| Wylie | e-texts produced with BDRC’s OCR application |
གཾ་གདོམས་པ། སློབ་དཔོན་མ་དྷི་ནིས་མཛད་བ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨ་ནུཏྟ་ར་སརྦ་ཤུདྡྷེ་ཀྲ་མཽ་ནཱ་མ། བོད་སྐད་དུ། བླ་མང་སྦྱོར་བའི་རིམ་པ་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ཛ ་ལྟར་པདྨ་འདུམ་ལས་སྐྱེས།། དེ་བཞིན་མ་རིག་མུན་པ་ལས།། གཉིས་མེད་རིག་པ་སྐྱེ་འགྱུར་བའི།། རང་རིག་དེ་ལ་ཕྱག་འཚལ་ནས།། བླ་མེད་སྦྱོར་བའི་རིམ་པ་ཡི།། དྲི་མེད་དམ་ཆོས་བཤད་པར་བྱ།། སྟོང་དང་ཤིན་ཏུ་སྟོང་པ་སྟེ། ་སྟོང་པ་ཆེན་པོ་གསུམ་པ་ཡིན།། བཞི་པ་རྒྱུ་འབྲས་ཐམས་ཅད་དོ།། ཐབས་ཤེས་ཡང་དག་སྦྱོར་བྱ་ཡིས།། རྫོ་གས་རིམས་ཡང་དག་ཉེ་བར་འགྱུར།། རྫོགས་པ་ཉེ་བར་མཐོང་བ་ཡིས།། ཐམས་ཅད་སྟོང་པའི་འོད་གསལ་ཡིན།། ་རང་རིག་གསུམ་གྱི་རྣལ་འབྱོར་གྱིས།། རྒྱུ་གསུམ་རྣམ་པར་དག་པར་འགྱུར།། སྟོང་ཉིད་དོན་ནི་རྟོགས་པ་ཡིན།། བླ་ན་མེད་པའི་གནས་ཐོབ་འགྱུར།། འོད་གསལ་སྟོང་པ་ཤེས་རབ་དང་།། སེམས་ཉིད་གཞན་གྱི་རྗེས་སུ་འབྲང ་དེ་ལ་བདག་གིས་འདི་ལྟར་ནི།། ཡང་དག་འཕྲོས་པས་བཤད་པར་བྱ།། རྣམ་པར་ཆགས་ཤིང་ཤིན་ཏུ་ཆགས།། ཆགས་པ་ཆེན་པོ་དེ་བཞིན་ནོ།། གཏི་མུག་ལ་སོགས་དུག་གསུམ་གྱིས།། བརྟན་དང་གཡོ་བའི་སེམས་ཉིད་འདི།། འདས ་དང་མ་འོངསུ་ད་ལྟར་གསུམ།། ཞི་དང་ཆགས་དང་རྟོགས་པར་ལྡན།། ཕྱི་རོལ་ཇི་ལྟར་ནང་ན་གནས།། འདས་དང་མྱ་འོངས་ད་ལྟར་བ།། འདས་པའི་འདས་པར་བདག་གནས་སོ།། སྲེད་པ་ཆེ་དང་ཤིན་ཏུ་སྲེད།། དཀྲིས་དང་སྒོམ་པ་ཀུན ་ཏུ་ལྡན།། ཚོར་བ་ཉལ་བའི་ཚོར་བ་དང་། ཤིན་ཏུ་ཚོར་བའི་སྐད་ཅིག་གིཅིག། སོ་སོར་རྟོག་དང་སྙིང་རྗེ་ལྡན།། ངོ་མཚར་ལྡན་པའི་རྣལ་འབྱོར་ལ།། ཉམས་དང་ཕྲག་དོག་རྣམ་པར་བསགས།། དེ་ལྟར་སུམ་ཅུ་རྩ་གསུམ་གྱིས།། རང ་རཱག་ཡེ་ཤེས་རྣམ་པར་འགྲིབས།། རྣལ་འབྱོར་པ་ཡཱི་ཉམས་ལེན་ལ།། ནཱ་མཁའ་བླད་ཆེན་པདྨའི་དབུས།། ཟླ་བའི་གདེན་ལ་ཧཾ་ཡིག་གནས།། ཀུན་རྫོབ་གསལ་ཞིང་དྲི་མ་མེད།། འབྱུང་འཇུག་རླུང་འཛིན་ཡེ་ཤེས་ཡིན།། ཟླ ་ཚེས་དམར་པོ་ཤེས་རབ་སྟེ།། དབྱངས་ཡི་གོ་དང་པོ་ཐིག་ལེར་ལྡན།། རླུང་ནི་འཛིན་ཕྱིར་བསྒོམ་པར་བྱ།། དེ་ནི་འོད་གསལ་སྐར་ཆེན་ལྟར།། སེམྦས་ཉིད་སྟོང་པའི་ཐབས་ཡིན་ནོ།། གཟུགས་དང་བྲལ་ཞིང་ཁ་དོག་མེད།། ཞི་བར ་རྣམ་པ་བཟུང་འཇུག་བྲལ།། བརྟན་དང་གཡོ་བའི་ཐེ་སྙད་མེད།། དེ་ལྟར་བླ་མའི་དྲིན་གྱོས་ནི།། འདས་དང་མ་འོངས་དེ་ལྟར་བ།། རྡོ་རྗེའི་བཟླས་པའི་ཏིང་འཛིན་གྱིས།། ཅི་ཡང་མཐོང་འགྱུར་ཐེ་ཚོམ་མེད།། ཇི་ལྟར་བུད་ཤིང ་སྐམ་པོ་ལ།། མི་རྒྱུ་གནས་ཀྱང་འབར་བ་མེད།། དེ་བཞིན་བརྔུ་དང་རྩོལ་མེད་ལ།། བྱམས་སེམས་གནས་ཀྱང་གྲུབ་པ་མེད།། དེ་ཕྱིར་ང་རྒྱལ་ལ་སོགས་སྤང་།། བརྩོན་འགྲུས་བསྐྱེད་ལ་བླ་མ་བཀུར།། དབང ་བསྐུར་ཐོབ་ནས་ཉམས་ལེན་གྱིས།། རྣལ་འབྱོར་དང་པོའི་སྦྱོར་བ་ཡིས།། ས་ནི་བརྒྱད་པོ་ཐོབ་པར་འགྱུར།། འོད་གསལ་གསུམ་ལྡན་རྫོགས་པ་ཡི།། ཡོངས་སུ་རྫོགས་པའི་ས་ཐོབ་པོ།། དབང་བསྐུར་ཐོབ་ཀྱང་སྐུར་པ་འདེབས་པ་དང་།། ་བརྩོན་འགྲུས་ཆུང་ལ་ལོག་ལྟ་འཛིན་པ་དང་།། བླ་མའི་སྐྱོན་བརྗོད་ཡོན་ཏན་བརྗོད་མི་འགྱུར།། རྒྱལ་བའི་ལམ་ནི་དེ་ཡིས་ཐོབ་མི་འགྱུར།། བཀུར་བསྟི་མེད་ཅིང་དེ་ཉིད་ཐོབ་ཏུ་རེ།། ཚིག་ནི་འཇམ་སྟེ་ཁྲོ་ཚུལ་བསྟན་ནས་འགྲོ།། མི ་ཚོགས་མང་པོ་གནས་པའི་ས་རུ་ནི།། བླ་མ་མཐོང་ཡང་ཕྱག་སོགས་མི་བྱེད་དེ།། སྣོད་དང་མི་ལྡན་གདམས་ངག་མི་སྦྱིན་ནོ།། ཡོན་ཏན་བཟང་ཐོབ་བརྩོན་འགྲུས་ལྡན་པ་ནི།། བླ་མ་འཁོར་ལ་སོགས་པ་བཀུར་བསྟི་ལྡན་པ་ལ།། ་སངས་རྒྱས་རྣམས་དང་མཉམ་པའི་དཀར་བར་འཛིན།། རྒོལ་བས་གསུངས་པའི་ཆོས་ལ་སྐྱེད་པ་ཆེ།། རྒྱུད་རྟེན་རྒྱུད་མོངས་རྡོ་རྗེ་སེམས་དཔའ་ནི།། བྱང་ཆུབ་སེམས་དེ་པའི་ལམ་དུ་འགྱུར་བ་དེ།། དགེ་བའི་རྩ་བ་གང་ཐོ་བ་རྒྱུར་འགྱུར ་བ།། འགྲོ་དྲུག་ལ་བསྔོ་ཞིང་བཀྲ་ཤིས་ཤོག། བླ་མེང་སྦྱོར་བའི་རིམ་པོ་ཞེས་བྱ་བ། སློབ་དཔོན་བྲུཛྫ་ཛས་མཛད་པ་རྫོགས་སྷོ། རྒྱ་གར་སྐད་དུ། ཨཱ་ལི་ཀཱ་ལི་མན་ཏྲ་ཛྙཱ་ན་ནཱ་མ། ་