| Wylie | e-texts produced with BDRC’s OCR application |
བ།། འགྲོ་དྲུག་ལ་བསྔོ་ཞིང་བཀྲ་ཤིས་ཤོག། བླ་མེང་སྦྱོར་བའི་རིམ་པོ་ཞེས་བྱ་བ། སློབ་དཔོན་བྲུཛྫ་ཛས་མཛད་པ་རྫོགས་སྷོ། རྒྱ་གར་སྐད་དུ། ཨཱ་ལི་ཀཱ་ལི་མན་ཏྲ་ཛྙཱ་ན་ནཱ་མ། ་སྐད་དུ། ཨ་ཕྲེང་ཀ་ཕྲེང་གི་སྔགས་ཀྱི་རིམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དབྱངས་དང་གསལ་བྱེད་བཞི་བཅུ་རྩ་དགུ་ཡི།། བདག་གཞན་སྒྲ་ཡིས་རིག་པར་སྒྲ་དོན་ནི།། བརྫི་ལྔ་སོགས་གྲངས་ཀྱང་དེ་དོན་རྟོགས ་པ་མེད།། དེ་ཕྱིར་གསལ་དོན་བདག་གིས་བཤད་པོར་བྱ།། སྒྲ་ཡི་གནས་ནི་བརྒྱད་ཡིན་ཏེ།། རྒན་དང་ལྕེ་དང་སོ་རྣམས་ཏེ།། སྤྱི་བོ་མགྲིན་པ་མཆུ་དང་ནི།། ཁོང་བ་སྣ་ལ་རྣམ་པར་གནས།། དེ་ཡི་དང་པོ་ཨ་ཕྲེང་ནི།། ཐུན་ཕྱེད ་བཅུ་དྲུག་ལ་སོགས་ལྡན།། ཤེས་རབ་མེ་ལོང་ཡེ་ཤེསཽ་ཏེ།། བློ་དང་ལྡན་པས་ཤེས་པར་བྱ།། དེ་ཡི་ཐོག་མ་བཅུ་བཞི་པ།། དབྱིངས་ཅན་སྒྲ་གསལ་ཡི་གེའོ།། དེ་དག་རྣམས་ཀྱི་དང་པོ་ནི།། བཅུ་ནི་མཉམ་པའི་ཡེ་ཤེས་སོ།། ་སྐབས་འབྱུང་ལྔ་ནི་ཐུང་བ་སྟེ།། གཞན་རྣམས་རིང་བར་ཤེས་པར་བྱ།། དབྱངས་རྣམས་ཀྱི་ནི་ཐོག་མ་གཉིས།། སྤངས་ཏེ་བཅུ་བཞིའི་མིང་ཅན་ནོ།། ཨེ་ཨཻ་ཨོ་ཨོཾ་བཞི་དག་ནཱཾ།། དོན་དམ་ཀུན་རྫོབ་བྲལ་ཡིག་གོ། ཨ་ནི་སྟོང་པའི ་ཐིག་ལེའོ།། ཟླ་བ་ཉི་མ་གཏུམ་མོའོ།། ཐིག་ལེ་གཉིས་ལྡན་ཨ་ཡཽ་ཀ་ནཱི།། དྲག་པོའི་སྒྲ་ནི་དབྱེ་བར་བྱེད།། རྀ་རཱ་ལི་ལཱཾ་འབྱུང་བ་བཞི།། དབྱེ་བས་སྲེག་བྱེད་ཡི་གེའོ།། ཐུང་བྱིའི་མིག་འཛུམ་སྐད་ཅིག་གཅིག། མིག་འཛུམ་རིང ་བ་སྐད་ཅིག་གཉིས།། སྐད་ཅིག་གསུམ་པ་འབོད་ཡིག་ཡིན།། སྐད་ཅིག་ཕྱེད་པ་གསལ་བྱེད་དེ།། རྣལ་འབྱོར་གཡོན་གྱི་ཕྱོགསུ་ནི།། དབྱངས་ཅན་བཅུ་དྲུག་ཤེས་རབ་པོ།། དེ་རྣམས་སྒྲ་གནས་འདི་ཡིན་ཏེ།། ཨ་ཀུ་ཧེ་ཡིག ་ཐིག་ལེ་གཉིས་ལ་ལྟུང་།། ཨཱ་ནི་ཁོང་གི་ཡི་གེའོ།། ཨི་ཙུ་ཡ་ཤ་རྐན་ལ་གནས།། ལཽ་ཏུ་ལ་ས་སོ་འབྱུང་ངོ་།། རཱྀ་ཊུ་ར་ཥཱ་སྤྱི་བོར་གྲགསྱ།། ཨ་ནི་འོད་གསལ་སྣ་ལྡན་ཏེ།། ལྟེ་བར་གནས་ཏེ་གྱེན་ལ་རྒྱུ། ་ཨེ་ཨཻ་མགྲིན་པ་ཨོ་ཨོཾ་མཆུ།། དེ་ཡི་ཐོག་མ་ར་ཆོས་དབྱིངས་སོ།། དེ་ལྟར་ཨ་ཕྲེང་བཤད་བྱས་ནས།། ཨ་ཀ་ཙ་ཊཱ་ཏ་བ་ཡུང་ཤ་སྟེ།། རྩ་བའི་སྒྲས་ནི་དེ་རྣམས་སོ།། ཀ་ལཱས་བརྩམས་ཏེ་ཧི་ཡི་མཐར།། གཡས་ཕྱོགས་གསལ ་བྱེད་ཤེས་པར་བྱ།། ཀ་ཕྲེང་ལྔ་ཚན་ལྔ་པོ་སྟེ།། བཞི་ཡི་སྒོ་ཡི་རིག་པའོ།། ཤ་ཥ་ས་ཧ་བཅས་པ་ནི།། ཐོག་མར་གཉིས་གཉིས་གྲངས་མིན་ནོ།། ལྷག་མ་གསུམ་གསུམ་སྒྲ་ཡིན་ཏེ།། ལྔ་ཚན་ལྔ་ནི་སྣ་ལས་འབྱུང་།། མཐའ་ལ ་གནས་པའི་འབྱུང་བ་བཞི།། རྣལ་འབྱོར་ཀུན་རྫོབ་འདོད་པས་བཅད།། མཚན་ལྔ་པ་ན་མཁའ་ལ།། ཤ་ཥ་སྭཱ་ཧ་དྲོད་ཅན་གནས།། ཀྵ་ནཱི་ཀཱ་ལི་མ་མོ་འདུས།། དེ་ནི་འཁོར་ལོའི་རྣལ་འབྱོར་རོ།། བསྐྱེད་པའི་རིམ་པའི་དབྱེ་བ་ཡིས།། ་རྒྱུ་ཡི་ཡི་གེ་བཤད་པར་བྱ།། ཀ་ནས་བརྩམས་ནས་ཧ་ཡི་བར།། སྟི་ར་རོ་ཡི་གདན་ཡིན་ནོ།། ཡ་རཱ་ལ་བ་མ་ཡིས་བརྒྱན།། མཁའ་འགྲོ་རྣམས་ཀྱི་བསྐྱེང་ཐབས་སོ།། ཀཱཾ་ནི་ཐོད་པ་ཁ་ཊྭཱ~ཾ་ག། ཚ་ནི་ཀོང་རུས་གདུགས་ཡིན་ཏེ།། ་ང་ཚན་ལྔ་ནི་ཉི་མ་ཡིན།། ཤ་ཥ་དུར་ཁྲོད་ཤེས་པར་བྱ།། ས་བོན་ཡི་གེ་བཤད་བྱས་ནས།། ཀཱ་ལི་རྣལ་འབྱོར་ངོ་སྤྲོད་བསྟན།། ཀ་ཚན་ཡ་དང་བཅས་པ་ནི།། ཟླ་གམ་སྔོན་པོ་ནང་ནུབ་ལ།། ཕུ་ཕུ་ས་དང་གཞན་ལ་ཆགས།། ་ཇི་ལྟར་རི་མོ་བྷི་དང་མཐོང་།། ཤར་གྱི་ཡི་གེ་རླུང་ཡིན་ནོ།། ཙ་ཚན་ར་དང་ཤ་དང་བཅས།། གྲུ་གསུམ་དམར་དང་ཉི་མ་ཕྱེད།། ཞེ་སྡང་དུས་སུ་སྦྲུལ་ཡང་བྲི།། ལྷོ་ཕྱོགས་དྲག་པོའི་གནས་ཡིན་ནོ།། ཊ་ཚན་བྷ་དང་བཅས་པ་ནི།། ཟླུམ་ལ ་དཀར་ཏེ་སྔ་དྲོའི་དུས།། ཀ་ལི་ཛ་ན་དང་འབུག་ཀ་ནི།། གཏི་མུག་བྱ་ཡི་རི་མོ་ཅན།། ནུབ་ཀྱི་ཕྱོགས་སུ་མོ་གདོན་ནོ།། ཏ་ཚན་ཀྵ་དང་ཎཱ་བཅས་པ།། གྲུ་བཞི་ལྔ་སེར་ནམ་ཕྱེད་ནི།། ས་དང་རླུང་གི་ཁམས་ཡིན་ནོ།། ཕྲག་དོག་དམར ་པོ་རྒྱས་པའི་དུས།། རྨི་ལམ་རྟ་དང་སྟག་མཐོང་བ།། རྒྱལ་པོ་ས་བདག་གདོན་གྱི་ངོ་།། བྱང་གི་ཕྱོགས་སུ་འཛིན་པར་བྱ།། བཚན་སྔོན་པོ་ཆུ་རླུང་སྟེ།། གྲུ་གསུམ་ཟླ་གམ་དབྱིབས་དང་ལྡན།། ནང་ནུབ་དུས་སུ་ཁམས་ལྕི་བ།། རིགས་པས ་རྣལ་འབྱོར་བརྟག་པར་བྱ།། དེ་བཞིན་འབྱུང་ཆུང་ཉི་ཤུ་ལྔའི།། གདམས་པ་ཞལ་ནས་བླང་བར་བྱ།། དྲི་མེད་ཤེས་རབ་བརྒྱན་པ་ཡི།། ཐབས་དང་ལྡན་པའི་སྦྱོར་བ་ནི།། ཐ་སྙད་མུན་པར་བསལ་བའི།། དེ་དག་སེམས་ཉིད་སྟོང་པ་བདག ་ཐ་སྙད་ལ་བཀོད་དགེ་བ་དེས།། འགྲོ་དྲུག་སྡུག་བསྔལ་ཟད་ཕྱིར་བསྔོ།། ཨ་ལི་ཀཱ་ལིའི་རྣལ་འབྱོར་ཞེས་བྱ་བ། སློབ་དཔོན་གྷནྡྷས་མཛད་པ་རྫོགས་སྷོ།། ། རྒྱ་གྲར་སྐད་དུ། ཀཱ་ལི་མཱརྒ་བྷ་བ་ན་ནཱ་མ། ་