CLOSE WINDOW

GT1260: phyi nang gi dug sel gyi rim pa zhes bya ba
Wyliee-texts produced with BDRC’s OCR application

མཛད་པ་རྫོགས་སྷོ། རྒྱ་གར་སྐད་དུ། བི་ཥ་ཨནྟ་ར་བཱ་བྱོ་ན་པྲྀ་ཏི་པ་བྷན་ཀྲ་མ~ཾ། བོད་སད་དུ། ཕྱི་ནང་གི་དུག་སེལ་གྱི་རིམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལོ་ཕྱག་འཚལ་ལོ།། ཡིད་དང་མཐུན་པའི་སྒྲུབ་ཞེནས ་སུ།། ཕྱི་ནང་དྲུག་ནི་སེལ་བ་ཡི།། གསང་བའི་རྣལ་འབྱོར་བསྒྲུབ་པའི་ཐབས།། ཏི་ལོ་བདག་གིས་བཤད་པར་བྱ།། རྣལ་འབྱོར་བསྐྱེད་པའི་རིམ་པར་ལྡན།། རུ་ཅོག་སྦྲུལ་ལ་སོགས་པ་ཡི།། དུག་ཆེན་འཇོམས་པའི་ཨོཾ་ཨཱཿཧཱུཾ།། ལྡན ་གསུམ་བརྗོད་ཅིང་འདི་ལྟར་བསམ།། རྩེ་མོར་བཅུ་གཉིས་ཚད་དུ་ནི།། སྤྱི་བོ་ཚངས་པའི་བུ་ག་ལ།། དབུས་སུ་ཨོཾ་བསམ་བདུད་རྩི་འབབ།། སྦྱོར་བ་དེ་ཡི་རྣལ་འབྱོར་ནི།། སྐད་ཅིག་གཅིག་ལ་མདངས་ལྡན་ནོ།། དེ་ནི་ཕྱི་ཡི་དུག ་སེལ་ཏོ།། ། ནང་གི་འདི་ལྟར་བསྒོམ་པར་བྱ།། རྡོ་རྗེ་ཆེན་པོའི་སྙིང་གའི་དབུས།། སྐུ་མདོག་དཀར་པོ་བསིལ་བིའི་འོང་།། ཆོས་གཉིས་ཟླ་བར་སྤྲིན་ཆེན་པོ།། བསྒོམས་ཤིང་འཕྲོས་འགྱུར་རྣམ་པར ་བསྡུ།། ཡང་དང་ཡང་དུ་བས་མ་བྱས་པས།། ནང་གི་ནཱད་མེད་ཀུན་ཏུ་བཟང་།། རི་རྒྱལ་དང་མཉམ་དྲུག་ཡོད་ཀྱང་།། སྐད་ཅིག་གཅིག་ལ་སེལ་ཞིང་འདྲེན།། སྐབས་ལས་བྱུང་བའི་དུག་སལ་ནི།། འདབ་བརྒྱད་པདྨ་ནཱ་ས་རུ།། ཟླ ་དཀར་གསལ་ཞིང་དྲི་མ་མེད།། ཡེ་ཤེས་ལྔ་ལྡན་བདུད་རྩི་ནི།། ཨ་ཡིག་དེ་དབུས་བསམ་པར་བྱ།། དུག་ལྔ་གག་ལྐོག་རྐྱེན་གྱི་ནད།། སྤྲེའུ་ཁྱིམ་བྱའི་གཟུགས་ཅན་རྣམས།། དེ་དག་ཕྱུང་ཞིང་ན་མཁར་ཐིམ།། བདག་གི་སྐུ་གསུང ་ཐུགས་རྡོ་རྗེ།། འདོད་པའི་ཁམས་དང་གཟུགས་ཁམས་དང་།། གཟུགས་མེད་ཁམས་དང་དངོས་མེད་པས།། དེ་ཕྱིར་རང་བཞིན་ན་མཁའ་སྟེ།། དེས་ནི་སྟོང་པ་རྟེན་མེད་པ།། རྣལ་འབྱོར་མི་རྟོག་སེམས་གཏད་དོ།། ཕྱི་ནང་ན ་སེལ་གྱི་གདམས་པ། སློབ་དཔོན་ཏེ་ལོས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། དྷ་ནཾ་དྷ་ཏྭཱ་ཏྲ་ཡ་མུ་ཁཱ་ཨ་གྷྲཾ་མུཾ་ནཱ་མ། བོད་སྐད་དུ། གཡུང་དྲུང་འཁྱིལ་པ་གསུམ་གྱི ་