CLOSE WINDOW

GT1261: g.yung drung 'khyil pa gsum gyi zhal gdams kyi nyams len zhes bya ba
Wyliee-texts produced with BDRC’s OCR application

སེལ་གྱི་གདམས་པ། སློབ་དཔོན་ཏེ་ལོས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། དྷ་ནཾ་དྷ་ཏྭཱ་ཏྲ་ཡ་མུ་ཁཱ་ཨ་གྷྲཾ་མུཾ་ནཱ་མ། བོད་སྐད་དུ། གཡུང་དྲུང་འཁྱིལ་པ་གསུམ་གྱི ་ཞལ་གདམས་ཀྱི་ཉམས་ལེན་ཞེས་བྱ་བ། ཡུ་མ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ།། བླ་མའི་ཞལ་གདམས་ཐོབ་བྱས་ནས།། གཡུང་དྲུང་གསུམ་གྱི་གདམས་པ་ནི།། སྟོང་ཉིད་དོན་ནི་རྟོགས་པའི་ཕྱིར།། ཀཾ་ཀ་མ་ཁ་ལ་བཤད་བྱ།། རླུང་གི ་ལུས་ནི་ཁོང་སྟོང་ལ།། སྤྱི་བོར་བརྩོམས་ནས་ལྟེ་བའི་བོར།། རྩེ་གསུམ་སེར་དང་དཀར་དམར་རོ།། དེ་རྣམས་ནིད་ནི་ཁོང་སྟོང་སྟེ།། གཡས་ཀྱི་རྩ་ལ་ཁབ་རྩེ་ཚང་།། རང་བཞིན་གསལ་ལ་བསམ་པར་བྱ།། གཡོན་པར་ཟློ་བའི་ཐིག ་ལྡེ་སྟེ།། དབུས་ཀྱི་རྩ་ནི་ཁོང་སྟོང་ངོ་།། དེ་ལ་སེམས་གཏང་ཕྱི་ནང་སྟོང་ལ།། ཤེས་པ་རྒོད་ན་གཡས་གཡོན་གྱི།། ཐིག་ལ་གཉིས་ལ་སེམས་གཏད་ལ།། དེ་ནས་དབུ་བཅང་དྷཱུ་ཏཱིའི་སྟེང་།། ཧྲཱིཿལོས་གཡུང་དྲུང་འཁྱིལ་བ་ནི། ་མེ་ཡི་མདོག་ཅན་རྣམ་བསམ་བྱ།། གཡུང་དྲུང་འཁྱིལ་པའི་ཟུར་བཞི་ལ།། ཨོཾ་དང་ཨཱཿདང་ཧཱུཾ་དང་ཕཊ།། གཡས་ཕྱོགས་ར་སའི་སྟེང་དུ་ནི།། ཨ་ལས་ཟླ་བའི་གཡུང་དྲུང་འཁྱིལ།། བྱང་ཆུབ་སེམས་ཀྱི་ཆུ་རླུང་བཀུག། གཡོན་པ ་ལ་ལ་ནའི་སྟེང་དུ་ནི།། ཨོཾ་ལས་གཡུང་དྲུང་འཁྱིལ་པ་དམར།། བསམ་པས་མེ་ཡི་རླུང་འགག་གོ། དེ་ནས་རླུང་གི་འཁོར་ལོ་ནས།། རླུང་ནི་ལངས་ཏེ་མགྲིན་པར་སླེབ།། དབུས་སུ་བདེ་གཽ་ཤེགས་རླུང་རྒྱུ་བསོ།། སོར་ནི་བཅུ་གཉིས ་རྩཝརྩ་འཐོན་ནུས།། གཡས་གཡོན་ཆུ་རླུང་མེ་རླུང་ནཱི།། ཉྩི་ཟླའི་རྩཝ་ནས་འབྱུང་བྱས་ནས།། ལྷ་མོ་གཉིས་དག་ཞལ་དུ་རྔུབ།། སླར་ཡང་གཉིས་ཀྱིས་ཕུ་བྱས་པས།། རྩ་དག་གཉིས་ཀྱིས་རྩ་བུག་བརྟོལ།། རྣམ་པར་རྒྱུ་སྟེ་གཡུང་དུང་འཕོག། དབུས་ཀྱི ་སེམས་བསྐོར་བྱས་ནས་སུ།། གཉིས་ནི་གཡས་སྐོར་གཡོན་སྐོར་རོ།། སླར་ཡང་རླུང་གི་ཕུ་བྱས་ནས།། གཡུང་དྲུང་གཉིས་ལ་ཐིམ་བྱས་ནས།། དབུས་ཀྱི་འཁྱིལ་པ་ཐིམ་པར་བསམ།། ཡེ་ཤེས་མེ་སྦྱར་རང་ལུས་ནི།། མགྲིན་པའི་གནས་ནས་རྐང ་མཐིལ་བར།། རིམ་གྱིས་ཞུ་སྟེ་ཆོས་དབྱིངས་སུ།། མཉམ་ཉིད་ཐིག་ལེར་སེམས་གཏད་དོ།། བརྟགས་པས་མ་གྲུབ་དངོས་མེད་ཡིན།། དམིགས་པའི་མཚན་ཉིད་ཐམས་ཅད་བྲལ།། དེ་ལྟར་མ་བསྒོམས་ཅི་བྱས་ཀྱང་།། ལྷན་སྐྱེས་མ་རྟོགས་འཁོར ་བར་འཁྱམས།། ཐིག་ལེ་དེ་ལས་བླངས་བྱས་ནས།། བདག་ཉིད་དབུ་བཅད་ཡུམ་དུ་བསྐྱེད།། དེ་ནས་ལྟེ་བར་ཧྲཱིཿཡིག་བསམ།། སུམ་མདོ་རླུང་ལྗང་གྱེན་ལ་རྒྱུ།། ཧྲི་ནི་ཐིག་ལེ་གསུམ་དུ་ཞུ།། ཨི་ནི་རླུང་གི་ཐིག་ལེ་སྟེ།། ཧ་སྟཾ་བྱང་ཆུབ་ཐིག་ལེའོ།། ་རཀྵའི་ཐིག་ལེ་རཾ་ཡིག་སྟེ།། མཱ་དོརཱ་ནི་རིམ་པོར་སྔོ་དཀར་དམར།། མ་ཤར་རླུང་གིས་གྱེན་ལ་འདྲེང་།། དབུ་བཅང་རྩ་སྦུབས་རྒྱུན་ནི།། སྟེང་དུ་སོར་བཞི་འཐོན་པར་བསམ།། གཡོན་པ་གཡོན་བསྐོར་གིཡས་པ་གཡས།། དབུས་ཀྱི་ཐིག་ལེ ་འབར་ཞིང་ཐིམ།། ལྷ་མོ་གཉིས་ཀྱིས་ཕུས་བཏབ་པས།། གཡས་གཡོན་ཐིག་ལེ་དབུས་ལ་ཐིམ།། དེ་ཉིད་མར་ལ་ནུབ་བྱིས་པས།། སྙིང་གའི་ཧཱུཾ་ལ་ཐིམ་པར་བསམ།། དེ་ནི་གསལ་ལ་དྲི་མ་མེད།། གཉིས་མེང་ཐིག་ལེ་རང་རིག་སྟེ།། བདེ ་དང་སྡུག་བསྔལ་ཐམས་ཅད་བྲལ།། འཁོར་བ་སྣང་བ་རང་རིག་སྟོང་།། ཀྱེ་འོ་རྣལ་འབྱོར་བསྒོམས་ནས་ནི།། གཉིས་མེད་ཡེ་ཤེས་ཐོབ་པར་འགྱུར།། གཡུང་དྲུང་འཁྱིལ་པ་གསུམ་གྱི་ཞལ་གདམས་ནི།། ཡུམ ་ཀཾ་ཀ་ལ་མེ་ཀ་ལས་གསུངས་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ས་ཧ་ཛ་ཨ་ནནྟ་སྭ་བྷཱ་བ་ན་ནཱ་མ། བོད་སྐད་དུ། ལྷན་ཅིག་སྐྱེས་པའི་རང་བཞིན་ཞེས་བྱ་བ། རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། ་