| Wylie | e-texts produced with BDRC’s OCR application |
བྱ་བ། སློབ་དཔོན་ཀོ་ཀཾ་ལས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། བི་ཥ་ནི་བརྞཾ་བྷ་བ་ན་ནཾ་ཀྲ་མ་ནཱ་མ། བོད་སྐད་དུ། དུག་སེལ་སྒོམ་པའི་རིམ་པ་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་རྣམས་ལ ་ཕྱག་འཚལ་ལོ།། ཕྱི་དང་ནང་གི་དུག་བཞིའི་རྩ་བ་ནི།། སེམས་ཅན་རྣམས་ཀྱི་སྲོག་གཅོད་འཁྱམས་པའི་རྒྱུ།། དེ་རྣམས་སེལ་ཐབས་ཞལ་ནས་ཞལ་བརྒྱུད་པ།། ཨ་རཱྀ་བདག་གིས་བསྒོམ་ལུགས་བཤད།། ཐོག་མར ་ནོང་གི་དུག་སེལ་བ་ཞི་རྣམས་ལ།། ཞེ་སྡང་གཉེན་པོ་བདག་གཞན་གྲུབ་མེད་ལ།། ཆགས་པའི་གཉེན་པོ་མི་གཙང་རང་ལུས་སྨན།། ང་རྒྱལ་གཉེན་པོ་འདི་དག་མི་རྟག་པ།། ཕྲག་དོག་འདུས་པའི་ནད་ནི་སྤང་བྱས་ནས།། ་གཏི་མུག་གཉེན་པོ་བླ་མཱ་ལྟ་ཉིད་དང་།། རྣལ་འབྱོར་ཚད་མེད་བཞི་ནི་བསྒོམ་པར་བྱ།། དེ་ཡིས་བདག་གཞན་ནཱད་སེལ་ནད་མོང་འགྲུབ།། ཕྱི་ལྟར་ཚད་མེད་འབྲས་བུ་རང་སྙིང་དབུས།། ཐ་ཡིགྣ་དཀར་པོ་ཆེན་ལྔ་པས་བརྒྱན།། ཡེ ་ཤེས་བྱ་ཁྱུད་ཕྱག་རྡོར་སྙིང་པོར་ལྡན།། བདུད་ཀྱི་གདན་ལ་ཧི་སའི་བྱ་ཁྱུང་སྟེ།། ཧཱུཾ་འབྱུང་སྣ་ཚོགས་གསེར་གྱི་གཤོག་པ་ཅན།། དབུ་སྒོ་བཅས་པའི་ཁྱུད་ཞལ་དམར་པོ་སྟེ།། རྭ་གཉིས་ཉི་ཟླའི་ཐིག་ལེ་ངག་གིས་བརྒྱན།། པུས ་མོ་སེར་ལ་བྲང་དང་ལྟེ་བ་དཀར།། འཇིགས་བྱེད་ཀླུ་རྒྱལ་རྣམས་ཀྱིས་བརྒྱན་པ་བསྒོམ།། ཞིལ་ནས་ཧཾ་སའི་བདུད་རྩི་དཀར་སེར་འཛག། ཧ~ཾ་ཕུས་ཞལ་ནས་དུག་གི་རླངས་པ་འཐུལ།། དེ་ལྟར་བསྒོམས་ཤིང་སྔགས་ཀྱི་གླུ་ཉིད་བླང་།། ་ཨོཾ་ཨ་ར་ཧད་ཊ་བྷའི་ཛའི། གྷོ་སའི་ཕྱིག་ཀར་འི། བྷི་སུ་ན་སྭའི། ཏུ་ཧི་བྷེ་ཏུ་ཀ་པ་ལཾ། ཏྲིག་ཁུ་བྷི་ས་ནའི། བྷི་ས་བྷི་ཎ་ཎཾ། ནེ་སྭ་སུ་མ་ས་ཎེ། ཨཱ་བྷ་རུ་ཧ་བྷུ་ཎྱ། བྷནྟི་བྷུ་ཡ་ས་ལ་ཡེ། བྷ་བྲི་སེ་ནེ། ཀི་དྷཱི་ཏ་ཐཾ། ཨེ་ལཪྻཱ ་བྷཱི་ལ་ཌཱ་ཎ། ཨཻ་ཐ་ཀའི། ཙིནྡྲེ་ཙནྟཽ་བྷཱི་སྱཱ་ཎེ། ཨུ་བཻ་རཱི་བྷཱུ་ཧི། ཨ་ཐཱ་ཀརཱྀ་ཀཱ་ར། ཧྲཱི་ཛྙེ་དྷྭཾབྷཱུཙྪ། ཧྭེ་ཛཱ་ཡཽ། ཨཱ་ས་པ་ཡི་ཎི་མཻ། ཛཱི་གྷ་ལི། བྷཽ་སཽ་ཁ་ནི། བྷ་སཾ་པཾ་ཝཾ་མཱཾ། ལེ་བཎཾ། མ་ཛྙེ་དྷྲྀ་ཀ་རོ་ཡི། ་དྷཱ་བྷྱེ་ཁཾ། བྷི་སེ་ཎ་པ་ཎ་བརྡྷ་ཨཽཏི་ནཾ་བྷྲེ་ལ། ཨེ་ཨ་ཨི། ཧི་ཧཻ། རི་རི། སི་ཛཾ་ག་ལྀ། རི་ཧཱི་རི་རཀྵི་ཛ་ཡིས་སྭཱ་ཧཱ།། དུག་གིས་ཟིན་པ་འམ་སྦྲུལ་གྱིས་རྨུགས ་འཁྱུད།། ཧེ་རུ་ཀ་དང་འཁྱུད་ནས་གནས།། གཉིས་མེད་ཀྱི་རྩ་བསྒོམ་པ་ཞེས་བྱ་བ། སློབ་དཔོན་ནག་པོ་ནས་རྒྱུད་པ། སློབ་དཔོན་ནི་ལ་ཁནྡྷས་མཛད་པ་རྫོགས་སྷོ།། ་རྒྱ་གར་སྐད་དུ། སུཀྵཱ་ཡོ་གཾ་ནཱ་མ། བོད་སྐད་དུ། ཕྲ་བའི་རྣལ་འབྱོར་ཞེས་བྱ་བ། དཔལ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། ཁྱིམ་དུ་ཁྱིམ་བདག་རྣལ་འབྱོར་པ།། གསང་འཁྱུད་གཉིས་མེད་བསྒོམ་པར་བྱ།། འཇིགས་པ ་ཅན་གྱི་རྣམ་རྟོག་འདི།། ཁྱོད་ཀྱིས་འདི་ཀུན་སྦ་བར་གྱིས།། ཚད་ཀྱང་གཟུང་དུ་མེད་པ་ལ།། དེ་ཡི་རིགས་ཀྱང་རྟོགས་པ་མང་།། ས་མྲྀ་དྲ་ཡི་དགེ་སྦྱོང་ནི།། ས་གསུམ་གྲགས་པས་ཁྱབ་པར་འགྱུར།། བདག་ཉིད་མྱོས་པའི་ཆ ་ལུགས་ཀྱིས།། དུག་ལྔ་ཁྲུས་ཤིང་དག་པར་འགྱུར།། འཇིགས་པ་ཅན་གྱི་རྣམ་རྟོག་འདི།། ནང་དུ་མནན་ནས་བསད་པར་གྱིས།། རིགས་ཀྱི་ངོ་རྒྱལ་སྤང་བྱས་ནས།། དགེ་སྦྱོང་བདག་གིས་སྨྲས་པ་ཡིན།། དབང་པོ་སྣ་ཚོགས ་མཐོང་འགྱུར་ཀྱང་།། དུས་ཀྱི་ཕོ་ཉས་དྲན་པ་ཡིས།། ཅི་ཕྱིར་བདག་ཉིད་འགྲོ་འོང་བྱེད།། མཐའ་གཉིས་བྲལ་ན་དོན་རྣམས་གྲུབ།། འཇིགས་པ་ཅན་གྱི་རྣམ་རྟོག་འདི།། སེམས་འདི་མནན་ནས་སྤང་བར་གྱིས།། རྣལ་འབྱོར ་རྣམ་རྟོག་གཅོད་པ་ཡིས།། སུ་མུ་དྲ་དག་དངོས་མེད་འགྱུར།། ཕྲ་བའི་རྣལ་འབྱོར་བསྒོམ་པ་ཡིས།། བདག་ཉིད་གཉིས་མེད་གྲུབ་པ་ཐོབ།། ཕྲ་བའི་རྣལ་འབྱོར་གྱི་ཉམས་ལེན་ཞེས་བྱ་བ། སློབ་དཔོན་ས་མུ་དྲས་མཛད ་སློབ་དཔོན་ཨ་རཱཾ་གྲིས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨ་དཱ་ཡ་ནི་རི་ཀཱ་བྷ་བ་ན་ཀྲ་མཾ། བོད་སྐད་དུ། གཉིས་མེད་ཀྱི་རྫུ་བསྒོམ་པའི་རིམ་པ།། གཉིས་མེད་བདེ་ཆེན་ལ་ཕྱག་འཚལ་ལོ།། ་