་པོ་ཞེས་བརྗོད་པ་སྟེ་ངེས་པའི་དོན་ནོ།། ཡུལ་ད་ནི་ཡུལ་དེ་ཁོ་ན་བཟང་པོ་ཞེས་གནས་ཏེ་དེའི་ཕྱིར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ།། ལུས་མེད་རྡོ་རྗེའི་ཞབས་ཀྱིས་ཀྱང ་གསུངས་པ། གཏུམ་མོའི་རྣལ་འབྱོར་བསམ་པ་སོགས།། གལ་ཏེ་ཉོན་མོངས་མི་འཇོམས་ན།། བསྐལ་པ་བྱེ་བ་སྟོང་གིས་ནི།། ཉོན་མོངས་ཅི་ཡིས་ལྡོག་པར་བྱེད།། སྒྲ་ཇི་བཞིན་པའོ།། ཕྱི་རོལ་གཉིས་གཉིས་ལས ་རྣམས་གྲོལ།། ཡང་དག་ལམ་ནི་སྟོན་བྱེད་གང་།། སེམས་ཅན་རྗེས་སུ་གཟུང་བའི་རྒྱུར།། དེ་རུ་ང་ནི་རྟག་པར་གནས་ཞེས་པ་ནི།། གཉིས་གཉིས་ནི་རྣམ་པར་རྟོག་པའོ།། ཡང་དག་པའི་ལམ་ནི་གཉིས་ལས་རྣམ་པར་གྲོལ་བ་བྱང ་ཆུབ་སེམས་དཔའ་རྣམས་ཀྱིས་མདོར་བསྡུས་པའི་ལམ་སྟེ། འདི་ལྟ་སྟེ་ཐབས་དང་ཤེས་རབ་ཀྱང་ངོ་ཞེས་སྨོས་པར་ཟུང་འཇུགས་ཅེས་བཤད་པ་དེ་བཞིན་ཉིད་གཉིས་སུ་མེད་པར་སྦྱོར་བ་ལས་ཤེས་གསུངས་པ་ལའོ།། ་དྲི་མ་མེད་པའི་འོད་ཀྱི་རྒྱ་ཆེར་གྲེལ་པར་ཡང་། སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་ནི།། བཅུ་དྲུག་བཞི་ཡི་རབ་ཏུ་དབྱེ་བ་ཅན།། དེ་ཉིད་དེ་བཞིན་གཤེགས་པས་གང་གསུངས་པ། ལམ་དང་བྲལ་བས་ཐོབ་པ་མ ་ཡིན་ནོ་ཞེས་སོ།། ང་ནི་འགྲོ་བའི་དོན་བྱེད་པའི་ཆེད་དུ་དེ་རྣམས་ཀྱི་གཟུགས་ཀྱིས་གནས་སོ།། ཀུན་རྫོབ་པའི་གཟུགས་ལ་བརྟེན་ནས་ངེས་པར་ཡང་དག་པའི་ལུས་ཀྱིས་སྟོན་ཏོ།། སྒྲ་ཇི་བཞིན་པའོ།། ཤེས ་རབ་དང་ནུས་པའི་ཆོ་གའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། ཤིན་ཏུ་རྙེད་དཀའ་དགོད་པ་ཡིས།། གང་གིས་རྣམ་པར་ཤེས་ཙམ་གྱིས་སྒྲུབ་པོས་མྱུར་དུ་འགྲུབ་པར་བྱེད། ཅེས་བྱ་བ་ལ་སོགས་པས་ཞལ ་བཞི་པའི་སྔགས་བཏུ་བ་གསུངས་སོ།། ས་ཡི་ཆ་མཉམ་ཡིད་འོང་བར།། ཙན་དན་གྱིས་ནི་ཉེ་བར་བྱུགས།། མེ་ཏོག་སིལ་མ་གཅལ་དུ་བཀྲམ།། དྲི་བཟང་དྲི་ལྡན་ས་ལི་ནི།། བདག་ཉིད་ཆེ་བཅས་བྱས་ནས་ནི།། ཕྱོགས་བཅིང་བར ་ནི་བྱ་བའོ།། དེ་ནུས་རྫ་རྔ་བཅིངས་བྱས་ནས།། རི་མོ་དགུ་པ་ཤིན་ཏུ་ཟླུམ།། བཅུ་དྲུག་སུམ་ཅུ་རྩ་གསུམ་པའི།། ཡི་གེའི་ཕྱི་མོ་མཉམ་བསྒྲིབས་ནས།། དེར་གནས་དཔའ་བོ་བཏུ་བར་བྱ།། འདོད་པའི་དོན་ཀུན་སྒྲུབ་བྱེད་པ།། ལུགས་འབྱུང ་ལུགས་ལས་བཟློག་པ་ཡིས།། སྒྲུབ་པོས་དབྱངས་དང་ཡི་གེ་ཡིས།། དེ་རྣམས་གཅིག་དམན་ལྔ་བཅུ་ཡིས།། ཐུབ་པའི་གྲངས་ཀྱི་ནང་ཆུད་པར་ཞེས་ཏེ།། རྫ་རྔ་བཅིང་བ་ནི་ངོས་གཉིས་ནས་རི་མོ་བརྒྱད་རྣམས་ཀྱིས་གཅིག་གིས་དམན ་པའི་ལྔ་བཅུའི་བདག་ཉིད་ཀྱི་རི་མིག་རྫ་རྔའི་རྣམ་པར་བྱའོ།། སྟེང་འོག་གཉིས་སུ་ཟླུམ་པོའི་རྣམ་པས་རི་མོ་བཞི་བཅུ་རྩ་དགུ་སྟེ་དགྲ་ཇི་བཞིན་པའོ།། རེ་མིག་སུམ་ཅུ་གཉིས་པ་གཟུང་།། ལྔ་པའི་དབྱངས་ཀྱིས་ཕྱེ་བ་ལ།། བརྒྱ་ཕྱེད་ཕྱེད ་པ་ཡང་དག་བླང་།། ཉི་ཤུ་བཞི་པས་འོག་ཏུའོ་ཞེས་པ་ནི་སུམ་བཅུ་གཉིས་པ་སོ་ལས་བྱུང་བའི་ས་ཡིག་གོ།། ལྔ་པ་ཨུ་ཡིག་གོ།། བརྒྱ་ཕྱེད་ཕྱེད་པ་གསལ་ཕྱེད་དོ།། ཉི་ཤུ་བཞི་པ་བྷ་ཡིག་གོ།། དེ་ནས་སུམ་ཅུ་དྲུག་པ་གཟུང ་གསུམ་པའི་དབྱངས་ཀྱིས་སྦྱོར་བའོ།། དེ་ནས་སུམ་བཅུ་གཉིས་པ་གཟུང་།། ལྔ་པའི་དབྱངས་དང་ཡང་དག་ལྡན།། ཉི་ཤུ་ལྔ་པ་ཡང་དག་གཟུང་།། ཉི་ཤུ་བཞི་པ་འོག་ཏུའོ།། སུམ་ཅུ་གསུམ་པ་ཡང་དག་བླང་།། སྤྱི་བོར ་བཅོ་ལྔ་པ་དང་ལྡན་ཞེས་པ་ལ་སུམ་ཅུ་དྲུག་པ་ལ་དབྱངས་གསུམ་པ་སྦྱར་བ་ནི་ནིའོ།། སུམ་ཅུ་གསུམ་པ་ཧའོ།། བཅོ་ལྔ་པ་ཐེག་ལེའོ།། ལྔ་པ་ཡིས་ནི་ཡང་དག་ལྡནི་ཧཱུ~ཾ་།། ལྔ་པ་ཡིས་ནི་ཡང་དག་ལྡན།། ཡི་གེ་མཆོག་ཏུ ་མཛེས་པའོ།། ཉི་ཤུ་གཉིས་པ་ཡང་དགེ་ལྡན།། ཉི་ཤུ་བདུན་པ་ཡང་དག་ལྡན།། ཕྱག་འཚལ་དང་པོར་ཡང་དག་ལྡན།། རྐང་པ་དང་པོར་ཡང་དག་འདོད།། ཅེས་པ་ཉི་ཤུ་གཉིས་པ་པའོ།། ཉི་ཤུ་བདེན་པ་ཊའོ།། ཕྱག་འཚལ ་དང་པོ་ནི་རྐང་པའི་དང་པོར་ཨོཾ་ཡིག་གོ། ཉི་ཤུར་གཅིག་གིས་དམུན་པ་གཟུང་།། མཽ་ཡི་བུ་ཡིས་ཡང་དག་ལྡན།། གསུམ་པོའི་དབྱིངས་དང་ཡང་དག་ལྡན།། དེ་ནས་ཡཾ་ཡིག་བརྒྱད་པ་ལ།། སུམ་བཅུ་དྲུག་པར་ཡང་དག་ལྡམ། ་རྐང་པ་གཉིས་པར་བརྗོད་པར་བྱ་ཞེས་པ་ལ།། ཉི་ཤུར་གཅིག་གིས་དམན་པ་ལ་མེའི་བུ་ཡིས་ནི་འོག་ཏུར་ཡིག་གིས་སོ།། གསུམ་པའི་དབྱངས་དང་ཡང་དག་ལྡན་ནི་གྲའོ།། བརྒྱད་པ་ནི་ཧའོ།། སུམ་ཅུ་དྲུག་པས་འོག་ཏུ ་སྟེ་ཧཱའོ།། སླར་ཡང་ཚིག་འདི་སྦྱིན་པར་བྱ།། འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན་གསལ་ལོ།། དེ་ནས་རང་བྱུང་གཟུང་ནས་ནི།། ལྔ་པའི་དབྱངས་དང་ཡང་དག་ལྡན།། སྟེང་དུ་ཐིག་ལེས་བརྒྱན་པ་ནི།། ་རྐང་པ་གསུམ་པར་བརྗོད་བྱི་སྟེ།། ཉི་ཤུ་གཉིས་པ་ཡང་དག་ལྡན། ཉི་ཤུ་བདུན་པ་ཡང་དག་ལྡན་ཞེས་པ་གསལ་ལོ།། ཉི་ཤུར་གཅིག་གིས་དམན་པ་ཉིད།། ཉི་ཤུ་བདུན་པས་ཡང་དག་ལྡན།། གསུམ་པའི་དབྱངས་དང ་ཡང་དག་ལྡན།། དེ་ནས་སུམ་ཅུ་གསུམ་པའི་སྔགས།། གཉིས་པའི་སྔགས་དང་ཡང་དག་ལྡན།། ཡི་གེ་ཉི་ཤུ་པ་དང་ལྡན།། ཉི་ཤུ་རྩ་གཅིག་རེ་མིག་གནས།། དེ་བཞིན་ཉི་ཤུ་དྲུག་གནས་པ་ཞེས་པ་ལ་ཉི་ཤུ་པ་ནི ་ཀཱ་ལི་ལ་ལྟོས་ནས་སོ།། ཉི་ཤུ་རྩ་གཅིག་པ་ནི་པའོ།། ཉི་ཤུ་རྩ་དྲུག་པ་ནི་ཡའོ།། ལན་གཉིས་བཟླས་པའི་ཚིག་འདི་ཡང་། སྒྲུབ་པ་མཆོག་ནི་བཏུ་བར་བྱ་ཞེས་པ་ལ་འདི་ནི་ཉིད་འགྱུར་རོ།། དེ་ནས་ལུགས་ལས ་བཟློག་པ་གཟུང་།། རེ་མིག་དང་པོའི་ཡི་གེ་ནི།། བཞི་པ་མཐའ་ཡིས་ཡང་དག་སྦྱར།། སྤྱི་བོར་བཅོ་ལྔ་པས་སྨྲས་པ།། དེ་ནས་ཉི་ཤུ་གཉིས་པ་ཉིད།། དེ་ནས་ཉི་ཤུ་བདུན་པའོ།། ཆོས་དོན་འདོད་དང་ཐར་པ་རྣམས།། རྐང་པ ་གསུམ་པར་བརྗོད་པར་བྱ།། བཞི་པའི་མཐའ་ནི་ཨུ་ཡིག་གོ།། བཅོ་ལྔ་པ་ནི་ཐིག་ལེའོ།། རེ་མིག་གཉིས་པའི་ས་བོན་གང་།། དེ་ནས་སུམ་ཅུ་དྲུག་པ་ཉིད།། ཉི་ཤུ་དྲུག་པ་སོ་གསུམ་པ།། བཅུ་གསུམ་པ་ཡི་དབྱངས ་ཀྱིས་སྨྲས།། རེ་མིག་ལས་ནི་བཅུ་པ་ཉིད་།། སྒྲུབ་པ་པོས་ནི་ལུགས་བཟློག་པས།། ཉི་ཤུར་གཅིག་གིས་དམན་པ་ཉིད།། དེ་ནས་ཉི་ཤུ་གསུམ་པའོ།། ཞེས་པ་ནི་གཉིས་པ་ཨཱའོ།། སུམ་ཅུ་དྲུག་པ་ནའོ།། ཉི་ཤུ་དྲུག ་པ་ཡའོ།། བཅུ་གསུམ་པའི་དབྱངས་ཀྱིས་སྦྲུས་བྲོ་ཏའོ།། བཅུ་པ་བྷཱ་སྟེ་ལུགས་ལས་བཟློག་པ་ཕ་ལ་སོགས་པ་ནས་སོ།། ཉི་ཤུར་གཅིག་གིས་དམན་པ་གའོ།། ཉི་ཤུ་གསུམ་པ་བའོ།། གཉིས་པའི་དབྱངས་དང་ཡང་དག ་ལྡན།། ཐིག་ལས་སྤྱི་བོར་བརྒྱན་པའོ།། གཅིག་དམན་སུམ་ཅུ་པཾ་གཟུང་ནས།། སླར་ཡང་རེ་མིག་བརྒྱད་པ་ལ།། མ་ཡི་བུ་ནི་ཡང་དག་ལྡན།། ཧཱུཾ་ཕཊ་ཡི་གེ་མཐར་སྦྱར་བ།། འཇིག་རྟེན་གསུམ་ལས་རྣམ་རྒྱལ་སྔགས ་རྐང་པ་བཞི་ཡིས་རྣམ་པར་བརྒྱནཱ་ཞེས་ཏེ། གཅིག་གིས་དམན་པའི་སུམ་ཅུ་པ་ནི་ཝ་སྟེ། ཀཱ་ལི་ལ་བལྟོས་ནས་སོ།། བརྒྱད་པ་ནི་ཛ་སྟེ་ལྷག་མ་སྒྲ་ཇི་བཞིན་པརོ།། རྐང་པ་ཀུན་གྱི་དང་པོར་ཨོཾ།། མཁའ་འགྲོ་མ་སོགས ་ཡང་དག་ལྡན།། ཧཱུཾ་ཕཊ་ཡི་གེ་མཐར་སྦྱར་བ།། དངོས་གྲུབ་ཀུན་གྱིས་འབྲས་རབ་སྟེརརེ་ཞེས་པས་བཟླས་པའི་ངེས་པ་གསུངས་ཏེ་གསལོ།། རིག་པའི་རྒྱལ་པོའི་སྔགས་འདི་ནི།། མ་བྱུང་འབྱུང་བར་མི་འགྱུར། ་རྒྱུད་རྣམས་ཀུན་ལ་ཐུན་མོང་དུ།། བྱ་བ་ཐམས་ཅད་སྒྲུབ་པར་བྱེད་ཅེས་པ་ནི་རྒྱུད་རྣམས་ཀུན་ལ་ནི་བྱ་བ་དང་། སྤྱོད་པ་དང་། གཉིས་ཀའི་རྒྱུད་རྣམས་སུའོ།། ཁྲོ་བོ་བཞི་དང་ཡང་དག་ལྡན།། སྐུ་བརྒྱད་ཡང་དག ་ལྡན་པ་ནི།། དཀྱིལ་འཁོར་ཉིད་ནི་བསྲུང་དོན་དང་།། སེམས་ཅན་རྣམས་ཀྱང་ཁྱད་པར་ལས།། འདིས་ནི་གྲུབ་པ་ཙམ་གྱིས་ཀྱང་།། བདུད་ཀྱང་སྐད་ཅིག་ལ་འཆིའོ་ཞེས་ཏེ། ཁྲོ་བོ་བཞི་ནི་གནོད ་མཛེས་ཀྱི་སྔགས་འདིའོ།། སྐུ་བརྒྱད་ནི་རྐང་པ་བརྒྱད་དེ་གསལ་ལོ།། རྡོ་རྗེ་བཟླས་པས་བསྒྲུབ་བྱ་བ།། དངོས་གྲུབ་ཀུན་གྱིས་འབྲས་བུ་འབྱུང་།། ཆགས་པ་ཀུན་ལས་རྣམ་པར་གྲོལ།། གཞན་དུ་ནམ་ཡང་མ་ཡིན་ནོ། ་ཞེས་པས་རྡོ་རྗེ་བཟླས་པ་གསུངས་སོ།། གསུངས་པ་ཡང་། དོན་གྱི་རྗེས་འགྲོའི་བཟླས་པ་ཡིས།། རང་བཞིན་མེད་པས་མཛེས་པ་ཡིན།། དུས་གསུམ་སངས་རྒྱས་ཀྱིས་བརྟགས་པ།། རྡོ་རྗེ་བཟླས་པར་དེ་བརྗོད་བྱ ་ཞེས་དང་དོན་གྱི་རྗེས་འགྲོའི་བཟླས་པ་ཡིས།། རང་བཞིན་མེད་པས་མཛེས་པ་ཡིན།། མ་ནིང་དག་གིས་གནས་ཞུགས་པ།། སྔགས་ཀྱི་ཡན་ལག་མ་ཉམས་བཟླས་ཤེས་འབུམ་ཕྲག་ལྔ་པར་ཡང་།། ཐ་དད་ཡི་གེ ་སློངས་མོ་སྟེ།། དེ་གདོན་མི་ཟ་བ་ཡིན།། གང་ཞིག་བཟླས་པར་དགའ་བ་དེ།། འདི་རྣམས་སློང་མོ་ཟླ་འདོད་མིན།། དགོངས་པ་ལུང་སྟོན་དུ་ཡང་།། དང་པོའི་ཡི་གེའི་སྦྱོར་བ་ཡིས།། རྟག་ཏུ་དབུགས་ནི་བརྔུབ ་པར་བྱ།། བརྒྱད་པའི་མཐའ་ཡིས་ཡང་དག་ལྡན།། ཨུ་ཡིག་གིས་ནི་ཐིག་ལེས་བརྒྱན།། རྣལ་འབྱོར་པ་ཡི་དབུགས་གཏོང་བྱེད།། མཛེས་པའི་བཟླས་པར་འདི་བརྗོད་བྱ།། དགོངས་པའོ།། དངོས་གྲུབ་ཐམས་ཅད ་ནི་ཞི་བ་ཅན་ལ་སོགས་པའི་དངོས་གྲུབ་སྟེ། ས་ལ་སོགས་པའི་དཀྱིལ་འཁོར་དུ། སྲོག་འབབ་པས་ལས་ཀྱི་དངོས་གྲུབ་པོ།། ཆགས་པ་ཀུན་ལས་རྣམ་པར་གྲོལ་ནི་བྷུ་སུ་ཀུའི་སྤྱོད་པ་ལ་གནས་སོ།། སྒྲ་ཇི་བཞིན ་པའོ།། རིག་པའི་རྒྱལ་པོའི་སྔགས་བཏུ་བའི་ཆོ་གའོ།། ། མ་རུངས་པ་ཀུན་འཇོམས་བྱེད་པའི།། གསང་སྔགས་མི་བཟད་པ་འདི་ནི།། ཤ་ཆེན་གྱིས་ཀུན་འཇོམས་བྱེད་པ།། རྡོ་རྗེ་ལས་སྐྱེས ་ཡིན་པར་བཤད་ཅེས་པས་གནོད་མཛེས་རྒྱལ་པོའི་སྔགས་ཀྱི་ལས་གསུངས་ཏེ། ཞལ་བཞི་པའི་སྔགས་འོདི་ནི་རྡོ་རྗེ་ལས་སྐྱེས་ཏེ་ཞེ་སྡང་གི་ཏིང་འཛིན་ལས་སྐྱེས་པ།། དགོ་པལ་ཁྱི་རྟ་གྲངས་པོ་ཟངས་གཙུག་ཅན།། ་བཞིནྡ་བ་ལང་རྔ་མོ་ཕྱག། གཏོར་མ་སྦྱིན་སྲེག་བྱ་བྱེ་རྣམས།། ཐམས་ཅད་རྣམ་དཔྱོད་མེད་པར་བྱ།། མ་ལུས་ལུས་པ་མོད་འགྲུབ་ཅིང་།། རྒྱལ་སྲིད་ཀུན་ཡང་སྒྲུབ་པར་བྱེད།། གསང་སྔགས་སྒྲནཱི་སྒེག་འབུམ ་གྱིས་ནི།། སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད་ཅེས?་ཏེ་ཁྱི་ནི་ཁྱིའོ།། རྟ་ནི་རྟའོ།། གླང་པོ་ནི་ལག་ལྡན་ནོ།། ཟངས་ཀྱི་གཙུག་ཕུད་ཅན་ནི་ཁྱིམ་བྱའོ།། རྣམ་དཔྱིད་མེད་པར་ནི་གདོན་མི་ཟ་བར་རོ།། ཟ་ནི་སྦྱིན་པར་བྱ་བ ་མ་ཡིན་པ་ཁ་ནའོ།། མེད་ན་བག་ཟན་ལ་སོགས་པ་ལ་བྱས་པ་སྲེག་སེང་བའི་ཕྱུགས་ཀྱི་ཤའོ།། སྒྲ་ཇི་བཞིན་པརོ།། དུང་དང་ཉ་ཕྱིས་ཕྱག་རྒྱ་སོགས།། ཐམས་ཅད་སྲོག་ཆགས་ཡན་ལག་ཆོས།། ཆོས ་ཀྵི་སྒྲ་ཡི་ལུས་ཅན་གྱི།། ཐོད་པ་ལ་ནི་སུ་ཞིག་སྤྱོད་ཅེས་པ་ནི་དྲུང་དང་ཉ་ཕྱིས་ལ་ཕྱག་རྒྱའི་རྒྱུན་འཇིག་རྟེན་དུ་བསྟན་ལ་ཆོས་ཀྱི་སྐུ་ཡི་མཚམས་ཀྱི་ཚུ་རོལ་སེམས་ཅན་རྣམས་ཀྱིས་ཐོད་པ་ལ་རྒྱུ་ཅིའི་ཕྱིར ་རིགས་ཞེས་དགོངས་སོ།། འདི་ཁོ་ནུ་མཆོག་ཡིན་དེའི་ཕྱིར་ཡང་འོད་ཟེར་གྱིས་ཀུན་དུ་འགོངས་པ་བཀྲ་ཤིས་པ་ཐོབ་པར་བྱེད་པ་ཉིད་ཀྱི་ཕྱིར་རུང་ལ་སོགས་པ་འབའ་ཞིག་བཀྲ་ཤིས་པ་ཉིད་མ་ཡིན་ནོ།། དེའི་འགུལ་རྒྱུན་ལྕོགས ་བསྟན་པ་གསུངས་པ།། དཔའ་བོ་ཐོད་པའི་ཕྲེང་བ་ཅན།། ཟླ་བ་ཕྱེད་པས་ཅོད་པན་བྱས།། ཕྱི་མོ་ལྔ་དང་ཡང་དག་ལྡན།། བསོད་ནམས་ཀུན་གྱི་རྒྱ་མཚོ་ཆེ།། ཞེས་ཏེ་འདི་དོན་འདི་ལྟར་ཡང་དག་པར་སངས་རྒྱས་ནི་སེངྒེ་དང ་འཕྲོག་བྱེད་ལ་སོགས་པ་རྣམས་ཀྱི་ཡང་གཙོ་བོ་སྟེ། གསུངས་པ་ཡང་། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པ་བེཀྲ་ཤིས་སྙན་གྲགས་དང་།། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།། ཀུན་དགའ་ཆེན་པོ་དགའ་བ་ཆེ་ཞེསོ།། ་དེའི་ཕྱིར་ཡང་རྣམ་དཔྱོད་མེད་པ་ཡིད་འཕྲོག་པ་ནི་ཐ་སྙད་དུ་རྣལ་འབྱོར་པས་རིགས་པར་བྱའོ།། སྒྲ་ཇི་བཞིན་པའོ།། ཕྱག་རྒྱ་ཐོད་པ་ཁ་ཊྭཱཾ་ག། དཔའ་རྣམས་དཔའ་ལས་སྐྱེས་པར་བཤད།། དཔའ་ལས་སྐྱེས་པ་ནི་རྡོ་རྗེ་རིགས་ལ ་སོགས་པ་ལས་སྐྱེས་པའོ།། བཤད་ནི་སངས་རྒྱས་རྣམས་ཀྱིས་བསྟན་པའོ།། རྒྱོད་མདོར་བསྟན་པར་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡང་། བྱང་ཆུབ་ལ་གནས་བྱང་ཆུབ་ཆེ།། བྱ་རྒོད་ཕུང་པོའི་རི་ཆེན་པོར།། སྟོན་པ ་པོ་གནས་ངེས་པ་རུ།། ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ།། སངས་རྒྱས་གསང་སྔགས་རང་བཞིན་དག། དཔལ་ལྡན་འབྲས་དཔུང་སྟོན་པར་འགྱུར་ཞེས་སོ།། སྒྲ་ཇི་བཞིན་པའོ།། གནོད་མཛེས་ཀྱི་ལས་ཀྱི་ཆོ་གའོ།། དུ་ནི ་ལག་པ་ལ་དགོད་པ་གསུངས་པ།། སྒྲུབ་པ་པོ་ཡི་ལག་གཡོན་གྱིས།། བརྡ་ནི་ལྔ་པོ་བསྟན་པར་བྱ།། འདི་ནི་དཔའ་བོའི་གསུང་ལ་སྟེ།། བརྡ་རྣམས་ཀྱི་ནི་རབ་འཇུག་པའོ།། ཞེས་བྱ་བ་ལ་སོགས་པས་སོར་མོ་ལྔ་སྟེ། ་སྒྲ་ཇི་བཞིན་པའོ།། འགྲོ་ཀུན་གཡོན་ལས་བྱུང་བ་ཡི།། གཡོན་པའི་ཀུན་སྦྱོང་རྣམ་པར་གནས།། མཐེ་བོང་ལ་ནི་རྣམ་སྣང་གནས།། སྡིགས་མཛུབ་རིན་ཆེན་འབྱུང་ལྡན་གནས།། གོང་མོའི་ཡན་ལག་འོད་དཔག་མེད།། ་མིང་མེད་རལ་གྲི་འཆང་བར་གནས།། མཐེ་ཆུང་དང་ལྡན་མི་བསྐྱོད་པ།། ལག་པའི་དབུས་སུ་རྒྱལ་བའི་བདག། དེ་ལྟར་དཔའ་བོ་དགོད་པ་ནི།། གཡོན་པ་འབྱུང་བའི་རྒྱུ་ཡིན་ནོ།། ལག་པའི་རྒྱབ་ཏུ་རྟག་ཏུ་སྦྱར།། དཔའ་བོ ་ཐམས་ཅད་མཉམ་པར་འགྲོ། འདི་ནི་ལག་པ་དགོད་པར་འགྱུར།། གཡོན་པའི་ཆོ་ག་བསྒྲུབ་པ་ལས།། ཞེས་སོ།། གཡོན་པ་ནི་ཀུན་རྫོབ་ལས་འོད་གསལ་བའོ། དགོངས་པའོ།། ལག་པ་དགོད་པས་ཚིམ་པ་ལ་སོགས་པ ་བྱའོ།། འདི་རྣམས་ཟུང་འཇུགས་གི་ས་བོན་རྣམས་ཀྱིས་སོ།། དེ་བཞིན་དུ་ཀུན་སྤྱོད་དུ་ཨོཾ་པཾ་ཧཾ་ཡོ་ཧཱི་མཾ་ཧྲཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་པའི་པཱཾ་བཾ་ཧཱཾ་ཡཱཾ་ཧཱི་མོ་ཧཱ་ཧཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དཀར་བ་དང་། དམར་པོ་དང་། སེར་པོ་དང་། ་སྔོན་མོ་དང་། དམར་པོ་དང་། དཀར་མོ་དང་། སྔོན་མོ་དང་། སེར་མོ་དང་། སེར་པོ་དང་། ལྗང་མོ་དང་། སྔོ་བསངས་དང་དུད་ཁའོ་ཞེས་པ་ལག་པའི་མཆོད་པ་ལ་གཅིག་ཏུ་མཐེ་ཆུང་ལ་སོགས་པར ་གང་གི་ཚེ་ལག་པ་དག་ཕུང་པོ་དང་ཁམས་ལ་སོགས་པས་དབྱེ་བས་དྲོའི་ཚེ་གཡོན་པའི་འཇིག་པས་དགོད་པ་ཉེ་བར་བསྟན་པས་དབུས་སུ་རྡོ་རྗེ་སེམས་དཔའ་དང་། ཕག་མོས་གསུངས་སོ།། དེ་བཞིན་དུ་གཤིན་རྫ་མ་དང ་རྣམ་པར་སྣང་མཛད། རྨོངས་བྱེད་མ་དང་འོད་དཔག་མེད།། སྐྱོད་བྱེད་མ་དང་ཧེ་རུ་ཀ། སྐྲག་བྱེད་མ་དང་རིན་ཆེན་དབང་པོ་གཏུམ་མོ་དང་རྟ་མཆོག་མི་བསྐྱོད་པ་ལ་སོགས་པ་གཡོན་དུ་དགོད་པར་བྱའོ།། མངོན་བརྗོད་དུ། ་གསུངས་པའི་ས་བོན་རྣམས་ནི་ཧཽཿཧྲཱིཿཾ་བྷཱུ། མཐེ་ཆུང་ལ་སོགས་པའི་ནང་དུ་བཾ་མོ།། དེ་བཞིན་དུ་གཡས་ལ་མཐེ་བོང་ལ་སོགས་པ་ལ་ལཱཾ་མཱཾ་པཱཾ་ཏཱཾ་ཁཾ། ནང་དུ་ཝཱཾ་དེ་སེར་པོ་དང་སྔོན་པོ་དང་། དམར་པོ་དང་། དུ་བ་དང་། ་ཆེར་སེར་པ་རྣམས་གཡས་ལའོ།། སྔོན་པོ་དང་། ལྗང་གུ་དང་། དམར་པོ་དང་། སེར་པོ་དང་། དཀར་པོ་རྣམས་ཀྱང་ངོ་།། ས་ནི་སྤྱན་དམར་བཤིང་པ་སྟེ། ཆུ་ཡི་ཁམས་ནི་མཱ་མ་ཀཱི། མེ་ནི་དཀར་མོ་ཞེས་བཤད་དོ།། ་རླུང་ནི་སྒྲོལ་མར་རབ་ཏུ་བསྒྲགས།། སྟོང་པ་རྡོ་དབྱིངས་ཕྱུག་མ།། འགྱུར་མེད་ཤེས་རབ་ཕ་རོལ་ཕྱིན།། མཐེ་བོང་ལ་སོགས་ཐམས་ཅད་དུ། སྔོན་བཞིན་རིམ་མཐར་མ་ལུས་བརྗོད།། བསང་བ་འདི་ནི་མི་བཤད་ཅིང་།། རབ་ཏུ ་འབད་པས་སླུ་བར་བྱ།། འདིས་ནི་དཔའ་བོ་བརྡ་བྱ་ཞིང་།། གཅིག་ཏུ་ཙཱ་རུ་བཟའ་བར་བྱ།། ཞེས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཕག་མོའི་གསང་བ་རྙེད་དཀའ་བའི་ཕྱིར་རོ།། ཀུན་སྤྱོད་དུ་ཡང་རྣལ་འབྱོར་མ་དྲུག་སྔར ་ཇི་བཞིན།། རྡོ་རྗེ་སེམས་སོགས་བཅུ་གཉིས་དག། དཔའ་བོ་ཆེན་པོས་སྦྱར་བར་བྱ།། ལག་མཆོད་ཤིན་ཏུ་རྙེད་པར་དཀའ།། རྣལ་འབྱོར་པ་ཡི་ལག་མཆོད་ཀྱིས།། དབུལ་པོས་འདོད་པའི་དོན་བཞིན་འགྱུར།། སེམས་ནི ་གཞན་དུ་གྱུར་པ་ཉིད།། བཟའ་བཏུང་གོས་སོགས་ཐོབ་པར་འགྱུར།། རྟག་ཏུ་མཆོད་པ་བྱེད་པ་ནི།། དྲི་ཡི་བསམ་པ་སྒྲུབ་པར་བྱེད།། བླ་མར་ཡང་། མཚན་མ་དྲུག་པོ་རྟག་ཏུ་མཆོང་།། མངོན་པར་སྤྲུགས་ནས ་བསླབས་པ་ལས།། རྣལ་འབྱོར་རྒྱལ་པོ་མཆོག་གི་མཆོག། དེ་ཡི་རིང་པོར་མི་ཐོགས་འགྲུབ།། ཅེས་ཏེ་སྒྲ་ཇི་བཞིན་པའོ།། ལོག་པ་མཆོད་པའི་ཆོ་གའོ།། ། དེ་ནས་གཞན་ནི་རབ་འཆུད་བྱེད།། བཟའ་བྱའི ་སྟོན་མོ་མ་ལུས་པ།། ཡང་དག་ཆོ་ག་གང་གིས་ནི།། མྱུར་དུ་དངོས་གྲུབ་རབ་འཇུག་པའོ།། ཞེས་ཞལ་བ་ཞི་པ་གསུངས་སོ།། སྒྲུབ་པོས་རྟག་ཏུ་སྔར་བརྗོད་པའི།། ཕྱུགས་རྣམས་འགུགས་པར་མི་བྱ་བའོ།། མདོར་བསྡུས ་པ་ལས་ཕྱུགས་རྣམས་ལྔ།། རྒྱས་པར་སུམ་ཅུ་རྩ་བདུན་ཏོ།། དངོས་གྲུབ་ཡན་ལག་སྐྱེ་བདུན་པ།། དངོས་གྲུབ་བསྒྲུབ་ལ་འདུས་པ་ནི།། དང་པོར་མི་ཡི་རིགས་རྣམས་ཀྱིས།། རིགས་རྣམས་ཀྱི་ནི་རིགས་ལས་ཕྱུགས ་རྐང་བཞི་རྣམས་ཀྱི་ལག་ལྡན་ཏེ།། བྱུ་བ་ཚུགས་རྣམས་ཀྱི་དྲུང་པ་ཉིད།། ཆུ་སྤྱོད་རྣམས་ཀྱི་འང་རས་སྤྲུལ་ཏེ། ལྷ་རྣམས་ཀྱི་ནི་ཁ་གཡོ་བ།། དངོས་གྲུབ་སྒྲུབ་པའི་དཀྱིལ་འཁོར་དུ།། འདི་རྣམས ་ཕྱུགས་སུ་ཀུན་དུ་བཤད།། འོད་རྣམས་སྦྱིན་སྲེག་གཏོར་སོགས་ཀྱིས།། འདོད་པའི་དངོས་གྲུབ་འགྱུར་བ་ཡིན་ཞེས་སོ།། མི་དགུག་པ་ནི་དགུག་པར་མི་བྱའོ།། གསུངས་པ་ཡང་། གདུག་པ་འཇུག་པར་ཆོ་ག་ཐམས་ཅད ་ཀྱི་གཙོ་བོ་ལས་སོ་སོར་སྒྲུབ་པར་བྱེད་དོ།། ཞེས་པ་སྐྱེ་བ་བདུན་པ་བདུན་དུ་འཇུག་པ་སྟེ་གསུངས་པ་ཡང་། སྐྱེ་བ་བདུན་པའི་ཕྱུགས་ཉིད་ཀྱང་།། མཁའ་ཡི་སྤྱོད་དངོས་སྟེར་བར་བྱེད།། བཟའ་དང་བཏུང་བ་གང་ཅུང་ཟད།། ་ཟོས་དང་འཐུངས་པ་རྣམ་དྲུག་པོ།། སྦྱིན་པ་ལས་ནི་བ.རུད་འགྱུར་ཏེ།། དྲི་ཚ་དང་པོའི་སྐྱེ་བའོ།། ཕྱི་ནས་ཁྲག་ཉིད་དུ་འགྱུར་བ།། གཉིས་པར་གསལ་བར་འགྱུར་བ་ཡིན།། གསུམ་པ་རུ་ནི་ཤ་ཉིད་འགྱུར།། བཞི་པར ་པགས་པ་ཉིད་དུ་འགྲོ།། ལྔ་པརརཱ་རྩ་གཉྩཾ་ས་དུ་ནི་འགྲོ། དྲུག་པར་རུས་པ་ཉིད་དུ་འགྲོ། བདུན་པར་རྐང་ཉིད་དུ་འགྲོའོ།། བདུན་དུ་འཇུག་པ་དེ་ཡིན་ཏེ།། ཞེས་སོ།། བསྔགས་པ་ལས་ནི་ཡོན་ཏན་ལསོ།། ཕྱུགས་ནི་བྲམ་ཟེ ་ཁ་གཡོ་བ་ནི་རེ་སྐྱེས་སོ།། སྒྲ་ཇི་བཞིན་པའོ།། ཁྱི་ནག་མོའི་འོ་མས་སྦྱར།། མ་ཤ་ནག་པོ་འབྲས་དང་བཅས།། བཅུ་བཞི་པ་འམ་བརྒྱད་པའི་མཚན་མོའི་རོའི་ཁར་དོགས་པ་མེད་པ་བརྒྱ་རྩ་བརྒྱད་དུ་སྒྲུབ་པ་པོས་ཇི་སྲིད ་ཆ་དང་བཅས་པར་བྱས་ནས།། དེ་ནས་ཡི་དགས་ལངས་ནས་ནི།། ཅི་བགྱི་ཞེས་ཀྱང་སྨྲ་བར་བྱེད།། ས་འོག་གནས་པ་དང་རལ་གྲི་ཚར་བཅད་རྗེས་སུ་གཟུང་ལ་སོགས།། རིལ་བུ་མིག་སྨན་གྲཏེར་རྣམས་སམ།། རྐང་པ ་བྱུགས་དང་བཅུད་ཀྱིས་ལེན།། སྒྲུབ་པོའི་ཡིད་ལ་གནས་པ་ནི།། ཅིག་བྱིན་ནས་ནི་ཡི་དགྲས་འགྲོ།། ཞེས་ཏེ་སྒྲ་ཇི་བཞིན་པའོ།། འོག་དང་སྟེང་དུ་ཕོ་ཉ་འགྲུབ།། རྒྱུད་འདིར་ཐེ་ཚོམ་མེད་པ་ཡིན་ཞེས་པས་ཡོངས་སུ་དག་པའི ་རྣལ་འབྱོར་གསུངས་ཏེ་སྒྲ་ཇི་བཞིན་པའོ།། རོ་ལངས་བསླབ་པའོ།། ད་ནི་སྐྱེས་པའི་ཁྱད་པར་གསུངས་པ། བ་ལངས་གནས་དང་སྟེང་ལྡིང་ཉིད།། ལྷག་མ་མི་སྐམ་རྩ་དེ་ནས།། དུང་ཆེན་པོ་ཡི་རང་བཞིན་བྱ།། ཡང་ན ་རུས་སྦལ་གནས་པའོ།། ཞེས་པ་ནི། བ་ལང་གནས་སྟེང་དུ་ལྡིང་བ་ནི།། རླུང་གི་དཀྱིལ་འཁོར་རོ།། ལྷག་མ་མེའོ།། མི་སྐམ་པ་ཆུའོ།། རྩ་ནི་སེའོ།། དུང་ཆེན་པོའི་རི་ནི་དྲང་པོའི་མགོན་པོ་ལས་ཡང་དག་པར་འབྱུང་བའི་ཧེ་རུ་ཀཱར ་བསྒོམ་པར་བྱའོ།། ཞེས་པ་དགོངས་པའོ།། བླ་མ་བཤད་པའི་རྒྱུད་དུ་ཡང་། མངལ་སྐྱེས་ཀྱིས་རིམ་པ་འདི་ངེས་པར་བསྟན་པ་འདི་ལྟ་སྟེ། མངལ་སྐྱེས་ཀླུ་ཡི་སྦྱོར་བ་ཡིས།། བསྒོམ་པ་ཡོངས་སུ་བརྟག་པར་བྱ།། སྒོང་སྐྱེས ་གླུ་ནི་སྤངས་པོ་སྟེ།། སྒྲ་དང་སྒྲ་མནི་རྣམ་སྤངས་པ་ཞེས་སོ།། སླར་ཡང་མངལ་སྐྱེས་ཀྱི་ཐ་དད་པའི་དབྱེ་བ།། གླུ་ཡི་སྒྲ་ལ་སོགས་བཅས་པ།། གཉིས་ལོག་སད་པར་བྱེད་པའི་གླུ། མཁས་ལ་རྨོངས་པས་སྨད་མི་བྱ།། ་སེམས་ཅན་དོན་རྒྱས་རྟོགས་བྱ་བ།། མ་རྟོགས་པ་ནི་རྟོགས་པར་བྱེད།། ཅེས་སོ།། ཡང་ན་ནི་ཕྱོགས་གཞན་དུ་སྟེ་རུས་སྦལ་གནས་ཞེས་པ་སྒོང་སྐྱེས་ཀྱི་རིམ་པས་མྱུར་དུ་བསྒོམ་པར་བྱའོ།། རྒྱུད་གཞན ་དུ་ཡང་སྒོང་སྐྱེས་དང་མངས་སྐྱེ་སྲིད་པ་བསྣེ་དཱི་རཾ་པས་རྣམ་པ་གཉིས་ཏེ། ཚངས་པའི་སྒོ་བསྒོ་ང་ལས་སྐྱེས་པ་བརྗོད་པ་འཇིག་རྟེན་གྱི་ཁམས་འབྱུང་བའོ།། མངལ་ནི་གཉིས་གཉིས་སྦྱོར་བུད་མེད་ཀྱི་མངལ་ནས་སྦྱར་ཡང་བྱུང་བའོ་ཞེས་སོ། ་སླ་མར་ཡང་། སྒོང་སྐྱེས་རིམ་པའི་སྦྱོར་བ་ཡིས།། རྣམ་སྒོམ་བྱེད་ལས་བསྒོམ་པར་བྱ།། ལྔ་པོ་འདུས་པ་བསམས་པ་ལས།། སྒོང་སྐྱེས་མཆོག་ནི་བསྒོམ་པའི་ཕྱིར།། འཁོར་ལོའི་དབྱེ་བས་དབྱེ་བ་ཡིས།། ཇི་ལྟའི་རྣལ ་འབྱོར་རྣམ་སྒོམ་བྱེད།། བསམ་པའི་བྱེ་བྲག་ཇི་ལྟ་བས།། ཇི་ལྟར་འདོད་བཞིན་སྒོམ་པར་བྱེད།། བདག་པོ་ལ་སོགས་དབྱེ་བ་ཡིས།། རིགས་ཀྱི་དབྱེ་བ་རྣམ་བསྒོམ་བྱེད།། ལྷ་མོ་ཉིད་དབྱེའི་དབྱེ་བ་ཡིས།། བདག་པོ་ལ་སོགས་སྒོམ ་པར་བྱེད།། དྲང་བའི་དོན་ཏོ།། ཆུ་མེད་གླུ་ནི་སྤངས་པ་ལས།། སྒོང་སྐྱེས་ལ་ཚྭ་སྤངས་པའོ།། གཉིས་གཉིས་ཐམས་ཅད་རྣམ་པར་གྲོལ།། སྒོང་སྐྱེས་འགྱུར་བ་མཆོག་ཡིན་ནོ།། ངེས་པའི་དོན་ཏོ།། བཤད་པའི་རྒྱུད་ལས།། ་མངོན་པར་རྟོགས་པ་བརྗོད་པར་བྱ་སྟེ། ནམ་མཁའི་དབྱིངས་སུ་ཡཾ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་སྔོན་པོ་བཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པོའོ།། དེར་རཾ་ལས་སྐྱེས་པའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་ཅན་དམར ་པོ་རྡོ་རྗེས་མཚན་པའོ།། བ་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོའི་འོད་ཟེར་གྱིས་ཕྲེང་བ་ཅན་ནོ།། ལམ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ། རྡོ་རྗེ་མཚན་པ་འོད་སེར་པོ་འཁྲུགས་པའོ།། ་དེར་སུམ་ལས་སྐྱེས་པའི་ལྷུན་པོ་ཟུ་བཞི་པ་རིན་པོ་ཆུ་སྣ་བཞིའི་རང་བཞིན་དབུས་སུ་བྷྲཱུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་དེ་ལས་སྐྱེས་པའི་ཁང་པ་བརྩེགས་པ་གྲུ་བཞི་པ་སྒོ་བཞི་པ་རྟ་བབས་བཞིས་བརྒྱན་པ་མདུང་གིས་འདུགས ་པ་དང་། རོ་སྲེག་པ་དང་། རུལ་པའི་དྲི་དང་། རྣག་གི་དྲི་དང་། བྱིས་པ་ཤི་བ་དང་། སྦྲུལ་གྱིས་ཟོས་པ་དང་། མི་བཟད་པའི་གོཡུལ་དང་ལྷག་མ་ཟ་བ་སྟེ་དུར་ཁྲོད་བརྒྱད་ཀྱི་རྣམ་པར་བརྒྱན་པ་བསམས་ནས། རྣམ་པ་ལྔས ་དང་པོ་མགོན་པོ་རྣམ་པར་བསྒོམས་ཏེ། ཞུ་བར་གྱུར་པ་ལ་ལྷ་མོའི་གླུས་རབ་ཏུ་སད་པར་བྱས་པའི་མཁའ་འགྲོ་ལྔ་པོ་འཁོར་དང་བཅས་པ་གཡས་བརྐྱང་དང་གཡོན་བརྐྱང་གོ་གནས་པའི་ཤེས་རབ་དང་། ཐབས་ཀྱི་རྣམ་པར་བསྒོམས ་ནུས།། ཁམས་དང་ཕུང་པོ་དང་སྐྱེ་མཆེད་བྱིན་གྱིས་བརླབ་པར་བྱའོ།། ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་བཅུག་ནས་མངོན་པར་དབང་བསྐུར་ཏེ་བཟླས་པ་ལ་སོགས་པ་བྱའོ།། མངལ་སྐྱེས་སུ་ནི་བསྒྲུབ་བྱ་སྟེ།། མཁའ་སྤྱོད་ཉིད་དུ་ཐེ་ཚོམ ་མེད་ཅེས་གསུངས་སོ།། ཕག་མོས་ལྷན་ཅིག་དཔའ་བོ་ནི།། ཧེ་རུ་ཀིའི་དངོས་གྲུབ་སྦྱིན་ཞེས་པས་སངས་རྒྱས་ཉིད་བསྒྲུབ་པ་གསུངས་ཏེ། ལྷན་ཅིག་པ་ནི་རོ་ཉམས་དུ་གྱུར་པའོ།། ཧོ་རུ་ཀི་ནི་ཤེས་བོ་ཡེ་ཤེས་ཏེ་ཕྱག་རྒྱ་ཆེན་པོ ་དོན་དུ་བསྒོམ་པར་བྱའོ།། འཇིག་རྟེན་པའི་དངོས་གྲུབ་ཀྱི་དོན་དུ་ནི་དཔའ་བོ་གཅིག་པ་ཡང་ན་སྟེ། བླ་མར་ཡང་། དེ་ནས་དཔའ་བོའི་འཁོར་ལོ་ནི།། རང་གི་ཕྱག་རྒྱས་འཁྱུད་པ་བསམ།། རང་རང་གི་ནི་རྣལ ་འབྱོར་མ།། སྙིང་གར་སྦས་པ་རྣམ་བསྒོམ་བྱའོ་ཞེས་སོ།། རྣལ་འབྱོར་མ་རྣམས་ཁ་ཅིག་འདོད།། རྣལ་འབྱོར་པ་ཁ་ཅིག་མི་འདོད།། ཧེ་རུ་ཀ་དཔལ་གཅིག་པ་ཡི།། ཁ་དོག་ཇི་བཞིན་ཕག་མོ་ནི།། རྣལ་འབྱོར་མ་ཡི་བདག་པོར ་བསམ།། ཐ་དད་དབྱེ་བས་ཕྱེ་བ་ཡི།། ཇི་ལྟར་ཧེ་རུ་ཀ་རྡོ་རྗེ།། དེ་བཞིན་ལྷ་མོ་དབུས་སུ་ནི།། སངས་རྒྱས་མཁའ་འགྲོ་མ་སྦྱོར་བས།། རྣལ་འབྱོར་མའི་འཁོར་གྱིས་བསྐོར།། དཔའ་བོ་སྐུ་ཡི་རྡོ་རྗེ་ནི།། བྷ་གའི་དབུས་སུ ་རྣམ་སྒོམ་བྱེད།། དེ་བཞིན་འཁོར་ལོ་གསུམ་སྦྱོར་བས།། ཇི་ལྟར་བསམ་གཏན་རིམ་པ་ལས།། ཐ་དད་འཁོར་ལོ་རྣམ་པ་ལྔ།། ཐ་དད་དབྱེ་བས་བསྒོམ་པར་བྱ་ཞེས་པ་གསལ་ལོ།། ཕྱག་གཉིས་པ་ལ་སོགས་ནས ་བརྩམས་ནས་ཇི་སྲིད་ཕྱག་ནི་འབུམ་དུ་བཤད་ཅེས་པ་ལ་སོགས་པའི་སྒྲ་ལས།། གཅིག་ལ་སོགས་པ་མཐའ་ཡས་པའི་ཞལ་དང་ཕྱག་དང་ཞིབས་མང་པོ་དང་དུ་མོའི་ཁ་དོག་ཏུ་རྟོགས་པར་བྱའོ།། བཤད་པའི་རྒྱུད་དུ་ཡང་། ་ཇི་ལྟར་གནས་བརྒྱུད་པའི་རིམ་པ་མངོན་པར་བརྗོད་པ་འབུམ་པའི་རྗེས་སུ་འབྲངས་ནས་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལེའུར་རྡོ་རྗེ་སེམས་དཔའ་གསུངས་པ་དང་། གཞན་ཡང་རྡོ་རྗེ་མཁའ་འགྲོས་མངོན་པར་བརྗོད་པ་གསུངས ་སོ་ཞེས་སོ།། དེ་ཉིད་དུ་ཇི་ལྟར་བླ་མིའི་བཀའ་འདོད་བཞིན།། གནས་ཀྱི་གཞུང་ལུགས་དེ་བཞིན་ནོ།། ཇི་ལྟར་བསམ་པའི་བྱེ་བྲག་གིས།། རྣལ་འབྱོར་མ་ཡི་དཀྱིལ་འཁོར་བསྒོམ། ཞེས་པ་གསལ་ལོ།། ལུས་དཀར་འཇིགས་བྱེད་རྣམ ་པ་སྟེ།། མགོ་བོ་ཕྲེང་བས་རྣམ་པར་བརྒྱན།། རྡོ་རྗེ་ཕག་མོ་ལ་གཟིགས་པ།། དེ་ཡི་ཁ་དོག་འཚོན་ཆ་འཆང་།། དཔའ་བོ་ཐོད་པའི་ཕྲེང་བ་ཅན།། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན།། རལ་པའི་ཅོད་པན་དར་དཔྱངས་དང་།། མདུང་དང་རྡོ་རྗེ ་བསྣམས་པའོ།། ཅུང་ཟད་མཆེ་བ་གཙིགས་པའི་ཞལ།། ཡི་དགས་ཆེན་པོ་གདན་དུ་བྱས།། རྣལ་འབྱོར་ཆོ་ག་བཞིན་ཤད་ནས།། དུས་ཀུན་དུ་ནི་བསྒོམ་པར་བྱ།། ཞེས་པས་ཕྱག་བཞི་པ་བསྒོམ་པ་གསུངསཽ།། ཆོ་ག་བཞིན་ཞེས་པ་ནི ་བཤད་པའི་རྒྱུད་དུ་གསུངས་པ་འདི་ལྟ་སྟེ།། ཟླ་བའི་ཁ་དོག་དང་མཚུངས་པ།། དེ་བཞིནི་དམར་པོ་འབར་པོས་འཁྲུགས།། སངས་རྒྱས་ཕྲེང་བས་རྣམ་པར་སྤྲས།། རྒྱན་ཀུན་གྱིས་ནི་བརྒྱན་པའོ།། ཞལ་བཞི་པ་ལ་ཕྱག་བཞི་པ་ཞེས་སོ།། ཀླུའི ་བློའི་ཞབས་ཀྱིས་ཀྱང་གསུངས་པ། ཞལ་གཅིག་པ་ལ་ཕྱག་གཉིས་ནི།། ཡུད་ཙམ་ཉིད་ཀྱིས་རང་གི་ལྷ།། པདྨ་ཟླ་བ་མཉམ་པའི་གདན།། འོད་ཀྱི་དཀྱིལ་འཁོར་གྱིས་མཛེས་པ་ཞེས་སོ།། དང་པོའི་མགོན་པོ་དེ་བཞིན་དུ།། ཞལ་གསུམ ་ཕྱག་དྲུག་བཞི་པ་སྟེ།། སྤྱན་གསུམ་ཐུགས་རྗེ་ཡི་ནི་གནས།། སྣ་ཚོགས་ཆུ་སྐྱེས་ཟླ་དབུས་གནས།། སྟོང་ཉིད་ཡེ་ཤེས་ཡང་དག་འབྱུང་།། རལ་པ་བཅིངས་པ་ཟླ་ཕྱེད་དང་།། ཐོད་པའི་ཅོད་པན་དབུ་རྒྱན་ཅན།། རྒྱན་རྣམས་ཐམས ་ཅད་ཡོངས་སུ་རྫོགས།། རྡོ་རྗེ་སྐྱིལ་ཀྲུང་གིས་ལེགས་གནས།། རང་སྣང་རིགས་མིའི་ལུས་སྦྱོར་གནས།། ཐུགས་རྗེ་ཆགས་པས་ཤིན་ཏུ་བདེ།། དཀར་པོ་སྔོན་པོའི་མར་པོའི་ཞལ།། རྣམ་ཐར་གསུམ ་གྱིས་རང་བཞིན་སྐྱེས།། རྡོ་རྗེ་དྲིལ་བུ་སྙོམས་འཇུག་པ།། ལྷ་མཽའི་ནུ་མ་འཆར་བར་བྱེད།། རྡོ་རྗེའི་མདུང་དང་མཐོང་པ་དང་།། ཁ་ཊྭཱཾ་ག་དང་མགོ་བོ་འཆང་ཞེས་སོ།། ཕྱག་གཉིས་སེམས་དཔའི་སྐྱིལ་ཀྲུང་ཅན།། རྒྱན་རྣམས་ཀུན་གྱིས ་བརྒྱན་པའོ་ཞེས་པ་ནི།། ཁ་སྦྱོར་དུ་ཞལ་བཞི་པ།། ཕྱག་བཅུ་གཉིས་པ་ཡང་ན་སྟེ་རྣམ་པའོ།། དེ་བཞིན་དུ་ཡང་བླ་མར།། དེ་ཡི་ནང་དུ་འཁོར་ལོ་ནི།། རྩིབས་བརྒྱད་དཀར་པོའི་ཁ་དོག་ཅན།། དེའི་དབུས་སུ་པདྨ་ཚ།། ཁ་དོག་སྣ ་ཚོགས་འདབ་བརྒྱད་པ།། ཟེ་འབྲུར་གེ་སར་གྱིས་འཁྲུངས་པ།། ཟླ་བའི་དཀྱིལ་འཁོར་དབུས་གནས་པའི།། རྡོ་རྗེ་སེམས་དཔའ་རིགས་བཅས་སྐྱེས།། དཀར་དང་སེར་དང་དེ་བཞིན་དམར།། ལྗང་གུ་ཞལ་བཞི་ཞི་བ་དང་། ་རྒོད་དང་དྲག་པོ་རྣམ་པར་བརྩིགས།། མཆོག་ཏུ་གཙིགས་པས་འཇིགས་པར་བྱེད།། རྡོ་རྗེ་དྲིལ་བུ་སྙོམས་འཇུག་པ།། མདུང་དང་དགྲ་སྟ་ཅང་ཏིའུ།། གྲི་གུག་ཐོད་པ་ཁ་ཊྚངྠ།། ཚངས་པའི་པགས་པ་གོས་སུ་གྱོན།། ཞགས་པ ་ཚངས་པའི་མགོ་བོ་ཉིད།། བཅུ་གཉིས་ཕྱག་གིས་དེ་བཞིན་ནོ།། སེམས་དཔའི་སྐྱིལ་ཀྲུང་གིས་གནས་པ།། ཐོད་པའི་ཅོད་པན་དབུ་རྒྱན་ཅན།། རྒྱན་རྣམས་ཐམས་ཅད་ཡང་དག་རྫོགས།། མཚན་དང་དཔེ་བྱད་དང་ལྡན ་བས།། ཐུགས་ཀར་ཡེ་ཤེས་དམ་ཚིག་སྐྱེ།། ཅོད་པན་རྡོ་རྗེ་འཛིན་པའོ།། ཇི་ལྟར་ཐབས་བཞིན་ཤེས་རབ་འདྲའོ།། ཕྱག་རྒྱ་ལྔ་ཡིས་བྱིན་གྱིས་བརླབས།། རིགས་ཀྱི་དབྱེ་བས་ཕྱེ་བ་ཡིས།། རྡོ་རྗེ་དབྱིངས་དབང་ཕྱུགས་མ ་མཆོག། བདེ་ཆེན་ཐབས་ཀྱི་སྦྱོར་བ་ཡིས།། སྐུ་གཉིས་ཞུ་བར་གྱུར་པ་དང་།། དེ་མ་ཐག་ཏུ་བཞེངས་པ་ཡི།། སྐུ་ཡི་མཁའ་ཟེ་བ་ར་དང་བཅས་སྐྱེས་སོ།། དཔའ་བོ་རྣལ་འབྱོར་མ་ལྷན་ཅིག། གཡས་བརྐྱོང་བ་དང་གཡོན་བརྐྱང ་གནས།། དཀར་སྔོ་སེར་དང་དམོར་བའི་ཞལ།། རྡོ་རྗེ་དྲིལ་བུས་འཁྱུད་པའི་ཕྱག། སྔར་གྱི་ཞལ་སོགས་རིམ་པ་ཡིས།། ཕྱག་ནི་མཚན་མ་འཛིན་པའོ་ཞེས།། དེ་བཞིན་དུ་གསུང་གི་འཁོར་ལོ་མཁའ་འགྲོ་མ་ལ་སོགས་པ་རྣམ ་ཀྱང་རྟོགས་པར་བྱའོ།། སྒྲ་ཇི་བཞིན་པའོ།། དེ་ནས་རྣལ་འབྱོར་ཆེས་མཆོག་ནི།། སྔགས་པའི་རྣལ་འབྱོར་ཀུན་དུ་མ་ནི།། ཟློས་པ་ནི་ཆེ་བ་གསུངས་པ་སྟེ་སྒྲ་ཇི་བཞིན་ནོ།། བསྐྱེད་པའི་བྱེ་བྲག་གི་ཆོ་གའོ།། ་བཟའ་བྱ་ཉ་ཤ་ལ་སོགས་ཀྱིས།། དེ་བཞིན་སྒྲོན་མ་ལྔ་སོ་གོས་ཀྱིས།། མཚན་མེ་ལ་ནི་རྟག་ཏུ་བྱ།། སྒྲུབ་པོ་སྟོན་མོའི་དངོས་གྲུབ་ནི་ཞེས་ཏེ།། སྒྲོན་མ་ལ་སོགས་པ་ནི་གོ་ཀུ་ད་ཧོ་ན་རྣམས་ཏེ་དགོངས་པའོ།། དེ་ནས་པོ་ཉ ་མོ་སྦྱིན་བྱ།། པང་དུ་མགོ་བོ་མངོན་བྱས་ནས།། མའི་སྲིང་མོའི་བུ་མོ་ཡིས།། དཔའ་བོ་གཉིས་མེད་མཆོད་བྱས་ཏེ།། ཞེས་ཏེ་མགོ་བོ་ནི་ཐོད་པའོ།། པང་པར་སྦྲང་རྩིས་བཀང་བ་ཐོགས་ནས་ཤེས་རབ་མ་ལ་སྦྱིན་པར ་བྱའོ།། སྔར་གསུངས་པ་ཡི་ཆོ་ག་ཡིས།། བཅིངས་པ་ལེགས་པར་གྲོལ་བར་བྱ།། དེ་ནས་སྔགས་འདིས་འགྲུབ་འགྱུར་ཏེ།། ཇི་སྲིད་སྡུད་གཡེང་ཡོད་པར་དུ།། ཞེས་ཏེ། འཆིང་བ་ནི་རྗེས་སུ་འབྲེལ་བ་སྟེ་ཤེས ་རབ་མ་ལྔའོ།། ལེགས་པར་གྲོལ་བ་ནི་སངས་རྒྱས་པའི་གྲོལ་བའོ།། དུད་མེད་ཐམས་ཅད་རིག་གཅིག་པར་བགེགས་བྱེད་པ་ཡིན་པ་དང་། དེ་རྣམས་ཀྱི་རྟོགས་བྱ་དང་རྟོགས་པ་ཉིད་ཡོད་པའི་ཕྱག་རྒྱ་རྣམས་ཀྱི་དངོས་གྲུབ་པོ ་དེ་ནས་ཇི་ལྟར་རང་གིས་ནུས་པཱ་གཤེགས་པ་རྣམས་ཀྱིས་དང་། གནས་པ་རྣམས་ཀྱིས་ཀྱང་སྤང་བར་བྱ་བ་མ་ཡིན་པ།། རང་གི་བུ་རྣམས་ཀྱིས་ནམ་ཞིག་ཆགས་པ་གང་ཁོ་ནས་སེམས་ཅན་རྣམས་ལྟུང་བར་བྱེད་པ་དེ་ཁོ་ནས ་རྣལ་འབྱོར་པ་སྲིད་པའི་ཕ་རོལ་ཏུ་འགྲོའོ་ཞེས་སོ།། སྡུད་ཅིང་ཀུན་དུ་གཡེང་བ་ནི་འཁོར་བས་ཏེ་གསལ་ལོ།། སློབ་དཔོན་ལུས་སུ་གནས་པའི་ཆོས།། སྔགས་པ་རྣམས་ཀྱི་མཆོད་པ་ལེན།། དཔའ་བོ་རྣམས་ཀྱིས ་གདན་ཉིད་དང་།། ཕྱག་རྒྱ་དེ་ལ་ཐེ་ཚོམ་མེད། ཅེས་ཏེ་སློབ་དཔོན་ནི་སྒྲུབ་པ་པོའོ།། དེའི་ལུས་ཏེ་བདག་ཁོ་ན་དཔའ་བོ་རྣམས་ཀྱི་སྟན་དང་ཕྱག་རྒྱ་ཡིན་པ་དེའི་ཕྱིར་ཡང་མཆོད་པར་བྱ་བ་ཉིད་དོ།། དགོངས་པའོ།། སྒྲུབ་པོ ་ལེགས་པར་མཉམ་གཞག་པས།། གླུ་དང་གར་ལ་སོགས་པ་བྱ།། ཇི་སྲིད་ལུས་ཅན་ཐམས་ཅད་ཀྱང་།། རྣལ་འབྱོར་ཤེས་པར་མ་གྱུར་པ།། དེ་སྲིད་འཁོར་བར་འཁྱམ་བྱེད་ཅིང་།། སྡུག་བསྔལ་མྱ་ངན་གྱིས ་གཡེངས་འགྱུར་ཞེས་པས་རོལ་པ་གསུངས་ཏེ། བླ་མར་ཡང་། རྣལ་འབྱོར་མ་རྣམས་མཉེས་བྱེད་པའི།། ཀླུ་ལ་མཁས་པས་སྨད་མི་བྱ། ཞེས་སོ།། རྣལ་འབྱོར་ཞེས་པ་ནི་རྣལ་འབྱོར་རང་གི་སྟོང་པ་ཉིད་དང་སྙིང་རྗེ་ཐ་དད་མེད་པའོ།། ཤེས ་པར་བྱེད་པ་མ་ཡིན་པའོ་ཞེསོ།། གསུངས་པ་ཡང་རང་གི་སེམས་ཡོངས་སུ་ཤེས་པ་ཁོ་ན་བྱང་ཆུབ་པོ་དགོངས་པའོ།། སྒྲུབ་པོས་དངོས་པོ་ཐམས་ཅད་ཀྱིས།། ཕྱག་རྒྱ་ནུས་པས་མཆོད་པར་བྱ།། མཆོད་པས་མཆོད་པར་འོས ་པ་སྟེ། བརྙས་པར་ངེས་པར་སྲེག་པར་བྱེད།། ཕྱག་རྒྱ་མོ་ཅི་ཡང་ངོ་།། དྲང་བའི་དོན་ནོ།། ཕྱག་རྒྱ་མཆོད་པ་ནི་དག་ཅིང་གསལ་བ་སྟོན་ཀའི་དྲི་མ་མེད་པའི་ན་མཁར་སྣང་བ་བསྒོམ་པར་བྱའོ།། དངོས་པོ་ཐམས་ཅད་ཀྱིས་ནི ་རླུང་བཞིན་མེད་པའི་སྲིད་པ་བསྒོམ་པར་བྱེད་པས་སོ།། ངེས་པར་སྲེད་པར་བྱེད་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཤེས་པ་ལ་འཇིགས་པ་དང་། སྨྱོ་བ་ལ་སོགས་པས་གཟིར་བར་བྱེད་དོ།། ངེས་པའི་དོན་ནོ།། རྣལ་འབྱོར་རྒྱུད་དུ ་མི་རྣམས་ཀྱིས།། ཕྱག་རྒྱ་ཆེན་པོ་དང་པོ་འགྲུབ།། རབ་ཏུ་འབད་པས་མཆོད་པར་བྱ།། ཕྱི་ནས་དཔའ་ཉིད་ཀུན་དུ་དཔྱད་། ཅེས་པས་བསྔགས་པ་གསུངས་སོ།། དང་པོ་འགྲུབ་པ་ནི་ཐོག་མ་མེད་པའི་སྲིད་པར་འགྲུབ་པ་ནི་ཕྱུག ་རྒྱ་ཆེན་པོ་དང་ལས་ཀྱི་ཕྱག་རྒྱ་ཐམས་ཅད་རྫོགས་པའོ་དྲང་བའི་དོན་ནོ།། དང་པོ་ནི་ལྷན་ཅིག་སྐྱེས་པ།། ངེས་འགྲུབ་པ་ནི་རྫོགས་པའོ།། ཕྱག་རྒྱ་ཆེན་མོ་ནི་ཤེས་རབ་མའོ།། ངེས་པའི་དོན་ནོ།། རྣལ་འབྱོར་རྒྱུད་རྣམས་སུ ་ནི་འདུས་པ་ལ་སོགས་པ་རྣམས་སུའོ།། སྐུ་གསུང་ཐུགས་ནི་ཡང་དག་འགྲུབ།། སངས་རྒྱས་གཟུགས་ནི་འཆང་བའི་མཆོག། ཛམྦྷ་ནཱ་དའི་འོད་བཞིན་དུ།། དམན་པའི་དངོས་གྲུབ་ཡང་དག་བསྟེན།། ཞེསོ།། ་དཔལ་འདུས་པར་གཟུགས་སྣ་ཚོགས་དང་། སྒྲ་སྣ་ཚོགས་དང་། བསམ་པ་སྣ་ཚོགས་པའི་དོན་ཐུབ་པ་ནི་སངས་རྒྱས་མཁའ་འགྲོ་མ་རྣམས་སོ།། དེ་རྣམས་ཀྱི་གཟུགས་ཙམ་འཆང་བ་དམན་པ་འཇིག་རྟེན་པའི་མཁའ་འགྲོ་མ ་རྣམས་སོ།། ཞེས་པའི་དོན་ནོ།། དེ་ལྟར་མཆོད་པའི་ཆོ་གས་ཞི་བ་ལ་སོགས་པ་གང་ཡང་།། ཉོན་མི་མོངས་པ་ཁོ་ནས་འགྲུབ།། སྒྲུབ་པ་པོ་ཡིས་ཐེ་ཚོམ་མེད།། ཅེས་ཏེ། མཆོད་པ་ནི་རྡོ་རྗེའི་མཆོད་པ་སྟེ་སྔོན་དུ་འགྲོ་བ ་ཅན་གྱིས་ལས་ཀྱི་བྱ་བ་དེ་དོན་དུ་གཉེར་བས་སོ་ཞེས་པ་སྒྲ་བཞིན་པའོ།། གསང་བའི་མཆོད་པའི་ཆོ་གའོ།། །། དེ་ནས་འདི་ལས་མཁའ་འགྲོ་མའི།། དྲ་བའི་འཁོར་ལོའི་ཆོ་ག་བརྒྱུས་བཤད།། གང་དུ ་ལས་རྣམས་མྱུར་པོར་ནི།། སྒྲུབ་པ་པོའི་ཐེ་ཚོམ་མེད།། ཅེས་པས་སྔགས་ཀྱི་གཟུགས་བརྙན་གྱིས་བསམ་གཏན་གསུངས་ཏེ་རྒྱས་པར་ང་ཡིས་འཆད་པར་བྱེད་ཅེས་རྟོགས་པར་བྱའོ།། འདིར་རྩ་བའི་རྒྱུད་ཀྱི་རྗེས་སུ ་འབྲངས་ནས་ཆོས་ཀྱི་ཕྱག་རྒྱ་སྔགས་དགོད་པར་རྟོགས་པར་བྱའོ།། དཔའ་བོ་ཀུན་དང་ཕག་མོ་ནི།། པདྨའི་ལྟེ་བར་ངེས་པར་སྦྱར།། འདབ་མ་བཞི་ལ་མཁའགྲོ་མ།། ཕྱོགས་བྲལ་རྣམས་སུ་བདུད་རྩིའི་སྣོད་ཅེས་ཏི། དཔའ ་པོ་ཐམས་ཅད་ནི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཅན་ཧཱུཾ་ཡིག་གོ། ཕག་མོ་ནཱི་སྟེང་གི་ནཱ་དིའི་བདག་ཉིད་ཅན་ནོ།། མཁའ་འགྲོ་མ་ནི་བཞི་སྟེ། དེ་རྣམས་ཀྱིས་མིང་གི་དང་པོར་གནས་པའི་ས་བོན་ཡང་ནའོ།། བདུད་རྩིའི ་སྣོད་ནི་ཁུ་བ་ལ་སོགས་པས་ཡོངསུ་གང་བའི་ཐོད་པ་ཡང་ནའོ།། བླ་མར་ཡང་། ཨཾ་ཨཱཾ་ཨི་ཨཱི་ཨུཾ་ཨཱཾ་ཨཻ་ཨཻ་ཨཽ་ཨཽ་ཨཾ་ཨཿལུས་ཀྱི་དབུས་སུའོ།། རྀ་རཱྀ། ལྀ་ལཱཾ། ཕྱོགས་བྲལ་རྣམ་སུའོ།། ཀཾ་ཁཾ་གཾ་གྷཾ་དཾ། ཙཾ་ཚཾ་ཛཾ་ཛྙཱཾ་ཉཾ། ཊཾ་ཏྲྀ་ཌཾ་ཌྷཾ། ་ཎཾ། ཏྲཾ་ཐཻ་དཾ་དྷཾ་ནཾ། པཾ་པཾ་བཾ་བྷཾ་མཾ། སཾ་རཾ་ལཾ་ཝཱཾ། ཤཾ་ཥཾ་སཾ་ཧཾ་ཐུགས་ལ་སོགས་པ་སྟེ། ཐུགས་ཀྱི་འཁོར་ལོ་རྣམས་སུ་ཁ་དོག་དཀར་པོ་སྟེ། འདི་ཀུན་མཆོག་ཏུ་གསང་ཆེན་ཏེ། ག་སུ་ལ་ཡང་བཤད་མི་བྱའོ།། ཞེས་པ ་དྲང་བའི་དོན་ནོ།། དཔའ་བོ་ཐམས་ཅད་ནི་ལྷན་ཅིག་སྐྱེས་པ། ཕག་མོ་ནི་སྟོང་པ་ཉིད། པདྨའི་ལྟེ་བ་ནི་ཆོས་ཀྱི་དབྱིངས་སུ་ངེས་པར་སྦྱར་བར་བྱ་ནི་དེ་དག་ཟུང་དུ་འཇུག་པའི་མཚན་ཉིད་དུ་ཤེས་པར་བྱའོ།། ངེས་པའི་དོན ་ནོ།། འབར་འཕྲེང་རྒྱ་མཚོར་བལྟ་བར་བྱ།། ཀུན་ནས་སྒོ་ཡི་འཁོར་ལོ་སྟེ།། དཔའ་བོའི་དབང་པོ་ཞལ་བཞི་པ།། དཔའ་བོ་དཔའ་མོ་གནས་དེ་བཞིན་ཞེས་པས་དེ་ཁོ་ན་ཉིད་ཀྱི་བསྟེན་གསུངས་ཏེ།། འབར་འཕྲེང་རྒྱ ་མཚོ་ནི་འོད་ཟེར་ལྔས་ཡོངས་སུ་དཀྲིས་པའོ།། དེའི་འཁོར་ལོ་ནི་ཕུང་པོ་ལ་སོགས་པ་རྒྱལ་བའི་ཚོགས་ལུས་ཁོ་ནར་བལྟ་བར་བྱའོ།། ནམ་མཁའ་དབྱིངས་ནེ་དེ་དངོས་སུ་བྱེད་པའི་ཕྱིར་ཀུན་ནས་སྒོ་སྟེ་ཀུན་ནས ་ཁྱབ་པའོ།། ཡེ་ཤེས་ཀྱི་སྐུ་ནི་ཞལ་བཞི་པ་སྟེ། སྐུ་བཞིའི་བདག་ཉིད་ཅན་ནོ།། དཔའ་བོ་དབང་པོ་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་གཙོ་བོའོ།། དཔའ་བོའི་སྤྱན་ལ་སོགས་པ་རྣམས་ཀྱིས ་མཚོན་པ་དཔའ་བོའི་གནས་ཏེ་རྣམ་པར་དག་པའི་སྒོ་དང་སེན་མོ་ལ་སོགས་པ་ཐོད་པའི་དུམ་བུ་ལ་སོགས་པ་ཤེས་རབ་དང་བཅས་པ་མཚོན་པའོ།། གསུངས་པ་ཡང་། ལུས་ནི་རྡོ་རྗེའི་བ་སྤུ་ཙན།། རྡོ་རྗེའི་སྤུས་ནི་གཅིག ་པུའི་ལུས། སེན་མོ་སྐྱེས་པ་རྡོ་རྗེའི་རྩེ།། རྡོ་རྗེ་སྙིང་པོ་པགས་པ་མཁྲེགས།། དཔལ་འདུས་པར་ཡང་གསུངས་པ།། རིན་ཆེན་ཆེན་པོ་ཁ་དོག་ལྔ།། ཡུངས་ཀར་གྱིས་ནི་འབྲུ་ཚོད་ཙམ།། སྣ་ཡི་རྩེ་མོར་ནན་ཏན་དུ།། རྣལ ་འབྱོར་རིགས་པས་རྟག་ཏུ་བསྒོམ་ཞེས་མཐར་དྲུག་དུ་གདོན་མི་ཟ་བའི་དོན་ནོ།། འོད་ཟེར་ལྷ་དང་ལྡན་པ་ནི་སྒྱུ་མའི་ལུས་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཅན་གྱི་གཟུགས་སོ།། ཐམས་ཅད་སྟོང་པ་འདི་རང་གིས་ལུས་སུ་རབ་ཏུ ་གཞུག་པར་བྱ་ཞིང་།། གཅིག་ཏུ་འདྲེས་པར་གྱུར་པ་ལས་ཉིན་དང་མཚན་མོར་དེ་ལས་རིམ་པས་བརྟན་པར་གྱུར་པ་ལས་སྲིད་པ་དང་ཞི་བའི་བདག་ཉིད་རྒྱལ་བར་འགྱུར་རོ།། ཞེས་པ་དགོངས་པའོ།། སྔགས་ཀྱི་དེ ་ཉིད་བཤད་པ་ལའོ།། ད་ནི་འཇིག་རྟེན་ལས་འདས་པའི་སྦྱིན་སྲེག་གསུངས་པ། སྨིན་མིའི་དབུས་སུ་གཞུག་པར་བྱ།། ཨ་བ་དྷཱ་ཏིའི་གནས་དེ་བཞིན།། དཔའ་བོ་འཆོལ་བའི་ཞལ་གྱིས་མེར།། སྦར་བྱེ་ནམ་ཡང ་གཞན་དུ་མིན་ཞེས་བྱ་བ་ལ་སོགས་པས་སོ།། རྒྱུད་དུ་ཡང་སྨིན་དབུས་ཟླ་བ་པདྨ་ཡི།། བཅུ་དྲུག་གཱི་ནི་དེ་བསྐོར་བའོ།། དང་པོའི་དབྱངས་ཡིག་ཡང་དག་ལྡན།། བསམས་ནས་སྐད་ཅིག་དེ་ལ་འབར་ཞེས་སོ།། ཧཾ་ཨཱཿ ་ཧཱུཾ་སྐུ་གསུངས་ཐུགས་རྣམས་སུ་བསྒོམ་ནས་ལྟེ་བཱ་ར་ནཱ་ད་དམར་པོ་རྣམ་པར་བསྒོམས་དེའི་འོད་ཟེར་གྱིས་ཞུ་བའི་བདེ་བ་བསྒོམ་པར་བྱའོ།། ཞེས་པ་འདིའི་དོན་ནོ།། དཔའ་བོའི་ཞབས་འདོད་པ་ལ་ལྟེ་བར་ཉི་མ་དང་ཟླ་བ་ལ ་ཐིག་ལེའི་རི་མོས་དབྱངས་ཀྱི་ཡི་གེ་གསུམ་གྱིས་དཀྲིས་ནས། དཀར་པོ་ཕྱེད་དང་། དགའ་བ་ཕྱེད་ཀྱིས་མཐར་རོ་ཞེས་པ་དྲང་བའི་དོན་ནོ།། གཞུག་པར་བྱ་ཞེས་པ་ནི་དཔྲལ་བའི་ཐིག་ལེར་སྲོག་རྩོལ་གྱིས་སྲོག་རབ ་ཏུ་གཞུག་པའོ།། ཨ་བ་དྷཱུ་ཏཱིའི་གནས་ནི་གཏུམ་མོ་ཅན་དུ་ཞུགས་པ་དེ་ལས་འགྱུར་རོ།། དཔའ་བོ་འཆོལྔ་པིའི་ཞལ་གྱིས་མེ་སྦྱར་བྱ་གཞན་དུ་མིན་ནི་ཕུང་པོ་ལ་སོགས་པ་རྣམས་སོ།། གཞན་དུ་མིན་ནི་བ་ལང་ཤ ་དང་ཁྲག་ཕྲེང་སོགས།། བ་སྲེག་བྱ་ལྔ་དག་རབ་ཏུ་སྦྱིན།། ཕྱི་ནས་སྲེག་ཟ་འབར་བ་ལ།། སྲེག་བླུགས་དགུ་ནི་སྦྱིན་པར་བྱ་ཞེས་པའི་སྲོག་བླུགས་དགུ་ནི་ཡུལ་དང་དབང་པོ་ཟས་པ་ལས་ཕུང་པོ་དང་ཁམས་དག་གོ། དེའི་ཕྱི ་ནས་འབར་བ་ལ་ནི་ལ་ལ་ནཱ་དང་ར་ས་ནོ་གཅིག་ཏུ་སྦྱོར་བ་ལས་སོ།། གསུངས་པ་ཡང་འཛིན་པའི་མཐར་གཏུམ་མོའི་རྣལ་འབྱོར་བསྒོམ་པར་བྱའོ་ཞེས་པས། ཉེ་བར་བསྟན་པ་དེ་ལས་ལྟེ་བར་བུམ་པ་ཅན་བྱས་ནས་གཡོ་བ ་མེད་པར་བྱའོ་ཞེས་པའོ།། སྲེག་ཟ་ནི་འོད་གསལ་བའི་མེ་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལུས་དང་ངག་དང་སེམས་རང་བཞིན་མེད་པར་བྱའོ་ཞེས་པ་ངེས་པའི་དོན་ནོ།། འདི་དག་སྦྱིན་སྲེག་མདོར་བསྟན་པ་སྟེ། ་དངོས་གྲུབ་ཐམས་ཅད་རབ་སྒྲུབ་བྱེང་།། མཁའ་འགྲོ་མ་གཞན་སྦྱོར་བ་ཡིས།། འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད་ཅེས་པ་འདིས་ཕན་ཡོན་གསུངས་སོ།། སྦྱིན་སྲེག་གི་དེ་ཁོ་ན་ཉིད་དོ།། དགོངས་པའོ།། དེ་བཞིན་ཡང་ལྟེ་བའི ་པདྨའི་ཐབས་ཆེན་པོ་ལ་ལས་ཀྱི་རླུང་གིས་སྦར་བའི་གཏུམ་མོ་ཤེས་རབ་ཀྱི་མེ་དེ་ལ་ཐེ་ཚོམ་མེད་པར་སྦྱིན་སྲེག་བྱའོ།། དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་གོ། འདོད་པ་ཐམས་ཅད་བྱེད་པ་ནི།། ཇི་ལྟར་ལྷ་འཁོར་རྣམས་སུ་མཚོན།། མཆོད་པ ་གཉིས་མེད་སྦྱོར་བ་ཡིས།། ལས་རྣམས་སོ་སོར་ལེགས་སྦྱར་བ།། གང་འདིར་དངོས་བྱེད་པ་ཡི་སྔགསོ།། དེ་རྣམས་དབྱེ་བ་ང་ཡིས་བཤད།། ཁ་དོག་ཕོ་ཉ་སོགས་གང་སྔགས།། མདའ་ཡི་ཤུགས་ཀྱིས་ཡོངས་སུ་འཁོར།། ་ཕན་ཚུན་སྦྱར་བའི་གསངས་སྔགས་ནི།། རྣམ་སྣང་གིས་ནི་ཕྱེ་བ་ཉིད།། ས་བོན་ཕྲེང་བ་སྤེལ་བ་ནི།། ཧཱུཾ་ཡིག་མཐར་ནི་རབ་ཏུ་གནས།། ཅེས་པ་འདི་རྣམས་ཀྱིས་བཟླས་པ་གཞན་གསུངས་སོ།། ཐམས་ཅད་ཅེས་པ་ཞལ་གཅིག་པ ་ལ་སོགས་པའི་སྔགས་སོ།། གཉིས་མེད་སྦྱར་བ་ཡིས་ནི་ཤེས་རབ་མས་ལྷན་ཅིག་པས་དཔའ་བོའི་སྔགས་དང་སྤེལ་པ་ལ་སོགས་པ་དང་ལྷན་ཅིག་པ་ལས་ཀྱི་རྗེས་སུ་འབྲང་བས་སོ།། ཞེས་པ་སྒྲ་ཇི་བཞིན་པའོ།། སྔགས་ནི ་ཕྲེང་བའི་སྔགས་རྒུང་པ་ཉི་ཤུ་རྩ་བཞི་པའོ།། དབྱེ་བ་ནི་ཡོངས་སུ་ཕྱེད་བཤད་པར་བྱའོ།། ཁ་དོག་ནི་དཀར་པོ་ལ་སོགས་པའོ།། ཕོ་ཉ་མོ་ལ་སོགས་པ་ནི་རག་ཏུམ་མོ་ལ་སོགས་པ་དང་ལྷན་ཅིག་པའོ།། མདའི་ཤུགས་ནི་ནྱང ་གི་ཤུགས་ཀྱིས་སོ།། ཡོངས་སུ་འཁོར་ནི་འབབ་པའི་དབང་གིས་མཚོན་པར་བྱའོ།། རྣམ་པར་སྡང་བས་ནི་མ་རུངས་པའི་ལས་རྣམས་སོ།། ས་བོན་ཕྲེང་བ་ནི་ཤེས་རབ་དང་ཐབས་ཀྱིས་སྔགས་ཀྱི་ཕྲེང་བའོ།། ཧཱུཾ་ཡིག་ནི ་མཐར་བཟླས་པར་བྱའོ།། ནི་ཡིག་ནི་མ་བརྗོད་པ་བསྡུ་བ་ལ་སྟེ། དེ་ན་མི་ཡོག་དང་པོར་དང་པཊ་ཡིག་ལ་སོགས་པ་མཐར་ཤེས་པར་བྱའོ།། སྔོན་པོ་ལ་སོགས་པའི་ཁ་དོག་ཀྱང་ངོ་།། གསུངས་པ་ཡང་དེ་ལྟར་ཕྲེང་བའི་སྔགས ་བྷྲཱུཾ་རྐང་པ་སོ་སོ་དབུགས་ཀྱི་འཁོར་ལོའི་གྲངས་སོ།། འདིར་བགྲང་ཕྲེང་མེད་ཅིང་སྔགས་བརྗོད་པ་མེད་དེ་དབུགས་འཇུག་པ་དང་འབྱུང་བ་དག་དང་ལྷན་ཅིག་སྔགས་ཀྱི་ཡི་གེ་རྣམས་རབ་ཏུ་འཇུག་པ་དང་འབྱུང་བ་མེ་ཏོག ་གི་ཕྲེང་བ་བཞིན་དུ་ཟླ་བ་དང་ཉི་མའི་རང་བཞིན་ལུགས་དང་འཐུན་པ་དང་ལུགས་དང་མི་མཐུན་པས་བལྟ་བར་བྱའོ།། དེ་ལྟར་ཉིན་ཞག་བརྒྱུ་ཕྲག་བཅུ་ལྔ་རྣམས་ཀྱིས་དབུགས་གཡོ་བ་མྱེད་པ་བུམ་པ་རྒྱུན་གྱིས་གནས ་སྐབས་སུ་འགྱུར་རོ།། དེ་ནས་མངོན་པར་ཤྭེ་པ་ལྔར་འགྱུར་རོ།། ཞེས་པ་དགོངས་པའོ།། བསྒྲུབ་བྱ་འགོག་པས་འགྱུར་བ་ནི།། གོམ་པ་གཅིག་ཀྱང་མི་འགྲོའོ།། ཁ་སྦྱོར་ཁ་སྦྱོར་ཅན་དངོས་པོ།། རྡོ་རྗེ་ལུ་གུ ་རྒྱུད་བཅིངས་པ།། ཞེས་པས་ཕན་ཡོན་གསུངས་སོ།། འགོགས་པས་ནི་དཀྱིལ་འཁོར་བཅུ་པོ་རྣམས་སུའོ།། བསྒྲུབ་པར་བྱ་བ་ནི་རླུང་སྟེ། དཔྲལ་བར་གནས་པ་གསང་བར་ཕྱིན་པའོ།། མི་འགྲོའོ་ནི་ཟེ ་འབྲུ་ལས་གཞན་དུ་སྟེ། བདེ་བ་ཉི་མར་རབ་ཏུ་ཞུགས་པར་འགྱུར་ཏེ་འཛིན་པའི་ཡན་ལག་གིས་སོ།། བླ་མར་ཡང་། སྲོག་གི་རྩོལ་བའི་འཁྲུལ་འཁོར་ཉིད།། བསམས་ནས་སྐད་ཅིག་དེ་ལས་འབར་ཞེས་སོ།། ཁ་སྦྱོར་ཅན་ནི་ཁ ་སྦྱོར་མ་ཡིན་པ་ཁོ་སྦྱོར་ཅན་དུ་གྱུར་པ་སྟེ། ཁྲུ་བ་དང་རྡུལ་དག་གོ།། རྡོ་རྗེ་མཁའ་འགྲོར་ཡང་ཤེས་རབ་ཐབས་ནི་མཉམ་པར་སྦྱོར།། ཁ་སྦྱོར་ཅན་ཞེས་མངོན་བརྗོད་བྱ།། ལག་པ་དག་གིས་ཀུན་དུ་འཁྱུད།། རྡོ་རྗེ་ལུ་གུ ་རྒྱུད་དུ་བརྗོད་ཞེས་ཏེ། དགོངས་པའོ།། འདི་རྣམས་རྡོ་རྗེས་དབྱེ་བྱ་ཞིང་།། དེ་ནས་བུད་པ་འཁོར་བར་བྱ།། དེ་ལ་ལྕགས་ཀྱུ་འགུགསོ་བྱེད་ལ།། དེ་བཞིན་གཏུན་ཤིང་སྐྱེས་བྱེད་ལ།། ཟ་ལ་རྡོ་རྗེ་ཁོ་ནར་བརྗོད།། ་དབུགས་ལ་མདའ་ནི་ཁོ་ན་དང་། དུས་མིན་འཆི་བ་བླུ་བ་ལ།། ནུ་མོར་ཁ་ཊྚངྒ་སྦྱར་བྱ།། ཞེས་པས་དུས་སུ་འཚོ་བ་བྲུ་གསུང་སོ།། རྡོ་རྗེ་སྟེ་ཕོ་དབང་གིས་བུད་མེད་ཀྱི་པདྨ་དབྱེ་བར་བྱོའོ།། བཤད་པའི་རྒྱུད་དུ་ཡང་རྡོ་རྗེས ་པདྨ་དབྱེ་བར་བྱ།། བུང་བ་སྦྲང་རྩིར་འདོང་པ་ཡིན།། འཁོར་བ་གཡོ་བར་བྱ་བའོ།། བདེ་བའི་ཐབས་ཏེ་ཐམས་ཅད་རིགས་ཅེས་སོ།། འགུགས་བྱེད་ལ་སྟེ་བྱང་ཆུབ་ཀྱི་སེམས་ཀྱི་ཤིན་ཏུ་བདེ་བ་ལ་ལྕགས་ཀྱུ་སྟེ ་སྡིགས་མཛུབ་ལྕགས་ཀྱུའི་རྣམ་པས་སོ།། བསྐྱོད་པ་ལ་སྟེ་གཏུན་ཤིང་འདིའི་རྡོ་རྗེ་རབ་ཏུ་གཞུག་པའོ།། ཟ་བ་ལ་སྟེ་བག་ཆགས་རྣམས་ཀྱི་རྡོ་རྗེ་སྟེ་ཁུ་བའོ།། འབུགས་པ་ལ་སྟེ་སྟོང་པ་ཉིད་ཀྱི་མངས་རྣམ་པར་འཇོམས ་པར་འགྱུར་རོ།། དེ་ཉིད་ཀྱི་དགོངས་པའོ།། ཁ་ཊྭཱ~ཾ་ནཽ་ནི་ཤེས་རབ་མོའི་ཁུ་བས་འགྲོ་བའོ།། བཤད་པའི་རྒྱུད་དུ་ཡང་ཤེས་རབ་ཁ་ཊཱངྠ་གཟུགས་ཅན་ཞེས་སོ།། ནུ་མ་ལ་སྦྱར་བ་ནི་བཅོམ་ལྡན་འདས་ཀྱིས་ངེས་པར་བསྟན་པའི ་ཆེད་དུ་སྟེ་གསུངས་པ་ཡང་། འདི་ནི་འཆི་ལྟས་ཟླ་བ་ལ།། རྣལ་འབྱོར་རྣམས་ཀྱིས་དགའ་བར་འགྱུར་ཞེས་སོ།། དགོངས་པའོ།། ཟོད་པའི་ཚོད་ཡོན་སྣོད་དུ་ནོ།། ཞལ་དུ་ཚོན་ཆ་ངེས་པར་སྦྱར།། སྐུ་གསུངས་ཐུགས ་ཀྱི་གསང་སྔགས་ནི།། དབང་པོ་གཉིས་ལ་དགོད་པར་བསྒྲགས་ཤེས་པ་ནི་ཚོགས་པ་ལ་སོགས་པའི་མཚན་ཆ་རྣམ་པར་བཞག་པ་ནི་འོད་ཟེར་རོ་ཞེས་སོ།། གནས་ཀྱི་འཇུག་པ་དྲང་བའི་དོན་ནོ།། སྐྲོད་པེ་ནཱི་ཀཾ་བདེ་བ་སྐྱོང ་བར་བྱེད་དོ་ཞེས་པའོ།། རྡོ་རྗེ་མཁའ་འགྲོར་ཡང་། ལྷ་མོ་དྲིས་འཆི་བྷུ་བ་ལ།། ཡན་ལག་ཁཱ་ཊྚ་དྷཱ་དང་སྦྱར།། རྗོད་པའི་མཆོད་ཡོན་སྣོད་དུ་ནི།། ཞལ་དུ་མཚོན་ཚངེས་པར་སྦྱར།། ཞེས་ཏེ་ངེས་པའི་དོན་ནོ།། དབང་པོ ་གཉིས་མཉམ་པར་སྦྱར་བས་བསྒྲུབ་པར་བྱའོ།། ཞེས་པ་སྒྲ་ཇི་བཞིན་པའོ།། ཕན་ཚུན་རོལ་པའི་གསང་སྔགས་ནི།། གཅིག་ཏུ་མཁའ་འགྲོ་མ་དང་སྦྱར།། ལྷ་དང་ལྷ་མིན་མ་བཅས་རྣམས།། འདི་ཡིས་མྱུར་དུ ་བསྒྲུབ་པར་བྱ་ཞེས་པ་སྒྲ་ཇི་བཞིན་པའོ།། འཆི་བ་བླུ་བའོ།། ། དེ་ནས་དབང་དུ་བྱེད་པའི་མཆོག། གཞན་ནི་ཡང་ནི་རབ་འཆང་བྱེད།། བཟའ་བྱ་ཟོས་པ་མིན་པ་ལ།། བཟླས་པའི ་མཐར་ནི་སླར་ཡང་སྐྱུག། བཟའ་དང་བཏུང་བ་རྣམས་ལ་སྦྱར།། འདི་ནི་མཚན་མོ་བདུན་གྱིས་ནི།། ཇི་སྲིད་འཚོ་བར་བུད་མེད་རྣམས།། དབང་དུ་འགྱུར་བར་ཐེ་ཚོམ་མེད་ཅེས་པས་དབང་དུ་བྱ་བ་གསུངས་སོ།། སྐྱུག་པ་ནི་བཟའ་བྱ ་སྐྱུག་པའོ།། དེ་ཉིད་སླར་ཡང་བཀྲུས་ནས་བཟླས་པའི་མཐར་ཉེ་བའི་སྙིང་པོའི་དབང་དུ་བྱ་བའི་ཆོ་ག་ལས་ཇི་ལྟར་གསུངས་པ་དེར་འགྱུར་རོ་ཞེས་སོ།། སེར་སྐྱའི་མུར་ནི་འཐུངས་ནས་སུ།། དེ་ནས་བཟླས་མཐར་སྐྱུག ་པར་བྱ།། བདག་གི་གདོང་པ་དེ་ཉིད་ཀྱིས།། བྱུགས་ཏེ་ཁྲོས་པས་བལྟ་བར་བྱ།། གཞོན་ནུ་མ་དེ་མཐོང་བ་ཡསི།། དབང་དུ་འགྱུར་པར་ཐེ་ཚོམ་ཅེས་པ་གསལོ།། ཏིལ་མར་སཱ་ལུ་བཏགས་པ་ནི།། ལྡན་པས་ལུས ་ནི་བསྐུས་ནས་ནི།། སྔགས་པས་སྣུམ་མཁུར་བྱས་ནས་ནི།། བཟའ་བ་ལ་ནི་དེ་སྦྱར་བྱ།། གལ་ཏེ་ལས་འདི་མ་བཏང་ན།། རྟག་ཏུ་མི་མོ་དབང་དུ་འགྱུར།། སྣུམ་ཁུར་ནི་འཁུར་པོའི་བྱེ་བྲག་གོ། བཟའ་བ་ལ་ལན་བདུན ་བཟླས་པ་མ་བཏང་ན་ཇི་སྲིད་འཚོའི་བར་དུའོ།། ཏིལ་ནག་རྣམས་ནི་ཟོས་ནས་སུ།། སྐྱུགས་པ་སྐྱེ་ཚེ་དང་ལྷན་ཅིག། རུ་རྟ་བཤིང་ལམ་ལས་གྲོལ་བ།། ལག་སྐྱེས་ལྟོ་བའི་སྲིན་བུ་ནི། རང་གི་ཁྲིགས་བཏག་པར་བྱ།། ་ཁུ་བ་ཉིད་ཀྱིས་སྦྱར་བར་བྱ།། བཟའ་བ་བཏུང་བ་མིག་སྨན་དང་།། གོས་ལ་བྱུག་པས་སྦྱར་བར་བྱ།། དེ་ལྟར་ཇི་སྲིད་འཚེ་བར་དུ།། དབང་དུ་བྱེད་པར་ཐེ་ཚོམ་མེད་ཅེས་ཏེ། རུ་རྟ་ནི་བཤང་པར་དགོངས་སོ།། ལག་སྐྱེས་ནི ་མིང་མེད་ཀྱི་སེན་མོའོ།། སྲིན་བུ་ནི་འབུའོ།། ཁྲག་ནི་མཽང་མེད་ལས་བྱུང་བས་སོ།། གསལ་ལོ།། སྔར་བརྗོད་པའི་ལྷ་ཉིད་བསམས་ནས་ད་སྔོན་དུ་འགྲོ་བས་ལས་བྱའོ།། བ་ལང་ཤ་བསྲེག་སྦྱིན་སྲེག་ལ།། ཁྲག ་གིས་བསྐུས་ན་ལྷ་རྣམས་དང་།། མ་མོ་དབང་དུ་འགྱུར་བ་ཡིན།། གལ་ཏེ་མ་འོངས་འཆི་བ་འགྱུར།། སྔགས་པས་སྦྱིན་སྲེག་འདི་ཡིས་ནི།། ཞག་བདུན་གྱིས་ནི་འགྲུབ་པར་འགྱུར།། སྦྱིན་སྲེག་མཐར་ནི་གཏོར ་མ་སྦྱིན།། འགྲོ་བ་དགུག་བྱ་བརྟུལ་ཞུགས་ཅན་ཞེས་ཏེ། ལྷ་རྣམས་ནི་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཅན་ནམ་ལོས་ཀྱི་རྗེས་སུ་འབྲང་བས་བྱའོ།། ཁྲག་གིས་སྐྱུགས་པ་ལའོ།། སྦྱིན་སྲོག་གི་མཐའ་རུ་དབང་དུ ་བྱ་བའི་ཚོགས་ཇི་སྐད་གསུང་བ་བཞིན་འགྱུར་རོ་ཞེས་པ་སྒྲ་ཇི་བཞིན་པའོ།། དབང་དུ་བྱེད་པའི་ཆོ་གའོ།། །། བཛྲ་ནི་མཁའ་འགྲོ་མ་རྣམས་ཀྱི།། ལུས་ཉིད་ཀྱི་ནི་མཚན་ཉིད་དང་།། སྔགས ་པས་དཔའ་དབང་མ་ཀློག་ཅིང་།། གཡོན་གྱིས་ཀུན་དུ་སྤྱོད་པ་སྦས།། ཞེས་པས་གསང་ཆེན་གསུངས་ཏེ་རྒྱུད་ཀྱི་མཚན་ཉིད་དཔའ་བོའི་དབང་པོའི་ཡན་ལག་གི་དབྱེ་བ་དང་དཔའ་བོའི་དབང་པོ་བུམ་པ་ལ་སོགས་པའི ་དབང་སྐུར་བ་མ་ཡིན་པའི་བྱིས་པ་རྣམས་རྒྱུད་དུ་སྦས་སོ།། སྒྲ་ཇི་བཞིན་པའོ།། ད་ནི་རྣམ་པ་ལྔས་ཕྱག་དྲུག་པའི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། དབང་པོ་རྣོན་པོ་རྣམས་ཀྱིས་འདིར་ཨཱ་ལི་ཀཱ་ལི་ལུགས་དང ་མཐུན་པ་དང་། ལུགས་བཟློག་པས་ཉིས་འགྱུར་བྱས་ནས་ཧཱུཾ་ཡི་གེ་ལ་སོགས་པས་བྱིན་གྱིས་བརླབས་པ། རྡོ་རྗེ་ལ་སོགས་པའི་མཚན་མ་ལས་སྐྱེས་པའི་དཔའ་བོ་དཀྱིལ་འཁོར་པ་དང་བཅས་པའི་རང་དམ་ཚིག་སེམས་དཔའ ་བསྐྱེད་ནས་ཡེ་ཤེས་སེམས་དཔའ་རབ་ཏུ་གཞུག་པར་བྱའོ།། དེ་བཞིན་དུ་མངོན་པར་བརྗོད་པའི་བླ་མར་གསུངས་པ། སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི།། དབུས་སུ་ཡེ་ཤེས་སེམས་དཔའ་ནི།། དེ་མདོག་ཕྱག་མཚན ་བལྟོས་ནས་ནི།། ཟླ་བ་རྡོ་རྗེའི་ས་བོན་ཅན་ཞེས་སོ།། དེ་ནས་མགོ་བོ་ལ་སོགས་པར་དགོད་པ་བྱས་ནས་ཡེ་ཤེས་ཀྱི་འཁོར་ལོ་རབ་ཏུ་གཞུག་པར་བྱའོ།། རང་གི་སྙིང་གའི་ལྕགས་ཀྱུའི་སྦྱོར་བས་དཔའ་བློ་དང་དཔའ་མོའི ་ཚོགས་རྣམས་ནུམ་མཁར་བལྟས་ཡང་དག་པར་མཉེས་པའི་རྗེས་སུ་གསོལ་བ་གདབ་པར་བྱའོ།། ཨོཾ་ཨ་བྷི་ཥིཉྩཙུ་མཱཾ་སརྦྦ་ཏ་ཐཱ་ཏ་ཞེས་སོ།། དེ་ནཱས་ཧེ་རུ་ཀའི་གཟུགས་ཅན་གྱི་སངས་རྒྱུ་སཱ་དེ་རྣམས་ཀྱིས།། ཨོཾ་སརྦ ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡཾ་ཤྲི་ཡེ་ཧཱུཾ་ཧཱུཾ་ཞེས་པ་མངོན་པར་དབང་བསྐུར་བར་བྱའོ།། མངོན་པར་དབང་བསྐུར་བའི་ཅོད་པན་དུ་རང་གི་རིགས་ཀྱི་དབང་པོ་ཧེ་རུ་ཀར་འགྱུར་རོ།། སྙིང་པོའི་འཁོར་ལོ་ལ་གནས་པ་རྣམས ་ཀྱི་རིན་ཆེན་དབང་པོ་ཐུགས་ལ་སོགས་པའི་འཁོར་ལྷོ་ལ་གནས་པ་རྣམས་ཀྱི་ཐུགས་དང་གསུངས་དང་སྐུའི་མཁའ་འགྲོ་དུར་ཁྲོད་ན་གནས་རྣམས་ཀྱི་དམ་ཚིག་གི་དཔའ་བོ་ཡང་ངོ་ཞེས་པའོ།། ཤེས་རབ་ལ་རྗེས་སུ་ཆགས་པ ་དང་ཕྲ་མོའི་རྣལ་འབྱོར་རྣམ་པར་བསྒོམས་ཏེ། དམ་ཚིག་གི་འཁོར་དག་པར་བྱས་ནས་རྡོ་རྗེས་བཟླས་པ་ལ་སོགས་པ་བྱའོ།། དམ་ཚིག་ཀུན་སྤྱོད་ཡང་ངག་ལྡན།། སྔགས་པས་མཉམ་གཞག་བཟླས་པར་བྱ།། སྲོག་གི ་རྩོལ་པའི་འཁྲུལ་འཁོར་ནས།། ཕྱག་འཚལ་ཧཱུཾ་ཡིག་བརྗོད་པར་བྱ།། མཛེས་པའི་བཟླས་པ་འམ།། ངག་གི་བཟླས་པ་བྱས་ནས་སྨོན་ལམ་གདབ་པ་དང་། གཏོར་མེ་སྦྱིན་པར་བྱའོ།། དཔའ་བོའི་ཟེར་གྱིས་བཀུག་པ ་དེ་རྣམས་རང་ལ་རབ་ཏུ་བཅུག་ནས་གཤེགས་སུ་གསིལ་བར་བྱའོ།། མངོན་པར་བརྗོད་པ་བླ་མར་ཡང་།། མགོན་པོ་ཞལ་གསུམ་ཕྱག་དྲུག་པ།། སྤྱན་གསུམ་རྣམ་པར་འགྱུར་བའི་ཞལ།། དམར་པོ་དཀར་པོ་སྔོན་པོའི་ཞལ། ་རྡོ་རྗེ་དྲིལ་བུ་སྙོམས་པར་ཞུགས།། ཕྱག་ན་ཁ་ཊངྒ་རལ་གྲྀ།། ཅང་ཏེའུ་དང་མགོ་བོའོ་ཞེས་སོ།། དེ་ནས་ཕྱག་བཞི་པ་བརྗོད་པར་བྱ་སྟེ་དབང་པོ་འོ་བྲིང་པོ་རྣམས་ཀྱིའོ།། དེ་བཞིན་དུ་ཡང་། ཕྱག་བཞི་པ་ལ་ཞལ་བཞི་པ།། སྤྱན ་གསུམ་དྲག་པོ་འཇིགས་པར་བྱེད།། གཡས་ཀྱང་ཞབས་ཀྱིས་གནས་པ་སྟེ།། དུས་མཚན་འཇིགས་བྱེད་མགོ་བོ་གནན།། དཀར་སྔོན་ལྗང་དང་དམར་པོའི་ཞལ།། རྡོ་རྗེ་དང་ནི་དྲིལ་བུ་དང་།། ཐོད་པ་ཁ་ཊྭཱཾ་ཅང་ཏེའུ་ཅན།། ་བཅོམ་ལྡན་ཇི་འདྲ་དེ་བཞིན་དུ།། བཅོམ་ལྡན་འདས་མངའ་དེ་འདྲའོ།། ཡང་ན་ཟླ་བ་རྡོ་རྗེའི་རིམ་པས་བསྒོམ་པར་བྱ་སྟེ་དེ་བཞིན་དུ། དྲི་ཡི་དབུས་འགྱུར་སྟོང་པར་ནི།། ཟླ་བ་ཧཱུཾ་གི་ཡི་གེ་མཆོག། དེ་ཡོངས ་འགྱུར་ལས་རྡོ་རྗེ་བཟང་།། རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ་ཞེས་སོ།། དེ་ནས་ཧེཿཡིག་གཉིས་དང་བཅས་པ་ལས།། སྔར་གྲུབ་པ་རྣམས་དྲན་པར་བྱའོ།། གཉིས་ཀ་ཀུན་དུ་དགའ་འགྱུར་བ།། ཤིན་ཏུ་དགའ་བས་ཞུ་བར་གྱུར།། དེ་མ ་ཐག་ཏུ་དཔའ་བོ་དང་རྣལ་འབྱོར་མ་རྣམསྡེ་ལངས་ཏེ་ཅང་ཏེའུ་གྲུག་པའི་སྒྲས་བསྐུལ་བར་གྱུར་ཏོ།། དེ་ནས་ས་བོན་དང་མཚན་མ་ལས་སྐྱེས་པའི་དཔའ་བོ་བསྒོམ་པར་བྱའོ་ཞེས་པའོ།། དེ་ནས་ཞལ་གཅིག་ཕྱག་གཉིས་པའི ་ག་དབང་པོ་རྟུལ་པོ་རྣམས་ཀྱིས་རང་བྱིན་གྱིས་བརླབས་པས་བསྒོམ་པར་བྱ་སྟེ་ཟླ་བ་དང་ས་བོན་ཞེས་པ་འམ། ཡང་ན་ཡུད་ཀྱིས་ཏེ།། དེ་བཞིན་དུ་བླ་མར་ཡང་ཡུད་ཀྱིས་རྣམ་པས་རྫོགས་པ་ཡི།། རྣལ་འབྱོར་རྣལ་འབྱོར ་མཆོག་གི་མཆོག་ཅེས་སོ།། རྫོགས་པའི་རིམ་པ་འདི་ཡང་མཁའ་འགྲོ་མ་རྣམས་ཀྱིས་བརྡ་ལ་སོགས་པ་སྟེ། གང་གཞན་གྱིས་དྲུང་དུ་འདོནྡྲ་བྱུང་ན།། ངན་པའི་བདག་ཉིད་རྨོངས་ཅན་དེ།། ཕྱུགས་ཀྱིས་མཆོག་ཡིན་མཁའ ་འགྲོ་མ་འམ།། ཕོ་ཉ་རྣམས་ཀྱིས་ཟོས་གྱུར་ཀྱང་།། དེ་དག་ལ་ནི་སྐྱོབ་མི་བྱེད།། སངས་རྒྱས་འཇིག་རྟེན་ལས་ལྟུང་ཞིང་།། བླ་མེ་འཁུ་བའི་སྡིག་པ་བྱེད།། དམ་ཚིག་སྐྱོང་བར་མི་བྱེད་དང་བརྡ་ལ་སོགས་རྣམས་རབ་སྦེད ་བྱེ།། དེ་འདི་དང་ནི་རྗེས་སུ་འཛིན།། མཁའ་འགྲོ་མ་ཉིད་དགེ་བའི་ཞལ་ཞེས་ཏེ། གཞན་གྱི་ནི་དམ་ཚིག་རིག་པ་ལས་གཞན་ནོ།། དྲུང་དུ་འདྲེན་པར་བྱེད་པ་ནི་སེམས་པར་བྱེད་པ་དང་འདྲི་བར་བྱེད་པའོ།། པ་ནི་ཁྱོད་ལ་སྲུང་བར ་མི་བྱེད་དོ།། སངས་རྒྱས་འཇིག་རྟེན་ལས་ནི་ཆོས་ཀྱི་དབྱིངས་ལས་སོ།། བླ་མ་ནི་བླ་མིའི་དམ་ཚིག་སྟེ། གསལ་ལོ།། སྔགས་པས་རྣཾ་བིའི་གསང་སྔགས་ཆག། ལན་བདུན་པར་དུ་རྗེས་དྲན་བྱ། དེ་འདིའི་ཐུགས ་ཀར་ཕག་མོ་ནི།། སྲུང་བ་བྱེད་པར་ཐེ་ཚོམ་མེད།། ཆུ་ཀླུང་ཆུ་གཏེར་ལྟེང་ཀ་དང་།། རི་བོ་དང་ནི་བཞི་མད་རུང་།། དུར་ཁྲོད་ནགས་ཚལ་འཇིགས་རིང་བྱ།། སེདྡྷེ་གླང་ཆེན་འཇིགས་བརྒྱད་ལ།། དཔའ་བོ་རྣམས་དང་པོ ་ཉ་མོས།། ལྷན་ཅིག་སྒྲུབ་པོ་རྟག་ཏུ་རོལ།། རི་བ་ཚང་ཚིང་སྨནྡ་ལྗོངས་དང་།། མཚོ་དང་གསང་བའི་ས་ཡི་མཐིལ།། ཞེས་པས་གནས་གསུངས་སོ།། དཔའི་བོ་རྣམས་དྲང་པོ་ཉ་མོས།། ལྷན་ཅིག་མངའ་བདག ་རྟག་ཏུ་རོལ།། ཀྱེ་གང་གི་ཕྱིར་དོན་གང་ལས་རོལ་པར་བྱེད་པ་དེའི་ཕྱིར།། འདིར་སྒྲུབ་པ་པོ་ཡང་དགའ་བར་བྱེད་དོ།། གསལ་ལོ།། དཔའ་བོ་དང་དཔའ་མོ་རྣམས་ཀྱི་གསང་བའི་གནས་ཀྱི་ཆོ་གའོ།། ་དེ་ནས་གྲུབ་པའི་རྣལ་འབྱོར་ཆོས།། རྣམ་བརྒྱད་སྔགས་ཀྱིས་བཤད་པར་བྱ།། དེ་ཡིས་མཁའ་འགྲོ་མ་མཐོང་བ།། རབ་ཏུ་སྩོལ་འགྱུར་ཐེ་ཚོམ་མེད་ཅེས་གཞད་པ་བརྒྱད་གསུངས་སོ།། དེ་ལྟར་དང་པོ་སྙིང་གར ་བཞད་པའི་རྩ་བའི་སྔགས་ལ་སོགས་པ་བཟླས་པར་བྱའོ།། ཞེས་པ་སྒྲ་ཇི་བཞིན་པའོ།། ཧ་ཧཱ་ཧི་ཧཱི་ཧུ་ཧུ་ཧེ་ཧཾ་འཇིགས་པར་བྱེད་པའི་བཞད་པ་འདི་རྣམས་ཀྱིས་དེ་རྣམས་རྣམ་པར་འབྱེད་པར་བྱེད ་ཅིང་འཁྲུལ་པས་འཇིགས་ཤིང་འབྲོས་པར་བྱེད་དོ།། སྒྲུབ་པ་པོ་ཡང་མཁའ་སྤྱོད་དེ་དངོས་གྲུབ་རྒྱ་ཆེན་པོ་སྟེར་བར་བྱེད།། བདེ་བ་ཅན་ནི་ཕོ་ཉ་མོ་རྣམས་ཀྱིས་ལྷན་ཅིག་སྒྲུབ་པོ་རྩེ་བར་བྱེད་དོ་ཞེས་སྔགས་གསུངསོ།། ་དངོས་གྲུབ་ནི་བཅུ་གསུམ་པ་འབྲས་བུའི་བདག་ཉིད་སྟེ་རོ།། བཅོམ་ལྡན་འདས་ཀྱིས་ཀྱང་རྒྱུད་མདོར་བསྟན་པར་གསུངས་པ། སྟོང་ཉིད་སྙིང་རྗེའི་བདག་ཉིད་སྐུ།། ཡེ་ཤེས་ལྔ་དང་སྐུ་གསུམ་པ།། བཅུ་གསུམ ་འབྲས་བུ་ཐོབ་པ་པོ།། དཔལ་ལྡན་དུས་འཁོར་ལ་ཕྱག་འཚལ་ཞེས་སོ།། བདེ་པ་ཅན་བཙིས་མ་མ་ཡིན་པ་རབ་ཏུ་ཞི་བའི་བྱེད་པའོ་ཞེ་བསྒྲ་བཞིན་གྱི། བྱང་རྣམ་མང་བ་དང་འའདྲུབ་པ་ཀྱི་།། ། དེ་ནི་ཡང་དག་རབ་འཆང་བྱེད། ་གང་གི་མི་རྣམས་དབང་དུ་འགྱུར།། སྔགས་དང་རྣལ་འབྱོར་ཆོ་ག་ལས།། དཔའ་བོའི་ཟླ་བས་བསྒྲུབ་པར་བྱ།། ཞེས་པས་ཕྱི་རོལ་གྱིས་དབང་དུ་བྱ་བ་གསུངས་ཏེ།། མི་རྣམས་ནི་རིགས་ལྔ་པོ་རྣམས་སོ།། རྣལ་འབྱོར། ་ཆོ་ག་ལས་ནི་ལས་སོ་སོའི་རྗེས་སུ་མཐུན་པས་སོ།། སྒྲོ་ཇི་བཞིན་པའོ།། ཟླ་བས་ནི་སྦྱིན་སྲེག་གིས་སོ།། སྒྲུབ་པ་པོ་ཡང་དཔའ་བོ་ཡང་དཔའ་བའི་དབང་པོ་ཉི་མ་བདུན་ལས་སོ།། དངོས་གྲུབ་རྒྱ་ཆེན་སྩོལ་པོར ་བྱེད།། བདག་ཉིད་མཚན་མོ་སྦྱིན་སྲེག་བྱས།། བརྒྱ་རྩ་བརྒྱད་ལྡན་ཉིད་ཀྱིས་ནི།། ཐུན་གསུམ་དུ་ནི་བསྒྲུབས་གྱུར་ན།། རྒྱལ་པོ་དཔུད་དང་བཅས་ཉིད་ཀྱང་།། ཉི་མ་བདུན་གྱིས་དབང་དུ་གྱུར།། ཕྱེད་ཀྱིས་བུ་ནི་ཆེན་པོ་སྟེ།། ་དེ་ཕྱེད་ཀྱིས་ནི་བློན་པོའོ།། ལས་སྒྲུབ་པ་ལ་སྲེག་བླུགས་ནི།། རྒྱལ་བྱན་སོ་གཉིས་སྦྱིན་སྲེག་བྱ།། བྲམ་ཟེ་རྣམས་ལའང་ཉི་ཤུ་སྟེ།། ཉི་མ་བདུན་དུ་སྦྱིན་སྲེག་བྱ།། རྒྱལ་རིགས་ཐུན་མོང་བ་ལ་བདུན།། རྗེ ་རིགས་རྣམས་ལ་སྦྱིན་སྲེག་ལྔ།། དམངས་ལ་སྦྱིན་སྲེག་གསུམ་བྱའོ།། མཐར་སྐྱེས་དེ་བཞིན་གཅིག་སྦྱར་བྱ།། དེ་ལྟར་དཔའ་བོས་རིགས་རིམ་ལུས།། ཟླ་གཅིག་གིས་བསྒྲུབས་གྱུར་པ།། སྒྲུབ་པོས་གསང་སྔགས ་འདི་ཡིས་ནི།། འགྲོ་བ་མཐའ་ངག་འགུགས་པར་བྱེད་ཅེས་ཏེ།། ཕྱེད་ནི་ལྔ་བཅུ་རྩ་བཞིའོ།། བུ་ཆེན་པོ་ནི་རྒྱལ་པོའི་བུའོ།། དེའི་ཕྱིར་གྱིས་ནི་ཉི་ཤུ་རྩ་བདུན་གྱིས་སོ།། ཐམས་ཅད་དུ་ཐུན་མཚམས་གསུམ་བུ ་རྟོགས་པར་བྱ་ཞིང་སྦྱར་བར་བྱའོ།། ཤཾ་དང་ཉ་དང་ལྡན་པར་ནི་དབང་གི་ཐབ་ཏུའོ།། ལྷ་དམར་པོའི་སྦྱོར་བས་སོ་ཞེས་སོ།། དྲ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྣལ་འབྱོར་བརྗོད་པར་བྱ་སྟེ། དཔའ་བོ་གནྡྷེ ་པའི་ཤེས་རབ་དང་ཐབ་ཀྱི་བདག་ཉིད་ཀྱང་རུང་སྟེ། ཞལ་ལ་སོགས་པའི་དབྱེ་བས་ཞི་བ་ལ་སོགས་པའི་ལས་བྱེད་དོ།། གང་གི་ཚེ་ཞི་བ་ལ་སོགས་པཱུ་སྐུའི་ཞལ་གཙོ་བོར་བྱས་ནས་དཀར་པོར་འགྱུར་ཏེ་ཟླ་བའི་དཀྱིལ ་འཁོར་གྱིས་དབུས་སུ་གནས་པའོ།། དེ་བཞིན་དུ་གསུངས་རྡོ་རྗེ་ཞེས་པ་ལ་སོགས་པས་དབང་ལ་སོགས་པ་ལ་འདི་ལྟར་མ་མོའི་གསལ་བའི་པདྨར་རྣམ་པ་ལྔས་ཝཾ་ཡིག་ལས་སྐྱེས་པའི་ཆུ ་སྐྱེས་ཆུ་སྐྱེས་ལས་སྐྱེས་པའི་ལྷ་ཞལ་གཅིག་ཕྱག་གཉིས་པ་དཀར་པོས་སྲུངས་ལ་ཞོན་པ་པདྨ་དཀར་པོ་དང་མི་འཇིགས་པའི་ཕྱོགས་དཀར་པོ་ལ་སོགས་པ་དང་ལྡན་པ་རབ་ཏུ་བཞད་པའི་ལྷ་མོ་ཨུཏྤ་ལ་དཀར་པོའི་ཕྱག ་བསྒྲུབ་པར་བྱ་བའི་ཁྱིམ་དུ་མངག་པར་བྱའོ།། འདི་ལྟར་དབང་དུ་བྱ་བ་ལ་ཧྲིཿཡིག་ལས་སྐྱེས་པ་དམར་པོ་མདའ་གཞུ་ཅན་བསྒོམ་པར་བྱའོ།། དགུག་པ་ལ་ནཱི་ལག་ནི་ཞག་པ་དང་ལྕགས་ཀྱུ་ཐོགས་པའོ་ཞེས་པ་ཁྱད ་པར་རོ།། སྒྲ་ཇི་བཞིན་པའོ།། །། ས་སྟེང་འདོད་པའི་དབང་ཕྱུགས་བཞིན།། དཔལ་ལྡན་སྐལ་བ་བཟང་པོར་འགྱུར།། དབང་དགུག་དང་རྣམ་པར་སྡང་།། དེ་བཞིན་བསད་དང་བསྐྲད་པ་དང་།། རྨུགས་དང་རེངས་པ་ཉིད ་དང་ནི།། རྨོངས་དང་དེ་བཞིན་བསྐྱོད་པ་དང་།། ལྐུགས་དང་འོན་དང་ལོང་པ་ཉིད།། མ་ནིང་ཉིད་དུ་བྱེད་པ་དང་།། ལས་རྣམས་འདི་དག་ཐམས་ཅད་ནི།། སྒྲུབ་པོ་ཉིད་ཀྱིས་འགྲུབ་པར་འགྱུར་ཞེས་པས་ཕན་ཡོན་གསུང་སོ།། ་འདོད་པའི་དབང་ཕྱུགས་ཅེས་པོ་བུད་མེད་སྐལ་པོ་བཟང་པོའི་མཐའ་ཡས་པའོ།། དཔལ་འདུས་པར་ཡང་གསུངས་པ་རི་རབ་སུམ་ཅུ་རྩ་དྲུག་གི། རྡུལ་ཕྲན་ཇི་སྙེད་ཡོང་གྱུར་པ།། དེ་ཡི་བཙུན་མོ་དེ་སྙེད་པ།། ཡོན ་ཏན་གནས་ནི་འབྱུང་བར་འགྱུར་ཞེས་སོ།། སྒྲ་ཇི་བཞིན་པའོ།། སྒྲུབ་པ་པོ་རྣམ་པར་རྟོག་པ་མེད་པ།། བློ་དང་ལྡན་པ་མཁས་ཤིང་ངེས་པ་ཁ་ཅིག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་རྣམས་དེ་ཁོ་ན ་ཉིད་ལྷག་པར་རྟོགས་པ་ཉིད་ཀྱིས་གླདོ་ན་མི་ཟ་བར་སྒྲུབ་པར་བྱེད་ཚོམ་། ཞེས་པ་སྒྲ་ཇི་བཞིན་པའོ།། དབྱི་བ་བཅཝ་བརྒྱད་ཀྱིས་ཐ་དད་པའི་རིགས་ལྔ་དབང་བུ་བྱ་བའི་ཆོ་གའོ།། །། དེ་ནས་འདི་ལས་རབ ་འཆད་བྱེད།། ཕོ་ཉ་མོ་ཡི་གནས་ཀྱི་མཆོག། ཡུ་ལ་དང་ཡུལ་དུས་སྐྱེས་འགྱུར་ཏེ།། ཡེ་ཤེས་ལྗོན་པ་སྐྱེ་བར་བྱེད་ཅེས་པས་གནས་ལ་སོགས་པའི་ས་བཅུ་གནས་ཉི་ཤུ་རྩ་བཞི་ངེས་པར་བསྟན་པ་གསུངས་ཏེ།། ་དེ་རྣམས་འཁའ་འགྲོ་མ་རུ་བཤད།། རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་ཡིན།། དངོས་གྲུབ་བརྩོན་པའི་སྒྲུབེ་པ་པོས།། ལུགས་ལས་བཟློག་པ་ཡོངས་ཤེས་བྱ།། ཀུ་ལུ་ཏཱ་དང་མྱ་ངན་དང་།། སིན་དྷུ་ན་ག་ར་གསེར་གླིང་།། ་སོ་སཽ་རཱཥྚ་དང་ལྷ་ཡི་ཁྱིམ།། ཡི་དགས་གྲོང་དང་ཁ་བའི་གནས།། ཀཱཉྩི་ལམྨ་ཀ་ཡི་ཡུལ།། ཀ་ལིང་ག་དང་ཀྲོ་ཤ་ལ།། དེ་བཞིན་དགེ་མཚན་གསུམ་ཨོ་ཊཾ།། ཀཱ་མ་རུ་པཱ་མཱ་ལ་ཝ།། ལྷ་མོའི་མཁར་དང་དགའ་དབང ་ཕྱུག། གོ་དཱ་བ་རི་ཨར་བུ་ང།། ཨོ་ཊི་ཡཱ་ན་ཛ་ལར་གྲགས།། པུལླི་ར་མ་ལེ་དེ་བཞིན།། ཡུལ་འདི་རྣམས་ཀྱི་བུ་མོ་གང་།། དཔའ་བོ་གཉིས་མེད་བསྟན་པ་ཉིད།། དེ་ཀུན་འདོད་པའི་གཟུགས་ཅན་ཏེ།། ཡིད་ཀྱི ་ཀྱི་ཤུགས་ཀྱི་རྫུ་འཕྲུལ་ཆེ་ཞེས་ཏེ། ལྷའི་ཁྱིམ་ནི་ཀོང་ཀ་ནའོ།། ཡི་དགས་གྲོང་ནི་རིན་པོ་ཆེའི་གླིང་ངོ་།། ཛཱ་ལཱར་གྲགས་ནི་ཛཱ་ལན་དྷ་རའོ།། པུལླི་ར་མཱ་ལ་ཡ་ནི་པཱུརྞྞ་གི་རིའོ།། དགོངས་པའོ།། ་འདི་རྣམས་སུ་ཞེས་པ་ཉེ་བར་མཚོན་པོ་ཁྱིམ་ལྔ་ལ་སོགས་པའི་གྲོང་དུ་རྒྱུན་དུའོ།། ཐམས་ཅད་རྡོ་རྗེའི་དཀྱིལ་འཁོར་གཙོ་མོ་སྟེ་དཔལ་ཧེ་རུ་ཀའི་བཙུན་མོའོ་ཞེས་པ་སྒྲ་ཇི་བཞིན་པའོ།། ད་ནི་མདོར་བསྡུས་པས ་ཐུན་མོང་པཱིའི་མི་ཉིད་ཀྱིས་རྣམ་པར་འཆད་དེ། རྣལ་འབྱོར་མར་བཤང་ཀུ་ལུ་ཏཱར།། མྱ་ངན་ཡུལ་དུ་མ་མོ་སྟེ།། དེ་བཞིན་ལཱ་མ་སིན་དྷཱའི་ཡུལ།། རིགས་ཀྱི་གཙོ་མོ་ན་ག་རར།། ཞེས་པ་ལ་སོགས་པས་རྣལ ་འབྱོར་མུའི་མིང་དང་གནས་དང་གྲངས་ཏེ་རྡོ་རྗེ་རྣལ་འབྱོར་མཽ་རྣམས་སོ།། དེ་བཞིན་དུ་མྱ་ངམ་གྱི་ཡུལ་ལ་སོགས་པར་རྟོགས་པར་བྱའོ་ཞེས་སོ།། ན་ག་ར་ནི་སྐྱེ་བོའི་བུའོ།། རྡོ་རྗེ་མཁའ་འགྲོར་ཡང་རོ་ལངས ་ཤེས་བྱའི་རིག་མ་ཆེ།། དཔའ་བོ་ཀུན་གྱི་མཆོག་བཏབ་སྟེར།། སྦ་ཞིང་ཁུང་བུར་གནས་བྱེང་མ།། གནས་དེར་གནས་པའི་བཟང་པོ་ནི།། བྱིན་པའི་སྤུ་ཞེས་བྱ་བར་གྲགས།། ཞིང་སྐྱོང་གཙིགས་པ་ཆེན་པོའོ།། རྒན་བྱང ་མ་ཞེས་རྣམ་པར་གྲགས།། ལྷ་མི་ལམ་ཁར་ཤིང་འཕེལ་གནས་ཤེས་ཏེ་སྒྲ་ཇི་བཞིན་པོའོ།། གསེར་གླིང་དུ་ནི་ཆུ་ཅན་བརྗོད།། སཽ་རཱཥྚ་རུ་རིགས་ཀྱི་ལྷ།། ཁྱིམ་གྱི་ལྷ་རུ་མཁའ་འགྲོ་མ། ཡི་དགས་གྲོང་དུ་བུ་མ ་ཅན།། ཁ་བའི་རི་རུ་གཟུགས་ཅན་བཤང།། ཀཱཉྩི་ཉིད་དུའང་བྱིས་བཅས་མ།། ཁྱིམ་གྱི་ལྷ་དང་ལམྦ་ཀ། ཀ་ལིང་ག་རུ་བརྟུལ་ཞུགས་འཛིན།། ཀོ་ཤ་ལ་རུ་ཤ་ཟ་མོ།། དགེ་མཚན་གསུམ་པར་དུམ་སྐྱེས་མ།། ཨོ་ཐེར ་དཔལ་དབང་བསྐུར་མར་བརྗོད།། ཀཱ་མ་རུ་པཱུར་དཀར་མོ་དང་།། ལྷ་མོའི་ཁཱར་དུའང་སྦས་མ་དང་།། གཡོ་ཅན་དེ་བཞིན་དགའ་དབང་ཕྱུག། གོ་ད་ཝ་རིར་པོ་ཉ་ཆེ།། ཨར་བུ་དཱ་རུ་ལུམྦྷིར་བཤད།། ཨོ་ཌི་ཡ་ན ་ཡན་ལག་མ།། ཛཱ་ལར་གྲགས་པ་རེ་དྲ་འཛིན་མ།། གཏུམ་མོའི་བུ་མོ་ཅན་གྱི་རིགས།། པུལླི་ར་མ་ལ་ཡར་གནས་ཤེས་སོ།། ལྷ་མོ་མཁར་དུའང་ཞེས་པའི་འང་ཡིག་གིས་ཕྱོགས་གཞན་དུ་ཐབས་ཀྱང་ངོ་།། ་རྡོ་རྗེ་མཁའ་འགྲོར་ཡང་། ལྷ་མོའི་མཁར་དྭེ་རྣ་ཉམས་མ།། སྟོབས་ཆེན་པོ་ཡི་རིགས་ལས་བྱུང་།། མདུང་གི་ལག་གི་ལྷ་མོ་སྟེ།། རྣལ་འབྱོར་ཀུན་དབང་ཕྱུགས་མ་མཆོག། གནས་དེར་གནས་པའི་དྲུག་མོ་ནི། ་པ་ཊེའི་ཤིང་ལ་ཡང་དག་བརྟེན།། ཞིང་སྐྲོད་ལུས་པོ་ཆེན་པོ་ནི།། སྒྱུ་ཅན་མཆོག་གི་དབང་ཕྱུག་གོ་ཞེས་སོ།། དེ་བཞིན་དྲུག་ཏུ་རྒོད་པར་གནས།། རྡུལ་བྲན་ལྷ་མོ་ཡང་དག་བུང་།། ཟླ་བའི་གདོང་ཞེས་རྣམ ་པར་གྲགས།། རྡོ་རྗེའི་མཚན་ཆ་འཛིན་པ་སྐྱེ།། ནགས་དེར་གནས་པའི་ལྷ་མོན།། ཀ་དམ་པ་ལ་རིམ་པས་བརྟིནི།། དྲིལ་བུ་ཆེན་པོ་ཞེས་གྲགས་ཏེ།། ཞིང་སྐྱོང་སྟོབས་ནི་ཆེན་པོའོ།། ཀོལྨ ་གཱི་རིར་བཀྲ་ཤིས་ཆེ།། གཙིགས་པའི་སྐྱེ་གནས་ལུང་དག་བྱུང་ཞེས་སོ།། དེ་བཞིན་དུཿརི་ཏྲ་ནི་ལག་སྐྱེས་གནས།། གཙིགས་པ་ནུས་པ་ཡང་དག་བྱུང་།། ལག་སྐྱེས་གནས་པ་བཤད་པ་ནི། ་ཕྱག་རྒྱ་ཤཱཀླི་འཆང་བ་མོ།། ཞིང་དེར་གནས་པའི་དྲིལ་བུ་ཆེ།། ཞིང་སྐྱོང་སྟོབས་ནི་ཆེན་པོའོ།། གྱེན་དུ་སྒྲ་ནི་གདེངས་ཀར་ལྡན།། གདུག་པ་ཐམས་ཅད་འཇིགས་བྱེད་པའོ་ཞེས་པའོ།། སླར་ཡང་བོད་ཀྱི་ཡུལ་དུ་ལྷན ་སྐྱེས་བཤད།། ཆུ་སྲིན་རྒྱལ་མཚན་འཛིན་པའོ་ཞེས་སོ།། ཞིང་འདི་རྣམས་ཀྱིས་བུ་མོ་གང་།། དཔའ་བོ་རྣམས་ཀྱི་དངོས་གྲུབ་སྟེར།། མཚན་མོ་འདུ་བར་འབྱེད་པ་དང་།། ཡོངས་སུ་རྒྱུ་ཞིང་རྟག་པ་རུ།། དངོས་གྲུབ་རྒྱ་ཆེན ་སྟོར་བར་བྱེད།། མཁའ་སྤྱོད་རྣམས་སུ་རྙེད་དཀའ་བའི།། ལས་རྣམས་ཐམས་ཅད་སྒྲུབ་པོ་ཡིས།། འགྲུབ་པར་འགྱུར་ཏེ་ཐེ་ཚོམ་མེད་ཅེས་ཏེ་སྒྲ་ཇི་བཞིན་པའོ།། ཕྱག་རྒྱ་དྲུག་གིས་ལྷག་པ་ཡི།། གཞན་ཡང་སྟོང་ཕྲག་ཉི་ཤུ ་གཅིག། ལུས་དང་ཡུལ་དུ་ཕོ་ཉ་རྣམས།། བརྒྱ་ཕྲག་དགུ་ཡི་རིགས་རྣམས་ནི།། དབུགས་རྣམས་གྲངས་ནི་ཇི་སྙེད་པ།། ཕོ་ཉ་མོ་རྣམས་དེ་སྙེད་བཤད།། ཉི་ཤུ་རྩ་བཞིའི་རྣལ་འབྱོར་མ།། འཁོར་ལོ་གསུམ་རིགས་བཙོ་མོའོ།། ་ཞེས་པ་འདི་རྣམས་ཀྱི་བསྡུས་པ་གསུངས་སོ།། ཉི་ཤུ་རྩ་བཞི་པོ་དེ་རྣམས་ཁོ་ན་གཟུང་སྟེ།། དྲི་རྣམས་ཀྱང་འཁོར་ལོ་གསུམ་གྱིས་བསྡུས་སོ།། གསུམ་པོ་རྣམས་ཀྱང་གཅིག་གི་གཅིག་ཀྱང་སྟེ་གཉིས་སུ་མེད་དོ་ཞེས ་གསལ་མ།། སྦས་པའི་ཡི་གེ་དག་ཀྱིལ་འཁར་དགང་ཆ་གའོ།། ། ད་ན་རྣལ་གྱུར་མཽ་གཟུགས་ཀྱིས་སྒྱུ་མ་བརྒྱད་པར་འཆད་དེ།། དཔའ་བ་མེ་ཏོག་ཆུ་ལརྒྱས་ནས།། དཔའ་ང ་གསང་སྔགས་རྗེས་དྲནྡ་བྱ།། ཕྱག་རྒྱ་ལྷན་ཅིག་སྒྲུབ་པ་པོ།། རྟག་ཏུ་འཁྲིག་པ་བྱ་བའོ།། ཞེས་པ་ལ་སོགས་པས་མེ་ཏོག་གི་རྡུལ་ཡང་ནའོ།། དགོངས་པའོ།། མཚན་མོ་ཤི་བཟའ་བྱ་ཡང་།། སྦྱང་བྱ་རྟོགས་བྱ་བདེ་བ་ཐོབ ་བརྡ་དང་འཁྲུད་པ་འམ་དེ་ནས་ནི།། རེག་དང་རྒོད་དང་རིགས་ཆེན་མོ་ཞེས་སོ།། བཟའ་བྱ་ཟ་བ་ལ་སོགས་པ་ལ་རྣམ་པ་དྲུག་སྟེ། བླ་མར་ཡང་། བཟའ་བར་བྱ་བའི་དོན་དུ་ནི།། ལན་གསུམ་མངོན་པར་བསྡོགས་ནས ་བཟའ་ཞེས།། བདེ་བ་ཐོབ་པ་ཇི་བལྟ་བ་བཞིན་དུ་འགྱུར་བར་མ་ཟད།། མི་རྒྱས་པའི་རྒྱུར་ཡང་གསལ་ལོ།། ཕྱག་རྒྱ་ལེགྣི་པར་མཐོང་ནས་བཞད།། བདེན་པས་ཚུངས་པར་སྤྱོད་པ་དང་། འདི་བཞད་སྟི་དག་ཏུ་བྱ། ་བ་བསྙེམས་པ་གྲུགས་ལྡན་མ་ཞེས་པས་སྒེག་པོའི་སེམས་དཔའ་གསུངས་སོ།། ཚངས་པར་སྤྱོད་པ་ནི་མི་འཕོ་བའི་ཚུལ་ཁྲིམས་སོ།། ལེགས་པར་བཤད་པ་ནི་འོད་ཅན་འགགས་པ་པོ་ཆུ་ཤེལ་དུ་བྱའོ།། བལྟ་བ ་བསྟིམས་པ་ནི་དགའ་བའི་བསྟན་བཅོས་སུ་ཡང་། ཀུ་མྲ་ཏྲི་ཅན་ལྷན་ཅིག་སྤྱོང་པ་མཐོང་བ་རབ་དཀྲིའ་མཛོད་སྤར་སྨིན་མ་གྲར་བྱེད་སྭ་དྲས་སྲ་ཡྲངང?