| Wylie | e-texts produced with BDRC’s OCR application |
བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན་ལ་བསླབ།། གཞན་ཡང་ནད་རྟགས་ནང་འཛིན་ཞལ་ལས་ཤེས།། རླུང་གནས་ནད་ཀྱི་བརྟགས་པ་ཞེས་བྱ་བ། སློབ་དཔོན་ཨོཾ་ཛེ་ཀིས་མཛད་པ་རྫོགས་སྷོ།། ། རྒྱ་གརོ་སྐད་དུ། ་ཙིཏྟ་ཏཱ་ཏྭོ་པ་དྭེ་ཤཾ་ནཱ་མ། བོད་སྐད་དུ། སེམས་ཉིད་ཀྱི་དེ་ཉིང་བཅིང་བ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། དེ་ཉིད་ཀྱིས་ནི་བཅིངས་པ་ལ།། དེ་ཉིད་ཀྱིས་ནི་གྲོལ་བར་བྱེད།། བླ་མའི་བཀའ་ཡིས ་ཐམས་ཅད་རྟོགས།། གཡོན་ནས་འགྲོ་བའི་ལྕེ་སྤྱང་ནི།། དེ་བཞིན་གཡས་འགྲོ་ཤེས་པར་བྱ།། ཀོ་དྷ་ལི་ནི་སྤྲོ་བར་བྱེད།། དེ་ཙམ་གྱིས་ནི་བྱ་བ་གྲུབ།། འཁོར་བས་ང་ནི་དེ་ཉིད་ཙམ་དུ་རྟོགས།། བཤང་དང་དཀྱིལ་འཁོར་ཅི་ཞིག་བྱ།། གང་གིས ་བཅིངས་པ་མ་རྟོགས་སམ།། གཡོན་ནས་འགྲོ་བའོ་ལྕེ་སྤྱང་ནི།། དེ་གཉིས་གཡས་འགྲོ་ཤིས་པར་བྱེད།། ཀོ་དྷ་ལི་ནི་སྨྲ་བར་བྱེད།། དེ་ཙམ་གྱིས་ནི་བྱ་བ་གྲུབ།། རྩ་བ་སྦྱར་ནས་ཡལ་ག་ངག། བཙལ་བ་དེས་ནི་ཅི་ཞིག་བྱ།། བླ་མ་དམ་པའི་གདམས། ་ངག་གིས།། འཇིག་རྟེན་གསུམ་ཡང་གསལ་བར་བྱས།། གཡོན་ནས་འགྲོ་བའི་ལྕེ་སྤྱད་ཡང་།། དེ་ཉིད་གཡས་འགྲོ་ཤེས་པར་བྱེད།། དེ་ཙམ་གྱིས་ནི་བྱ་བ་གྲུབ།། ཆོས་ཉིད་ཇི་ལྟར་སྣང་བ་ཡང་།། དེ་ཡི་རང་བཞིན་རང་ལ་བཞག། གཡོན ་ནས་འགྲོ་བའི་ལྕེ་སྤྱང་ཡང་།། དེ་ཉིད་གཡས་འགྲོ་ཤེས་པར་བྱེད།། ཀོ་དྷ་ལི་ནི་སྨྲ་བར་བྱེད།། དེ་ཙམ་གྱིས་ནི་བྱ་བ་གྲུབ།། སེམས་ཉིད་ཀྱི་དེ་ཉིད་བཅིང་བ་ཞེས་བྱ་བ། སློབ་དཔོན་ཀོ་དྷ་ལིས་མཛད་པ་རྫོགས་སྷོ།། ། ་