CLOSE WINDOW

GT1257: 'byung ba bzhi'i srid pa'i cha lugs zhes bya ba
Wyliee-texts produced with BDRC’s OCR application

རྒྱུ་གར་སྐད་དུ། ཤྩ་རཱི་རཱདྷཱ་རི་ཀ་བིནྡྷ་སྠཱ་མྦྷ་དྷཱ་ཨོཾ་ནཱ་མཱ། བོད་སྐང་དུ། ལུས་ཀྱི་རྩ་ཐིག་ལ་མཉམ་པ་ཉིད་ཀྱི་མནདག་ཅེས་བྱ་བ། དང་ལ་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། ཛྲཱིཾ་སདརྞ་བཱ་སྣོད་བུ་རྣམས། ་བརྐོས་པས་དེ་ནི་མ་བྱས་ན།། དེ་སྲིད་ཕག་རྒོད་གསོད་པ་ཡི།། མྱོ་ངར་པ་དེ་ནི་ཚེ་སྟེ་ཡིན།། གནད་དུ་བསྣུན་པས་ཕག་རྒོད་བསད།། རྫིང་བུ་སྐམས་པར་མ་གྱུར་པས།། དེ་གོང་དུ་ནི་བརླག་པར་བྱས།། དཔག་ཚད་ཕྱོང་དང་བཞི་པ་ཡིས།། ་གྲུ་བཞི་པ་ཡི་རྫིང་བུ་ལ།། ནང་དུ་ཞུགས་པ་བྱས་ནས་ནི།། ཟས་ནི་དོན་དུ་གཉེར་བར་བྱིང་།། ཤིན་ཏུ་བཀདྭཱི་བར་བྱས་ནས་ནི།། གནད་དུ་བསྣུན་ནས་ཕག་རྒོད་བསད།། རྫིང་བུ་སྐམས་པར་མ་གྱུར་པར།། དེ་གོང་དུ་ནི་བརླག་པར་བྱས།། ལྟེ ་བིའི་དཀྱིལ་འཁོར་གཞུ་རུ་བྱས།། རྩ་གཉིས་དེ་ནི་རྒྱུད་དུ་སྦྲེངས།། བླ་མེའི་མན་ངག་མདའ་རུ་བྱས།། ཤིན་ཏུ་བཀང་བར་བྱས་ནས་ནི།། གནད་དུ་བསྣུན་ནས་ཕག་རྒོད་བསད།། རྫིང་བུ་བསྐམས་པར་མ་གྱུར་པར།། དེ་གོང་དུ་ནི ་བརླག་པར་བྱས།། མཚོ་ལ་ཕག་རྒོད་ཇི་ལྟར་འཐུང་།། འཕྲང་ལ་སྙིང་ནི་གཟུགས་བྱས་ནས།། གནང་དུ་བསྣུན་ནས་ཕོག་རྒོད་བསང།། ཇི་སྲིད་རྫིང་བུ་མ་སྐམས་པར།། དེ་གོང་དུ་ནི་བརླག་པར་བྱས།། ལུས་ཀྱི་རྩ་ཐིག་མཉམ ་པ་ཉིད་ཀྱི་མན་ངག་ཅེས་བྱ་བ། སློབ་དཔོན་ནི་ཀུ་ནིས་མཛད་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཙ་ཏུརྦུ་དྷཱ་བྷ་བ་བྷཱ་བ་ཤ་ནཾ་ཀྲ་མཾ་ནཱ་མ། བོད་སྐད་དུ། འབྱུང་བ་བཞིའི་སྲིད་པའི་ཆ་ལུགས་ཞེས་བྱ ་བྱ།། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ།། རི་རབ་ཟུར་ན་བརྒྱུད་པ་དང་།། རོལ་པའི་མཚོ་ནི་བདུན་པ་དང་།། ཚངས་པ་བརྒྱ་བྱིན་ཉི་མ་དང་།། ཟླ་བ་དང་ནི་ལྷ་ཆེན་དང་།། མཐུ་ཆེན་འདི་དག་རྟག་མིན་ན།། བདག་གིས་ཇི་ལྟར་བརྟན་པ ་ཐོབ།། བདག་ནི་བརྟགས་ནི་ཇི་ལྟར་ཡིན།། བདག་གི་མ་ནི་གང་དུ་སོང་།། པ་ཡང་གུང་དུ་སོང་བར་འགྱུར།། འདི་ལྟ་བུ་ཡི་འཇོག་རྟེན་ནི།། བལྟས་པས་འཇིག་རྟེན་རྨི་ལམ་འདྲ།། སྟོབས་ལྡན་གྱུར་ན་སུས་ཀྱང་བཀུར།། སྟོབས ་ཉམས་གྱུར་ན་སྒྱུ་མ་བྱེད།། དེ་བས་ཚེམ་བུའི་གོས་གྱོན་ལ།། བསོད་སྙོམས་ཀྱིས་ནི་འཚོ་བ་།། ཡུལ་དང་གྲོང་ཁྱེར་སོ་མཨཱ་རྱ།། ཡང་ཡང་སྤང་བ་མཁས་པ་ཡིན།། འདི་ལྟ་བུ་ཡི་སྤྱོད་པ་ཡིས།། འཇིག་རྟེན་ཀུན་ལ་རྒྱལ་བ་ཐོག ་སྐལ་ལྡན་དག་ནི་ཙ་རོ་པོ་ཏྲི་སྨཱ།། འབྱུང་བ་བཞི་སྲིད་པའི་ཆ་ལུགས་ཞེས་བྱ་བ། སློབ་དཔོན་ཅེར་པཱ་ཏྲིས་མཛད་པ་རྫོགས་སྷོ། རྒྱུ་གུར་སྐད་དུ། ཨཱཏྣོ་ད་རིག་ཛྙཱ་ན་དྲྀཥྚི་ཨུ་པ་དེ་ཤ་ནཱ་མཱ། བོད་སྐད་དུ། ་རླུང་རིགས་ཡེ་ཤེས་ཀྱི་ལྟེ་བའི་ཉམས་ལེན་ཞེས་བྱ་བ། ཡུམ་བདགུ་མོང་མ་ལ་ཕྱག་འཚལ་ལོ།། རང་རིག་ཡེ་ཤེས་ལས་ཡིན་ན།། བྱེད་པ་པོ་མེད་ལས་མོད་དོ།། དེ་དག་མེད་ན་བྱེ་བ་མེད།། གསུམ་ནི་ཇི་ལྟར་གཉིས ་མེད་དོ།། གལ་ཏེ་ཕྱི་ནི་བདེན་པ་ཡིན།། ཐ་སྟང་འབྲེལ་ཕྱིར་ནང་དུ་བརྗོད།། གལ་ཏེ་ཀུན་རྫོབ་རང་རིག་ཡིན།། རིག་པས་རིག་པ་རིག་པ་མོད།། རྣལ་འབྱོར་བདག་ཉིད་རིག་ན་ནི།། འཁོར་བའི་སྡུག་བསྔལ་འཇོམས་པར་བྱེད།། ་