། དྲེ་ཡི་རྠང་པྲ་བཀྲྀད་པ་སྱཱ་ཙིགྲ་ས་ནི་མཱཉྫ་མ་རྲ་འཇིགས་ཅིང་འཇུག ་རྣམས་དྲན་པ་སྨྲ་བར་བྱེད།། དགའ་བས་རྣམ་པར་མྱོས་པ་རྣམ་པར་བརྒྱུག་པ་དེ་དག་རྩོད་པའི་གནས་ནི་བུད་མེད་རྣམ་པར་འགྱུར་བ་ཅིག། ས་ཡི་སྦྲང་གིས་མྱོས་པ་ཕལ་ཆེར་མྱོས་པ་སྤྲོ་བྱེད ་གཟུགས་དང་དཔལ་ནི་གང་ཡིན་དེ་རྣམས་ཉོན།། ལྷ་མོ་ཇི་ལྟར་གནས་པའི་གར་དང་གླུ་དང་མཆི་མ་འཇིག་དང་རྒོད་དང་བྱུང་བ་ཟླ་བར་བྱེད་ཅེས་གཟུགས་ཀྱི་དབྱིབས་ནི་ཇི་འདྲ་བ།། སྡུག་པ་མཐོང་ནས་བྱེད་པའོ།། ་རྣམ་པ་སྣ་ཚོགས་སྡུག་པའི་ལས་ཤེས་སོ།། འདོད་པའི་བསྟན་བཅོས་སུ་ཡང་སྐྲ་ཆས་བཅིངས་པ་གྲོལ་དང་ཟླུམ་པོར་བཀོད་པའི་ཐིག་ལེ་མ་ལུས་འཆང་བ་དང་ནི་མཐའ་ཅག་ཏུ། མིག་སྨན་ནག་པོ་བྲང་ལ་གཡེར་ཁའི ་སྒྲ་ལྡན་རིན་ཆེན་གསེར་སྲུང་ཕྱུག་པར་གཅིག་དང་ངོ་ཤལ་དང་། རིམ་པར་ལེག་པ་ཆུ་དང་བཅས་པ་སྤྲས་པ་གཅིག་ཏུ་འཛིན་པའི་འདོད་པ་དེ་རྣམས་རྣམ་གཡེང་བ།། ཞེས་པ་ལ་སོགས་ཀྱང་ནི་མཐོང་ནས་ཅུང་ཟད་སྟན ་དང་འགོག་པའི་བརླ་ཡི་གོ་ས་ནི་འཕྲོག་པར་བྱེད།། མཆི་མ་འཛག་ཅེས་པ་ནི་དེ་བཞིན་དུ་སྤྱོད་པར་བྱེད་པའི་བསྟན་བཅོས་སུ།། འཇིགས་པ་མེད་ལ་གདོན་མི་ཟ་བར་དུ་སྟེ་འཇིགས་པ་རྒྱས་མི་བྱེད།། ཁྲོས་ཀྱང ་གར་བྱེད་འཇུག་ཅིང་དེ་ཡི་སྐད་ཅིག་ཉིད་ལ་རྒོད།། དོ་ཤལ་འཆང་བའི་སྟོབས་མེད་མ་ནི་ཅིར་འགྱུར་ཞེས་ཀྱང་གྲག། ཀྱེ་མ་བསོད་ནམས་ལྡན་པའི་མཐར་གནས་མ་ནི་རྣམ་པར་དཔྱོད་པར་བྱེད། སྒྲ་ཇི་བཞིན་པའོ།། ་རྡོ་རྗེ་མི་འགོམ་གཅེར་བུ་དང་།། ལག་པ་གཡོན་བྱས་མཆོད་པར་འབྱེད།། དབུགས་འབྱིན་བུམ་པ་ཅན་དང་དགོད་།། དེ་བཞིན་ངོ་མཚར་གྱུར་རྣམས་ཀྱིས་ཤེས་ཏེ།། མི་འགོམ་པ་ནི་རང་ཉིད་ཁོ་ནས་འཁྱུད་པར་བྱེད ་བྱའོ།། དགཱ་བཱི་བསྟན་བཅོས་སུ་ཡང་ཀུན་ནས་འགྲོགས་པས་རང་ཉིད་འོ་བྱེད་བྱ་བ་དང་ནི་ཚིག་ཤེས་རབ་བྲལ་བས་འཁྱུད་པ་དང་། ལམ་གྱི་མཐར་ནི་རྐང་པ་ཡིས་ཀྱང་ལམ་དུ་འདོད་པའི་རྣམ་གྲངས་དང་ནི་པུས་མོ་ནི།། ་ཁྲོས་པས་གཡོ་ཞིང་ཉུག་པར་བྱེད་པའི་རྗེས་སུ་འགྲོ་བའི་བུད་མེད་དྲན་པས་བརྩེ་བ་ཡིས།། འཕེལ་བ་ལ་གནས་མངོན་པར་དགའ་བའི་སྙིང་གིས་རོལ་པའི་སྟོབས་ཀྱིས་འཇུག་པར་བྱེད་ཤེས་སོ།། དབུགས་འབྱིན ་གྱིས་ནི་རིང་དུ་དབུགས་འབྱིན་པས་སོ།། གར་གྱིས་ནི་གར་རྣམས་ཀྱིས་ཏེ་གསང་བའི་ནོར་བུ་ཐིག་ལེའི་རྒྱུན་ལ་དེའི་གར་གྱིས་མཉེས་པར་བྱའོ།། དེ་ཉིད་ཐམས་ཅད་རོ་གཅིག་དེས་སྔགས་པས་བཀུགོ་ནས ་བརླ་ཟུང་གི་བར་དུ་གནས་པར་བྱའོ་ཞེས་སོ།། ངོ་མཚར་ནི་ཡ་ཚན་དང་བཅས་པའི་རྣམ་པ་ཤིན་ཏུ་དགའ་བོ་རྣམས་ཀྱིས་སྒྱུ་ཡང་བྱེད་དེ་རྡོ་རྗེ་བདུད་རྩིའི་རྒྱུད་དུ་ཡང་། དེ་ནས་མཉེས་པའི་ལྷ་མོ་ཆེ།། པདྨ ་རྒྱས་པའི་མཱ་མ་ཀཱི། དམ་དུ་འཁྱུད་པ་བྱས་ནས་ནི།། དབང་པོ་ཀུན་ལ་འོ་བྱའོ།། མ་མཆུ་དང་པོས་འོ་བྱས་ནས།། ཤིང་ཡིག་གདོན་པར་བྱ་ལའོ།། ཞེས་པ་སྒྲ་ཇི་བཞིན་པའོ།། ཧ་ཧཱ་ཧི་ལ་སོགས་པ་བཞད ་པ་རྣམ་པ་བརྒྱད་རྣལ་འབྱོར་པའི་སྤྱོད་པ་མཆོག་ཏུ་དགའ་བ་རྡོ་རྗེ་ཕོ་ཉ་མོ་རྣམས་ཐམས་ཅད་ཀྱི་མཚན་ཉིད་དག་ཏུ་འགྱུར་རོ་ཞེས་པ་རྣལ་འབྱོར་གྱི་སྤྱོད་པ་གསུངས་པ་ཤིན་ཏུ་དགའ་ལ་མི་མོའི་སྤྱོད་པ ་སྔགས་དང་བསམ་གཏན་ལ་སོགས་པ་ཅན་ཉིད་ཀྱིས་མཆོག་ཏུ་དགའ་བར་འགྱུར་རོ།། དེའི་ཕྱིར་རྣལ་འབྱོར་མ་རྣམས་མཉེས་པའི་ཆེད་དུ་འདོད་པའི་བསྟན་བཅོས་ཤེས་པར་བྱའོ་གསུངས་པ་ཡང་།། དཔའ་བོ་རྣམས ་ཀྱིས་སླར་ཡར་སྤུ་ལྡང་བ་ལ་སོགས་པ་ནི་ལྷན་ཅིག་སྐྱེས་པ་ཅན་ཡན་གྱི་གཞན་མ་ཡིན་ནོ་ཞེས་སོ།། དཔལ་ཧེ་རུ་ཀ་མངོན་པར་བརྗོད་པར་གསུངས་པ། གཙོ་མོ་རྣམས་དང་དཔའ་བོ་ནི།། སྤུ་ལྡང་ལྡན་ཅིག་སྐྱེས་བདེ ་གང་། རྡོ་རྗེ་འགོམྦི་པར་མི་བྱའོ།། གཡོན་པས་ཡོངས་སུ་བརྟགས་པ་ཡ་ནཱི་ཞེས་སོ།། ད་ནི་མྱོས་བྱེད་འབྱུང་བ་བརྗོད་པར་བྱ་སྟེ། རྒྱུད་དུ་གསུངས་པས་བྱུང་ཆུབ་ཀྱི་སེམས་དཀར་པོའི་ཕྱོགས་ལ་གེ་ཡོན་པའི་མ ་བོས་ནས་ཚྭས་གཅིག་ལཱ་སོགས་པའི་དབྱེ་བས་གཙུག་ཏོར་དུ་འགྲོའོ།། འདི་ལྟ་སྟེ་དང་པོའི་ཚེས་ལ་དང་པོའི་སོར་མོའི་ཚིགས་ལའོ།། དེ་བཞིན་དུ་གཉིས་པ་དང་གསུམ་པ་ལའོ།། རྐང་པའི་ཚིགས་དང་པུས་མོ་དང་། རྐེང་པ ་དང་ལག་པའི་སོར་མོའི་ཚོགས་དང་པོ་དང་། ཚིགས་བར་མ་དང་། གསུམ་པའི་ཚིགས་དང་། ལག་པའི་ཚིགས་དང་། དཔུང་པའི་ཚིག་དང་། ཕྲག་པ་དང་དཔུང་པའི་ཚོགས་དང་། སྙིང་ག་དང་། མགྲིན་པ་དང་དཔྲལ ་བ་དང་། གཙུག་ཏོར་དུ་གཉིས་པ་ལ་སོགས་པ་རྣམས་སོང་ནས་སླར་ཡང་ནག་པོ་ལ་དཔྲལ་བ་དང་མགྲིན་པ་ལ་སོགས་པར་ཆེས་གཅིག་ལ་སོགས་པར་འགྲོའོ།། དེ་ལ་ཆ་རྣམས་ཀྱི་དམར་པོར་སྣང་བ་ཉིད་བསྒོམ་པར ་བྱའོ།། མདུན་པར་བརྗོད་པ་བླ་མར་ཡང་གསུངས་པ།། ཨོཾ་ཤྲཱི་ཧྭེ་རུ་ཀྲཱ་ཡ་པདྨའི་ཧེ་བངྒི་རཱ་ཛཱ་ཡི་དྷི་མ་ཧེ་ཏ་ཏོ་བི་རཿཔྲ་ཙོད་ཡཱ་ཨཿཧཱུཾ། མི་སྨྲ་བར་ནི་རྟག་ཏུ་བསྒོམ།། དབྱངས་སྐྱོང་མཆོག་ནི་བཟླས་པར་བྱ་ཞེས ་ཏོསྒྲ་ཇི་བཞིན་པའོ།། རྣལ་འབྱོར་མའི་བཞད་པ་དང་གཟུགས་ཀྱི་སྒྱུ་མིའི་ཆོ་གིའོ།། །། དེ་ནས་ལྟ་བ་བཤིད་བྱ་སྟེ།། སྒྲུབ་པོ་གང་ཞིང་ཕོ་ཉ་མོའི།། གནས་ཀྱི་དབྱེ་བའི་ཆོ་ག་ཤེས ་ནས་སྒོམ་པ་རྟག་ཏུ་མངོན་དགོའ་བ་ཞེས་པ་ལ་སོགས་པས་ལྟ་བ་གསུངས་སོ།། གནས་ཀྱི་དབྱེ་བའི་ཆོ་ག་ནི་དཔའ་བོ་དང་དཔའ་མོ་དག་གིས་རི་བོ་ལ་སོགས་པའི་གནས་ཏེ་དྲང་བའི་དོན་ནོ།། མགོ་བོ་ལ ་སྩོགས་པ་རྣམས་སུ་པུཾ་ཡིག་ལ་སོགས་པ་རྣམས་དགོད་པར་བྱའོ།། དེ་བཞིན་དུ་བླ་མར་ཡང་།། པུ་ཛཱི་ཨོ་ཨ་གོ་རཱ་དེ་མཱ་ཀཱ་ཨོ་ཏྲི་ཀཻ་ཀཱ་ལ་ཀཱ་ཧི་པྲེ་གྲི་སཾ་སུ་ནུ་སི་མ་ཀུ། ཞེས་སོ།། བརྡ་ལ་སོགས་པ་ཡང ་ཤེས་ནས་སྡིགས་དང་བསམ་གཏན་ལ་སོགས་པ་བྱའོ།། སྒྲ་ཇི་བཞིན་པའོ།། ལམ་གྲོ་བཞི་མདོ་འམ་ཁྱིམ་དུ་ཡང་། དཔའ་བོ་གནས་པའི་རི་བོར་ཡང་།། མཁའ་འགྲོ་དམ་ཚིག་ལ་གནས་ལ།། རིང་པོ་ནས་ཀྱང ་གཟིགས་པར་འགྱུར་ཞེས་པ་སྒྲུབ་པ་དེ་ཁོ་ན་སྔོན་དུ་བྱེད་པ་ཉིད་དོ།། སྒྲ་ཇི་བཞིན་པའོ།། མཚན་མོ་སྐྲ་གྲོལ་གྱུར་ནས་ནི།། མཆོད་པའི་ལས་རྣམས་ཡང་དག་བརྩམ།། མཆོགཞན ་རབ་ཏུ་བཅུག་པ་འམ།། ཕྱོགས་བཅིང་བ་ལ་སོགས་པ་ཉིད།། ལྷ་དང་ལྷ་ཡི་ཚིགས་ཀྱིས་ཀྱང་།། མ་མཐོང་བར་ཡང་མཆོད་པར་གྱིས་ཤེས་པས་རྡོ་རྗེའི་མཆོད་པ་གསུངས་ཏེ། རབ་ཏུ་བཅུགས་ནས་ནི་བཀུག་ནས་སོ།། ་གཞན་ནི་བརྒྱན་ལ་སོགས་པ་ཅན་ནོ།། སྐྱེ་བོ་དང་བྲལ་བར་ཕྱོགས་བཅིང་པ་ལ་སོགས་པས་གནས་ལ་སོགས་པ་བསྲུང་པ་བྱས་ནས་བུད་མེད་མྱོས་པ་དང་ལྷན་ཅིག་ཉེ་བར་སྤྱོད་པ་ལྔ་ལ་སོགས་པ་ཉིད་ཀྱིས་མཆོད་པ ་བྱས་ནས་དེའི་ཆུ་སྐྱེས་སུ་རྡོ་རྗེ་རབ་ཏུ་གཞུག། ཀྱང་གི་སྒྲ་ལས་མི་ལ་སོགས་པ་རྣམས་ཀྱིས་ཏེ་བྲམ་ཟེ་ལ་སོགས་པ་རྣམས་དང་ཉན་ཐོས་ལ་སོགས་པ་རྣམས་ཀྱིས་མཐོང་བར་བྱ་བ་མེ་ཡིན་ནོ།། རང་གི་སྒྲ་ལས་མཐོང ་ཡང་ཁ་ན་མ་ཐོ་བ་མེད་པ་རྣམས་ནི་ཡོན་ཏན་གཞལ་དུ་མེད་པ་དང་ལྡན་པ་ཕྱག་རྒྱ་ཆེན་པོ་གྲུབ་པའོ།། གསུངས་པ་ཡང་། གང་ཁྱོད་ཉེས་མེད་ལུས་རྣམས་ཀུན།། ཁ་ན་མ་ཐོ་མེད་པས་གཟིགས།། ཤེས་རབ་ཕ་རོལ་ཕྱིན ་པ་ཁྱོད།། རྣམ་པར་མི་རྟོག་ཁྱོད་ལ་འདྲང་།། དེ་བཞིན་གཟུགས་མེད་གཟུགས་དང་ལྡན་པའི་མཆོག། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ།། གཟུགས་བརྩོན ་མཱ་ལུས་འཆང་བ་པོ་ཞེས་སོ།། མཆོད་པར་གྱིས་ཤེས་པ་ནི་དོན་དམ་པའི་བདེན་པས་ཕྱག་རྒྱ་མ་དང་འགྲོགས་པས་ཟུང་འཇུག་སྒོམ་པར་བྱེད་པའོ།། དེ་ནས་ཉི་ཤུ་རྩ་ལྷག་པའི་བརྒྱ་ཕྲག་བཅུ་གཅིག་གི་ཉི་མ་རྣམས་ཀྱིས་དྲི་མ ་མེད་པ་ཉིད་དུ་འགྱུར་རོ་ཞེས་པ་ངེས་པའོ།། དགོངས་པ།། ། རྩ་བའི་སྔགས་དང་ཡང་ན་གཞན་ཡང་སྔགས་པས་གྲུབ་པར་འགྱུར་རོ།། གང་ཚེ་མེ་ཏོག་སྙིམ་པ་བཀང་།། མཁའ་འགྲོ་མ་ཏོར་མ་མ་མཐོང་ན་ཞེས་པ་ལ ་སོགས་པ་རྩ་བའི་སྔགས་ལ་སོགས་པ་གསུངས་ཏེ། མེ་ཏོག་ཅིག་ས་ལ་ལྷུང་བ་དེའི་ཚེ་ཕོ་ཉ་མ་རྣམས་འགྲུབ་པར་བྱེད་དེ་དག་གི་དབང་ཕྱུག་དུང་དག་གི་དབང་ཕྱུག་གི་མ་མོ་རྣམས་འགུགས་པར་བྱེད་པ་སྟེ་དབང་དུ་བྱེད་པར ་འགྱུར་རོ།། ལྷ་ལ་སོགས་པའི་གནས་མཐའ་ཡས་པ་ལ་གནས་ཤྲེསོ།། འདིར་སྔགས་ནི་བཤད་པའི་རྒྱུད་ལུས་གསུངས་པ་ཡ།། དེ་བཞིན་དུ་ཡང་གསུངས་པ། ཨོཾ་ཧེ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཞེས་སོ།། ཡང་ནཱ་ཨཾ་ཧཱུཾ ་ལ་ཛྭ་ལེ་བྷྱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ཕྱག་གཉིས་པའོ།། ཨོཾ་ཤྲཱི་ཧེ་ར་ཀྵ་ཎྱཾ་ཧཱུཾ་ཕཊེ་སྭཱཧཱ།། ཞེས་པ་ཕྱུག་བཞི་པའིའོ།། བཛྲཱཾ་ཝཱ་ར་ཧཱུཾ་ཧུ~ཾ་ཧཱུཾ་ཕཊ་སྭེ་ཧ་ཞེས་སོ།། སྐར་མིའི་རྒྱུ་བ་ཤེས་པར་འགྱུར།། ས་འོག་སྟེགས ་སུ་གང་འགྱུར་དང་།། སྙིང་པོ་ཉེ་སྙིང་གང་ཡིན་ནི།། བསྒྲུབ་བྱ་དེ་ནི་མོ་མཐོང་།། ཞེས་ཏེ། རྒྱུ་བ་རྣལ་འབྱོར་མ་རྣམས་ཀྱི་ཤེས་པར་བྱེད་མྱི་མཐོང་སྟེ། རྣལ་འབྱོར་པ་དེ་ན་མཁའ་ལ་འགྲོ་བའི་ཕྱིར་རོ།། མེའི་གོང་བྱ ་བཞིན་དུ་ན་མཁའ་ལ་མི་སྣང་བར་བྱེད་དོ།། སྒྲ་ཇི་བཞིན་པའོ།། གྲོང་དང་གྲོང་དུ་དེ་བཞིན་དགོན།། གྲོང་ཁྱེར་དང་ནི་བཞི་མདོ་དང་།། དཔའ་བོའི་ཁྱིམ་དང་ཤིང་གཅིག་དང་།། རེ་རྩེ་དང་ནི་མཚན་མནྟྲ་རྨྱངས ་ཤིང་རྩེརུ་ཁ་དོག་དམར་བསམས་ནས།། ཡི་གེ་བདུན་གྱི་བདོག་ཉིད་ཅན།། མི་ཕྱེད་མྱུར་དུ་ལྟུང་བར་འགྱུར།། ས་སྦྱོང་རྣམས་ཀྱང་ལྟུང་བར་འགྱུར།། བདག་གི་ལུས་ལ་རྣམས་བཀོད་དེ།། ས་ལ་ཀུ་ཤིའི་སྟན་ལ་ཉལ།། ཡི་གེ ་བདུན་གྱི་བདག་ཉིད་ཅན།། སྲིད་བརྒྱ་རྩ་བརྒྱད་པས་བཟླས།། རྨི་ལམ་དུ་ནི་བྱ་བ་ཀུན།། སྟོན་པར་འགྱུར་ཏེ་ཐེ་ཚོམ་མེད་ཅེས་བྱ་བ་ནི།། རྣལ་འབྱོར་མ་རྣམས་ཨོཾ་ཧྲཱིཿཞེས་བྱ་བ་ལ་སོགས་པས་འཁོར་ལོ་བསྒོམ་པ་དང་བཟླས ་པས་ཐམ་ཅད་བྱེད་དོ།། སྒྲ་ཇི་བཞིན་པའོ།། བུ་མོའི་ལུས་ཀྱིས་ཚོགས་སྔགས་ཀྱིས་བགྲང་ཕྲེང་ལ་མངོན་པར་བསྔགས་པར་བྱའོ།། རལ་གྲི་དང་མར་མེ་དང་མཐེ་བོང་དང་། མེ་ལོངས་ལ་བལྟས་པས་པྲ་ཕབ་པ་མཐོང་སྟེ་དགེ་བ་དང་མི ་དགེ་བ་གང་ཅུང་ཟད་ཡོད་པ་འདིར་སྟོན་པར་བྱེད་དོ་ཞེས་པས་རྡོ་རྗེའི་སྐར་མ་འམ་སྣང་བ་གསུངས་སོ།། དཔལ་གྱིའི་རྡོ་རྗེ་ལ་སོགས་པར་གསུངས་པའི་ཆོ་གས་ཤེས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ།། དེ་ནས་ཡི་གེ་བདུན་པའི ་སྔགས།། རྣམ་བཀོད་འཁོར་ལོའི་དབྱེ་བ་ལས།། ལག་གཡས་ཉི་མའི་དབུས་སུ་ནི།། སྟོང་ཕྲག་གཅིག་ཏུ་མངོན་བསྔགས་ནས།། གང་གིས་ལག་པ་སྟོན་བྱེད་པ།། དེ་ནི་ངེས་པར་འགུགས་པར་བྱེད།། འཁོར་ལོ་ཟླ ་བའི་དཀྱིལ་འཁོར་དུ།། རྣམ་བཀོད་ལག་པ་ལས། གཡོན་པས་པ།། ཤཱུལ་གྱི་རྣམ་པའི་འོད་ཟེར་གྱིས།། ཕྱུགས་བསྒྱུ་རྣམ་པར་འབྲེང་བར་བྱེད་ནུས་པ་ནི་འབྱུང་བ་ལ་སོགས་པ་འབྲོས་པར་བྱེད་པན།། སྱཱ་ཛཱ་བཱཤཱནཱ་པའོ།། ག་ག ་ལག་པ་སྟོན་པར་བྱེད་པ་དེ་ནས་ལ་སོགས་པས་གཟིར་བ་དེ་རྣམས་ཀྱི་ནང་ཐམས་ཅད་ལས་གྲོལ་བར་འགྱུར་ཏེ་ཐེ་ཚོམ་མེད་དོ།། དུག་དང་གདོན་དང་རིམ་དང་གཟེར་དང་མཛེལ་སོགས་པ་ཡང་འཇོམས་པར་བྱེད་དོ།། ཞེས་པ་སྒྲ ་ཇི་བཞིན་པའོ།། བཱ་ལང་ཤིན་མངར་གསུམ་བཏགས།། གལ་ཏེ་སྔགས་རིག་གཅེར་བུ་གང་།། མཚན་མོ་གསང་བ་རུ་ནི་གནས།། སྟོང་ཕྲག་བརྒྱད་དུ་སྦྱིན་སྲེང་བྱ།། སྔགས་པས་ནང་པར་དུས་སུ་ནི།། གསེར་སྲང ་ནི་རྙེད་པར་འགྱུར།། སྦྱིན་སྲེག་སྟོང་ཕྲག་བཅུ་རྣམས་ཀྱིས།། ཡུལ་འཁོར་དམ་པ་རྙེད་པར་འགྱུར་ཞེས་པས་སྦྱིན་སྐྱེག་གསུངས་སོ།། མང་རིགསུམ་ནི་སྱཱ་ནྟི་དང་འོ་བློ་ང་ཀཱ་རེའི།། སྒྲ་ཇི་བཞིན་པའི།། ཡང་ན་གསང་སྔགས ་རྒྱལ་པོ་ཆེ།། གནས་ནི་གང་དཔེསམ་པར་བྱ།། སྦྱིན་སྲེག་འབུམ་གྱི་གནས་དེ་།། རྒྱལ་སྲིད་འགྱུར་བཱི་ཋི་ཙྪོམ་ཅེས་པ་སྒྲ་ཇི་བཞོན་པའོ།། དཀར་པོ་ཡིས་ནི་ཞི་བར་བྱེད།། དམར་པོས་དང་དྨ་དུ་འགྱུར་བར་བྱེད་།། ནས ་པོས་མྱུར་དུ་གསོད་པར་བྱེད།། སེར་པོས་ངེས་པར་གནོན་པར་བྱེད་།། ཅེས་པ་ཁ་དོག་གསུངས་ཏེ་སྒྲ་ཇི་བཞིན་པའོ།། ལག་པ་གཡོན་དང་གཡས་པ་ལ།། ཟླ་ཉི་མོར་པ་ཅན་དང་མ།། སྤྱི་བོར་བ་ཅིངས་པོ་མཐོང་བ་དང ་བྱེད་པར་འགྱུར་ཏེ་གཞན་དུ་མིན།། ཇི་སྲིད་ཁུ་ཚུར་མ་བཀྲོལ་བ།། མཚོན་ཆ་མྱུར་དུ་གནོན་པར་བྱེད།། གྲུ་དང་ཤིང་རྟ་འཁྲུལ་འཁོར་དང་།། དུད་འགྲོ་ལ་སོགས་པ་ཡི་གཞི་ཞེས་ཏེ། གཡས་པ ་ལ་ནི་ལག་པ་གཡས་པ། ཁུ་ཚུར་བཅིངས་ནས་སྔགས་བཟླས་པས་མི་ལ་སོགས་པའི་འཁྲུལ་འཁོར་ལ་སོགས་པ་གནོན་པར་འགྱུར་རོ།། སྒྲ་ཇི་བཞིན་པའོ།། ཡང་ན་བྱ་བ་ཐམས་ཅད་ནི།། སྒྲུབ་པར་གྱུར་པ་བསྒྲུབ་པར་བྱ།། ་དྲི་བཟངས་མེ་ཏོག་འབྲས་བུ་དང་། བདུག་པ་སོ་ཎྜི་བཟང་པོའི་ཟས།། ཞེས་པ་ནི་གསལ་ལོ།། ལུས་ཀྱི་སྦྱོར་བ་དང་པོར་འགྱུར།། སྦྱོར་བ་གཉིས་པ་ནུས་པ་སྟེ།། གསུམ་པ་རྒྱས་སྲིད་ལོངས་སྤྱོད་ཉིད།། བིན་པ་མཐོ ་རིས་གནས་པ་ཡིན།། སུམ་བཅུ་རྩ་དྲུག་ཕོ་ཉ་མོ།། དེ་འགྲུབ་འདིར་ནི་ཐེ་ཚོམ་མེད།། ཁམས་གསུམ་རྒྱུ་དང་མི་རྒྱུ་བཅས།། དེ་མྱོང་འདེབས་རྗེས་འཛིན་བྱེད་པ་ཡིན།། ཞེས་པ་ཕན་ཡོན་ཏེ།། འདིར་སྔགས་པའི་ལུས ་ཀྱི་ལོངས་སྤྱོད་ནི་ལུས་མཛེས་པར་འགྱུར་རོ།། བསམ་གཏན་གྲུབ་པ་ལ་ནུས་པ་ཞེས་སོ།། ངག་གི་འཇལ་བ་རྒྱལ་སྲིད་ཅེས་ཏེ་ཡིད་ལ་མངོན་པར་འདོད་པའོ།། བཞི་པ་ནི་བུད་མེད་བཟུང་མོའི་བདེ་བའོ།། སྒྲ་ཇི་བཞིན་པའོ།། ། ་ཡང་ན་རྣལ་འབྱོར་མ་དྲུག་སྔགས།། འཁོར་ལོ་ལག་པ་གཡོན་པར་གནས།། གང་གིས་ལག་པ་དེ་བསྟན་པ།། དེ་ནི་ངེས་པར་འགུགས་པར་བྱེད།། འཁོར་ལོའི་ཡི་གེ་ལ་སོགས་ནི་དམར་པོར་གསལོ།། ཙན་དམ་དམར ་པོའི་རྡུལ་དང་ནི།། དེ་བཞིན་སྐྱེ་ཚེ་ལན་ཚྭ་དང་།། བསྒྲུབ་པར་བྱ་བའི་རྐང་རྗེས་རྡུལ།། གཅིག་ཏུ་བྱས་ནས་གཏག་པར་བྱ།། རྣལ་འབྱོར་མ་རྣམས་སྔགས་དང་ནི།། ལག་པས་མཉེ་བ་བྱས་ནས་ནི།། དེ་ནས་མཚན་མོ ་གདོལ་པའི་མེར།། རོ་བསྲོགས་མེ་ལ་ཕྱེ་མ་བསྲེགས།། བསྒྲུབ་བྱར་མངོན་ཕྱོགས་གྱུར་ནས་ནི།། སྦྱོར་བ་འདི་ནི་བརྩམ་པར་བྱ།། ཇི་སྲིད་ཅིར་བརྒྱར་སྦྱིན་སྲེག་བྱ།། དེ་སྲིད་ངེས་པོར་འགུགས་པར་བྱེད་ཅེས་པ་སྔགས ་བརྗོད་པས་བསྒྲུབ་བྱ་ཆ་ཤིང་རྨུགས་པར་གྱུར་པ་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པ་ཕྱག་གི་ཞིབས་པ་དང་ལྕགས་ཀྱུ་དོང་ལྷ་རྣམས་ཀྱི་འོད་ཟེར་གྱིས་སྐང་ཕུག་ནས། དེ་ནས་བུད་མེད་དེའི་སྐྱེ་གནས་ལྕགས་ཀྱུས ་ཕུག་ནས་ཞགས་པོས་མགྲིན་པ་བཅིངས་ནས་གཙོར་བུར་མངོན་དུ་ཕྱོགས་ནས་ཞབས་ཀྱི་འོག་ཏུ་ལྷུང་བར་གྱུར་པར་བསམ་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ།། ས་ཡི་མགོན་པོ་བདག་ཉིད་དང་།། ནོར་ཡང་དབང་དུ་འགྱུར ་བ་ཡིན།། རྡུལ་དེ་ཉིད་ནི་ཡང་དག་བླང་།། ལྕགས་ཀྱི་ཕྱེ་མ་རྣམ་པོར་བསྒྲེ། དུར་ཁྲོས་རས་མས་གཏུམས་ནས་ནི།། ལན་བདུན་བཟླས་ཏེ་བཞི་མདོར་རུ། སོར་མོ་བརྒྱད་དུ་ས་རྒོད་ནས།། དགྲ་ཡི་མིང་དང་ཡང་ངག་ལྡན།། ་གང་གི་མིང་སྨོས་སྦས་པ་དེ།། མྱུར་དུ་བསྒྲུབ་བྱ་དེ་གནོན་གྱུར།། པ་ཡི་འོ་མས་གྲོལ་དོན་དུ།། དེ་ནས་ཕྱི་མ་དེ་བཀྲུ་བྱ་ཞེས་ཏེ།། དེ་ཞེས་པ་བསྒྲུབ་བྱའི་རྐང་རྗེས་ཀྱིའོ།། དེ་ལ་གནས་པའི་ཡང་ནའོ།། སྒྲ་ཛ ་བཞིན་པའོ།། ཕྱེ་མ་དེ་ཉིད་བླངས་ནས་ནི།། སྨྱོ་བྱེད་ལྔ་དང་ཡང་དག་ལྡན།། ཡི་དགས་གོས་སུ་དེ་གཏུམས་ནས།། དགྲ་ཡི་མིང་ཡང་ཀུན་ཏུ་བྲི།། གཅིག་ཏུ་བྱས་ནས་བརྒྱར་བཟླས་ཏེ།། དཱུར་ཁྲོད་ནི ་དེ་སྠ་བྱ།། བསྒྲུབ་བྱ་འཕྲལ་དུ་སྐྱོ་བར་འགྱུར།། འོ་མས་བཀྲུས་ན་བདེ་བའོ།། ཞེས་ཏེ་རང་གི་གེནས་སུ་འགྱུར་པའོ།། ལྔ་ཞེས་པ་ད་དུ་ར་ཡི་རྩ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའོ།། ཡི་དགས་ནི་ཤི་བའོ།། ་སྒྲ་ཇི་བཞིན་པའོ།། ཟླ་མཚོན་དང་ལྡན་པའི་ཁྲག་གིས་གྲྀ་ག་ལ་མ་ཀུན་དུ་བྲི་བར་བྱའོ།། སུམ་མདོར་བཟླས་པ་བྱིས་ཏེ་མཐེ་བོས་མནན་ན། དབང་དུ་འགྱུར་རོ།། རང་ཞེས་པ་མིང་མེད་མཐེ་བྲོས་མནན་པའོ།། ་རྐང་པ་མནན་པར་བྱས་ནས་མི་མེད་ཀྱིས་བཟླས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ།། །། དེ་ནས་ལས་མཆོག་བཤད་པར་བྱ།། ངག་གི་དངོས་གྲུབ་རབ་བསྒྲུབ་པའོ།། ཀ་ར་བི་རཱིའི་མེ་ཏོག་དམར ་བ་ཡི་འོ་མར་ལྡན་པས་ཀྱང་།། ཉིན་ཞག་སོ་སོར་བསྔགས་བཟླས་པས།། ཞི་བའི་ལང་གའི་སྤྱི་བོར་བསྣུན།། ཉི་མ་བདུན་དུ་མཉམ་གཞག་པས།། བརྒྱ་རྩ་བརྒྱད་པོ་ཉིད་ཀྱིས།། དེ་ནས་ཉི་མ་བརྒྱད་པ་ལ།། མེ ་ཏོག་དེ་རྣམས་བླངས་ནས་སུ།། ཆུ་ཀླུང་ཆེན་པོའི་ཆུར་ཞུགས་ནས།། དེ་དག་རེ་རེ་དོར་བར་བྱ།། མཐིར་གྱིས་ཀྱང་ནི་ཐམས་ཅད་རྣམས།། གསང་སྔགས་བཟླས་ནས་དོར་བར་བྱ།། ཆུ་ཀླུང་དོར་བའི་མེ་ཏོག ་རྨྨཱམྦྷ་ལས་ལགན་སྒྲུབ་བས།། ལྡན་པ་བྱུང་།། ས་སྨྲ་ག་ཟླས་ན།། སྒྱུ་བྱུག་ཀཱ་ནཱ།། ད་ས་ནམ་སས་།། ལགྶ་སྨྲས་དངས། ་ཕྱུག་ངྒས། དྷཱ་རྒྱུད་དུ་བནས་ར་ན།། སྒྱོགྶ་བ་མྦུ་མདུན་ཕྱོགས་། བྷྱསམྦྷ་།། ནས།། ནས་པ།། རྒྱུག་སརླུང་བྷྲི་། དྡྷཿ ་གྱིས་རྒྱལ་བ་སྔགས།། བྱཱཎྜི་ཧྲཱིན་སོགས་རྣམས་ངེས་པོ་དྨ་འགྲོགས། ས་ནྡྲ།། འོ།། ཙན་མི་ས་འི་ས་ནོ།། བསྐྱབ་པ་བྷཱ་བའི་གཟུགས་བྱས་ནས།། ཆོ་བ་སུམ་གྱི ་རྣམ་པར་བླུགས།། སྒྲ་ཚོལ་ནི་རབ་བྱུག་བྱ།། སྒྲུབ་པོས་དེ་ཡིས་གྷསང་གནས་སུ།། ཧཱུ~ཾ་སྒྱུ་མའི་ཁྱཱན་གྱིས་ངྒེ་ངགནས།། སྣང་སྟེ་མ་ག་མྦྷི་དུ་མེད་ལ། མྦྷ་བདུས་ངེས་པར་གོ་ངྒ།། སྐྱུགས་སྐྱེས་ལན་ཅིག ་བཟླས་པ་ཡི་སྟྭ~ཾ།། བབྷཱུ་བྷཱུ་མྦྷ་ང་འཟིགས་པ་བྱུད་།། བསྲེ་བྱའི་མང་ནི་སྔགས་སྩལ་བ།། གི་ལྟུང་མ་སན་གྱི་ཡིས།། གློ་གའི་འདིབ་མ་ལ་བྲྀགྷྲ~ཾ། རྒྱལ་པོའི་གནས་ང་རྗེ་ཏི་བཅསོ།། ཚོལ་གྱིས་ནི་འད་། ་སེང་ལྡེང་མ་ཡིས་གདུང་པོ་། ཇི་སྲིད་སྒྲ་ཚིགས་དུ་།། ངོ་སྲོང་བར་དུ་གདུང་བྱ།། རྒྱལ་པོངས་པར་མྱུར་དུ་འགུགས།། བསྒྲུབ་པ་བའི་ནང་རྗེས་རྡུལ།། ཅེན་ནང་མ་པ་དང་བསྲེས་པ།། ཅོས ་བ་དང་ལྷག་མ།། གཅིག་ཏུ་བྱས་ནས་སྒྲུབ་པོས་ནི།། སེང་ལྡེང་མདག་མེ་དུ་མེད་ལ།། རྡུལ་དེ་ལག་པ་གཉིས་ཀྱིས་ནི།། མཉེས་ནས་དེ་ནས་སྦྱིན་སྲེག་བྱ། ཇི་སྲིད་དུ་ནི་བསྲེགས་པས་འགྲུབ།། བརྒྱལ ་ཞིང་སེམས་དང་བྲལ་བ་དང་།། རྣམ་པར་རྨོངས་ཤིང་ཉོན་མོདྲོས་པས།། ཕྱུགས་དང་དེ་བཞིན་ཕོ་ཉ་མོ།། རླུང་གྲི་ཤུགས་ཀྱིས་འོང་བར་འགྱུར།། ཀ་རཱ་བཱི་རའི་ལྷ་ག་མ་ནི།། རླན་བཅས་དཔུང་པའི་ཚད་ཙམ་ནི།། བླངས་ནས། ་དེ་ལ་སྔགས་བྲིས་ཏེ།། རོ་བསྲེགས་མེ་རུ་དེ་གཞུག་བྱ།། ཇི་སྲིད་དེ་ནི་མ་ཚིག་པ།། དེ་ནས་མྱུར་བས་བླང་ནས་ནི།། རིགས་པས་ལན་བདུན་བཟླས་བྱས་ནས།། བསྒྲུབ་བྱའི་མིང་ནས་དེ་སྐོར་བྱ།། བུད་མེད་མཆོག་གང ་རྗེས་དྲན་ནས།། རླུང་གི་ཤུགས་ཀྱིས་དེ་འགུགས་བྱེང་།། གཡོན་གྱི་འཇུག་པས་དེ་སླར་ཡང་། བསྐོར་བས་ཞི་བར་བྱེད་པ་ཡིན།། ཀ་ར་བཱི་ར་མར་མེ་ཏོག། རྒྱལ་ལ་གི་ཝང་གོས་བྱུགས་ཏེ།། ཆུ་ཀླུང་ཆེན་པོར་ཞུགས་ནས་ནི།། ་ལྟེ་བ་ཙམ་དུ་ཆུ་རུ་གནས།། ལག་པ་ཁ་སྦྱོར་དབུས་གནས་པ།། དེ་ནས་སྟོང་ཕྲག་གཅིག་ཏུ་བཟླས།། ལག་པ་གཉིས་ཀྱིས་ཕྱེ་མར་བརླགས།། ཆུ་ཡི་ལྷན་ཅིག་བཏུད་པར་བྱ།། རྣལ་འབྱོར་པ་ནི་ཚིག་གྲུབ་པ།། དེ་ནས་དེ་ཡི་དངོས ་གྲུབ་འགྱུར།། རྒྱལ་པོ་རྒྱལ་པོའི་བཙོན་མོ་ཡང་།། ཡིད་ཀྱི་ངེས་པར་འགུགས་པར་འགྱུར།། ལྷ་དང་ལྷ་མིན་མིར་བཅས་རྣམས།། ཁྲོས་པའི་ཚིག་གིས་བསོད་པར་བྱེད།། ཚོར་བཅས་རྗེས་འཛིན་ལ་སོགས་པ།། ་ཐམས་ཅད་ཅིག་གི་བྱེད་པ་ཡིན་ཞེས་པ་ལས་སྣ་ཚོགས་གསུངས་ཏེ་སྒྲ་ཛ་བཞིན་པའོ།། དེ་ནས་གཞན་ན་རབ་འཆང་བྱུང་།། བུད་མེད་ཀུན་དུ་རྨོངས་བྱུང་བ།། ཀར་དག་མ་ཏོག་ན།། དྭགས་པས་ལན་བ་ནྱ་བཟླས་པ་རྣམས ་དེ་རྣམས་ཁ་སྦྱོར་བྱས་ནས་ནི།། སྐྱེ་གནས་དབུས་སུ་ངེས་པར་སྦྱར་གཉིས་མེད་ཡེ་ཤེས་རྣལ་འབྱོར་ལྡར།། གསུང་སྔགས་བརྒྱ་ཕྲག་གཅིག་བཟླས་བྱ།། བསྒྲུབ་པ་དེ་དག་རྣམས་ཀྱི་ནི།། གཅིག་ནི་སྒྲུབ་བྱིས་བྷུང་ནཱས་སུ ་དྭེ་ཡཾ་མེ་མྱོ་གང་ལོ་བསྟན།། ད་ནི་བོང་ལ་དབང་དུ་འགྱུར་ཞེས་ཏེ། རིག་པས་ཐོས་པ་ནཱི་རྣལ་འབྱོར་མ་ཐམས་ཅད་གི་སྟེགས་ཀྱིས་སོ།། ཁྭ་སྟྲཻར་རྗེས་པོ་ནི་མིན་ཁྲི་མས་པའི་དགའ་བ་མེད་པའོ།། དཔེར་པ་རི་ཀར་ཞེ ་མེ་དོག་གོ།། གཉིས་མེད་ཅེས་པ་བུད་མེད་དང་སྐྱེས་པའི་དབང་པ་གཉིས་གཅིག་པ་ཉིད་དེ།། དགོངས་པའོ།། དེ་ནས་ཡི་གེ་ཧ་ལྟ་ཡི།། ལས་མི་འཆིང་བྱེང་དེ་ཉིད་ལས།། གང་གིས་རྣམ་པར་ཤེས་ཙམ་གྱི་སྟེ།། མྱུར་དྲ་དངས་ཟླུ ་རབ་འཇུག་བྱེད་།། ཅེས་བསྒྲུ་སྦྱིན་ཞེས་པ་སྔགས་བསྟན་པའོ།། ཤེས་རང་ཤཱ་མ་གྱིས་ཡིན་ཏན་ཆུད་དུ།། སྣ་པོའིན་པལ།། འ་ང་གང་ངྱས་འབྱུར་བའི་ལ་དག་བསྣོ ་པར་མསོ་ར་བྱའོ།། བསྒྲུ་བྱོལ་ཡང་མིང་ཕྱི་སས་བྱས་བསུ་མ་ནཔ་ས་པ་འགུགས་པར་བྱེ་ཐམམ་ང་འགྱུར་རོ། འདིང་ག་ཆེས་མི་ས་དབུས་མར་བྱ ་གཞན་གྱི་མིང་དང་ལྡན་པ་བཀོད་པས་ཁ་ནས་ལྷག་འཛག་པར་བསམ་པར་བྱའོ།། སྡིགས་མཛུབ་དང་མིང་མེད་ཀྱིས་ཐོད་པར་གནས་པའི་ཁྲག་རབ་ཏུ་མཉེ་བར་བྱ་སྟེ་ཇི་སྲིད་དེ་སྙམ་བཞིན་པར་འགྱུར ་གྱི་བར་དུའོ།། དེ་ནས་བསྒྲུབ་བྱ་དེ་རྣམས་འཇིག་གོ།། གཡོན་པའི་མིང་མེད་ཀྱི་རྩེ་མེ་ནས་མཉེས་ན་དེ་ནས་འཚོའོ།། ཆང་འཐུངས་ནས་གལ་ཏེ་ཁྲོས་པས་མིག་དམར་པོར་གྱུར་པས་བཟླས་པོར་བྱ་སྟེ་རྒྱལ་པོར་སྡེ་དང་དཔུང་དང ་བཞོན་པ་དང་བཅས་པ་ཡང་མྱུར་དུ་འགུགས་པར་བྱེད་དོ།། མྱོས་བྱེད་ནི་ཆང་ལ་སོགས་པའོ།། དེ་བཞིན་དུ་ཤུན་པ་དང་པུ་རམ་དང་བཅས་པས་སོ།། གང་ཅུང་ཟད་བྱ་བ་དེ་སྤྱང་རྩིས་མཆོག་ཏུ་བཏགས་ནས་ཆུ་རྣམས་ཀྱིས ་སྦྱར་བ་ཡང་མཁས་པས་ཆང་རྣམ་པ་གསུམ་དུ་ཤེས་པར་བྱའོ།། བུ་རམ་སོ་བ་བཅོས་པའི་ཆང་།། མཁས་པཾ་ས་དྷཱ་ཏཱ་ཀཱི་ལ་གནས།། མཉེ་བྱ་ཟེས་ཤིང་འཐུངས་པ་གང་།། དེ་དོ་མྱོས་བྱེད་ཅེས་བཤད་དོ།། སྒྱུ་ཇི་བཞིན་པའོ།། ་དེ་ནས་རྣམ་པ་སྣ་ཚོགས་ཤས།། མཁ་འགྲོ་མ་ལ་གཏོར་མ་སྦྱིན།། སྒྲུབ་པོ་དངོས་གྲུབ་ལ་བརྩོན་པས།། གསང་སྡིགས་བཟླས་པ་རབ་ཏུ་བྱ་ཞེས་པས་བསྙེན་པ་གསུངས་སོ།། བཟླས་པ་ཞེས་པ་ཉེ་བར་ཚོན་པ་སྟེ་སྦྱིན་སྒེག་ལ ་སོགས་པ་འདིས་ཉེ་བར་བསྡུས་སོ།། རི་བོང་ལ་སོགས་པའི་སྤུའི་སྐྱོང་བ་ལ་སྟོང་ཕྲག་མངོན་པར་བསྔགས་ནས་གེང་གིས་མགུལ་པ་ལ་བཅིངས་ན་མི་དེ་དེ་དང་འདྲེ་བར་འགྱུར་རོ།། ཀ་རཱ་བཱི་རིའི་མེ་ཏོག་ལ། སྟོང་ཕྲག ་གཅིག་ཏུ་མངོན་བསྔགས་ནས།། དེ་ཡི་སྦྲུམ་མ་ལ་རེག་མ།། མངལ་ནི་གཞན་དུ་འཕོ་བར་འགྱུར།། སྡིགས་མཛེབ་ལ་མངོན་པར་བསྔགས་ཏེ་སྡིགས་མཛུབ་བྱས་ན་དེ་རྣམ་པར་འཇོམས་པར་བྱེད་དོ།། སྒྲུབ་པ་པོའི་གཡོམ ་པའི་མིང་མེད་ཀྱིས་རེག་ན་འཚོ་བར་བྱེད་སྒྲ་ཇི་བཞིན་པའོ།། ། དེ་ནས་འོད་ལས་འབད་བ་ཡིས།། རྡོ་རྗེ་མཁའ་འགྲོའི་སྙིང་པོ་འཆིང།། གང་གིས་བསྒྲུབས་པ་ཙམ་གྱིས་ནི།། དངོས་གྲུབ་ཀྱི་ནི་འབྲས་བུ་འབྱུང ་ཞེས་པས་ལས་གསུངས་སོ།། མཁྱེའ་འགྲོ་རྣམས་ཀྱིས་རིག་པ་ཆེན་པོ་བཟླས་པར་བྱ་བཞིན་པ་ནི་རྣལ་འབྱོར་པས་འབུམ་བཟླས་པས་བསྒྲུབས་པས་འབྱུང་པོ་རྣམ་ས་དབང་དུ་བྱེང་ངོ་ཞེས་པ་སྟོན་དུ་སྦྱིན་པ་གསུངས་པ ་ཕག་མོའི་སྔགས་འབུམ་བཟླས་པས་སོ།། ད་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་བརྗེད་པར་བྱ་སྟེ། སྟོང་པར་བསྒོམས་ནས་རང་གི་སྙིང་གར་ཟླ་བ་ལ་གནས་པའི་བའི་སྣ་ཚོགས་ཆུ་སྐྱེས་ཀྱི ་སྟེང་དུ། ཨཱ་ལི་ཀཱ་ལིའི་དབུས་སུ་ཡཱཾ་ལས་སྐྱེས་པའི་ཕག་མོ་རྡོ་རྗེ་རྣལ་འབྱོར་མར་དམར་མོ་ཕྱག་གཉིས་པ་ཞལ་གཅིག་པ་སྤྱན་གསུམ་པ་མཆེ་བ་གཙིགས་པ་སྐྱིལ་ཀྲུང་ཕྱེད་པས་གང་བྱེད་བཞིན་པས་གནས་པ་ཤིན་ཏུ ་མཛེས་པ་ཕྱོགས་གཡོན་གྱིས་མཐར་སྒྲ་ཀྲོལ་བ་སྣོ་ཚོགས་པདྨ་ལ་རྣམ་པར་བཞུགས་པ་ཞལ་ཆེ་བ་གཙིགས་པ།། ཟླ་བ་ཕྱོང་པས་ཉེ་བར་མཛེས་པ་ཅོང་པན་ལ་སོགས་རྡོ་རྗེས་མཚན་པོ་དངོས་གྲུབ་ཐམས་ཅད་རབ་ཏུ་སྦྱིན ་པར་བྱེད་པ་དྲག་པོ་ཐོད་པའི་ཕྲེང་བ་ཅན།། དཔྲལ་བར་རྡོ་རྗེ་ཕྲེང་བ་ཅན།། གཡོན་དུ་ཐོད་པ་ཁྲག་དང་བཅས།། གཡས་སུ་རྡོ་རྗེ་སྡིགས་མཛུབ་བྱེད།། བསྐལ་པའི་མེ་ལྟར་ཀུན་དུ་འབར།། ཁྲག་ལ ་དགྱེས་ཤིང་འཛག་པ་མོ།། སྤྱན་དམར་འོད་ཟེར་དམར་པོ་སྟེ།། ། སངས་རྒྱས་ལྔ་ཡིས་རྒྱན་དུ་བྱས།། ཡང་ན་པདྨ་དམར་པོ་ཡི།། དབུས་སུ་སེམས་དཔའི་སྐྱིལ་ཀྲུང་ཅན།། ཐོད་པའི་ཕྲེང་བའི་ཅོད་པན་ཅན།། རྒྱན་རྣམས་ཀུན་གྱིས ་བརྒྱན་པའོ།། རྡོ་རྗེ་དྲིལ་བུ་སྙོམས་པར་འཇུག། ཐབས་ནི་འཆར་ཞིང་འཛིན་པའི།། ཡང་ན་གཡས་བརྐྱང་དམར་པོར་བཅས།། སྐྲ་ནི་གྱེན་དུ་བཅིངས་ཤིང་མཛེས།། འཇིགས་བྱེད་དང་ནི་དུས་མཚན་གནས།། རྒན་བྱས་མར་གནས ་ཤིན་ཏུ་རྨུགས།། དེ་ལྟར་ལྷ་མོ་སྣ་ཚོགས་མཚོམ།། སྣ་ཚོགས་དབྱིབས་དང་ཁ་དོག་སྟེ། སྙིང་ལ་ཡེ་ཤེས་ཏིང་འཛིན་སེམས།། བསམས་ནས་སེམས་ནི་མཚོན་པར་བྱ།། ཇི་ལྟར་འཁོར་ལོ་ལྔ་བདག་ཉིད།། བྷ་གའི་དབུས་སུ་བསྒོམ ་པར་བྱ།། དེ་ནས་འཁོར་ལོ་བཞི་བདག་ཉིད།། དེ་ལྟར་བུ་སྩོགས་མཐར་ཐུགས་པའོ།། ཡང་ན་ཡུད་ཀྱི་སྦྱོར་བ་ཡིས།། བརྗོད་པའི་ས་བོན་སོགས་དྲན་བྱ།། ས་བོན་འོད་ཟེར་སྤྲོས་པ་ཡིས།། འགྲོ་བའི་དོན་ནི་བསྒྲུབ་པ་དང་།། ་བར་མ་གསལ་བྱེད་ཡེ་ཤེས་དང་།། རྣམ་ཤེས་མཆོག་གི་ལུས་ཅན་རྣམས།། ཐུན་མཚམས་བཞི་རུ་བསྒོམས་པ་ལས།། ས་འོག་ས་སྟེང་ཀུན་བལྟ་བྱ།། བདག་པོ་རྣམས་གཉིས་དེ་ཇི་སྲིད།། མཐོང་བ་རས་ལ་རྣམ ་བར་སྤྱད་།། ངེས་པར་སྦྱོར་བ་འདི་ཡིས་ནི།། དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར།། གོ་ཆ་ཆེན་པོས་ཡང་དག་བསྲུང་།། འབུམ་ཕྲག་བཟླས་ནས་ལས་བྱའོ།། སྒྲ་ཇི་བཞིན་པའོ།། མི་ཡི་རུས་པའི་ཕུར་པ་སོར་དྲུག་པ་བྱས་ནས།། ་བརྒྱ་རྩ་བརྒྱད་བཟླས་ཏོ་སྒྲའི་སྒོར་གཟུགས་པར་བྱ་སྟེ་དེའི་རིགས་རྒྱུད་ཟད་པར་འགྱུར་རོ།། བ་ལང་གི་ཞིང་ངམ་མ་ཧེ་དང་གླང་པོ་ཆེ་དང་རྟའི་ར་བར་སྤྲོ་བར་བྱ་སྟེ།། གང་དང་གང་གི་རུས་པས་ཕུར་བུ་བྱས་པ་དེའི་རྙོགས་རྒྱང ་ཉམས་པར་བྱེད་དོ་ཞེས་པའོ།། རིགས་རྒྱུད་ནི་རིགས་སོ།། བརྒྱད་ལྷག་པའི་བརྒྱ་བཟླས་པ་ལས་སོ།། སྒྲ་ཇི་བཞིན་པའོ།། དེ་ནས་རྒྱལ་པོ་དབང་དུ་བྱ་བར་འདོད་པར་གྱུར་ན་སྒྲུབ་པ་པོས་སའི་རང་བཞིན་གྱིས ་གཟུགས་བརློན་བྱས་ནས་སོར་བརྒྱད་ཀྱི་སཽ་རུ་གཞུག་པར་བྱའོ།། ཉི་མ་དང་པོ་ལ་མ་ཏུ་ལུང་གིའི་མེ་ཏོག་གསུམ་དང་མེ་ཏོག་བསྲེས་ལ་སྦྱིན་སྲེག་བྱ་ཞིང་ཉིས་འགྱུར་དུ་འཕེལ་བར་བྱའོ།། སྟོང་ཕྲག་བརྒྱད་དེ་ཇི་སྲིད་མི ་བདག་དབང་དུ་གྱུར་གྱི་བར་སྦྱིན་སྐྱེག་བྱའོ།། སྔགས་ཀྱི་རྒྱལ་པོ་འདི་ཉིད་ཀྱིས།། རྨུགས་དང་དེ་བཞིན་རེངས་པ་དང་།། རྨོངས་དང་སྙོམས་པ་ཉིད་ཀྱང་ནི།། འགྲུབ་འགྱུར་འདིར་ནི་ཐེ་ཚོམ་མེད་ཅེས་ཏེ་ས་ལ་ནི་རྒྱལ ་པོའི་སྒོ་རུའོ།། མེ་ཏོག་ནི་རྡུལ་ལོ།། དགོངས་པའོ།། ཤ་དང་ལྡན་པའི་སྦྱིན་སྲེག་གིས།། འགྲུབ་པར་གྱུར་ཏེ་གཞན་དུ་མིན།། སྐྱེས་པ་བུད་མེད་དུ་བྱ་བར་འདོད་པས།། སྐྱེས་པའི་ཞེས་པ་དེ་ཉིད་ཀྱིའོ།། རྐང་པའི་པགས ་པ་དང་སེན་མོ་ནི་འདིར་ཆ་མཉམ་པར་བྱའོ།། རྐང་པ་ནི་ལྟོགས་པ་དེ་ཉིད་ཀྱིའོ།། ཀཎ་ཌ་ཀ་རིའི་མེ་ཏོག་དང་འབྲས་བུ་གཉིས་ཆ་མཉམ་པ་བྱས་ལ་རི་བོང་གིས་ཁྲག་གིས་བཏག་པར་བྱའོ།། ཉི་མ་བཅུག། ་ཅིག་ཇི་སྲིད་པར་གྲིབ་མས་སྐམ་པར་བྱའོ།། ཉི་མ་བཅུ་གཉིས་པོ་ལ་གང་གིས་མགོ་བོར་ཕྱེ་མ་བྱིན་པའི་སྐྱེས་པ་དེ་ངེས་པར་བུད་མེད་དུ་འགྱུར་ཏེ་ཡང་དག་པར་འོ་མས་བཀྲུས་པས་གྲོལ་བར་འགྱུར་རོ།། ལྟོགས་པ་ནི་བྱ་རོག་ཆེན ་བོའོ།། ཁྲག་རྣམས་ཞེས་སྦྱངས་པ་གསུམ་པའི་དོན།། མགོ་ལ་ཞེས་པ་མགོ་ཞེས་ཐོབ་བོ།། སྒྲ་རྫི་བོཞིན་པའོ།། ཡང་ན་ཁྱི་རུ་བྱ་བར་འདོད་པས་རྒྱལ་གྱི་ལྕགས་ནེ་ལིའི་མགོ་བོར་བཞག་ནས་ཞག་བདུན་དུ་སྔགས་སྟོ ་ཕྲག་བརྒྱད་བཟླས་པར་བྱའོ།། ཉི་མ་བརྒྱད་པ་ལ་སླར་ཡང་གུར་ཀུམ་གྱིས་མཉམ་པར་བྱས་ནས་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ།། དེ་ནས་གང་གི་མགྲོ་བོར་དེའི་ཐལ་བ་བྱིན་པའི་སྐྱེས་པ་དེ་ཁྱེར་འགྱུརརོ།། སླར་གསོ་བ་ལ ་མཚན་མོ་མཁའ་འགྲོ་མོ་རྣམས་ལ་གཏོ་མ་སྦྱིན་པར་བྱའོ་ཞེས་སོ།། རྒྱལ་ནི་སྐར་མོ་རྒྱལ་ལ་ལྕོགས་ཀྱི་དྲི་མའོ།། བརྒྱད་ཅེས་པ་བརྒྱད་ལྷག་པའི་སྟོང་ཕྲག་གོ། ཁྱི་ནི་ཁྱིའོ།། སྒྲ་ཛཾ་བཞིན་པའོ།། རྫས་ཉིད་འདིར ་རྫས་མ་ཡིན་པར་བྱ་བར་འདིང་ན་གསེར་ཤིང་གི་འབྲས་བུའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་གང་གི་ཚེ། མཽ་དེའི་རྫས་མ་ཡིན་པར་འགྱུར་རོ།། སླར་གསོ་བ་ལ་ནི་སྔགས་དང་ཨ་རུ་རོའི་སྦྱིན་སྲེག་བྱས་མདེ་བཞིན་དུ་འགྱུར ་གསེར་ཤིང་ནི་སྨྱོ་བྱེད་དོ།། ལྟས་སུ་བྱུང་བར་བྱ་བར་འདོད་པས་གང་བྱ་ཆེན་པོའི་ཚང་གིས་སྦྱིན་སྲེག་བྱས་ན་ཉི་མ་བདུན་པ་ལ་འདིར་བལྟས་སུ་བྱུང་བར་འགྱུར་ཏེ་ས་ལའོ།། སྒྱུར་གསོ་བ་ལྔ་ནི་ཕུབ་མའི་སྦྱིན་སྲེག་བྱས་ན་ངེས ་པཱར་བལྟས་ངན་ཞི་བར་འགྱུར་རོ།། སྤེལ་ཚིག་གི་དབྱེ་བས་བརྒྱད་ལྷག་པ་རྣམས་བཟླས་པོས་ཞིའོ་ཞེས་པ་སྒྲ་ཇི་བཞིན་པའོ།། ཟླ་བ་གཟས་ཟིན་པ་ན་བྱི་ལའི་སྤུ་རྣམས་རོ་བསྲེགས་པའི་མེར་སྦྱིན་སྲོག་བྱའོ།། གང་གིས ་མིདྲི་ནས་སྨོས་པ་སྔགས་ཀྱིས་མི་དབྱི་ལར་འགྱུར་རོ།། ཐལ་བ་མགོ་བོར་བླུགས་པ་དྲི་འོ་མས་བཀྲུས་ན་ཞིའོ།། བྱ་རོག་གི་རྒྱུས་པས་སྲད་བུ་བྱས་ནས་སྔགས་ཀྱིས་མངོན་པར་བསྔགས་ཏེ་འགུལ་པོར་བཅིངས་པའི ་མི་དེ་བྱ་རོག་ཏུ་འགྱུར་རོ།། སེམས་ཅན་གང་དང་གང་ཉིད་ཀྱི་སྐུད་པ་འགུལ་བ་ལ་བཅིངས་ཏེ་བརྒྱ་རྩ་བརྒྱད་བཟླས་ན་མི་དེ་དེ་དང་འདྲ་བར་འགྱུར་རོ།། མགུལ་པའི་སྐུད་པ་དཀྲོལ་བས་ཀྱང་གྲོལ་བར་འགྱུར་རོ།། རང་གི ་སོ་བ་ལ་མངོན་པར་བསྔགས་ནས་ཕ་རོལ་གྱི་སོ་བྷ་རྣམས་སྨྲ་བཞིག་པར་བྱའོ།། སོ་བ་ཕྱེད་ཀྱིས་ཀྱང་བདག་ཉིད་ལ་མངོན་པར་དབང་བསྐུར་ནུས་མཚན་མོ་བདུན་དུ་སྔགས་བཟླས་པ་བྱས་ཏེ་དྲ་ནས་སོ་བ་འགུགས་པར ་བྱེད་དོ།། རང་གི་སོ་བ་ལ་ལེན་བདུན་བཟླས་ནས་སོ།། སྒྲ་ཇི་བཞིན་པའོ།། སྣ་ཚོགས་པོའི་ལས་རབ་འབྱམ་གྱི་ཆོ་གའོ།། དེ་ནས་གཞོན་ནི་རབ་འཆད་བྱེད།། མཁའ་འགྲོ་མ་ཡི་གནས་ཆེན་པོ།། རིན་ཚན་ལྔ་ཡི ་རང་བཞིན་དུ།། རབ་བཟུང་བས་བྲིས་ནས་ནི།། ང་ཡི་སྟེང་ངུ་དྲུག་བཟླས་བྱ།། མཁའ་འགྲོམ་ཡི་དྲ་བསྡོམ་ཞེས་བྱ་བ་ལ་སོགས་པས་ཕྱི་རོལ་གྱི་མཆོད་པ་གསུངས་སོ།། རབ་ནི་སུམ་ལས་སྐྱེས་པའི ་ལྷུན་པོའོ།། ལྔ་ཞེས་པ་ན་མཁའ་ལ་སོགས་པའི་དབྱིངས་སུ་གནས་པར་བསམ་པར་བྱའོ།། བཤད་པའི་རྒྱུད་དུ་ཡང་།། རྟེན་དང་རྟེན་པོའི་རང་བཞིན་གྱིས།། བྷཻ་རམྦྷ་ལ་སོགས་པར་གནས།། བླ་མ་རྒྱུང་རིམས་ཇི་ལྟ་བར། ་དེ་ལྟར་ཤེས་ནས་ཆོག་ཤེས་པས།། རི་ཡི་མགོ་དང་གྲེ་སར་དང་།། སྣ་ཚོགས་འདབ་མོ་འཇམ་པ་ལ།། དེ་ཡི་དབུས་གནས་དཔའ་བོ་ནི།། འདོད་དོན་ཐམས་ཅད་སྒྲུབ་པ་པོ།། ཞེས་པ་དྲང་བའི་དོན་ནོ།། གཙུག་ཏོར་ལ་སོགས ་བའི་པདྨ་ནི་ལྔའོ།། བཟང་པོ་ནི་གསང་བའི་པདྨ་གཅིག་པུའོ།། སྣ་ཚོགས་ཆུ་སྐྱེས་འདབ་མ་བརྒྱད་པ་རྡོ་རྗེ་ནོར་བུར་གནས་པ་ལ་སོགས་པ་བརྒྱད་པ་ཟེའུ་འབྲུ་དང་བཅོས་པ་ལ་ཉི་མའི་དཀྱིལ་འཁོར་དུས་ཀྱི་མེའོ།། ཨུ་མཱ་རཱ་དང ་དེ་རང་དབང་ཕྱུག་ཆེན་པོ་དག་རྡུལ་དང་ཁུ་བའོ།། འདིར་ཧེ་རུ་ཀ་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ།། དེ་དག་འགགས་པ་ནི་གང་བའོ།། རྡོ་རྗེ་ཕག་མོ་ནི་དེ་ལ་སྣང་བ་ཐམས་ཅད་མཁྱེན་པ་ཉིད་དེ་ཟླ་བ་འམ། ཟླ་བ་ཅན་གྱི་དབྱེ་བ་མེད ་པའི་ཆོས་ཅན་མ་སྐེམ་པར་བྱེད་པས་སྐྱེ་བོ་ཞེས་པ་ངེས་པའི་དོན་ནོ།། མཁའ་འགྲོ་དེ་བཞིན་ལ་མ་དང་།། དུམ་སྐྱེས་མ་དང་གཟུགས་ཅན་མ།། རབ་གཏུམ་ལ་སོགས་ཉི་ཤུ་བཞི།། བྱ་རེག་གདོང་སགས་མ་མོ་བརྒྱད་ཅེས་པ་འོངས ་བྱང་ཆུབ་ཀྱི་ཕྱོགས་ཀྱི་དག་པ་གསུངས་སོ།། ཀུན་སྤྱོད་དུ་ཡང་ལུས་རྗེསུ་དྲན་པ་ཉེ་བར་བཞག་པ་ནི་མཁའ་འགྲོ་མའོ།། དེ་བཞིན་དུ་གཞན་ཡང་རྟོགས་པར་བྱའོ།། རྡོ་རྗེ་སྙེམས་སོགས་དཔའ་བོ་ནི།། ལྕགས་ལས་བཟློག་བསྡུ ་རབ་ཏུ་བསྟན་ཞེས་པས་འཁོར་ལོ་ལྔས་བསྡུས་པའི་དཀྱིལ་འཁོར་གསུངས་སོ།། མཁའ་འགྲོ་མ་ཉི་ཤུ་བཞི་ཞེས་པ་ལེའུ་བཞི་པར་གསུངས་སོ།། རྣལ་འབྱོར་མོའི་རྒྱང་ཉིད་ཀྱི་ཕྱིར་རོ།། དྲང་བའི་དོན་གྱིས་གོ་སླའོ།། ངེས་པའི ་དོན་གྱིས་མཁརའ་འགྲོ་མ་ལ་སོགས་པ་རྣམས་ལྕི་བ་ལ་སོགས་པའི་འཁོར་ལོར་ས་ལ་སོགས་པ་འབབ་པའོ།། རབ་གཏུམ་ལ་སོགས་པ་རྣམས་རྩ་ཉི་ཤུ་རྩ་བཞིའི་སེན་མོ་དཔེ་སྩོགས་པ་འབབ་པའོ།། བྱ་རོག་གདོང་ལ་སོགས ་པ་རྣམས་སྒོའི་རྩ་རྣམས་ཏེ། ཁའི་དྲི་མ་ལ་སོགས་པ་འབབ་པའོ།། དཔའ་བོ་རྣམས་ཀྱང་སོ་དང་སེན་མོ་ལ་སོགས་པ་འབབ་པའོ་ཞེས་སོ། དང་པོར་རྡོ་རྗེ་སེམས་དཔའ་སྟེ།། དེ་ནས་དཔའ་བ་རྣམ་སྣང་མཛད། པདྨ་གར་གྱི ་དབང་ཕྱུག་ཉིད།། དེ་བཞིན་ཧེ་ར་ཀ་དཔྲལ་ཆེ།། ནམ་ཁིའི་སྙིང་པོ་རྟ་མགྲིན་དང་།། དེ་བཞིན་རིན་ཆེན་རྡོ་རྗེ་མཆོག། སྟོབས་པོ་ཆེ་ཞེས་བརྒྱད་པོ་ནི།། སྐུ་ཡཾ་འཁོར་ལོར་གནས་པ་སྟེ། ལྕགས་ལས་བཟློག་པར་གསུངས་པའོ།། ་མིག་ང་ནི་རྡོ་རྗེ་འཇིགས་བྱེད་ཉིད།། རྡོ་རྗེ་བཟང་དང་ཤིན་ཏུ་བཟང་།། རྡོ་རྗེ་ཧཱུཾ་མཛད་ཉིད་དང་ཡང་།། དཔའ་ཆེན་རྡོ་རྗེ་རལ་པ་དང་།། མྱུ་གུ་ཅན་ཞེས་བྱ་བ་སྟེ།། བརྒྱད་པོ་གསུང་གི་འཁོར་ལོར་གནས།། རྡོ་རྗེའི་ལུས་དང ་རྡོ་རྗེའི་འོང་།། འོད་དཔག་མེད་དང་ལྷ་དགྲ་དང་།། དེ་བཞིན་ཉིད་དུ་མཆེ་རྣམ་གཙིགས།། ཀེང་རུས་ཀེང་རུས་ཆེན་མཆོག། ཐོང་པོའི་དུམྦྷ་བུ་ཅན་རྣམས་ནི།། དཔའ་བོ་ཉི་ཤུ་རྩ་བཞིར་བཤང་།། ་བརྒྱད་པོ་ཐུགས་ཀྱི་རྡོ་རྗེར་གནས།། དཔའ་བོ་གཅིག་པུའི་དོན་དུ་ནི།། ཇི་སྐད་གསུངས་བཞིན་ཁ་དོག་དབྱིབས།། བསྒོམ་པར་བྱ་ཞིང་མཆོད་པར་བྱ་ཞེས་ཏེ་སྒྲ་ཇི་བཞིན་པའོ།། ཉི་ཤུ་རྩ་བཞིའི་དཔའ་བོ་རྣམས།། དཔའ ་མོ་ཆེ་སོགས་ཕོ་ཉ་མོ་ཞེས་པས་ཤེས་རབ་དང་ཐབས་ཉིད་དུ་གསུངས་སོ།། དེ་ལ་གཤིན་རྗེ་སྲེག་མ་ལ་སོགས་པ་བོང་བུ་དང་རྔ་མོ་དང་། ར་དང་བྱི་ལོའི་གདོང་ཅན་ཞེས་བརྗོད་དོ།། ཕོ་ཉ་མཽ་སུམ་ཅུ་རྩ་དྲུག་ནི་མཚན་མ་ལ་ཆགས ་པ་དང་ཅུང་ཟད་རྒོད་པ་ཡོངས་སུ་འཁྱུད་པ་གཅེར་བུ་ཉིད་དང་སྐྲ་གྲོལ་བ་སྤུ་ལངས་པ་ཡང་ངོ་ཞེས་ཏེ་སྒྲ་ཇི་བཞིན་པའོ།། སྔར་བརྗེད་པའི་ཆོ་ས།། མཁའ་འགྲོ་མ་ཡི་དྲ་བ་སྡོམ།། དངོས་པོ་ཀུན་གྱིས་མཆོད་པར་བྱ།། དངོས ་གྲུབ་ཀུན་བྱེད་དགེ་བ་ཡིན་ཞེས་ཏེ། སྔར་བརྗོད་པ་ནི་རྩ་བ་དང་བཤད་པའི་རྒྱུད་ངུ་བརྗོད་པས་སོ།། རྡོ་རྗེ་མཁའ་འགྲོར་ལིང་ཐོ་རངས་རང་གི་སྙིང་གར་ཟླ་བའི་དབུས་སུ་ཨ་ཡི་གེ་གིས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམས ་ནས་དེའི་སྟེང་དུ་ཧཱུཾ་ཡིག་རྣམ་པར་བསྒོམ་པར་བྱའོ།། དེ་ནས་བྱམས་པའི་སེམས་བྱས་ནས།། ཕྱི་ནས་དཀྱིལ་འཁོར་བྲི་བར་བྱའོ་ཞེས་པས་ཆོ་གས་མཁའ་འགྲོ་མ་ལ་སོགས་པའི་གནས་བཀོད་པས་སོ།། དེ་བཞིན་དུ་ཀུན ་སྤྱོད་དུ།། མཁའ་འགྲོ་དེ་བཞིན་ལཱ་མཱ་དང་།། དུ་མ་སྐྱེས་མ་དང་གཟུགས་ཅན་མ།། པདྨའི་ཕྱོགས་ཀྱི་གནས་ལ་དགོད།། དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་མ།། ཞལ་གཅིག་མ་ལ་ཕྱག་གཉིས་མ།། སྣ་ཚོགས་གཟུགས ་ཅོན་རྣམ་སྒེག་མ།། ཕྱོགས་བལ་གྱིས་ནི་བཞི་པོ་ལེ།། ལྔ་ཡིས་གང་བའི་ཐོད་པ་ཉིད།། སུམ་ཡིག་ལ་སོགས་ཡང་དག་སྦྱར།། ཡུལ་དང་ཡུལ་དུ་རྣམ་གནས་པ།། དྲངས་པོ་འཁོར་ལོའི་སྙིང་པོར་གནས།། ་རྣལ་འབྱོར་རིག་པས་རྟག་ཏུ་མཆོད་ཅེས་སོ།། ད་ནི་མངོན་པར་བརྗོད་པ་བླ་མར་གསུངས་པའི་དམ་ཚིག་གི་མཁའ་འགྲོ་ལ་སོགས་པ་བསྒོམ་པ་བརྗོད་པར་བྱ་སྟེ་འདི་ལྔ་སྟེ། དཀྱིལ་འཁོར་སྔ་མའི་དབུས་སུ་ནི།། པདྨ་འདབ ་བརྒྱད་བྲི་བར་བྱ།། སྣ་ཚོགས་ཁྭ་དོག་གེ་སར་ལྡན།། འདོད་པའི་འབྲས་བུ་ཀུན་རབ་སྦྱིན། དེ་ལ་དབུས་སུ་ཧཱུཾ་ཡིག་ནི།། རྡོ་རྗེ་སེམས་དཔའ་རྣམ་བསྒོམ་བྱ།། བཅོམ་ལྡན་ཞལ་བཞི་སྡེ་དང་སེར།། ད་མར་དང་ལྡང ་ཞལ་སྤྱན་གསུམ་པ།། བཅུ་གཉིས་ཕྱག་སྟེ་གཡས་བརྐྱང་གནས།། འཇིགས་བྱེད་རྒྱུ་དང་དུས་མཚན་མོ།། ཞབས་ཀྱི་མཐིལ་གྱིས་ཀུན་ཏུ་མནན།། དམ་ཚིག་རྡོ་རྗེ་ཕག་མོས་ཁྱུད་།། ཕྱག་གཉིས་རྡོ་རྗེ་དྲིལ་དུའོ།། ་ཞེས་སོ། དེ་ནས་གཞན་ནི་རབ་འཆང་བྱེང་།། གསུང་གི་དཀྱིལ་འཁོར་སྒོམ་པའོ།། དཀྱིལ་འཁོར་སྔ་མའི་དབུས་སུ་ནི།། གསུང་གི་འཁོར་ལོ་ཡོངས་བསྒོམ་བྱ།། རྩིབས་བརྒྱད་ཁ་དོག་དམར་པོ་ལ། པདྨ ་སྔ་མ་དེ་བཞིན་ནང་།། རྡོ་རྗེ་སེམས་དཔའ་ཡོངས་བསྒྱུར་བས།། གསུང་གི་རྡོ་རྗེ་ཡོངས་སུ་བསྒོམ།། ཞལ་བཞི་ཕྱག་ནི་བཅུ་གཉིས་པ་ཞེས་པ་ལ་སོགས་པ་རྒྱས་པར་རོ།། དེ་ནས་མཆོག་སྒྲུབ་པར ་ཆོ་གར་འགྱུར་ཏེ། པདྨ་འདབ་རྒྱས་ཡིད་འོང་བ།། ཁ་དོག་སྣ་ཚོགས་ཡིད་འཕྲོག་པར་ཉི་མའི་དཀྱིལ་འཁོར་གྱིས་དབུས་སུ།། པདྨའི་རྒྱལ་པོ་རྣམ་པར་བསམ།། ཞལ་བཞི་པ་ཕྱག་བཅུ་གཉིས་པ་རྡོ་རྗེ་ཕག་མོས་འཁྱུད་པ། ་ཕྱག་གཉིས་ཀྱི་རྩེ་མོ་ལྡི་གདེངས་པའི་རྡོ་རྗེ་པདྨ་དྲང་དྲིལ་བུའོ།། ཕྱག་གཞན་གཉིས་ཀྱིས་ཚོགས་བདག་གི་པགས་པའི་ན་བཟའ་འཚང་བ་གཡས་ཀྱིས་ཕྱག་རྣམས་སུ་མདུང་དང་ལྕགས་ཀྱུ་དང་གྲི་གུག་དང་ཅང་ཏེའུ་གཡོན ་རྣམས་སུ་ཁ་ཊྭཱཾ་གདང་ཞགས་པ་དང་ཚངས་པའི་མགྲོ་བོ་དང་སྒྲ་སྟེ་རྣམས་སོ།། ཁ་ཊྭཱཾ་ག་ཡང་མཆོད་ཕྱིར་ཐོགས་ཀྱི་ཚུལ་གྱིས་སྟེང་དུ་རྡོ་རྗེ་རྩེ་མོ་ལྔ་པ་དང་།། དྲིལ་བུ་རབ་ཏུ་འཆང་བ་བ་དན་གསུམ་པས་མཚན་པ་དབུས ་སུ་སྣ་ཚོགས་རྡོ་རྗེས་མཚན་པ་འོག་ཏུ་རྡོ་རྗེ་རྩེ་གཅིག་པའོ།། རྒྱུ་མའི་ཐོད་པ་ཕྱག་དུ་གནས་པའོ།། སྔོན་པོ་དང་སེར་པོ་དང་དམྱུར་པོ་དང་ལྗང་གུའི་ཞལ་ཕག་མོ་དམར་མོས་འཁྱུད་པ། དཀྱིལ་འཁོར་ཕྱི་རུ་རྣམ་པ་ལྔའི། ་ཡི་རིགས་རྣམས་ཀྱིས་དེ་བཞིན་བསྐོར།། ཕྱི་རུ་དུར་ཁྲོད་མི་བཟད་པ།། ཁ་དོག་སྣ་ཚོགས་མཆོག་གི་མཆོག། ཤིང་མཆོག་སྣ་ཚོགས་ཀྱིས་ཡིད་འོང་།། ལྕེ་སྦྱང་བཅས་པས་ཤིན་ཏུ་འཇིགས།། བྱ་རོག་འུག་པ་བྱེ ་དཀར་རྒོད།། ལྕེ་སྤྱང་དེ་བཞིན་རོ་བསྲེགས་དང་།། ཀེང་རུས་དང་ནི་མདུང་གི་ཕུག། འཕྱང་དང་ཕྱེད་ཚིག་པ་དང་མགོ། མགོ་ཐོད་དང་ནི་རྗེ་ངར་དང་།། མགོ་མེད་ལག་དང་མགོ་བོ་དང་།། སྦྲུལ་ནི་སྣ་ཚོགས་ཡིད་འོང་དྲུང་།། ་མིག་སྣ་དེ་བཞིན་རྡོ་བོ་ཆེ།། སེངྒེ་ཕག་དང་སྟག་རྣམས་དང་།། ར་དང་ལུག་དང་དེ་བཞིན་དུ།། གླང་ཆེན་རྟ་བོང་བ་ལང་དང་། རྔ་མོ་སྣ་ཚོགས་དམ་ཚིག་མཆོག། མྱོས་བྱེད་རྣམ་པ་སྣ་ཚོགས་ཉིད།། དེ་བཞིན་ཆང་གི ་གཏུང་བ་མཆོག། དཔའ་བོ་འདུས་པ་བཟང་མོ་ཡི།། རྣལ་འབྱོར་མ་རྣམས་སྣ་ཚོགས་མཆོག། ཐོད་པ་ཁ་ཊྭཱཾ་ག་འཛིན་ཅིང་།། གྲི་གུག་དང་ནི་ཅུང་ཏཱིའུ་མཆོག། ལྷ་ཡི་རོལ་མོ་སྣ་ཚོགས་དང་།། བཟའ་དང་བཅའ་བ་རོ་ཡི ་མཆོག། རྣམ་པ་སྣ་ཚོགས་འོ་བྱེད་འཁྱུད།། བཞི་པ་བྱེ་བ་ལྡག་བྱ་མཆོག་དམ་པ།། རྣམ་པ་ད་ལྟའི་དུར་ཁྲོད་དུ།། གནོད་སྦྱི་ནི་རོ་ལངས་སྲིན་པོ་རྣམས་ཞེས་སོ།། ཆ་བརྒྱད་དཀྱིལ་འཁོར་ཡིད་འོང་བ།། འབར་བ་དང་བཅས ་ཉི་མ་མཚུངས།། དཀྱིལ་འཁོར་རྡོ་རྗེ་རིན་ཆེན་གྱིས།། ཤིན་ཏུ་དགའ་བ་ཐུག་མེད་སྒྲུབ་ཅེས་སོ།། དེ་ནི་གནས་བརྗེད་པས་སྒྲུབ་ཐོབས་བརྗོད་པར་བྱ་སྟེ། འདི་ལ་བསྙེན་པ་དང་ཉེ་བར་སྒྲུབ་པ་དང་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་སྐྱེ ་ཡན་ལག་བཞི་གནས་སོ།། རྣལ་འབྱོར་དང་རྗེས་སུ་རྣལ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་སྟེ། བཞིའོ།། མངོན་པར་བརྗོད་པ་བླ་མར་ཡང་།། དེ་ཉིད་ཀྱི་ནི་སྙིང་གར་བསྒོམ།། བསྙེན་པ་རྣལ་འབྱོར ་རབ་ཏུ་བརྟག། མཁའ་འགྲོ་མཚོགས་དཀྱིལ་འཁོར་ཉིད།། ཉེ་བསྙེན་རྗེས་སུ་རྣལ་འབྱོར་གྱིས།། དཔའ་བོའི་ཡན་ལག་དགོད་པ་ཡིས།། རྣལ་འབྱོར་གྱིས་ནི་སྒྲུབ་པ་རྩམ།། དག་པའི་བཟླས་པ་གྲུབ་ཆེན་གྱིས།། ་ཡན་ལག་རྣལ་འབྱོར་ཆེན་པོའི་ཞེས་སོ།། འདིའི་དོན་འདི་ཡིན་ཏེ།། དང་པོའི་མགོན་པོའི་ཡེ་ཤེས་སེམས་དཔའི་ཐུགས་ཀར་གནས་པ་ཏིང་ངེ་འཛིན་སེམས་དཔའ་ལ་དམིགས་པ་རྣལ་འབྱོར་བསྒོམས་ནས་སྤྲུལ་པ་རྣམས་ཀྱིས་བླང ་བའི་དཔའ་བོ་ཉི་ཤུ་རྩ་བཞིའི་ས་བོན་ཡན་ལག་དགོད་པར་བྱས་ནས་ཐིག་ལེའི་རྣལ་འབྱོར་དང་ཕྲ་མོའི་རྣལ་འབྱོར་དང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཀྱི་དག་པ་དང་བཟླས་པ་རྣམས་སོ།། གཽ་ཏོར་མ་སྦྱིན་ནས་བདག་ཉིད་གོ་བགོ་བར ་བྱའོ།། འདིར་ཉེ་བར་སྒྲུབ་པའི་ཡན་ལག་ལ་ཇི་ལྟར་གསུངས་པ་ནི་བཅོམ་ལྡན་འདས་ཞལ་གཅིག་པ་ཕྱག་གཉིས་པ་ལ་སོགས་པ་བསྒོམས་ནས་མཁའ་འགྲོ་མའི་ཚིགས་ཀྱིས་དཀྱིལ་འཁོར་བསྒོམ་པར་བྱའོ།། དེ་ནས ་མཚན་མ་བཅུ་གཉིས་ཀྱི་དཀྱིལ་འཁོར་བརྗོད་པར་བྱ་སྟེ་བླ་མར་ཡང་མཁའ་འགྲོ་མ་ནི་རྡོ་རྗེ་ལའོ།། ལཱ་མ་ནི་དྲིལ་བུ་ལའོ།། དུམ་སྐྱེས་མ་དང་གཟུགས་ཅན་མ་ནི་གླང་པོ་ཆེའི་པགས་པའི་ཁུ་ཚུར་ལའོ།། དེ་བཞིན་དུ་བྱ ་རོག་གདོང་མ་ལ་སོགས་པ་རྣམས་མདུང་དང་ལྕགས་ཀྱུ་དང་ཅང་ཏིའུ་དང་ཁ་ཊྭཱཾ་ག་དང་ཞགས་པ་དང་ཚངས་པའི་མགོ་བོ་དང་དགྲ་སྒྲ་སྒྲ་དང་སྣ་ཚོགས་རྡོ་རྗེ་སྟེ་མཚན་མ་བརྐྱང་ལའོ།། སློབ་དཔོན་བྷ་བས་ཀྱང་གསུངས ་པ་མཁའ་འགྲོ་མ་བཅུ་པོ་རྣམས་ནི་བཞི་དང་དྲུག་ནི་དགྲ་སྟ་དང་ཞགས་པ་དང་མདུང་དང་ཁ་ཊྭཱཾ་ག་དང་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་རྣམས་སོ་ཞེས་པའོ།། ཇི་སྲིད་ལྡོག་པའི་སྤྱོད་ཡུལ་དུ་གྱུར་གྱི་བར་དུ་ཕྱིའི་དཀྱིལ་འཁོར་ལ་བསོད་ནམས་ཀྱི ་ཚེགས་ཀྱི་དོན་དུ་མེ་ཏོག་ལ་སོགས་པས་ཚོང་པར་བྱའོ།། གཡོན་ནས་བསྐོར་བའི་འཇུག་པས་ཕྱག་འཚལ་བ་དང་པོ་མང་དང་ལྷན་ཅིག་སྭཱ་ཧཱའི་མཐའ་ཡེ་ཤེས་རྒྱས་པའི་དོན་དུའོ།། ཀུན་སྐྱོང་དུ་ཡང་གཉིས་མེད་རྫས་ནི་མེ་ཏོག་སོགས ་མེ་ཏོག་རེ་རེ་ནས་དབུལ་བྱ་ཞེས་སོ།། མངོན་པར་བརྗོད་པ་བླ་མར་ཡང་།། ཡེ་ཤེས་ལྔ་ཡི་བདྨད་རྩི་ཡིས།། ས་བཞི་ཀུན་ནས་བྱུག་པར་བྱ།། བཟོད་པའི་ཕ་རོལ་ཕྱིན་མེ་ཏོག། འབད་པོས་གཏོར་ཏེ་དབུལ་བར་བྱ།། སྣ་ཚོགས ་ཕྱག་རྒྱ་ཡིད་འོང་ག་ན།། རྒྱོ་ཆེ་ཤིན་ཏུ་མཉམ་གཞག་པས་ཞེས་སོ།། རྒྱུད་འདོར་བསྟན་པར་ཡང་ཤིང་སྐྱེས་རྡོ་འམ་རས་ལ་ཡང་།། གྲུ་བཞི་ཁྲུ་ཡི་ཆེད་དུ་ནཱི།། སྒྲ་དང་སྲོག་ཆགས་ཕྲ་བརྟགས་ནས།། སཱ་ལ་དཀྱིལ་འཁོར་བྲི་བར་བྱ ་ཞེས་ཏེ་སྒྲ་ཇི་བཞིན་པའོ།། དངོས་པོ་ཀུན་གྱིས་ཞེས་པ་ནི་མཁའ་སྤྱོད་ལ་སོགས་པ་གཟུགས་ཡོངས་སུ་བསྒྱུར་བ་གནས་པ་རྣམསོ།། རྒྱ་ཆེར་བཤད་པ་སུམ་ཅུ་རྩ་དྲུག་པར་ཡང་གྲུབ་འདོད་ཤིན་ཏུ་མཉམ་གཞག་པའི།། ་རྣལ་འབྱོར་པས་ནི་ཐུན་གསུམ་སྒོམ།། གཏོར་མ་དང་ནི་སྦྱིན་སྲེག་བྱ།། སྒྲུབ་ཆེན་དུས་ཀྱི་ཁྱད་པར་ལས་ཞེས་སོ།། བསྒོམ་པར་བྱ་ནི་རྣམ་པ་ལྔས་མངོན་པར་བྱང་ཆུབ་པས་སམ།། ཡན་ལག་བཞིས་ཐུན་མཚམས ་བཞིར་རོ།། ཡང་ཡིག་ལས་བཟླས་པ་དང་དམ་ཚིག་བཏུང་བ་ཡང་བྱའོ།། དྲན་པའི་དོན་ནོ།། ཐུན་མཚམས་གསུམ་ནི་ཀུན་དུ་སྦྱོར་བ་གསུམ་གྱི་ལུས་ཤེས་རབ་དང་ཐབས་སུ་བསྒོམ་པར་བྱའོ།། ་སྙོམས་པར་འཇུག་པ་ནི་གཅིག་ཏུ་འདྲེས་པའི་དངོས་པོར་བྱའོ།། སྦྱིན་སྲེག་ནི་ཕུང་པོ་རྣམས་སོ།། དུས་ནི་མི་འགྱུར་བའི་བདེ་བ་ཡིན་ནོ།། ཞེས་པ་ངེས་པའི་དོན་ནོ།། ད་ནི་རྒྱུན་དུ་གསུངས་པའི་མཆོད་པ་བརྗོད་པར་བྱ་སྟེ། སྔ་བར ་མལ་ནས་ལངས་ནས་བཤང་བ་དང་ཁ་བཤལ་བ་བྱའོ།། རང་བཞིན་གྱི་ཁ་དག་པའི་དོན་དུ་རིལ་བུ་ཁར་གཞུག་པར་བྱའོ།། མདུན་དུ་དཀྱིལ་འཁོར་བྱས་ནས་བདུད་རྩི་ལྔ་དང་བཅས་པའི་བ་བྱུང་གས་སོ།། ཇི་སྐད་གསུངས ་པའི་ཆོ་གས་མིང་མེད་དང་མཐེ་བོང་ཁ་སྦྱར་བ་དག་གིས་འཁོར་ལོའི་དབུས་སུ་བཅོམ་ལྡན་འདས་ཕག་མོ་དང་ལྷན་ཅིག་པོ་མཆོད་པར་བྱའོ།། དེ་ནས་ཤར་དང་བྱང་དང་ནུབ་དང་ལྷོར་གནས་པ་རྣམས་ལའོ།། མེ་དང་བདེན་བྲལ ་དང་། རླུང་དབང་དུ་གནས་པ་རྣམས་ལོའོ།། ཡང་ན་ཕྱོགས་གསུམ་གཡས་སུ་བསྐོར་བ་དང་། ཕྱོགས་བྲལ་རྣམས་སུ་གཡོན་པས་འཁོར་ལོ་མཐའ་དག་ཡང་དག་པར་ལྡན་པའོ།། ཡི་གེ་བརྒྱ་པ་གཏོན་ནས་བཏུང ་པ་ཙམ་གྱིས་མཛོད་སྤུར་ཕྱག་བྱས་ནས་དཀྱིལ་འཁོར་གྱི་རེ་ཁཱ་དབྱི་བར་བྱའོ།། མཆེད་པའི་ཆོ་ག་མདོར་བསྡུས་པའོ།། ། དེ་ནས་གཞན་ཡང་བཤད་བྱེ་བ།། ཕྱུགས་ཀྱི་ལས་ཀྱི་ཆོ་ག་མཆོག། ་གང་གི་རྣམ་པར་ཤེས་ཙམ་གྱིས།། མྱུར་དུ་དངོས་གྲུབ་རབ་འཇུག་པའོ།། ཞེས་བྱ་བ་ལ་སོགས་པས་ཡི་གེ་བདུན་པའི་ལས་གསུངས་ཏེ་སྒྲ་ཇི་བཞིན་པའོ།། སྔགས་པས་ཆོ་ག་ལྡན་བྱས་ནས།། ས་ལི་བཏགས་པ་ལས་བྱུང ་ཕྱུགས།། བོང་བུ་མི་དང་རུས་སྦལ་ད་། རྔ་མོ་ཅེ་སྤྱང་རྟ་ལ་སོགས།། ཀུན་དུ་སྣ་ཚོགས་ཕག་དག་ནི།། དངོས་གྲུབ་སྟེར་བའི་ཕྱུགས་སུ་བཤད་ཅེས་ཏེ་ཕྱུགས་ཀྱི་སྐྱེ་བ་བདུན་པ་སོ་སོར་འདུན་པ་ཅན་ནོ།། བོང་བུ་ནི་བོང་བུའོ།། ་སྣ་ཚོགས་པག་མི་གྲོང་གི་ཕག་བློ།། སྒྲ་ཇི་བཞིན་སློད་ཟོས་པ་འདིས་སྐྱེ་བ་བདུན་པ་ཤེས་པ་དང་རྙེད་པར་འགྱུར་རོ།། ཞེས་པ་ཕན་ཡོན་གསུངས་པའོ།། སྒྲ་ཇི་བཞིན་པའོ།། མཚན་ཉིད་ཇི་ལྟར་འགྱུར་བ་དང་།། དེ་རྣམས་ལས ་ནི་རིབ་འཆང་བྱེད།། ཉོན་ཅིག་ལྷ་མོ་སྐལ་པ་ཆེ།། རྣལ་འབྱོར་པ་ཡི་མཉེས་གཤིན་མོ།། སྐྱེ་བ་གཅིག་དྲང་སྐྱེ་བ་གཉིས།། གསུམ་བཞི་ལྔ་དང་སྐྱེ་བ་དྲུག། སྐྱེ་བ་བདུན་དུ་གྱུར་པ་ཡང་།། དེ་རྣམས་ཕྱུགས་སུ་ཐེ་ཚམ་མེད ་ཅེས་ཏེ། ཕྱུགས་ནི་བོང་བུ་ལ་སོགས་པ་སྟེ་དྲང་བའི་དོན་ཏེ།། དེ་འགྲོ་བ་མ་ཡིན་པ་ལས་བདུན་ནོ།། ངེས་པའི་དོན་ནོ།། གང་གི་དབུགས་ནི་དྲི་ཞིམ་ཞིང་།། མིག་མི་འཛུམ་པར་ངེས་པ་བལྟ། བདེན་པར་སྨྲ་བའི་མི་དེ་རྣམས། ་རྟག་ཏུ་དམ་པའི་ཆོས་ལ་དགའ།། བདག་གི་སྐྱེ་བ་ཤེས་པ་དང་།། རྟག་ཏུ་ལུས་ཀྱི་དྲི་ནི་ཞི་མ།། མཚན་ཉིད་དེ་རྣམས་ལྡན་པ་དེ།། སྐྱེ་བ་བདུན་དུ་གྱུར་པའི་ཕྱུགས་ཞེས་སོ།། འདི་རྣམས་བཤད་པའི་རྒྱུད་དུ་གསུངས་པ་ནི ་བླ་མར་ཡང་། འདི་འདྲ་རྣལ་འབྱོར་པས་མཚོན་བྱ།། འཆི་བའི་མི་རུང་མི་འཚིག་ཅིང་།། སྲོག་ཆགས་གདྲུག་པ་སྣ་ཚོགས་ཀྱིས།། ནམཱ་ཡང་ཟ་བ་མི་འགྱུར་རོ།། སྒྲ་ཇི་བཞིན་པའོ།། དབང་པོ་གཉིས ་ཀྱིས་སྦྱོར་བ་ཡིས།། ཉེ་བསྙིང་འབུམ་དུ་བཟླས་པས་ཀྱང་།། དེ་ཉིད་ཀྱི་ནི་ལག་པར་དབུལ།། སྦྱིན་པ་འདི་ནི་བདག་ལ་སྩོལ་ཞེས་སོ།། དེ་ནི་ཟོས་ཙམ་གྱིས་ཀྱང་།། ལྷ་ཡི་གཟུགས་ནི་འཆང་བར་འགྱུར།། སྙིང་གའི་རོ་ཙ་ན་བླངས་ནས།། ་གང་ལོ་ཐིག་ལེ་བྱེད་འགྱུར་བ།། སེམས་ཅན་གང་དང་གང་ལ་ཉིད་ཀྱི།། དེ་དང་དེ་ཡི་གཟུགས་འཛིན་འགྱུར།། སྒྲ་འམ་སྨྲ་འམ་རྒྱུ་མ་ཡིས།། སྐུད་པ་བྱས་ནས་མགྲིན་པ་ལ།། བཅིངས་ན་སེམས་གང་ཡིན་དེའི།། མི་དེ་དེ ་འདྲར་འགྱུར་བ་ཡིན།། དེ་ལྟར་ཐམས་ཅད་ཡོངས་ཤེས་ནས།། བསྔར་བརྗོད་པ་ཡི་ལས་རྣམས་བསྒྲུབ་ཅེས་སོ།། དེས་ན་དེ་ནི་རང་ཤི་བ་ཡིའོ།། རབ་ཏུ་ཟོས་པ་ནི་ཟོས་པའོ།། སྔར་བརྗོད་པ་མངོན་པར་བརྗོད་པར་གསུངས་པའི ་ལས་རྣམས་བྱ་བའོ།། ཞེས་པ་སྒྲ་ཇི་བཞིན་པའོ།། མཁས་པ་ཤིང་ལོའི་ཁུ་བཱ་ནི།། རོ་ཙ་ནར་བཽཅས་བླངས་ནས་སུ།། དཔྲལ་བར་ཐིག་ལེ་བྱས་ན་ནི།། དེ་གཟུགས་འགྱུར་བར་ཐེ་ཚོམ་མེད་ཅེས་ཏེ་ཤིང་ནི་འབྱུང་པོའི་སྒྲའོ།། ་སྒྲ་ཇི་བཞིན་པའོ།། ཕྱུགས་རྣམས་ཉིད་ཀྱི་སྤུ་རྣམས་ནི།། ལག་དང་སྤྱི་བོར་བཅིངས་པར་བྱ།། ལྗོན་ཤིང་ཡན་ལག་ལྔ་དང་ལྡན།། མི་དེ་དེ་ཡི་གཟུགས་སུ་འགྱུར་ཞེས་ཏེ་ལྗོན་ཤིང་ནི་སྐྱེ་བ་བདུན་པའོ།། དེའི་ཡན་ལག་ལྔ ་རྣམས་སུའོ།། དགོངས་པའོ།། རྣལ་འབྱོར་གོམས་ཤིང་བཟླས་པར་ལྡན།། མི་ནི་ནུས་པར་ལྡན་ཡིན་ཡང་།། དཀའ་དང་སྡིག་པ་ལ་དགའ་དེ།། དངོས་གྲུབ་ལམ་ནི་འགོག་པ་ཡིན་ཞེས་པས་སྒྲུབ་པ་པོ་གསུངས་སོ།། ་རྣལ་འབྱོར་ནི་གཉིས་སུ་མེད་པའོ།། གསུངས་པ་ཡང་ཤེས་རབ་ཐབས་ནི་སྙོམས་ཞུགས་པ།། མི་ཕྱེད་རྡོ་རྗེ་གསུམ་གྱིས་མཚན།། ཤེས་དང་ཤེས་བྱ་རྫོགས་གཅིག་ཉིད།། སྟོང་ཉིད་སྙིང་རྗེ་གཉིས་སུ་མེད།། ་དགོངས་པའོ།། དཀའ་བ་ནི་དམ་ཚིག་ཉམས་པའོ།། སྡིག་པ་ལ་དགའ་བ་ནི་མི་དགེ་པ་བཅུ་དང་རྩ་བོ་དྲང་སྦོམ་པོའི་ལྟུང་བ་ལ་སོགས་པ་ལ་རབ་ཏུ་འཇུག་པའོ།། རྩ་བའི་ལྟུང་བ་རྣམས་ཀྱང་གཤིན་རྗེ་གཤེད་ནག ་བོའི་རྒྱུད་དུ་གསུངས་པ། སློབ་དཔོན་སྨད་པར་མི་བྱ་སྟེ།། བདི་གཤེགས་བཀའ་ལས་འདའ་མི་བྱ།། དེ་བཞིན་ཁྲོས་ནས་སྤུན་རྣམས་ལ།། ཉེས་པ་བརྗོད་པར་མི་བྱའོ།། སེམས་ཅན་རྣམས་ལ་བྱམས་པའི་སེམས། ་ནཱམྦྷ་ཡང་དྲིས་པར་བཏང་མི་བྱ།། བྱང་ཆུབ་སེམས་ནི་དོར་མི་བྱ།། རང་གཞན་ཆོས་ལ་སྨང་མི་བྱ།། ཡོངས་སུ་མ་སྨིན་སེམས་ཅན་ལ།། གསང་བ་ཉིད་ནི་བསྟན་མི་བྱ།། བདག་ཉིད་ཕུང་པོ་སྨད་མི་བྱ།། ཆོས་རྣམས ་ངོ་བོ་སུན་མི་དབྱུང་།། གདུག་པའི་བྱམས་པ་རྟག་ཏུ་སྤང་།། ཆོས་རྣམས་ཉིད་ནི་བསྟན་མི་བྱ།། དོད་ལྡན་སེམས་ཅན་བསླུ་མི་བྱ།། རྟག་ཏུ་དམ་ཚིག་བསྟེན་པར་བྱ།། ཤེས་རབ་རང་བཞིན་བུད་མེད་ལ།། སྐྱོན་ཉིད་ཀྱིས ་ནི་སུན་མི་དབྱུང་།། ཞེས་སོ།། སྦོམ་པོའི་ལྟུང་བ་ཡང་གྲུབ་པའི་སྐྱོབ་དཔོན་པདྨ་མྱུ་གུའི་ཞབས་ཀྱིས། སྦོམ་པོའི་ལྟུང་བ་སྟོབས་ཉིད་ལས།། རྡོ་རྗེ་བཙུན་མོ་ལ་ཞེན་དང་།། སྟོབས་ལས་དེ་ཡི་བྱང་ཆུབ་སེམས ་དབང་བྱེད་བདུད་རྩིའི་ཆོ་ག་དང་།། ཤིན་ཏུ་གསང་བ་མི་སྦེད་ཉིད།། ཚོགས་ཀྱི་འདུས་པར་རྣོད་པ་དང་།། དད་པ་ཆེ་ལས་གསང་བའི་ཆོས།། ཕྱིན་ཅི་ལོག་ཏུ་སྟོན་པ་དང་།། ཉན་ཐོས་ལྷན་ཅིག་ཉིན་ཞག་བདུན།། རྒྱུན་མི་འཆང ་པར་འགྲོགས་པ་དང་།། རྣལ་འབྱོར་མི་ཤེས་རྣལ་འབྱོར་རྒྱགས།། དད་པ་མེད་ལ་དམ་ཚིས་སྟོན་ཞེས་སོ།། དེ་ཞེས་པ་རྩ་བའི་ལྟུང་བ་བཅུ་བཞི་དང་།། སྦོམ་པོའི་ལྟུང་བ་རྣམ་པ་དགུའོ།། ནི་ནི་གང་གི་ཕྱིར་གྱི་དོན་ཏེ། དངོས་གྲུབ་ཀྱི ་ལམ་འགོག་པར་བྱེད་པ་དེའི་ཕྱིར་སྤང་བར་བྱའོ།། གསུངས་པ་ཡང་དམྱལ་བ་ཡི་དགས་དུད་འགྲོ་རུ། ཀུན་ནས་ལྟུང་བར་བྱེད་པ་གང་།། དེའི་ཕྱིར་ལྟུང་བ་རྣམས་སུ་བཤད།། མཁས་པས་དེ་རྣམས་ཡོངས་སུ་སྤང་།། ལྟུང་བ་ལས ་སློང་བར་བྱེད་པའི་སྔགས་ཀྱང་གསུངས་པ། བཤད་པའི་རྒྱུད་དུ་ཡང་། ཨོཾ་ཤྲཱི་བུདྡྷ་ཀ་པཱ་ལི་ཀཾ་པུ་ཨཱ་ཧཱུཾ་ཌཱ་ཀི་ནི་ཛྭ་ལ་སམྦ་ར་ཧཱུཾ་ཕཊ་སྭཱ་ཧཱ། ཡང་ན་རང་གི་མིང་བཟླས་པ་ཡང་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཏུ་བཟླས་པར་བྱའོ།། འཁོར་ལོ ་བྱས་ནས་ཇི་ལྟ་བུའི་རྣལ་འབྱོར་གསུངས་པ་ལས་བླ་མ་དམ་པའི་མདུན་དུ་ཕྱག་བྱས་ནས་ལྟུང་བ་ཐམས་ཅད་ངེས་པར་འདུལ་བར་བྱེད་པའི་གསང་སྔགས་གདོན་པར་བྱའོ།། སླར་ཡང་བླ་མ་ལ་གསོལ་བཏིབ་པས། དམ་ཚིག་སྡོམ ་པ་བླང་བར་བྱའོ།། བདག་ནི་མི་ཤེས་རྨོངས་པ་སྟེ།། དམ་ཚིག་ལས་ནི་འགལ་ཞིང་ཉམས།། བླ་མ་མགོན་པོས་བདག་སྐྱབས་མཛོད།། གཙོ་བོ་རྗེ་རྗེ་འཛིན་པས་ཏེ།། ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན།། འགྲོ་བའི་གཙུལ ་བདག་སྐྱབས་མཆི། ཞེས་པ་ཐེ་ཚོམས་མེད་བྱས་ནས།། ངེས་པར་དངོས་གྲུབ་ཅན་དུ་འགྱུར་ཞེས་སོ།། བླ་མའི་རྒྱུད་ངུ་སླར་ཡང་།། ཞི་བར་འགྱུར་ཞིང་སྐལ་བཟངས་ཉིད།། རྣལ་འབྱོར་མ་ཡི་དབང་ཡང་བསྐུར།། ཐུན ་བཞིའི་གོ་རིམས་བཞིན་དུ་ནི།། ཕྱི་རང་གསངས་པའི་ཆུས་བཀྲུའོ་ཞེས།། ལྟུང་བ་ལས་སློང་བར་བྱེད་པའི་ཆོ་གའོ།། གླང་པོ་རྟ་དང་རུས་སྦྲུལ་དང་།། རྔ་མོ་ཕག་སོགས་ཅེ་སྤྱང་དང་།། བྱ་རོག་འུག་སོགས་བྱ་རྒོད་སྩོག ་ཁྲུང་ཁྲུད་བཞང་དང་ཁྭ་རྣམས་དང་།། གཟུགས་བཟུང་གཟུགས་ངནྡེ་རྣམས་ཀྱིས་ཀྱང་།། ལྕི་ཡི་གཟུགས་སུ་རེ་འགྱུར་རོ།། རྣལ་འབྱོར་ཆེན་པོ་རང་འདོད་གཟུགསྱ།། སྐྱེ་འགྱུར་འདི་ལ་ཐེ་ཚོམ་མྱེད།། འདི་ལྟ་སྡེ་ཆེ་མཆོག ་དངོས་གྲུབ་ནི།། འཇིག་རྟེན་གསུམ་ན་ཡང་མ་ཡིན།། འཇིག་རྟེན་པ་ཅན་གྱུར་པ་དང་།། འོག་མིན་གནས་གྱོ་མཐར་ཐུག་པ།། ཕྱག་རྒྱ་དཀྱིལ་འཁོར་བསྒོམ་པའོ་ཞེས་པོས་ཕན་ཡོན་གསུངས་སོ།། འོག་མིན་ནི་གཟུགས ་ན་སྤྱོད་པའི་མཐའ་སྟེ་དེའི་མཐར་ཐུག་པའི་བདག་པོ་ཉིད་དུ་འགྱུརརོ།། ས་བདུན་གྱི་དབང་ཕྱུག་ཡང་འཇིག་རྟེན་པ་ཅན་སྒྲུབ་པ་ཉིད་ལས་སོ།། ཕྱག་རྒྱ་དཀྱིལ་འཁོར་བསྒོམས་པས་ནི་དཀྱིལ་འཁོར་མངོན་སུམ་དུ་བྱས་པས ་ཀྱང་འཇིག་རྟེན་པ་ཐམས་ཅད་འགྲུབ་པར་བྱེད་དོ་ཞེས་པའོ།། བཅོམ་ལྡན་འདས་ཀྱིས་དང་པོ་མཆོག་གི་སངས་རྒྱས་སུ་གསུངས་པ། འདོད་པར་སྤྱོད་པའི་དངོས་གྲུབ་ནི།། ལས་ཀྱི་ཕྱག་རྒྱས་བསྒྲུབ་པར ་བྱ།། ཡེ་ཤེས་ཕྱག་རྒྱས་འོག་མིན་གྱི།། གནས་ཀྱི་མཐར་ཐུག་བདག་པོ་ཉིད།། གཟུགས་ཤེས་བྱའོ་ཀུན་མཁྱེན་ཉིད།། རྣལ་འབྱོར་ཆེན་པོའི་ཕྱག་རྒྱ་ཆེ།། མ་ཉམས་བསྒོམས་པས་བསྒྲུབ་པར་བྱ།། འགྱུར་བ་མེད་པའི་བདེ་བ ་ཉིད་དུ་སྐྱེ་བ་འདི་ལས་སངས་རྒྱས་ཉིད་ཅེས་སོ།། དེ་ནས་རྫོགས་པའི་རིམ་པ་ཉིད་ཀྱི་ཕག་མོ་ཡུད་ཀྱིས་བསམ་པར་བྱའོ།། ཟུང་འཇུག་མཉམ་པར་སྦྱོར་བ་ལས།། སྣང་བ་གསལ་བའི་ལས་བདེ་བའི། གོ་འཕང་རྟག ་ཏུ་མཐོང་བ་ནི།། དེ་ནི་རྒྱལ་བས་མཆོད་པར་འདོད།། ཉེར་སྤྱོད་ལྷ་ཡི་སྦྱོར་བ་ཡིས།། མྱུར་དུ་སངས་རྒྱས་ཐོབ་པར་འགྱུར།། འདིར་ནི་དཔལ་ལྡན་རྡོ་རྗེ་འཆང་།། མངོན་སུམ་འགྱུར་ཏེ་ཐེ་ཚོམ་མེད།། དབང་པོའི་དྲ་ལྟའི་འཇིག ་རྟེན་དུ།། སེམས་ཅན་ཀུན་དོན་བྱེད་པ་པོ།། རུས་སྦལ་ལུས་ནི་སྐྱོང་བ་ཅོ།། བསམ་གྱིས་མི་ཁྱབ་སངས་རྒྱས་ཆོས།། ལུང་ནི་ལྷག་པར་རྟོགས་པས་གྲུབ།། ཕྱི་ཡི་བསྟན་བཅོས་ཀྱིས་མ་བསྒྲུབས།། དེ་ཉིད་ཕྱིར་ན་འགྲོ་བའི་མགོན། ་བདེ་བ་མཆེ་ལ་ཡང་དག་བསྟེན།། མེད་པའི་ཆོས་ཅན་ལ་ནི་ཆོསོ།། སྐྱེ་བ་འདི་ནི་རབ་ཏུ་མཐོང་།། ཡིད་བཞིན་ནོར་ལྟར་མ་ལུས་པའི།། སེམས་ཅན་བསམ་པ་ཡོངས་རྫོགས་བྱེད།། ཤེས་རབ་ཐབས་གཉིས་སྙོམས ་འཇུག་པས།། ཆོས་དབྱིངས་ཀུན་ཏུ་དམིགས་པ་ལྟ།། ཐབས་ཅང་སྟོང་པ་རབ་འབྱུང་བ།། ཡེ་ཤེས་དག་པའི་ཡེ་ཤེས་ཉིད།། གང་དུས་རྫོགས་པའི་བྱང་ཆུབ་ཉིད།། སྐད་ཅིག་གཅིག་ལ་རྙེད་པར་འགྱུར།། བརྒྱ་ཕྲག་བཅཝོ་བརྒྱད ་དབུགས་རྣམས་ཀྱིས།། འགྱུར་མེད་སྐད་ཅིག་གིས་ཟོས་པས།། བདེ་གཤེགས་ས་ནི་ཀུན་འོད་འགྱུར།། ཟུང་འཇུག་རྣམ་པར་བསྒོམ་པ་པོ།། དེ་ལྟར་ཉི་ཁྲིའི་བརྒྱ་གཉིས་བརྒྱས།། རྫོགས་པའི་བདེ་སྟོང་སྐད་ཅིག་གིས།། ་བཅུ་གཉིས་པ་ནི་དེ་ནས་འགྲུབ།། ངེས་པར་སྲས་པོ་ཆེན་པོ་ཡིས།། ཐོབ་མ་ཐ་མ་མེད་ཞི་བ།། སོ་སོ་རང་རིག་མི་གཡོ་བ།། ཡང་དགེ་རྫོགས་པའི་སངས་རྒྱས་ཚུལ།། བདེ་བ་ཆེན་པོ་རང་དོན་ལྡན།། གཞན་དོན་བྱེད་ཕྱིར ་སངས་རྒྱས་ཏེ།། རྟག་ཏུ་སྙིང་རྗེ་ཅན་གྱིས་སྟོབས།། ཆོས་ཀྱི་དབྱིངས་ལ་རྟག་ཏུ་གནས།། སྐལ་ལྡན་ཆེ་གེ་ཞེས་མཐོང་ངོ་།། སྔོན་གྱི་འཕེན་པའི་དབང་དང་ནི།། རྣམ་རྟོགས་ཐམས་ཅད་བྲལ་ལས་ཏེ།། འགྲོ་བ་ནམ་མཁའི ་མཐར་ཐུག་པར།། སེམས་ཅན་དོན་ལ་རབ་ཏུ་འཇུག། མཐོང་བའི་ཡུལ་ལ་ཁྱབ་པ་ནི།། སྤྲུལ་པའི་ཡེ་ཤེས་སུ་བཤད་དོ།། ལུས་དང་ངག་ཡིད་གསང་བ་ཡི།། ལྷན་སྐྱེས་བསྒོམས་པ་རྣམས་ཀྱིས་ཐོབ།། ཇི་ལྟར་རྒྱལ་བ་སངས་རྒྱས ་ཀྱིས། བརྒྱ་བྱིན་གཟུགས་བརྙན་སོ་གས་བརྗོད་པ།། དགུ་བྱས་ངེས་པར་སྔོན་པོ་ནི།། ཆོས་ཀྱི་དབྱིངས་ནི་ངེས་པར་གསུངས།། ཇི་ལྟར་ངི་ཌཱུ་ར་ས་གནི་གཙང་མ་ལ།། ལྕི་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྡུ་། ་དེ་བཞིན་འགྲོ་བའི་སེམས་གཞི་གཙང་མ་ལ།། ཐུབ་པའི་དབང་པོ་སྐུ་ཡི་གཟུགས་བརྙན་འཆར།། ཇི་ལྟར་རྔ་བོ་ཆེ་ལས་ནི།། མ་བརྡུངས་པར་ཡང་སྒྲ་འབྱུང་འགྱུར།། དེ་བཞིན་རྒྱལ་བ་བཟོ ་མེད་པར།། སྟོན་པར་བྱེད་པ་ཡང་དག་འབྱུང་།། ཇི་ལྟར་འཇིག་རྟེན་དགེ་བའི་ལམ་འཇུག་ན།། རླུང་སྐྱེས་ཆུ་ཚར་སྦྱིན་གྱིས་འབེབས་པ་ལྟར།། དེ་བཞིན་བརྩེ་རླུང་འགྲོ་དགེ་མངོན་སྦལ་ཕྱིར།། སངས་རྒྱས་སྤྲིན་ལས ་དམ་ཆོས་ཆེར་པ་འབེབས།། ཚངས་བཞིན་ཟུག་མེད་གནས་ལས་མ་བསྐྱོད་པ།། གང་ཚེ་སྦྲུལ་པོ་རྣམ་པ་དུ་མ་སྟོན།། རྟག་ཏུ་ཉི་བཞིན་ཡེ་ཤེས་སྣང་བ་སྟེ།། རྣམ་དག་རིན་ཆེན་ཡིད་བཞིན་ནོར་བུའི་ཐུགས། ་རྒྱལ་བ་རྣམས་ཀྱི་གསུང་འདི་ནི།། བྲག་ཅ་བཞིན་དུ་ཡི་གེ་མེད།། སྐུ་ནི་ནི་མཁའ་ལྟ་བུ་སྟེ།། ཁྱབ་དང་གཟུགས་མེད་རྟག་པ་མེད།། ས་བཞིན་འགྲོ་བའི་དཀར་པོ་ཡི།། ཆོས་ཀྱི་སྨན་ན་མ་ལུས་པའི།། རྣམ་པ་ཀུན ་ཏུ་བཞིར་གྱུར་པ།། འདི་ནི་སངས་རྒྱས་ས་ཡིན་ནོ།། བརྒྱ་བྱིན་སྔ་བཞིན་སྤྲིན་དང་ཚངས་པ་ཉི་མ་ནོར་བུ་རིན་ཆེན་བཞིན།། བྲག་ཅ་ལྟ་བུ་ན་མཁའ་དང་ནི་ས་བཞི་ལྟ་བུར་དེ་བཞིན་གཤེགས་ཞེས་སོ།། སྐྱེ་བ་བདུན་པའི ་གཟུགས་ཡོངས་སུ་བསྒྱུར་བའི་ཆོ་གའོ།། ། དེ་ནས་སྦྱིན་སྲེག་ཆོ་ག་བཤད།། འཇིག་རྟེན་གསུམ་པོ་དབང་དུ་འགྱུར།། གང་གི་ཡང་དག་ཆོ་ག་ཡིས།། མྱུར་དུ་དངོས་གྲུབ་རབ་འཇུག་པ།། ་བ་ལང་ཤྭ་དང་ཆང་བསྒྲེས་ནས།། ལག་པ་གཡོན་པས་སྦྱིན་སྲེག་བྱ།། སངས་རྒྱས་ཀྱང་ནི་དབང་འགྱུར་ན།། ཕྲན་ཚེགས་མི་ནི་སྨོས་ཅི་དགོས་ཞེས་ཏེ། ཆང་ནི་བུ་ཌརམ་ལས་བྱུང་བ་སྦྲང་རྩི་ལས་བྱུང་བ་དང་རྒྱུན ་འབྲུམ་གྱི་ཤིང་ལས་སྐྱེས་པའི་གཏགས་པ་ལས་བྱུང་བའོ།། སངས་རྒྱས་ནི་མཁས་པའོ།། སྒྲ་ཇི་བཞིན་པའོ།། ཁ་ཆུ་སོ་ཤིང་དགྲ་དང་ནི།། དེ་བཞོན་རང་གི་ལུས་མཉེས་པ།། མིང་དང་མྱོས་བྱེད་སྦྱིན་སྲེག་གྲིསྟེ། ་འཇིག་རྟེན་གསུམ་ཡང་དྲོ་བང་དུ་བྱེད་ཅེས་ཏེ། ཁ་ཆུ་ནི་སྐྱུགས་པའི་མཆིལ་མོའོ།། མྱོས་བྱེད་ནི་རྩ་བ་ཅུ་བ་ལ་སོགས་པའི་རྩབ་མོའོ།། སྒྲ་ཇི་བཞིན་པའོ།། ཟླ་མཚན་ལྡན་པའི་ཁྲག་དང་ནི།། ཟློས་ནས་སྐྱུགས་པ་དག་དྲིང་ནི།། མི་ཡི ་སྒྱུ་དང་ལྡན་པ་ཡི།། སྦྱིན་སྲེགྶ་གཱི་ནཱི་འགུགས་པར་འ་གྱུར།། སྒྲ་ཇི་བཞིན་པའོ།། རང་གི་ལུས་ལས་ཟོས་པ་སྐྱུགས།། ནིནཱ་པའི་ཤིང་ལ་མེ་སྦྱར་ནས།། མཁས་པས་རང་སྒྲའི་སྦྱིན་སྲེག་བྱ།། མོད་ལ་མཆོག་ཏུ་སྣང ་བཱིར་གྱུར་ཞེས་ཏེ་རང་གི་ལུས་ནི་ཁྱིའོ།། སྐྲྀ་ནི་སྒྲུབ་བྱ་ཡིའོ།། མཁས་པ་ནི་ལས་རབ་འབྱམ་ཤེས་པའོ།། སྠཱ་ཇི་བིནན་པའོ།། སྤྱི་བྱེད་མེ་ལ་བརྒྱད་བརྒྱར་ནི།། ཚ་བའི་ཏིལ་མར་གྱིས་བཾ་སྲེས་པས།། བྱ་རོག་གཤེགས་པས ་སྦྱིན་སྲེག་བྱ།། ངེས་པར་དཕྲལ་དུ་སྤྲོད་པར་འགྱུར།། མི་ཡི་ཤ་ནི་ཁྲག་དང་ལྡན།། ར་ཅན་དུག་དང་མཉམ་ལྡན་པ།། མཆི་ན་མོ་དུར་ཁྲོད་སྦྱིན་སྲེག་བྱ།། དགྲ་བོ་མྱུར་དུ་གསོད་པར་འགྱུར།། ཞེསཽ་ཏེ་མཚན་མོ་ནི་ཐུན ་གཉིས་པ་ལའོ།། གསུངས་པ་ལ་ཡང་ཞི་བ་ཅན་ན་སྐང་ལ་བྱ།། དེ་ནས་ཐོ་རངས་རྒྱས་པ་ནྡན།། ཉི་མ་གུད་དང་མཚན་ཕྲེང་ལ།། དབང་དང་བསྐྲད་པ་ལ་སོགས་སོ།། དཀོན་མཆོག་གླུསམྦྷ ་ལྔ་སོགས་པ་ལ།། གནོད་པ་བྱེད་པའི་དགྲ་བོ་ལ་སྟེ་ཉེས་པ་བྱུང་དུས་མི་བྱ་སྟེ་དངོས་གྲུབ་ཉམས་པར་འགྱུར་རོ།། སྒྲ་ཇི་བཞིན་པའོ།། རྗེ་སྤྱང་ཤ་ཡཾ་སྲེག་བླུགས་བརྒྱ།། ཡང་དག་སྦྱིན་སྲེག་བྱེད་པའི་མི།། དེ་ནི ་སྲིང་འཚོར་བར་དུ།། ལག་ཏུ་དཔལ་འོངད་ཐེ་ཚོམ་མེད།། ཙོས་ཏཽ་མི་ནཱ~ཾ་ཤར་དུ་མངོན་པར་ཕྱོགས་པའོ།། ཡང་དག་པ་ནི་རྒྱུས་པ་ཅན་གྱིས་ཚིགས་སོ།། བྷརྨྨ་ནི་བརྒྱུད་ལྷག་པ་དང་བོཅས་པའོ།། སྒྲ་ཇི་བཞིན་པའོ།། ་འགའ་ཞིག་མྱོས་བྱེད་དང་ལྡན་པའི།། ཤ་ཆེན་དག་གིས་སྦྱིན་སྲིད་བྱེད།། སྒྲུབ་པོ་མཆོག་ནི་ཐུན་གསུམ་དུ།། ཇི་སྲིད་བརྒྱ་རྩ་བརྒྱད་ཀྱི་བར།། ཇི་སྲིད་འཚོ་བོར་ས་ཀུན་ལོ།། སྤྱོད་པར་འགྱུར་བར་ཐེ་ཚོམ་མེད།། དེ ་བཞིན་ཟླ་བ་གསུམོ་སྟེང་དུ།། སྐད་ཅིག་ཉིད་ལ་དབུལ་བ་འཇིག་ཅེས་ཏེ་ཇི་སྲིད་ཅེས་པ་ནི་རྟག་ཏུའོ།། སྤྱོད་པར་འགྱུར་ཞེས་པ་ནི་རྣམ་བརྒྱས་པ་དང་ལྡན་པར་འགྱུར་རོ།། སྐད་ཅིག་ལོས་ནི་སྟོང་ཐོབ་པ་ལའོ།། སྒྲ་ཇི་བཞིན ་བཚ། གསང་སྔགས་དུས་ཀུན་ཐོས་བྱེད་པ།། ངལ་བདུད་ནི་ཡང་མ་ཡིན།། ལྷ་རྣམས་མས་ཅད་ཀྱི་སྐེམས་ནས་ནི།། ཐུན་ཚོང་གཉིས་སུ་སྦྱིན་སྲེག་བྱ།། དེ་ལ་མཁའ་འགྲོས་རྒྱལ་སྲིང་།། སྩོལ་གྱུར་འདི ་ནི་ཐེ་ཚོམ་མེད།། རང་གི་ལུས་ནི་འདི་ཉིད་ཀྱིས།། མཁའ་ལ་སྤྱོད་པའི་འགྲོ་འཕང་ཐོབ།། ཅེས་པ་ནི་ཕན་ཡོན་གསུངས་པའོ།། དུས་ཀུན་ནི་སྤྱོད་ལམྦྷ་བཞི་པོ་ཐམས་ཅད་དུ་བཟླས་པར་བྱ་ཞིང་མཆོད་པར་བྱའོ།། སྔགས ་ནི་གང་ལ་ལྕི་ཞིག་།། ཁྱཱ་ནི་མཁའ་འགྲོ་ལྔ་ལ་སྩོགས་པའི་སྔགས་ཏེ་མངོན་བརྗོད་དུ་གསུངས་པ་རྟོགས་པར་བྱའོ།། ཨོཾ་བཛྲ་ཌཱ་ཀཾ་རྦཧཱུ~ཾ་ཕཊ་ཨོཾ་བུདྡྷ་ཌཱ་ཀཱཉྩཾ་ཧཱུཾ་ཕཊ། ཨོཾ་རཱཏྣ་ཌཱ་ཀ་ཎཾ་ཧཱུཾ་ཕཊ། ཨོཾ་པདྨ་ཌཱ་ཀ་ནི་ཎུ ་ཨོཾ་བཻ་ཤྭཌྜྷྱ་ཀ་མ~ཾ་ཧཱུ~ཾ་ཕཊ། ཉེ་བའི་སྙིང་པོ་ལྔ་སྟེ་ཐམས་ཅད་གཅིག་ལེ་ནའོ་ཞེས།། རྒྱལ་སྲིང་ནི་འབྱོར་པའོ།། གསུངས་པ་ཡང་མཆོད་ལ་བརྩོན་པས་མཆོད་པར་འགྱུར།། བེཟླས་ལ་བརྟེན་པས་རྣམ་པར་དག། ་མེ་སྦྱིན་སྲེག་བརྩོན་པས་འབྱོར།། བསམ་གཏན་བརྟེན་པས་ཐར་པ་ཐོ་ཅེས་སོ།། རང་གི་ལུས་ནི་མཆོག་ཏུ་བྱུང་བ་ལུས་མེད་པ་འོད་གས་ལ་བྱའོ།། འདི་ཉིད་ཀྱིས་ནྡྷི་སྐྱེ་བ་འདི་ཧཱུ~ཾང་ངོ་།། མཎྜའ་སྒྲ་ནི་ནམའ ་འགྲོ་བའོ།། གོ་འཕྲེང་ནི་སངས་རྒྱས་ཉིད་རྟག་པའོ།། གསུངས་པ་ཡང་གོ་འཕང་རྟག་པ་འགྲོ་གསུམ་དུ།། མི་རྟག་གོ་འཕང་ཀུནྡ་ཏཱའོ།། ཐོབ་པར་འགྱུར་ནི་ལས་ཀྱི་ལུས་ཅན་ནོ།། སྒྲ་ཇི་བཞིན་པོའོ།། ཅེ་སྦྱང ་ཤ་དང་མྱོས་བྱེད་ཀྱིས།། ཕྱི་དང་ནང་གི་སྦྱིན་སྲེག་གིས།། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ།། སྒྲུབ་པས་རྒྱུད་དུ་བརྗོད་པ་ཡོ་ཞེས་ཏེ།། ཅེ་སྤྱང་མི་རྟག་འགྲོ་འཕང་ཀུན་དུའོ།། ཐོབ་པར་འགྱུར་ནི་ལས་ཀྱི་ལུས་ཅན ་སྒྲ་ཇི་བཞིན་པའོ།། ཅེ་སྤྱང་ཤ་དང་མྱོས་བྱེད་ཀྱིས།། ཕྱི་དང་ནང་གི་སྦྱིན་སྲེག་གིས།། སྒྲུབ་པོས་རྒྱུད་དུ་བརྗོད་པ་ཡི།། ལས་རྣམས་ཐམས་ཅད་བསྒྲུབ་པར་བྱ་ཞེས་པ་སྟེ་ནེ་སྤྱང་ནི་ཅེ་སྦྱང་ངོ་།། ལས་རྣམས་ཐམས ་ཅད་ནི་ཞི་བ་ཅན་ལ་སོགས་པ་བརྒྱད་དང་དངོས་གྲུབ་ཆེན་པོ་རྣམས་སོ།། སྦྱིན་སྲེག་གིས་ནི་ཐོབ་ཏུ་དོང་ལྟ་བར་ཡང་བླུགས་གཟར་ལ་སོགས་པས་དང་ལག་པས་ཀྱང་བསྒྲུབ་པར་བྱའོ་ཞེས་པ་ངེས་པའི་དོན་ནོ།། གཽ་ཞེས ་པ་དབང་པོ་རྣམས་སོ།། ཤྲ་ནི་གསུངས་པ་ཡང་མཱཾ་ཞེས་མཱ་མ་ཀིར་རབ་བརྗོད།། ས་ཞེས་རྫོགས་པའི་བྱང་ཆུབ་གསལ།། དགོངས་པའོ།། མྱོས་བྱེད་ནི་ལྷན་ཅིག་སྐྱེས་དགྲའོ།། སོགས་པའི་སྒྲ་ལས་དགའ་བ་གསུམ ་པོ་རྒྱུར་གྱུར་པའོ།། སྦྱིན་སྲེག་གིས་ནི་ལྷན་ཅིག་སྐྱེས་པ་སྟོང་པར་བསྒོམས་པས་སོ།། ནང་གི་ཞེས་པ་ཐམས་ཅད་སྟོང་པ་བདེ་བ་ལའོ།། ཕྱི་དང་ཞེས་པ་ཀུན་རྫོབོ་ཀྱིས་བདེན་པསོ།། ལས་རྣམས་ཐམས་ཅད་ཅེས་པ་འགྲོ ་བའི་དོན་བྱེད་པ་སངས་རྒྱས་ཉིད་དོ།། གསུངས་པ་ཡང་སངས་རྒྱས་ཉིད་ནི་ཡེ་ཤེས་དང་ཐུགས་རྗེ་དང་རུས་པར་ལྡན་པ་དྲོན་གཉིས་མཁྱེན་པའོ་ཞེས་ཏེ་ངེས་པའི་དོན་ནོ།། རྒྱུད་དུ་ནི་ཤེས་རབ་དང་ཐབས་དག་གིས་གཞུང ་ཡང་དག་པར་སྦྲེལ་བ་རྣམས་སུ་སྟེ་དེར་རྒྱལ་བས་གསལ་བར་བྱེད་པ་རྣམས་ནི་འདུས་པ་ཕྱི་མ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་ཉི་ཤུ་རྩ་བཞི་དང་རྣལ་འབྱོར་མའི་རྒྱུད་རྣམས་ཀྱང་སྒྲ་དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་དང ་མངོན་པར་བརྗོད་པ་བླ་མ་དང་།། ན་མཁའ་དང་མཉམ་པ་དང་།། ཀུན་སྤྱོད་དང་རྡོ་རྗེ་མཁའ་འགྲོ་དང་རི་གི་ཨ་རལླི་དང་རྡོ་རྗེ་ཨ་རལླི་དང་དཔལ་ཧེ་རུ་ཀ་མངོན་པར་བརྗོད་པ་དང་། རིག་པ་རྒྱ་མཚོ་དང་གསང་བ་རྒྱ་མཚོ་དང་།། རལ་པ ་གྱེན་མ་རྫེས་ཕྱི་མ་དང་།། ཁ་སྦྱོར་འབྱུང་བའི་རྒྱུད་རྣམས་སུ་རྟོགས་པར་བྱའོ་ཞེས་པ་སྒྲ་ཇི་བཞིན་པའོ།། ད་ནི་ཐབས་གསུངས་པ།། ཞི་ལ་ཐབས་ཁུང་ཟླུམ་པོ་རུ།། སྒྲུབ་པོས་སྦྱིན་སྲེག་བྱ་བ་ཡིན་ཞེས་བྱ་བ་ལ་སོགས་པསོ།། ་རྡོ་རྗེ་ཨ་རལླིར་ཡང་ངེས་པ་རོ་སྟན་པ།། ཁྲུ་གང་བ་ཡི་ཚོད་ཅིམ་ལ།། སྔགས་པས་ཁྲུ་ཕྱེང་བརྐོ་བར་བྱ།། མཁས་པས་ཤིན་ཏུ་དཀར་བ་ཡི།། རྡུལ་ཚོན་ལྡན་པས་ཐབ་ཁུང་བྱ།། དྭེར་ནི་ཤ་ལ་སོགས་པ་དང་།། གསུངས ་པའི་སྔགས་ཀྱིས་སྦྱིན་སྲེག་བྱ།། མེ་ནི་རང་གི་ལྷ་ཡི་གཟུགས།། འདོད་དོན་ཐམས་ཅད་སྒྲུབ་བྱེད་ཡིན་ཞེས་སོ།། འདིར་ཐམས་ཅད་དུ་ཐབ་ཁུང་གི་ཕྱེད་ཀྱི་ཆེད་བརྐོ་བར་བྱའོ།། ཐོབ་ཁུང་གི་དྲུག་ཆ་ནི་ཁ་ཁྱེར་ཏེ་ཐབ་ཁུང་གི་རྣམ ་པའོ། ཐབ་ཁུང་གི་བཅུ་གཉིས་ཆ་ནི་མཆུ་སྟེ་ཐད་ཀར་འབྱུང་བའོ།། གང་གི་ཚེ་ན་རྡུལ་ཚོན་དུ་གྱུར་པ་དེའི་ཚེ་ན་དཔངས་ངེས་པ་མེད་དྲོ།། སྒྲ་ཇི་བཞིན་པའོ།། རྒྱས་པའི་སྦྱིནི་སྲེག་གྲུ་བཞི་རུ།། གསལ་ལ་གཞུ་ཡི་རྣམ་པ་རུ།། ་ཟུར་ལྔར་ཡང་དག་བཤད་པ་ལ།། སླར་ཡང་རྣམ་པར་ལྡེང་དང་བསྐྲང་།། དབང་ལ་ཟུར་གསུམ་པ་ཡི་ཐབ།། དགུག་པ་ལ་ནི་ཟུར་བདུན་དུ།། རྨོངས་པའི་སྦྱིན་སྲེག་སུར་དྲུག་ཏུ།། རེངས་པ་ལ་ཡང་ཟུར་བརྒྱད་ལ།། ་ཐབ་ཁུང་མཚན་ཉིད་ཤེས་ནས་ནི།། དེ་ནས་མེ་ལ་སྦྱིན་སྲེག་བྱིན་ཞེས་སོ།། འདིར་ཐམས་ཅད་དུ་མེ་ཏོག་དང་གོས་ལ་སོགས་པ་ལས་ཀྱི་རྗེས་སུ་འབྲངས་པས་དཀར་པོ་ལ་སོགས་པར་ཤེས ་པར་བྱའོ།། སྔགས་ནི་མཆོག་ཏུ་གསང་ཆེན་ལ་ཡང་བརྗོད་པ་ཉིད་མ་ཡིན་པོའི་ཕྱིར་འདིར་མི་བརྗོད་དོ།། འདིར་ཞི་བ་ལ་དཀར་པོའི་ཞལ་འཛུམ་པ་དང་བཅས་སྔོན་མ་གཙོ་བོ།། ཐུན་དང་པོ་ལའོ།། དཔའ་བོ་གཅིག ་པ་ཡང་རུང་། རྒྱས་པ་ལ་དཀར་པོ་དང་སེར་པོ་མཚུངས་པ་གཉིས་པ་ལ་འགྱུར་རོ།། དེ་བཞིན་དུ་རེངས་པ་ལ་སེར་པོ་རེངས་པ་གསུམ་པ་ལའོ།། དེ་བཞིན་དུ་རྨོངས་པ་ལ་སེར་པོ་དང་དམར་པོར་འགྱུར་རོ།། དེ་བཞིན་དུ ་དགུག་པ་ལ་ཆགས་པ་དང་བཅས་པ་དམར་པོ་ལྔ་པ་ལ་འགྱུར་རོ།། དེ་བཞིན་དུ་དབང་ལ་དམར་པོ་དང་ནག་པོ་དྲུག་པ་ལའོ།། དེ་བཞིན་གསང་བ་ལ་ནག་པོའི་ཞལ་བདུན་པ་ལའོ།། སྐྲོད་པར་བྱེད་པ་ནི་དཀར་པོ་དང ་ནག་པོ་བརྒྱད་པ་ལའོ།། བསྒྲུབ་པར་བྱའོ་ཞེས་པ་ཁྲོ་བ་དང་བཅས་པའོ།། ཡང་ན་ཐུན་ཕྱེད་པའི་དབྱེ་བས་བྱའོ།། ཡང་ན་ཐུན་མཚམས་བཞིའི་དབྱེ་བས་ལས་རྣམས་ཏེ་སྣ་མིའིཐུན་མཚམས་ལ་ཞི་བའོ།། ཉི་མ ་གུང་ལ་རེངས་པའོ།། ནུབ་པར་གྱུར་པ་ལ་དགུག་པའོ།། མཚན་མོ་ཕྱེད་ལ་བསད་པའོ།། སྒྲ་ཇི་བཞིན་པའོ།། དཔྲལ་འབྲས་པ་ལཱ་ཤ་དང་ནི།། ཨུ་དུམྦ་ར་འམ་ཨ་ཤཱ་བ་ནི་ཡ་མ་ཤིང་ངོ་།། དེ་ནས་གསང་སྔགས ་གྲུབ་པར་འགྱུར་ཞེས་པས་སྲེག་རྫས་གསུངས་སོ།། གསུངས་པ་ཡང་གསང་སྔགས་བཟླས་པས་འགྲུབ་པར་འགྱུར།། ཚོགས་བནྡྷ་ཚྭའི་སྦྱིན་སྲེག་ལས་ཞེས་སོ།། འདིར་ཐམས་ཅད་དུ་དང་པོར་སྔགས་བསྒྲུབ་པའི་ཆེད ་ཡི་གེ་གསུམ་གྱི་གསང་སྔགས་ཀྱི་བདག་པོ་བཟླས་པ་དང་སྦྱིན་སྲེག་ལ་སོགས་པ་བསྒྲུབ་པར་བྱའོ།། དེ་བཞིན་དུ་ལྷན་ཅིག་སྐྱེས་པའི་བསམ་གཏན་དང་བསམ་གཏན་གཞན་བསྒྲུབ་པའི་ཆེད་དུ་དང་པོར་བསྣུན་པར་བྱའོ། ་རྣམ་པ་གཞན་དུ་དངོས་གྲུབ་མེད་དོ།། དཔལ་དུས་ཀྱི་འཁོར་ལོའི་ཡང་གསུངས་པ།། སྔགས་དང་གཟུགས་བརྙན་མ་གྲུབ་པར་ནི་སྙིང་གསུམ་གནས་སུ་ཅི་ཡང་འགྲུབ་འགྱུར་བ་ཉིད་མ་ཡིན།། དེ་ཕྱིར་རྒྱལ་པོ ་རང་སེམས་དྲི་མ་རྣམ་པར་བྲལ་བ་དག་ལ་སྔགས་དང་གཟུགས་ནི་བསྒྲུབ་པར་བྱ་ཞེས་སོ།། དེ་བཞིན་དུ་སྲོག་གི་རླུང་རྡོ་རྗེ་བཟླས་པ་འམ་མ་ནིང་གི་བཟླས་པས་སེ་སྲོག་རྩོལ་ལ་སོགས་པས་ལས་རབ་འབྱམ་གྱི ་དོན་དུ་དབུ་མར་རབ་ཏུ་གཞུག་པར་བྱའོ།། སྲོག་གིས་བསྒྲུབས་པ་ལས་རྣམ་པ་གཞན་དུ་ལས་གྲུབ་པ་མིང་དེ་ཞེས་པངེས་པའོ།། གསལ་ལོ་སྦྱིན་སྲེག་གི་ཚེ་གའོ།། དེ་ནས་འདི་ལས་ཡེ་ཤེས་ཀྱི།། འཁོར་ལོ་དགུག ་པ་མཆོག་འཆང་བྱེད།། ཕྱག་རྒྱ་བཅིང་དང་ལག་པར་དགེ་།། དེ་ནས་ཡན་ལག་དགོད་པ་སོགས།། དཔའ་དྲུག་མཉམ་པར་སྦྱོར་བ་ཡིས།། མཁའ་འགྲོ་མ་ཡི་དྲ་བ་སྡོམ་ཞེས་པ་ལ་སོགས་པས་ཡེ་ཤེས་དགུག ་པ་ལ་སོགས་པ་མདོར་སྟོན་ཏེ་དམ་ཚིག་སེམས་དཔའ་རྫོགས་ནས་ཡེ་ཤེས་ཀྱི་འཁོར་ལོ་ཛཿཧཱུཾ་བཾ་ཧོཿཞེས་པ་ལ་སོགས་པས་རབ་ཏུ་གཞུག་པར་བྱའོ།། ཞེས་པ་ཡང་ནའོ་དྲང་བའི་དོན་ནོ།། ་ཡེ་ཤེས་སེམས་དཔའ་ནི་གཞོན་ནུ་མ་དང་རབ་ཏུ་འགྲོགས་པའི་ཁུ་བ་སྟེ། དེའི་དགུག་པ་ནི་སྲོག་ལ་སོགས་པའི་རླུང་གི་ཚོགས་ཀྱིས་བྱེད་དོ།། སྤྱི་བོར་བྱང་ཆུབ་ཀྱི་སེམས་ཡོངས་སུ་རྫོགས་པར་བྱེདོ་ཞེས་པའི་དོན་ནོ།། ་དེ་མེས་ཞུ་བར་གྱུར་ནས་ཐིག་ལེའི་གཟུགས་ཀྱིས་མགྲིན་པ་དང་སྙིང་ག་དང་ལྟེ་བ་དང་གསང་བར་རབ་ཏུ་འཇུག་པར་བྱེད་དོ།། ས་ནི་དེའི་བཅིང་བ་བྱིང་ངོ་།། ཆུའི་ཁམས་ནི་ལུས་ལ་གསལ་བ་ཉིད་དུ་བྱེད་དོ།། སླར་ཡང ་གནས་དེ་ནས་སྟེང་དུ་བགྲོད་པའི་དོན་དུ་རྒྱུ་མཐུན་པའི་བདེ་བ་ཉིད་དོ།། སྤྱན་མ་ལ་སོགས་པས་རྡོ་རྗེའི་ཀླུ་རྣམས་ཀྱིས་རབ་ཏུ་རྟོགས་པར་བྱེད་དོ།། ལྟེ་བ་ལ་སོགས་པ་ནས་དེ་ལྟ་བུ་ལ་སོགས་པ་རྣམས་ཀྱིས་བསླངས ་ནས་བདེ་བ་ཆེན་པོ་དྲི་མ་མེད་པ་ཉིད་དུ་གྱུར་པས་ཕུང་པོ་ལ་སོགས་པ་སྒྲིབ་པོ་མྱེད་པར་བྱེད།། དེ་ནས་རྣལ་འབྱོར་པ་རྣམས་ཐམས་ཅད་མཁྱེན་པའི་གོ་འཕང་དུ་འགྱུར་རོ།། ཞེས་པ་ངེས་པའི་དོན་ནོ།། ཕྱག་རྒྱ་སྟེ་དྲ་བའི་ཕྱག ་རྒྱ་དང་སྡོམ་པ་འཆད་པར་བྱེད་དོ།། ཞེས་པ་རྣལ་འབྱོར་རོ།། སྒྲ་ཇི་བཞིན་པའོ།། སྡོང་པོ་ལ་ནི་རྡོ་རྗེ་སེམས།། ལྕུག་མར་རྣམ་པར་སྣང་མཛོད་གནས།། པདྨ་གར་དབང་གུང་མོ་ལ། ཧེ་རུ་ཀ་ནི་མིང་མེད་གནས།། མཐའ་ལ་ནམ ་མཁའ་སྙིང་པོ་ཡང་།། རྟ་མགྲིན་ལག་པའི་མཐིལ་དུའོ།། དཔལ་མོ་ཆེ་སོགས་པོ་ཉ་མོ།། ལག་པ་གཡོན་པར་དེ་བཞིན་ཉིད།། ཞེས་ཏེ་ལག་པ་ལ་དགོད་པ་གཞན་རྒྱས་པར་འཆད་དོ།། ལག་པ་གཡས་པ་ལ་སྟེ་སྒྲ་བཞིན་པའོ།། ་མཛུབ་མོ་ལྕགས་སྒྲོགས་ལྟ་བུར་སྦྲེལ།། འོག་ཏུ་མཐེ་བོང་ངེས་པར་སྦྱར།། གུང་མོ་དག་ནི་ཁབ་ལྟར་བྱ།། མིང་མེད་ལ་སོགས་རབ་ཏུ་བརྐྱང་།། འབར་བའི་ཕྱག་རྒྱ་མགོར་བཞག་ནས།། རྐང་པ་ཅིག་མནན་གྱེན་དུ་བལྟ།། ཀུན་དུ ་བསྐོར་ཞིང་རྣམ་བསྐོར་བས།། དེ་ནས་པོ་ཡིག་བསྒྲག་པར་བྱ།། ཡེ་ཤེས་འཁོར་ལོ་མཉམ་བཀུག་ནསོ།། དམ་ཚིག་འཁོར་ལོ་རབ་བཞུག་བྱ།། ཞེས་པས་ཕྱག་རྒྱ་རྒྱས་པར་བསྟན་ནོ།། དམ་ཚིག་དེ་ཉིད་ནི་རྣལ་འབྱོར་དང་རྗེས་སུ་རྣལ ་འབྱོར་དང་ཤིན་ཏུ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གང་ཡང་རུང་བས་རྫོགས་པ་སྟེ་ཕྱི་རོལ་དུ་བྱིས་པ་སྐྱེས་པ་ཙམ་ནི་དམ་ཚིག་གི་འཁོར་ལོ་ཞེས་སུ་བརྗོད་པར་བྱའོ།། དཔའ་དྲུག་མཉམ་པར་སྦྱོར་བ་ཡི།། ཡན་ལག་དྲུག་ཏུ ་བཞིན་རིམ་ཞེས་པ་ནི་དང་པོར་ཡན་ལག་དགོད་པ་གསུངས་ཏེ་གསལ་ལོ།། འབྱུང་མོ་དྲུག་མཉམ་སྦྱར་པོ་ཡིས།། གོ་ཆུ་གཉིས་པར་བཤད་པ་ཡིན།། ཕག་མོ་པོ་ཉུ་གཤིན་རྗེ་མ།། དེ་བཞིན་རྨོངས་བྱེད་སྐྱོང་བྲེད་མ།། སྐྲག་བྱེད་གཏུམ ་མོ་ཕོ་ཉ་མོ།། ཡན་ལག་དྲུག་ཏུ་ཇི་བཞིན་རིམ་ཞེས་པས་དང་པར་ཡན་གོ་ཆ་གཉིས་པ་གསུངས་ཏེ་གསལ་ལོ།། མགོ་བོ་སོགས་ལ་རབ་གཏུམ་སོགས་སཾ།། པོ་ཉ་མོ་ནི་ཉི་ཤུ་བཞི།། གོ་ཆ་གསུམ་པར་བཤད་པ་ཡིན།། སྒྲུབ ་པའི་ཕྱིར་དུ་རྣལ་འབྱོར་བདག་ཅེས་སོ།། གོ་ཆ་ཞལ་གྱིས་དགོད་པ་གསུངས་པ་རྣལ་འབྱོར་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་རྣམས་ཀྱིས་བརྟགས་པ་ཨུཾ་ཡིག་གིས་རྫོགས་པར་བསྒོམ་པ་རྣམས་ཀྱི་ཀུན་རྫོབ ་དང་དོན་དམ་པཱ་བདེན་པ་གང་གིས་སོ།། དེའི་ཕྱིར་ཡན་ལག་བཞིས་ཧེ་རུ་ཀ་བསྒོམ་པར་བྱའོ།། དེ་བཞིན་དུ་ཡང་གསུངས་པ་ཇི་ལྟར་མངལ་དུ་ལུས་རྫོགས་པ་དེ་བཞིན་དུ་ལྷ་བསྐྱེད་པ་ལ་དཀྱིལ་འཁོར་རྒྱལ་པོ་མཆོག་བསྙེན་པའི་ཡན ་ལག་གོ། དེ་བཞིན་དུ་ལས་རྒྱལ་པོ་མཆོག་ཉེ་བར་བསྒྲུབ་པའོ།། ཐིག་ལེའི་རྣལ་འབྱོར་ནི་སྒྲུབ་པའོ།། ཕྲ་མོའི་རྣལ་འབྱོར་ནི་སྒྲུབ་པ་ཆེན་པོ་སྟེ་ངག་དང་ཁུ་བའི་བདེ་བ་རྫོགས་པའོ་ཞེས་སོ།། ད་ནི་ནང་གི་པུ་ཡིག་ལ་སོགས་པ ་ཉི་ཤུ་རྩ་བཞི་པོ་རྣམས་ཀྱི་ཤེས་རབ་དང་ཐབས་ངག་གིས་གནས་ལ་སོགས་པ་རྣམས་ཀྱི་ཡི་གེ་རྣམས་གཞོམ་དུ་མེད་པ་དང་ཟླ་བ་དང་ཐིག་ལེས་བརྒྱན་པ་དག་གི་དགོད་པ་བརྗོད་པར་བྱ་སྟེ། མགོ་བོར་བུ་བརྟགས་པ་རྣལ་འབྱོར ་པས་དགོད་པར་བྱའོ།། དེ་བཞིན་དུ་གཏུག་ཏོར་དུ་ཛཱ་མོ་རྣ་བ་གཡས་པའི་སྟེང་དུ་ཨོཾ་མོ་མགྲིན་པའི་རྒྱུ་བ་ཏཱ་ཨོཾ་།། རྣ་བ་གཡོན་པའི་སྟེང་དུ་གོ་ངོ་།། སྨིན་མིའི་དབུས་སུ་རཱཾ་ངོ་།། མིག་གཉིས་ལ་དོ་ནི།། ཕྱཝ་བཱ་དགུ་ལ ་མཱཾ་མོ་ཞེས་པ་གནས་དང་ཉེ་བའི་གནས་སུའོ།། མཆན་ཁུང་གཉིས་ག་དོ། ནུམ་འི་སུ་མ་།། ལྟེ་བར་ཏྲེ་མོ་སྣའི་རྩེ་མོར་ཀ~ཾ་།། ཞེས་པ་ཞིང་དང་ཉེ་བའི་ཞིང་གཉིས་སུའོ།། ཁ་ལ་ཀཾ་ངི་མགྲིན་པར་ལ་མོ།། སྙིང་གར་གཾ་ངོ་རླིག་པར་ཧི་མོ།། ་འདུན་རྟོགས་དང་ཉེ་བའི་འདུན་རྟོག་དག་ལའོ།། རྟགས་ལ་བྲོ་མོ་བཤད་ལམ་དུ་གྲྀ་ངོ་།། བརླ་དག་ལ་ས~ཾ་ངོ་།། བྱིན་པ་དག་ལ་སུཾ་མོ་རྐང་པའི་སོར་མོ་རྣམས་ལ་ན་མོ་རྐང་པའི་རྒྱུ་བ་དག་ལ་སཽ་མོ།། རྐང་པའི་ཐེ་བོང་དག་ལ་མཾ་མོ།། ་པུས་མོ་དག་ལ་ཀུ་མོ།། ཞེས་པ་འདུས་པ་ཅན་དང་ཉེ་བའི་འདུས་པ་ཅན་དང་། དུར་ཁྲོད་དང་ཉེ་བའི་དུར་ཁྲོད་དེ་བཞིའོ།། ཞེས་པ་དྲང་བའི་དོན་ནོ།། ཉི་ཤུ་རྩ་བཞི་ནི་ཀུན་སྤྱོད་དུ་ལུས་ཀྱི་ཁམས་ནི་ཉི་ཤུ་བཞི་དཔའ་བོ་རྣམས་སུ ་བརྟགས་པའོ་ཞེས་ཏེ་ངེས་པའི་དོན་ནོ།། མགོ་བོ་ལ་སོགས་པར་དགོད་པའི་ཆོ་གའོ།། དེ་ནས་ས་དང་ཕ་རོལ་དུ་ཕྱིན་པ་བཅུ་རྣམས་རྣམ་པར་སྦྱད་པར་བྱ་སྟེ་དེ་བཞིན་ཞེས་བྱ་བ་ལ་སོགས་པས་ས་བཅུ་གསུངས་པ་གནས་རིབ་ཏུ་དགའ ་བའི་ས།། དེ་བཞིན་ཉེ་གནས་དྲི་མ་མེད།། ཞིང་ནི་འོད་བྱེད་ཤེས་པར་བྱ།། ཉེ་བའི་ཞིང་ནི་འོད་འཕྲོར་བཤད།། འདུན་རྟོག་ཤིན་ཏུ་རྒྱལ་དཀའ་བ།། ཉེ་བའི་འདུན་རྟོགས་མངོན་གྱུར་ཉིད།། འདུས་པ་ཅན་ཡང་རིང་དུ་སོང་།། ལྕི་བའི ་འདུས་ཅན་མི་གཡོ་བ། དུར་ཁྲོད་ལེགས་པའི་བློ་གྲོས་ས།། ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན་ཞེས་ཏེ།། གནས་ཞེས་པ་ཕྱི་རོལ་དུ་གླིང་བཞིའོ།། ཉེ་བའི་གནས་ནི་ཉེ་བའི་གླིང་བཞི་པོ་རྣམས་སོ།། གཞན་སྔར་གསུངས་པས་ཤེས ་བར་བྱའོ།། རབ་ཏུ་དགའ་བོ་ནི་བྱང་ཆུབ་སེམས་དཔའི་སའོ།། ཕྱི་རོལ་དུ་ལུས་ལ་སྤུ་ལ་སོགས་པ་གཞན་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ།། དེ་བཞིན་དུ་ལུས་ལ་པགས་པ་ད་ཤི་ནི་དྲི་མ་མེད་པའོ།། རོ་དང་མུ་རུས་པ་དང ་རྐང་རྩ་དང་སྲོག་དུས་ཀྱི་མེ་དང་ཆགས་པའི་ཁམས་ཏེ་རིང་དུ་སོང་བ་སྒྲ་ཅན་དང་ཉི་མ་དང་ཟླ་བ་ཞེས་པའོ།། དེ་ལྟར་སྒྲ་དང་སྒྲ་ལ་སོགས་པ་ནས་ཟླ་བའི་མཐར་ཐུག་པ་སྒྲིབ་པ་མེད་པ་རྣམས་ས་བཅུར་གསུངས་པ ་རྣམས་སོ།། གསུངས་པ་ཡང་མགོན་པོ་ས་བཅུའི་དབང་ཕྱུགས་ནི།། འདི་རྣམས་ཀྱིས་རོལ་གཞན་མི་གསུངས།། དེ་བཞིན་དུ། དགོངས་པས་ཕ་རོལ་ཕྱིན་པ་བཅུ།། རྣལ་འབྱོར་མ་ཡི་ཀླ་ཀློའི་སྐད།། ཧེ་རུ་ཀ་དཔལ་རྣལ ་འབྱོར་ཆེ།། དཔའ་བོའི་ཡན་ལག་བརྟན་གཡོའི་བདག་ཅེས་ཏེ། བརྟན་གཡོ་ནི་ཁམས་བཅུར་གསུངས་པ་དེ་ཉིད་སྒྲིབ་པ་མེད་པ་ལས་དཔལ་ཧེ་རུ་ཀའི་ཡ་གཽ་ཏུ་འགྱུརརོ།། བཅོམ་ལྡན་འདས་ཀྱིས་ཀྱང་གསུངས་པ་ལུས་ལས་མ ་གཏོགས་གང་ཞིག་ཁྱབ་བྱེད་ཐར་པ་སྟེར་བའི་སངས་རྒྱས་གཞན་ནི་འགའ་ཡང་ཡོད་མ་ཡིན་ཞེས་ཏེ་དགོངས་པའོ།། ཀུན་ནས་ཕྱག་དང་ཞབས་ཀྱི་མཐའ།། ཀུན་ནས་སྤྱན་དང་དབུ་དང་ཞལ།། ཀུན་ནས་ཐོས་ལྡན་ཏིང ་འཛིན་ན།། ཐམས་ཅད་གཡོགས་ཏེ་གནས་པར་བྱེད།། དེ་ནས་དངོས་གྲུབ་བསྒྲུབ་བྱ་བ།། རྣལ་འབྱོར་ལྡན་པའི་སེམས་ཀྱིས།། སྒྲུབ་པོ་རྣམས་ལ་ཕན་དོན་དུ།། དེ་ཉིད་འདི་རུ་དཔེར་བརྗོད་དོ་ཞེས་པས་སྒོམ་པ་གསུངས་སོ།། ་དང་ཞིང་གསལ་བའི་རྣལ་འབྱོར་གྱི།། གཟི་བརྗིད་གཟུགས་འཆང་བསྒོམ་པར་བྱཾ་ཞེས་བརྗོད་དེ།། དེ་ཉིད་མི་བླུ་བ་སོགས་བདེ།། ཧེ་རུ་ཀ་དཔལ་རབ་ཏུ་བསྟན།། བཤད་པའི་རྒྱུད་ཀྱིས་རྗེས་འབྲངས་ནས།། བླ་མའི་ཞལ ་ལས་རྟོགས་པར་བྱ།། བླ་མ་ཡང་། རང་གི་ལྷག་པའི་ལྷ་དམིགས་ནས།། དེ་ཉིད་གཅིག་དུ་རྣམ་པས་ནྱ་བྱཱ།། རྩཝ་དྲུག་ཙམ་ནྱ་ངེས་པར་ནི།། ལྕགས་ཕྱིའི་དངོས་པོར་བྲལ་བར་འགྱུར་ཤེས་ཏེ་དགོངས་པའོ།། ས་ངེས་པ ་བསྟན་པའི་ལེའུའོ།། །། དེ་ནས་གཞན་ནི་རབ་འཆང་བྱེད་།། འདྲིར་ནི་དེ་ཉིད་བཅུ་བཞིའོ།། ཞེས་པས་བསྐྱེད་པའི་རིམ་པས་བསྒྲུབ་པའི་ཐབས་ཀྱི་མདོ་གསུང་སོ།། གཞན་ལས་འོད་གསལ་དང་ཟུང་དུ་འཇུག་པ ་ལས་སོ།། འདིར་ཧེ་རུ་ཀའི་རྒྱུད་དུ་དེ་ཉིད་རྣམས་ནི་དབང་བསྐུར་བ་རྣམས་ཏེ་ཡེ་ཤེས་ཀྱིས་ཆེད་དུའོ།། སྒྲ་ཇི་བཞིན་པའོ།། གདན་དང་ཕྱག་རྒྱ་ཅན་དགོད་པ།། ཤེས་རབ་ཡན་ལག་གདུག་ཕུར་བུ།། ར་བ་དང་ནི་གུར་དགོད ་པ། དེ་བཞིན་རྒྱུ་སོགས་སྟོང་པ་ཉིད།། འཇུག་པ་དང་ནི་སྒྲ་ཙམ་མོ།། ཨཱ་ལི་ཀཱ་ལི་སོགས་བསྡུས་པ།། དགུག་པ་ཡེ་ཤེས་སེམས་དཔའ་ཡོས།། གཅིག་ཏུ་ཤེས་རབ་རྗེས་ཆགས་པ།། བདུཅུ་རྩིས་ཚིམ་པར་བྱེད་ཉིད་དང་།། ལ ་ལ་ཆེན་པོ་གཤེགས་སུ་གསོལ།། དེ་ཉིད་རྣམས་ནི་དཅུ་བཞི་སྟེ།། མངར་བསྡུས་པ་ཉིད་བསྟེན་པ་ཡིན་ཞེས་རྒྱས་པར་བཤད་པ་གསུངས་སོ།། གདན་ནི་གནས་ལ་སོགས་པ་ལས་ལ་གསུངས་པའི་ཁྱིམ་དུ་འམ་དགེ་བའི་ཡུ ་དུསྔར་གསུངས་པའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ་བསྒྲུབ་པར་བྱའོ།། བུམ་པ་ལ་སོགས་མདུན་དུའོ་ཞེས་པའི་དོན་ནོ།། ཕྱག་རྒྱ་ཅན་ནི་འཁོར་ལོ་ཅན་ལ་སོགས་པ་དེ་རྣམས་དགོད་པའོ།། ཤེས་རབ་ནི་ཤིང་ལ ་སོགས་པ་བྱས་པའི་རྡོ་རྗེ་དྲིལ་བུ་འམ་ཁ་ཊྭཱཾ་ག་ལ་སོགས་པ་དགོད་པའོ།། བླ་མར་ཡང་རྟག་ཏུ་མཆོག་གི་ཕྱག་རྒྱ་ལྔ།། ཅོད་པན་ཐོགས་པ་ལས་བྱས་པ།། ཐོད་པ་དང་ནི་ཁ་ཊྭཱཾ་འཛིན།། ལུས་ནི་ཐལ་བའི ་རྡུལ་དང་ལྡན་ཞེས་སོ།། ཡན་ལག་ནི་དོར་ཕུང་པོ་ལ་སོགས་པ་དགོད་པར་བྱའོ།། དམ་ཚིག་གི་རིལ་བུ་ཁུར་གཞུག་པར་བྱའོ།། རང་བཞིན་དག་པའི་སྔགས་བརྗོད་པའི་དེ་མ་ཐག་ཏུ་གདུག་པ་ལ་ཕུར་བུས་གདབ་པར་བྱའོ།། ཕྱི་རོལ་གྱི ་དཀྱིལ་འཁོར་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱི་དང་ནང་གི་བདག་ཉིད་ཅན་སྟོང་པར་བལྟས་ནས་ཧཱུཾ་ཡིག་ལས་སྐྱེས་པོའི་འོད་ཟེར་གྱིས་གདུག་པ་རྣམས་བསྲེགས་ནས་བསྐྲད་པར་བྱའོ།། ཡང་ན་གནོད་མཛེས་ལོ་སོགས་པོས་ཕུར ་གདབ་པར་བྱའོ།། དེ་ནས་རབ་དང་དེའི་འོད་ཟེར་གྱིས་གུར་དགོད་པ་དང་རྡོ་རྗེའི་ས་བཞི་ཡང་བསྒོམ་པར་བྱའོ་བླ་མར་ཡང་ཕྱོགས་བཅུར་སྲིད་རྩེའི་བར་དུ་ནི། འོད་ཟེར་ཕྲེང་བ་སྤྲོས་པར་བྱ།། དེ་ནས་འོད་དེས་བལྟས་ནས་ནི། ་ར་བ་གུར་ནི་དེ་བཞིན་ནོ་ཞེས་སོ།། རྒྱུ་སྔོགས་སྟོང་པ་ཉིད་ནི་དོན་དམ་པས་བསྲུངས་པ་ཚིགས་སུ་བཅུད་པས་བསྒོམ་པར་བྱའོ།། བླ་མར་ཡང་། ཆོས་ནི་ནམ་མཁའ་ལྟ་བུ་སྟེ།། ཆོས་མནི་ཆོས་ཉིད་ཀྱང་མ་ཡིན།། ནམ་མཁའ ་ལྟ་བུར་གོས་པ་མེད།། རང་བཞིན་མེད་ཅིང་གནས་མེད་པའོ་ཞེས་སོ།། དེ་ནས་འཇུག་པ་སྒྲ་ཙམ་ནི་ཡིད་ལས་བྱུང་བའི་མཆོད་པའི་བར་མ་ཚང་སྐེམས་ཙམ་གྱི་དོན་ལ་གནས་པར་བྱ་ཞིང་ན་དྭ་ཙམ་དུ་རྣམ་པར་བརྟག་པར ་བྱཱབྱའོ།། དེ་སྔགས་བརྗོད་ནས་བསྒོམ་པར་བྱའོ།། ཨཱ་ལི་ཀཱ་ལི་ལ་སོགས་བསྡུས་པ་ནི་རླུང་ལ་སོགས་པའི་དཀྱིལ་འཁོར་སྔོན་དུ་འགྲོ་བས་ཁང་པ་བརྩེགས་པ་བསྒོམས་ནས་རྣམ་པ་ལྔ་ལས་སྐྱེས་པའི་དང་པོའི་མགོན ་པོ་རྣམ་པར་བསྒྲིམས་ཏེ་ཤེས་རབ་ཀྱི་ཆགས་པས་ཞུ་བར་གྱུར་པ་ལྷ་མོའི་གླུས་རབ་ཏུ་སད་པར་བྱས་ཏེ་སྐུ་ལ་སོགས་པའི་མཁའ་འགྲོའི་གཟུགས་སུ་རྟོགས་པ་སེམས་དཔའ་གསུམ་གྱི་བདག་ཉིད་ནྡན་དུ་བསྒོམ་པར་བྱའོ།། ་རྡོ་རྗེ་མཁའ་འགྲོར་ཡང་གླུར་གསུངས་པ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བ~ཾ་ཧོཿསུ་ཌཾ་སྟྭཾ་ཞེས་སོ།། དེ་ནས་དགུག་པ་ཡེ་ཤེས་སེམས་དཔའ་ཡིས་ནི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བཀུག་ནས་རབ ་ཏུ་གཞུག་པར་བྱའོ།། དེ་ནས་དབང་བསྐུར་ནི་དབང་བསྐུར་བའི་སྤྱི་བོར་རང་གི་རིགས་ཀྱི་དབང་པོ་བསྒོམ་པར་བྱའོ།། ཤ་ཧེ་རུ་ཀའི་རྣམ་པ་ལ་ཤེས་རབ་རྗེས་སུ་ཆགས་པ་ནི་རིང་གི་དབང་བསྐུར་བའི་ཤེས་རབ་མའི་འདོད་པ་ལྔས ་མཆོད་ནས་ཕུང་པོ་ལ་སོགས་པ་དགོད་པ་བྱས་ཏེ་རྗེས་སུ་ཚོགས་པའི་ཏིང་ངེ་འཛིན་གྱིས་རྗེས་སུ་ཆགས་པར་བྱའོ།། བདུད་རྩིས་ཚིམ་བྱེད་ནི་དམ་ཚིག་སྐྱོང་བ་དང་བསྟོད་པ་ལ་སོགས་བྱས་ནས། གཤེགས་སུ་གསོལ་ཞེས་པ ་ནི་དེ་དག་བསྡུ་བར་བྱའོ་ཞེས་པ་སྟེ། དྲང་པོའི་དོན་ནོ།། གདན་ནི་འདོད་པ་ལྔ་ཉེ་བར་བརྟེན་པར་བྱེད་པའོ།། ཕྱག་རྒྱ་ཅན་དགོད་པ་ནི་སྲོག་ཆགས་བསོད་པ་ལ་སོགས་པའི་སྦྱོར་བའོ།། གདུ་བུ་སྲོག་ཆགས་གསོད་པ་སྤངས་ཞེསོ།། ། ་ཤེས་རབ་ནི་ཤེས་རབ་ཀྱི་ལྷན་ཅིག་པའོ།། གདུག་པའི་ཕུར་པ་ནི་སྦྱོར་བ་སྟེ་རྒྱུད་དུ་ཡང་།། གདུག་པ་ཐམས་ཅད་འདུལ་བ་ནི།། ནུ་མ་མཚན་ཁུང་གཉིས་འཆིར་བའོ།། ར་བ་གུར་ནི་དགོད་པ་བདེ་བ ་ཆེན་པོའི་ཏིང་ངེ་འཛིན་གྱིས་སོ།། རྒྱུ་སོགས་སྟོང་པ་ཉིད་ནི་ཤྲཱི་ཡིག་གཉིས་སུ་མེད་པའི་ཡེ་ཤེས་ལྷན་ཅིགེ་སྐྱེས་པ་སྐྱེ་བ་སྒོམ་པའོ།། འཇུག་པ་སྒྲ་ཙམ་ནི་དཀར་དམར་ཐབས་ཤེས་རབ་སྦྱོར་བ་ལ་ཤྲིན་ཏེ་དགའ་བའི་སྒྲ་ཐོས ་པའོ། ཨཱ་ལི་ཀཱ་ལི་སོགས་བསྡུས་པ་ནི་དེ་དག་འགགས་པའོ།། དགུག་པ་ཡེ་ཤེས་སེམས་དཔའ་ཡིས་ནི་ཡེ་ཤེས་འདོད་པ་དེའི་དགུགས་པར་བྱེད་པའོ།། དབང་བསྐུར་ནི་བདེ་བའི་སེམས་ངེས་གསིལ་བ་ཉིད་གས་པ་བར་རོ།། ་མཚར་བསིལ་བ་ཐོབ་ཅེས་གསུངས་སོ།། ཤྭ་ར་བ་རྗེ་ཆགས་ནི་མི་འཕོ་བའི་བདེ་བ་སེམས་པར་བྱེད་པའོ།། བདུད་རྩིས་ཚིམ་བྱེད་ནི་གནས་ནས་དཔྲལ་བར་འགྲོ་བའོ།། འཁོར་ལོ་ཆེན་པོ་ནི་ཉི་ཁྲི་བརྒྱད་གཉིས་བརྒྱའི་དབུགས ་ཀྱི་ཚོགས་སོ།། དེའི་གཤེགས་སུ་གསོལ་བ་ནི་བདེ་བ་ཆེན་པོའི་གོ་འཕང་སྟེ། དེ་ནས་རྡོ་རྗེ་འཆང་གིས་བཅུ་གཉིས་པའི་འབྱུང་གནས་ཐོབ་པར་འགྱུར་ཏེ་དུས་གསུམ་ཤེས་པ་ཡང་ངོ་།། གསུངས་པ་ཡང་བདེན་དོན་རྣམ ་པ་བཅུ་གཉིས་ལྡན།། དེ་ཉིད་རྣམ་པ་བཅུ་དྲུག་རིག། རྣམ་པ་ཉི་ཤུས་བྱང་ཆུབ་པ།། རྣམ་པར་སངས་རྒྱས་ཀུན་རིག་མཆོག། བཅོམ་ལྡན་འདས་ཀྱིས་གསུངས་པའི་ས་རྣམས་ཀྱང་དྲི་མ་མེད་པའི་འོད་དུ་འདི་ལྟ་སྟེ། ་ཀུན་ཏུ་འོད་དང་། བདུད་རྩི་འོད་དང་ན་མཁའི་འོད་དང་། རྡོ་རྗེའི་འོད་དང་རིན་པོ་ཆེའི་འོད་དང་། པདྨའི་འོད་དང་། ལས་ཀྱི་འོད་དང་། དཔེ་མེད་དང་། ངེས་པའི་དཔེ་དང་། ཤེས་རབ་འོད་བཅུ་པར་བཞེད་པ་དང་། ཐམས་ཅད་མཁྱེན་པའི ་འོད་ཀྱུས་ཆེན་པོ་དང་སོར་བདག་ཉིད་རིག་པ་བཅུ་གཉིས་པའོ།། ཞེས་ཏེ་རྣལ་འབྱོར་པ་རྣམས་ཀྱི་དུས་སྦྱོར་འགགས་པ་ལས་འགྲུབ་པར་འགྱུར་རོ།། ཞེས་པ་ངེས་པའི་དོན་ཏོ།། སློབ་དཔོན་རྣམས་ཀྱི་བཅུ་པོ་གང་།། དཀྱིལ་འཁོར ་བྲི་བའི་ལུས་རྣམས་སོ།། ཞེས་པས་དེ་ཉིད་བཅུ་གསུངས་ཏེ། དཀྱིལ་འཁོར་དང་ནི་ཏིང་འཛིན་དང་།། ཕྱག་རྒྱ་སྟང་སྟབས་འདུག་སྟངས་དང་།། གཏོར་མ་སྦྱིན་སྲེག་རབ་གནས་དང་།། སྤྱན་དྲང་གཤེགས་སུ་གསོལ་པའོ་ཞེས་སོ།། རྒྱས་པར ་སྟོན་པ་ནི་དེ་ཉིད་བཅུ་རབ་ཏུ་གསལ་བར་ཤིན་ཏུ་རྒྱས་པས་རྟོགས་པར་བྱའོ།། འཁོར་ལོ་འཁྱིལ་པ་མགྲོ་ལ་བརྒྱན་དང་།། གདུ་བུ་དེ་བཞིན་འོག་བགྲ་དང་།། ཐལ་བས་ལྷན་ཅིག་པ་དྲུག་པ།། དཔའ་བོ་རྣམས་ཀྱི་ཕྱག་རྒྱར ་བཤད་ཅེས་པས་ཕྱག་རྒྱ་ཅན་རྒྱས་པར་བཤད་དེ་གསལ་ལོ།། ཐལ་བ་སྤངས་པ་ལྔ་པོ་ནི།། མཁའ་འགྲོ་མ་ཡིས་རབ་ཏུ་བསྒྲགས།། ཞེས་ཏེ་སྒྲ་ཇི་བཞིན་པའོ།། རྡོ་རྗེ་ཐབས་ཀྱི་ངོ་བོ་ཡིས།། དྲིལ་བུ་ཤེས་རབ་རང་བཞིན ་ལ་ཞེས་ཏེ་སོགས་ཀྱི་སྒྲས་མཚོན་ཆ་ལ་སོགས་པའི་དག་པ་གསུངས་སོ།། དེ་བཞིན་གཡས་སུ་ཌ་མ་རུ།། གཡོན་དུ་ཁ་ཊྭཱཾ་ག་བརྗོད་བྱ།། བརྒྱ་ཕྱེད་མགོ་བོའི་ཕྲེང་བ་ཡིས།། མཁའ་འགྲོ་མ་དང་དཔའ་བོར་མཉམ། ་མི་ཤེས་གཅོད་བྱེང་གྲི་གུག་ཏེ། བདུད་རྣམས་གསོད་བྱེད་ཐོད་པའོ།། དེར་རྣམས་གཅེར་བུའི་ཉིང་གར་བྱེད།། སྒྲིབ་པ་མེད་པའི་སྟོང་པ་ཉིད།། མྱོས་བྱེད་བཏུང་བ་རྟག་ཏུ་དགའ།། བདེ་བ་ཆེན་པོའི་གྲོ ་འཕང་གནས།། རྡོ་རྗེའི་གླུ་ནི་གླུ་ཆེན་པོ།། ཆོས་ཀྱི་འཁོར་ལོར་རབ་འཇུག་བྱེད།། དབང་པོ་རྣམས་ནི་འགོག་པ་གང་།། གོ་ཀུ་ལ་སོགས་ལྔ་ཟེ་བའོ།། ཕུང་པོའི་སྒྲིབ་པ་ཟད་པོའི་མིང་།། བདུད་རྩི་ལྔ་པི་ཟ་བའོ།། དུར་ཁྲོད་དུ་ནི་རོལ་པར ་གང་། སེམས་ཅན་ལུས་ལ་ཚོན་པོར་གནས།། རྣལ་འབྱོར་དངོས་གྲུབ་འདོད་པ་ཡིས།། དེ་ལྟར་ཐམས་ཅད་ཡོངས་ཤེས་བྱ་ཞེས་ཏེ་སྒྲ་ཇི་བཞིན་པའོ།། ཆོས་ཀྱི་འཁོར་ལོ་བསྐོར་བ་ཆོ་གའོ།། རླུང་མེ་ཆུ་དང་ས་བཞི་རི།། པདྨའི་ཉི། ་མིའི་དཀྱིལ་འཁོར་དུ།། དབུས་སུ་དཀྱིལ་འཁོར་གཙོ་བོ་དེ།། ཨུ་མ་དབང་ཕྱུག་མཉམ་མནན་ནས་ཞེས་པ་ལ་སོགས་པས་སྤྲུལ་པའི་སྐུ་རྒྱས་པར་འཆང་དེ་དེའི་ཨུ་མ་དབང་ཕྱུག་ནི་གཡོན་དུ་དབང་ཕྱུག་ཆེན་པོའོ།། གཡས་སུ་དཀར་མོའོ ་བླ་མར་ཡང་། དབང་ཕྱུག་ཆེན་པོའི་མགོ་བོ་མནམ།། ཨུ་མྲའི་ནུ་མ་རྒྱས་པ་མྱནན་ཞེས་སོ།། རྡོ་རྗེ་མཁའ་འགྲོར་ཡང་དཀར་པོ་ཞལ་གཅིག་པ་ཕྱག་བཞི་རྣམས་སུ་དགྲ་སྟེ་དང་ཐོད་པ་དང་ཐལ་མོ་སྦྱར་བའོ།། རྒན་བྱང་མ་ནག་མོ་ཞལ ་གཅིག་པ་ཕྱག་བཞི་རྣམས་སུ་ཐོད་པ་དང་ཁ་ཊྭཱཾ་ག་དང་རལ་གྲི་དང་ཙོང་ཏེའུ་ཅན་ནོ།། སྒྲ་ཇི་བཞིན་པའོ།། ཡེ་ཤེས་འཁོར་ལོའི་པད་འདབ་ལ།། བདུད་རྩི་ཡི་ནི་ཐོད་པ་རྣམས།། ནག་པོ་དམར་པོ་དཀར་པོའི་ལྷ།། འཁོར་ལོ་གསུམ ་དུ་རིམ་བཞིན་གནས།། མཁའ་འགྲོ་མ་སོགས་རིམ་ཇི་བཞིན།། བྱ་རོག་གདོང་སོགས་དེ་བཞིན་ཉིད།། ཕྱོགས་སུ་ཇི་ལྟར་དེ་བཞིན་ཟུར།། སྒྲུབ་པོས་རྟག་ཏུ་ཤེས་པར་བྱ།། ཞེས་ཏེ་ཡེ་ཤེས་འཁོར་ལོ་ནི་སྙིང་པོའི་འདབ་མ་ལའོ།། ་བདུད་རྩི་ནི་བཤང་བ་དང་གཅི་བ་དང་ཤ་དང་ཁྲག་བཅུད་རྣམས་ནི་དབང་ལྡན་ལ་སོགས་པའི་ཕྱོགས་བྲལ་རྣམས་སུའོ།། དེ་ཉིད་དུ་ནག་པོ་ནི་ཐུགས་ཀྱི་འཁོར་ལོ་ལའོ།། དེ་བཞིན་དུ་དམར་པོ་ནི་གསུང་གི་འཁོར་ལོ་ལའོ།། དཀར་པོ ་ནི་སྐུའི་འཁོར་ལོ་ལའོ།། མཁའ་འགྲོ་མ་ལ་སོགས་པ་རྣམས་ནག་མོ་དང་སྔོ་བསངས་མ་དང་ངོ་མར་མོ་དང་སེར་མོ་རྣམས་ཤར་དང་བྱང་ལ་སོགས་ཏེ་བྱ་རོག་གདོང་ལ་སོགས་པ་རྣམས་ཀྱང་ངོ་།། ཟུར་དུ་གཤིན་རྗེ་སྲེགས་མ་ལ་སོགས ་པ་རྣམས་ཀྱང་ངོ་།། སྒྲ་ཇི་བཞིན་པའོ།། ཡང་ན་ཞལ་གྱི་ཁ་དོག་གིས་དེ་རྣམས་ཕྱོགས་བཞིར་བསྐོར་བར་ཤེས་པར་བྱའོ།། ནག་པོ་དམར་པོ་གསེར་དུ་གནང་།། ཁ་བ་ཀུན་དུ་ཟླ་བ་མཚུངས་ཞེས་གཙོ་བོ་ཞལ་གྱི་ཁ་དོག་གི་དབྱེ་བས ་རྣལ་འབྱོར་མ་དགུ་པོ་དེ་རྣམས་ནག་མོའོ།། གཡས་སུ་དམར་པོ་དགུ་སེར་མོ་རྒྱབ་ཏུ་གནས་པའོ།། བྱང་དུ་གནས་པ་དཀར་མོའོ།། སྒྲ་ཇི་བཞིན་པའོ།། ཀུན་སྤྱོད་དུ་ཡང་གི་ཤིན་རྗེ་སྲེག་མ་སོགས།། གཟུགས་གཉིས་ལྡན་ཞིང ་ཡིད་འཕྲོག་མ།། སྒྲ་ཇི་བཞིན་པའོ།། ཧེ་རུ་ཀ་དཔལ་རྒྱལ་པོ་ཆེ།། གོ་འཕང་མཆོག་ནི་བསྒོམ་པར་བྱ།། སེམས་དཔའ་དཔའ་བོ་ཕོ་ཉ་མོ།། དངོས་པོ་ཀུན་གྱིས་རྣལ་འབྱོར་ལྡན་ཞེས་སོ།། ལོངས་སྤྱོད་རྫོགས་པ་གསུངས་པ ་གསུང་པ་ཡང་ལོངས་སྤྱོད་རྫོགས་པ་ཉིད་འཁོར་ལོ་སྒྱུར་བ་བཞིན་དུ་སླར་ཡང་ཁམས་ཐམས་ཅད་དུ་རྫོགས་པར་ལོངས་སྤྱོད་པ་ཉིད་ཐ་དད་མ་ཡིན་པར་ཡོངས་སུ་འཛིན་པའོ་ཞེས་སོ།། དེ་ཡང་མཆོག་གི་དང་པོ་ལ་སོགས་པར ་རྟོགས་པར་བྱའོ།། སྒྲ་ཇི་བཞིན་པའོ།། ཀླུ་ཡི་དབང་པོ་རུས་པའི་རྒྱ།། སྟེགས་ལྤགས་བླངས་པོའི་པགས་པ་དང་།། བདུད་དང་ཉོན་མོངས་སྙོམས་འཇུག་དང་།། ཤེས་བྱའི་སྒྲིབ་པ་རྣམས་ཀྱང་ངོ་།། ཞེས་པས་ཆོས་གསུངས་སོ།། གསུངས ་པ་ཡང་འཁོར་གསུམ་རྣམ་པར་རྟོག་པ་གང་།། དེ་ནི་ཤེས་བྱའི་སྒྲིབ་པར་འདོད་།། སེར་སྣ་ལ་སོགས་རྣམ་རྟོག་གང་།། དེ་ནི་ཉོན་མོངས་སྒྲུབ་པར་འདོད་ཅེས་སོ།། བདུད་ཀྱི་སྒྲིབ་པ་རྣམ་པར་དག་པས་ཀླུའི་དབང་པོའོ།། ཉོན་མོངས་དག་པས ་པའི་ཕྱག་རྒྱའོ།། སྙོམས་འཇུག་དག་པས་སྟག་གི་པགས་པའོ།། ཤེས་བྱ་ཡོངས་སུ་དག་པས་གླང་པོ་ཆེའི་པགས་པ་ཡང་ངོ་།། སྒྲ་ཇི་བཞིན་པའོ།། ཨུ་མ་དབང་ཕྱུག་ཆེ་དེ་བཞིན།། ཐོད་པ་ཚངས་པའི་མགོ་བོ་དང་།། ཐོད་པའི ་ཕྲེང་བ་དེ་བཞིན་ཏེ། ཐལ་བཅས་ཚངས་པའི་སྐུད་པ་དང་།། མགོ་བོའི་ཕྲེང་བ་ཡང་དག་ལྡན།། དེ་དག་རྣམ་དག་ཤེས་པར་བྱ།། ཁྲོ་བོའི་དབང་དང་བྱང་ཆུབ་སེམས།། སྒྲིབ་པ་ཅུང་ཟད་དང་ལྡན་ནོ་ཞེས་ཏེ་ཅུང་ཟད་ཅེས་པ་ཉོན་མོངས་པ་བཞི་པའོ།། ་གསུངས་པ་ཡང་། ཉུང་ངུའི་ཡེ་ཤེས་ཀྱིས་བྱས་པ།། ཉོན་མོངས་བཞི་པོ་ངེས་བསྲེག་མིན།། ཞེས་ཏེ་སྒྲ་ཇི་བཞིན་པའོ།། ཨུ་མྲ་དབང་ཕྱུག་ཆེན་པོ་ནི་རྡུལ་དང་ཁུ་བའོ།། རི་གཽ་ཨལླི་རུ་ཡང་།། མགོ་བོ་ཡང་ནི་ཉོན་མོངས་བདུད།། ཐོད་པ་ནམ ་མཁའ་རྣམ་དག་པ་ཞེས་སོ།། ཨཱ་ལི་ཀཱ་ལིའི་དག་པ་སྒྲ་ཇི་བཞིན་པའོ།། སེམས་ཅན་མོས་པ་སྣ་ཚོགས་པས།། སྤྱོད་པ་སྣ་ཚོགས་ཀུན་དུ་གནས།། སྣ་ཚོགས་ཚུལ་གྱི་ཆོ་ག་ཡིས།། སྣ་ཚོགས་པ་ཡི་ཐབས་བསྟན་ནོ།། ཞེས་ཏེ་ལྷག ་པར་མོས་པ་ཐ་དད་པ་ཉིད་ཀྱི་སེམས་ཅན་གང་ཡིན་པ་དེ་ལ་ཐ་དད་པའི་ཚུལ་དང་ཐབས་བསྟན་ནོ།། ལྷག་པར་མོས་པ་སྣ་ཚོགས་པ་ནི་ཉན་ཐོས་ལ་སོགས་པའི་སེམས་སོ།། སྤྱོད་པ་དང་ཚུལ་རྣམ་པ་གསུམ་ནི་བྱེ་བྲག་ཏུ་སྨྲ་བ་ལ ་སོགས་པའི་འདོད་པ་རྣམས་སོ།། ཐབས་ནི་ལམ་སྒོམ་པར་བྱེད་པའོ།། དེ་ལ་གང་ཟག་ཏུ་སྨྲ་བ་རྣམས་ལ་གང་ཟག་མི་རྟག་པར་སྒོམ་པ་ལ་སོགས་པ་གསུངས་སོ།། དོནྡོ་སྨྲ་བ་རྣམས་ལ་ས་ལ་སོགས་པའི་ཟད་པར་སྒོམ་པའོ།། ་རྣམ་པར་ཤེས་པ་རྣམས་ལ་བརྟགས་པ་ཙམ་ཉིད་ཀྱི་ཏིང་ངེ་འཛིན་ནོ།། དབུ་མ་པ་རྣམས་ལ་རྨི་ལམ་ལྟ་བུ་དང་འགྱུར་བ་མེད་པ་གཉིས་སུ་མེད་པའི་ཡེ་ཤེས་སྒོམ་པ་གསུངས་ཏེ་སེམས་ཅན་གྱི་བསམ་པས་སྟོན་པ་རྣམས་ཀྱང་དེ་བཞིན ་ཏེ་ཁུར་ཁུར་བའི་གང་ཟག་ཡོད་དེ་རྟག་པར་ཡང་མི་སྨྲ་མི་རྟག་པར་ཡང་མི་སྨྲའོ།། རྡུལ་ཕྲ་རབ་ཚོགས་པའི་བདག་ཉིད་ཀྱི་ཐ་མའི་ལུས་མཚན་ལ་སོགས་པ་དང་ལྡན་པ་ཡང་ཡོད་དོ།། ཀྱེ་རྒྱལ་བའི་སྒྲས་དག་འདི་ལྟ་སྟེ།། ཁམས ་གསུམ་པ་ནི་རྣམ་པ་ཤེས་པ་ཙམ་མོ་ཞེས་སོ།། རྒྱུད་གཞན་དུ་ཡང་སྒྱུ་འཕྲུལ་ཆེན་མོ་དྲག་ཆེན་མོ།། འབྱུང་དང་སྡུད་པར་བྱེད་པ་མོ།། ཀུན་རྫོབ་ཀྱིས་སོ།། ཤེས་རབ་ཕ་རོལ་ཕྱིན་བྱེད་མ།། བྱེད་པོ་སངས་རྒྱས་ལུས་ཅན་མིན།། ་ཞེས་ཏེ་ལྡོག་པས་མྱ་ངན་ལས་འདས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་དང་།། ཐེག་པ་ཆེན་པོ་རྣམས་ཀྱི་ཕུང་པོ་ལྷག་མ་མེད་པའོ།། སྟོང་པ་ཉིད་གཉིས་སུ་མེད་པ་སྨྲ་བ་པོ ་རྣམས་ཀྱི་རབ་ཏུ་མི་གནས་པ་ཤིན་ཏུ་གཉིད་ལོག་པ་དང་བསད་པ་དང་བྲལ་བ་བཞི་པ་དང་རྨི་ལམ་ལྟ་བུ་ནི་འབྲས་བུའོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་དུ་བསྟན་པ་ལ་གང་སེམས་མ་ཡིན་པའོ་ཞེས་གསུངས་པ་ཆོས་ཐམས་ཅད ་དངོས་པོ་མ་ཡིན་པའི་རང་བཞིན་གྱི་ཏིང་ངེ་འཛིན་གྱིས་ཞེས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་གསུསས་པ།། ནམ་མཁའ་དང་ནི་འགོག་པ་གཉིས།། འདུས་མ་བྱས་གསུམ་རྟག་པ་སྟེ།། འདུས་བྱས་ཐམས་ཅད་སྐད་ཅིག་མ།། བདག ་གིས་སྟོང་ཞིང་བྱེད་པོ་མེད།། དབང་སྐྱེས་བློ་ནི་རྣམ་མེད་ཀྱིས།། ཕྲ་རབ་བསགས་པ་དངོས་སུ་རིག། ཁ་ཆེའི་གཞུང་གི་ཆུ་གཏེར་གྱི།། བྱེ་བྲག་སྨྲ་བའི་གཞུང་འདོད་འགྱུར།། ཤེས་པ་རྣམ་བཅོས་སྐྱེས་བྱེད་ནི།། དབང་པོའི་སྤྱོད ་ཡུལ་སྣང་བ་མིན།། ན་མཁའ་མོ་ཤམ་བུ་དང་མཚུངས།། འགོག་པ་དག་ནི་ན་མཁའ་བཞིན།། འདུ་བྱེད་བེམས་པོ་ཡོད་མ་ཡིན།། དུས་གསུམ་རྗེས་འགྲོ་དག་ཀྱང་མེད།། ཐོགས་པ་མེད་པའི་གཟུགས་ཡོད་མིན།། ཞེས་པ་མདོ་སྡེ་པ ་ཨོཾ་རིག། ཡན་ལག་ཅན་ཞེས་བྱ་བ་མེད།། ཕྲ་རབ་རྡུལ་རྣམས་ཡོང་མ་ཡིན།། སྒྱུ་མ་རྨི་ལམ་མཐོང་བ་ཡིས།། དམིགས་པ་མེད་པ་རབ་ཏུ་གསལ།། གཟུང་དང་འཛིན་པ་ལས་གྲོལ་བའི།། རྣམ་པར་ཤེས་པ་དོན་དམ་ཡོད།། ་རྣལ་འབྱོར་སྤྱོད་གཞུང་རྒྱ་མཚོ་ཡིས།། ཕ་རོལ་ཕྱིན་རྣམས་དེ་སྐད་སྒྲོགས།། རྣམ་པར་ཤེས་པ་དོན་དམ་ཡོད།། དེ་ཡང་མཁས་རྣམས་མི་འདོད་དོ།། གཅིག་དང་དུ་མའི་རང་བཞིན་དང་།། བྲལ་ཕྱིར་ནམ་མཁའི་པདྨོ་བཞིན།། ཡོད་དང ་མེད་དང་ཡོད་མེད་དང་།། གཉིས་ཀའི་བདག་ཉིད་མིནི་པའང་མིན།། མཐའ་བཞི་རྣམ་པར་གྲོལ་པ་ཡི།། དེ་ཉིད་དབུ་མ་པ་ཡི་རིག། དེ་བཞིན་དུའང་། བདག་མེད་འབྱུང་བ་ཡོད་ཅིང་དགེ་བ་མི་དགེའི་འབྲས་བུ་ཡོད་བྱེད་པ་པོ་ཡིས་རྣམ ་པར་དམན།། འགྲོ་བ་པོ་མེད་མ་ལུས་ཐར་པའི་སླད་དུ་འགྲོ་བ་ཡོད་ཅིང་འཆིང་བ་ཡོད་དེ་བཅིངས་པ་མེད། དངོས་པོ་དངོས་མེད་དག་ཀྱང་ཡོད་དེ་སྐད་ཅིག་རྣམ་བྲལ་རང་བཞིན་མེད་པ་དག་གིས་སྲིད་པ་ཡོད། འདི་དག་བདག་གིས་བདེན ་པའི་ཚིག་སྟེ་ལྷ་དང་གདེངས་ཅན་རྣམས་ཀྱི་གདོན་བཅས་ཚིག་གིས་འཇོམས་མི་འགྱུར།། སྒྲ་ཇི་བཞིན་པའོ།། ཟབ་མོའི་ཆོས་ནི་སྟོན་པ་ལ།། གལ་ཏེ་མོས་པར་མ་གྱུར་ཀྱང་།། སྨད་པ་དག་ཏུ་མི་བྱ་སྟེ།། ཆོས་ཉིད་བསམ་མི་ཁྱབ་དྲན ་བྱ་ཞེས་པས་དག་པའི་སྐུ་གསུངས་སོ།། ཟབ་མོ་ནི་རྟོག་གེའི་ཡུལ་མ་ཡིན་པའོ།། གང་གིས་འདིར་བདག་ཡུལ་མིན།། བདག་གིས་ཆོས་ཉིད་མི་ཤེས་ཏེ།། དུས་གསུམ་བཞུགས་པའི་རྫོགས་སངས་རྒྱས།། བདག་ཉིད་ཆེན་པོ ་རྣམས་ཀྱིས་མཁྱེན།། སྒྲིབ་པ་ཀུན་ལས་རྣམ་པར་གྲོལ།། གང་གིས་ཁམས་གསུམ་རྒྱས་གདབ་པ།། ཁྲོ་བོའི་དབང་དང་བྱང་ཆུབ་སེམས།། དཀྱིལ་འཁོར་ཀུན་གྱི་གཙོ་བའོ།། ཞེས་ཏེ་བདག་ཉིད་ཆེན་པོ་ནི་སྐུ་ལྔའོ།། རྫོགས་སངས་རྒྱས ་རྣཾས་བཅུ་གསུམ་གྱི་བྱུང་བའོ།། དུས་གསུམ་བཞུགས་པ་ནི་ཆགས་གསུམ་མོ།། ལྟེ་བའི་དབ་བཱ་ན་ཀཱ་ཤིནྡ་རྣ་མཐར་བྱེང་ལ་སོགས་པའོ།། བྱུང་ཆུབ་སེམས་དཔའ་ན་བྱམས་པ་ལ་སགས་པའོ།། དྲུང ་ལས་སྤྱན་མ་ལ་སོགས་པའོ།། ཐམས་ཅད་ནི་མཁའ་འགྲོ་ལྔ་ལ་སོགས་པ་རྣམས་ཀྱི་མཁྱེན་མོ་ཞེས་པ་སྟེ་སྒྲ་ཇི་བཞིན་པའོ།། སྐུ་བཞིའི་ཆོ་གའོ།། དེ་ལྟར་གང་ཞིག་སྒོམ་པ་དང་།། གསངས་སྔོགས་བཟླས་པ་བྱེད་པ་ནི།། སྟེ་དང་སྒྲ ་བར་ཆོས་ལྡན་པའི།། རྒྱལ་པོའི་གོ་འཕང་འགྱུར་བ་ཡིན།། ཞེས་པས་རྗེས་སུ་འགྲོ་བ་གསུངས་སོ།། དེ་ལྟར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མཚན་མ་དང་བཅས་པའི་གཟུགས་སམ། འཁོར་ལོ་སྒྱུར་བའི་རྒྱལ་པོ་ཡོད་ནའོ།། སྒྲ་རྗེ་བཞིན། ་པའོ།། དཔེར་ན་མར་གྱིས་གང་བའི་སྣོང་།། མེ་ཡི་དབུས་སུ་ལེགས་བཞག་པ།། དེ་ལ་མར་ནི་ཞུ་འགྱུར་ཏེ། སྣོད་ཀྱི་དྲི་མ་གནས་པར་བྱེད་ཅེས་པས་ལས་ཀྱི་ལུས་གཏོང་བ་དོན་དུ་གཉེར་པོ་ལ་དཔེ་གསུངས་པ། དཔེར ་ན་མར་མེ་མེད་པ་བཞིན་དུ་ལུས་གནས་པ་རྣམ་པར་ཤེས་པ་མེད་པའོ།། དང་པོའི་སངས་རྒྱས་སུ་ཡང་། ཕུང་པོ་མིད་ཀྱང་རྣལ་འབྱོར་པ་ནི་བདེ་བའི་གོ་འཕང་འགྲོ་སྟེ་འོན་ཀྱང་འཇིག་རྟེན་དུ་ནི་གྲགས་པ་མིན་ཞེས་ཏེ་དགོངས ་པའོ།། རྣལ་འབྱོར་པ་རྣམས་འཆི་ཚེ་འམ།། རྣལ་འབྱོར་མ་རྣམས་ཐུགས་དགྱེས་པས།། ལག་ན་མེ་ཏོག་སྣ་ཚོགས་ཐོགས།། སྣ་ཚོགས་རྒྱལ་མཚན་ཡང་ངག་ལྡན།། སྣ་ཆགས་རོལ་མོའི་སྒྲ་རྣམས་དང་།། སྣ་ཚོགས་གླུ ་བློ་མཆོད་པ་ཡིས།། འཚོ་བ་ནས་འདི་རྣམ་རྟོག་འདི།། མཁའ་སྦྱོང་གནས་སུ་འཁྲོད་པར་བྱེད་ནས་པཱ་སྟེ་བ་མཐར་ཕྱིནྟནཱ་པཱ་གཱསུངས་སོ།། འམ་གྷི་སྠཱ་ལས་སྨྲ་བ་འང་ཉིང་ཁམ་ལ་།། ཕྱག་རྒྱ་ཆེན་བློ་དང་བཅས་པ་གྲུབ་པའི་དངོས་གྲུབ། ་ཀྱི་དུས་སུའོ།། དེ་བཞིན་དུ་ཡང་དུས་ཀྱི་འཁོར་ལྷོར་ཁྲོ་བོ་སངས་རྒྱས་ལྷ་དང་བཅུས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས།། རབ་ཏུ་དགའ་བའི་སེམས་རྣམས་རྣལ་འབྱོར་པོ་ལ་གྲུབ་པའི་དུས་སུ་ན་མཁའ་ལ་ནི་མངོན་སུམ ་འགྱུར།། དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཕོ་རངས་ནསཾ་ནི་མཚན་མོ་ཕྱེད་ལ་འགྱུར། རིན་པོ་ཆེའམ་མེ་ཏོག་ཆུར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར་ཞེས་ཏེ་རྣལ་འབྱོར་མ་རྣམ་གུར་ཀུམ་ལ ་སོགས་པའི་འཆར་འབེབས་པར་བྱེད་དོ།། རྣལ་འབྱོར་མའི་རྒྱུད་ཉིད་ཀྱི་ཕྱིར་རོ།། ཕྱི་རོལ་དུ་ཡང་རྡོ་རྗེ་སློབ་མ་རྣམས་ཀྱི་བྱེད་དེ་དེའི་ཕྱིར་རོ་ཞེས་སོ།། འདི་རྣམ་རྟོག་ནི་མི་ཤེས་པ་རྣམས་ཀྱི་འཆི་བའོ།། ཞེས་ཕུང་པོ་མེད་པ་མཆོག ་གི་བདེ་བ་ཞེས་བརྗོད་པ་ལའོ།། ཕྱག་རྒྱའི་དངོས་གྲུབ་ཀྱང་དཔལ་དུས་ཀྱི་འཁོར་ལོར་གསུངས་པ།། མཆོག་གི་བདེ་བ་ལ་གནས་རྡོ་རྗེ་མ་འཁྱམས་ཉིད་ཀྱི་བར་དུ་ཆུ་སྐྱེས་ལས་ནི་དབྱུང་མི་བྱ།། གང་ཚེ་འདོད་པ་གྲུབ་པ་དེ་ཡི་ཚེ་ན་འདི་ནི ་སངས་རྒྱས་བྱིན་གྱི་བརླབས་པར་རབ་ཏུ་འགྱུར།། རྡོ་རྗེ་ཆུ་སྐྱེས་ངག་ནས་གཞུག་བྱ་རང་གི་རྡོ་རྗེའི་སྙིང་གར་ཡེ་ཤེས་འཁོར་ལོ་རབ་བཅུག་སྟེ། འདི་ཡི་འོད་ཟེ་རྣམས་ཀྱིས་གཉིས་ཀའི་ལུས་ནི་གང་བར་བྱས་ནས་རྣམ་པ་ཐམས ་ཅུང་ཉིད་དུ་བྱུང་ཅེས་སོ།། འཁྲིང་པར་བྱེད་ནི་དེ་རྣམས་ཀྱི་མཁའ་སྦྱོང་གནས་སུ་སྐྱེ་གཉིས་སུ་མེད་པའི་གོ་འཕངས་སྤུ་འཁྲིད་པར་བྱེད་དོ།། དགོངས་པའོ།། སངས་རྒྱས་རྣམས་ན་དྷཱང་གྱུར་རམཱ།། མཱ་བྱུང་ན་ཡང་། ་རྣམ་ཀུན་ཏུ།། བསམ་གྱི་མི་ཁྱབ་ཆོས་ཉིད་ནི།། འཕེལ་འགྲིབ་སྤངས་པས་གནས་པ་ཡི་ཞེས་པས་སྟོང་པ་ཉིད་དང་སྙིང་རྗེ་ཐ་མི་དད་པ་གསུངས་སོ།། སངས་རྒྱས་རྣམས་ནི་སངས་རྒྱས་སྤྲུལ་པ་སྐུ་གསུམ་པོ་རྣམས་སོ།། དེ་བཞིན་དུ ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ་ཆོས་དང་ཆོས་དང་ལོངས་སྤྱོད་རྫོགས་སྤྲུལ་པ། དག་པའི་སྐུ་ལས་སྤྲོས་པར་བྱེད་ཅེས་སོ།། སྒྲ་ཇི་བཞིན་པའོ།། ཞེས་པ་དེ་ལྟར་གཞག་ནརྗེས་ནི།། འཇིག་རྟེན་པ་ཀུན་སྨང་མི་བྱ།། ་རྣམས་རྟོགས་པ་བསམ་མི་ཁྱབ།། སངས་རྒྱས་གར་མཁན་བྱསམ་མོ་ཁྱབ་ཅེས་ཏེ། གཞལ་ནས་ནི་དེ་ལྟར་བརྗོད་པའི་རིམོ་པས་རྟོགས་པར་བྱས་ནས།། འཇིག་རྟེན་པ་ཀུན་ནི་ལྷ་རྣམས་སོ།། སྨད་པར་མི་བྱའོ་ཞེས་པ་ནི་གསུངས་པ ་ཡང་དག་གང་ལས་དོན་གང་ལ་བསམ་པར་བྱ་བ་ཐམས་ཅད་སྟོང་པར་དགྲོད་པ་མཐར་ཐུག་པ་ནི་ཐམས་ཅད་འོད་གསལ་བ་ཐར་ཐུག་པའི་ཕྱིར་རོ།། དགོངས་པ་མ་ཡིན་པའོ།། བསམ་གྱིས་མི་ཁྱབ་པ་ནི་རྟོགས་གོའི་རྟོགས་བྱ་མ་ཡིན་པའོ།། ་སངས་རྒྱས་གར་མཁན་ནི་སངས་རྒྱས་ཀྱི་རྣམ་པར་འཕྲུལ་པའོ།། ཕ་རོལ་དུ་ཕྱིན་པའི་ཚུལ་དུ་གསུངས་པ་ཡང་སངས་རྒྱས་ཁམས་དང་སངས་རྒྱས་བྱང་ཆུབ་དང་། སངས་རྒྱས་ཆོས་དང་སངས་རྒྱས་མཛད་པ་སྟེ།། འདི་ནི་འདྲེན་པ ་རྣམས་ཀྱི་སྤྱོད་ཡུལ་ཏེ།། དག་པའི་སེམས་ཅན་གྱིས་ཀྱང་བསམ་མི་ཁྱབ།། གསུངས་པ་ཡང་། གལ་ཏེ་སངས་རྒྱས་ཁམས་མེད་ན།། ལུས་ཅན་ཀུན་ལ་མྱང་འདས་མེད།། བྱང་ཆུབ་ཀྱང་གསུངས་པ་འཕོལ་འགྲིབ་སྤངས་པའི་ཞེས་པ་ལ་སོགས ་བྱས་འདིར་རོ།། ཆོས་ཀྱང་གསུངས་པ་མི་འཇིགས་པ་ལ་སོགས་པ་རྣམས་ཏེ་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དང་།། ངེས་པར་འཆིང་བའི་བགེགས་བྱེད་པ་ལ་དང་།། ལམ་ཀུན་བཤད་པ་ལ་དང་།། འགོགས་པ། ་ཐོབ་པ་ལ་མི་འཇིགས་པ་རྣམ་བཞིའོ།། འདི་ཡང་ནུབ་པར་གྱུར་པའི་དེ་ཁོ་ན་ཉིད་བྱ་བར།། རྡོ་རྗེ་ཨ་རལླིའི་རྒྱུད་དུ་གསུངས་པ་ཡང་དེ་ནས་བྱང་ཆུབ་སེམས་དཔའ་དེ་རྣམས་ཐམས་ཅད་གོ་འཕང་མཆོག་ཉིད་ཐོབ་ནས་སངས་རྒྱས་ཀྱི་གར ་སྟོན་པར་བྱེད་དེ་ཁ་ཅིག་ཏུ་རྫོགས་པར་བྱང་ཆུབ་པར་བྱེད།། ཁ་ཅིག་ཏུ་དཀའ་བ་སྤྱོད་པ་དང་།། ལྷ་ལས་བབོས་པ་དང་། མྱ་ངན་ལས་འདས་པ་དང་། དེ་བཞིན་དུ་ཁ་བི་ནས་ངེས་པར་འབྱུང་བ་ཞེས་སོ།། སྒྲ་ཇི་བཞིན་པའོ།། མདོ་སྡེ་བྱ་བ ་སྤྱོད་པ་རྣམས།། རྣལ་འབྱོར་གསང་མཐའི་དབྱེ་བ་ལས།། སེམས་ཅན་འཇུག་ལ་ཚུལ་ཁྲིམས་ནི།། དེ་དང་དེ་ལ་རབ་བསྟན། ཞེས་པས་སྡེ་སྣོད་གསུམ་བསྡུས་པ་གསུངས་ཏེ་ཚུལ་ཁྲིམས་ནི་མི་དགེ་བྱ་སྤོང་བ་བག་མེད་པ་རྣམས་ཀྱི་རིན ་དུ་རབ་ཏུ་བསྟན་པའོ།། དེ་ལ་མདོ་སྡེ་དང་ཆོས་མངོན་པ་དང་འདུལ་ཉན་ཐོས་ཀྱི་སྡེ་སྣོད་དུའོ།། དེ་ལ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དུ་གསེང་བ་རྣམས་ཞེས་པ་སྟེ་བྱ་བ་དང་སྤྱོད་པ་དང་གཉིས་ཀའི་རྟོག་པ་རྣམས་ཀྱིས་སོ།། ཐེག་པ ་ཆེན་པོར་ཡང་ཐུན་མོང་དུ་གསུངས་པ་དང་བྱིས་པ་རྣམས་ལ་གསུངས་པ་ཡང་། རྣམ་པ་གང་དང་གང་དག་གིས།། སེམས་ཅན་རྣམས་ནི་ཡོངས་ཡིནྡྲ་བྱེད།། རྣམ་པ་དེ་དང་དེ་དག་གིས།། ཆོས་ནི་བསྟན་པར་བྱ་བ་ཡིན་ཞེས།། ་རྒྱུད་དེས་ན་དང་པོར་ཡང་དག་པའི་ཡེ་ཤེས་མ་བསྟན་ཏོ།། ཞེས་པ་སྒྲ་ཇི་བཞིན་པའོ།། གལ་ཏེ་རྒྱུད་གཞན་ཐམས་ཅད་དུ་རྫོགས་པའི་སངས་རྒྱས་ཉིད་མ་གསུངས་ན་དེ་དག་ལ་རིགས་ཤེས་དོགས་པ་ལ་གསུངས་པ།། མངོན་པར་བརྗོད་པ་འབུམ་པ་ཡི།། ་རྒྱུད་ལས་ཕྱུང་བ་སྙིང་པོ་བསྡུས།། བདུན་བརྒྱའི་གཞུང་གིས་ཡང་དག་རྫོགས།། སངས་རྒྱས་རྟོགས་ཕྱིར་ལྷ་མོ་སྐྱེ།། ཞེས་པས་རྒྱུད་བླ་མར་གསུངས་སོ།། རྒྱུད་ནི་འབྲས་བུའི་རྒྱུད་།། ཕྱུང་བ་ནི་རྩ་བའི་རྒྱུད་ལས་སོ།། སྣང་བ་ནི་རྡོ་རྗེ་སྟེ ་དབྱིངས་ཐམས་ཅད་རྟོགས་པར་བྱེད་པའི་ཡེ་ཤེས་སོ།། བསྡུས་པ་ནི་བདེན་པ་གཉིས་ཀྱི་བདག་ཉིད་ཅན་ནོ།། ལྷ་མོ་ན་ཀྱེ་རྡོ་རྗེ་ཕག་མའོ།། གང་དག་གིས་དམ་བཅས་པ་དེ་དང་དེ་རབ་ཏུ་བསྟེན་ནོ།། སྐྱེ་བ་འདི་ཁོ་ན་ལ་སངས་རྒྱས་ཉིད་སྦྱིན་པར་བྱེད་པ་བདེ ་བའི་ཐབས་ནི་རྒྱས་མིན་པ། སངས་རྒྱས་ཀུན་གྱིས་མངོན་པར་མཆོད།། ད་ནི་དེ་ལ་མཆོད་པ་སོགས།། ཡིད་འོང་རྣམ་པར་རྒྱས་པས་གྱིས་ཞེས་སོ།། རྡོ་རྗེ་ཨ་རམྦྷི་རུ་ཡང་།། གང་ཞིག་རྒྱུད་འདི་ཀློག་པར་བྱེད།། གང་ཞིག་དད་པར་བྱེད་པའམོ།། གྲང ་ཞིག་ལྷག་པར་མོས་པར་བྱེད།། སྐྱེ་བོ་གང་ཞིག་མཆོད་པའམ།། དེ་རྣམས་ཐམས་ཅད་སངས་རྒྱས་འགྱུར།། སྲིད་པའི་ལོངས་སྤྱོད་གནས་ལོངས་སྤྱོད་ཅེས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་དཔལ་རྡོ་རྗེ་སེམས་དཔའ་སྟེ་འདིར ་ཕྱག་རྒྱ་ཆེན་པོ་གྲུབ་པའོ།། ཕྱག་རྒྱ་ཆེན་པོ་པ་ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ།། ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པོ་ཡིད་དང་ན་མཁའ་ལ་ནི་མེ་ལོང་དག་ལ་གཟུགས་བཞིན་ཏེ། འཇིག་རྟེན་གསུམ་པོ་སྣང་བར་བྱེད་ཅིང་དྲི་མེད ་གློག་དང་མཚུངས་པའི་འོད་ཟེར་དུ་མ་ཕྲོ་བར་བྱེད།། ཕྱི་དང་ལུས་ལ་དབྱེར་མེད་ཡུལ་དང་རྣམ་པར་བྲལ་བ་སྣང་བ་ཙམ་ནི་མཁའ་ལ་གནས་པ་ཡིས།། སེམས་དང་སེམས་བྱུང་ལ་ནི་བདག་གིས་འཁྱུད་དེ་འགྲེ་བ་དུ་མའི་གཟུགས་ཀྱིས་དེ་ནི ་གཅིག་པུའོ།། དགོངས་པའོ།། ཞེས་པ་དཔལ་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ཞེས་པ་ནི་དཔལ་ཧེ་རུ་ཀ་བདེ་བི་ཆེན་པོ་ཕྱི་མ་དང་བཅས་པའི་རྒྱུད་མཐར་ཐུག་པའོ།། དེ་བཞིན་དུ་ཡང་བཅོམ་ལྡན་འདས་ཀྱི་གསུངས་པ། སྲིད་གསུམ་ཕྲ ་རབ་གཟུགས་མིན་འདིར་ནི་རྣམ་པར་ཤེས་པ་དེ་བཞིན་རྣམ་པར་ཤེས་པ་ཉིད་མེད་དེ།། སངས་རྒྱས་ཤེས་རབ་གང་དུའང་གནས་པ་མ་ཡིན་ཞེས་པའི་ཚིག་ནི་སངས་རྒྱས་པ་རྣམས་སྟོན་པར་འགྱུར།། གང་གིས་འགྱུར་མེད་དང་བྲལ ་མི་རྣམས་ཀྱིས་ནི་སྟོང་པ་ཉིད་དེ་གཟུང་ནས་སྟོང་པར་ལྟ་བྱེད་པ། དེས་ན་གཙོ་བོས་གང་ཞིག་འཕོ་མེད་ལྷན་སྐྱེས་ལུས་ཀྱི་བདེ་བ་དག་ནི་སྔགས་ཀྱི་ཐེག་པར་བསྟན་ཞེས་སོ།། རྒྱུད་ཀྱི་རྒྱལ་པོ་ནི་མདོ་སྡེ་དང་རྒྱད་དང་རྟོགས་པ ་རྣམས་ནི་རྒྱུད་རྣམས་སོ།། རྒྱལ་པོ་ནི་གཉིས་སུ་མེད་པས་ཕོག་པ་བྱེད་པ་ཉིད་ཀྱི་ཕྱིར་རོ།། རྫོགས་ནི་ཡང་དག་པར་ཐོབ་པ་སྟེ་སེམས་ཅད་ཐམས་ཅད་ཀྱི་ཟུང་འཇུག་གི་དེ་ཉིད་ཞེས་སྒྲ་ཇི་བཞིན་པའོ།། དེ་ནི་ཆོས་རྣམས་གང ་དག་རྒྱུ་ལ་རབ་ཏུ་འབྱུང་།། རྒྱུད་དང་ཞེས་བྱ་བ་ལ་སོགས་པས་རྒྱུད་རབ་ཏུ་གནས་པའི་དོན་དུ་གྲུབ་པའི་མཐའ་གསུངས་སོ།། གསུངས་པ་ཡང་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེའི་མཐའ་བ་དང་རྣལ་འབྱོར་སྤྱོད་པ་དང་དབུ་མ ་པའི་གྲུབ་པའི་མཐའ་ལ་སངས་རྒྱས་རྣམས་ཀྱི་ཆོས་རྣམས་གང་དག་ལ་སོགས་པའི་ཚིགས་སུ་བཅས་པས་རྒྱས་བཏབ་པོ་ཞེས་སོ།། ཆོས་རྣམས་གང་དག་རྒྱུ་ལ་རབ་ཏུ་འབྱུང་ནི་ལྔ་དང་བདུན་དུ་རབ་ཏུ་གྲགས་པ ་རྣམས་སོ།། མ་རིག་པ་ལ་སོགས་པའི་ལྕགས་སྒྲོག་གིས་བསྡམས་པའི་འཁོར་ལོ་རྒྱུ་དང་འབྲས་བུའི་བདག་ཉིད་ཅན་ནོ།། དེ་རྣམས་ཉོན་མོངས་པ་དང་ལས་དང་སྡུག་བསྔལ་ཏེ། ཡན་ལག་གསུམ་དང་གཉིས་དང་བདུན་ཀུན ་རྫོབ་ཏུ་སྟེ་ཐོག་མ་མེད་པ་ནས་བྱུང་བ་དང་ཐ་མ་དང་ལྡན་པ་སྟེ་མ་རིགས་པ་འགགས་པ་ལས་རྣམ་པར་སངས་རྒྱས་པ་ཉིད་དོ་གསུངས་པ་ཡང་མཱ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་མྱིང་དང་གཟུགས་དང་སྐྱེ་མཆེད་དྲུག ་དེང་རེག་པ་དང་ཚོར་བ་དང་སྲེད་པ་དང་ཉེ་བར་ལེན་པ་དང་སྲིད་པ་དང་སྐྱེ་བ་དང་རྒ་ཤི་སྟེ་བཅུ་གཉིས་རྣམས་སོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བདག་ཉིད་ནི་མ་རིག་པའོ།། འདུ་བྱེད་ནི་སྔོན་གྱི་ལས་རྣམས་སོ།། ་རྣམ་པར་ཤེས་པ་ནི་མངལ་དུ་འཇུག་པའོ།། མིང་དང་གཟུགས་ནཱཾ་ནུར་ནུར་པོ་ལ་སོགས་པ་ལྔའོ།། སྐྱེ་མཆེད་དྲུག་ནི་མིག་ལ་སོགས་པ་རྫོགས་པའོ།། རེག་པ་ནི་ཡུལ་དང་དབང་པོའི་རྣམ་པར་ཤེས་པ་ཕྲད་པའོ།། ཚུར་བ ་ནི་བདེ་བ་ལ་སོགས་པའི་བདག་ཉིད་དོ།། སྲེད་པ་ནི་འཁྲིག་པའི་འདོད་ཆགས་སོ།། ཉེ་བར་ལེན་པ་ནི་འདོད་པའི་ཡུལ་འཛིན་པའོ།། སྲིད་པ་ནི་འབྱུང་འགྱུར་གྱི་སྲིད་པ་འབྲས་བུའོ།། ལམ་གྱི་སྐྱེ་བ་ནི་སླར་ཡང་ཕུང་པོ་ཉིད ་མཚམས་སྦྱོར་བའོ།། རྒ་ཤི་ནི་གསལ་ལེ།། དང་པོ་བརྒྱད་པ་དགུ་ཉོན་མོངས།། གཉིས་པ་བཅུ་པ་ལུས་ཡིན་ཏེ།། ལྷག་མ་བདུན་ནི་སྡུག་བསྔལ་ཡིན།། གསུམ་དུ་འདུས་ཕྱིར་བཅུ་གཉིས་ནི།། ཆོས་གསུམ་གསུམ་ལས་བྱུང ་བྲུ་ནི།། གཱཉིས་གཉིས་གཉིས་ལས་རབ་བྱུང་བ།། བདུན་ཏེ་བདུན་ལས་གསུམ་འབྱུང་ངོ་།། སླར་ཡང་དེ་ཉིད་དེ་རྣམ་འཁོར།། སྲིད་པའི་འཁོར་ལོ་རྒྱུ་འབྲས་ཀྱང་།། འགྲོ་ཀུན་ཉིན་ཡིན་སེམས་ཅན་གཞན།། འགའ་ཞིག་འདིར་ནི་ཡང ་སྟོང་པ་ཁོ་ན་སྟོང་པའི་ཆོས།། རབ་ཏུ་འབྱུང་འགྱུར་ཆོས་རྣམས་ལས།། ཁ་ཏོན་མར་མེ་བརྒྱ་ལྔ་སོགས་ཞེས་སོ།། རྒྱུ་ལ་རབ་ཏུ་འབྱུང་གི་དོན་ནོ།། རྒྱུ་དེ་རྣམས་ནི་དེ་བཞིན་གཤེགས་པས་གསུངས་ཞེས་པ་ནི་ཇི་ལྟར་ཀུན་ཏུ་རྟོགས ་པ་དེ་བཞིན་དུ་གསུང་བཔར་བྱེད་དོ་ཞེས་པས་དེའོ།། གཞན་མི་གསུང་བ་ཉིད་ཀྱི་ཕྱིར་རོ།། རྒྱུ་ནི་རྐྱེན་ནོ།། འཁོར་བར་བརྗོད་པ་དང་ལྡན་པའོ།། དེ་རྣམས་ཀྱང་ནི་འགོག་པ་གང་ཡིན་པ་ཞེས་པ་ནི་ཀྱང་ཡིག་ལས་སྦྲིད་པ་རྒྱུ་དང་བཅས་པ ་བརྗོད་པ་འབའ་ཞིག་ཏུ་བཟོད་ཀྱི་སངས་རྒྱས་རྣམས་ཀྱི་མྱ་ངན་ལས་འདས་པ་ཡང་རྒྱུ་དང་བཅས་པ་སྟེ་ཡན་ལག་བཅུ་གཉིས་འགོག་པའི་མཚན་ཉིད་ཟུང་དུ་འཇུག་པའི་བདེ་བ་མ་རྟགས་པ་ནམ་མཁའི་མེ་ཏོག་སེམས་མེད་པ་བེམས ་པོ་མ་ཡིན་པའི་གཟུགས་སོ།། དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ་ནི་ཟུང་འཇུག་གསུང་བ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ་བརྫུན་མི་གསུང་བ་ཚངས་པ་ལ་སོགས་པའོ།། སྦྱིན་པར་བྱ་བའི་ཆོས་རབ་མཆོག ་འདི་ནི་ཞེས་པ་ཆོས་སྦྱིན་པ་ཐར་པ་ཐོབ་པའོ།། སྦྱིན་པའི་བདག་པོ་དང་ལྷན་ཅིག་ཅེས་པ་རྟོགས་པར་སླའོ།། ངག་གི་སྐྱོན་ཙམ་དང་བྲལ་མ་ལུས་གོ་འཕང་ནི། དཔལ་སྡོམ་བདག་གིས་ཉུང་ངུར་རྣམ་ཕྱེ་མཐའ ་དྲུག་ལྡན།། ཀུན་ཕན་མངལ་བདག་ཅི་ཡིན་རབ་ཏུ་གསལ་བར་བྲིས།། དེ་ཉིད་ཀྱི་ནི་སེམས་ཅན་ཀུན་ཞི་བདེ་བ་ཐོབ་པར་བྱེད།། གང་དག་ལེགས་པོར་གསུངས་པའི་ངག། དེ་ཀུན་ནི་བདེ་གཤེགས་པའོ་ཞེས་ཀྱང་གང་ཕྱིར་རྒྱལ་བས་གསུངས ་དེ་ཕྱིར་མཁས་པས་ད་མི་སྨང་།། གང་ཕྱིར་སྟོན་པོ་གཅིག་པུ་རྒྱལ་བས་མདོར་བསྟན་པས།། རྣམ་པར་གཡེང་བ་མེད་པའི་ཡིད་རྣམས་ཀྱིས་བཤད་པ།། ཐར་པ་ཐོབ་པའི་ཚིགས་དང་རྗེས་མཐུན་པ།། དེ་ཡང་དྲང་སོང་བཀའ་བཞིན་སྒྲ ་བོས་ལོང་།། ཨོཾ་ཀེ་ལི་ཀཱ་ཡི་བློ་གྲོས་ཆོས།། བྱིན་ཞབས་ཟླ་བ་སྔོན་མ་ཅན།། དེ་རྣམས་ཀྱིས་བསྟན་དེ་ཉིད་ནི།། འཇིགས་མེད་དགའ་བ་ཅན་ཞེས་ཡུལ།། དཔལ་ལྡན་རྣམ་གནོན་གྲོང་ཡིད་དགའ།། དག་པའི་གནས་ནི་རྒྱལ་བྱིའི་བཞི།། ་བཟི་བརྗིད་སྟོང་དང་ཚུལ་ཁྲིམས་བྱུང་།། འབྱོར་པའི་དོན་གྱིས་ནོར་སྦྱིན་མཚུངས།། རྒྱལ་ཆེན་ལྷག་པའི་རྒྱལ་པོ་དཔལ།། རྒྱལ་བ་དགའ་བ་ཅན་ཞེས་གྲགས།། བཀོད་པ་ཆེན་པོ་བདག་པོ་མཆོག། དེ་ཡི་དཔོན་པོ་མང་ཐོས་གང་།། ་དེ་ཉིད་ཀྱིས་འདིར་རྒྱལ་བས་བསྟན།། དོན་མོང་འཁོར་ལོ་སྡོམ་པ་ལ།། དགའ་བས་ཆོ་ག་བདུན་གྱིས་ནི།། ཚིག་དོན་རྣམས་ནི་བརྗོད་པ་ལས།། བསོད་ནམས་དཀར་བ་ཐོབ་པ་གང་།། དེ་ཉིད་ཀྱིས་ནི་ཟུང་འཇུག་པའི།། དེ་ཉིད་མཁས ་པའི་འགྲེལ་པ་ཡིས།། དཔལ་ནི་སྤྱི་བོར་གནས་པ་དང་།། སེམས་ཅན་རྣམས་ཀྱང་བདེ་ཆེན་གྱིས།། བདེ་ལྡན་དངོས་གྲུབ་མཆོག་ཐོབ་གྱུར།། དཔལ་དེ་ཁོ་ན་ཉིད་མཁས་པ་ཞེས་བྱ་བ་དཔལ་སྡོམ་པའི་འགྲེལ་པ་རྫོགསོ།། ་དགའ་བྱེད་བདག་པོའི་སློབ་དམ་པ།། དེ་ཉིད་བཞི་པོ་རྟོགས་པ་ལས།། རྟག་པའི་རྡོ་རྗེ་དེ་ཡིས་བྱས།། འཇིག་མེད་དགའ་བྱེད་ཅེས་བྱའོ།། དཔལ་འཁོར་ལོ་སྡོམ་པའི་འགྲེལ་པ་དཔལ་ངོ་ཁོ་ན་ཉིད་མ་ཛེས་པ་ཞེས་བྱ་བ་འདི་ཀུན་ལྡན་གྷི་ལོཆ ་འཕྲུལ་ཚོན་པོ་རྟིའི་ཟླ་བའི་ཡར་ངོའི་ཚེས་བརྒྱང་ལ་ཤཱཀྱའི་དགེ་སློང་རིན་ཆེན་གྲུབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ཕབ་པའོ།། ། རྒྱ་གར་སྐད་དུ། ལ་གྷུ་སཾ་བ་ར་ཏནྟྲ་པ་ཏ་ཡ་ཨ་བྷི་སནྟི། བོད་སྐད་དུ། སྡོམ་པའི ་